T37

triratnastotra
dkon mchog gsum gyi bstod pa

Wylie
[109b] @##།། རྒྱ་གར་སྐད་དུ། ཏྲི་རཏྣ་སྟོ་ཏྲཾ་། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བསྟོད་པ། [110a] དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དམིགས་མེད་ཆོས་ཀྱི་སྐུ།། ལོངས་སྤྱོད་རྫོགས་པའི་སྐུ།། ཅིར་ཡང་སྤྲུལ་སྐུ་ལ།། གུས་པས་ཕྱག་འཚལ་ལོ།། རྣམ་དག་ཆོས་ཀྱི་དབྱིངས།། སྒྲུབ་པའི་འཕགས་ལམ་བརྒྱད།། བསྟན་པའི་གསུང་རབ་ལ།། གུས་པས་ཕྱག་འཚལ་ལོ།། བྱང་ཆུབ་སེམས་རྣམས་དང་།། དགྲ་བཅོམ་དག་ལ་སོགས།། རང་སངས་རྒྱས་རྣམས་ལ།། གུས་པས་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།།