| Wylie | e-texts produced with BDRC’s OCR application |
ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། @རྒྱ་གར་སྐད་དུ། ཤྲཱི་རཏྣ་མཱ་ལེ་ཏཱནྟ་རཱ་ཛ། བོད་སྐད་དུ། དཔལ་རིན་ཆེན་འཕྲེང་བའི་རྒྱུད་ཀྱི ་རྒྱལ་པོ།། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། ལྷ་མོས་གསོལ་པ་རྡོ་རྗེ་འཛིན།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ།། རིན་ཆེན་འཕྲེང་བའི་དོན་མ་རྟོགས།། ཁྱེད་ཀྱིས་བདག་ལ་བཤད་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་སྤྱན་བཟང་རིང་།། དཔལ་ལྡན་འཁོར་ལོ་སྡོམ་པ་རུ།། མ་གསུངས་ང་ཡིས་ཁྱོད་ལ་བཤད།། རིན་པོ་ཆེ་ནི་རྣམ་པ་གསུམ།། དེ་ཡི་འཕྲེང་བའང ་རྣམ་པ་གསུམ།། དང་པོ་སྣོད་ཀྱི་རིན་པོ་ཆེ།། གཉིས་པ་བཅུད་ཀྱི་རིན་པོ་ཆེ།། སྣོད་བཅུད་གཉིས་དང་རང་བཞིན་བྲལ།། དེ་ནི་རིན་ཆེན་གསུམ་པ་ཡིན།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། རྣམ་པ་གསུམ་དུ། ་གསུངས་པ་ལས།། དེ་རྣམས་རིན་ཆེན་ཇི་ལྟར་ལགས།། དེ་ཡི་འཕྲེང་བ་ཇི་ལྟར་ལགས།། དེ་རྣམས་སུ་ཡི་སྤྱོད་ཡུལ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་སྣོད་ཀྱི་རིན་པོ་ཆེ།། རྣམ་པ་ལྔ། ་དུ་ཤེས་པར་བྱ།། ཀ་ཀ་རུ་ནི་དཀར་པོ་ཆེ།། མི་བསྐྱོད་པ་ཡིས་བྱིན་བརླབས་ཏེ།། དབྱིབས་ནི་ཀླགམ་ལྟ་བུ་ལ།། རབ་ནི་ངང་པའི་སྒོང་ཙམ།། འདི་ནི་རིན་ཆེན་འབར་བ་སྟེ།། བ་དཀར་ར་དཀར་ལུག་དཀང་མོག ་འོ་མ་བསླུ་ཞིང་སྤངས་པ་དང་།། མི་བསྐྱོད་པ་ལ་མཆོད་པར་བྱ།། དེ་ནས་སྤྱི་བོར་གདགས་པའོ།། མཆོད་པའི་བྱེ་བྲག་ཀུན་ལ་བྱ།། ཤར་གྱི་གདོན་རྣམས་ཐུབ་པ་དང་།། གང་ལ་ཡོད་པ་དེ་ལ་སྐྱོབ།། འབྲིང་ནི ་གཞན་སྐྱེས་སྦོམ་པོ་ཙམ།། འདི་ནི་རིན་ཆེན་དགེ་བ་སྟེ།། དངུལ་ཆུ་རྣམ་པ་གཉིས་བླུགས་ལ།། རྐྱེན་གྱི་རྫས་རྣམས་ཚང་བ་དང་།། ཁ་ཡི་ནང་དུ་གཞུག་པ་སྟེ།། རོ་མའི་འཁོར་ལོ་ལྕེས་མནན་ལ།། དེ་ནས་དལ ་གྱིས་བསྐྱོད་པ་དང་།། གསང་བའི་རྡོ་རྗེའི་སྣ་རྩེ་རུ།། བདེ་བ་ཆེན་པོ་སྐྱེས་ཙམ་ན།། རོ་མའི་འཁོར་ལོར་དོག་པ་མནན།། དཔེར་ན་སྦྲུལ་གྱི་ཤ་ཟོས་པ།། མགོ་བོ་མནན་པས་ཕྱི་རུ་འབྱུང་།། དེ་བཞིན་མནན་པས ་བྱང་ཆུབ་སེམས།། སྣ་རྩེ་ལས་ཀྱང་གྱེན་ལ་ལྡོག། ཏིལ་དང་ཏིལ་མར་བཞིན་དུ་གནས།། ཁྱད་པར་བདེ་བ་གྱེན་ལ་སྟེ།། བདེ་བ་སྟེར་ཕྱིར་རིན་པོ་ཆེ།། དེ་ཡི་ཕྱེ་བ་དུ་མར་བཤད།། ཐ་མ་སྐྱེས་པའི་ཁྲོ་མོ་ཙམ།། ་ཨེ་རན་ལ་སོགས་སྨན་ལྔ་དང་།། སྤྱི་བོའི་གཙུག་ཏུ་བཏགས་གྱུར་ན།། ལུས་ཀྱི་གཉེར་མ་ཟད་པར་བྱེད།། དེ་ནས་ཡང་དག་གཉིས་པ་ཡང་།། བེ་ཌཱུཪྻ་ནི་སྔོན་པོ་སྟེ།། རིན་ཆེན་འབྱུང་ལྡན་བྱིན་བརླབས་ཏེ།། ་དབྱིབས་ནི་སོགས་ཀ་ལྟ་བུ་སྟེ།། རབ་ཀྱི་ཚད་ནི་གླང་པོའི་མིག། འདི་ནི་རིན་ཆེན་མྱུ་གུ་སྟེ།། ངང་པའི་སྒོ་ང་ལྡོང་རོས་དང་།། སྤང་ཤ་མ་དང་གསུམ་སྦྱར་ནས།། དེ་གདུགས་རྣ་བ་གཡས་སུ་གདགས།། ལྷོ་ཡི་གདོན ་རྣམས་ཐུབ་པར་གསུངས།། གང་ལ་ཡོད་པ་དེ་ལ་སྐྱོབ།། འབྲིང་ནི་ངང་པའི་སྒོ་ང་ཙམ།། འདི་ནི་རིན་ཆེན་ཨེ་རན་ད།། ག་པུར་རཀྟ་དངུལ་ཆུ་གསུམ།། དེ་ཡི་ནང་བླུགས་ལྕེ་ལྐོག་ཏུ།། ་གྱེགྱིན་ཐུར་གཉིས་ནི་སྣ་དང་འཇུག། དེ་ཡིས་བྱང་ཆུབ་སེམས་བཟུང་སྟེ།། མགལ་མེའི་འཁོར་ལོ་བཞིན་དུ་གནས།། ཐ་མ་བྱེའུ་སྒོང་ཚད་ཙམ།། ཨ་རུ་ར་དང་སྐྱུ་རུ་ར།། བ་རུ་ར་དང་ལྡོང་རོས་རྣམས།། བསྲེས་ཏེ་ལུས ་ལ་རབ་བྱུགས་ཏེ།། འདི་ནི་དྷན་དྷ་ཀས་པུ་ར།། ལུས་ཀྱི་སྲིན་བུ་འབྱེར་བར་བྱེད།། དེ་ནས་ཡང་དག་གསུམ་པ་ཡང་།། པདྨ་རཱ་ག་དམར་པོ་སྟེ།། དབྱིབས་ནི་ཟླུམ་པོ་ལྟ་བུ་ལ།། འོད་དཔག་མེད་ཀྱིས་བྱིན་བརླབས་ཏེ།། ་རབ་ནི་ཀར་ཤ་པ་ཎ་སྟོང་།། གུར་ཀུམ་ག་པུར་ལྔ་སྦྱར་ལ།། དེ་ལ་བསྐུ་ཞིང་བྱུག་བྱའོ།། ལྟེ་བའི་དབུས་སུ་བཞག་ལ་བཅིང་།། འདི་ནི་རཏྣ་ཀེ་རུ་ར།། ནུབ་ཀྱི་གདོན་རྣམས་ཐུབ་པར་གསུངས།། འབྲིང་ནི་ཀར་ཤ་པ་ཎ་སྟེ། ་འདི་ནི་རཏྣ་ཀ་ར་སྟེ།། མར་དང་ས་ལེ་སྦྲམ་དང་ལྔ།། བཟོ་རུ་བྱས་པའི་དངུལ་ཆུ་རྣམས།། དེ་ཡི་ནང་བླུགས་ལྟེ་བར་མནན།། འདི་ཡིས་བྱང་ཆུབ་སེམས་གཟུང་སྟེ།། ཆུ་ལ་ཆུ་བཞག་ཇི་བཞིན་ནོ།། ཐ་མ་ཀར་ཤ་བ། ་ཎསྟེ། འབྲས་བུ་གསུམ་དང་རུ་རྟ་དང་།། མར་གི་སྙིང་པོ་དང་སྦྱར་ཏེ།། སྤྱི་བོའི་གཙུག་ཏུ་སྦ་བ་དང་།། འདི་ནི་རཏྣ་བདེ་བས།། སྐྲ་དཀར་མེད་པར་བྱེད་པའོ།། དེ་ནས་ཡང་དག་བཞི་པ་ཡང་།། དེ་ནི་མརྒད་ལྗང་ཀུ་སྟེ། ་དབྱིབས་ནི་གྲུ་བཞི་ལྟ་བུ་སྟེ།། དོན་ཡོད་གྲུབ་པས་བྱིན་བརླབས་ཏེ།། རབ་ནི་བ་ཅོན་དབྱུག་པ་ཙམ།། འདི་ནི་རཏྣ་ག་ག་ནི།། རྩ་བ་ལྔ་དང་ཡན་ལག་བཅས།། བསྐུས་ལ་རྣ་བ་གཡོན་དུ་གདགས།། འདི་ཡིས་བྱང་གི་གདོན ་རྣམས་ཐུབ།། འབྲིང་ནི་བྱ་མོའི་སྒོང་ཙམ།། མ་སྣ་བ་ཨུ་མ་དེ།། གཉིས་ཀྱི་ག་པུར་རཀྟ་ཡིས།། བྱུགས་ལ་ལྟེ་བའི་ནང་དུ་གཟུག། གཔུར་སི་ཟླ་གཉིས་ཀ་འཛིན།། ཐ་མ་གཞན་གྱིས་སྐོང་ཙམ།། ལྡོང་རོམ། ་སེར་པོ་གསེར་དང་གསུམ།། མན་ཆ་གཅིག་ནི་བྱིན་ནས་ནི།། འདི་ནི་ཨེ་རུ་ན་ར་སྟེ།། སྲིན་བུ་མི་སྐྱེ་བདེ་དང་ལྡན།། འདི་ནི་རཏྣ་སན་ད་ཧ།། དེ་ནས་ཡང་དག་ལྔ་པ་ཡང་།། ཁ་དོག་དབྱིབས་ནི་དུ་མར་སྣང་།། རྣམ་པར ་སྣང་མཛད་བྱིན་བརླབས་ཏེ།། དེ་རྣམས་སོ་སོ་དུ་མ་བྱེད།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། མ་འོངས་སོ་སོ་སྐྱེ་བོ་ཡིས།། རིན་ཆེན་གནས་རྣམས་གང་ནས་བཙལ།། རིན་ཆེན་མེ་འཚལ་ཇི་ལྟར་ལགས། ་རིན་པོ་ཆེ་ནི་ཇི་ལྟར་བརྟག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱ་མཚོ་ཆེན་པོའི་ཕྱི་རོལ་ན།། རིན་པོ་ཆེ་ཡི་གླིང་ཡོད་དེ།། དེ་ཡི་གནས་ནས་བཙལ་བར་བྱ།། གཞན་ཡང་རིན་ཆེན་གནས་རྣམས་ནི། ་གསེར་དངུལ་ལ་སོགས་རྡོ་རྣམས་ནི།། གསེར་དངུལ་ཀུན་ན་ཡོད་པར་གསུངས།། རིན་ཆེན་ཤེས་པ་རྣམ་པ་ལྟ།། དང་པོར་རྒྱུད་རྣམས་ཐམས་ཅད་ལ།། རྨོངས་པ་མེད་པས་ཤེས་པ་དང་།། བླ་མའི་མན་ངག ་ཤེས་པས་ཐོབ།། གཉིས་པ་རྣལ་འབྱོར་བཅས་པས་ཤེས།། གསུམ་པརྒྱུད་ཀྱི་མན་ངག་ལ།། ཞུགས་པའི་ཚོང་དཔོན་ཆེན་པོས་ཤེས།། བཞི་པ་ཡོན་ཏན་ཀུན་ལྡན་པའི།། རྒྱལ་པོ་ཆེན་པོ་དེས་ཤེས་སོ།། ་ལྔ་པ་རྣལ་འབྱོར་མཁས་པ་དང་།། རྒྱལ་པོ་དང་ནི་འབྲེལ་བ་ཡི།། གསེར་མགར་མཁས་པས་རྟོགས་པར་འགྱུར།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། དང་པོའི་མན་ངག་ཇི་ལྟར་ཡིན།། གཉིས་པ ་རྣལ་འབྱོར་ཇི་ལྟར་ལགས།། གསུམ་པ་རྒྱུད་ནི་ཇི་ལྟར་ལགས།། བཞི་པའི་ཡོན་ཏན་ཇི་ལྟར་ལགས།། ལྔ་པ་འབྲེལ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དདང་པོ་མན་ངག་ཤེས་པ་ཡང་།། རིན་ཆེན་ངོ་བོ་གཅིག་ཉིད་ལ།། ཡོན་ཏན་དུ་མར་ཤེས་པ་སྟེ།། དཔེར་ན་རྫས་ཀྱི་ཕ་ལམ་བཞིན།། ཆུ་ལ་མི་འབྱིང་འབིགས་ལ་སོགས།། དུ་མ་ཤེས་པ་མན་ངག་ཡིན།། ་རྣལ་འབྱོར་ཤེས་པ་རྩེ་གཅིག་སྟེ།། དེ་ཡིས་ཐམས་ཅད་ཤེས་པ་ཡིན།། རྒྱུད་ཀྱི་དོན་ནི་ཤེས་པ་ཡི།། ཚོང་དཔོན་དེ་ཡིས་ཤེས་པ་ཡིན།། སྔགས་དང་རྒྱུད་ལ་སོགས་པ་ཡི།། ཡོན་ཏན་ཀུན་ལྡན་རྒྱལ ་པོས་ཤེས།། རྒྱལ་པོ་རྣལ་འབྱོར་དང་འབྲེལ་བའི།། ས་འོག་གསེར་གྱི་རླང་པས་ཤེས།། གསེར་མགར་དེ་ཡིས་ཤེས་པའོ།། བརྟག་པ་རྣམ་པ་གཉིས་ཡིན་ཏེ།། མངོན་སུམ་དང་ནི་མཚན་མ་སྟེ། ་རྡོ་རྗེ་ཕ་ལམ་ལ་སོགས་དང་།། ཨེ་རན་དྷ་ལ་སོགས་པ་ཡི།། མངོན་སུམ་གཏན་ལ་ཕབ་པ་ཡིན།། མ་ཧཱ་ནཱི་ལ་ལ་སོགས་པ།། གདོན་རྣམས་ཐུབ་ཅིང་ལྷ་རྣམས་སྐྱོབ།། དམ་ཚིག་ཉམས་པ་གསོ་བ ་དང་།། ཚེ་རྣམས་རིང་བ་ལ་སོགས་སོ།། དྲང་པོར་གདོན་གྱི་མཚན་མ་ནི།། མཁས་པས་བརྟག་ཅིང་ཤེས་པར་བྱ།། དེ་ནས་རྟེན་གྱི་མཚན་མ་ལ།། དེ་ཉིད་ཆོ་ག་ཚུལ་བཞིན་བྱ།། དེ་ནས་ཆུ་མིག་གཙང་མ། ་རུ། གཏོར་མ་བཏང་ལ་ཆུ་གཙང་བླང་།། གསེར་དངུལ་སྣོད་དུ་ཆུ་བླུགས་ལ།། ལྷ་འམ་ཀླུ་འམ་གནོད་སྦྱིན་སོགས།། མཚན་མ་གཉིས་ཀྱི་མཎྜལ་ལ།། རྣལ་འབྱོར་པ་ཡིས་གཞག་པར་བྱ།། གོམ་པ་གསུམ ་གྱིས་གཅད་པར་བྱ།། གཡོན་གྱི་མཎྜལ་ཐོག་ཏུ་ནི།། ཆུ་ཡི་ནང་དུ་མེ་ལོང་གཞག། ཕྱི་རུ་གཏོར་མ་ཆ་གཅིག་གཞག། ནང་དུ་ཡོལ་བ་དཀར་པོས་གཅད།། དེ་རུ་ཚོགས་དང་བཀྲ་ཤིས་གཞག། རྣལ ་འབྱོར་ཡན་ལག་ཁྲུས་བྱས་ལ།། ལྷ་ཡི་རྣལ་འབྱོར་རྫོགས་པ་དང་།། ཁྲོ་བོས་དྲག་ཏུ་མཚམས་གཅད་ལ།། སྦོམ་པོ་ཁྲོ་མོ་ལྷ་རུ་བསྒོམ།། དེ་ཡིས་རིན་ཆེན་དང་པོ་གཟུང་།། དེ་ནས་སོར་བཞི་འཕྱང་དུ ་གཞུག། ཐུབ་པ་མི་ཐུབ་ལ་སོགས་པ།། མཁས་པས་བརྟགས་ཤིང་ཤེས་པར་བྱ།། དབྱིབས་དང་ཁ་དོག་རིན་པོ་ཆེ།། ཡོན་ཏན་མེད་པ་ག་ལ་སྲིད།། དཔེར་ན་བུ་གཅིག་སྐྱེས་གྱུར་ན།། ཕ་མེད་པ་ཡང་ག་ལ ་སྲིད།། དེ་བས་མཁས་པས་བརྟག་པར་བྱ།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། གསེར་དངུལ་ལ་སོགས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསེར་ནི་རྣམ་པ་གཉིས་ཡིན ་ཏེ། རང་བཞིན་དང་ནི་བཟོར་བྱས་ཡིན།། རང་བཞིན་གྱིས་ནི་འཆི་བ་བསླུ།། བཟོ་བྱས་པ་ནི་རྣམ་པ་གཉིས།། གེསར་འགྱུར་གསེར་གྱི་རྒྱན་ཡིན་ཏེ།། བདར་བའི་ལམ་ནི་སྲིད་ལམ་འགེགས།། ལོ་དང་། ་ཟླ་བ་ཟླ་བ་ཕྱེད།། མཁས་པས་བརྟགས་ཤིང་ཤེས་པར་བྱ།། དངུལ་ལ་སོགས་པའང་དེ་བཞིན་ཏེ།། མདོར་ན་སྣང་ཞིང་སྲིད་པའི་རྫས།། ཐམས་ཅད་རིན་པོ་ཆེ་ཡིན་ཏེ།། མན་ངག་ཅན་གྱིས་ཤེས་པར་འགྱུར།། ་དེ་ནས་བཅུད་ཀྱི་རིན་པོ་ཆེ།། ལུས་ཀྱི་རི་རབ་ལྷུན་པོ་ལ།། རིན་ཆེན་གསེར་གྱི་དབྱེ་བ་ཡང་།། ཐབས་དང་ཤེས་རབ་རིན་པོ་ཆེ།། ཤེས་རབ་རྩ་ཡི་རང་བཞིན་ཏེ།། ཐབས་ནི་བྱང་ཆུབ་སེམས་ཡིན་ནོ།། དམར ་དང་དང་བ་ཤེས་རབ་སྟེ།། དཀར་དང་དང་བ་ཐབས་སུ་གསུངས།། ཨ་བ་དྷཱ་ཏཱི་རིན་ཆེན་ལས།། ཐིག་ལེ་རུ་མ་འཕྲེང་བ་ཡིན།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། ཨ་བདྷཱུ་ཏཱི་ཛི་ལྟར། ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཨ་བདྷཱུ་ཏཱིའི་རང་བཞིན་ལས།། སྟེང་དུ་སྒོ་ལྔ་ཡང་དག་གནས།། བར་དང་འོག་ཏུའང་དེ་བཞིན་ཏེ།། བསྐྱེད་དང་རྫོགས་དང་རང་བཞིན་ལས།། ཡིན་ཏན་སྟོན ་གྱི་མཚན་ཉིད་དོ།། བདེ་ཆེན་ཐིག་ལེ་ཧཾ་ཡིན་ནོ།། ཨོཾ་དང་ཨཱ་ཧཱུཾ་ཧཾ་དང་བཞི།། བདེ་བ་ཆེན་པོའི་འཁོར་ལོ་རུ།། སྐུ་གསུང་ཐུགས་དང་བདེ་བ་ཆེ།། འབར་བ་བཞི་རུ་ཡང་དག་པ་ཤད།། སྐུ་གསུང་ཐུགས་དང་བདེ་བ་ཆེ། ་མགྲིན་པ་རུ་ནི་འཇུག་པ་བཞི།། སྙིང་ཀར་ཡང་ནི་འཛག་པ་བཞི།། སྤྲུལ་པ་རུ་ཡང་དེ་བཞིན་ཏེ།། ཆོས་ཀྱི་སྐུ་ནི་རིན་ཆེན་ལ།། སྟོང་པ་བཅུ་དྲུག་འཕྲེང་བར་བཤད།། དེ་ནས་ཤིན་ཏུ་གསང་བའི་དོན།། པདྨ་རྡོ་རྗེ་གཉིས་པ ་ལ། ཨ་བ་དྷཱུ་ཏཱི་རིན་པོ་ཆེ།། ཨ་ཕཊ་ཨེ་དང་བཾ་དང་བཞི།། གསང་བའི་ཐིག་ལེ་བཞི་རུ་བཤད།། ཨ་ནི་མེ་ལོང་ལྟ་བུ་སྟེ།། ཕཊ་ནི་བྱ་བ་ནན་ཏན་ཡིན།། ཨེ་ནི་སོ་སོར་རྟོག་པ་སྟེ།། བཾ་ནི་མཉམ་ཉིད་ཡེ་ཤེས་སོ།། རིན ་ཆེན་ཆོས་དབྱིངས་ཡེ་ཤེས་ཏེ།། རྣམ་པར་ཐར་དང་སྟོང་པ་དང་།། མཚན་དང་དེ་བཞིན་དཔེ་བྱད་རྣམས།། ཨ་ནི་འཁོར་ལོ་འབྱུང་བ་བཞི།། ཕཊ་ཀྱི་གནས་སུ་ཡེ་ཤེས་ལྔ།། ཨེ་ཡི་གནས་སུ་སྙོམས་འཇུག་དག། བཾ་གི ་གནས་སུ་ལྔ་བཅུ་བརྒྱད།། དེ་ཁོ་ན་རུ་ཤེས་པར་བྱ།། ཀྵ་ཨེ་ཨེ་ཏ་ས་བོན་བཞི།། ཡོན་ཏན་སྐྱོན་གྱི་མཚན་ཉིད་ཀྱིས།། ཀུན་ལ་ཁྱབ་ཅིང་ཤེས་པར་བྱ།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། འདི་ཡིས་གདོན་རྣམས ་ཇི་ལྟར་ཐུབ།། བྱང་སེམས་དགག་པ་ཇི་ལྟར་ལགས།། སྐྲ་དཀར་གཉེར་མ་ཇི་ལྟར་ཞི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣམ་པར་རྟོག་པ་གདོན་ཡིན་ཏེ།། མཚན་དང་དཔེ་བྱང་སྤོང་བ་དང་།། ཕུང་པོ། ་ལྔ་ནི་བདུད་རྩི་ལྔ།། སྐྱེ་མཆེད་དེ་ནི་ལྔ་རུ་འགྱུར།། ཁམས་རྣམས་རྟེན་གྱི་ངོ་བོ་སྟེ།། དེ་རྣམས་རྟེན་རྩའི་ངོ་བོ་སྟེ།། རྣམ་རྟོག་སྤོང་ཕྱིར་རིན་པོ་ཆེ།། བྱང་ཆུབ་སེམས་དགག་རིམ་པ་ཡང་།། གཡས་བརྐྱང་བས་ནི་ཐབས ་ཀྱིས་ཏེ།། གཡོན་གྱིས་ཤེས་རབ་རྩ་མདུད་དགག། ས་གས་ནམ་མཁའ་དགག་པར་བྱ།། ཟླུམ་པོས་གསང་བའི་སྣ་རྩེར་དགག། ལ་ལ་ནཱ་དང་ར་ས་ནཱ།། ཨ་བ་དྷཱུ་ཏཱིའི་ནང་ཆུད་པ།། དེ་ནི་ནམ་མཁའ་ཟླུམ་པོ་སྟེ།། དཔེར་ན། ་སྦྲུལ་གྱི་ལྕེ་གཉིས་ལ།། དུག་དང་སྨན་ནི་ཡོད་པ་བཞིན།། གཞན་ཡང་འདུག་སྟངས་བྱེ་བྲག་གིས།། དགག་པའི་བྱེ་བྲག་ཤེས་པར་བྱ།། འགག་པ་སྲོག་དང་རྩོལ་བའི་རྟེན།། དེ་ལྟར་དབུས་སུ་གནས་པ་དང་།། རིམ ་ནས་རིམ་པར་གྱེན་ལ་དྲང་།། སྐད་ཅིག་ནས་བཟུང་ལོ་ཡི་བར།། སྐྲ་དཀར་གཉེར་མའི་རང་བཞིན་འགག། གང་ལ་བརྟེན་པ་དེ་ཡི་ཚད།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། དབུས་སུ་གནས་པ་ཇི་ལྟར་ལགས།། ་རིམ་ནས་རིམ་དུ་ཇི་ལྟར་དྲང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཐབས་ཞེས་བྱ་བ་རྟག་པའི་མཐའ།། ཤེས་རབ་ཅེས་པ་ཆད་པའི་མཐའ།། སྙོམས་པར་ཞུགས་པ་དབུ་མའི་དོན།། གཡས་ཀྱི་སྲོག་ནི ་རྟག་པའི་མཐའ།། གཡོན་གྱི་རྩོལ་བ་ཆད་པའི་མཐའ།། དེ་གཉིས་གནས་པ་དབུ་མའི་དོན།། རོ་མ་རྟག་པའི་བྱང་ཆུབ་སེམས།། བརྐྱང་མ་ཁྲག་ནི་ཆད་པའོ།། ཀུན་དྷར་མ་རུ་གང་གནས་པ།། དེ་ནི་དབུ་མར་ཤེས་པར ་བྱ་མཆོག་གི་དགའ་བ་རྟག་པའི་མཐའ།། བྲལ་བའི་དགའ་བ་ཆད་པའི་མཐའ།། ལྷན་ཅིག་དགའ་བ་དབུ་མར་བཤད།། ཨོཾ་དང་ཧཱུཾ་ནི་མཐའ་གཉིས་ཏེ།། ཨཱ་ཡི་རྣམ་པ་དབུ་མར ་གནས།། ཨཱ་ལི་ཀཱ་ལི་མཐའ་གཉིས་ཏེ།། མ་ནི་ཡི་གེ་དབུ་མ་ཡིན།། སྐྱེས་པ་བུད་མེད་མཐའ་གཉིས་ཏེ།། མ་ནིང་གཉིས་སུ་མེད་པར་གསུངས།། འདི་ནི་སྒོམ་པ་ཟུང་དུ་འཇུག། དེ་ནི་གནས་པ་དབུ་མའི་དོན། ་ཤེས་རབ་ཕ་རོལ་ཕྱིན་པ་རུ།། འབྲེལ་པ་ཟུང་དུ་འཇུག་པར་གསུངས།། བྱ་བའི་རྒྱུད་དང་རྣལ་འབྱོར་རྒྱུད།། སྣང་བ་ཟུང་དུ་འཇུག་པར་གསུངས།། དཔལ་ལྡན་གསང་བ་འདུས་པ་རུ།། སྟེང་སྒོ་དབུགས་ལ ་ཟུང་དུ་འཇུག། ཤེས་རབ་རྣལ་འབྱོར་བླ་མ་རུ།། སིཧླ་ག་པུར་ཟུང་དུ་འཇུག། རིམ་ནས་རིམ་དུ་དང་བ་ཡང་།། གསང་བའི་འཁོར་ལོ་ཨ་ལ་ནི།། བདེ་བ་རྫོགས་པའི་ཚད་བསྟན་པ།། པདྨ་རྡོ་རྗེ་འགས་པ་སྙམ།། དེ་ནི། ་ཡོངས་སུ་རྫོགས་པའི་ཚད།། དེ་ནས་གསང་བའི་འཁོར་ལོ་ནས།། བདེ་ཆེན་འཁོར་ལོའི་བར་དུ་དྲང་།། དང་པོར་དེ་ལྟར་ཤེས་པར་བྱ།། དེ་ལྟར་སེམས་ནི་བརྟན་འགྱུར་ནི།། བདེ་བ་ཆེན་པོའི་འཁོར་ལོ་ནས། ་གསང་བའི་སྣ་རྩེའི་བར་དུ་དྲང་།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། བཅུད་ཀྱི་རིན་ཆེན་གང་ན་གནས།། དེ་ནི་ཤེས་པ་སུ་ཡིས་ཤེས།། དེ་ཡི་བརྟག་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ།། སྤྱི་བོ་ཚངས་པའི་བུ་གནས།། གསང་བའི་འཁོར་ལོ་ཡན་ཆད་དུ།། ཨ་བ་དྷཱུ་ཏཱིའི་ཙན་དན་གནས།། ལ་ལ་རས་སྦྲུལ་ལྟར་གནས།། གཞན་རྣམས་པ་ཐག་ཁུག་པར་གནས།། འདི་རྣམ ་རང་བཞིན་ཀུན་ལ་གནས།། རྩ་དང་འཁོར་ལོ་འདི་རྣམས་ནི།། དེ་བཞིན་གཤེགས་པའི་སྙིང་པོར་གསུངས།། ཕྱི་ཡི་རྩ་དང་ནང་གི་རྩ།། གསང་བ་དེ་བཞིན་མཐར་ཐུག་ནི།། མན་ངག་ཡོད་པས་ཤེས། ་པར་གསུངས།། བརྟག་པ་རྣམ་པ་གཉིས་སུ་བསྟན།། དང་པོ་ལུས་ཀྱི་བརྟག་པ་སྟེ།། གཉིས་པ་དག་ཏུ་ཤེས་པར་བྱ།། ལུས་ལ་སྤྱི་དང་བྱེ་བྲག་གཉིས།། སྤུ་ནི་རླུང་གི་རང་བཞིན་ཏེ།། ཡན་ལག་ཟུང་ན་ཆུ་ཡི ་ཁམས།། ཡན་ལག་རྒྱས་པ་ས་ཡི་ཁམས།། སྨན་ཞེང་ཆེན་མེ་ཡི་ཁམས།། སྣ་ཚོགས་དུ་མ་ནམ་མཁའི་ཁམས།། སྤྱི་རུ་དཀར་བ་ཆུ་ཡི་ཁམས།། དམར་བ་མེ་རུ་ཤེས་པར་བྱ།། སེར་བ་དེ་བཞིན་ས་ཡི ་ཁམས།། སྔོན་རླུང་དུ་ཤེས་པར་བྱ།། ཡང་ན་རླུང་གི་ཁམས་ཡིན་ཏེ།། དྲོད་རྣམས་ཆེན་མེ་ཡི་ཁམས།། བརྟན་པ་ས་ཡི་ཁམས་སུ་གསུངས།། ཆུ་ཁམས་ཆེན་ཆུ་ཡི་ཁམས།། དེ་རྣམས་ཀུན་ལྡན་ནམ། ་མཁའི་ཁམས།། འཇུག་པ་བདེ་ཆེན་ས་ཡིན་ཏེ།། ལྡོག་པ་སྤྲུལ་པ་ཆུ་རུ་གསུངས།། རྣལ་འབྱོར་རྒྱུད་ནི་བྱེ་བྲག་གིས།། སེམས་ཀྱི་གནས་པ་ཤེས་པར་བྱེད།། ཤུ་ཀྲ་རླུང་ལ་སི་ཧླ་མེ།། སྤྲུལ་དང་ཆོས ་སུ་སྦྱར་བ་ཡིན།། གཞན་ཡང་མཁས་པས་ཤེས་པར་བྱ།། དེ་ནས་བྱེ་བྲག་གསུངས་པ་ཡིན།། དབྱིབས་དང་ཁ་དོག་མཚན་མ་གསུམ།། ཀུན་ལ་མཁས་པར་ཤེས་པར་བྱ།། དང་པོར་དབྱིབས་ཀྱི ་བརྟག་པ་ཡང་།། དཔྲལ་བའི་དབྱིབས་ལ་རྣམ་པ་བཞི།། གྲུ་བཞི་ཟླུམ་པོ་ཟླ་གམ་དང་།། གྲུ་གསུམ་དུ་ཡང་ཤེས་པར་བྱ།། དཀར་པོ་ལ་སོགས་དེ་དང་འདྲ།། རྣ་བ་ནས་བཟུང་རྐང་པའི་བར།། ཀུན་ལ་བརྟག ་ཅིང་ཤེས་པར་བྱ།། སྐད་ནི་ཕྲ་དང་སྒོམ་པ་དང་།། རིང་དུ་འདོན་དང་ཐུང་བ་དང་།། འདར་བ་ལ་སོགས་བྱེ་བྲག་རྣམས།། མཁས་པས་བརྟག་ཅིང་ཤེས་པར་བྱ།། རྟགས་དེ་བརྟག། ་པའི་མཚན་མ་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། འདོད་ཆགས་སྐུ་དང་ཞེ་སྡང་ཐུགས།། མུན་པ་གསུམ་དུ་ཤེས་པར་བྱ།། དང་པོ་འདོད་ཆགས་དབྱེ་བ་ཡང་།། ཡར་ངོ་མར་ངོ་མཚམས་དང་གསུམ།། ་དབྱིབས་དང་ཁ་དོག་སྐད་གསུམ་ལ།། མཁས་པ་འདོད་པ་སྐྱེ་བ་བརྟག། ཉིན་པར་བཞི་དང་མཚན་པར་བཞི།། དེ་བཞིན་སྐད་ཅིག་ཐང་ཅིག་རྣམས།། མཁས་པས་བརྟག་ཅིང་ཤེས་པར་བྱ།། མིག་འཛུན ་བ་སྤུ་ལྡང་ལ་སོགས།། དབྱིབས་ཀྱི་འདོད་པ་སྐྱེ་བ་དང་།། འདོད་པའི་གཟུགས་ལྡན་ཅུང་ཞིག་དམར།། སྣ་བུག་དཀར་ལ་སོགས་པ་དང་།། སྐད་འདར་ཁ་ནི་སྐམ་ལ་སོགས།། འདོད་པ་སྐྱེས་པའི་རྟགས་སུ། ་བཤད།། གཞན་ཡང་འདོད་པ་སྐྱེས་པའི་རྟགས།། ཁ་དོག་དབྱིབས་ལ་བརྟག་པར་བྱ།། སྲ་ཕྱིར་འདོད་པ་ས་ཡི་རྟགས།། ཆུ་ལ་སོགས་པ་དེ་བཞིན་ནོ།། གསུང་དང་ཐུགས་ལའང་ཤེས་པར་བྱ།། ལྷ་མོས་གསོལ་བ ་བཅོམ་ལྡན་འདས།། འདོད་ཆགས་ཞེས་པ་ཇི་ལྟར་ལགས།། དེ་ཡི་ཆེན་པོ་ཇི་ལྟར་ལགས།། ཞེ་སྡང་ལ་སོགས་ཇི་ལྟར་ལགས།། སྐུ་གསུང་ཐུགས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འདོད་ཆགས་ཉོན་མོངས་འཁོར་བ་སྟེ།། གབ་པའི་གསང་བ་མ་རྟོགས་པར།། སྦས་པའི་གསང་བ་ལ་ཞེན་ནས།། སྲིད་པའི་ས་བོན་མི་ཟད་པར།། དཔེར་ན་རྒྱུད་ཀྱི་མདའ་བཞིན་དུ།། འབྲས་བུ་མནར་མེད་དམྱལ ་བར་སྐྱེ།། ཆེན་པོ་མི་རྟོག་རང་བཞིན་ཏེ།། འབྲས་བུ་གཉིས་མེད་ཡེ་ཤེས་བསྐྱེད།། འདོད་ཆགས་ཞེས་པ་སྤང་བྱ་སྟེ།། དེ་ཡི་ཆེན་པོ་གཉེན་པོར་གསུངས།། འདོད་ཆགས་ཞེས་པ་མེ་ཏོག་སྟེ།། དེ་ཡི་ཆེན་པོ་དྲི། ་དང་འདྲ།། གཞན་ཡང་བྱེ་བྲག་ཤེས་པར་བྱ།། ཞེ་སྡང་ལ་སོགས་གོང་དང་འདྲ།། ཐམས་ཅད་རྟེན་པ་སྐུ་རུ་བསྟན།། བརྗོད་པ་དང་བྲལ་གསུང་དུ་བསྟན།། རྣམ་རྟོག་བྲལ་བ་ཐུགས་སུ་ཤེས།། རྣམ་རྟོག་ཆུང ་ཞིང་གཏོང་ཕོད་ཆེ།། བླ་མ་ལ་གུས་སྙིང་རྗེ་ཆེ།། གཞན་ཡང་བྱེ་བྲག་ཀུན་ཤེས་པ།། འདི་ལ་བསྟན་གྱི་ཀུན་ལ་གསང་།། བླ་མ་ཡོན་ཏན་ཀུན་ལྡན་ཞིང་།། དབང་དང་མན་ངག་འབྲེལ་ཤེས་དང་།། གསང་བའི ་དོན་ལ་མ་རྨོངས་ཤིང་།། ཐུགས་རྗེ་ཆེན་པོ་དང་ལྡན་པས།། ཆོས་ལ་སེར་སྣ་མེད་པ་དང་།། གསལ་ལ་གསོང་པོར་སྨྲ་བ་དང་།། རིགས་བཅས་ཀུན་གྱིས་བཀུར་བ་དང་།། ལས་ཀྱི་ཕྱག་རྒྱ་འཆང་བ་དང་། ་དམ་ཚིག་དང་ལྡན་བླ་མ་སྟེ།། འདི་ལ་བཀུར་གྱི་ཐམས་ཅད་ལ།། བསྙེན་ཅིང་བཀུར་བར་བྱ་བ་མིན།། དེ་ནས་རིན་ཆེན་གསུམ་པ་ནི།། གཉིས་མེད་ལྷན་ཅིག་སྐྱེས་པ་སྟེ།། རྟོག་བྲལ་སྤྲོས་པ་མེད་པ ་ཡིན།། དེ་རྟོགས་རིན་ཆེན་འཕྲེང་བའོ།། ལྷ་མོས་གསོལ་པ་བཅོམ་ལྡན་འདས།། གབ་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་འབྲས་བུ་ཇི་ལྟར་སྨིན།། སྦས་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་འབྲས་བུ་ཇི་ལྟ། ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གབ་པ་ཞེས་པ་ཡེ་ཤེས་ཏེ།། སུམ་ཅུ་རྩ་བདུན་སྐུ་གསུང་ཐུགས།། ཆོས་དང་ལོངས་སྤྱོད་སྤྲུལ་སྐུ་གསུང་།། དགའ་བ་བཞི་རུ་མདོར་བསྡུས་པ། ་དམིགས་པའི་རྐྱེན་ནི་གསང་བའོ།། བདུན་དང་ལྡན་ཕྱིར་ཆེན་པོ་ཡི།། སུམ་ཅུ་རྩ་བདུན་ལ་སོགས་པའི།། གཉེན་པོ་སྟོབས་ཀྱིས་མ་ཞུགས་པ།། སྦས་པ་པདྨ་རྡོ་རྗེ་གཉིས།། སྙོམས ་པར་ཞུགས་ན་འདོད་པ་སྐྱེ།། འདི་ནི་རྐུན་མོ་མ་རུས་པ།། དཔེར་ན་ལྗོན་ཤིང་རྩ་བ་ལས།། ཡལག་མེ་ཏོག་ཐམས་ཅད་སྐྱེས།། ཉོན་མོངས་རྩ་བ་འདོད་རགས་ལ།། དུག་གསུམ་ལ་སོགས་ཐམས་ཅད་དེ། ་སྦས་པའི་གསང་བའི་འཁོར་བ་སྟེ།། གབ་པ་མྱ་ངན་འདས་པར་གསུངས།། འཁོར་བ་མནར་མེད་དམྱལ་བ་དང་།། དུར་ཁྲོད་བརྒྱད་པོ་དྲེགས་པ་ཅན།། སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ།། ཤིང་རྟའི་འཁོར་ལོ། ་བཞིན་དུ་གནས།། མྱ་ངན་འདས་པ་སྐུ་གསུམ་ས།། སྐྱོབ་པ་མྱ་ངན་འདས་གྱུར་ཀྱང་།། འཁོར་ལོ་འཁོར་བའི་ཚུལ་དུ་ནི།། ཚོགས་ཀྱི་ཤུགས་ཀྱི་མཐུ་ཡིས་སུ།། སེམས་ཅན་དོན་ལ་ཡང་དག་འཇུག ་ཆོས་སུ་སྤོས་བྲལ་ནམ་མཁའ་བཞིན།། སྐུ་གཉིས་སྤྲིན་དང་ཆར་ལྟ་བུ།། སྐུ་གཉིས་སེམས་ཅན་དོན་མཛད་པ།། སེམས་ཅན་ལས་དང་སྨོན་ལམ་སྟོབས།། དེ་ཡི་སྟོབས་ཀྱིས་སྣང་བ་ལས།། ཡང་དག། ་ཉིད་ལ་སྣང་རྒྱུ་མེད།། སྐུ་གསུང་དེ་ཉིད་བཞི་བཅུའི་དོན།། དུར་ཁྲོད་ལ་སོགས་བརྡ་རུ་ཤེས།། སུམ་ཅུ་རྩ་གཉིས་ཆོས་སྐུའི་བརྡ།། རྒྱན་ནི་གཟུགས་སྐུ་གཉིས་ཀྱི་བརྡ།། གཞན་ཡང་བརྡ་ཡི་བྱེ་བྲག་ནི།། སྒོམ། ་པོ་གསང་བའི་རྡོ་རྗེའི་བརྡ།། ཁྲོ་མོ་གསང་བའི་པདྨའི་བརྡ།། སྐུ་དང་དྲང་བ་ཡོན་ཏན་སྐྱོན།། མཛུབ་མོ་ལེ་རྟེན་མཐེའུ་ཆུང་ནི།། ང་ཡི་གན་དུ་ཚུར་ཤོག་ཡིན།། མཐེ་བོང་ལ་བརྟེན་མཛུབ་མོ་བར།། ཁྱོད་ཀྱི ་གན་དུ་འོང་གིས་ཡིན།། མཐེ་བོང་མཛུབ་གཉིས་ཟུར་གསུམ་ནི།། བྷ་ག་རྒྱས་སམ་དྲི་བ་ཡིན།། བྷ་ག་རྒྱས་པ་ཟླུམ་པོར་སྟོན།། བདེ་བའི་གནས་སུ་འདུ་བ་ཡང་།། སྲོད་དམ་ན་མ་གུང་ཐོ་རངས་གསུམ།། མཛུན ་ཚིགས་དང་པོ་ནས་བཟུང་ནས།། ཐ་མའི་བར་དུ་བརྡ་ཡིན་ནོ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས།། ལན་གསུམ་བར་དུ་ནན་ཏན་གནང་།། གཞན་ཡང་བརྡ་ཡི་བྱེ་བྲག་རྣམས།། རྒྱུད་རྣམས་ཀུན་ཏུ་མ་གསུམ ་པ། གནས་ནི་ཐབས་ཀྱི་འདུག་སྟངས་སོ།། ཉེ་གནས་ཤེས་རབ་འདུག་པར་གསུངས།། ཞིང་ནི་ཐབས་ཀྱི་བཟའ་བའི་ཚོགས།། དེ་བཞིན་ཤེས་རབ་ཉེ་བའི་ཞིང་།། འདུ་བ་ཐབས་ནི་འོང་ངོ་སྟེ།། ཤེས་རབ་འོང ་བཉེ་འདུ་ཡིན།། ཙཱནྡོ་ཐབས་ཀྱི་སྟར་དང་རྒྱ་ན།། ཤེས་རབ་དེ་བཞིན་ཉིད་ཙཱནྡོ།། དུར་ཁྲོད་ཐབས་ཀྱི་རྣམ་རྟོག་བྲལ།། དེ་བཞིར་ཤེས་རབ་ཉེ་དུར་ཁྲོད།། གཞན་ཡང་བཛྲ་ཡི་བྱེ་བྲག་རྣམས།། ཁ་དོག་དེ་བཞིན ་དབྱིབས་དང་ཡང་།། ཡན་ལག་ཚུལ་ལས་ཤེས་པར་བྱ།། དེ་ནས་ལྷ་མོ་ལ་སོགས་པས་མཆོད་པ་སྣ་ཚོགས་པས་མཆོད་ནས་མི་སྣང་བར་གྱུར་ཏོ།། དཔལ་རིན་ཆེན་འཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ ་གསང་བ་ཡང་གསང་བསྟེ་རང་བཞིན་གྱིས་གསང་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་རིན་ཆེན་རྡོ་རྗེ་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ ་ཕབ་པའོ།། སླད་ཀྱིས་ཀྱང་དཔེ་ཕྱི་མོ་ལ་གཏུགས་ནས་བཅོས་པའོ།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ས་མ་ཡ་དནྡ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་དམ། ་