| Wylie | e-texts produced with BDRC’s OCR application |
ཚངས་པའི་དྲ་བའོ།། ཚངས་པའི་དྲ་བ་རྫོགས་སོ།། རྒྱ་གར་སྐད་དུ། ཙནྡ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ། དཀོན ་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཙམ་པ་ཅན་ན། འགྲོ་བ་པོའི་རྫིང་བུའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ལྷ་མ་ཡིན ་གྱི་དབང་པོ་སྒྲ་གཅན་གྱིས་ཟླ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱིས་བཀའ་བར་འགྱུར་ཏོ།། དེ་ནས་ཟླ་བའི་དཀྱིལ་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་སྐྲག་ཅིང་སྔངས་ལ ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ། ་འདུག་ནས། ལྷ་དེས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ཀུན་ལས་རྣམ་པར་རབ་འགྲོལ་བའི།། སངས་རྒྱས་དཔའ་བོ་ཁྱོད་ཕྱག་འཚལ།། གནོད་པ་དག་དང་ཕྲད་གྱུར་པ།། བདག་གི་སྐྱབ ་ནི་མཛད་པར་གསོལ།། འཇིག་རྟེན་དག་དགྲ་བདེ་གཤེགས་དཔལ།། ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས།། སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས།། ཟླ་བ་ཐར་མཛོད་སྒྲ་གཅན་ལས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྒྲ་གཅན་ཟླ་བ་མུན་སེལ་བ།། ནམ་མཁའ་དག་ལས་འོད་བྱེད་ཅིང་།། ལམ་མེར་འདུག་ལ་དཀར་བ་དང་།། རྣམ་པར་དག་པའི་འོད་ལྡན་པ།། བར ་སྣ་དག་ལ་མ་བཟུང་བར།། སྐྱེས་བགུའི་སྒྲོན་དེ་མྱུར་དུ་ཐོང་།། དེ་ནས་རིངས་བཞིན་སྒྲ་གཅན་དེ།། ལུས་ནི་རྡུལ་ཅིང་སྐྲག་གྱུར་ལ།། ནད་པ་བཞིན་དུ་བརྟད་པ་ཡིས།། ཟླ་བ་རྣམ་པར་བཏོང ་བར་བྱེད།། དེ་ནས་རྣམ་པར་སྣང་བྱེད་ཀྱི་བུ་ཆེན་པོས་ལྷ་མ་ཡིན་དབང་པོ་སྒྲ་གཅན། རིངས་པ་ལས་ཀྱང་རིངས་པར་ཟླ་བའི་དཀྱིལ་འཁོར་གཏོང་བ་མཐོང་ངོ་།། མཐོང་ནས། ་ཀྱང་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད།། ལུས་ཀྱང་རྡུལ་ཞིང་སྐྲག་གྱུར་ལ།། ནད་པ་བཞིན་དུ་བརྟད་པ་ཡིས།། རིངས་པར་ཟླ་བ་བཏོང་བར་བྱེད།། ་སྒྲ་གཅན་གྱིས་སྨྲས་པ།། སངས་རྒྱས་ཚོགས་བཅད་འདི་བརྗོད་པས།། གལ་ཏེ་ཟླ་བ་མ་བཏང་ན།། བདག་གི་མགོ་བོ་ཚལ་མདུན་འགས།། གསོན་ཡང་བདེ། ་བར་མི་འགྱུར་རོ།། རྣམ་པར་སྤངས་ཀྱི་བུ་ཆེན་པོས་སྦས་པ།། ཀྱེ་མ་བདེན་པ་གཟིགས་པ་ཡི།། སངས་རྒྱས་རྣམས་ནི་འབྱུང་བ་མེད།། དེ་དག་གིས་ནི་ཚིགས་སུ་བཅས། བརྗོད་ན་སྐབ ་ཟླ་བ་གཏོང་།། ཟླ་བའི་མདོ་རྫོགས་སོ།། འདི་དང་ཐར་པ་ལོ་ཙས་བསྒྱུར་བ་དེ་མདོ་གཅིག་ཏུ་སྣང་། @རྒྱ་གར་སྐད་དུ། ་