CLOSE WINDOW

N991: dpal 'khor lo sdom pa'i sgrub thabs rin po che'i sgron ma
Wyliee-texts based on the ACIP/ALL Input

བོད་ཀྱི་ལོ་ཙ་བ་མཁས་པ་མང་པོ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་འཁོར་ལོ་སྡོམ་པའི་བསྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སཱ་དྷ་ནཾ་རཏན་དཱི་པ། བོད་སྐད་དུ། ་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་རྣམ་དག་ཀུན་ཏུ་རྟོགས་ཡང་མཁའ་འདྲའི་ཆོས་སྐུ་དང་དཔེ་མེད་ཕུན་ཚོགས་བདེ་བས་རྣམ་མཛེས་ལོངས་སྤྱོད་རྫོགས་སྐུ་ཉིད། ས ་རྣམས་ཀུན་ཏུ་ཕན་མཛད་རབ་གསལ་སྤྲུལ་པའི་སྐུར་བརྗོད་གང། བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེ་ཡིས་ཁྱེད་ལ་བདེ་ལེགས་ཤོག་།དང་པོར་རེ་ཞིག་རྣལ་འབྱོར་བ་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་དང་ཡང་དག་པར་ལྡན་པས་ཡིད་དང་རྗེས་སུ ་མཐུན་ཞིང་དབེན་བར་བདེ་བའི་སྟན་ལ་འདུག་སྟེ། དམ་ཚིག་བརྟེན་པར་བྱས་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་བལྟས་ལ་བླ་མའི་མན་ངག་ཇི་བཞིན་པས་སྔགས་བཀོད་པའི་ལག་པ་གཡོན་པས་དམ་ཚིག་གི་རྫས་སྦྱངས་ཤིང་བླངས་ཏེ། ་ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་བཞི་དང་བདག་ཏུ་བྱས་པ་ལ་གཏོར་བ་དང་ཡན་ལག་ལ་ཡང་དགོད་པར་བྱ་ཞིང་བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་དྲི་ཞིམ་པོ་དང་བཅས་པའི་ཆུས་མདུན་དུ་མཎྜལ་བྱས་ཏེ། བདུད་རྩི་ལྔ ་དང་དམ་ཚིག་ཅན་གྱིས་བྱུགས་ལ། དེའི་དབུས་སུ་གཡོན་པའི་མིང་མེད་ཀྱིས་མནན་ཏེ། པུ་ཛ་དང་གཏོགས་པའི་ཡི་གེ་ཉི་ཤུ་རྩ་བཞིས་རྣམ་པར་དག་པ་དང། གནས་ལ་སོགས་པ་བཅུའི་མིང་ཅན་ས་བཅུར་མོས་པ་བརྗོད་པར་བྱའོ། །དེའི་རྗེས་ལ ་དཀྱིལ་འཁོར་དེ་སྐད་ཅིག་ཙམ་གྱིས་འབྱུང་བ་ཆེན་པོ་བཞི་ལ་གནས་པའི་རི་རབ་ཀྱི་སྟེང་དུ། གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསྐྱེད་དེ། དེའི་ནང་དུ་སྣ་ཚོགས་པདྨའི་གེ་སར་ལ་ཉི་མའི་སྟེང་དུ། རང་གི་སྙིང་གའི་ས་བོན་གྱི་འོད་ལས་འཕྲོས? ་པའི་རྡོ་རྗེ་འཛིན་པ་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་ལོ་ཡོངས་སུ་རྫོགས་པ་དང་བཅས་པའི་བདག་ཉིད་བཅོམ་ལྡན་འདས་མ་དང་སྙོམས་པར་འཇུག་པར་བལྟ་བར་བྱའོ། །དེའི་འོག་ཏུ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས? ་ཕྲེང་བ་རྣམས་ཀྱིས་འཁོར་ལོ་བསྐུལ་ཏེ། ནམ་མཁའ་ཨི་ཕྱོགས་སུ་གནས་པ་ལ་མངོན་དུ་ཕྱོགས་ནས་མཆོད་པ་བྱས་ལ། སྔགས་དང་བཅས་པས་དམ་ཚིག་གི་འཁོར་ལོ་བཅུག་ནས། རོ་མཉམ་པར་བྱ་བ་དང། མཆོད་བ་རྣམས་ཀྱིས་མཉམ་པར་བྱ་སྟེ། ་དེ་ཡང་རྣམ་པར་བྱང་བའི་ལག་པ་གཡོན་པས་ཡི་གེ་གསུམ་གྱིས་སྔགས་དཀྱིལ་འཁོར་གྱི་དབུས་སུ། དང་པོ་བཅོམ་ལྡན་འདས་ཉིད་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས ་སྙིང་པོ་དང། ཉེ་བའི་སྙིང་པོ་དང། བཅོམ་ལྡན་འདས་མའི་སྙིང་པོ་དང། ཉེ་བའི་སྙིང་པོ་ཉིད་ཀྱིས་བྱའོ། །དེ་བཞིན་དུ་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མ་ལ་སོགས་པའི་མཐར་ཐུག་དཔའ་བོའི་དབང་ཕྱུག་མ་བཅུ་གཉིས་མན་ངག་བཞིན ་དུ་རང་རང་གི་སྔགས་ཀྱི་ཕྱོགས་རྣམས་སུ་གཡོན་སྐོར་དུ་དགོད་ཅིང། མཚམས་རྣམས་སུ་ནི་གཡས་སུ་བསྐོར་བས་གནས་ཇི་ལྟ་བ་བཞིན་དེ་དག་ལ་མཆོད་པར་བྱའོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པ་ལྷ་མོ་བཅུ་དྲུག་དང། བདུད་རྩི་དང། ཏེ་ཏེ ་དགའ་བའི་བླུས?་ཉེ་བར་མཆོད་པར་བྱའོ། །དེ་བཞིན་ལག་པ་གཡོན་པའི་མཐིལ་དུ་པདྨ་ལྔ་པ་ལྟེ་བ་དང་བཅས་པའི་གཞིང། དཔའ་མོ་དྲུག་རྣམས་ལ་གོ་རིམ་བཞིན་དུ་དམར་མོ་དང། སྔོན་མོ་དང། དཀར་མོ་དང། སེར་མོ་དང། ལྗང་གུ་དང། ་དུ་བའི་མདོག་ཅན་རྣམས་བཀོད་ལ། འཁོར་ལོ་སྒྱུར་བ་དྲུག་ཀྱང་དཀར་པོ་དང། སྐྱ་བོ་དང། སེར་པོ་དང་ནག་པོ་དང་དམར་པོ་དང། །ལྗང་གུ་རྣམས་སྔགས་ཀྱི་གཟུགས་སུ་ཕྱོགས་ཇི་ལྟ་བ་བཞིན་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་དགོད་པ་སྔོན ་དུ་འགྲོ་བས་ཆོ་ག་བཞིན་དུ་མཆོད་པ་དབུལ་བར་བྱའོ། །འཁོར་ལོ་དེ་ཡང་ལག་པའི་རྒྱབ་ཏུ་མེ་ལོང་དང་བའི་?་གཉིས་པའི་གཟུགས་བརྙན་བཞིན་དུ་གསལ་བར་སྣང་བར་བལྟའོ། །དེ་ནས་དེའི་དཀྱིལ་འཁོར་གྱི་སྔགས་རྣམས་ནི། ས་ལ་སོགས ་པའི་ཁམས་རྣམས་ཀྱི་རང་བཞིན་ལྟུང་བྱེད་མ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཀྱི་ངོ་བོ་ཉིད་དུ་ལྷག་པར་མོས་པར་བྱ་སྟེ། ཁུ་བ་བྱིན་གྱིས་བརླབས་པས་བསང་གཏོར་བྱས་ལ་འཁོར་ལོ་དེ་ཉིད་དཔའ་བོ་དཔའ་མོ་རྣམས་ཀྱིས་བྱིན ་གྱིས་བརླབས་པའི་དཀྱིལ་འཁོར་འཁོར་ལོ་གསུམ་གྱི་རང་བཞིན་དུ་མོས་པ་བྱས་ཤིང། རྐང་པ་བརྒྱད་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་མེ་ཏོག་ཕྲེང་བའི་སྔགས་བརྗོད་པའི་མཐར་དཀྱིལ་འཁོར་དུ་དོར་ཏེ་སྙིམ་པས་བླངས ་ནས་ཕྲེང་སྔགས་སྔོན་དུ་བརྗོད་པས་མགོ་བོར་དགོད་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་དེ་ཡང་བདག་ཉིད་ལ་བཅུག?་པར་བསམས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་ཆོ་ག་བཅུ་གསུམ་གྱིས་རྣམ་པར་དག་པར་ཡང ་བྱའོ། །དེའི་འོག་ཏུ་བདག་པོ་རྣམས་ལ་བདུད་རྩི་མྱང་བ་ལྟ་བུའི་ཆོ་གས་གཏོར་མ་སྤྲིན་པའང་ཤེས་པར་བྱའོ། །གལ་ཏེ་འབྱོར་ན་རྣལ་འབྱོར་པ་རྣམས་འདུས་ཏེ་ཆོ་གས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་འདུད་པ་བྱས་ཏེ་ཤྲཱི་ནི ་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་པ་དང་བྲལ་བ། །ཀ་ནི་གང་དཱུང་མི་གནས་ཉིད། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་གཙོ། །རྡོ་རྗེ་འཛིན་མཆོག་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། ་མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱེ་བས?་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང། །འཇིག་རྟེན་བྱ་བ་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོང ་ཅེས་བྱ་བས་བསྟོད་པར་བྱའོ། །ཆོ་གའི་བྱ་བ་མ་ཚང་བ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་བཟོང་པར་གསོལ། །ཞེས་བྱ་བས་བཟོད་པར་གསོལ་?། །དེ་ནས་ལྷ་མོ ་ཚད་མ་བམ་ཚིག་ཚད་མ་དང། །ངེས་གསུངས་ཚིག་ནི་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་།ཅེས་སྨོན་ལམ་གདབ་པར་བྱ་སྟེ། འདི་ནི་ཕྱི་རོལ་གྱི་མཆོད་པའི་ཆོ་གའོ། །དེ་ནས་ ་ནང་གི་རྣལ་འབྱོར་ལ་བརྩོན་པར་འདོད་པའི་སྔཌ་པས། ཡང་སྙིང་གའི་ས་བོན་གྱི་འོད་ཟེར་ཕྲེང་བའི་ལྕགས་ཀྱུས་འཆང་པར་འགྱུར་བའི་མཚན་ཉིད་ཅན་གྱི་བཅོམ་ལྡན་འདས་དཀྱིལ་འཁོར་དང་བཅས་པ་བསྐུལ་ཏེ། ནམ་མཁའ་ལ་བལྟས ་ཕྱག་འཚལ་བ་དང། མཆོད་པ་སྔོན་དུ་འགྲོ་པས། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་ནི། ཐོག་མེད་ནས་བསགས་སྡིག་དང་བག་ཆགས་མཐུས། །རྣམ་སྨིན་སྡུག་བསྔལ་བསྐྱེད་ཅིང་རྟས་གྱུར་པའི། །སྡིག་དང་ཉོན་མོངས ་ཇི་སྙེད?་མཆིས་གྱུར་པ། བཅོམ་ལྡན་འཁོར་ལོའི་གཙོ་ལ་སོ་སོར་བཤགས། །འདས་དང་མ་བྱོན་དེ་བཞིན་ད་ལྟའི་དུས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང། །འབྲས་བུ་གསང་སྔགས་སྒྲུབ་པ་ལྷུར་བྱེད་པའི། །དགེ་བ་མཛད་པ་ཀུན་ལ ་རྗེས་ཡི་རང། །ཁྱེད་འདིར་མི་འགྱུར་མཁའ་ལྟར་རྟག་བཞུགས་ལ། །དོགས་པའི་ས་ལས་སེམས་ཅན་བསྒྲལ་བའི་ཕྱིར། །སྲིད་པ་ཇི་སྲིད་གཟུགས་སྐུ་རྣམ་གཉིས་སུ། །མྱ་ངན་མི་འདའ་བརྩེ་བས་གཞུགས་སུ་གསོལ། །འཁོར་བ་ཇི་སྲིད་པར་དུ ་བཞུགས་ནས་ཀྱང། །སེམས་ཅན་དམན་དང་མཆོག་དང་བར་མ་ལ། །གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་པའི། །བདེ་བ་མཆོག་གི་འཁོར་ལོ་བཤད་དུ་གསོལ། །ལྷ་མི་རྐང་གཉིས་གཙོ་བོ་ཐམས་ཅད་མཁྱེན། །དུས་གསུམ་གཤེགས་པ་སངས ་རྒྱས་ངོ་བོ་ཉིད། །དུས་གསུམ་དབྱེར་མེད་ཡེ་ཤེས་དཔའ་བོའི་ཐུགས། །སངས་རྒྱས་གཙོ་ལ་གུས་བས་སྐྱབས་སུ་མཆི། །ངན་འགྲོ་སྲིད་པའི་ཉོན་མོངས་དྲི་སེལ་བ། །རྣམ་ངག་དུས་གསུམ་དམ་ཆོས་ངོ་བོ་ཉིད། ། ལི་ཀཱ་ལི་རོ་གཅིག་དཔའ་ ་མ་གསུང། །སྐྱོབ་པའི་ཆོས་ལ་དང་བས་སྐྱབས་སུ་མཆི། །སྡིག་གྲོག་ལོག་པར་འཁྲིད་ལས་ཐར་མཛད་པ། །དུས་གསུམ་ཚོགས་ཀྱི་དམ་པའི་རང་བཞིན་དཔལ། །ཚོགས་གཉིས་རྣལ་འབྱོར་བདེ་ཆེན་ལྷ་ཡི་སྐུ། །དགེ་འདུན་ཆེ་ལ་ཡང ་དག་སྐྱབས་སུ་མཆི། །སྲིད་པའི་བཙོན་ངར་བསྡམས་པའི་ཉམ་ཐག་རྣམས། །བདེ་བ་མཆོག་གི་ས་ལ་དགོད་པའི་ཕྱིར། །བགྲོད་པ་ཀུན་ཀྱང་འཁོར་ལོ་སྡོམ་པ་ཡི། །ལམ་ཆེན་འདི་ལ་དགའ་བས་བདག་གནས་སོ། །བླ་ན་མེད་པའི་བྱང་ཆུབ་སེམས།། ་དམ་པ་བདག་གིས་བསྐྱེད་བགྱིས་ཏེ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང། །པདྨ་དང་ནི་ལས་ཀྱི་རིགས། །ཇི་བཞིན་ཇི་སྙེད་དམ་ཚིག་སྡོམ། །བདག་གིས་བརྟན་པོར་ཡང་དག་ཟུང། །ནམ་ཡང་བརྩོན་པ་མི་དོར་རོ།། ་དེ་ལྟ་བས་ན་མྱུར་དུ་བདག་།མ་སྨིན་པ་རྣམས་སྨིན་པ་དང། །མ་གྲེལ་བ་རྣམས་དགྲོལ་བར་བགྱི། །མ་རྒལ་བ་རྣམས་བརྒལ་བ་དང། །དབུགས་མ་བྱུང?་རྣམས་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །གནས་དང་ཉེ་ཞིང་པ ་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པའི་ལམ། །དེ་རིང་ནས་བཟུང་རྟག་ཏུ་ལོངས་སྤྱོད་ཅིང། །བདེ་ཆེན་ཡེ་ཤེས་རོལ་པས་ལེགས་གནས་ཤོག་།ཐབས་དང་ཤེས་རབ་སྙོམས་འཇུག་རྣམ་མི་རྟོག་།ལུས་ངག་ཡིད་འདིར་གསང ་སྔགས་དགེ་སྤྱད་པ། །འགྲོ་བ་སྡུག་བསྔལ་མེ་ཚོགས་གཞི་ལ་སླད་དུ། །མ་ལུས་བདག་གིས་དངོས་གྲུབ་མཆོག་ཏུ་བསྔོ། །ཞེས་བྱ་བ་འདི་དག་གིས་སོ། །དེའི་རྗེས་ལ་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཚད་མེད་པ་ཚངས ་པའི་གནས་བཞི་པོ་དག་བསྒོམས་ནས་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྐད་ཅིག་གིས་གནས་བར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་དེ་ནས་ཏིང་ངེ་འཛིན་དེ་པས་ལངས་ནས་འགྲོ་བ་སྒྱུ་མ་ལྟ་བུར་བལྟས་ལ། ས་བོན་གྱི་ཡི་གེ་ཡཾ་རཾ་བཾ་ལཾ་སུཾ་ཡོངས་སུ་གྱུར་པ་ལས། གཞུ་དང་གྲུ་གསུམ་ཟླུམ་པོ་དང། གྲུ་བཞི་དང་ནི་ལྷུན་པོ་སྟེ། སྔོ་དང་དམར་དང་དཀར་དང་སེར། །འབྱུང་ཆེན་བཞིའི་དཀྱིལ ་འཁོར་བསྒོམ། །དེ་སྟེང་རིན་ཆེན་བཞིའི་རང་བཞིན། །རི་བོ་ལ་གནས་འཁོར་ལོ་སྤྲུལ། །ོཾ་མེ་དི་ནི་བཛྲི་བྷཱ་བ་བཛྲ་བནདྷ་ཧཱུཾ་ལ་ཧཱུཾ་ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་རཾ་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ནཾ་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར ་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛཝ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་འདིས་རྡོ་རྗེའི་ས་ལ་སོགས་པ་དྲུག་སྤྲུལ་བར་བྱའོ། །དེའི་ནང་དུ་ནི་སྣ་ཚོགས་པདྨ་གེ་སར་གྱི་སྟེང་དུ་ཡཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་སྦྱོར་གྱི ་དབུས་སུ་ཧཱུཾ་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་འོད་ཟེར་འཕྲོ་བ་དང་འདུ་བའི་བདག་ཉིད་ཅན་བསྒོམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཧེ་རུ་ཀ་གཞལ་ཡས་ཁང་དང་བཅས་པར་བདག་ཉིད་ཡང་དག་པར་བསམ་མོ། །དེ་ལ་བཅོམ་ལྡན ་འདས་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འཇིགས་བྱེད་དང་དུས་མཚན་གྱི་དཔྲལ་བ་དང་ནུ་མར་གཡོན་བསྐུམ་ཞིང་གཡས་བརྐྱང་བས་བཞུགས་པ། ནམ་མཁའ་ཨི་མདོག་ཅན་སྔོན་པོ་དང་ལྗང་གུ་དང་དམར་པོ་དང། སེར་པོའི་ཞལ་བཞི་མངའ་བ་རེ་རེ ་ཡང་སྤྱན་གསུམ་པ་ཅུང་ཟད་ཁྲོ་བོའི་དང་ཆུལ་ཅན། ཐོད་པ་ལྔས་བརྒྱན་པ། སྐུ་མངའ་མགོ་བོ་རློན་པའི་ཕྲེང་བ་བརྒྱའི་ཕྲེང་ཀྱིས་བརྒྱན་ཅིང། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པ། རལ་པའི་ཐོར་ཚུགས་ཅན། སྐུ་ལ་ཕྱག་རྒྱ་དྲུག་གིས ་བརྒྱན་པ། ཞལ་མཆེ་བ་གཙིགས་པས་འཇིགས་པར་བྱེད་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། རྡོ་རྗེ་ཡན་ལག་མས་ཉེ་བར་འཁྱུད་པ་དང། ཕྱག་བཅུ་གཉིས་སྤྲས་པ་སྟེ། རྩ་བའི་གཉིས་ཀྱིས ་རྡོ་རྗེ་དང། །དྲིལ་འཛིན་བདེ་ཆེན་མ་ཉིད་འཁྱུད། །གཉིས་ཀྱིས་གླང་ཆེན་ལྤགས་པ་འཛིན། །གཡས་ཕྱག་གསུམ་པ་བཞི་པ་དང། །ལྔ་པ་དྲུག་པ་གོ་རིམ་བཞིན། །ཅང་ཏེའུ་དགྲ་སྟ་གྲི་གུག་དང། །རྩེ་གསུམ་རྡོ་རྗེའི་མདུང་བསྣམས་པའོ། །དེ ་བཞིན་གཡོན་ཕྱག་གསུམ་པ་ཡི། །བཞི་པ་ལྔ་པ་དྲུག་རིམ་ལྟར། །ཁ་ཊཝཱཾ་ཐོད་པ་རྡོ་རྗེ་ཞགས། །ཚངས་པའི་མགོ་བོ་མཛེས་འཛིན་པ། །བརྟེན་ཅིང་འབྲེལ་འབྱུང་རྣམ་དག་བདག་།དེའི་མདུན་དུ་བཅོམ་ལྡན་འདས་མ་བསྒོམ་པར་བྱ་བ་ནི་སྐུ་མདོག་དམར་པོ ་སྤྱན་གསུམ་པ། ཞལ་གཅིག་པ་དུམ་བུའི་སྐེ་རགས་ཀྱིས་བརྒྱན་ཅིང། ཁ་ཊཝཱཾ་གས་བརྒྱན་པའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་མགུལ་པ་ནས་འཁྱུད་པ་དང། རྡོ་རྗེ་ཚངས་པའི་གྲི་གུག་རབ་ཏུ་འབར་བ་ཐོགས་པས་སྟེང་དུ་སྡིགས་མཛུབ་ཆེར་བསྒྲེང ་པ། ཕྱིན?་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་དཀྲིས་ཤིང་གཤིབས་ནས་ཕན་ཚུར་བཅུགས་པས་འཁྱུད་དེ་བཞུགས་པའི་མཚན་ཉིད་རབ་ཏུ་གསལ་བར་བསྒོམ་པར་བྱའོ། །དེ་ནས་ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མདོག ་ནག་མོ་དང། གཡོན་གྱི་འདབ་མ་ལ། ལཱ་མ་ལྗང་གུ་དང། ནུབ་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ་དང། གཡས་ཀྱི་འདབ་མ་ལ་གཟུགས་ཅན་མ་སེར་མོ་དང། དེ་བཞིན་དུ་མཚམས་རྣམས་སུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་བཟང་པོ་དག་ཉ? ་བའི་འདབ་མ་ཤར་ལ་སོགས་པ་བཞིར་ནི། །བཝ་གདོང་མ་ལ་སོགས་པའི་ལྷ་མོ་རྣམས་མཁའ་འགྲོ་མ་བཞི་པོ་དག་དང་འདྲའོ། །མཚམས་བཞིར་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་ནི་ཕྱེད་ཀྱི་མདོག་ཅན་དུ་ཤེས་པར་བྱའོ། །རྣལ་འབྱོར་མ་དེ་དག ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་བསྐུམ་ནས་གཡོན་བརྐྱང་བའི་ཞབས་ཀྱིས་རོའི་གདན་ལ་བཞུགས་པ། གོས་དང་བྲལ་བ་ཕྱག་རྒྱ་ལྔའི་རྒྱན་ཆ་ཅན་ཐོད་པ་རྡོ་རྗེ་ཕྲེང་བས་སྤྲས་པའི་དབུ་རབ་ཏུ་མཛེས་པ་ཉིད་དང། མགོ ་བོའི་ཕྲེང་བས་བརྒྱན་ཅིང་ཐོད་པ་དང། ཁ་ཊཝཱཾ་ག་དང་གྲི་གུག་དང་ཅང་ཏེའུ་བསྣམས་པ་ཅུང་ཟད་དྲག་པོའི་མཚན་ཉིད་ཅན་དུ་བསམས་པར་བྱའོ། །དེའི་འོག་ཏུ་དེ་དག་ཐམས་ཅད་གྱི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་འཁོར་ལོ་དང་པདྨ་དང་རྡོ་རྗེ་ལྟེ ་བ་ལ་གནས་བའི་ས་བོན་ཨོཾ་ཨཱ:ཧཱུཾ་ཞེས་པ་འདི་དགོད་དེ། ཇི་བཞིན་སྤྲོ་བ་དང་བསྡུ་བའི་འོད་ཀྱིས་སྦྱོར་བ་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་རྡོ་རྗེ་གོ་ཆའི་སྔགས་ཀྱིས་བཅོམ་ལྡན་འདས་ལ་གོ་བགོ་བར་བྱ་སྟེ། ཨོཾ་ཧ། ན་མ་ཧི། ་སྭཱཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཞེས་བྱ་བའི་འཁོར་ལོ་སྒྱུར་བ་དྲུག་གི་ངོ་བོ་འདི་དག་གིས་སྙིང་ག་དང། སྤྱི་བོ་དང། མགོ་བོ་དང། ཕྲག་པ་གཉིས་དང། སྤྱན་གསུམ་དང། ཡན་ལག་ཐམས་ཅད་ལ་བསྲུང་བར་བྱའོ། །ོཾ་བཾ། ཧཾ་ཡོཾ། ་ཧྲིཾ?་མོཾ?། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བྱ་བ་དཔའ་བོ་དྲུག་གི་ངོ་བོ་འདི་དག་ནི། བཅོམ་ལྡན་འདས་མ་ལ་གོ་ཆ་བགོ་བར་བྱའོ། །ལྟེ་བ་དང། སྙིང་ག་དང། ཁ་དང། དཔྲལ་པ་དང། སྤྱི་བོ་དང། ཡན་ལག་ཐམས་ཅད་ལའོ། །དེ་ནས་སྙིང ་གའི་ས་བོན་གྱི་?་འོད་རི་མོའི་ལྕགས་ཀྱུས་ཡེ་ཤེས་གྱི་འཁོར་ལོ་བཀུག་སྟེ། དམ་ཚིག་པ་སྔགས་སྔོན་དུ་འགྲོ་བས་བཞག་པར་བྱའོ། །བཅོམ་ལྡན་འདས་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ལས་སྤྲོས་པའི་བདུད་རྩི་ལྔས ་གང་བའི་རིན་པོ་ཆེའི་བུམ་པ་འཛིན་པའི་ཡུམ་བཞི་པོ་དག་གིས། ཇི་ལྟར་བལྟམས་པ་ཙམ་ཉིད་ལ། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི ་ཥེ་ག?་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བསྔགས་བརྗོད་པས་དབང་བསྐུར་བར་བསམ་མོ། །ཆུ་དེ་ལས་བྱུང་བའི་རང་གི་རིགས་ཀྱི་ལྷས་ཅོད་པན་ཇི་ལྟར་རིགས་པ་ཉེ་བར་བརྒྱན་པར་བྱའོ། །དེའི་རྗེས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གཟུགས་ལ་སོགས ་པའི་ཡུལ་རྣམས་དང། བཅོམ་ལྡན་འདས་མའི་ཐུགས་ཀ་འམ། པདྨའི་གེ་སར་ལ་བསྡུས་ནས་དེ་ལས་སྤྲོས་པའི་འོད་ཟེར་ལྷ་མོ་རྣམས་ཀྱིས་དམ་ཚིག་ལ་སོགས་པའི་རྫས་དཀྱིལ་འཁོར་དང་བཅས་པའི་བདག་པོ་ལ་ཉེ་བར་མཆོད་པར་བྱའོ།། ་དེ་ནས་མ་ལུས་པ་ལྷ་མོ་དང་བཅས་པས་བསྟོད་པའི་དབྱངས་བརྗོད་བ་ནི་ཁྱོད་ནི་ཡེ་ཤེས་རང་བཞིན་བདེ་བ་ཆེན། ཁྱོད་ནི་ཕན་མཛད་ཤིན་ཏུ་རོལ་པའི་སྐུ། །ཁྱོད་ནི་ས་རྣམས་མ་ལུས་ཉེར་འཚོ་སྟེ། །རྣལ་འབྱོར་མའི་ཚོགས་བདག་བདེ་ལེགས་ཤོག་།བདེ ་ཆེན་དེར་ནི་བརྟན་གཡོའི་འཇིག་རྟེན་སྟོན། །ཐུགས་རྗེ་སྤྲུལ་པས་སེམས་ཅན་སད་མཛད་ཅིང། སྒྱུ་མའི་རྣམ་ཐར་སྤྲུལ་པ་དོན་ཀུན་བསྒྲུབ། །མགོན་པོ་བདེ་ཆེན་དཔལ་ལྡན་དགྱེས་པས་བཞེངས་ཞེས་བྱ་བས་སོ། །དེའི་རྗེས་ལ་མདུན་དུ་རླུང་དང་མེའི ་དཀྱིལ་འཁོར་གྱི་སྟེང་དུ། མགོ་བོ་གསུམ་ལ་གནས་པའི་ཨ་ལས་བྱུང་བའི་ཐོད་པའི་སྟེང་དུ། ས་བོན་ཇི་ལྟ་བ་བཞིན་ལས་སྐྱེས་པའི་བདུད་རྩི་ལྔ་སྟེ། སྟེང་དུ་ཨོཾ་བལྟའོ། ། ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་ཁ་བཅད་དོ། །འོག་ཏུ ་ནི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ལས། །ཐམས་ཅད་འབར་བ་ལ་སོགས་པའི་རིམ་གྱིས་བདུད་རྩིར་བསྒྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩི་དྲང་བ་དང། རོ་མྱང་བའི་ངོ་བོ་ཉིད་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྕེས་མཚན་པས་མྱང ་བར་བྱ་ཞིང་འཕྲོ་བའི་སྦྱར་བས་ལྷ་མོའི་ཚོགས་ཀྱང་ཚིམ་པར་བྱའོ། །དེ་ནས་རྡོ་རྗེ་པདྨ་རྣམ་པར་སྦྱངས་པའི་བསྡེབས་པ་དགའ་ཨི་སྒྲས་དགའ་བ་ཆེན་པོས་དེ་བཞིན་གཤེགས་པའི་རིགས་ནང་དུ་ཞལ་བཅུག་སྟེ། ཞུ་བར་གྱུར་པ་ནོར་བུའི་ཟེ་འབྲུའི་འབྲས་བུའི་ཐིག ་ལེ་གཉིས?་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད་དུ་གནས་པར་བྱས་ལ། ལྷན་ཅིག་སྐྱེས་པའི་དོན་ལ་མངོན་དུ་ཕྱོགས་པས་ཏིང་ངེ་འཛིན་དུ་བྱའོ། །ཁ་སྦྱོར་དབུས་ནས་ས་བོན་གནས། ཐིག་ལེ་གཉིས་པོ་མི་འགྱུར་བར། །རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད ་རྣལ་འབྱོར་པས་?་ཏུ་བསྒོམ། ཞེས་ཇི་སྐད་གསུངས་པ་བཞིན་ནོ། །ཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་ལ། །ལྟེ་དབུས་གནས་སུ་རྣམ་པར་བསྒོམ། །ཡི་གེ་གོ་འཕང ་མཆོག་གྱུར་པ། །དེ་ཡི་དབུས་སུ་བསམ་པར་བྱ། །དེ་ན་སྐུ་གསུངས་ཐུགས་རྡོ་རྗེའི། །ལྷ་ཡི་ངོ་བོ་ཉིད་བསྒོམ་བྱ། །དེ་འདིར་ལུས་ལས་འདས་གྱུར་ཀྱང། །སེམས་ཉིད་ཀྱང་ནི་མ་ཡིན་ནོ། །བསམ་མེད་བསམ་པར་བྱ་བའང ་མེད། །བསམ་པ་དེ་ཡང་མི་ཞེས་སོ། །སེམས་དཔའ་ཡང་ནི་བསམ་མི་ཁྱབ། །དེ་ནས་གཟུངས་ནི་ཐོབ་པར་འགྱུར། །ཞེས་གསུངས་པའོ། །དེའི་རྗེས་ལ་སྙིང་གའི་ས་བོན་གྱི་ཐིག་ལེ་ཉི་མའི་གཟུགས་ཀྱི་སྟེང་དུ་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་མོ་མངོན་པར ་བལྟས་པ། བརྟན་པའི་སེམས་ཀྱིས་འཕྲོ་བ་དང། འདུ་བའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱའོ། །དེ་ལ་ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། བཛྲ་ཌཱ་ཀི་ནི་ཛཱ་ལ་སཾ་བ་རཾ་སྭཱཧཱ། ཨོཾ་ཧྲཱི(རྒྱུད་འགྲེལ་སྙིང་པོའོ། །ོཾ་སརྦབ་བུད་དྷཱ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ོཾ་ཌཱ་ཀིནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌཧཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚཱི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། དཔའ་མོ་རྣམས་ཀྱི་སྔགས་སོ། །ོཾ་ན་མོ་བྷ་ག་བ་ཏེ་ཝཱི་རེ་ཤཱ་ཡ། མཧཱ་ཀལྤཱགྷི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོདཀ་ཊཱ་ཡ། དཾ་ཥྚཱ་ཀ་རཱ་ལོ་གྲ་བྷཱི་ཁ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་ཌཧི?་ར་ཎེ། པྱཱགྷྲ?་ཛི?་ནཱམྦ?་ར་དཱ་རཱ་ཡ། མཧཱ་དྷུམྦཱནདྷ་ཀ་ར་ཝ་བུ་ཥཱ་ཡ། རྩ་བའི་སྔགས་སོ། །ོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བན་དྷ་བན་དྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ?་ཧྲཽཾ?། ཧྲ(རྒྱུད་འགྲེལ་ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱ་ནཱ་མཱ་ལཱ་བ་ལམཔི་ནི། གྲིཧྞ་གྲིཧྞ། ས་བྷ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་བཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌཌཧཡ་ཨཱ་ཀཌཌཧཡ། ཧྲིཾ་ཧྲིཾ། ཛྙཽ་ཛྙཽ། ཀྵྨཱཾ་ཀྵྨཱཾ། ཧིཾ་ཧིཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ་ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྲེང་སྔགས་སོ།། །།དེ་ནས་རྣལ་འབྱོར་པ་ཁ་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པས་ཇི་བཞིན་སྤྱོངས་པའི་གཏོར་མ་སྦྱིན་པ་ནི། མཚན་མོ་སྐྲ་གྲོལ་གཅར?་བུ་ཡིས། །མཐོན་པོའི་གནས་སུ ་མཆོང་བརྩོན་པས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །རྐང་པ་མནན་ཅིང་གནས་སུ་བལྟ། །གསང་བསྟོད་ཕེཾ་གི་སྒྲ་སྒྲོགས་ཤིང། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ནམ་མཁའ་ཨི ་ངོས་ལ་ལེགས་བཞུགས་བྱ། །རྡོ་རྗེ་ཐལ་མོ་གྱེན་ཆེ་ལ། །དཔའ་བོ་རྣལ་འབྱོར་སྙན་གསན་དབབ། །སྔགས་ཀྱིས་བསྐུལ་བར་བྱས་ན་ནི། །དེ་ཡི་མོད་ལ་བྱོན་པར་འགྱུར། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོ ་རབ་ཏུ་སྦྱར། །རྒྱ་འདི་དཔྲལ་བའི་དབུས་སུ་ཉེར་བཞག་ནས། །བསྐོར་ཞིང་བསྐོར་བས་ཕན་ཚུན་ཀུན་ཏུ་བསྐོར། །གཡས་བརྐྱང་བ་ཡི་སྦྱོར་བ་ཡིས། །འབར་བའི་ཕྱག་ནི་བཅིང་བར་བྱ། །དམ་ཚིག་གིས་ནི་ཁ་བསྐང་ལ། །སྔགས་ནི་འདི་ལྟར་རྗེས་དྲན་བྱ། ། ་ཨོཾ་ཨ་རལླི་ཧོ། །ཛ:ཧཱུཾ་བཾ་ཧོ:བཛྲ་ཌཱ་ཀི་ནི་ས་མ་ཡ་སྟཝཾ་དྲི་ཤྱ་ཧོ(རྒྱུད་འགྲེལ་ཡཙྪནྟུ་ཡ་ཐི་བཾ་ཡ་ཐེཥཌཾ?་བྷཱུཉྫ?་ཐ། པི?་ཝ་ཐ། མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀརྟ་ལ། སཏྶུ་ཁཾ་བི་ཤུད་དྷ་ཡེ་ས་ཧཱ་ཡི་ཀཾ་དྷ་བནྟུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བར་སྦྱིན་པའི་སྔགས་སོ། །གང་ཞིག་རྣལ་འབྱོར་རྣལ་འབྱོར་མའི། །ཆོ་ག་ཁྱད་པར་འདོད་པ་ཡང། །འདི ་སྐད་བཤད་པ་ཐམས་ཅད་ཀུན། །རྣལ་འབྱོར་མ་ཡིས་བརྔར?་འགྱུར་ཏེ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ཉིད། །གཙོར་བྱས་དཀྱིལ་འཁོར་ཐམས་ཅད་བྱ། །ཟླ་བ་ཕྱེད་ངོའི་ཚེས་བཅུ་ནི། །གཉིས་ཀར་ལྷ་མོ་མཆོད་པར་བྱ།། ་གཞོན་ནུ་མ་དང་རྣལ་འབྱོར་མ། །རྟག་ཏུ་ཆོ་ག་བཞིན་ཚིམ་བྱ། །དེ་ནས་སྔགས་པ་ལྡང་བར་འདོད་མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས། །དཀྱིལ་འཁོར་གྱི་མན་ངག་ཇི་ལྟ་བ་ཤེས་པས་ཡི་གེ་བརྒྱ་པའི་སྔགས་བཟླས་པས་བསྡུ་བར་བྱའོ།། ་དེ་ནས་བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ་ནི། རྫོགས་སངས་རྒྱས་དང་ལྷ་རྣམས་དང། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདི། །མ་ཚང་བ་རྣམས་བཟོད་པར་གསོལ། །ཞི་དང་བཀྲ་ཤིས་བདེ་ལེགས ་མཛོད། །གཙོ་བོ་ནུས་པ་མ་མཆིས་ཤིང། །མ་ཚང་བ་དང་ལྷག་གྱུར་པ། །རྣལ་འབྱོར་གཙོ་བོ་རྗེས་གནང་སྟེ། །ནོངས་གྱུར་གང་དེ་བཟོད་པར་གསོལ། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་གང། །མངའ་ ་བདག་མ་ཡི་བཀས་གནང་སྟེ། །འདི་ནི་ལྷ་མོ་བཟོད་པར་གསོལ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེས་གསུངས་མཆོག་ཏུ་ཚད་མ་གང་ཡིན་པ། །བདེན་པ་དེ་དག་གིས་ནི་ལྷ་རྣམས་འདིར། །བདག་ལ་རྗེས་སུ་འཛིན་པའི་རྒྱར་གྱུར ་ཅིག་ཅེས་བྱ་བས་བཟོད་པར་གསོལ་ལོ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སྒྲུབ་ལ་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་སྤྱོད་ཡུལ་གཤེགས་གསོལ་ཏེ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཚུལ་ཁྲིམས་ཙན་དན ་ཕན་ལག་བྱུགས། །བསམ་གཏན་བསྟོད་གཡོགས་ཀྱིས་དཀྲིས་ཤིང། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བ་སྦྱད་བར་བྱ། །ོཾ་བཛྲ་མཎྜལ་མུ་ཞེས་བྱ་པས་དཀྱིལ་འཁོར་བསྡུ་བར་བྱའོ། །གང་ཞིག་རྟག་ཏུ་གུས་པས་ནི། །རྣལ་འབྱོར ་བརྩོན་ལ་མན་ངག་སྦྱིན། །གོམས་པ་བསྐྱེད་པ་དེ་ལ་ནི། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར། །མཆོད་སྦྱིན་དབང་བསྐུར་སྦྱིན་སྲེག་དང། །ཚོགས་ཀྱི་འཁོར་ལོ་རབ་གནས་སོགས། །ཞིང་ལ་སོགས་པའི་དངོས་གྲུབ་སྩོལ། །མ་ལུས་དཀྱིལ་འཁོར ་འདིར་གྲུབ་བྱེད། །དང་ལ་ལྡན་འཁོར་ལོ་སྡོམ་འབྱུང་མན་ངག་གི་།ཇི་བཞིན་གྲུབ་པའི་ཡན་ལག་མདོར?་བསྡུས་པ། །མཆོག་གྱུར་སྔགས་འཆང་བློ་གྲོས་སྒྲོན་རྣམས་ལ། །གསལ་བྱེད་རིན་ཆེན་སྒྲོན་མ་འབར་འདི་ཡིན། །དགེ་བ་གང་ཞིག་བདག་གིས ་བསགས་ཐོབ?་པ། །དྲི་མེད་སྔོན་ཟླ་ལྟ་བུར་དཀར་གསལ་གང། །དེས་ནི་འཇིག་རྟེན་སྤྲིན་ཚོགས་མུན་བསལ་ཏེ། །སྣང་བ་ངོ་མཚར་ཅིག་ཅར་འོད་བྱེད་གྱུར། །དཔལ་ལྡན་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས། རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས ་པ་མཻ་ཏྲི་པས་མཛད་པ་རྫོགས།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙཱ་བ་བ་རེག་ཐོས་པ་དགས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་པབ་པའོ། །སླད་ཀྱིས་དགེ་བའི་བཤེས་གཉེན་དམ་པ་མཁས་པ་བ ་རི་ལོ་རྩ་བས་བཅོས་ཤིང་གཏན་ལ་བབ་པ་ལས། དུས་ཕྱིས་ཁ་ཆའི་པཎྜི་ཏ་ཆེན་པོ་བུད་དྷ་ཤྲཱི་ཛྙཱ་ནའི་བཀའ་དྲིན་ལ་བརྟེན་ནས། གནུབས་ལོ་ཙ་བས་སྒྲ་དོན་ཇི་ལྟ་བ་བཞིན་དུ་གཏན་བབ་པའོ།། །།ཕྱོགས་དུས་གནས་སྐབས ་ཐམས་ཅད་དུ། བཀྲ་ཤིས་དང་བདེ་ལེགས་ཆེན་པོས་ཁྱབ་པར་གྱུར་ཅིག། །།དཔལ་འཁོར་ལོ་སྡོམ་པའི་མན་ངག་བཞུགས།། *། །རྒྱ་གར་སྐད་དུ། ཤྲི་སམྦ་རོ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི ་