CLOSE WINDOW

N936: dpal 'khor lo sdom pa'i dkyil 'khor gyi cho ga de kho na nyid la 'jug pa zhes bya ba
Wyliee-texts based on the ACIP/ALL Input

*། (།དཔལ་འཁོར་ལོ་སྡམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བཞུགས།།)་།།རྒྱ་གར་སྐད་དུ། ཤྲི་ཙཀྲ་སཾ་བ་ར་མཎྜ་ལ་བི་དྷི་ཏཏྟན་བ་ཏ་ར་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག ་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲིད་ལས་གྲོལ་ཞིང་ཡོན་ཏན་མཛའ་ཡས་དང་ལྡན་འབྲས་ལ་ཉེར་སྦྱོར་བ། །རིན་ཆེན་སྒྲོན་གྱུར་བླ་མ་མཆོག་སྟེ་འཇིག་རྟེན་སྟོན་པ་རྡོ་རྗེ་སེམས། །སྐྱོན་བྲལ་ཞབས་ལ་ཉེར་བཏུད་འགྲོ་ལ་རྣམ་བརྩེས ་འཁོར་ལོ་སྡོམ་པ་ཡི། །དཀྱིལ་འཁོར་ཆེར་འབྱུང་ཆོ་ག་མཆོག་ལྡན་གྱུར་པ་དེ་ཉིད་ལ་འཇུག་བཤད། །དེ་ཉིད་དབང་བསྐུར་སྔོན་འགྲོ་བསམ། །གསོལ་འདེབས་སློབ་མའི་མཚན་ཉིད་དག་།གནས་ལྔའི་ཡོན་ཏན་འཛིན་པ་འམ། །དང་པོ་ཡིས་ནི་ངེས་འགྲོ་བ། །ཐེག ་གསུམ་དོན་ལས་མི་འདའ་ཞིང། །ཐེག་པ་མཆོག་ལ་མངོན་དགའ་དང། །སློབ་དཔོན་ལ་ནི་རབ་དང་ཅིང། །འགྲོ་ལ་སྙིང་བརྩེ་བདེན་པར་སྨྲ། །མཆོག་འདོད་དོན་ལ་སྦྱོར་ནུས་པ། །རབ་དང་སྣོད་དུ་ཡོངས་ཤེས་ནས། །སྐུ་གསུམ་པོ་ཡི་ཆོ་ག་ཡིས། །དང་པོར ་ལྷ་ནི་བསྙེན་བར་བྱ། །དཔའ་བོ་ལྷ་མོ་ཁྲི་ཕྲག་གསུམ། །སྟོང་ཕྲག་ཉི་ཤུས་འཁོར་ལོ་གསུམ། །ཕྱི་དང་ནང་གི་འཁོར་ལོ་གཉིས། །སྟོང་ཕྲག་ཕྱེད་དང་དྲུག་ཏུ་བཟླས། །འབྲིང་ངམ་ཆུང་ངུའི་ཚུལ་གནས་ན། །དཀྱིལ་འཁོར་དབང་པོ་འབུམ་དུ་སྟེ། །དེ་བཞིན་མཁའ་ ་འགྲོ་སྟོང་བྲག་བཅུ། །བཟླས་ཏེ་ལྷ་རྣམས་མཉེས་པར་བྱ། །ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ། །སྦྱིན་སྲེག་མཆོག་གིས་ཉེ་བར་མཆོད། །ལྷ་རྣམས་མཉེས་པར་མ་གྱུར་ན། །སྒྲུབ་པོ་གྲུབ་ལ་མ་བརྟེན་ཅིང། །དེ་ཡིས་འགྲོ་བ་གཟུང་མི་ནུས། །དེ་བས་སྔོན་དུ་དེས ་བྱ་བ། །བསྙེན་པ་གསུམ་པོ་རྣམ་པར་སྤྱད། །འཁོར་ལོ་མཆོད་སོགས་ཕུན་ཚོགས་ནས། །མཎྜལ་མེ་ཏོག་དང་ལྡན་པས། །ལན་གསུམ་དུ་ནི་གསོལ་བ་ཡིས། །ཆོ་གས་ཚུལ་བཞིན་བསྒྲུབ་པར་བྱ། །དཔའ་བོ་འབྱོར་པའི་དུས་ཤེས་ནས། །བརྩེར་ལྡན་ཡོངས་སུ ་དག་བའི་བློས། །འཇིགས་བྲལ་དཔའ་བོའི་སེམས་ཀྱིས་ནི། །འགྲོ་བ་བསྒྲལ་ཞེས་རྣམ་བསམས་ཏེ། །རི་བོ་རི་སུལ་ཚང་ཚིང་ཕུག་།སྨན་ལྗོངས་རྒྱ་མཚོའི་འགྲམ་དང་ནི། །གདོད་ནས་གྲུབ་པའི་དུད་ཁྲོད་དམ། །ཕུན་ཚོགས་འཚེ་བ་མེད་པ་དང། །དབེན་ཞིང ་གང་དུ་ཡིད་འཇུག་པ། །དེར་ནི་དཔལ་ཆེན་དཀྱིལ་འཁོར་བྲི། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་གྱིས། །ཞིང་སྐྱོང་གནས་ཀྱི་བདག་པོ་དག་།ལེགས་མཆོད་ཁྲུ་གང་གྲུ་བཞི་པའི། །མཎྜལ་བྱས་ཏེ་མེ་ཏོག་གཏོར། །ལྷ་རྣམས་བསྐྱེད་དེ་མཆོད ་པ་དང། །བསྟོད་སོགས་ལས་ཀྱི་མཐར་ཐུག་པར། །བྱས་ནས་གསོལ་བ་གདབ་པར་བྱ། །དུས་གསུམ་འབྱུང་བའི་མགོན་པོ་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །མགོན་པོ་རྒྱལ་བ་སྲས་མཆོད་ཅིང། །སློབ་མ་རྣམས་ལ་སྨན་སླད་དུ། །དཔལ་ལྡན་རྡོ ་རྗེ་ཧེ་རུ་ཀའི། །དཀྱིལ་འཁོར་དམ་པ་འདྲིར་འཚལ་བའི། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །བདག་ལ་བྱིན་རླབས་མཆོག་གནང་མཛོད། །ལན་གསུམ་དུ་ནི་ངེས་བྱས་ནས། །དུར་ཁྲོད་བདག་པོ་རྣམས་བཀུག་སྟེ། །མེ་ཏོག་གཏོར་མའི་མཐར་ཐུག་པར། ། ་མཆོད་ནས་གསོལ་བའི་ཚིག་དག་ནི། །ཁམས་གསུམ་གནས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་ཞིང། །འབྱུང་པོ་བསྟན་པ་ལ་དགའ་བ། །བདག་ལ་དགོངས་པར་མཛད་དུ་གསོལ། །སངས་རྒྱས་རྣམས་ལ་མཆོད ་པ་དང། །སེམས་ཅན་ཀུན་ལ་ཕན་དོན་དུ། ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམས་པའི་ལས་བྱེད་ན། །ཁྱོད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཏིང་དུ་མཛོད། །དེ་ལྟར་ཁྱེད་ལ་བདག་གིས ་ནི། །དོན་རྣམས་གསོལ་གྱིས་མ་བསླུ་བར། །རྨི་ལམ་ལ་སོགས་མཚན་མ་དང། །ལེགས་ཉེས་ལྟས་རྣམས་བསྟན་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །ས་སྦྱང་པ་ནི་བརྩམ་པར་བྱ། །ཞི་བ་འམ་དྲག་པོའི་ལས་བྱུང་བ། །སྦྱིན་སྲེག་དག་ནི ་བྱས་པ་འམ། །ལས་ཀྱི་ཆུ་ཡིས་གཏོར་བྱས་ནས། །དཔའ་བོ་ལས་ཀྱི་རྡོ་རྗེ་ཡིས། །དངོས་གྲུབ་རྣམ་པ་གསུམ་གྱི་ཕྱིར། །པུས་མོ་འམ་ལྟེ་བ་འམ་ལྐོག་མ་ཡི། །མཚམས་ནུབ་བར་དུ་ས་རྐོས་ལ། །སྡོང་དུམ་སོལ་བ་གསེག་མ་དང། །གྱོ་མོག་རུས་པ་ཕུག་མ ་ཐལ། །གོས་རུལ་རྡོ་དང་ཕག་གུ་རྣམས། །བསལ་བྱས་ནས་ནི་ལེགས་པར་བརྟག་།ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མ་ནུས་ནས། །ལག་པས་བྱ་བ་ཅིང་གསང་སྔགས་བཟླས། །དེ་ཡི་སྦྱང་བ་དེ་ཡིན་ཏེ། །ཟུག་རྔུའི་ཉེས་པ་སྐྱེ་མི་འགྱུར། །ཆུ་འམ་སས ་ནི་ཡོངས་བརྟགས་ནས། །ལྟས་ངན་པ་ནི་སྤང་བར་བྱ། །སྨན་འབྲུ་རིན་ཆེན་ལྔ་བཅུག་ནས། །དྲི་ཡིས་ཆུ་དང་རྣམས་བསྲེས་པའི། །སས་ནི་ཁུད་བུ་དགང་བར་བྱ། །དེར་ནི་འཐས་པར་བཅག་བྱས་ནས། །སྔགས་པ་རྣམས་ཀྱི་དངོས་གྲུབ་རྒྱུ། ཤར་དང་བྱང་དུ་གཞོལ་བར་བྱ། ། ་དབུས་སུ་མཐོ་བས་རྒྱ་སྲིད་དམ། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་མཐོ་བས་འཆི་བ་འམ། །ནོར་རྣམས་ངེས་པར་འཇིགས་པར་བྱེད། །ཇི་ལྟར་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་བྱེད། །དབུས་སུ་དམའ་བས་གྲུབ་མེད་ཅིང། སྒྲུབ ་པ་པོ་ནི་འཇོམས་དང་ལྡན། །དེ་ལྟའི་སྐྱོན་རྣམས་ཡོངས་སྤངས་ཏེ། །ཁྲུ་གང་ནས་བརྩམས་ཁྲུ་སྟོང་ངམ། །ཁྲུ་ནི་བཅུ་གཉིས་དང་ལྡན་པར། །གྲུ་བཞི་ཤིན་ཏུ་མཛེས་པར་བྱ། །མཆོད་པའི་ས་དང་ལྡན་བྱས་ཏེ། །ཤིན་ཏུ་དོག་པར་མི་བྱའོ། །ལྕི་བ་ས་ལ་མ་ལྷུང་བས། ། ་དཀྱིལ་འཁོར་ས་ནི་ལེགས་པར་བྱུག་།དུར་ཁྲོད་ཀྱི་ནི་ཐལ་བ་དང། །མི་འཆི་བཅུ་ཕྱེད་བྱས་པས་བྱུག་།མེ་ཏོག་སིལ་མས་ལེགས་བཀད་སྟེ། །བདག་ཉིད་དཔལ་ལྡན་ཁྲག་འཐུང་གི་།ཆ་ལུགས་ལེགས་པར་གནས་བྱས་ནས། །སེམས་དཔའ་ཨི་སྐྱིལ་ཀྲུང་སྦྱོར་བ་ཡིས། ། ་དང་པོར་ཚོགས་ནི་རབ་རྫོགས་པས། །བྷུ་ཁཾ་ཞེས་ནི་མངོན་བརྗོད་ནས། །ས་ནི་ནམ་མཁའ་བསམ་པར་བྱ། །ཧཱུཾ་ལཱཾ་ཧཱུཾ་ལས་རྡོ་རྗེ་ཡིས། །རྣམ་བསྐྱེད་རྡོ་རྗེ་བསྡམས་པ་དག་།བཀན་བྱས་ནས་ནི་སྔགས་འདི་བརྗོད། །ེ་མེ་དི་ནི་བཛྲའི་བྷ་བ་བཛྲ་བནདྷ་ཧཱུཾ། དེ་ནས་བཟླས་པའི ་མཐར་ཐུག་པར། །མཁས་པ་ཡིས་ནི་བསྒོམ་བྱས་ནས། །རིགས་བཞི་ང་རྒྱལ་ལེགས་འཆང་བའི། །རྡོ་རྗེ་དྲིལ་འཛིན་ལས་ཀྱི་བདག་།གསོལ་བ་འདེབས་པར་དམིགས་བྱས་ཏེ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག ་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མེད་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞི་བའི་ཆོས་ནི ་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྦྱོར་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟངས་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ ་པ་བཤད་དུ་གསོལ། །དེ་ལྟར་གསོལ་བའི་ཚིག་ཐོས་ནས། །རྣམ་རྒྱལ་ཧེ་རུ་ཀར་བྱས་ཏེ། །མིག་གཉིས་མ་དང་ཊ་ལས་བྱུང། །ཉི་མ་ཟླ་བ་རབ་བསྒོམས་ལ། །དེ་དབུས་ཧཱུཾ་ལས་རྡོ་རྗེ་ཆེ། །ནག་པོ་ཁྲོ་ཚོགས་འོད་འགྲོ་བསམ། །རྐང་མཐིལ་ཨ(རྒྱུད་འགྲེལ་རྡོ་རྗེ་འོད་ཟེར་དང་ལྡན་དགོས། །རྡོ་རྗེ་དྲིལ་བུ་ཁ་ཊཝཾ་འཛིན། །དཀྱིལ་འཁོར་ནམ་མཁར་བཏེག་ནས་ཀྱང། །རྡོ་རྗེ་ལྟ་བ་དང་བཅས་པས། །བྱང་ཤར་གྱི་ནི་མཚམས་འདུག་སྟེ། །རྡོ་རྗེ་གསོར་བར་མངོན་བརྩོན་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དང་དུ་བདག་ལ ་གསོན། །ང་ནི་དཔལ་ལྡན་ཧེ་རུ་ཀ། །བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས། །ལྷ་ཀླུ་ལྷ་མིན་གསང་བ་པ། །རྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་བདག་བསྒོམས་འདས་ན། །རྡོ་རྗེ་ཁྲོ་བོ་བཞིན་འབར་བའི། །རྡོ་རྗེ་རབ་ཏུ་འབར ་བ་འདིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང། །འཇིགས་པར་འགྱུར་བར་གདོན་མི་ཟ། །དཔལ་ལྡན་ཁྲག་འཐུང་ང་རོར་ལྡན། །ལན་གསུམ་དུ་ནི་བརྗོད་པར་བྱ། །གཡས་ནས་ལན་གསུམ་བསྐོར་བ་དང། །ཧཱུཾ་ཞེས་བྱ་བ་རབ་བརྗོད་ནས། །རྡོ་རྗེ་གོམ་པས་འགྲོ་བ་དང།། ་ཤར་དང་ལྷོ་དང་ནུབ་དང་བྱང། །གཡོན་བརྐྱང་བ་རང་གཡས་བརྐྱང་དང། །ཟླུམ་པོ་དང་ནི་ས་ག་རྣམས། །ལན་གསུམ་དུ་ནི་བསྒྲིམས་ཏེ་བྱ། །རྡོ་རྗེ་ཁྲོ་མོ་དང་ལྡན་པས། །གོམས་སྟབས་རྣམ་པ་བརྒྱད་དུ་འགྱུར། །དེ་ནས་དབུས་སུ་འོངས་ནས་ཀྱང། །སོར་ནི་བཅུ ་གཉིས་དང་ལྡན་ཞིང། །སེར་ལྡེང་ལ་སོགས་དྲི་མར་བསྐུས། །དར་དམར་མེ་ཏོག་ཕྲེང་བཏགས་པའི། །ཕུར་བུ་བཅུ་ནི་བྱས་ནས་ཀྱང། །བགེགས་དགྲར་བྱིན་བརླབས་ཞལ་བཞི་པས། །དགུག་པས་བཀའ་ཡི་འཁོར་ལོ་སྤྱད། །དབང་ལྡན་ལ་སོགས་ཕྱོགས་བཅུར་གདབ།། ་མཛའ་ཨི་དབྱངས་ཡིག་ལས་བྱུང་བའི། །ས་ནི་སྣ་ཚོགས་རྡོ་རྗེར་བྱ། །རྡོ་རྗེ་ལྟ་བའི་སྦྱོར་བ་ཡིས། །ར་བ་དང་ནི་དྲ་བ་བྱ། །བདག་ཉིད་གོ་ཆས་རྣམ་བསྲུངས་ནས། །དཔའ་བོ་བརྟན་པར་གནས་པ་བྱ། །སའི་ཆོ་ག་སྟེ་དང་པོའོ།། །།དེ་ནས་ནང་པར་སྔར་ལངས་ཏེ།། ་མཆོད་པ་ཀུན་དང་རབ་ལྡན་པས། །རྣལ་འབྱོར་རྣམ་པར་རྫོགས་དམིགས་ཏེ། །དཀྱིལ་འཁོར་དབུས་སུ་འདུག་ནས་ནི།། ས་གནོན་པའི་ཕྱག་རྒྱ་ཡིས། །ཊཀྐི་ནི་ནི་ཧཱུཾ་ཛ(རྒྱུད་འགྲེལ་གསེར་གྱི་བུམ་པར་ལྡན། །པདྨ་དཀར་པོ་ལ་གནས་ཤིང། །བདག་ལ་བཀའ་ནོད་ལྷ་མོ་ལྷ། །མཆོད་ཡོན་ཞལ་བསིལ་སོགས་ཕུལ་ནས། །སྤོས་སྣོད་རྡོ་རྗེ་དྲིལ་འཛིན་པས། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན ་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གི་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ལན་གསུམ་བརྗོད་པས་རྗེས་གནང་སྟེ། །དེ་ཉིད་དུ་ནི་ཐིམ་པར་བསམ། །དེ་ནས་ག་བུར་ལ་སོགས ་དྲི་ཡི་ཆུས། །དཀྱིལ་འཁོར་ཀུན་ཏུ་སྙོམས་པར་བྱུག་།དྲི་ཞིམ་དམ་ཚིག་དང་ལྡན་པས། །དབུས་སུ་གྲུ་བཞིར་རང་སྔགས་ཀྱིས། །དེ་བཞིན་ཀུན་ཏུ་རབ་ཏུ་ཟླུམ། །རང་རང་སྔགས་ཀྱི་མེ་ཏོག་དགོད། །རང་སྔགས་ལྷ་ཡི་བདག་ཉིད་བསམ། །མར་མེ་ལ་སོགས ་མཆོད་པ་ཀུན། །ལྷ་ཡི་གྲངས་བཞིན་རྣམ་བཀོད་དེ། །བཅུ་ལས་དམན་པ་ཉིད་མི་བྱ། །འབད་དེ་བསྐྱེད་པ་རྫོགས་གྱུར་ནས། །འབར་བའི་ཕྱག་རྒྱ་རབ་བཅིངས་ཏེ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་བེཾ་གྱི་སྒྲ་སྒྲོགས་ཤིང། །ཕྱོགས་རྣམས་ཀུན་ན་བཞུགས་གྱུར ་པའི། དཔའ་པོ་རྣལ་འབྱོར་མ་རྣམས་ནི། །སྤྱན་དྲངས་དགུག་གཞུག་བཅིང་བ་དང། །དབང་དུ་བྱས་ཏེ་བྱིན་གྱིས་བརླབ། །རང་རང་སྔགས་ཀྱི་ལེགས་མཆོད་ནས། །ཐ་དད་དམ་ཚིག་དམ་ཚིག་ཆེས། །མཆོད་དེ་རང་རང་གསང་སྔགས་བཟླས།། ་དགྱེས་པ་ཆེ་ལ་རྣམ་བཀོད་ནས། །སྣ་ཚོགས་མཆོད་པས་རབ་ཏུ་མཆོད། །རྫས་རྣམས་ཐམས་ཅད་བཀོད་ནས་ནི། །ལྷ་རྣམས་སྙན་གསན་དབབ་པར་བྱ། །གཡས་པ་སྤོས་སྣོད་རྡོ་རྗེ་དང། །གཡོན་པས་དྲིལ་འཛིན་བུས་བཙུགས་ནས། །ཧེ་རུ་ཀ་དཔལ ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི ་གནང་བ་མཛད་པའི་རིགས། །འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང། །གང་གཞན་གསང་སྔགས་ལྷ་རྣམས་དང། །ལྷ་དང་འཇིག་རྟེན་སྐྱོང་བ་དང། །གང་ཡང་འབྱུང་པོ་མཐུ ་ཆེན་དང། །སེམས་ཅན་བསྟན་ལ་དགའ་བ་རྣམས། །ཤ་དང་རྡོ་རྗེའི་སྤྱན་མངའ་བ། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཧེ་རུ་ཀ་འབྱུང་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པས་འདྲིན། །དེར་བདག་སློབ་མར་བཅས ་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་ལན་གསུམ་གསོལ་བཏབ་ནས། །ར་བ་དྲ་བ་ལ་སོགས་པས། །མཚམས་བཅིང་བ་ནི་བརྟན་བྱས་ནས། །གཡས་ཀྱིས ་ཅི་བདེར་ཉལ་ཏེ་བརྟག་།དེ་ནས་བུམ་པ་བྱ་བ་ནི། །རིན་ཆེན་གསེར་རམ་ཟངས་ལ་སོགས། །ཡང་ན་ས་ཡི་ཁམས་ལས་བྱུང། །མགྲིན་མཐོ་ལྟོ་བ་འང་ཡངས་པ་དང། །མཆུ་འཕྱང་ཁ་ཁྱེར་དང་ལྡན་ཞིང། །རྩ་བ་ནག་པོ་ལ་སོགས་མེད། །ཙན་དན་དཀར ་པོས་ལེགས་བསྐུས་ཏེ། །བསད་བདུག་བགེགས་བསྐྲད་སྔོན་འགྲོ་བས། །དྲི་ཞིམ་པ་ཡི་ཆུས་བཀང་སྟེ། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་དང་གྲོ་དང་ཏིལ་དག་དང། །མུ་ཏིག་གསེར་དང་རིན་ཆེན་དང། །བྱུ་རུ་དངུལ་ནི་དྲི་མ་མེད། །བྱ་གྷྲི་སེར་གྷྲི་ཧ་ས་དང། །ཧས ་དེ་བ་ཀར་ཎི་ཀ། མེ་ཏོག་ཁ་དོག་ལྔ་པོ་དང། །ག་དུལ་གུར་ཀུམ་ཙན་དན་དང། །ཙན་དན་དམར་པོ་གླ་རྩི་རྣམས། །སྔགས་བཟླས་ནས་ནི་བླག་པར་བྱ། །ཁ་དོག་ལྔ་ཡིས་སྲད་བུ་དང། །མགྲིན་པ་གོས་ཟུང་མཆོག་གིས་དཀྲི། །འདབ་བཅས་མེ་ཏོག་འབྲས་ལྡན ་པའི། །ལྕུག་མ་ཡིས་ནི་ཁ་བརྒྱན་ཏེ། །པདྨའི་དབུས་སུ་རིགས་ཀྱི་མཚན། རང་རང་བུམ་པ་བརྒྱན་པར་བྱ། །མེ་ཏོག་ཕྲེང་སོགས་མཛེས་བྱས་ཏི། །བརྒྱད་ནི་སྒོ་མཚམས་ལ་དགོད་དེ། །བུམ་པ་དགུ་པ་དབུས་སུ་བཞག་།ཤར་སྒོ་ཡི་ནི་གཡོན་ལོགས་སུ། །ལས་ཀུན ་བྱེད་པ་རབ་ཏུ་དགོད། །དྲི་ཡི་དུང་ནི་རྣམ་རྒྱལ་ཏེ། །རྒྱལ་བའི་སྟེང་དུ་དགོད་པར་བྱ། །རྡོ་རྗེ་སྤྱི་བོར་རབ་བཞག་ནས། །སྲད་བུ་ཡིས་ནི་ཀུན་ཏུ་སྤྲེལ། །བསངས་ཏེ་སྟོང་པའི་རང་བཞིན་ལས། །བུམ་ལས་བུམ་པ་གཞལ་ཡས་འགྱུར། །དང་པོར་སྦྱོར་བས་ལྷ་བསྐྱེད་ལ།། ་ལས་ཀུན་བྱེད་པར་ལས་བདག་ཉིད། །དབང་བསྐུར་མཐར་ཐུག་མཆོད་དེ་བཟླས། །བདུད་རྩི་ཡི་ནི་རྣམ་རྒྱལ་དག་།མཐར་ནི་རྒྱལ་སོགས་ཞུ་བར་བྱ། །ལས་ཀུན་བྱེད་པ་བཀའ་བསྒོ་སྟེ། །བརྟན་པའི་སེམས་སུ་གནས་པར་བྱ། །བུམ་པ་ལྷག་པར་གནས་པའོ། ། ་དེ་ནས་སློབ་མ་རྗེས་བཟུང་པ། །མཚན་ཉིད་བཟང་དང་ལྡན་གྱུར་པའི། །མཁས་པས་སློབ་མ་གཅིག་དག་གམ། །གསུམ་མམ་ཡང་ན་ལྔའམ་ནི། །བདུན་ནམ་ཉི་ཤུ་རྩ་ལྔའི་བར། །ཟུང་དུ་མ་ཐེམ་ཡོངས་སུ་བཟུང། །དེ་ལས་ལྷག་པའི་སློབ་མ་དག་།ཡོངས་སུ ་གཟུང་བར་མི་ཤེས་སོ། །མདོར་ན་སློབ་མ་ཕན་ཚུན་དུ། །ནང་མི་གཤིན་པ་མི་བཟུང་ངོ། །ཐ་མ་སྡོམ་པ་ལྔས་གཟུང་ནས། །གཞན་རྣམས་ལམ་ལ་གཟུང་བར་བྱ། །བགེགས་ལ་གཏོར་མ་སྦྱིན་བྱས་ཏེ། །ཞལ་བཞི་པ་ཡི་སྔགས་བཟླས་ཤིང། །ཆང་བུ་དམན་མར ་མེས་སྦྱང། །གུ་གུལ་ཡུངས་ཀར་གྱིས་བགེགས་བསལ། །ཏིལ་ལ་སྡིག་པའི་གཟུགས་དམིགས་ནས། །ོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་མ་ཧ་བྷསྨི་ཀུ་རུ་སྭཱཧཱ། ཞེས་བརྗོད་གཡས་དང་གཡོན་པ་ཡིས། །གཡས་གཡོན་དུ་ནི ་ཡོངས་བསྐོར་ནས། །མེ་དང་ཆུ་ལ་བླུགས་པར་བྱ། །ལས་ཀུན་བྱེད་པས་བཀྲུས་ནས་ནི། །བསམ་པ་བཟང་ལ་བཞག་པར་བྱ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །དེ་ལས་གཞན་པའི་དངོས་གྲུབ་འདོད། ། ་གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡིས། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང། ། ་འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །ཚེ་འདིའི་འབྲས་བུ་རབ་ཏུ་རྒྱས། །སློབ་དཔོན་གྱིས་ནི་རབ་ཏུ་བརྗོད། །བསྡུས་བྱས་རང་གི་ལུས་ནང་དུ། །སྦྱང་བྱ་ཁང་སྐོར་མཎྜལ་བྱ། །ཕུལ་ནས་གསོལ་བ་འདིས་བཏབ་བོ། །དགའ་ཆེན་ཁྱོད་བདག་སྟོན་པ་ལས། །སློབ་དཔོན ་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ ་ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ལྟར་ལན་གསུམ་གསོལ་བ་དང། །སློབ་མའི་གཙོ་བོ་ལ་དམིགས་ཏེ། །ཁུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད ་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ ་ནས། །དགའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་མཐུན་པར་གཤེགས ་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ནས་སློབ་མ་ཐལ་སྦྱར་ཏེ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ནས། །སྨོན་ལམ་གྱི་ནི་བར་དུ་བྱ། །རྡོ་རྗེ་སློབ་དཔོན་སེམས་དགེ་བས།། ་སློབ་མ་ལ་ནི་ཚིག་འདི་བརྗོད། །གོང་ནས་གོང་དུ་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་གཟུང་བར་བྱ། །འཁོར་བ་ལས་ནི་བསྒྲལ་བ་ཡིས། །ཐབས་ནི་དེ་ལས་གཞན་མེད་པས། །དེ་བས་འབད་པ་ཐམས་ཅད་ཀྱིས། །སྡོམ་པ་རྟག་ཏུ་བསྐྱང་བར་གྱིས། །དེས་ནི་གནོད་པ་རྣམས ་བསལ་ནས། །བྱང་ཆུབ་བདེ་བ་དེས་ཐོབ་འགྱུར། །སློབ་མ་སྡོམ་ལ་གནས་ནུས་ན། །ལག་ནི་མེ་ཏོག་འཛིན་པ་ཡིས། །དཔའ་བོའི་སྤྱན་སྔར་དམ་བཅས་ཏེ། །སངས་རྒྱས་སྲས་བཅས་ཐམས་ཅད་དང། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས ་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་ནི་འདི་ནས་གཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས ་བསྐྱེད་པར་གྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུས་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད ་པའི་དཀོན་མཆོག་གསུམ། །དེད་ནས་བརྩམས་ཏེ་གཟུང་བར་བྱ། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ ་ཡི། དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་པར་བགྱི། །ལས་ཀྱི ་རིགས་མཆོག་ཆེན་པོ་ལ། །སྒོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིད་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ ་མ་ལུས་གཟུང། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དཔུགས་མ་ཕྱིན་པ་དབུགས་ཕྱུང་སྟེ། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་སྡོམ་པ་གཟུང་གནས་པའི། །སྙིང་ག་མགྲིན་པ་དཔྲལ་བ་རུ། །གཡས་པའི་རྡོ ་རྗེ་ཁུ་ཚུལ་གྱིས། །དེ་ཡི་ཐིག་ལེ་བྱས་ནས་ཀྱང། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །ལས་ཀུན་བྱེད་པས་བསྲུངས་ནས་ནི། །དུས་འདི་ནས་ནི་གཟུང་ནས་སུ། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཐམས་ཅད་དང་ལྡན་པས། །དུས་ཀུན་ཏུ་ནི་བདེ་བར་མནོས།། ་རང་རང་སྔགས་ཀྱི་མེ་ཏོག་སྤོས། །མར་མེ་དྲི་རྣམས་དབུལ་བར་བྱ། །སོ་ཤིང་སོར་ནི་བཅུ་གཉིས་པ། །སྲིན་བུས་མ་ཟོས་བུག་མཐོར་མེད། །དྲང་ཞིང་དྲི་ཡི་ལེགས་བསྒོས་པ། །སྐུད་དམར་མེ་ཏོག་ཕྲེང་གིས་བརྒྱན། །ལས་ཀུན་བྱེད་པ་བཟླས་ནས་ནི། །ཤར་རམ་བྱང ་ཤར་ཁ་བལྟས་པའི། །སློབ་མ་ལ་ནི་སྦྱིན་པར་བྱ། །མ་གས་པར་བཅའ་སྐྱོན་དག་ནས། །མདུན་དུ་དྲང་པོར་དོར་བར་བྱ། །བདག་ལ་བལྟ་ན་མཆོག་ཡིན་ཏེ། །འགྲེང་ན་ཁ་སྤྱོད་ཐུར་དུ་བལྟས། །ས་འོག་དེས་འགྲུབ་ཕྱོགས་དང་མཚམས། །རང་རང་གི་ནི་ལྷ་ཞེས་བྱ། །དམར ་རམ་དམར་སེར་ཚད་ལྡན་པའི། །སྲུང་སྐུད་མདུང་པ་གསུམ་ལྡན་པ། །དབུང་པ་ལ་ནི་བཅིངས་ཏེ་བསྲུང། །དེ་ནས་ངག་གི་སྐྱོན་སེལ་བ། །སྔགས་འདིས་ཁྱོར་ཆུ་ལན་གསུམ་བླུང། །ོཾ་ཧྲཱི:བི་ཤུདྡྷ(རྒྱུད་འགྲེལ་ཡ་ཏཱུཾ། དེ་ནས་སློབ་མ་?་?་ཏེ། །དགའ་བསྐྱེད་སྤྲོ་བའི་ཆོས་བཤར་བྱ། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག་།ུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག་།འབྱུང་འགྱུར་ན་ཡང་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས ་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མ་འདའ་བྱེད་པ་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད ་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་མཆོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཞིང་མི་གཡོ་བ། །དེ་དག་གི་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག ་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས་སོ། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་བྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པར། དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །གསང་ནི་རབ་ཏུ་སྐྱ་བར་འགྱུར། ་ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོད་བས་ནི། །རང་འབྱུང་བསྐལ་པ་ཆེན་པོ་བས། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་བཤད་བསྲུང་བ་བྱས་ནས་ནི། །སྔགས ་ཀྱིས་སྦྱངས་པའི་ཀུ་ཤ་དག་།སྟན་དང་སྔས་སུ་སྦྱིན་པར་བྱ། །རྨི་ལམ་དགེ་བ་འམ་མི་དགེ་བ། །ནང་པར་ང་ལའང་རབ་ཏུ་ཟློས། །སྡིག་པ་ལས་ཀུན་བྱེད་པས་གཞོམ། །སློབ་དཔོན་ལ་ནི་མི་དགེ་པའི། །ལྟས་དག་མཐོང་ན་ལངས་ནས་ནི། །ཞིང་སྐྱོང་མཁའ་འགྲོ་ཐམས་ཅད་ལ ་གཏོར་མ་ཆོ་ག་བཞིན་དུ་སྦྱིན། །ཡི་གེ་བརྒྱ་བས་བརྟན་བྱས་ཤིང། །སྲུང་བའི་འཁོར་ལོས་ཀུན་ཏུ་སྤྱོད། །དཔའ་བོའི་ཞལ་གྱི་སྔགས་ལ་སོགས། །ཐམས་ཅད་ཀྱང་ནི་བཟླས་བྱས་ཏེ། །གོ་ཆས་བདག་ཉིད་བསྲུང་བ་དང། །དཔའ་བོ་རྣལ་འབྱོར་མ་རྣམས་ལ། །གསོལ ་བཏབ་རྒྱན་སོགས་ང་རྒྱལ་བླང། །མེའི་ལས་ལ་ཀུན་བརྩོན་པ། །བགེགས་རྣམས་ཐམས་ཅད་ཞི་བར་བྱ། །ལྷག་པར་གནས་པའི་ཆོ་གའོ།། །།དཔའ་པོས་ནང་པར་སྔར་ལངས་ཏེ། །ཁྲུས་བྱས་ཤུགས་ཀྱིས་བརྒྱ་བཅིངས་ལ། ། ་གནས་བཅས་ལྷ་ནི་ནམ་མཁར་དགོད། །བུམ་སོགས་གདན་ལ་ལེགས་གཞག་ནས། །ཞལ་བཞི་པས་ནི་ཐམས་ཅད་བསྲུང། །དྲི་ཞིམ་པ་ཡི་ཆུས་གཏོར་ནས། །ཤེས་རབ་ཐབས་ཀྱི་རང་བཞིན་གྱི། །གྲོགས་དང་ལྷན་ཅིག་ཐིག་གདབ་བོ། །མ་ཉམས་རས་པལ་གཙང་མ་ལས།། ་རང་གི་ཤེས་རབ་ལྷན་ཅིག་ཏུ། །ཁ་དོག་ལྔར་བཅོས་སྲད་བུ་བསྒྲིལ། །ཉིས་འགྱུར་དུ་ནི་ཚད་བྱས་ཏེ། །སྒོ་ཡི་ཉི་ཤུ་ཆ་ཉིད་དོ། །མ་སྙོམས་པ་ནི་རྣམ་བསལ་ཏེ། །གྲིམས་དང་མདུད་པའི་སྐྱོན་བྲལ་བ། །ཤར་དང་ནུབ་ཏུ་ཁ་བལྟས་པའི། །སྒྲུབ་པ་པོས་ནི་རབ་ཏུ་བརྐྱང།། ་ཡེ་ཤེས་ལྔ་ལས་བྱུང་བ་ཡི། །སྲད་བུ་ལྔ་ལྔར་རྣམ་ཕྱེ་ཏེ། །རང་ཉིད་ཧེ་རུ་ཀར་བྱས་པའི། །མིག་གཉིས་ཉི་ཟླར་ཛ་ཡི་འོད། །འབར་བའི་ལྟ་བས་ཡེ་ཤེས་དགུག་།གཉིས་མེད་གཉིས་མེད་གསང་སྔགས་ཀྱིས། །ལྔ་པོ་ལེགས་པར་བསྒྲིལ་བར་བྱ། །པདྨའི་སྣོད་དུ ་བཞག་ནས་ཀྱང། །སངས་རྒྱས་ཀུན་གྱི་མཁའ་འགྲོ་དང། །དཔལ་ཆེན་སྙིང་པོ་ཡོངས་བཟླས་ནས། །མཆོད་དེ་སྤོས་ནི་དབུལ་བར་བྱ། །ཁྲག་ཆེན་གྱིས་ནི་སྤངས་པ་ཡི། །སུམ་སྒྲིལ་སྐུད་པ་ཚད་ལྡན་པ། །བདུད་རྩི་ཙན་དན་དཀར་པོ་ཡིས། །ལེགས་པར་བྱུགས་ཏེ་ཐོག ་གདབ་བྱ། །ོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། སྔགས་དེས་ཐིག་སྐུད་ལེགས་བཏང་ལ། །གྲོགས་ཀྱིས་ཛ་གསུམ་མངོན་བརྗོད་ནས། །སྐུད་པ་རབ་ཏུ་བརྐྱང་བར་བྱ། །ཤར་དང་ནུབ་ཏུ་ཁ་བལྟས་ལ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། །ལྟེ་བ་ཡི་ནི་ཕྱོགས་གཟུང་ནས ་སློབ་དཔོན་རྡོ་རྗེ་དང་བཅས་ཤིང། །དང་པོར་ཚངས་པའི་ཐིག་གདབ་པོ། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །ཆད་པས་སློབ་དཔོན་འཆི་འགྱུར་ཞིང། །རིང་འཐུང་ཁྱེར་ན་ནད་ཀྱིས་འདེབས། །ཕྱོགས་འཁྲུགས་སློབ་མ་ཉོན་མོངས་འགྱུར། །དེ་བས་འདེབས་པ་ཐམས་ཅད་ཀྱིས། ་རབ་ཏུ་བསྒྲིམས་ཏེ་གདབ་པར་བྱ། །བྱང་དང་ལྷོ་ཡི་སྒོར་གནས་ཏེ། །ཚངས་ཐིག་གཉིས་པ་གདབ་པར་བྱ། །མ་ལུས་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་ལ་སོགས་ཁྱེད་རྣམས་ཀྱིས། །འགྲོ་དོན་མཛད་པའི་དུས་ཡིན་ཏེ། །ཐིག་གྲི་སྒྲས་ནི་བསྐུལ་བར་བསམ། ། ་གཡོན་ནས་བསྐོར་བའི་སྦྱོར་བ་ཡིས། །རྣམ་པ་ཀུན་ཏུ་ཐིག་གདབ་བྱ། །མཚམས་ཀྱི་ཆ་ནི་གཡས་སུ་སྟེ། །མེ་དང་རླུང་གི་ཕྱོགས་གནས་ནས། །མཚམས་ཀྱི་ཐིག་ནི་ཡང་དག་བརྩམ། །སྲིན་པོ་འབྱུང་པོའི་ཕྱོགས་འདུག་ནས། །གཉིས་པ་ཡང་ནི་དེ་བཞིན་ནོ། །མེ་ཡི་མཚམས ་ནས་བྱང་དུ་བལྟ། །ཤར་གྱི་ཐིག་ནི་གདབ་པར་བྱ། རླུང་ནས་ལྷོ་རུ་ཁ་བལྟས་ཏེ། །ནུབ་ཏུ་སྲད་བུས་གདབ་པར་བྱའོ། །སློབ་དཔོན་རླུང་ནས་ཤར་དུ་བལྟ། །བྱང་དུ་ཐིག་ནི་ཡང་དག་བྲི། །མེ་ནས་ནུབ་ཕྱོགས་ཁ་བལྟས་པས། །ལྷོ་ཡི་ཐིག་ཀྱང་དེ་བཞིན་ནོ། །ཡེ་ཤེས་ཐིག་ནི ་བརྒྱད་ཀྱིས་རྗེས། །མཚན་ཉིད་བཟང་པོ་རྣམས་བསམས་ནས། །ཆ་ནི་རྣམ་པར་དབྱེ་བར་བྱ། །ཚངས་པའི་ཐིག་ནི་ངོས་རེ་རུ། །རེ་རེ་ལྔར་བྱ་ཉི་ཤུར་གདབ། །ཕོ་བྲང་ལ་གཉིས་གེ་སར་གཅིག་།གསུམ་གསུམ་གྱིས་ནི་འཁོར་ལོ་རྣམས། །ཀ་བ་རྡོ་རྗེ་གྲི་གུག་རྡོ་རྗེ་ཕྲེང། ། ་པདྨ་འཁོར་ལོ་རེ་རེ་བྱ། །གཅིག་གིས་ཕྱི་ཡི་ཁྱམས་ཡིན་ཏེ། །བསྡུས་པའི་ཚུལ་ལ་པདྨ་དག་།ཕོ་བྲང་གི་ནི་ཉིས་འགྱུར་ཏེ། །ཐམས་ཅད་སྔ་མ་ལྟ་བུར་ཤེས། །སྒོ་ནི་འཁོར་ལོའི་བརྒྱད་ཆར་འདོད། །སྒོ་ཁྱུད་ཁྱམས་དང་འདྲ་བ་ཡིས། །མཁས་པས་ཆ་ཡི་བྱེད་དུ་བྱ། ། ་རྩིག་པ་དང་ནི་བ་ཀུ་ལི། །ཤིར་ཥ་ཀ་ནི་དེ་ཡི་ཕྱེད། །དགུ་ཡིས་རྟ་བབས་ཀ་བར་བཅས། །མཛེས་པར་ཚོན་གྱི་ས་བྱ་སྟེ། །ཚོན་གྱི་ས་ཡི་ཉིས་འགྱུར་དུ། །ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་བྱ། །འཁོར་ལོ་དེ་ཡི་ཕྱི་རོལ་དུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །ཉེ་འཁོར ་མཆོད་པའི་སར་བྱས་ཏེ། །ཡེ་ཤེས་ཐིག་ནི་དེ་ནས་ཀྱང། །ཐིག་གི་རིམ་པའོ།། །།རིན་ཆེན་ནམ་ནི་ཁམས་ཆེན་ནམ། །འབྲས་སོགས་ཁམས་ཀྱི་ལེགས་སྦྱངས་དང། །ཡང་ན་ས་འམ་ཐལ་བ་འམ། །ལོ་མ་རྣམས་ཀྱིས་བྲི་བྱ་སྟེ། །ཁ་དོག་ལྔ་པོ་ཐམས་ཅད ་ནི། ཕྱག་རྒྱ་དྲུག་པ་དང་ལྡན་བྱ། །ཐིག་ལས་ཇི་ལྟར་འབྱུང་བ་བཞིན། །ལྔ་པོ་ལྔ་ནི་རྣམ་སྤྲུལ་ཏེ། །མཚོན་ནི་རབ་ཏུ་གནས་པར་བྱ། །དཔའ་བོས་དབུས་ཀྱི་སར་གནས་ཏེ། །ཤར་དུ་ཁ་བལྟས་གཡོན་པ་ཡི། །ཁུ་ཚུར་གྱིས་ནི་གཟུང་ནས་སུ།། ་བདེན་པ་བརྗོད་ཅིང་བྲི་བར་བྱ། །འདི་ནི་མེ་ལོང་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་བདེ་ཆེན་རྒྱལ་པོ་སྟེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ོཾ་བཛྲ་ཙིཏྲ་ས་མ་ཡེ་ཧཱུཾ། ལན་ལྔ་རུ་ནི་བརྗོད་པར་བྱ། །སོར་ནི་བཅུ་གཉིས་ཚད་ལྡན་པར།། ་དྲང་ཞིང་མཐོ་ལ་སྙོམས་པ་དང། །ནས་གང་གི་ནི་མ་འདྲེས་པས། རི་མོ་ཀུན་ཏུ་བྲི་བར་བྱ། །སྦོམ་པོས་ནད་བསྐྱེད་ཕྲ་བས་ནི། །ནོར་རྣམས་རབ་ཏུ་བརླག་པར་བྱེད། །འདྲེས་པ་ཡིས་ནི་རིམས་འབྱུང་ཞིང། །ཡོ་བས་རྣམ་འགྲས་ཆད་པ་ཡིས། །སློབ་དཔོན་དང ་ནི་སློབ་མ་དག་།འཆི་བ་ཉིད་དུ་ཤེས་པར་བྱ། །དེ་ནས་ཚད་དང་ལྡན་པ་རུ། །རབ་ཏུ་འབད་དེ་བྲི་བར་བྱ། །རིམ་པས་དཀར་པོ་སེར་པོ་དང། །དེ་བཞིན་དུ་ནི་དམར་དང་ལྗང། །ནག་པོ་ནང་དུ་ཤེས་བྱ་སྟེ། །ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོ་ནི་སེར་ཏེ་ནུབ་ནི་དམར། །བྱང ་དུ་ལྗང་གུས་རྣམ་པར་མཛེས། །ལྟེ་བ་དམར་ཞིང་གེ་སར་སེར། །སྣ་ཚོགས་མདོག་པར་གྲི་གུག་སྔོ། །ལྗང་གུ་དཀར་དང་དམར་བ་ཡི། །གཞི་ལ་སྔོ་དམར་དཀར་བ་ཡི། །འཁོར་ལོ་གསུམ་ནི་ལེགས་པར་བྲི། །ཁྱམས་ནི་ཤེལ་འདྲ་འདྲ་བའི་ས། །བཻ་ཌཱུརྱ་ལྟར་སྔོ་བསངས ་ཉིད། །གསེར་རམ་རྣམ་ལྔས་བ་ཀུ་ལི། །ཤིརཥ་ཀ་ནི་དཀར་པོ་སྟེ། །རྟ་བབས་ཁ་དོག་སྣ་ཚོགས་ཉིད། །རྡོ་རྗེ་འོད་སོགས་པདྨ་བཞིན། །རིན་ཆེན་འཕྲེང་དང་ཉི་ཟླ་དང། །རྔ་མ་དར་དང་འཕན་ལ་སོགས། །རྒྱན་ནི་སྣ་ཚོགས་བྲི་བར་བྱ། །ཁྱམས་ལ་གཟུགས་སོགས ་མཆོད་པ་ནི། །བཞི་བཅུ་རུ་ནི་ཚང་བར་དགོད། །རྡོ་རྗེ་གྲི་གུག་གྲི་གུག་དང། །བུམ་པ་དཀར་པོ་པད་སྣོད་ལྡན། །དབུས་ཀྱི་ཕོ་བྲང་དག་ལ་དགོད། །རྡོ་རྗེ་པདྨ་འཁོར་ལོ་དག་།གྲི་གུག་དང་ནི་ལྡན་བྱ་ཞིང། །མཐར་ནི་གྲི་གུག་ཡང་དག་དགོད། །འོད་ཀྱི་དཀྱིལ་འཁོར་དང ་ལྡན་པས། །རྣམ་པ་ཀུན་ཏུ་མཛེས་པར་བྱ། །སློབ་དཔོན་གྱི་ནི་ལས་མཐོང་ནས། །འདི་དག་ཀུན་ཏུ་སྤྱད་པར་རིགས། །རྡུལ་ཚོན་གྱི་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།རྡོ་རྗེ་ལྷའི་འཛིན་དཔའ་བོ་ཡིས། །ལན་གསུམ་དུ་ནི་ཡོངས་བསྐོར་ནས། །དཀྱིལ་འཁོར་སྐྱོན ་རྣམས་ལེགས་བརྟགས་ཏེ། །ཡི་གེ་བརྒྱས་ནི་ཀུན་ཏུ་སྦྱང། །རྒྱན་རྣམས་ཀྱིས་ནི་མཛེས་བྱས་པའི། །རྒྱལ་དང་ཀུན་བྱེད་བུམ་པ་དག་།ཤར་སྒོའི་གཡས་གཡོན་དག་ཏུ་དགོད། །སྒོ་དང་མཚམས་སུ་བརྒྱད་པོ་སྟེ། །རྡོ་རྗེ་ར་བའི་ཕྱི་རོལ་ཏུ། །མགོ་གས་སྐྱེར་འགྱུར་བས་མི ་དགོད་དོ། །མ་དག་པ་ནི་དེ་ལས་གཞན། །མེ་ཏོག་སྤོས་དང་མར་མེ་དང། །དྲི་དང་བཟའ་བ་རོལ་མོ་དང། །གོས་དང་ཀུ་ཤ་རྒྱན་ལ་སོགས། །ཉེ་འཁོར་དུ་ནི་དགོད་པར་བྱ། །ཆང་དང་ཤ་རློན་གཏོར་མ་དང། །འདུ་བ་ཡི་ནི་རྫས་རྣམས་ཀུན། དེ་ཡི་ཕྱི་རོལ་དག་ཏུ་བཞག་།ངར ་དང་བླ་རེ་གདུགས་དང་ནི། །རྒྱལ་མཚན་རྣམས་ཀྱིས་གནས་བརྒྱན་ཏེ། །ཁྲག་འཐུང་ཆ་ལུགས་འཛིན་པ་ཡི། །སྒོ་བསྲུང་བཞི་ནི་བཞག་པར་བྱ། །བདག་ཉིད་བརྟུལ་ཞུགས་གནས་བྱས་ཏེ། །ནུབ་ཀྱི་ས་ལ་མངོན་ཕྱོགས་ནས། །ཆོ་ག་རབ་ཏུ་རྫོགས་པར་སྤྱད། །གཡོན ་གྱི་སྲིན་ལག་རྩེ་མོ་ཡིས། །དམ་ཚིག་དྲུག་པོ་ལེགས་སྦྱར་བས། །བསངས་ཏེ་ལྷ་ཉིད་རྣམ་པར་བསམ། །ནམ་མཁའ་ཨི་ལྷ་རྣམས་ཕབ་ནས་ཀྱང། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །དྲུག་པོ་རོ་གཅིག་གྱུར་པར་བྱ། །གོ་ཆ་ཚོགས་ཀྱིས་བྱིན་བརླབ་ནས། །སྔོན་བཞིན ་ལྷ་རྣམས་སྦྱང་བྱས་ཏེ། །ཧེ་རུ་ཀ་སོགས་མཆོད་བྱས་ནས། །དཔའ་བོ་གཉིས་མེད་སྔགས་ཀྱིས་མཆོད། །སངས་རྒྱས་མཁའ་འགྲོ་ཀཱ་ཀ་སོགས། །བུམ་སོགས་ལྷ་རྣམས་ཐམས་ཅད་ལ། །བརྒྱ་རྩ་བརྒྱད་དུ་ཉེ་བར་གནས། །རིག་བྱེད་དང་ནི་མེ་ལྷའི་བར། །ཐབས་དང ་ཤེས་རབ་ཡི་གེ་དག་།ལྷ་ཡི་གྲངས་དང་མཉམ་པར་བཟླས། །མཐར་ནི་མྱོས་བྱེད་ཀྱིས་མཆོད་ནས། །སློབ་དཔོན་བདག་ཉིད་འཇུག་པར་བྱ། །དང་པོ་ཕྱག་ནི་སྔོན་འགྲོ་བས། །སེམས་བསྐྱེད་ནས་ནི་རྗེས་གནང་མཐར། །དབང་ནི་རིམ་པ་བཞིན་བླངས་ཏེ། །སློབ་མ ་གཉུག་པར་བྱེད་བདག་ཉིད། །བདེན་པའི་བྱིན་བརླབས་བརྗོད་པར་བྱ། །ོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག་།སེམས་དཔའ་ཨི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །དངོས ་གྲུབ་ཆེན་པོ་ཀུན་གྱིས་མཆོག་།དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་འགྱུར་མཛོད། །ཉེས་པ་མེད་ལ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། ། ་བཅོམ་ལྡན་དེ་ཉིད་ཀྱིས་འགྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག་།གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན ་པོ་རྒྱལ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་པར་བདག་མཛོད་ཅིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་མཆོག་དམ་ཚིག་མཆོག་གྱུར་པའི། ། ་བདེན་པ་གང་གིས་ཡེ་ཤེས་མཆོག་།ཤེས་རབ་ཐབས་དག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད ་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོད་བར་ཤོག་།ལན་གསུམ་དུ་ནི་རབ་བརྗོད་ནས། །སློབ་མ ་འཇུག་པའི་ལས་རྣམས་བྱ། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས། །ཀུན་བྱེད་བུམ་པས་བཀྲུས་ནས་ཀྱང། །གོས་དམར་གྱིས་ནི་གདོང་ཡང་དག་པ། །དཀྱིལ་འཁོར་མེ་ཏོག་ལག་འཛིན་པས། །སྡོམ་པ་རབ་ཏུ་གཟུང་ནས་སུ། །ོཾ་ཤྲཱི་ཧེ་རུ་ཀཱ་ཡ། པདམི་ཧེ། བིདྱཱ་རཱ་ཛཱ་ཡ། ་བྷ་མ་ཧ་སྭཱཧཱ། སྔགས་དེ་ཡིས་ནི་གདབ་པར་གསོལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་འཁོར་དང་བཅས་པ་ཡིས། །ལྷ་རྣམས་ལ་ནི་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར ་འཚལ། །གསུམ་བརྗོད་གྲོགས་ཀྱི་ནང་དུ་འདའ་། །བུ་ཁྱོད་སུ་ཡིན་ཅི་ལ་དགའ་། །སྐལ་བཟང་བདེ་ཆེན་གནས་ལ་ཞེས། །དྲིས་ལན་ཡོངས་སུ་སྤྱད་པར་བྱ། །ཡོན་གྱི་མཆོག་ནི་བླང་བྱས་ཏེ། །སྙིང་ཀར་རྡོ་རྗེ་རབ་བཞག་ནས། །ོཾ་ཡོ་གཙིཏྟ་ཨུཏཔཱ་ད་ཡཱ་མི། སུ་ར་ཏ ་ས་མ་ཡ་སྟཝཾ། སིདྡྷིཾ་བཛྲ་ཡ་ཐཱ་སུ་ཁཾ། དེ་ལྟར་བྱང་ཆུབ་སེམས་བསྐྱེད་ནས། །ཉེ་བར་སྤྱོད་པ་བཞིན་བྱ་སྟེ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདིས། ་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ཕྱག་བྱས་ནས། །འབྲུ་ལྔ་ཡིས་ནི་གཞུག་པར་བྱ། །ལན་གསུམ་བསྐོར་བ་བྱས་ནས་ཀྱང། །ལྷ་དང་ཐ་དད་མེད་བདག་གིས།། ་སྒོ་སོགས་དྲུང་ན་འཁོར་པ་ལ། །དམ་ཚིག་ཡོངས་སུ་སྒྲག་པར་བྱ། །དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང ་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། །སྙིང་ཀར་རྡོ་རྗེ་རབ་བཞག་སྟེ། །ཧེ་རུ་ཀ་དཔལ་དེར་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། ། ་གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཐོད་པའི་བདུད་རྩི་ལེགས་སྦྱངས་ཏེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཡིས་འགྲུག་།ོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋ། ་དེང་ནས་བརྩམས་ཏེ། ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། །ངས་འདི་གྱིས་ཤིག་ཅེས་བསྒྲོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་ཏེ། ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྷུང་གྱུར་ཏ་རེ། ་ཞེས་དམ་ཚིག་བསྟན་པར་བྱའོ། །སྦྱང་བྱས་སློབ་མས་དཔའ་བོ་ལ། །ཡེ་ཤེས་དོན་ཕྱིར་གསོལ་བ་གདག་།དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ལ། དཔལ་ཧེ་རུ་ཀའི་ཡེ་ཤེས་བདག་ལ་དབབ་ཏུ་གསོལ། དེ་ལྟར་ལན་གསུམ་གསོལ་བྱས ་ནས། །དུར་ཁྲོད་ཟླ་ཚན་ལྡན་རས་དང། །བྱི་བའི་སྡུག་པ་དམ་ཚིག་དང། །ཐང་ཆུ་ཡི་དགས་ཁ་ལས་བྱུང། །དུར་ཁྲོད་མེ་ལ་གདུང་བར་བྱ། །འོད་ཀྱི་ལྷ་རྣམས་ཡོངས་བསྐུལ་ཞིང། །རླུང་མེ་ཛཧཻ(རྒྱུད་འགྲེལ་ཡོ་གི་ནི་བཛྲ་ཨཱ་བེ་ཤ་ཡ། ཏ་ཥ་ཡ། ར་ར་ར་ར་ཙ་ལ་ལ་ཙ་ལ་ལ་ཧཱུཾ་ཧ་ཨཱ་ཛྙེ:རྡོ་རྗེ་དྲིལ་བུ་ཌ་མ་རུ། །བསྒྱིངས་དང་བཅས་པར་བསྒྲག་པར་བྱ། །མཚན་མ་ཉེ་བར་མི་གནས་ན། །ོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡེ་བིདམ་ཧེ་བིདྱཱ་རཱ་ཛཱ་ར་དྷི་མ་ཧེ་སྭཱཧཱ། ་སྔགས་དེས་དཔའ་བོ་བསྐུལ་བར་བྱ། །ལྟས་རྣམས་ཐམས་ཅད་ཤེས་བྱས་ནས། །སྨྲ་ལ་ལྕེ་ནི་བྱིན་རླབས་ཏེ། །དགེ་སོགས་དོན་རྣམས་དྲི་བར་བྱ། །ཏིཥྛ་བཛྲས་བརྟན་བྱས་ནས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས ་ཀྱི་རིམ་པ་དག་།བསོད་ནམས་ཇི་བཞིན་དེ་བཞིན་ཤོག་།འདིས་ནི་དངོས་གྲུབ་གང་ཐོབ་དང། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་ལས། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག་།ོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱཧཱ། པྲ་ཏཱིཙྪ་བཛྲ་ཧོ། །སྔགས ་དེས་བལྟོས་པ་མེད་པར་དོར། །རིགས་ཀྱིས་བལྟས་ན་ཡོངས་ཤེས་ནས། །ོཾ་པྲ་ཏི་གྲིཧྞ་སྭ་མི་མཾ། སཏྭ་མཧཱ་བ་ལ། སྔགས་དེས་སྤྱི་བོར་སྦྱིན་བྱ་སྟེ། །ོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེ་མིག ་ནི་བླ་ན་མེད། །ོཾ་བཛྲ་ནི་ཏྲ་ཨ་ག་ཧ་ར་པ་ལཾ་ཧཱི:། གདོང་གཡོག་རབ་ཏུ་དགྲོལ་བར་བྱ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །དེ་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས ་ཀུན་དང། །གྲུབ་ཀུན་ཁྱོད་ལ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང། །སྔགས་ཀྱི་དངོས་གྲུབ་བརྩོན་པར་གྱིས། །མེ་ཏོག་གང་དུ་ལྷུང་ལ་སོགས། །ལྷ་རྣམས་གནས་དང་བཅས་པ་དག་།བྱང་སྒོ་ནས་བརྩམས་ཐམས་ཅད་བསྟན། །སློབ་མ་འཇུག ་པའི་ཆོ་གའོ།། །།དཀྱིལ་འཁོར་བྱས་ཏེ་ཡུལ་འཁོར་རམ། །རྟ་དང་གླང་པོ་སོགས་ཕུལ་ནས། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་མཛད་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལ་དེང་སྩོལ་ཅིག་།ལན་གསུམ་དུ་ནི ་གསོལ་བཏབ་ནས། །སྔགས་ཀྱི་ཕྲེང་བས་དབང་བསྐུར་ཞིང། །མི་བསྐྱོད་བསམ་གཏན་གསུམ་རྫོགས་ནས། །དཔའ་བོ་རྡོ་རྗེ་དྲིལ་འཛིན་པས། །ཤར་སྒོའི་བུམ་པ་གཉིས་ཐོག་ནས། །བཀྲ་ཤིས་བུམ་པ་སྔོན་འགྲོ་བས། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན ་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་རབ་སྦྱིན་པའོ། །ོཾ་བཛྲ་ཨ་བྷི་ཥིཉྩ། བུམ་པ་བརྒྱད་ཀྱི་སྔགས་བཟླས་ཏེ། །ལྷ་རྣམས་ལུས་ལ་ལེགས་བཅུག་ནས། །མཆོད་དེ་དག་པ་སྦྱིན་པར་བྱ། །རིན་ཆེན་བསམ་གཏན་ཡོངས ་རྫོགས་ནས། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་བྱེད་པས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ོཾ་སརྦ་བུདྡྷཱ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨ་བྷི་ཥིཉྩ་སྔར་བཞིན་ཐམས་ཅད་སྤྱད་པར་བྱ། ། ་ཆོས་ཀྱི་རྣལ་འབྱོར་རབ་ལྡན་པས། །རྡོ་རྗེ་ཆོ་ག་བཞིན་བསྐྱེད་ནས། །ཆོས་ཀྱི་གཟུགས་ཀྱི་སློབ་མ་ལ། །སངས་རྒྱས་ཀུན་གྱི་རྡོ་རྗེ་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། །བཛྲ་ཨ་བྷི་ཥིཉྩ་གཡས་པར་རྡོ་རྗེ ་རབ་བཞག་ནས། །ནང་གི་དབང་བསྐུར་རིན་ཆེན་མཆོག་བྱིན་ནས། །དག་པ་རབ་ཏུ་བརྗོད་པར་བྱ། །དོན་ཡོད་བསམ་གཏན་དང་ལྡན་པས། །རྡོ་རྗེ་དྲིལ་བུ་སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། ། ་སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱི་མེ་ལོང། །གཡོན་དུ་ངེས་པར་གཏད་བྱས་ནས། །རྡོ་རྗེ་དྲིལ་བུ་ལེགས་འཁྱུད་ནས། །རྡོ་རྗེ་བདག་པོ་བརྟན་བྱའི་ཕྱིར། །སྔགས་འདི་རབ་ཏུ་བརྗོད་པར་བྱ། །ོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩ་མཾ། ཏིཥྛ ་བཛྲ་ས་མ་ཡ་སྟཝཾ། བརྟན་བྱས་ནས་ནི་ཡང་དག་སྨྲ། །རྟག་པའི་བསམ་གཏན་ཀུན་བྱས་ཏེ། །སྤྱི་བོར་རྡོ་རྗེ་དྲིལ་བཞག་ནས། །རྡོ་རྗེ་མིང་གི་དབང་བསྐུར་བས། །རྟག་པའི་རྡོ་རྗེ་རབ་ཞུགས་ཏེ། །མི་ཤིགས་རྡོ་རྗེ་མིང་ལྡན་པས། །བུ་ཁྱོད་དེ་རིང་དབང་བསྐུར་རོ། །ོཾ་བཛྲ ་སཏྭ་ཏྭཾ། ཨ་བྷི་ཥིཉྩ་མཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ:། རང་རིག་ལས་བྱུང་མིང་རྣམས་ནི། །དཔལ་དང་རྡོ་རྗེ་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་ལན་གསུམ་བོད། །དག་པ་དང་བཅས་རབ་ཏུ་བརྗོད། །དེ་ལྟར་སློབ་མའི་དབང་ཐོབ་ནས། །རྒྱུད་རྣམས་ཐོས་ཤིང་མན་ངག་ཐོག། ་ལས་རྣམས་ཤེས་ཏེ་སྟོན་ནུས་ན། །རྡོ་རྗེ་སློབ་དཔོན་ཉིད་བྱའི་ཕྱིར། །ཚིག་འདིས་གསོལ་བ་གདབ་པར་བྱ། །མི་ལྡོག་འཁོར་ལོ་དབང་བསྐུར་བ། །དཔའ་བོ་ཆེན་པོས་བདག་ལ་གསོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་བཤད་དུ་གསོལ། །བདག་དང་གཞན ་གྱི་དོན་བྱའི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །དེ་རིང་བདག་ལ་སྩལ་དུ་གསོལ། །ཡོན་ཕུལ་ནས་ནི་ལན་གསུམ་བརྗོད། །སེང་གེ་རྡོ་རྗེ་འཁོར་ལོ་ཡི། །ཁྲི་ལ་གདུགས་དང་མཆོད་བཅས་འདུག་།རྡོ་རྗེ་རིགས་ཀྱི་དམ་ཚིག ་མཆོག་།གསུམ་ནི་ལེགས་པར་གཟུང་བར་བྱ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི། །དཔའ་བོ་རྣལ་འབྱོར་ལྡན་ལ་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ོཾ་སརྦ ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་ནི་ཧཱི:ཧི་ཧི་ཧི་ཧི་ཧཱུཾ། སྔགས་དེ་སློབ་མའི་ལག་ཏུ་གཏད། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།བཅོམ་ལྡན ་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ོཾ་མཧཱ་བཛྲ་ཧཱུཾ། དྲིལ་བུ་ཨ་ལས་སར་བསྐྱེད་དེ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཚིག་དེས་དྲིལ་བུ་སྦྱིན་པ ་བྱ། སྲིད་པ་ངོ་བོ་ཉིད་ཀྱིས་དག་།རང་བཞིན་གྱིས་ནི་དངོས་མེད་བྱིས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པའི་མཆོག་ཏུ་བྱེད་པར་འགྱུར། །ོཾ་བཛྲ་གྷཎྚ་ཨཱ:སྔགས་དེས་རབ་ཏུ་དཀྲོལ་བར་བྱ། །ཧེ་རུ་ཀ་དཔལ་བརྟན་བྱས་ཏེ། །ཡིད་ཀྱི་ལུས་སུ་བརྟན་བྱེད་པ།། ་དམ་ཚིག་ཕྱག་རྒྱར་གྲགས་པ་ཡི། །སྐུར་ནི་ཉེ་བར་གནས་ཀྱིས་ལ། །ཕྱག་རྒྱ་རྟག་ཏུ་བརྟན་པར་གྱིས། །དེ་ནས་དཔའ་བོ་མཆོད་དེ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་བར་ནི་རབ་དམིགས་ལ། །རྡོ་རྗེ་དྲིལ་བུ་ལེགས་འཁྱུད་ནས། །རྡོ་རྗེ་ཆ་དང ་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེའི་བྱིན་བརླབས་ནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་བགྱི། །དེ་ལྟར་དམ་ཚིག་བརྟན་བྱ་སྟེ། །རྗེས་སུ་གནང་བ་སྦྱིན་པར་བྱ། །ཁ་ཊཝཱཾ་ག་དང་ཌ་མ་རུ། །ཁ་ཊཝཱཾ་ག་ནི་ལྷའི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཁ་ཊཝཱཾ་རྡོ་རྗེ་དང ་བཅས་ཤིང། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །ཚངས་པའི་སྐུར་ཐོགས་རྣལ་འབྱོར་བདག་།ཁ་ཊཝཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོ་བླང་བར་གྱིས། །སྤྱོད་པའི་རྗེས་སུ་གནང་བའོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཅིང།། ་རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །སྒྲ་སྒེག་པའོ། །སྒེག་དང་བཅས་པའི་ཕྲེང་བ་འཕང། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེ་ནི་བཅོམ་ལྡན་བྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ོཾ་ཕྲེང་བའོ། །ལུས་ཅན ་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་གྱིས། །དེ་ཡིས་བདེ་གཤེགས་དངོས་གྲུབ་ཀྱིས། །བདེ་བ་མྱུར་དུ་མྱོང་བར་འགྱུར། །གཱི་གླུའིའོ། །དེ་ཉིད་ཐལ་མོ་གང་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་བྱ། །སངས་རྒྱས་འདུལ ་བའི་ཕྲིན་ལས་ཀྱིས། །གང་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ། གར་རོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཱད?་བདུག་པའོ། ། ་སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཆོགས་གྱུར་ནས། །མཚན་དང་དཔེ་བྱད་ལྡན་པར་ནི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲུཾ་མེ་ཏོག་གོ་།སེམས་ཅན་མ་རིག་ལྡོངས་པ་ལ། །ཆོས་ཀྱི་མེ་ནི་ལེགས་སྤར?་ནས། །རྡོ་རྗེ་ཆོས་དང ་འདྲ་བ་རུ། །ཆོས་ཀྱི་རྣམ་པར་འབར་བར་གྱིས། །པྲེ་མར་མེའོ། །ཁྱོད་ཀྱིས་རྒྱལ་ལ་དྲིལ་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །དྲིའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། ་འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱི་བསལ། །རྒྱལ་རྣམས་ཀྱིས་ནི་ཐུར་མས་སོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། ། ་རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །རང་བཞིན་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །མེ་ལོང་རབ་ཏུ་བསྟན་པར་བྱ། ། ཡིས་སྦྱངས་པའི་དྲིལ་བུ་ནི། །རྣ ་བའི་དྲུང་དུ་བསྒྲགས་པར་བྱ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཧོ་ཡིས་སྦྱངས་པའི་མདའ་གཞུ་དང། སློབ་མའི་ལག་ཏུ་བྱིན ་ནས་ནི། །ཕྱོགས་བཞིར་འཕེན་པའི་ཚུལ་བྱེད་ལ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་གྱིས་ཤིག་ཅེས་བསྒོའོ། །རྡོ་རྗེ་སེམས་དཔའ་རབ་བརྗོད་པའི། །མེ་ལོང་སློབ་མ་ལ་བསྟན་ནས། །རྡོ་རྗེ་སེམས་དཔའ་མེ་ལང་ལྟར། །དག་ཅིང་གསལ་ལ་རྙོག་པ་མེད།། ་བུ་ཁྱོད་ཀྱིས་ནི་སྙིང་ལ་བཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཚིག་ངེས་རང་བདག་ཤེས་པར་བྱ། །ཞི་རྒྱས་དབང་དང་དགུག་པ་དང། །བསྐྲེད་པ་དང་ནི་གསད་ལ་སོགས། །ཕམ་དང་ཚར་གཅད་བྱེད་པ་ཡི། །ལས་རྣམས་ཁྱོད་ཀྱིས་སྒྲུབ་པར་གྱིས། །རལ་གྲི་ས་འོག ་མིག་སྨན་དང། །རྐང་མགྱོགས་བཅུང་ལེན་མཁའ་ལ་འགྲོ། །མི་སྣང་ལ་སོགས་གྲུབ་པའི་ཚོགས། །ཅི་དགའ་བར་ནི་སྒྲུབ་པར་གྱིས། །ལུས་དང་སྲོག་ལ་ལྟོས་མེད་བཀྲ། དམ་ཚིག་སྡོམ་པ་ཀུན་བསྲུངས་ཏེ། །ཉིན་དང་མཚན་མོ་ལན་གསུམ་དུ། །དོན་ལྡན་རྟག་ཏུ་བཟླ་བ ་བྱ། དགུན་ཟླ་འབྲིང་པོ་ལས་བརྩམས་ཏེ། །ཟླ་བ་རེ་རེ་མངོན་བྱ་བ། །འཁོར་ལོར་གཉིས་མེད་ཚུལ་གནས་པ། །ཚེ་བཅུ་ལ་ནི་དེ་རབ་མཆོད། །རྐང་པས་འཁོར་ལོ་ལག་གཡས་དུང། །ལག་གཉིས་པོ་ཏི་དྲིལ་བྱིན་ནས། །དེ་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས ་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱི་ཐེ་ཚོམ་དོག་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །གསང་སྔགས་སྦྱོང་ཚུལ་ཆོ་ག་རྣམས། །སྐྱེ་བོ་ཡོངས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། ། ་ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ནི་འཛིན་གྱུར་པས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས ་ཅན་ཀུན་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །འཁོར་ལོ་རྡོ་རྗེ་སོགས་བྱིན་ནས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་ཚོགས་ནི་འདུལ ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་?། །རྡོ་རྗེ་རིན་ཆེན་པདྨ་དང། །ལས་ཀྱི་འཁོར་ལོ་རབ་ཏུ་བརྗོད། །ཤར་གྱི་སྒོ་དྲུང་རབ་གནས་པའི། །ལུས་ནི་ས་ལ་ཕབ་པའི་ཕྱག་།བྱས་ཏེ་མགོ་བོ་མ་བཏེག་པར། །སྔགས་དང་རྒྱུད་རྣམས ་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ལས་ཀྱི་རྡོ་རྗེས་རབ་བསླང་ནས། །གདུགས་ནི་གཞན་དུ་བྱས་ནས་ཀྱང། །དཔའ་བོ་ཆོས་གོས་འཛིན་པ་དང། །མཆོག་གམ་མི་འཇིགས་སྦྱིན་པ་ཡིས། །ཤཱཀྱའི་གཟུགས་སུ་རབ་དམིགས་ཏེ། །ོཾ་འདིར་ནི ་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཀྱེ་ཆོ་ག་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གྲུབ་པས་གསུམ་གྱི་བདག་པོར་འགྱུར་རོ། །གང་ལ་ཚིག་འདིར་ལུང ་བསྟན་པ། །དེ་ལ་སངས་རྒྱས་བྱང་ཆུབ་སེམས། །འཁོར་དང་བཅས་པ་མགྲིན་གཅིག་ཏུ། །བྱང་ཆུབ་ཆེན་པོར་ལུང་སྟོན་ཏེ། །ཕྱག་རྒྱ་སྔགས་འདིའི་མཐུ་ཡིན་ཞེས། །སློབ་མ་དད་པ་རབ་ཏུ་བསྐྱེད། །དེ་ནས་སློབ་མ་གཟེངས་བསྟོད་དེ། །མཆོག་གསང་དཀྱིལ་འཁོར ་དམ་པ་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདིས་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མ་འཇིགས་དགའ་བར ་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་ཆོས་སྨད་པར་མི་བྱ་སྟེ། །ནམ་ཡང་བོར་བར་མི་རུང་ངོ། ། ་མ་ཤེས་པ་འམ་རྨོངས་པ་ལ། །གསང་བ་དེ་ཉིད་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །སངས་རྒྱས་ཀུན་དང་མཚུངས་གྱུར་པའི། །སློབ་དཔོན་སྨད་པར་མི་བྱ་སྟེ། །རང་བདག་ཡོངས་སུ་སྤངས་པ་ཡི། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར ་བདེ་གཟུང་ནས། །འདི་ནི་མ་འོངས་རྫོགས་སངས་རྒྱས། །སློབ་དཔོན་གྱིས་ནི་བརྗོད་ཐོས་ནས། །སློབ་མ་གུས་པར་ཞབས་བཏུད་དེ། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །བསྒོ་བ་ཐམས་ཅད་ཁས་བླངས་ནས། །ཤིན་ཏུ་གུས་བར་འདུག ་པ་ལ། །ཤར་སྒོ་ཡི་ནི་ཕྱོགས་ཉིད་ནས། །དེ་ཉིད་རབ་ཏུ་བསྟན་པར་བྱ། །ཐམས་ཅད་དངོས་པོ་གཅིག་ཉིད་དུ། །སྤྲུལ་སྐུའི་མཛད་པ་རྫོགས་གྱུར་པ། །དུར་ཁྲོད་ཡིན་ཏེ་ལུས་སུ་དག་།ཡེ་ཤེས་སྣང་བས་ཀུན་ཁྱབ་ཅིང། །བདུད་བཅོམ་འོད་དང་རྡོ་རྗེ་ལྡན། །མི་མཉམ་མེད ་པ་ཟུར་བཞི་པ། །འཕགས་པའི་བདེན་པ་ངོས་བཞི་ཉིད། །དྲན་ནས་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་ཉིད། །ཚོན་སྣ་ལྔ་པོ་སངས་རྒྱས་ཏེ། །དགེ་བའི་སྤྱོད་པ་ཤིརཥ་ཀ་།དྲ་སོགས་བྱང་ཆུབ་ཡན་ལག་བདུན། །བ་དན་དྲིལ་བུ་གསུང་རབ་སྒྲ། །ཏིང་ངེ ་འཛིན་གྱི་ཁ་ཁྱེར་ཏེ། །གཟུངས་ནི་འདོད་པའི་ལྷ་མོའོ། །པདྨ་འདམ་གྱིས་མ་གོས་ཏེ། །གཅོད་བྱེད་འཁོར་ལོ་རྣམས་ཡིན་ནོ། །ཡེ་ཤེས་ཐུགས་དང་གསུང་གི་སྐུའི། །འཁོར་ལོ་བསྐོར་བ་ཕྲེང་བ་བཞིན། །རྣམ་ཐར་བརྒྱད་ཀྱི་ཀ་བ་སྟེ། །སྣ་ཚོགས་ཆོས་འཁོར་རྒྱལ་པོའི་གནས། ། ་འཁོར་ལོ་གདུགས་ཀྱི་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །རྩེ་མོ་རྡོ་རྗེས་བརྒྱན་པ་ཉིད། །ཇི་ལྟར་ལྷ་ཡི་དག་པ་ནི། །ལོངས་སྤྱོད་ཆོས་སྐུ་ལྟ་བུར་ཤེས། །དེ་ཉིད་མཐོང་བའི་སློབ་མ་ཡིས། །མཎྜལ་མཆོད་པ་རྣམས་ཕུལ་ནས། །དགའ་བདེ་ཡིས་ནི་གནས་པར་བྱ།། ་དེ་ནས་གསང་བའི་དབང་གི་ཕྱིར། །མདོག་དམར་མཎྜལ་ལེགས་ཕུལ་ནས། །སྨན་དང་ཁམས་ཀྱི་རིན་ཆེན་དག་།ཇི་ལྟར་འབྱོང་པ་དབུལ་བར་བྱ། །འདོད་པས་ཉེ་བར་མཉེས་བྱས་པའི། །ཕྱག་རྒྱ་མཆོག་ནི་ཉེར་བརྟགས་ནས། །གདོང་བཅིང་དྲ་བའི་ཕྱི་རོལ་ནས། །གུས་པས ་གསོལ་བ་གདབ་པར་བྱ། །བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང། །མི་ཕྱེད་ཕྱག་རྒྱར་རབ་ཏུ་བསྒྲུབས། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །བདག་ཉིད་ཆེན་པོ་ཁྱོད་བཞིན་དུ། །གཙོ་བོས་བདག་ཀྱང་མཛད་དུ་གསོལ། །འཁོར་བའི་འདམ་གྱི་ཚོགས ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ལན་གསུམ་དུ་ནི་གསོལ་བཏབ་ནས། །ཐལ་སྦྱོར་ཁ་སྒོར་འདུག་པ་ལ། །སློབ་དཔོན་ཕྱག་རྒྱར་ལྡན་པ་ཡིས། །རྣལ་འབྱོར་བརྟན་པར་དམིགས་ནས་ནི། །ཇི་སྲིད་ཐིག་ལེ་ལྡན་བ་རུ། །སྙོམས་བར ་ཞུགས་ཏེ་ཆོས་བདག་ལ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །དབང་ཆེན་དབང་བསྐུར་སྩལ་པ་བཞིན། །བཟང་པོ་བྱང་ཆུབ་སེམས་ཀྱིས་ནི། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཚིག་དེས་ལྕེ་ལ་བཞག་པར་བྱ། །ཕྱག་རྒྱས་ཀྱང་ནི་དེ་བཞིན་ཏེ། །ཡང་ན་ཚིག་གིས་ལས་ཀྱིས་ནི།། ་གྲོལ་བའི་བདག་ཉིད་བྱིན་པར་བྱ། ། ཧོ་སུ་ཁ་ཞེས་བརྗོད་ནས། །ལུས་ཀུན་བདེ་བས་གང་བར་བྱ། །དག་པ་ཡང་ནི་རབ་ཏུ་བརྗོད། །དེ་ནས་མཎྜལ་ཕྱག་བྱས་ནས། །ནོར་བུ་རིན་ཆེན་ཀུན་གྱི་མཆོག་།སྔོན་བཞིན་གསོལ་བ་བཏབ་ནས་ནི། །རྡོ་རྗེའི་བདག་ཉིད་བྱས་པ་ལ། །སྲུང ་བ་དག་ནི་བྱས་ནས་ཀྱང། །ལག་པར་ལག་པ་ལེགས་བྱིན་ཏེ། །སྤྱི་བོ་ནས་ནི་གཟུང་ནས་སུ། །དགའ་སྟེར་གནས་ཚེ་ལྷ་མོ་འདི། །སྣ་ཚོགས་གཟུགས་ལྡན་ཡིད་འོང་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །གཟུང་ནས་མཆོད་པ་རབ་ཏུ་བྱ། །ཐབས་གཞན་སངས་རྒྱས ་མི་རྙེད་དོ། །འགྲོ་བ་གསུམ་ནི་དག་བྱེད་པ། །དེ་བས་ཁྱོད་ཀྱིས་འདི་དང་ནི། །ནམ་ཡང་འབྲལ་བར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་གིས་འདི་སྤངས་ན། །དེ་ལ་མཆོག་གི་བདེ་བ་མེད། །སློབ་དཔོན་གྱིས་ནི ་བརྗོད་པ་དང། །སྐྲ་བཤིག་གོས་དང་བྲལ་བྱས་ནས། །བཤད་གཙི་དག་ནི་ཟ་བ་དང། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོ་འམ། །བུད་མེད་རྣམས་ལ་གུས་པ་དང། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཇི་ལྟར་དགའ་བ་སྨྲོས། །དེ་ལྟར་ཕྱག་རྒྱས་བརྗོད ་ཐོས་ནས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང། །བུད་མེད་རྣམས་ལ་རྟག་གུས་ཤིང། །བྷ་གའི་པདྨར་འོ་བགྱིད་དོ། །པདྨ་རབ་ཏུ་རྒྱས་བྱས་ཤིང། །དྲི་ཞིམ་པས་ནི་ཁ་ཕྱེ་སྟེ། །སློབ་མ་ལ་ནི་མངོན་བལྟས་ནས། །ེ་མ་ང་ཡི་པདྨ་འདི།། ་བདེ་བ་ཀུན་དང་ཡང་དག་ལྡན། །ཇི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྙེན་པ་ལ་སོགས་པའི། །ཁྱབ་ཐམས་ཅད་པདྨས་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །བྷཉྫ་མོཀྵ་ཧོ། །རང་གི་ལྷ་ཡི་སྦྱོར་བ ་ཡིས། །རྡོ་རྗེ་པདྨ་ལེགས་སྦྱངས་ནས། །བླ་མས་ཆོ་ག་བརྗོད་བྱས་ཏེ། །སྦྱོར་སྟངས་དྲུག་པོའི་མངོན་འགྲོ་བས། །བྲ་བས་ཡེ་ཤེས་བསྐྱེད་པར་བྱ། །ཡེ་ཤེས་ཐིག་ལེ་བརྟན་པ་དང། །དམ་ཚིག་འདི་ཡང་བསྒྲག་པར་བྱ། །མཚན་ལྡན་བུད་མེད་མཐོང་བ་དང། །གཡོན་ནས་ལན ་གསུམ་བསྐོར་བྱས་ཏེ། །ཐལ་སྦྱར་ནས་ནི་གསོལ་བ་གདབ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བར། །ནམ་དུ་ཡང་ནཾ་མི་བྱའོ། །མཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་ནས་ཚུལ་བཞིན་གནས་པ་ལ། །དག་པ་ཡང་ནི་རབ ་ཏུ་བརྗོད། །འབྲས་བུ་རྣམས་ནི་ཕུལ་ནས་ཀྱང། །ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། །ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང། །བདག་ལ་བཀའ་དྲིན་རབ་ཏུ་སྩོལ། །སློབ་མས་ལན་གསུམ་བརྗོད་ཐོས་ནས། །གོ ་རིམ་རབ་ཏུ་བརྗོད་བྱས་ཏེ། །རིན་ཆེན་ཚིག་གིས་དབང་བསྐུར་ནས། །འདི་ཡིས་རབ་ཏུ་བསྟན་པར་བྱ། །འདི་ནི་རང་ཉིད་མཛེས་པ་སྟེ། །ཕྱི་རོལ་ཡུལ་ནི་རྣམ་སྤངས་པ། །རིག་འདི་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མ་བརྟུལ་ཞུགས་སྤྱོད ་གཅིག་པུ། །བརྟུལ་ཞུགས་རྣམས་ཀྱིས་བླ་མའི་བླ། །མཚན་མེད་བསམ་གྱིས་མི་ཁྱབ་པ། །འདི་ལ་རྟག་ཏུ་གནས་པར་གྱིས། །དེ་ནས་དག་པ་རབ་ཏུ་བརྗོད། །ལམ་གྱི་དམ་ཚིག་འདི་ཡང་སྦྱིན། །ཁྱོད་ཀྱི་སྲོག་ཆགས་བསད་པར་བྱ། །གཞན་གྱི་བུད་མེད་རྣམས་སྤྱད་ནས།། ་མ་བྱིན་པར་ཡང་ཁྱོད་ཀྱིས་ལོང། །ཐམས་ཅད་ལ་ཡང་རྫུན་ཚིག་སྨྲོས། །བདེ་བའི་དོན་གྱིས་སྤྲོ་བཞིན་གནས། །དཀྱིལ་འཁོར་ཉི་མ་ཤར་བར་བྱ། །ལེགས་པར་གཤེགས་སུ་གསོལ་བར་བྱ། །བུམ་པ་ལ་སོགས་རྫས་རྣམས་ཀུན། །ཅི་བདེ་བར་ནི་གནས་པར་བྱ། །དེ་བས ་རྟོག་པ་ཐམས་ཅད་ཀྱིས། །དགེ་འདུན་རྣམས་ནི་མཆོད་པར་བྱ། །བྱིས་པ་རྣམས་ཀྱང་ཚིམ་པ་དང། །སྐྱེ་བོ་ཀུན་ལ་ཅུང་ཟད་སྦྱིན། །དེ་ནས་དམ་ཚིག་ལ་གནས་པའི། །སྦྱོར་བ་ལེགས་པར་ཁོང་ཆུད་པར། །སློབ་དཔོན་ལས་ནི་རབ་ཏུ་བླང། ། ་བསྲུང་དང་བརྟེན་པ་བཟའ་བ་ཤིས། །དམ་ཚིག་འདི་ནི་བླ་ན་མེད། །དེ་ལ་འབད་པས་བཅོལ་བརྩོལ་བྱ། །དེ་ཡིས་འབྲས་བུ་རབ་རྫོགས་བྱེད། །དབང་བསྐུར་བ་རིམ་པར་ཕྱེ་བ་སྟེ། གསུམ་པའོ།། །།དཀྱིལ་འཁོར་གྱི་ནི་ལས་རྣམས་དང། །ལས་ཀྱི ་དངོས་གྲུབ་ཐམས་ཅད་ལ། །སྦྱིན་སྲེག་དང་ནི་བྲལ་གྱུར་ན། །འབྲས་བུ་འབྱུང་བར་མི་འགྱུར་བས། །དེ་བས་ཐམས་ཅད་དངོས་གྲུབ་རྒྱུར། །ལས་ཆེན་བརྒྱད་དམ་བཅུ་གཉིས་ཀྱིས། །སྦྱིན་སྲེག་ཡང་དག་ཆོ་ག་ནི། །རྣམ་པ་ཀུན་ཏུ་སྤྱད་པར་བྱ། །ལས་དང་མཐུན་པའི་ས ་གཞི་འམ། །དེ་ཡི་ས་ནི་ཡོངས་བཀང་སྟེ། །ཐབ་ཁུང་མཚན་དང་ལྡན་པར་བརྟག་།ཞི་བ་དཀར་ཞིང་ཁྲུ་གང་ཚད། །ཟླུམ་པོ་པདྨ་བདེ་ཕྲེང་ལྡན། །རྒྱས་ལ་ཁྲུ་དོ་སེར་པོ་སྟེ། །གྲུ་བཞི་འཁོར་ལོ་པདྨའི་ཕྲེང། །དབང་ལ་ཟུར་གསུམ་ཁ་དོག་དམར། །ཁྲུ་གང་མདའ་ཡི་ཕྲེང ་བས་མཛེས། །དགུ་པ་ཉི་ཤུ་ལྕགས་ཀྱུས་མཚན། །དམར་ཞིང་ཟུར་གསུམ་འོད་དང་ལྡན། །བསད་པ་བཅུ་གཉིས་ཟླ་གམ་སྟེ། །ནག་པོ་གྲི་གུག་ཕྲེང་བས་སྤྲས། །དབྱེ་བ་ཁྲུ་གང་རལ་གྲིར་ལྡན། །ཟུར་ལྔ་པ་ལ་ཁ་དོག་གནག་།རྨོངས་པ་ལ་དྲུག་རེངས་ལ་བརྒྱད། ། ་སྦྲུལ་དང་ལྕགས་སྒྲོག་མཚན་མར་བཅས། །སེར་པོ་སུམ་ཅུ་དྲུག་ཅུའི་བདག་།དབྱེ་བ་ཇི་བཞིན་བསྐྲད་པ་ལ། །རེངས་བཞིན་ཕུར་བུས་གདབ་པ་ཤེས། །དགུག་པའི་ཆོ་གས་ཚ་བ་བསྐྱེད། །དུག་འཇོམས་པ་ལ་ཞི་བ་སྤྱད། །ལས་ཀུན་བྱེད་ལ་ཡང་དེ་བཞིན། །རིགས་ལྔའི ་མཚན་མ་ཡང་དག་དགོད། །ཐབ་ཁུང་དེ་དག་ཀུན་གྱི་ནི། །ཕྱེད་ཕྱེད་ཐབས་སུ་བརྐོས་ནས་ཀྱང། །བཅུ་གཉིས་ཆ་ནི་ཕྱིར་བཀྱེ་དེ། །དྲུག་ཆ་སྟེང་དུ་བརྩིག་པར་བྱ། །དཀར་དང་དམར་དང་ནག་པོ་སྟེ། །ཁྲུ་དོ་ལ་སོགས་ཕྱི་རོལ་ནས། །རྟ་བབས་སྒོ་དང་ལྡན་པ་རུ། །ཐབས་ཀྱི ་དབྱིགས་བཞིན་བསྐོར་བྱས་ལ། །སྒོ་ནི་འདོད་པའི་ཕྱོགས་སུ་བསྟན། །ཐབ་ཁུང་འདྲ་བར་གདན་བྱས་ཏེ། །གཡོན་དང་གཡས་སུ་མཆོད་ཡོན་དང། །གཟར་བུའི་སྟན་ཡང་དེ་བཞིན་ནོ། །ཡང་ན་རྡུལ་ཚོན་ཆོ་གས་སྤྱད། །ཞི་དང་རྒྱས་ལ་འོ་མ་ཅན། །དབང་དང་དགུག་པ་སེང་ལྡེང་སོགས།། ་རེངས་རྨོངས་ཁ་དང་པོ་སྐབས་སོ། །གསང་བ་ལ་ནི་ཚེར་མའི་ཤིང། །ཙན་དན་སྒྲོན་ཤིང་ཨ་ཀ་རུ། །དྲི་ཞིམ་འོ་མ་དང་ལྡན་པ། །ལས་ཀུན་བྱེད་ལ་བསྔགས་བ་སྟེ། །ཐབ་ཀྱི་དབྱིབས་བཞིན་བརྩིག་པར་བྱ། །རང་གི་ལས་ལས་འབྱུང་བ་ཡི། །ཡམ་ཤིང་སོར་ནི་བཅུ ་གཉིས་སོགས། །ཇི་ལྟར་རིགས་པར་ཀུན་ཏུ་སྤྱད། །ཞི་རྒྱས་བྲམ་ཟེའི་ཁྱིམ་ལས་སྐྱེས། །དགེ་འདུན་ཁྱིམ་ལས་བྱུང་བའང་རུང། །བསྐྲད་སྡང་ཐ་མའི་ལས་བྱུང་བ། །དབང་དགུག་རྒྱལ་རིགས་ཁྱིམ་ལས་ཏེ། །སྨད་འཚོང་མ་དང་རྗེའུ་རིགས་དང། །གར་མཁན་ལས ་ཀྱང་རབ་ཏུ་བརྟག་།རེངས་རྨོངས་རྗེའུ་རིགས་རབ་ཏུ་རྨོངས། །གསང་ལ་གཏུམ་བྱེད་ཡུགས་སའི་ཁྱིམ། །རྡོ་འམ་ལྕགས་ལས་སྐྱེས་པའང་རུང། །ཡམ་ཤིང་ལེགས་པར་བསྲེགས་ནས་སུ། །ོཾ་ཛཝ་ལ་ཛཝ་ལ་ཧཱུཾ། །ཞེས་པས། །མེ་ནི་ལས་ཀྱི་ཕྱོགས་ནས་སྐྲར། །བསང ་སྟེ་མེའི་ལྷ་བསྐྱེད་བྱ། །ལས་ཀུན་བྱེད་ལ་དུར་བའི་མདོག་།ཞལ་གཅིག་མིག་སེར་གོས་ལྗང་སེར། །ཁམ་ནག་ཐོར་ཚུགས་མི་བསྐྱོད་འཛིན། །རྡོ་རྗེ་བགྲང་ཕྲེང་དྲིལ་པད་ལྡན། །ཞི་ལ་དཀར་ཞིང་པད་དཀར་དང། །ཤེལ་ཕྲེང་སྤྱི་བླུགས་ཆུ་སྤྱོད་འཛིན། །རྒྱས་ལ ་དཀར་སེར་འཁོར་ལོ་དང། །མུ་ཏིག་ཕྲེང་པད་སྤྱི་བླུགས་འཛིན། །གསང་ལ་མདོག་གནག་རུས་པས་བརྒྱན། །དོན་ཡོད་པས་ནི་དབུ་རྒྱན་ཅིང། །གྲི་གུག་རྩེ་གསུམ་ཐོད་པ་དང། །ཁ་ཊཝཱཾ་ག་ནི་གཡོན་ན་འཛིན། །བསྐྲད་སྡང?་རལ་གྲི་རྩེ་གསུམ་གཡས། །ཐོད་པ ་ཁཊཝཱཾ་གཡོན་པ་ན། །དབང་ལ་མདོག་དམར་མདའ་དང་ནི། །རིན་ཆེན་གཞུ་དང་མེ་ལོང་འཛིན། །འདོད་ཆགས་རིན་ཆེན་འབྱུང་ལྡན་འཆང། །དགུག་པ་ལྕགས་ཀྱུ་རིན་ཆེན་དང། །རྡོ་རྗེ་ཞགས་པ་མེ་ལོང་ཉིད། །རྨོངས་ལ་མདོག་སེར་སྤྲུལ་དབྱུག་དང། །འཁོར་ལོ ་ཐོ་བ་རྣམ་སྣང་བསྐུར། །རེངས་ལ་ལྕགས་སྒྲོག་ཐོ་བ་དང། །འཁོར་ལོ་ཕུར་བུ་ནི་བཟའ་ཟེར། །རིགས་མཐུན་ལས་ཀྱི་ས་བོན་ལས། །ཐབ་ཁུང་དབུས་སུ་བསྐྱེད་ནས་ཀྱང། །སྔགས་འདིས་བདག་པོ་སྤྱན་དྲང་བྱ། །ོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང ་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག་།སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །ཆེན་པོ་འབར་བའི་སྟན་ལ་བཞུགས། །བཛྲ་དྷ་ར་ཨཱཛྙཱ་པ་ལ་ཏི་སྭཱཧཱ། བསངས་ཏེ་དགུག་གཞུག་བཅིང་སོགས་བྱ། །ོཾ་དང་སྭཱཧཱ་བར་གནས་པས། །མཆོད་ཡོན་མེ་ཏོག་ལ་སོགས་པ། ་བཞི་ཡི་སྣོད་དུ་དབུལ་བར་བྱ། །མཆོད་སོགས་རྫས་རྣམས་ཐམས་ཅད་ནི། །ཞི་རྒྱས་དྲི་ཞིམ་དཀར་བ་ཉིད། །དབང་དགུག་དྲི་ཞིམ་དམར་བའི་རྫས། །བསང་བསྐྲད་དབྱེ་ལ་དྲི་ང་ནག་།རེངས་རྨོངས་སེར་ཞིང་རྩིབ?་པ། །ཞི་ལ་འོ་མ་རྒྱས་ལ་ཞོ། །དབང་ལ་མངར་དམར་དགུག ་པ་ལ། །ཏིལ་མར་རབ་ཏུ་ཤིས་པ་ཡིན། །གསད་ལ་མཆིན་པ་བསྐྲད་ལ་ཤ་།རྨོངས་ལ་སྲན་ཆུང་རེངས་པ་ལ། །ཉ་དང་ཅ་ན་ཀ་ཉིད་ཤིས། །ཞི་ལ་ལྷོར་གནས་སྲིན་པོར་རྒྱས། །ཆུ་ལ་གསད་པ་བསྐྲད་དབྱེ་རླུང། །དབང་ལ་ནོར་སྦྱིན་དབང་ལྡན་དགུག་།མེ་ལ་རེངས་པ་ཤར ་དུ་རྨོངས། །ཞི་ལ་ཉི་མ་ཟླ་བ་རྒྱས། །གསད་སྡང་བསྐྲད་ལ་སྤེན་བ་སྟེ། །པ་བ་སངས་ཀྱིས་དབང་དུ་གྱུར། །དགུག་ལ་ཕུར་བུ་ལག་ལ་རྨོངས། །རེངས་ལ་མིག་དམར་དུས་ཀྱི་མེ། །ལས་རྣམས་ཐམས་ཅད་བྱེད་པར་གསུངས། །དངུལ་ལམ་གསེར་རམ་ཟངས་སམ་ལྕགས།། ་ར་གན་མི་རུས་ལས་བྱུང་བའོ། །མཆོད་སྦྱིན་སྣོད་ནི་ལེགས་པར་བརྟག་།དགང་གཟར་བླུགས་གཟར་ཡུ་བ་ཁྲུ། །སོར་དྲུག་རྡོ་རྗེ་རིན་ཆེན་བཅས། །གྲུ་བཞི་སོར་བཞི་ལྟེ་བ་ཟླུམ། །སོར་གཉིས་སོར་གཅིག་རྡོ་རྗེ་མཛེས། །པད་འདབ་མཐེ་བོང་ལྟོ་བའི་ཚད། །སོར་བཞི་རྩེ་གསུམ ་མཐེ་ཆུང་ཆུང། །ཆོ་ག་མཐོང་བས་ཤེས་པར་བྱ། །སྦོམས་སུ་མཐེ་བོའི་ཚང་བྱས་ནས། །རང་རང་གི་ནི་དྲིས་བསྒོས་ཏེ། །ཤིན་ཏུ་དག་པའི་བདག་ཉིད་བྱ། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །ནམ་དུ་ཡང་ནི་བྲལ་མི་བྱ། །རང་རང་གི་ནི་ཐབ་ཁུང་དང། །དབྱིབས་འདྲ་དེ ་ཡི་མཚན་མེད་བཅས། །སོ་སོའི་ལས་ལ་དེ་ཡང་ཤིང། །མཐེ་ངོས་མཐེབ་ཆུང་མནན་པ་དང། །སོར་མོ་ལྔ་ནི་ལེགས་གཞིབས་པའི། །གཡས་དང་གཡོན་གྱི་ལག་པ་འམ། །ཅི་བདེ་བར་ཡང་སྤྱད་པར་གསུངས། །སྦྱར་འོས་བར་རྩི་གཟར་བུ་སྟེ། །གཞན་རྣམས་ཀུན་བུ ་ལག་པས་སོ། །འཇིགས་སོགས་གཡེང་བ་ཕྱིར་བསལ་ཏེ། །སེམས་ནི་ལས་གང་སྒྲུབ་པ་ཡིས། །བསམ་གཏན་ལ་ནི་རྩེ་གཅིག་པས། །མེ་ནི་འབར་བ་ཡོངས་ཤེས་ནས། །ོཾ་ཨགན་ཡེ་སྭཱཧཱ། སྔགས་དེས་མར་གྱི་སྲེག་བླུགས་དག་།གསུམ་མམ་ལྔ་འམ་བདུན་དུ ་དབུལ། །མེ་ཡི་ལྟས་ནི་ཡོངས་ཤེས་ཤིང། །བགེགས་བསལ་མེ་ལ་སྲེག་བླུགས་དངུལ། །ོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏེ་ཛཝ་ལ་ཡེ། སརྦ་བྷིསྨཾ་ཀུ་རུ་སརྦ་བིགྷྣཾ་ཧཱུཾ་ཕཊ། ཨ་མུ་ཀ་སྱ་ཤཱཾ་ཏི་ཀུ་རུ་སྭཱཧཱ། ཡམ་ཤིང་ལེགས་པར་དབུལ་བར་བྱ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། ་སརྦ་བཱ་པཾ་ཤནྟིཾ་ཀུ་རུ་སྭཱཧཱ། ཏིལ་ནི་སྡིག་པ་ཞི་ཕྱིར་དབུལ། །ཡུངས་ཀར་འབྲས་ཆན་ཞོ་དང་ཟན། །ཀུ་ཤ་དཱུརྦ་ནས་དང་གྲོ། །འབྲས་དང་མ་ཤ་སོ་བར་བཅས། །ཤིང་ཏོག་མེ་ཏོག་ལ་སོགས་པ། །སྔར་བཞིན་སྔགས་ཀྱིས་དབུལ་བར་བྱ། །ཀུན་བྱེད་ལ་སོགས་འཇམ་པ་ཡི། ། ་ལས་ལ་འདི་ཤིས་གསད་སོགས་བཞིན། །ལས་མཐར་སོ་སོའི་སྔགས་ཤེས་ནས། །སོ་སོའི་འདུག་སྟངས་ལ་སོགས་པ། །མཁས་པས་མན་ངག་ལྟར་ཤེས་ནས། །ཆོ་ག་ཀུན་ཏུ་སྤྱད་པར་བྱ། །ཆང་དང་ཤ?་རློན་བདུད་རྩི་དག་།ཀུན་ལ་རབ་ཏུ་སྦྱར་བར་བྱ། །མེ་ནི་རབ་ཏུ ་ཚིམ་བྱས་ནས། །མཆོད་དེ་རབ་ཏུ་བསང་བྱས་ནས། །འབར་བའི་བདག་ཉིད་བསམ་པར་བྱ། །ཇི་སྐད་བཤད་པའི་ཆོ་ག་ཡིས། །དཔལ་ལྡན་ཁྲག་འཐུང་སོགས་བསྐྱེད་ནས། །ལས་ཀྱི་རྒྱན་སོགས་དང་ལྡན་པའི། །ཡེ་ཤེས་མེ་ནི་སྤྱན་དྲངས་ཏེ། །ཞབས་བསིལ་མཆོད་ཡོན་འཐོར ་འཐུང་སྦྱར། །མེ་ཏོག་བཤོས་ཀྱིས་མཐར་ཐུག་པར། །དང་པོར་རྫོགས་པར་སྤྱད་དེ་མཆོད། །དེ་ནས་པུས་མོའི་ནང་ཆུད་པར། །ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས། །གཟར་བུ་ལེགས་པར་གཟུང་བྱས་ལ། །ལན་བདུན་དུ་ནི་དགང་བླུགས་དབུལ། །དེ་ནས་རྩ་བའི་སྙིང་པོ་ཡིས།། ་སྟོང་ནས་ཉི་ཤུ་གཅིག་གི་བར། །ཅི་ནུས་པར་ནི་དབུལ་བར་བྱ། །དེ་ནས་ནང་གི་མཆོད་པ་དང། །དགང་བླུགས་གསུམ་ནི་དབུལ་བར་བྱ། །འཇོམས་མ་ཡི་ནི་མཐར་ཐུག་པར། །ཐམས་ཅད་ལ་ཡང་བདུན་བདུན་ཏེ། །སྣ་ཚོགས་མཆོད་པས ་ཀུན་མཆོད་ནས། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །དགང་བླུགས་བདུན་དུ་ཕུལ་ནས་ཀྱང། །རོལ་མོ་རྣམས་ནི་བརྡུང་བ་དང། །མེ་ཏོག་དོར་ཞིང་བཀྲ་ཤིས་བརྗོད། །བསྟོད་དེ་འདོད་པའི་དོན་བླངས་ནས། །བཟོད་པ་གསོལ་ཏེ་དཔའ་བོ་དག་།ོཾ་དང་ཀྲི་ཏོ ་བ་ལ་སོགས། །མུ:ཡི་ཡི་གེས་གཤེགས་སུ་གསོལ། །དེ་ནས་བསངས་ཏེ་སྔར་བཞིན་དུ། །རང་འདོད་ལས་ལ་མེ་ཡི་ལྷ། །ལན་བདུན་དུ་ནི་མཆོད་པར་བྱ། །དགང་བླུགས་དག་པར་ཕུལ་ནས་ཀྱང། །མཆོད་བསྟོད་གསོལ་བ་ལ་སོགས་བྱས། ལས་བཅོལ ་གཏོར་མ་རབ་ཏུ་སྦྱིན། །གཤེགས་ཏེ་བདག་ཉིད་བསྲུང་བར་བྱ། །དངོས་གྲུབ་ཀྱི་ནི་ལས་རྣམས་ལ། །རྒྱུད་ལ་ཇི་སྐད་བཤད་པ་ཡི། །རྫས་དང་རང་གི་སྔགས་ཤེས་ནས། །སྦྱིན་སྲེག་རབ་ཏུ་སྤྱད་པར་བྱ། །སྦྱིན་སྲེག་གི་རིམ་པར་ཕྱེ་བའོ།། །། ་གཞན་ཡང་རྡོ་རྗེ་སློབ་དཔོན་གྱི། །ལས་ཀྱི་ཆོ་ག་རྣམས་ཕྱེ་བ། །རབ་ཏུ་གནས་པའི་ཆོ་ག་མཆོག་།འབྱོར་པ་ཤེས་ནས་བྱ་བར་གསུངས། །ལྷ་མཚམས་རྒྱལ་ལ་སོགས་པ་ཡི། །གཟའ་དང་སྐར་མ་ཡོངས་བརྟགས་ཏེ། །བཟང་པོས་དད་པས་མངོན ་བྲིས་པའི། །མཉམ་པ་ཚད་ལྡན་ནག་ནག་མེད། །ལྷག་ཆད་འཁྲུལ་པ་སྤངས་པ་ཡི། །སྐུ་གཟུགས་ལ་སོགས་ལེགས་བལྟས་ནས། །ཡིད་འོང་བགེགས་བྲལ་ས་གཞི་ལ། །དཀྱིལ་འཁོར་གྱི་ནི་ཚད་ལྡན་པར། །ཁྲུ་གང་གྲུ་བཞི་བྱས་ནས་ཀྱང།། ་བླ་བྲེ་གདུགས་དང་མེ་ཏོག་ཕྲེང། །དུང་དང་རྔ་ཆེན་སོག་པས་བརྒྱན། །སེར་པོའི་གོས་ཀྱིས་ལེགས་གཡོག་ཏེ། །སྔོན་བཞིན་དུ་ནི་སྤྱད་པར་བྱ། །དངོས་སམ་ཡང་ན་གཟུགས་བརྙན་ལ། །བ་ཡི་རྣམ་ལྔས་ལེགས་བསྐུས་ཏེ། །དུར་བའི་ཕོན་གྱིས་རབ་ཏུ ་བླུད། །འབྲུ་མར་གྱིས་ནི་བསྐུས་ནས་སུ། །ཤིང་ཤུན་མ་ཤ་ལ་སོགས་ཕྱེས། །སྐུ་ནི་རབ་ཏུ་ཕྱི་བར་བྱ། །སྐྱུ་རུ་ལ་སོགས་བདག་ཆལ་ལྔས། །བཀྲུས་ཤིང་ཤིས་པ་ཡང་བརྗོད་ནས། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡཾ་བི་ཤོ་དྷ་ནེ་བཛྲ་སྭཱཧཱ། སྔགས་དེ་རབ་ཏུ་བརྗོད་བྱས ་ནས། །ཕྱི་དང་ནང་གི་ཁྲུས་བྱའོ། །ཕྱིས་དེ་དྲི་ཡིས་ཕྱུག་ནས་སུ། །མཆོད་པ་ཀུན་གྱིས་རབ་མཆོད་ནས། །སྙིང་མགྲིན་མ་ཚོགས་མ་དཔུང་གཙུག་ཏུ། །ཉེ་རེག་དག་ནི་སྦྱིན་བྱ་སྟེ། །སྔོན་བཞིན་སྙན་གསན་དབབ་པར་བྱ། །སྟེང་སོགས་གཅིག་གསུམ་བཞི ་འམ་ནི། །ལྔ་ཡིས་རང་ལྷའི་བདག་ཉིད་བསམ། །སྒྲ་རྣམས་གསུང་གི་རྡོ་རྗེ་སྟེ། །ལྷ་ཁང་མཆོད་རྟེན་སོགས་སྐུ་ཉིད། །རྡོ་རྗེ་ཕུར་བུ་ལ་སོགས་ཐུགས། །མང་པོ་དེ་ཡི་ཆོ་ག་དག་།སྒྲུབ་པོས་གང་ཞིག་མི་ཤེས་ན། །རྡོ་རྗེ་འཆང་ཆེན་བདག་ཉིད་བྱ། །ཕྱོགས ་རྣམས་ཀུན་ན་བཞུགས་པ་ཡི། །མགོན་པོ་རབ་བསྐུལ་དགུག་སོགས་བྱ། །དབང་བསྐུར་མཆོད་པའི་མཐར་བྱས་ནས། །དེ་ཡི་སྙིང་པོ་བརྒྱ་རྩ་བརྒྱད། །མ་ཡེངས་དགའ་བའི་སེམས་ཀྱིས་བཟླས། །དེ་ནས་གཤེགས་ཏེ་རབ་ཏུ་བསྲུང། །རྫིང་དང་ཁྲོན་པ་ལ ་སོགས་པ། །མདོག་དཀར་ཆུ་ལྷའི་བདག་ཉིད་དེ་།སྲང་དང་ཟམ་པ་རི་ལ་སོགས། །མདོག་སེར་སོ་སོའི་ལྷར་བསྐྱེད་བྱ། །རྡོ་དང་ས་གཞི་ལ་སོགས་པ། །ས་ཡི་ལྷ་མོ་ཡོངས་ཤེས་བྱ། །གནོད་སྦྱིན་སོགས་གཟུགས་རང་ཉིད་ཤིས། །མཆོད་ལ་སོགས་པ་རང་རང ་ཚུལ། །མཁས་པས་ཡང་དག་ཤེས་པར་བྱ། །ལན་མང་དུ་ནི་བྱུར་བསལ་བ། །རབ་གནས་ལ་ནི་ཡོངས་སུ་བསྔགས། །དེ་ལྟར་ལྷག་པར་གནས་བྱས་ནས། །སྔ་དྲོ་ཡི་ནི་དུས་མཆོག་ལ། །མཆོད་སོགས་འབྱོར་པ་ཀུན་ལྡན་པས། །དཔའ་བོས་རྣལ་འབྱོར ་རྫོགས་བྱས་ཏེ། །མཆོད་དེ་ལྷ་ལ་གངས་པར་གསོལ། །སྔ་མ་བཞིན་དུ་ཀུན་སྤྱད་ནས། །མེ་ཏོག་ཕྲེང་བ་ཡོངས་བཏགས་ཏེ། །རྒྱས་པའི་ཕྱིར་ནི་སྦྱིན་སྲེག་དབུལ། །མེ་ལོང་ལ་ནི་ཁྲུས་བྱས་ཏེ། །གསེར་གྱིས་ཐུར་མ་གཡས་ཐོགས་ནས། །ོཾ་ཙཀྵུ ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་བཛྲ་སྭཱཧཱ། རྒྱལ་རྣམས་ཀྱི་ནི་སྤྱན་ཕྱེ་ནས། །སྔགས་འདིས་ཚོགས་ཀྱི་རྫས་རྣམས་དབུལ། །ོཾ་ཨཱ:དཱི་བྱ་ཨནྣཾ་ས་མཱ་དྷི་དྷཱ་ན་པྲི་ཎ་ནེ་སྭཱཧཱ། དེ་ནས་སློབ་མ་དང་ལྡན་པས། །ཁྱིམ་པའང་རབ་ཏུ་བྱུང་བ་ཡི། ་གོས་དང་ཕྲེང་བ་རྒྱན་ལ་སོགས། །མཁོ་བའི་ཡོ་བྱད་ཀུན་སོགས་ཏེ། །ཤིས་པ་རབ་ཏུ་བརྗོད་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། སྔགས་དེས་བརྟན་པར་བྱས་ནས་ཀྱང། །ཙཱ་རུའི་མཆོད་པས་ཡང་དག་བྱ། །རྡོ་རྗེ ་སློབ་དཔོན་ལངས་ནས་ཀྱང། །ཙཱ་རུའི་བཟའ་བ་ལག་ཐོགས་ཏེ། །ཤིས་པ་རབ་ཏུ་བརྗོད་བྱས་ནས། །དེ་བཞིན་གཤེགས་པས་གསོལ་པ་ཡི། །ལྷག་མ་སྡིག་པ་སྦྱང་ཕྱིར་དང། །བཀྲ་ཤིས་རྣམ་པ་སྣ་ཚོགས་ཕྱིར། །དགའ་བའི་སེམས་ཀྱིས་རབ ་ཏུ་ཟོ། །ཚིག་དེས་ཡོངས་སུ་བསྒོ་བ་དང། །ལོངས་སྤྱོད་ལྷ་ལ་མཆོད་སོགས་བྱ། །དེ་ནས་སློབ་དཔོན་སེམས་དགེ་བས། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང། །གནོད་སྦྱིན་སྡེ་དཔོན་རྣམས་མཆོད་ནས། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མ་ལུས ་ཕ་ནི་རབ་བསྒོ་ཞིང། །གཅིག་ལ་ངེས་པར་གཏད་པར་བྱ། །དེ་ནས་བཀྲ་ཤིས་ངེས་བྱས་ནས། །རང་རང་གི་ནི་གཟུགས་སུ་བྱ། །དེ་ལྟར་ཆོ་ག་ཀུན་བྱས་ནས། །དགེ་འདུན་ལ་སོགས་མཆོད་པར་བྱ། །སློབ་དཔོན་ཡོངས་སུ་མཉེས་བྱས་ནས། །ལྷ་ལ་རྒྱས་པའི ་མཆོད་པ་བྱ། །རབ་ཏུ་གནས་པ་མདོར་བསྡུས་པ་སྟེ་དགུ་པའོ།། །།བླ་མ་ལས་ཐོས་གཞུང་མང་མཐོང་བ་དང། །གཞན་ལ་རྣམ་བརྩེས་འཁོར་ལོ་སྡོམ་པ་ཡི། །ལས་གཞུང་རབ་སྦྱར་དེ་ལས་དགེ་བ་ཞིག་།ཐོག་པ་དེས་ནི་འགྲོ་རྣམས ་སངས་རྒྱས་ཤོག། །།དཔལ་འཁོར་ལོ་སྡོམ་པའི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་རིགས་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀཱ་པས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང། ལོ་ཙ་བ་དགེ་སློང་ཉི་མ་རྡོ་རྗེ་དང། །སྤྱིལ་ཅོག་གི་ཐོ་གར་དགེ་མཛེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཇིག་རྟེན་འདི་ལ་བརྩོན་འགྲུས་དང་ལྡན་པས། །འཁོར་ལོ ་སྡོམ་པའི་ཆོས་ལ་དད་པ་རབ་ཏུ་སྐྱེས། །འཇིག་རྟེན་འདི་དང་ཕྱི་མ་དོན་རྟོགས་ནས། །ཡང་དག་རྫོགས་པའི་བྱང་ཆུབ་དམ་པ་རྟོགས་པར་ཤོག། (།།དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དཱ་རི་ཀ་པས་མཛད་པ་བཞུགས་སོ།། །།) ་