| Wylie | e-texts based on the ACIP/ALL Input |
ངན་གནས་ལས་ཉམས་པ་དང། །མདོག་ཉམས་པར་ནི་རྣམ་པར་བསྟན། །སྐྱེ་བར་རེག་པར་ལོངས་སྤྱོད་ཆེ། །དོན་ཀུན་དང་ནི་ཡོན་རྙེད་ཅིང། །གྲོགས་པོ་རྣམས་ཀྱིས་མཆོད་པ་དང། །བསྔགས? ་པ་རུ་ནི་འགྱུར་བ་ཡིན། །རྒ་ཤིར་ཐམས་ཅད་དོན་མེད་འགྱུར། །སྙིང་པོར་མེད་ཅིང་ཆགས་བྲེལ་ཏེ། །སོགས་མའི་སྙིང་པོ་མེད་རྡུལ་མཚུངས། །བྱ་བ་བསམ་ལམ་རྣམ་ངེས་བསྟན། །མ་རིག་ལ་སོགས་མཚན་མས་མཚན།། ་ཡན་ལག་བཅུ་གཉིས་འཁོར་བྲིས་པ། །གང་དང་གང་ལ་འདྲི་བྱེད་རེག་།དེ་ལ་མཚན་མ་རྣམ་པར་བསྟན། །མ་རིག་རྒ་ཤི་སྐྱེ་བ་དང། །སྲེད་པ་ལེན་པ་སྲིད་པ་དང། །ཚོར་བ་རེག་པ་སྐྱེ་མཆེད་དྲུག་།མིང་གཟུགས་རྣམ ་ཤེས་འདུ་བྱེད་དོ། །ཡི་གེ་འདི་རྣམས་འཁོར་ལོ་ནི། །མཁས་པས་ཡང་དག་བྲི་བར་བྱ། །བསམ་པ་བསྟན་ཕྱིར་བཤད་པ་མ་ནོར་བ། །བཅོམ་ལྡན་འདས་གསུངས་བཞིན་དུ་འདི་ནི་བྲིས། །ལྷ་མཉེས་པ་དང་རིག་པ ་གོམས་བྱ་དང། །ཡང་དག་སྨན་བཟོ་མཁས་པས་རབ་འབད་བྱ། །ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མཛད་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། ཤཱ་རི་པུ་ཏཱཥྚ་ཀ་།བོད་སྐད་དུ། ཤཱ་རིའི་བུའི་བརྒྱད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན། །འགྲོ་བའི་དགེ་དང་མི་དགེ་གང། །ཤེས་རབ་ཆེན་པོའི་ཤཱ་རིའི་བུས། །སྟོན ་པ་ལ་ནི་ཡོངས་སུ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །རི་རབ་ལྷུན་པོ་གྲུ་དང་ཟླ། །བྱ་རོག་སེང་གེ་ཅེ་སྦྱང་དང། །ཞོ་བུམ་དང་ནི་མེ་ཡི་ཐབ། །རྩིབས་བརྒྱད་བསམ་མོ་ཤཱ་རིའི་བུ། །སངས་རྒྱས་ཀུན་གྱི་བདེན་པ་གང།། ་ཆོས་དང་འཕགས་པའི་ཚོགས་ཀྱི་ཡང། །དགྲ་བཅོམ་རྣམས་ཀྱི་བདེན་པ་གང། །བདེན་པ་དེ་ཡིས་འདི་ལ་མཛོད། །རི་རབ་ལྷུན་པོ་ལ་རེག་ན། །ཇི་ལྟར་འདི་ནི་ལེགས་པར་གནས། །གཡོ་བ་མེད་པའི་གནས་ཐོབ་འགྱུར། །གཡོ་བ་དེ་ལ ་ཡོད་མ་ཡིན། །གྲུ་ལ་མི་གཡོ་གཡོ་མེད་དེར། །དེ་ཡི་འབྲས་བུ་ཐོབ་པར་འགྱུར། །ལྷ་ཡི་རྣལ་འབྱོར་གྱིས་གནས་ཏེ། །རེས་འགའ་ཉིད་མིན་བལྟ་བར་བྱ། །ཟླ་བས་ངེས་པར་དོན་འགྲུབ་ཅིང། །དེར་ནི་ཡང་དག་ཕྲད་པ་ཡང། །ཡིད ་ལ་བསམས་པ་ཀུན་ཐོབ་ཅིང། །གྲགས་པ་དབང་ཕྱུག་ཉིད་ཀྱང་ངོ། །བྱ་རོག་ལ་ནི་གནས་དང་འགྲོ། །ནད་ནི་ཡུན་རིང་ངེས་པར་བརྟན། །དེ་ལ་དོན་མེད་མཐོང་འགྱུར་ཏེ། །དེ་ཡི་དོན་ནི་སྤང་བར་བྱ། །སེང་གེས་ངེས་པར་དོན་འགྲུབ་ཅིང། །དགེ་དང ་ཞི་དང་འཁྲུག་པ་མེད། །སྒྲག་པ་མེད་ཅིང་འཁྲུལ་མེད་པ། །གྲུབ་ཅིང་དབང་ཕྱུག་ཉིད་ཀྱང་ངོ། །ཅེ་སྤྱད་ལ་ནི་ཆོམ་རྐུན་འཇིགས། །མི་མཛའ་བ་དང་ཡང་དག་ཕྲད། །དོན་མེད་སེམས་འཁྲུགས་འཇིགས་འགྱུར་བ། །དེ ་དོན་ཡོངས་སུ་སྤང་བར་བྱ། །ཞོ་བུམ་ལ་ནི་ནོར་ཐོབ་ཅིང། །ཤིན་ཏུ་མཛའ་དང་ཡང་དག་ཕྲད། །ཡིད་ལ་བསམས་པ་ལེགས་ཐོབ་ཅིང། །དབང་ཕྱུག་འཕེལ་བ་ཉིད་ཀྱང་ངོ། །མེ་ཐབ་ལ་ནི་འཇིགས་དང་བསྲེག། ་གང་གི་ཡིད་ནི་གདུང་བ་སྐྱེ། །ན་བ་དང་ནི་འཚོ་བ་ཡང། །ཐེ་ཚོམ་ཟ་བའི་མེ་འབར་འགྱུར། །ཤཱ་རིའི་བུའི་བརྒྱད་པ་རྫོགས་སོ། །།བལ་པོ་རྫོང་དུ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བུདྡྷ་ཤྲཱི་ཛྙ་ནའི་ཞལ ་སྔ་ནས་མཉན་ནས། མང་དུ་ཐོས་པའི་ལོཙྪ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས།། སྟག་ལོ་ས་གའི་ཉ་ཡོངས་སུ་གང་བའི་སྔ་དྲོ། །དབྱུ་གུ་ལྔའི་ཡུན་ལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རབ་ཏུ་དགེ་བར་གྱུར་ཅིག། ་