| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ་བུདྡྷ་ཨ་བྷི་ཥི་ཀ་མ་ནཱ་མ་སྟོ་ཏྲ་མ། བོད་སྐད་དུ། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ་དེ་ནས་བསྐལ་པ་གྲངས་མེད་གསུམ།། ཕ་རོལ་ཕྱིན་རྣམས་རྫོགས་པ་ཡི།། ཐུབ་ལ་ལྷ་རྣམས་ཀྱིས་གསོལ་པས།། མཐོ་རིས་ནས་ནི་མི་ནང་གཤེགས།། ཉི་མའི་རིགས་ཏེ་ཟླ་བ་ཡི།། ས་ཡི་བདག་པོ་ཟས ་གཙང་དང་།། གཙོ་མོ་སྒྱུ་འཕྲུལ་ལྷ་མོ་ཡི།། མངལ་དུ་ཉིང་མཚམས་སྦྱོར་བར་མཛད།། དེར་ནི་རིན་ཆེན་ཁང་གནས་ཤིང་།། ལྷ་ཡི་མཆོག་རྣམས་བསྟོད་བྱེད་ལ།། དེ་ལ་གསུང་ནི་མཐོན་པོ་ཡིས།། དམ ་པའི་ཆོས་ནི་སྟོན་པར་མཛད།། ལྷ་རྣམས་ཐལ་མོ་སྦྱར་བྱས་ཏེ།། དུས་གསུམ་དུ་ནི་དེར་ལྟ་བ།། རྡུལ་མེད་མུ་ཏིག་འཕྲེང་བ་ནི།། བཻཌཱུཪྻའི་སྣོད་གནས་འདྲ།། བདུད་རྩི་རབ་སྦྱིན་གཟུགས་ཅན་ཏེ། ་དེ་ཡིས་ལྷ་མོ་མཛེས་པར་གྱུར།། ཟླ་བཤིན་ཏུ་གསལ་པ་འམ།། མུ་ཏིག་འོ་མའི་རྒྱ་མ་རྒྱོའདྲ།། འབྱུང་པོ་རྣམས་ནི་དབུགས་བརྩིན་ཅིང་།། ཡིད་ལ་རི་བའི་ངན་རྫོགས་མང་།། དེ་ནི་འདོད་པ་སྩོལ་བསྟེ ་འདོད་པ་ཐམས་ཅད་ཚོགས་མཛད།། སྐྱེད་མོས་ཚལ་ནི་ལུམ་བི་ནོར།། འཇིག་རྟེན་གཙོ་མོ་སོང་གྱུར་ཏེ།། ས་བདག་དང་ནི་སྲས་རྣམས་དང་།། འདུན་ན་འདོན་དང་ལྷན་ཅིག་ཏུ།། དེར་ནི་མྱ་ངན་མེད་པ་ཡིས།། ་ཡལ་ག་ལ་འཇུས་བརྟུལ་ཞུགས་གནས།། ནམ་མཁའ་ལྷ་ཡི་བུ་མོ་རྣམས།། ཟླ་བ་དང་ནི་སྐར་ཚོགས་འདྲ།། སྐར་མ་རྒྱལ་ལ་བབ་པ་ན།། དེ་སྲས་རྩི་མའི་ལོགས་ནས་ནི།། འགྲོ་ལ་ཕན་པ་མཁྱེན ་བ་ཡིས།། ཉི་མ་ཤར་བ་བཞིན་དུ་བྱུང་།། མཚན་མཆོག་ཡང་དག་རྫོགས་པ་ཡིས།། གཙོ་བོ་ཉིད་ཀྱི་སྐུ་ཡི་འོད།། འཛམ་བུའི་ཆུ་བོའི་གསེར་འདྲ་ཡིས།། ཕྱོགས་རྣམས་རབ་ཏུ་སྣང་བར ་གྱུར། བརྒྱ་བྱིན་མ་མའི་ཆ་བྱད་ཅན།། སྨིན་མ་བཀོད་པས་བཟློག་པར་མཛད།། ས་ལ་གོམ་པ་བདུན་བོར་ན།། གཏེར་དང་པདྨས་བརྒྱན་པར་གྱུར།། བདག་གི་སྐྱེ་བ་ཐ་མ་ནི།། འདི་ལ ་ཡང་སྲིད་ཡོད་མིན་ཞེས།། སྙན་པའི་གསུང་ནི་བསྒྲགས་ནས་ཀྱང་།། ཕྱོགས་རྣམས་ཀུན་ཏུ་གཟིགས་པར་གྱུར།། ཉི་ཟླ་རིན་ཆེན་བུམ་པ་ལས།། དྲོ་གྲང་ཆུ་ཡི་རྒྱུན་གཉིས་ནི། ་དྲི་མ་མེད་པའི་ནམ་མཁའ་ལས།། དེ་ཡི་དབུལ་བབ་པར་གྱུར།། བདེ་གཤེགས་འགྲོ་བའི་བླ་མ་ནི།། རིན་ཆེན་སྣ་ཚོགས་བཀྲམ་པ་ཡི།། སེང་གེའི་གདན་ནི་མཐོན་པོ་ལ།། དགྱེས་པས་དེར་ནི ་བཞུགས་པར་གྱུར།། བརྒྱ་བྱིན་གནས་ཀྱི་ཆུ་བོ་དང་།། འཇུག་དོགས་ལས་བླངས་ལྷ་ཡི་ཆུ།། གསེར་ལས་བྱས་པའི་བུམ་པ་ཡི།། ལྷ་རྣམས་ཀྱིས་ནི་དབང་བསྐུར་བསྟབས།། ལྷ་ཡི་གོས་དང་འཕྲེང་བ ་དང་བསྟོད་པ་ལ་ནི་བརྩོན་པ་ཡི།། ཚོགས་རྣམས་དུ་མ་འདུས་པ་ཡིས།། ལྷ་ཡི་ཚལ་ནི་གང་བར་གྱུར།། རྔ་སྒྲ་རྣམས་ཀྱི་ཅ་ཅོ་ཡིས།། མཁའ་དབྱིངས་མ་ལུས་ཁྱབ་པར་གྱུར།། ནམ་མཁའ་ལས། ་ནི་མེ་ཏོག་ཆར།། རྒྱུན་མི་འཆད་པར་བབ་པར་གྱུར།། མནྡར་མེ་ཏོག་ཆ་ལ་བཀྲམ་པས།། གཙང་མ་ཡི་ནི་གནས་ལྟར་གྱུར།། ག་བུར་ཙན་དན་ཕྱེ་མ་ཡིས།། འཇིག་རྟེན་མགོན་ལ་གཏོར་བར་གྱུར། ་རི་བོ་རྒྱ་མཚོར་བཅས་པ་དག། གར་མཁན་གྱི་ནི་གོས་ལྟར་གཡོས།། བཅུད་རྣམས་སྣ་ཚོགས་འཛིན་པ་ཡིས།། ས་དག་རྣམ་དྲུག་གཡོས་པར་གྱུར།། བུང་བ་རྣམས་ནི་སྒྲ་སྒྲོགས་ཤིང་། ་དུས་རྣམས་ཀུན་ཏུ་བྱུང་བ་ཡི།། ཤིང་རྣམས་རང་ཉིད་འདུད་པ་དང་།། མེ་ཏོག་རྣམས་ནི་འཐོར་བར་གྱུར།། བློན་པོ་རྒན་དང་འདུན་ན་འདོན།། བཀྲ་ཤིས་དག་ནི་འདེན་པར་བྱེད།། ་ས་དང་མཁའ་དང་གྲུབ་པ་དང་།། མི་འམ་ཅི་དང་ལྷན་ཅིག་སྤྱོད།། ནགས་ན་གནས་པའི་ལྷ་རྣམས་དང་།། ལྷ་དང་གྲུབ་པ་རིག་འཛིན་མི།། ནང་གི་སླས་ཀྱི་བུད་མེད་ཀྱང་། ་རབ་ཏུ་དགའ་བས་གར་ཡང་བྱེད།། ལོང་བས་མིག་དང་འོན་པས་ཐོས། ལྐུགས་པ་རྣམས་ནི་སྒྲ་གསལ་དང་། ནང་པ་ནད་ལས་ཐར་པ་དག་སྐད ་ཅིག་དེར་ནི་ཐོབ་པར་གྱུར།། རི་དགས་བྱ་དང་སྡིག་སྦྲུལ་དག། ཕན་ཚུན་འཚེ་བར་འདོད་པ་ཡི།། སེམས་ཅན་ཐམས་ཅད་ད་ཡི་ཚེ།། རྩོད་མེད་འཚེ་བ་མེད་པར་གྱུར། ་ཚེ་གང་ལའང་སྡུག་བསྔལ་དང་།། ཉེས་སྤྱོད་བྱུང་བར་མ་གྱུར་ཏོ།། འགྲོ་བ་འདི་དག་ནད་མེད་ཅིང་།། བདེ་ཞིང་ལོ་ཡང་ལེགས་པར་གྱུར།། དེ་ཚེ་ཀུན་ཏུའང་མདུན་དུ་ནི།། གཅེར ་རྣམས་དེར་ནི་བྱུང་བར་གྱུར།། དེའི་ཚེ་སྲིད་གསུམ་རྒྱས་པར་ནི།། དགའ་ཞིང་བདེ་བ་དག་ཏུ་གྱུར། རྒྱལ་བ་དབང་བསྐུར་བསོད་ནམས་གང་། བསོད་ནམས་ལྡན་པའི་སེམས་ཀྱིས་ནི། ་ན་པར་བྱེད་པ་དེ་དག་ལ། ཕུན་སུམ་ཚོགས་ཀུན་ལག་མཐིལ་གནས།། ཚེ་དང་ནང་མེད་དབང་ཕྱུག་དང་།། དགའ་ཞིང་རྒྱས་དང་རྒྱལ་དང་གྲགས།། རྫོགས་སངས་ཡོན་ཏན ་སྒྲོགས་པ་ཡི།། དད་པའི་མྱི་ཡིས་ཐོབ་པར་འགྱུར།། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བིམ ་ལ་ཀ་ར་ཝར་མ་དང་།། ལོ་ཙ་བ་བན་དྷེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་པ། གཅིག་ཞུས།། ་