| e-texts navigator |
| Wylie |
234a1 ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྔའི་ཚེ་དང་། ལྷའི་མདོག་དང་། ལྷའི་སྟོབས་དང་།
234a2 ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ། དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ།
234a3 དགེ་སློང་དག་འདི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
234a4 བཀའ་སྩལ་བ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ། མངོན་པར་བསྟོད་དོ།། འཕགས་པ་དེ་བཞིན
234a5 གཤེགས་པའི་གཟུགས་བརྙན་བྱེད་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། ། སརྦ་མངྒ་ལཾ།།
234a6 དགེའོ།། @རྒྱ་གར་སྐད་དུ། ཨཱརྱ་སང་ག་ཊ་སུ་ཏྲ་དྷརྨ་པརྱ་ཡཱ། བོད་སྐད་དུ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ
234a7 གྲངས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ
234a8 ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ། དགེ་སློང་སུམ་ཁྲི་ཉིས་སྟོང་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་འདི་ནྱ་ཡ་དང་།།