e-texts navigator
Collection
Volume
Page
Wylie

308b1 ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་སྲུང་བར་ཤེས་པར་བྱའོ།། དེ་ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པར་ཤེས་པར་བྱའོ།། དེ་ལ་ཆོས་དང་མི་ཕྱེད་པའི་ཡེ་ཤེས
308b2 ཅན་དུ་ཤེས་པར་བྱའོ།། འཇམ་དཔལ་གཞན་ཡང་གཟུངས་འདིའི་ཡོན་ཏན་མཐའ་ཡས་ཏེ། བསྐལ་པ་བརྒྱར་ཡང་ཟད་པར་མི་འགྱུར་རོ།། བཅོམ་ལྡན་འདས
308b3 ཀྱིས་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲིས་རྡོ་རྗེ་སྙིང་པོའི་གཟུངས་འདི་རབ་ཏུ་ཐོབ་བོ།། ལས་དང་པོ་པའི་བྱང་ཆུབ་སེམས
308b4 དཔའ་སུམ་ཁྲི་ཉིས་སྟོང་གིས་རྗེས་སུ་མཐུན་པའི་ཆོས་ཀྱི་བཟོད་པ་རབ་ཏུ་ཐོབ་བོ།། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ། དང་། འཇམ་དཔལ
308b5 གཞོན་ནུར་གྱུར་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
308b6 ཡིད་རངས་ཏེ་མངོན་པར་བསྟོད་དོ།། །། རྡོ་རྗེ་སྙིང་པོ་ཞེས་བྱ་བའི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།
308b7 རྫོགས་སྷོ།། །། རྒྱ་གར་སྐད་དུ། སྠཱ་བི་ར་བ་ནི་མན་ཏྲ་ན། བོད་སྐད་དུ། གནས་གཏན་སྤྱན་དྲང་བ།
308b8 ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ཐ་བཙུན་པ་རྣམས་དགོངས་སུ་གསོལ། དགོངས་ནས་ཀྱང་། ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ཏ་དང་།




iiif viewer powered by OpenSeadragon

308a - 309a

Texts on this page

F91 - 'phags pa rdo rje'i snying po'i gzungs zhes bya ba theg pa chen po'i mdo
F92 - gnas gtan spyan drang ba