| Wylie | e-texts based on the ACIP/ALL Input |
text in 2 volumes
volume 1 (gso rig (se)) - volume 2 (gso rig (he)) -
བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པ་ནད་སྦྱང་བའི་སྨན་སྡེ་སྣ་ཚོགས་འདུས་པར་བཤད་པའི་ལེའུ་བཅོ་ལྔ
་པ་བཤད་པར་བྱའོ། །སྐྱུགས་སྨན་གྱི་སྡེ་ལ། སྨན་པོ་སོན་ཆ་དང། ཤིང་མངར་དང། ཀ་ལཾ་པ་དང། ནིམཔ་དང། པིསྤི་དང།
་བི་ཤ་ལ་དང། ག་གོན་རོ་ཁ་བའི་ཐོར་ཏོ་དང། འབྲས་བུ་དང། ཨིནྡྲ་ཡ་བ་དུག་མོ་ཉུང་དང། མུརྦ་དང། དེ་བ་ཏ་ལི་དང། ལྟོའི
་སྲིན་བུ་གསོད་པའི་བི་ཏཾ་ཀ་དང། བི་དུལ་དང། ཙི་ཏྲ་ཀ་ཀྲུ་ཏྲུག་ཏྲེས་དང། པ་ཏོ་ལའི་ས་བོན་དང། ཀརཉྫ་དང། པི་པི་ལིང་དང།
་ལྕེ་མྱང་ཚྭ་དང། ཤུ་དག་དང། སུག་སྨེལ་དང། ཡུངས་ཀར་དང། འདི་རྣམས་ནི་སྐྱུགས་སྨན་དུ་བཏང་བའི་སྨན་གྱི
་སྡེའི་རྣམ་གྲངས་སུ་གཏོགས་སོ། །དེ་ལ་བཀྲུ་སྨན་དུ་གཏོང་བའི་སྨན་ནི། ཏྲི་བ་ཏི་དང། ཤིང་ཉེ་རོང། དནྟི་དང། འབྲས་བུ་གསུམ་པོ
་ཨ་རུ་ར་དང། བ་རུ་ར་དང། སྐྱུ་རུ་ར་དང། བི་ཤ་ལའི་རྩ་བ་དང། ཤིང་གི་ཁུ་བ་སྦུ་ཧག་ཤི་ར་དང། མེ་ཏོག་ཤང་གི་ནི་དང། ནི
་ལི་དང། རོ་དྷ་སེང་ཕྲོ་མ་དང། དོང་ཀ་དང། ཀི་བི་ལྱ་ཀ་དང། སུར་བར་ན་ཤི་ར་དང། བྱ་ར་ནུ་དང། བ་གཅིན་དང། འདི་རྣམས
་ནི་བཀྲུ་སྨན་དུ་གཏོགས་སོ། །བཀྲུ་སྨན་མས་བཏང་བའི་སྨན་གྱི་སྣ་གྲངས་ནི། པོ་སོན་ཆ་དང། དུག་མོ་ཉུང་དང། རུ་རྟ་དང། དེ་བ་ཏ་ལི་དང། ཤིང་མངར་དང།
་ཤུ་དག་དང། རྩ་བའི་སྨན་སྣ་བཅུ་ལ། ས་ལ་པརྞི་དང། པྲིཥྞ་པརྞི་དང། ཀཎྚ་ཀཱ་རི་དང། བྲི་ཧ་ཏཱི་དང། གཟེ་མ་ཐོག་དྲུང་རྩ་ཐོན་དང། འདི་རྣམས་ནི་སྨན
་གྱི་རྩ་བ་ཕྲ་མོ་ལྔ་ཞེས་བྱའོ། །བིལ་བའི་རྩ་བ་དང། ཨ་གྲིན་མནྠ་དང། སྱོ་ན་ཀ་དང། ཏཾ་པ་ལ་དང། པ་ཏ་ལི་དང། འདི་ལྔའི་རྩ་བ་ནི་རྩ་བ་ཆེན་པོ་ལྔ་ཞེས་བྱ་སྟེ། རྩ
་བ་ཆེ་ཕྲ་གཉིས་གཅིག་ཏུ་བསྡུས་པ་ནི་རྩ་བ་བཅུ་ཞེས་བྱ་བ་དང། དེ་བ་ད་རུ་ཐང་ཤིང་དང། ར་སྣ་དང། ཡ་བ་ནི་ལ་ལ་བུད་དང། ཤ་ཏ་པུཥཔ་ཤ་ཏི་དང། ཀྲི
་ཏ་བེ་དྷ་ན་དང། རྒྱ་སྲན་ནག་པོ་དང། སྦྲང་རྩི་དང། ཙ་མྱང་ཚྭ་འམ། རྒྱམ་ཚྭ་ཤིང་ཉེ་རོང་འདི་རྣམས་ནི་བཀྲུ་སྨན་མས་བཏང་བའི་སྡེ་ཚན་དུ་གཏོགས་སོ།།
་མགུལ་པ་ཡན་ཆད་མགོའི་ནད་དང། མིག་ནད་དང། སྣ་ནད་དང། ལྐོག་ནད་ལ་སོགས་པ་ཅི་ན་ཡང་རུང་སྟེ། སྨན་སྣ་ནས་བཏང་ཞིང་ནང་སྦྱང་བའི་སྨན
་སྡེ་ལ། བེལ་ལ་དང། ཨ་པ་མརྒ་དང། ཚ་བ་རྣམ་པ་གསུམ་པོ་ན་ལེ་ཤ་མ་དང། ལི་དོང་ར་དང། པི་པི་ལིང་དང། སྐྱེར་པའི་རྩ་བ་དང། སུ་ར་ལའི་ས་བོན་དང། ཤི་རི་ཤའི
་མེ་ཏོག་དང། འབྲས་བུ་དང། རྩ་བ་དང། བྲི་ཧ་ཏིའི་ལོ་མ་དང་མེ་ཏོག་དང། འབྲས་བུ་དང། སྡོང་བུ་དང། རྩ་བ་དང་སྣ་ལྔ་དང། ཤི་ཀྲུའི་ལོ་མ་དང། མེ་ཏོག་དང།
་འབྲས་བུ་དང། སྡོང་བུ་རྩ་བར་བཅས་པ་ལྔ་དང། སེང་ལྡེང་དང། ཤིང་མ་དུ་ཀེའི་མེ་ཏོག་དང། རྒྱམ་ཚྭ་དང། མིག་སྨན་སྐྱེར་ཁཎྜ་དང། ཕ་བོང་གི་དྲེག་པ
་དང། སུག་སྨེལ་དང། ལྡུམ་བུ་སྲིས་ཙི་ཀ་དང། སྨན་སྡེ་འདི་རྣམས་ནི་མགུལ་པ་ཡན་ཆད་ཀླད་པའི་ནད་ཐམས་ཅད་སེལ་ཅིང་སྦྱོང་བའི་སྨན་དུ་གཏོགས་སོ། །དེ
་ལ་རླུང་ནད་སེལ་ཅིང་ཞི་བར་བྱེད་པའི་སྨན་གྱི་རྣམ་གྲངས་ནི། དེ་བ་དཱ་རུ་ཐང་ཤིང་དང། རྒྱ་སྦོས་དང། རུ་རྟ་དང། སྨན་གྱི་རྩ་བ་བཅུ་རྣམས་དང། བ་བླ་དང། ཨ་ཏི་པ་ལ་དང། སྨན་བིར་ཏ་རའི
་སྡེར་གཏོགས་པ་ལ་སོགས་པ་དང། སྨན་བི་ད་རའི་སྡེར་གཏོགས་པ་རྣམས་ནི་རླུང་ནད་སེལ་ཏོ། །མཁྲིས་པའི་ནད་ཚ་བ་རྣམས་སེལ་བའི་སྨན་གྱི་སྡེ་ནི། རྩ་དུརྦ?་དང། པཱུརྞ་རྣ་བ་དང། ནིམྦ་དང། སྨན
་བ་ཤ་ཀའི་ལོ་མ་དང། རྩ་བའི་བར་དུ་སྣ་ལྔ་དང། ཨཏྨ་གུཔཏ་ཁ་སྲལ་ཕྲེའུ་དང། འོ་མ་སེའི་རྩ་བ་དང། ཉེའུ་ཤི་ལ་དང། ཤི་ཏ་པ་ཀི་དང། གནདྷ་པྲི་ཡཾ་ཀུ་དང། ཤིང་ནྱ་གོ་དྷ་ལ་སོགས་པ་དང།
་ཤིང་ཤུག་པ་དང། སྨན་ཐི་ར་རྣམ་གཉིས་དང། པདྨའི་ཟ་བ་དང། ཐལ་ཏྲེས་ལ་སོགས་པ་འདི་རྣམས་ནི་མཁྲིས་པའི་ནད་སེལ་ཏོ། །བད་ཀན་གྱི་ནད་རྒྱས་པ་ལ་ནི་དོང་ཀ་ལ་སོགས་པ་དང། ཤི
་ཨརྐ་ལ་སོགས་པའི་ལོ་མ་མེ་ཏོག་སྣ་ལྔར་བཅས་པ་དང། ཤིང་མུ་སྐ་ཀ་ལ་སོགས་པ་རྩ་བ་དང་འབྲས་བུར་བཅས་པ་སྣ་ལྔར་བཅས་པ་དང། ཤིང་ཨོ་ས་ན་ལ་སོགས་པའི་རྩ་བ་དང། འབྲས
་བུའི་བར་སྣ་ལྔ་དང། བྱེའུ་དུག་པ་ལ་སོགས་པ་དང། གླ་སྒང་ཆེན་པོ་ལ་སོགས་པ་དང། ཨིནྡྲ་ཡ་དུག་མོ་ཉུང་ལ་སོགས་པ་སྨན་སྡེ་འདི་རྣམས་ནི་བད་ཀན་སེལ་བར་བྱེད་དོ། །སྨན་ཛི་བནྟའི་སྡེར
་གཏོགས་པ་ལ། ཛི་བནྟི་དང། རམ་ཉེ་བ་རྣམ་གཉིས་དང། མེ་ད་དང། མཧཱ་མེ་ད་རྣམ་གཉིས་དང། མོན་སྲན་སྡེའུ་མུངྒ་དང། མོན་སྲན་མ་ཤ་གཉིས་ཀྱི་ལོ་མ་དང། ལྡུམ་བུ་རི་ཤ་བྷ་ག་ཟངས
་རྩི་བ་དང། ཛི་བ་ཀ་དང། ཤིང་མངར་དང། འདི་བཅུའི་མིང་ནི་འཚོ་བྱེད་ཅེས་བྱའོ། །ཡང་ཁར་ཞིམ་ལ་ལུས་ཀྱི་ཤ་མཚག་ཚོན་པོར་བྱེད་ཅིང་རླུང་ནད་དང་མཁྲིས་པའི་ནད་སེལ་བའི་སྨན་སྡེའི་རྣམ་གྲངས
་ལ། བི་ད་ར་དང། དོང་ཀ་དང། འབྲི་ལྕི་ཀ་ལི་དང། པུརྞ་རྣ་བ་དང། དེ་བ་དང། ས་ཧ་དེ་བ་དང། པུ་པ་པརྞྱ་དང། ཁ་སྲལ་དང། ཛི་བ་ཏི་ཙ་ཕྲ་མོ་སྣ་བཅུ་དང། ཤིང་ཤ་རི་བ་ཐལ་ཏྲེས་ཀྱི་རྩ་བ་དང།
་ལྕུག་མ་དང། ཧཾ་ས་པ་ཏི་དང། དེ་ལྟར་འདི་རྣམས་ཀྱི་སྤྱིར་བི་ད་རིའི་གྲངས་སུ་གཏོགས་ཏེ་སྙིང་ལ་ཕན། ཤ་མཚག?་རྟ། རླུང་དང་མཁྲིས་པའི་ནད་སེལ། ལུས་སྐེམ་པ་ཤ་སྐྱེ། །སྐྱན་དང་ལྷུ་ཚིགས
་དང། ཉ་བཞིན་པ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་དང། འདི་རྣམས་སེལ་ཅིང་ཕན་པའི་གྲངས་སུ་གཏོགས་སོ། །ཡང་ལུས་ཚ་བ་དང། ཁྲག་དང་མཁྲིས་པ་རྒྱས་ཏེ་སྐོམ་དང་ཆེ་ཞིང
་རིམས་ཀྱིས་བཏབ་པ་འདི་རྣམས་སེལ་བའི་སྨན་ནི། ཤིང་ཤ་རི་ར་བ་ཐལ་ཏྲེས་དང། ཨུ་ཤིར་དང། ཀ་མ་རི་ཏདྭ་ལ། ཤིང་མ་དུ་ཀ་ཞེས་བྱ་བ་དང། ཙན་དན་དཀར་པོ་དང། དམར་པོ་སྣ་གཉིས
་དང། ཤིང་མངར་དང། བ་རུ་ཤ་ཀ་དང། འདི་རྣམས་ཚ་བའི་ནད་དང་མཁྲིས་པའི་ནང་དང། ཁྲག་རྒྱས་པ་དང། སྐོམ་དང་ཆེ་བ་དང། རིམས་ཀྱིས་བཏབ་པ་ལ་ཕན་ནོ། །ཤིང་ཤུག་པ་དང། ལི་ཁ་རའི་ཤིང་པུནྟྲ་གཉིས་དང། རིདྡྷི་དང། བྷྲིདྡྷི་དང།
་རི་དགས་ཀཌཀ?་ཏའི་རྭ་ཤིང་གི་ཞེས་བྱ་བ་དང། སླེ་ཏྲེས་དང། རྫི་བ་ན་སྣ་བཅུ་དང་འདི་རྣམས་ནི་ནུ་ཞོ་སྐྱེ། རླུང་ནད་དང། མཁྲིས་པའི་ནད་སེལ། ལུས་ཉམས་ཆུང་ཞིང་ཁོང་པ་རྨྱ་བ་ལྟ་བུ་ལ། ཁོང་རྟ་ཤ་ཆེར་སྐྱེ། ཆོང?་བར་བྱེད། བུད་མེད་ལ་ཉལ་ཕོད་པར
་འགྱུར་རོ། །ཡང་སྨན་པ་རུ་ཤ་ཀ་དང། འབྲས་བུ་གསུམ་པོ་ཨ་རུ་ར་དང། བ་རུ་ར་དང། སྐྱུ་རུ་ར་དང། རྒུན་འབྲུམ་དང། ཤིང་ནི་ཧི་རི་ཀད་པ་ལའི་ཤུན་པ་དང། ཤིང་ཀ་ཏའི་འབྲས་བུ་དང། ཤིང་ཏོག་ར་ཛ་ད་ན་དང། བལ་པོ་སེའུ་འབྲས་བུ་དང།
་རྒྱ་སྣེའུ་དང་འདི་རྣམས་སྐོམ་དང་ཆེ་བ་དང་ཆུ་སྲི་བ་དང་རླུང་ནད་སེལ་ཏོ། །ཡང་ལིག་བུ་མིག་དང། གནད་པྲི་ཡཾ་གུ་དང། སྤང་སྤོས་དང། མེ་ཏོག་པདྨ་དང། མེ་ཏོག་ཨུཏཔ་ལ་དང། སྐྱེར་ཁནཊ་དང། སུག་སྨེལ་དང། ཤིང་མངར་དང། ནཱ་ག་གསེར་དང།
་འདི་རྣམས་ནི་དུག་ནད་སེལ། ལུས་ཚ་བ་དང། མཁྲིས་པ་རྒྱས་པའི་ནད་སེལ་ཏོ། །པ་ཏོལ་དང། ཀ་ཏུ་ཀ་རོ་ཧི་ནི་པུ་ཙ་ཤེལ་དང། ཙན་དན་དཀར་པོ་དང། ཤིང་མངར་དང། སླེ་ཏྲེས་དང། ཤིང་པ་ཐ་དང། འདི་རྣམས་ནི། བད་ཀན་དང། མཁྲིས་པ་དང
་མཛེ་དང། རིམས་དང། དུག་དང། རྟག་ཏུ་སྐྱུག་བྲོ་བ་དང། ཟས་ཡི་གར་མི་འོད་བ་དང། མིག་སེར་གྱི་ནད་དང་འདི་རྣམས་སེལ་ཏོ། །ཡང་གུ་རུ་རྩེ་སླེ་ཏྲེས་དང། ཤུག་པ་དང། ཤིང་ནི་མཔ་དང། འུ་སུའི་འབྲས་བུ་དང། ཙན་དན་དམར་པོ་དང། འདི
་རྣམས་ནི་མཁྲིས་པ་དང། བད་ཀན་རྒྱས་པ་དང། རིམས་ཀྱིས་བཏབ་པ་དང། སྐྱུག་བྲོ་བ་དང་།ལུས་ཚ་བ་དང། སྐོམ་དང་ཆེ་བ་དང། ནད་འདི་རྣམས་ཀྱང་སེལ། ཟས་འཇུ་ཕོ་བའི་དྲོད་སྐྱེ། དོང་ག་དང། ཨིནྡྲ་ཡ་བ་དུག་མོ་ཡུངས་དང། པ་ལིའི་མེ་ཏོག་
་དང། ཀ་ཀ་ཏིཀྟ་དང། ནིམྦ་དང། སླེ་ཏྲེ་ས་དང། རྩཝ་དུརྦ་དང། ཤིང་མངར་དང། བ་ཐ་དང། ཙི་ར་ཏིཀྟ་ཞེས་བྱ་བ་ཅི་སྐྲིགས་དང། ཤེའི་རྒྱ་ག་ནི་ལ་པུཥཔ་དང་བ་ན་ཞེས་ཀྱང་བྱ་བ་དང། བ་ཏོ་ལ་དང། ཀ་ན་ཛ་རྣམ་གཉིས་དང། སཔཏ་ཙྭ
་ཞེས་བྱ་བ་དང། ཤིང་གི་འདབ་མ་རྣམ་བདུན་དང། ཙི་ཏྲ་ཀ། ཀྲུ་ཏྲུག་ཏྲེས་དང། སུ་ཤ་བི་དང། པོ་སོམ་ཆ་དང། ཤིང་བ་ན་དང། གོན་ཏ་དང། འདི་རྣམས་འདྲ་སྟེ་དོང་ཀ་ལ་སོགས་པ་སྐྱུགས་པ་གཅོད། མཛེ་དང། དུག་དང། རིམས་དང། བད་ཀན་རྒྱས་པ
་དང། གཡན་པ་དང། གཅིན་སྙི་བ་དང། རྨ་དེ་པ་འབྱད་དོ། །ཡང་ན་སཔཏ་ཚ་དང་ཤིང་ལོ་མ་བདུན་པ་དང། ཤིང་ཏི་ནི་ཤ་དང། གྲོ་བ་དང། ཤྭེ་ཏ་བ་ཧ་དང། སྲི་ཀི་ཡ་ཀ་དང། ཤིང་སེང་ལྡེང་དང། ཤིང་ཀ་ཏ་ར་དང། བྷནདྷི་དང། ཤིང་ཤ་བ་དང། མེ་ཤ
་ཤྲཱི་ག་དང། ཏྲི་ཧི་མ་དང། ཏ་ལ་དང། རྒྱ་སྐྱེགས་ཀྱི་ཤིང་དང། ཨ་ཀ་རུ་དང། རྒྱ་སྣེའུ་དང། ཤིང་སཱ་ལ་དང། ཤིང་དྷ་བ་དང། ཀ་བུ་ཀ་དང། ཀ་ལི་ཀ་ཞེས་བྱ་བ་དང། ཨིནྡྲ་ཡ་བ་དུག་མོ་ཉུང་དང། ཚ་ག་ཀརྣ་དང། ཨ་ཤྭ་ཀརྣ་ཐ་དམས་དང།
་དེ་ལྟར་ཨ་ས་ན་ལ་སོགས་པ་སྨན་འདི་རྣམས་ནི། ཤ་བཀྲ་དང། མཛེ་དང། བད་ཀན་གྱི་ནང་དང། ཁོང་ན་སྲིན་བུ་ཡོང་པ་སེལ། ནད་སྐྱ་རྦབ་དང། གཅིན་སྙི་བ་དང། ཚོ་ཆེས་པའི་ཚིལ་ནང་འདི་རྣམས་སེལ་ཏོ། །ཤིང་བ་རའི་མེ་ཏོག་དཀར་པོ་དང། ཤིང
་ཤི་རྒྱ་ཀའི་མེ་ཏོག་སྔོན་པོ་ལ་ན་པ་དང། ཉི་འུ་ཤིང་པ་དང། ཙི་ཏྲ་ཀ་དང། མོ་ར་ཏ་དང། ཤིང་བིལྦ་དང། ཨ་བྲ་ཤྭ་གི་དང། བྲི་ཧ་ཏཱི་རྣམ་གཉིས་ཀ་རཉྫ་རྣམ་གཉིས། ཛ་ཡ་རྣམ་གཉིས་ལ། ཨག་ནི་མན་ཐ་སྣ་གཉིས་དང། ཤིང་ཤི་ཀྲུའི་འདབ་མ། པོའུ་བ
་ལ་བ་དང། རྩཝ་ཀུ་ཤ་དང། རུ་རྟ་འདི་རྣམས་ནི་ཤིང་བ་ར་ན་ལ་སོགས་པ་ཞེས་བྱ་སྟེ། བད་ཀན་གྱི་ནད་དང། ཚོ་ཆེས་ཏེ་ཚིལ་སྐྱེས་པའི་ནད་དང། ཟས་མི་འཇུ་སྟེ་དྲོད་ཆུང་བ་ལས། རླུང་ནད་ཆེར་སྐྱེས་པ་སེལ་ཀླད་པ་ན་བ་ལ་ཕན། སྐྲན་དང། ཨནྟ་བིཏྟ་བྷི
་ཁོང་འབྲས་འདི་རྣམས་སེལ་ཏོ། ཡང་སྨན་བྲི་ཤ་ཀ་དང། སྤངས་མ་དང། ཤིང་ཀུན་དང། ནག་ཚུར་རྣམ་གཉིས་ཏེ། ནག་ཚུར་དང། རྣག་ཚུར་བྱ་བལ་མ་དང། རྒྱམ་ཚྭ་དང། ཤི་ལ་ཛ་ཏུ་དང། འདི་རྣམས་ནི་ཆུ་སྲི་བ་དང། རྡེའུ་ཡོད་པ་དང། ཁོང་ན་སྐྲན་ཡོད་པ་དང
་ལུས་ཀྱི་ཚིལ་ཆེས་བ་དང། བད་ཀན་སེལ་ཏོ། །སྨན་བེ་ལནྟ་ར་དང། ཨ་རནྣི་དང། སུ་ག་དང། བྲི་ཤེ་དང། ཨ་ཤམ་བེ་ཏ་སྲུ་སྲུ་དང། གོ་ཀནྟ་གཟེ་མ་དང། ཀ་ཏ་དང། ས་ཧ་ར་ཙ་དང། བ་ན་ནི་ལ་ཕུས་པ་དང། རྩཝ་དུརྦ་དང། བྲིཀྵ་ད་ནི་དང། ན་ལ་ཀུ་ཤ་རྣམ་གཉིས
་དང། ཀུན་དང། གུནྡྲ་དང། བ་ལུ་ཀ་དང། མོ་ར་ཏ་དང། ཀ་རུ་ཀ་ཏ་དང། ཤིང་ར་མ་པ་དང། བ་རྟ་དང། སྨན་སྡེ་འདི་རྣམས་ནི། རླུང་ནང་དུ་གྱུར་པ་སེལ། ཆུ་སོ་ན་རྡེའུ་ཡོད་པ་དང། གཅིན་སྲི་སྟེ། འོད་དུ་མི་རུང་བ་དང། འདི་རྣམས་སེལ་ཏོ། །ཡང་སྨན་ཤ
་བ་ར་ཀ་རོ་སེང་ཕྲོམ་དང། པཏྠི་ཀ་རོ་དྷྲ་དང། རྒྱ་སྐྱེགས་སྐྱི་ཤིང་དང། ཛིནྫི་ནི་དང། ཐང་ཤིང་བརླ་དང། ཤིང་ཀཏཔ་ལའི་ཤུན་པ་དང། ཀུཏྩི་ཏི་བ་དང། ལྡུམ་བུ་ཆུ་སྐྱེས་ཀྱི་མེ་ཏོག་དང། མེ་ཏོག་གི་རྩ་བ་དང། ཤིང་ཨ་ཤྭ་ཀ་དང། ཤིང་བི་ཏ་ཤྭ་ཀ་དང། ཨེ
་ལ་བ་ལུ་ཀ་དང། ས་རི་བེལ་བ་དང། མོ་ཚ་རྣམས་ཏེ། དེ་ལྟར་སྨན་རོ་དྷཱ་ལ་སོགས་པ་འདི་དག་ནི་ཚིལ་ཆེ་བ་དང། བད་ཀན་གྱི་ནད་སེལ་བར་བྱེད། བུད་མེད་ཀྱི་མངལ་ན་བ་ལ་ཕན། འཁྲུ་བ་གཅོད། ཤ་མདོག་བཟང་བར་འགྱུར་རོ། །དུག་ནད་སེལ་ཏོ། །ཤིང
་ཨར་ཀའི་རྩ་བ་དང། ཤིང་ཨ་ལརྐ་དང། ན་ག་དནྟི་དང། བིལ་ཤལྱ་དང། བྷརྒི་དང། ར་སྣ་དང། བྲིས་ཙི་ཀ་ལི་དང། སྲི་ཀཾ་རྒྱ་དང། ཤིང་ཨ་བ་མརྒྷའི་མེ་ཏོག་དང། བི་ཏ་ཏེ་ལ་ཞེས་བྱ་བ་ཀ་ཀ་ད་ནི་དང། ཨུ་ད་ཀི་རྱ་དང། མ་ཧཱ་ཤེ་ད་དང། ཤིང་ཨིདྒུ་དང།
་དེ་ལྟར་ཨརྐའི་སྡེར་གཏོགས་པ་སྨན་འདི་རྣམས་ནི་བད་ཀན་རྒྱས་པ་དང། ཚིལ་ཆེས་པ་དང། དུག་ནད་རྣམས་སེལ་ཏོ། །ལྟོ་ན་སྲིན་བུ་ཡོད་པ་དང། མཛེ་ནད་ཞི་བར་བྱེད། ལྷག་པར་ནི་རྨ་རེད་པར་འབྱེད་སྟེ་འཆེའོ། །བྱེའུ་རུག་པ་རྣམ་གཉིས་ཏེ་ནག་པོ་དང
་སེར་པོ་དང། ཀུ་ཐེ་ར་ག་ཟིམ་ཐིག་ལེ་དང། ཀ་ལ་མ་ལ་དང། སྲིན་བུ་སེལ་བའི་སྨན་བྱི་ཏང་ག་དང། ཁ་ར་བཏྟ་དང། བྲི་ཤ་ཀརྣི་དང། ཀཏཔ་ལ་ཞེས་བྱ་བ་རོ་ཧི་ནི་དང། ཀ་སཾ་མརྡ་ཀ་དང། ཤ་བ་ཀ་དང། ཤིང་ཀ་བི་ཏའི་ལོ་མ་དང། བྷར
་གྱི་ཀ་བྲའི་རྩ་བ་དང། རཀྟ་མཉྫི་རི་དང། ཀ་ཀ་མ་ཙི་མོན་སྣེའུ་དང། ཀུ་ལ་ཧ་ར་དང། བི་ཤ་མུསྠི་དང། བུ་ཏྲི་ན་དང། བུ་ཏ་ཀེ་ཤི་བཾ་པོ་དང། སྨན་འདི་རྣམས་ནི་བྱེའུ་རུག་པ་ལ་སོགས་པའི་གྲངས་སུ་གཏོགས་ཏེ། བད་ཀན་རྒྱས་པ་དང། ཚིལ་ཆེ་བ་དང
་ལྟོ་ན་སྲིན་བུ་ཡོད་པ་དང། འདི་རྣམས་སེལ། ཆམ་བ་ན་བ་དང། ཟས་ཡི་གར་མི་འོང་བ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་དང། འདི་རྣམས་ལ་ཕན་ཏེ་རྨ་རེད་པ་འབྱང། མུསྐ་ཀ་དང། སུ་དྷ་ཤི་རི་དང། འབྲས་བུ་གསུམ་སྟེ། ཨ་རུ་ར་དང།
་བ་རུ་ར་དང། སྐྱུ་རུ་ར་དང། ཙི་ཏྲ་ཀ་དང། རྒྱ་སྐྱེགས་ཤིང་དང། ཤིང་དྷ་བ་དང། ཤིཾ་ཤ་བ་དང། འདི་རྣམས་ནི་སྐྲན་དང། གཅིན་སྲི་བ་དང། ཆུ་སོ་ན་དྷེའུ་ཡོད་པ་དང། སྐྱ་རྦབ་ཀྱི་ནད་དང། ཚིལ་ཆེ་བ་དང། གཞང་འབྲུམ་གྱི་ནད་དང། བད་ཀན་དང།
་ཁུ་ཆུ་རྣམས་སེལ་བར་བྱེད་དོ། །དུག་མོ་ཉུང་དང། ཤིང་མུར་བ་དང། པུ་ཙེ་ཤེལ་དང། ན་ལེ་ཤཾ་དང། ཨལྦི་ཤ་དང། གནདྷི་ར་ཆུ་སྒོ་ག་དང། སུག་སྨེལ་དང། བ་ཐ་སྣ་གཉིས་དང། ཛི་ར་དང། ཤིང་ཨ་ར་ལའི་འབྲས་བུ་དང། ཨ་ཛ་མོ་ད་དང།
་ཡུངས་ཀར་དང། ཤུ་དག་དང། ཟིར་ནག་པོ་དང། ཤིང་ཀུན་དང། སྲིན་བུ་སྨན་བི་དང་ཀ་དང། པ་ཤུ་གན་ད་དང། པཉྩ་ཀོ་ལ་ཞེས་བྱ་བ། པི་པི་ལིང་དང། པི་པི་ལིང་གི་རྩ་བ་ལ་བརྩེ་ལག་དང། དབྱི་མོའི་ལོ་མ་དང། ཙི་ཏྲ་ཀ་དང། ལི་དོང་ར
་འདི་ལྔ་དང། སྨན་དེ་རྣམས་ནི་རླུང་དང། བད་ཀན་དང། ཚིལ་ཆེས་པ་དང། ཆམ་པ་དང། སྐྲན་དང། རིམས་ན་བ་དང། གཞང་འབྲུམ་གྱི་ནད་དང་འདི་རྣམས་སེལ་བར་བྱེད་དོ། །ཤུ་དག་དང། གླ་སྒང་ཆེན་པོ་དང། ཐང་ཤིང་དང། སྒྲོན་ཤིང་དང། ལི་དོང་ར
་དང། བོང་ང་དང། ཨ་རུ་ར་དང། སྐྱེར་པ་དང། ཡུང་བ་དང། ཤིང་མངར་དང། ཀྲི་སྣ་པརྞི་དང། དུག་མོ་ཉུང་དང། སྨན་འདི་རྣམས་ནི་ཤུ་དག་དང་སྐྱེར་བ་ལ་སོགས་པའི་སྨན་སྡེའི་གྲངས་སུ་གཏོགས་ཏེ། ཟས་མ་ཞུ་བའི་བེའུ་སྣབས་དང། རབ་ཏུ་འཁྲུ་བའི་ནད་རྣམས
་ཞུ་ཞིང་གཅོད་དོ། །ཚིལ་ཆེས་པ་དང། བད་ཀན་རྒྱས་པ་དང། རླུང་ནད་དང། བུད་མེད་ཀྱི་ནུ་མ་ན་བ་འདི་རྣམས་སེལ་ཏོ། གནད་བྲི་ཡང་ཀུ་དང། མིག་སྨན་ར་གན་གྱི་དུད་པ་དང། ལིག་བུ་མིག་དང། སྟང་ཟིལ་དང། མེ་ཏོག་པདྨའི་ཟེ་བ་དང། ལྕིམ་རྩ་དང། བཅོད
་དང། ཡ་བ་ཤ་ཀ་དང། ཤིང་ཤལམ་ཤི་ལི་དང། ཤིང་ཤལམ་ལིའི་ཁུ་བ་དང། པུ་ན་ན་ག་དང། ས་མདྒ་དང། ཙན་དན་དཀར་པོ་དང། མེ་ཏོག་དྷ་ཏ་ཀི་དང། ཨམ་བ་ཤཐ་དང། ཤིང་མངར་དང། ནམ་སྐ་རི་དང། ནམ་ཏི་བྲི་ག་ཤ་དང། རྒྱ་སྐྱེགས་ཤིང་དང། རོ་དྷ
་གསེར་ཕྲོམ་དང། མཛའ་ཏ་ཀི་དང། ཤིང་པིལྤ་དང། བེ་ཤིང་ཀ་དང། ཀ་ཏི་ག་དང། པདྨའི་གེ་སར་ཟེ་བ་དང། སྨན་འདི་རྣམས་ནི་སྨན་སྡེ་རྣམ་གཉིས་ཏེ། གནདྷ་བྲི་ཡང་བུའི་སྡེ་གྲངས་སུ་གཏོགས་པ་དང། སྨན་ཨམ་བཤཐ་ལ་སོགས་པ་དེ་རྣམས་ནི་ཁ་ཟས་ཞུ་བའི
་ཚང་བར་འཁྲུ་བ་གཅོད་དོ། །སྨན་འདི་དག་ནི་འཁྲུ་བ་ཡང་གཅོད། ནང་གི་ཤ་ཚད་དང་པགས་པའི་ཤ་བྱུང་བ་སླར་འཕྲོས་འབྱོར་བར་བྱེད་དེ་ཕན། མཁྲིས་པ་རྒྱས་པ་ལ་ཕན། རྨ་རེད་པ་ཡང་འཚོ་བར་བྱེད་དོ། །གླ་སྒང་དང། ཤུ་དག་དང། ཙི་ཏྲ་ཀ་ཀྲུག་ཏྲུག་ཏྲེས་དང
་སྐྱེར་བ་དང། ཡུང་བ་གཉིས། ཁ་བ་རྣམ་གཉིས་ལ། ཀ་ཏུ་ཀ་རོ་ཧི་ནི་པུ་ཙེ་ཤེལ་དང། ཀ་ཀ་ཏིཀྟ་དང། གོ་བྱེ་དང། བ་ཐཱ་དང། འབྲས་བུ་གསུམ་པོ་ཨ་རུ་ར་དང། སྐྱུ་རུ་ར་དང། བ་རུ་ར་དང། བོང་ང་དཀར་པོ་དང། བོང་ང་ནག་པོ་དང། ཁྲ་བོ་དང། རུ་རྟ་དང། སུག
་སྨལ་དང། ཤུ་དག་དང། འདི་རྣམས་ནི་བུད་མེད་ཀྱི་མངལ་ན་བ་དང། ནུ་མ་ན་བ་དང། དྲི་མ་བཤང་གཅི་བ་དང། རྡུལ་དང། རྡུ་མ་དང། རྣ་སྤབས་ལ་སོགས་པ་སེལ་ཅིང་འབྱང་ངོ། །ཤིང་ཉ་གྲོ་དང། ཤིང་ཨ་ཤྭཏྠ་དང། ཤིང་ཨུ་དུམ་བ་ར་དང། པད་རི་ཀེ?
་རོ་དྷ་སྣ་གཉིས་འཛམ་བུ་གཉིས་ལ། བྲི་ཧད་ཕ་ལ་དང། དྷ་སྭེ་ཕ་ལ་གཉིས། ཤིང་ཨ་ཛུན་དང། ཤིང་སོ་མ་བལྐ་དང། ཤིང་བཱཀྵ་དང། ཤིང་ཨ་མྲ་དང། ཤིང་མཉྫུ་ལ་དང། ཤིང་བི་ལ་ཡ་དང། རྒྱ་སྐྱེགས་ཤིང་དང། ཤིང
་ནན་ཏི་ཀི་ལི་དང། ཤིང་བི་ར་ལ་དང། ཤིང་མངར་དང། ཤིང་མ་དུ་ཀ་དང། འདི་རྣམས་ནི་ཤིང་ཉ་གྲོ་ལ་སོགས་པའི་གྲངས་སུ་གཏོགས་ཏེ། རྨ་འཚེ་སྟེ་ཕན། འཁྲུ་བ་གཅོད། ཆག་ཐུར་བྱུང་ན་འབྱོར། ཚོས་ཏེ་ཚིལ་ཆེས་བ་དང། མཁྲིས་པ་རྒྱས
་བ་དང། ཁྲག་རྒྱས་པ་དང། སྐོམ་དང་ཆེ་བ་དང། ལུས་ཀྱི་ཁོང་ཚ་བ་དང། བུད་མེད་ཀྱི་མངལ་ན་བ་དང། འདི་རྣམས་སེལ་ཏོ་ཕན་ནོ། །སུག་སྨེལ་དང། མ་ཧེ་ལ་དང། ཏུ་རུ་སྐ་དང། རུ་རྟ་དང། གནདྷ་པྲི་ཡཾ་ཀུ་དང། སྤང་སྤོས་དང། བ་ལཾ་བྷཡ་མ་ཀ
་དང། སྤྲིག་ཀ་འབུག་སུག་དང། ཞོག་ཏཾ་ཀུ་དང། །ཙོ་ཙ་དང། གནད་པཏྟར་དང། རྒྱ་སྤོས་དང། སྟི་ནི་ཡ་དང། སྤུ་མ་ཞེས་བྱ་བ་སྲི་ཤིང་གི་མེ་ཏོག་གི་ཁུ་བ་དང། ཉ་ཕྱིས་དང། རྒྱ་མཚོ་ནས་བྱུང་བའི་ཆུ་སྲིན་གྱི་སེན་མོ་དང། ཐང་ཤིང
་དང། ཨ་ཀ་རུ་དང། ཤྲི་བ་ས་ག་དང། གུར་གུམ་དང། ཙན་དན་དང། གུ་གུལ་དང། ས་ཙི་རས་དང། པོག་ཀར་པོ་ནུ་མ་ཀ་དང། སུནརཱ?་མ་དང། ནཱ་ག་གེ་སར་དང། འདི་རྣམས་ནི་སུག་སྨེལ་ལ་སོགས་ཏེ་འདི་དག་དྲི་ཞིམ་པོའི་སྡེར་གཏོགས་ཏེ། རླུང
་ནད་དང་བད་ཀན་རྒྱས་པའི་ནད་སེལ། དུག་ཐུབ། པགས་པའི་ཤ་མདོག་བཟང་པོ་སྡུག་གུར་འགྱུར་རོ། །གཡན་བ་དང། ཐོར་བུ་དང། བས་གླགས་པའི་ནད་འདི་རྣམས་ཀུན་སེལ་ལོ། །ཤྱ་མ་དང། དན་དི་དང། དྲ་བནྟི་དང། ཀ་མུ་ཀ་དང། དྲི་བིད་ཤིང་ཉེ
་རོང་དང། ཤིང་ཁྲི་ནི་དང། པ་ཏ་ལ་དང། སུ་བརྞ་ཤི་རི་དང། ག་བ་ག་ཤི་དང། ཤི་ཁ་རི་དང། ཀི་བི་ལྱ་ཀ་དང། སླེ་ཏྲེས་དང། ཤིང་ཀ་རཉྫ་དང། བ་སྟང་ཏྲི་དང། བྱ་དྷི་ག་ཏ་དང། བྷ་ལ་དང། བ་ཧུ་ར་ས་དང། ཤིང་རོ་ཚ་བ་རྣམས་ཀྱི་འབྲས་བུ་ནི་སྨེན
་ཤ་མ་ལ་སོགས་པའི་སྡེར་གཏོགས་ཏེ། སྐྲན་དང། དུག་འཐུངས་བ་དང། ཟས་ཡི་གར་མི་འོང་བ་དང། བད་ཀན་རྒྱས་པ་དང། སྙིང་ན་བ་དང། ཆུ་འགགས་པ་དང། ནད་འདི་རྣམས་སེལ་ཏོ། །དེ་ལྟར་སྨན་གྱི་སྡེ་གྲངས་སུམ་བཅུ་རྩ་གསུམ་བཤད་པ་ལ། དེ་དག་གི
་ནང་ནས་སྨན་ལ་ལ་མ་རྙེད་ན་ཡང། སྨན་གྱི་རོ་དང། མཐུ་དང་ཡོན་ཏན་འདྲ་བ་ལས་སྨན་སྣ་སྦྱོར་ཅིག་།བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པ་ནད་སྦྱང་བའི་སྨན་སྣ་ཚོགས་འདུས་པར་བཤད་པ། སྨན་སྡེའི་རྣམ་གྲངས་བཤད་པའི་ལེའུ་བཅོ་ལྔ་པ་རྫོགས་སོ།། །།
་སྣུམ་དཔྱད་ཀྱི་ཆོ་གར་བྱ་བ་བཤད་པའི་ལེའུ་བཅུ་དྲུག་པ་བཤད་པར་བྱའོ། །སྣུམ་གྱི་ནང་ན་མཆོག་ནི་རྣམ་པ་བཞི་སྟེ། ཞུན་མར་དང། རྐང་དང། ཚིལ་དང། ཏིལ་མར་དང་བཞིའོ། །དེ་ལྟར་སྣུམ་དེ་དག་ནི་སྤྱིར་ནི་འཇུ་དཀའ་སྟེ་ལྕི། བསིལ་ཁོང་འཁྲུ། ལུས་ཀྱི་ཁོང་སྣུམ
་པར་བྱེད། འཇམ་པར་བྱེད་རྩ་ཐམས་ཅད་དུ་འགྲོ་བས་ན་ཞིབ་མཉེན། ལུས་ཀྱི་ཁོང་རླན་པར་བྱེད་དོ། །ཟས་སྣུམ་བག་འདི་དང་འདྲ་བའི་སྨན་སྣུམ་བག་ཅན་དུ་གཏོགས་པ་ཕལ་ཆེར་ཡང་དེ་དང་འདྲའོ། །སྣུམ་དང་སྨན་དེ་དང་མི་འདྲ་བ་གཞན་ནི་རྩུབ་པ་ཞེས་བྱའོ
་དེ་ལ་ཡང་སྣུམ་དེ་དག་གི་ནང་ཡང་ཞུན་མར་སྨན་དང་སྦྱར་ཏེ་བཅོས་པ་ནི་ཇི་ལྟར་སྦྱར་བ་བཞིན་དུ་ཕན་ནོ། །རྐང་དང་ཚིལ་དང་ཏིལ་མར་གསུམ་ནི་མཁྲིས་པ་དང་བད་ཀན་དང་རླུང་སེལ་ཏོ། །དེ་ལ་ཞུན་མར་བས་ནི་ཏིལ་མར་འཇུ་དཀའ་ཨོ། །ཏིལ་མར་བས་ནི
་ཚིལ་འཇུ་དཀའ་ཨོ། །ཚིལ་བས་ཀྱང་རྐང་འཇུ་དཀའ་ཨོ། །དེ་ལ་སྣུམ་རྣམ་གཉིས་ཞེས་བྱ་བ་ནི་ཞུན་མར་དང་ཏིལ་མར་རོ། །སྣུམ་རྣམ་གསུམ་ཞེས་བྱ་བ་ནི་ཞུན་མར་དང་ཏིལ་མར་དང་རྐང་མར་གསུམ་མོ། །སྣུམ་རྣམ་བཞི་ནི་སྣུམ་དེ་བཞི་ལ་སྣུམ་ཆེན་པོ་བཞི་ཞེས
་བྱའོ། །དེ་ལ་སྣུམ་གྱི་སྨན་དཔྱད་བྱ་བའི་ནད་ནི། ཆང་ནང་དུ་གྱུར་པ་དང། བུད་མེད་ཀྱིས་དུབ་པ་དང། དྲག་ཤུལ་དང། ངལ་བའི་ལས་བྱས་པ་དང། སེམས་ལས་ཆེན་པོ་ལ་ཞུགས་པ་དང། མི་རྒན་པོ་དང། བྱིས་པ་དང་ཉམས་སྟོབས་ཆུང་བ་དང།
་སྐེམ་པོ་དང། ལུས་ཀྱི་ཁོང་ན་སྣུམ་མེད་དེ། རྩུབ་པར་གྱུར་པོ་དང། ཁྲག་ཟད་པ་དང། ཁུ་ཆུ་ཟད་པ་དང་རླུང་ནད་ཀྱིས་ཉམས་ཐག་པ་དང། མིག་རབ་རིབ་ཁྱེར་ཏེ་རྟུལ་བ་དང། རྣ་བ་མི་གསང་སྟེ་ལེགས་པར་མི་ཐོས་པ་དང་འདི་རྣམས་ལྟ
་བུ་ལ། སྣུམ་གྱི་བཅུད་ཀྱིས་ལུས་བརྟ་བར་བྱའོ། །བརྟ་བར་བྱ་བ་དེ་ལ་ཡང་ཐོག་མར་དུགས་བྱས་ལ་ཕྱིས་བཀྲུ་སྨན་གྱིས་བཀྲུས་ཏེ། སྦྱངས་ནས་དེའི་རྗེས་ལ་སྣུམ་གྱི་དཔྱད་བྱའོ། །ཧ་ཅང་ཁོང་པ་མེའི་དྲོད་ཆེས་པ་དང། ལུས་སྦོམ་པོ་དང། ཉམས་ཆུང་ཞིང་རིང་བ
་དང། བརླ་རེངས་པ་དང། ཚད་པར་རབ་ཏུ་འཁྲུ་བ་དང། མ་ཞུ་བའི་བེའུ་སྣབས་ཡོད་དེ་མཆིན་པ་ན་བ་དང། ལྐོག་མ་ན་བ་དང། དབྱིག་དུག་གིས་ཕོག་པ་དང། ལྟོ་བའི་ནང་དུ་དམུ་རྫིང་ལྟ་བུ་དང། བརྒྱལ་བ་དང། རྟག་ཏུ་སྐྱུག་པ་དང། ཟས་ཡི་གར་མི་འོང་བ
་དང། བད་ཀན་གྱི་ནད་ཡོད་པ་དང། སྐོམ་དང་ཆེ་བ་དང། ཆང་གིས་ཕོག་སྟེ་ར་རོ་བ་དང། བུད་མེད་བུ་བཙས་པ་དང། སྨན་སྣ་ནས་བཏང་བ་དང། བཀྲུ་སྨན་གྱིས་བཀྲུས་པ་འདི་ལྟ་བུ་ལ་སྣུམ་གྱི་དཔྱད་བྱ་ཞིང་སྦྱིན་དུ་མི་རུང་ངོ། །དེ་ལ་ཞུན་མར་གྱི་ཡོན་ཏན་ནི་སེམས
་རྣོ་མི་བརྗེད་ཅིང་དྲན་པ་དང། ཡིད་གཞུངས། ལུས་སྐེམ་ཞིང་རིང་པ་འདི་ལྟ་བུ་ལ་ཕན་ནོ། །ཏིལ་མར་ནི་ལྟོན་སྲིན་བུ་ཡོད་པ་དང། ཚིལ་ཆེས་པ་དང། རླུང་ནད་ཅན་དུ་གྱུར་པ་འདི་ལྟ་བུ་ལ་ཏིལ་མར་ཕན་ནོ། །ལུས་ཁོང་ཡང་བ་དང། ལུས་ཁོང་གྲིམས་ཤིང་ཤ
་མཁྲང་བ་དང། ལྟོ་སྲ་བ་འདི་ལྟ་བུ་ལ་རྐང་ཟོས་ན་ཕན་ནོ། །ལུས་ལ་རླུང་དང་ཉི་ཚིན་གྱིས་གདུངས་པ་དང། ལམ་རིང་པོར་བགྲོང་པས་ཁོང་དུ་དུབ་པ་དང། སྨྲ་མངས་པ་དང། བུད་མེད་ལ་དྲགས་པ་དང། དྲག་ཤུལ་དང། ལས་ཆེས་པ་དང། སྲོག
་ཟུངས་བདུན་ལྟ་བུ་ཟད་པ་དང། ལུས་ཀྱི་ཁོང་ན་སྣུམ་མེད་དེ། རྩུབ་པོར་གྱུར་པ་དང་ཉོན་མོངས་པ་བྱས་པས་ལུས་རིང་བ་དང། ཕོ་བའི་དྲོད་ཧ་ཅང་ཆེས་ཏེ་ཟས་ཧ་ཅང་འཇུ་བ་དང། རྩ་སྒོ་ཀུན་རླུང་གིས་འགགས་ཤིང་ཆོད་པ་འདི་ལྟ་བུ་ལ་ཚིལ་ཟོས་ན་ཕན་ནོ།།
་དེ་ལ་ཚིལ་ནི་ལྷག་པར་རུས་པའི་ཚིགས་ཁ་བྱེ་བ་དང། རུས་པ་ཆག་པ་དང་སྣོད་བསྣད་པ་དང། ལྟོ་བའི་ནང་གྲོལ་ན་བ་དང། མེས་ཚིག་པ་དང། ལུས་རྨས་ཏེ་རྨ་བྱུང་བ་དང། རྐང་ལག་གི་ཚིགས་བུར་བ་དང། མོ་མཚན་ན་བ་དང། རྣ་བ་ན་བ་དང། ཀླད་པ་ན་བ་དང།
་འདི་ལྟ་བུ་ལ་ཚིལ་ཕན་ནོ། །ཏིལ་མར་ནི་ལྷག་པར་དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་ར་བའི་ངོ་ལ་ཕན་ནོ། །ཞུན་མར་ནི་སྟོན་ཟླ་འབྲིང་པོ་དང། ཐ་ཆུངས་ཀྱི་ངོ་ལ་ཕན་ནོ། །རྐང་དང་ཚིལ་ནི་དཔྱིད་ཀ་ཕན་ནོ། །སྣུམ་འདི་རྣམས་གང་ཡང་རུང་དུས་ཚིགས་དང་མི་སྦྱོར་བར
་འཕྲལ་གང་བབ་དུ་གཏོང་ན། ཚེས་གྲངས་ཀྱི་ཉི་མ་བཟང་བ་དང། སྤྲིན་དང་ཡུལ་ངན་མེད་ཅིང་ཡུལ་བཟང་བའི་ཚེ་ཐོང་ཞིག་།ཏིལ་མར་ནི་དགུན་ཟླ་གྲང་ལྷགས་པ་ཆེ་བའི་ཚེ་བཏང་ན་ཕན་ནོ། །ཞུན་མར་ནི་དབྱར་ཟླ་ར་བ་དང། འབྲིང་པོ་ཚ་བའི་དུས་ན་མཚན་མོ
་འཐུངས་ན་ཕན་ནོ། །མཁྲིས་པ་དང་རླུང་ནང་དུ་གྱུར་ན་ཞུན་མར་ནི་མཚན་མོ་ཡང་བཏང་དུ་རུང་ངོ། །ཡང་རླུང་དང་མཁྲིས་པ་ལྟ་བུ་ནང་སྣ་གཉིས་འདྲེས་པར་ན་ན། ཏིལ་མར་དང་ཞུན་མར་མཚན་མོ་བཏང་དུ་རུང་ངོ། །རླུང་དང་བད་ཀན་གྱི་ནང་དུ་གྱུར་ན། ཞུན་མར་དང་སྨན་དང་སྦྱར་བ་ཉིན་བར་ཐོང་ཞིག་།དེ་བས་ན་སྨན་ཞུན་མར་དང་སྨན
་དང་སྦྱར་པའི་ཏིལ་དང་ཁ་ཟས་ལ་སོགས་པ་རྣམས་དང། སྨན་མས་བཏང་བ་དང། སྨན་སྣ་ནས་བཏང་བ་དང། ལུས་མར་གྱིས་བསྐུ་བ་དང། སྨན་བསྐོལ་བའི་ཁུ་བ་ཁར་བླུགས་ཤིང་དབོ?་བ་དང། མགོ་དང་རྣ་བ་དང་མིག་ཏུ་སྨན་པ་སྐུ་ཞིང་བླུགས་པ་ལ་སོགས་པ
་རྣམས་ཀྱང་རན་པ་ཙམ་དུ་བཏང་ངོ། །རོ་རྣམ་དྲུག་ལ་སོགས་པ་སྣ་རེ་རེ་བ་དང། རོ་སྣ་གཉིས་པ་དང། རོ་སྣ་གསུམ་པ་དང། སྣ་བཞི་པ་དང། སྣ་ལྔ་པ་ལ་སོགས་པ་སྨན་སྦྱར་བའི་རོ་བྲོ་བའི་སྣ་གྲངས་དྲུག་ཅུ་རྩ་བཞི་ལ་སོགས་པར་ཕྱེ་བ་དེ་ལས། སྣུམ་གྱི་དངོས་པོ་མར་ལ་སོགས
་པ་རོ་ལོགས་ཤིག་མཐ་དང་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། སྨན་མར་སྦྱོར་བ་ཡང། སྨན་སྣ་མང་པོ་གསོགས་ལ། མར་ཉུང་དུ་བྱས་པས་ན། མ་བགྱི་རོ་ཟིལ་གྱིས་གནོན་ཏོ། །ལྷག་པར་བྲོ་བ་མེད་པས་ན་རོ་དྲུག་ཅུ་ཉིད་ཀྱི་ནང་དུ་འདུས་སོ། །དཔེར་ན་ཇི་སྐད་དུ་བསྟན་པ།
་སྨན་བསྐོལ་པའི་ཁུ་བ་དང་དངས་མ་བཏུང་བའི་རོ་དེ་ཡང་ཆུའི་རོ་ཙ་བྲོ་བ་ལ་ལོགས་ཤིག་ན་རྒྱུ་ལྷག་པ་མེད་དོ། །རོ་དྲུག་ཅུ་ཉིད་ཀྱི་ནང་དུ་འདུས་སོ། །ཡང་ནི་སྨན་མར་མྱུར་དུ་གང་ཕན་པ་དེ་བཟང་སྟེ། དེ་ལ་ཐུན་ཆུང་ངུ་ཟོས་ན་ཐུན་གཉིས་ཀྱིས་འཇུའོ།།
་ཚོང་འབྲིད་དུ་ཟོས་ན་ཐུན་བཞིས་འཇུའོ། །ཚོད་ཆེར་ཟོས་ན་ཉིན་ཞག་གཅིག་གིས་འཇུའོ། །དེ་ལྟར་སྨན་དང་སྦྱར་བའི་ཏིལ་མར་རམ། སྨན་མར་གང་ཟ་ཡང་རུང་སྟེ། མི་ཉམ་དང་ནད་ཀྱི་དམིགས་ལ་སྦྱོར་ལ། སྔར་ནི་ཚོད་ཆུང་ངུ་ནས་བཟའ་བར་བྱའོ།།
་ཡང་བཀྲུ་སྨན་གྱིས་བཀྲུ་བར་འདོད་ན་ཁ་རྩད་ལྟ་བུ་ཟས་ཟོས་ལ། ད་ནང་ལྟ་བུ་ཞུ་སྟེ་ཁོང་ན་ཡང། ཞུན་མར་དང་དངས་མ་འབའ་ཞིག་ཚོད་ཆེར་མང་དུ་བཟའ་ཨོ། །མར་འཐུངས་པས་ནད་ཞི་བར་བྱས་པ་ཞིག་ལ་ཟས་ཀྱང་ཆེར་མ་ཟོས་ཏེ། ཁོང་བཀྲེས་ན
་མར་འབྲིང་ཙམ་དུ་ཟོས་ན་ཕན་ནོ། །སྨན་མར་གྱིས་ཉམས་བཙག་བརྟ་ཞིང་ཤ་སྐྱེ་བར་བྱ་ན། དྲོ་ཁར་སྨན་མར་ཉུང་ཟད་བཞུ་སྟེ། ཤ་ཁུ་གདུངས་ལ་དྲོ་ཚ་ཙམ་གྱི་ནང་དུ་བླུགས་ལ་འཐུངས་ནས། དེའི་རྗེས་ཁ་ཟས་སྣུམ་བག་ཟོས་ལ་ཆང་གིས་མནན་ན་ཕན་ནོ། །ཡང་བྱིས
་བ་གཞོན་ནུ་ལྟ་བུ་དང། མི་རྒན་པོ་དང། རྟག་ཏུ་སྐོམ་དང་ཆེ་བ་དང། མར་ཟ་བ་འམ། འཐུང་མི་ཕོད་པ་དང། ཆང་ནད་ཆེ་བ་དང། རྟག་ཏུ་བུད་མེད་དང་ཕྲད་དེ། རྟག་ཏུ་ཁ་ཟས་སྣུམ་བག་ཟ་བ་ལྟ་བུ་དང། དྲོད་ཆུང་སྟེ་ཁ་ཟས་མི་འཇུ་བ་ལྟ་བུ་དང། སྐྱིད་དེ་བདེ་བར
་འདུག་འདུག་པའི་མི་དང། སྨན་སྟོབས་ཆུང་བའི་ཉོན་མོངས་པས་འཇིགས་པ་ལྟ་བུ་དང། ལྟོ་སྙི་བ་དང། ནད་དཀྱིལ་མི་ཆེ་བ་ལྟ་བུ་དང། སོ་ག་ཚ་བའི་དུས་དང། ནད་ཀྱིས་རིང་པར་གྱུར་པ་འདི་རྣམས་ལྟ་བུ་ལ་སྨན་མར་བཏང་བ་ནི། དྲོ་བ་སྨན
་མར་ཉུང་ཤེས་བཞུ་སྟེ་ཅིག་ཏུ་འཐུང་ངམ། ཁུ་བ་དྲོན་པོས་ཕུལ་ཏེ་འཐུངས་པའི་རྗེས་ལ། ཁ་ཟས་སྣུམ་བག་དང་ཆང་འཐུང་ཞིག་།དེ་ལ་ནད་དམིགས་ཀྱི་རིམ་པ་དང་སྦྱར་ཏེ་སྨན་མར་བཏང་བའི་ཐབས་ནི། ལུས་ཀྱི་སྟོང་ན་ནད་ཡོད་ན་ནི་ཁ་ཟས
་ཟོས་པའི་རྗེས་ལ་མར་ཕྱིས་བཏུང་ངོ། །བོད་པའི་ནང་ལུས་ཀྱི་བར་ན་ནད་ཡོད་པ་ནི་ཁ་ཟས་ཕྱེད་ཟོས་ནས་སྨན་མར་བཏུང་ངོ། །ལུས་ཀྱི་སྨད་ན་ནད་ཡོད་ན་ནི། དྲོ་ཁར་ལྟོ་སྟོང་ལ་སྨན་མར་བཏང་ན། རྗེས་ལ་ཁ་ཟས་དང་ཚིལ་ནན་འཐུངས་ན་ནད་སེལ་ཏོ། །སྨན
་མར་བཏང་བའི་ཐབས་རིམ་པ་འདི་ལྟར་བྱས་ན། ཕན་པའི་སྟོབས་མཐུ་ཡང། ལུས་ཀྱི་རིམ་པ་བཞིན་དུ་སྐྱེའོ། །དེ་ལྟར་སྨན་མར་འཐུངས་པ་ལས་མར་ཅུང་ཟད་མ་ཞུ་ན། ཆུ་ཚན་གདུག་དུ་བའི་དངས་མ་ཁས་བཟོད་ཙམ་འཐུངས་ན། མར་བདེ་བླག་ཏུ་འཇུག་པར
་འགྱུར་རོ། །སྨན་མར་ལ་སོགས་པ་ཟོས་ཏེ། སྣུམ་ཁའི་ནང་དུ་ཆགས་ན། ཆུ་ཚན་གདུས་པ་ཁས་བཟོད་ཙམ་གྱིས་ཁ་བཀྲུའོ། །ེ་རཎྜའི་ཁུ་བ་གདུས་པ་དང། བ་ལ་ཏ་ཀ་ཞེས་བྱ་བ་གོ་བ་དང་འདི་གཉིས་སུ་བསྡུས་པའི་ཁུ་བ་ནི་བཏུང་དུ་མི་རུང་ངོ། །གལ་ཏེ་ཁ་
་རྩད་དམ། ཁར་ཉིན་ལྟ་བུ་སྨན་མར་འཐུངས་པ་ལས་ཞུ་འམ་མ་ཞུ་གཏོལ་མེད་དེ་ཐེ་ཙོམ་ཟ་ན། ཆུ་ཚན་གདུ་གདུ་བ་ཡང་འཐུང་ཞིག་།དེ་འཐུངས་པས་ཁོང་དུ་མ་ཞུ་ལ། མ་ཞུ་བའི་གདུང་སྒྲེགས་མནན་པོ་མ་ཡིན་སྒྲེགས་པ་ཡང་ཐ་མལ་བར་འོད། །ཁོང
་ཡང་ཞིང་ཟས་ཡི་གར་འོང་བར་གྱུར་ན། ཁ་ཟས་རན་ཙམ་དུ་བཟའ་ཞིང་འཚལ་ནན་ཀྱང་ཅི་རན་དུ་འཐུང་ཞིག་།དེ་ལྟར་སྨན་མར་འཐུངས་ནས་ཞུ་བའི་རྗེས་ལ། ཁ་ཟས་བཟའ་བ་ནི་ཁུ་བ་རོ་བག་དང། ཟས་བད་ཀན་དུ་མི་འགྱུར་བ་དང། ཧ་ཅང་ཟས་སྣུམ་བག
་ཉིད་མ་ཡིན་པ་དང། ཁ་ཟས་གྲང་དྲོ་མ་འདྲེས་པར་བཟའ་ཨོ། །སྨན་མར་འཐུངས་པ་ལྟ་བུ་ལ་ཁ་ལག་ཀྱང་ཆུ་དྲོན་པོས་བཀྲུ། བུད་མེད་དང་འཕྲད་དུ་མི་རུང། མཚན་མོ་ཡང་གཉིད་བར་ཉལ། བཤང་ཅི་འོང་ན་མི་དགག་གོ་།བྲག་ཤུལ་གྱི་ལས་མི་བྱ། ཁྲོ་ཞིང
་ཚིག་པ་ཟ་བ་དང། མྱ་ངན་དང། གྲང་བ་འམ། ཉི་ཚན་ལ་འདུག་པ་འམ། རླུང་དྲག་པོ་ལང་པའི་ཁར་འགྲོ་བ་འམ། རྟ་ཞོན་ཏེ་ཕན་ཚུན་འཁྱམ་པ་འམ། ལམ་དུ་ཞུགས་པ་དང། མང་དུ་སྨྲ་བ་དང། སྟན་ཧ་ཅང་མི་མཐོ་བ་ལ་འདུག་པ་དང། སྔས་ཧ་ཅང་མཐོ་བ
་འམ། དམའ་བ་འདི་རྣམས་ལྟ་བུ་མི་བྱའོ། །ཉིན་པར་ཉལ་བ་དང། དུད་པ་དཀུ་བའི་ནད་ན་འདུག་པ་དང། རྡུལ་ཁྲོད་ན་འདུག་པ་འདི་རྣམས་ཀྱང་མི་རུང་སྟེ། དེ་ལྟ་བས་ན་སྨན་མར་ཅི་སྲིད་འཐུངས་པ་དེ་སྲིད་ཀྱི་བར་དུ། ཆོ་ག་དེ་ལྟར
་བྱ་ཞིང་མི་རུང་བ་རྣམས་སྤང་ངོ། །སྨན་མར་དང་འདྲ་བར་བཀྲུ་སྨན་བཏང་བ་དང། སྣ་ནས་བཏང་བ་དང། སྨན་མས་བཏང་བ་རྣམས་ཀྱང་ཚུལ་དེ་དང་འདྲ་བར་ནང་བྱང་གི་བར་དུ་ཆོག་ཡུན་དེ་སྲིད་དུ་བསྲུང་བར་བྱའོ། །དེ་ལ་ནང་ཞི་བར་བྱ་བའི་ཕྱིར། སྨན
་མར་བཏང་བའི་ཆོག་བཀྲུ་སྨན་དང་འདྲ་སྟེ། སྨན་མར་གྱི་ཆོ་ག་ཡང་དེ་བཞིན་དུ་བྱའོ། །དེ་ལ་ལྟོ་སྙི་ན་ནི་སྨན་མར་ཉི་མ་གསུམ་དུ་བཏང་ངོ། །ལྟོ་སྲ་ན་ནི་ཉི་མ་བདུན་དུ་བཏང་ངོ། །སྨན་མར་བཏང་བས་ནད་རྩེ་ཞིལ་ཏེ། ཁོད་ལེགས་པར་སྣུམ་པར་གྱུར
་ན། དེ་ཕན་ཆད་ཁ་ཟས་ཀྱི་ཆོག་བྱའོ། །དེ་ལྟར་སྨན་མར་བཏང་བས་ནང་རྩེ་ཞིལ་བར་གྱུར་ན། སྟོང་སྨད་དུ་དབུགས་དབྱུང་བ་ཐ་མལ་པར་འོད། ཕོ་བའི་མེ་དྲོད་ཆེས་ཏེ་འབར། བཤད་པ་སྣུམ་ལ་མི་སྲི་བ་འབྱུང། མར་དང་སྣུམ་བག་མི་འདོད་ད་སྐྱོ། །ལུས
་སྙོམ་སྟེ་འདི་ལྟར་གྱུར་ན། ནད་རྩེ་ཞིལ་ཞིང་ལུས་ཀྱི་ཁོང་ལེགས་པར་སུམ་པོར་གྱུར་པ་ཡིན་ནོ། །ལུས་ཀྱི་ཁོང་རྩུབ་ན་ནི་ཚུལ་འདི་དང་འདྲ་སྟེ། འདི་ལས་བཟློག་སྟེ་བལྟའོ། །གལ་ཏེ་སྨན་མར་དང་སྣུམ་གྱི་ཚོད་མ་ཟིན་ཏམ། ཕན་པ་མ་ཡིན་པར་ཟོས
་སམ། བཏང་བའི་དུས་མ་ཡིན་པར་འཐུངས་སམ། ཁ་ཟས་ལོག་པ་ཧ་ཅང་སྣུམ་ཆེས་པ་འམ། བསིལ་ཞིང་རྩུབ་པ་འམ། ཟས་མ་ཞུ་བཞིན་དུ་ཟོས་པ་འམ། མཚན་མོ་མི་ཉལ་ཞིང་ཉིན་པར་ཕན་ཚུན་འཁྱམ་པ་དང། མི་མཐུན་པ་ལོག་པ་བྱས་པ་འདི
་ལྟ་བུ་ལས་སྨན་མར་མ་ཞུ་སྟེ། སྣུམ་དྲེགས་པར་གྱུར་ན། གདོང་པ་དང་ལུས་ཀྱི་ཤ་མདོག་སེར། སྣབས་དང་མཆིལ་མ་མང། ཐུར་དུ་ཚད་པར་འཁྲུ་སྟེ། དེ་ལྟ་བུ་ལས་ནད་ནི་ལུས་སྐྲངས་པ་དང། གཞང་འབྲུམ་ཁྲག་ཚད་དུ་འོད་དོ། །ཁོང་རྨྱ་ལུས་དགྱེ་རྒུ
་མི་ཤེས་ཏེ། རེངས་བག་དུ་འདུག་།སེམས་མྱོས་ཏེ་བློང་བག་དུ་འདུག་།གཡན་པ་དང། མཛེ་དང་རིམས་ནད་རྟག་ཏུ་སྐྱུག་པ་དང། ཁོང་ན་ལྟོ་སྦོ། །མགོ་འཁོར་ལ་སོགས་པ་དང། འདི་ལྟ་བུའི་ནང་དུ་འགྱུར་རོ། །དེ་ལྟ་བུ་ལ་དཔྱད་བྱ་བ་ནི་ཟས་དང་སྐོམ
་དབྲི་ཞིང་བསྡམས་པ་དང། སྐྱུགས་སྨན་བཏད་དུགས་བྱ། ཟས་དང་སྐོམ་རྣམས་རྩུབ་པའི་བག་བཏང། འཚལ་ནན་དར་བ་དང། ཨ་རུ་ར་དང། བ་རུ་ར་དང། འདི་ལྟ་བུ་མནན་པའི་ཁུ་བ་དང། དར་བ་བསྐོལ་བ་དང། ནས་དང། ཅི་ཅེ་དགོད་དང། ཁྲེ་དགོང་དང
་པི་པི་ལིང་དང། འབྲས་བུ་གསུམ་པོ་ཨ་རུ་ར་དང། བ་རུ་ར་དང། སྐྱུ་རུ་ར་གསུམ། སྦྲང་རྩི་ལ་སྦྱར་ཏེ་བཏང་བ་འམ། ཡང་ན་ཨ་རུ་ར་བཏགས་པ་དང། པ་གཅིན་དང་གུ་གུལ་བསྲེས་ནས་འཐུངས་ན་ཕན་ནོ། །མདོར་ན་ནང་དམིགས་ཇི་ལྟར་མི་བདེ་བ་དང
་སྦྱར་ལ་དཔྱད་བྱས་ན། མར་བྲགས་པའི་ནད་འབྱང་ངོ། །ཡང་དེ་ལྟ་བུ་ལ་དཔྱད་དུ་བྱ་བ་ནི་ཁ་ཟས་མི་བཟའ་བ་ནི་བཟའ་བར་སྨྱུང་བ་མི་ནུས་ན་ཡང། །ཁ་ཟས་རྩུབ་པོ་བཟའ་བའི་དཔྱད་བྱས་ན་སྨྱུང་བ་བྱས་པ་དང་འདྲའོ། །གལ་ཏེ་མར་དྲགས་པའི་ནད་ལས
་བཀྲུ་སྨན་བཏང་དགོས་པར་གྱུར་ན། ཉི་མ་གསུམ་གྱི་བར་དུ་ཁ་ཟས་སྣུམ་པ་ཁུ་བ་དྲོད་བག་དང། ཡུལ་སྐ་མ་ས་ནས་བྱུང་བའི་ཤ་ལས་ཁུ་བ་དྲོད་བག་དུ་བྱས་པ་དང། ཁ་ཟས་དྲོད་བག་ཟོས་ལ། ནང་ནུབ་དུ་དུགས་བྱ་ཞིང། ཉི་མ་གསུམ་དུ་སྣུམ
་བག་གི་དྲོད་དང། དུགས་དེ་ལྟར་བྱས་ནས། དེའི་རྗེས་ལ་བཀྲུ་སྨན་བཏང་ངོ། །སྐྱུགས་སྨོན་བཏང་བ་ནི་མི་ཤ་དང་ཚིལ་ཆེས། བད་ཀན་མང། དྲོད་མ་སྙོམས་ཏེ་ཟས་རེས་འགའ་འཇུ། རེས་འགའ་མི་འཇུ་བ་དེ་ལྟ་བུ་ནི་ཉིན་ཞག་གཅིག་བད་ཀན
་སྐྱེ་བའི་ཁ་ཟས་བྱིན་ལ། ཕྱི་དེ་ཉིན་སྐྱུགས་སྨན་ཐོང་ཞིག་།ཡང་ཟས་སྣུན་བག་གིས་བསྐྱེད་བསྐྱེད་པ། བད་ཀན་ཅན་དེ་ལྟ་བུ་ལ་སྔར་ཟས་རྩུབ་པོ་བྱིན་ཏེ། དེའི་རྗེས་ལ་ཁ་ཟས་སྣུམ་བག་གིས་ཁོང་སྣུམ་པར་བྱས་ནས་བཀྲུ་སྨན་ཐོང་ཞིག་།དཔྱད
་དེ་ལྟར་བྱས་ན་མར་དང་སྣུམ་བག་ལས་ནད་དུ་གྱུར་པ་འབྱང་བར་འགྱུར་རོ། །མར་དང་སྣུམ་ལྟ་བུར་མ་འཕྲོད་དེ་ནང་དུ་གྱུར་པ་ཁ་ཟས་ཀྱི་དཔྱད་བྱས་པས་མ་བྱད་ན། སྨན་བཏང་བའི་དཔྱད་བྱས་པས་ནད་ཀྱི་དྲི་མ་ཕྱིན་པར་འགྱུར་རོ།།
་བྱིས་པ་ཆུང་ངུ་དང། རྒན་པོ་ལ་སོགས་པ་མར་དང་སྣུམ་བག་སྤོང་མི་ནུས་ལ། ཆོ་ག་དཀའ་ན་འཕྲལ་དུ་སྣུམ་གྱི་དཔྱད་འདི་སྐྱོ་ཞིང་གནོད་པར་ཡང་མི་འགྱུར་གྱི་གྱིས་ཤིག་བྱ་བའི་ཐབས་ནི་མར་བརྔོས་ལ་ཤ་ཁུ་ལས་བཏང་ངམ། ཐུག་པའི
་ནང་དུ་བཏབ་ལ་བླུག་ཡང་ན་ཏིལ་བཏགས་པའི་ནང་དུ་མར་བཏབ་ལ། བུ་རམ་བསྐོལ་བའི་ལུ་བས་བཏང་སྟེ་བཏུང་ངོ། །ཡང་ན་འབྲས་དང་ཏིལ་མར་དང་སྲན་མ་ཤ་དང། སྣ་གསུམ་གྱི་ཐུག་པ་ནང་དུ་ཡང་མར་འདི་བཞིན་དུ་བཏབ་ལ་བཏུང་ངོ།།
་འོ་མ་བསྐོལ་བ་དྲོན་མོའི་ནང་དུ་མར་བཏབ་པའི་ཐུག་པ་འམ་ཞོ་མངལ་མ་ཞོག་ཆུ་བོར་ལ། བུ་རམ་གྱིས་བཏབ་སྟེ་བླུད་པའི་ཐུག་པ་དེ་ལྟ་བུ་རྣམ་པ་དྲུག་དང། མར་རྐང་ཚིལ་དང་ཏིལ་དང་སྣ་བཞི་འབྲས་དང་སྣ་ལྔའི་ཐུག་པ་དང། སྤྱིར
་དྲུག་དང། ཡང་ཐུག་པ་རྣམ་པ་ལྔ་པོ་འདི་དག་དང། ཐུག་པ་སྣ་བདུན་པོ་འདི་རྣམས་ནི་འཕྲལ་དུ་ལུས་ཀྱི་ཁོང་སྣུམ་པར་འགྱུར་ཏེ། ལན་ཚྭ་ཆེར་གདབ་པོ། །ཐུག་པ་འདི་དག་ནི་བད་ཀན་དུ་མི་འགྱུར་རོ། །ལུས་རྩུབ་པར་མི་འགྱུར། ཡང་མཛེ་ནད་དང
་ལུས་སྐྲང་བག་དང། གཅིན་རྟག་ཏུ་འོང་ཞིང་སྙི་བ་འདི་ལྟ་བུ་ལ་བུ་རམ་དང་ཡུལ་གཤེར་ས་ནས་བྱུང་བའི་ཤ་དང། འོ་མ་དང་ཏིལ་དང། སྲན་མ་ཤ་དང། ཆང་དང་ཞོ་རྣམས་བཟར་མི་རུང་ངོ། །སྣུམ་གྱི་ཆོ་ག་དང། དཔྱད་བྱས་གནོད
་པར་མ་གྱུར་ན། སྨན་འབྲས་བུ་གསུམ་པོ་དང། པི་པི་ལིང་དང། ། རུ་ར་དང། གུ་གུལ་ལ་སོགས་པ་བསྐོལ་ལ་ཐོང་ཞིག་།དེ་ལྟར་བཏང་ན་ནང་རྙིང་ཡང་འབྱར་ལ། ལུས་ཀྱི་ཁོང་ནས་དྲོད་སྐྱེ། ཁོང་པ་ནང་གི་ནད་ཀུན་འབྱང། སྲོག་ཟུངས
་བདུན་འཕྲལ་དུ་བརྟ། ཉམས་སྟོབས་དང་བཞིན་མདོག་བཟང་པོར་འགྱུར། དབང་པོ་རྣམས་བརྟན། རྒན་སྲ། ལོ་བརྒྱ་ཐུབ་པར་འགྱུར་ཏེ། མར་རྟག་ཏུ་བཟའ་བའི་ཡོན་ཏན་དེ་ནི་དེ་ལྟར་འགྱུར་རོ། །སྣུམ་ལ་དཔྱད་ཀྱི་ཆོ་གར་བྱ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་དུགས
་བྱ་བའི་ལེའུ་བཤད་པར་བྱའོ། །དེ་ལ་དུགས་ཀྱི་བྱེ་བྲག་ནི་རྣམ་པ་བཞི་སྟེ། དུགས་བྱ་བ་དང། བག་ཟན་དང་སྨན་དུ་སྦྱར་བས་ལུས་ལ་བཅིང་ཞིང་དུགས་བྱ་བ་དང། དུགས་ཐ་མལ་པ་དང། ཆུ་ལུམས་དང་རྣམ་པ་བཞིའོ། །དེ་ལ་དུགས་ཞེས་བྱ་བ་ནི་མེ་ལས་བསྲོས་པ་ཡིན་ཏེ། དེ
་ལ་ཡང་ཇི་ལྟར་ཞེ་ན། མེ་མདག་ལ་གོས་སམ་ཐོང་ལྕགས་སམ་ལག་པའི་ཐལ་མོ་མེ་ལ་བསྲོས་པ་ལ་སོགས་པས་དུགས་བྱའོ། །བག་ཟན་དང་སྨན་དུ་སྦྱར་བའི་དུགས་ལུས་ལ་གླན་ཅིང་བཅིང་བ་ནི་བག་ཕྱེ་འམ་འབྲུ་སྣ་ཚོགས་བཏགས་ལ་སྨན་ཤིང་ཚ་ཕབས་དང་ཉེའུ
་ཤིང་དང་ཐང་ཤིང་དང་གུར་ཀུམ་དང། ཨ་རུ་ར་དང། ལྡུམ་བུར་སྣ་དང། ཨེ་རཎྜའི་རྩ་བ་དང། ཡུལ་གཤེར་ས་ནས་བྱུང་བའི་ཤ་དང། ཚྭ་དང། དར་བ་དང། འོ་མ་དང། ཞོ་དང། མར་དང། འདི་རྣམས་ཀྱིས་སླ་མོར་སྤྲུས་ལ་ལན་ཚྭ་ཆེར་བཏབ་སྟེ་བཙོས་ལ་རས་ཀྱི་སྟེང་དུ་བདལ་ཏེ། ལུས་གར
་ན་སར་གླན་ཞིང་བཅིངས་ན་དུགས་འདིས་ནི་རླུང་ནད་འབྱིན་བར་འགྱུར་རོ། གལ་ཏེ་བད་ཀན་དང་འདྲེས་པའི་ནང་དུ་གྱུར་ན་ནི་དུགས་དེའི་ནང་དུ་བྱེའུ་རུག་པ་ལ་སོགས་པ་དང་སྦྱར་ལ་དུགས་བྱའོ། །མཁྲིས་པའི་ནད་ལ་ནི་ཤིང་ཤུག་པ་དང་སྦྱར་རོ། །དུགས་གླན་ཏེ་དེ་ལྟར་སྦྱར་བ་ལས
་གལ་ཏེ་སླ་བས་ལུས་ལ་མི་ཆགས་ཤིང་རས་ཀྱི་མི་ཐུབ་ན་མར་དང་ཏིལ་མར་ལ་སོགས་པ་སྣུམ་གྱིས་བསྣན་ཏེ། ཡང་དང་ཡང་བསྲོ་ཞིང་པགས་པ་མ་རུལ་བ་དྲི་མི་ཞིམ་བ་མ་ཡིན་པས་ཕྱི་རོལ་ནས་དུགས་བྱའོ། །པགས་པ་དེ་ལྟ་བུ་མ་རྙེད་ན་སྨན་རླུང་སེལ་བའི་ལོ་མ་ཨ
་ཤྭ་གནད་འམ། ཨེ་རཎྚ་འམ། དར་རམ་བལ་སྣ་འམ། རས་ཀྱིས་གཡོགས་ཤིང་དཀྲིས་ལ་མཚན་མོ་དུགས་བྱས་ན་ནི་ཉིན་པར་མི་དགོས་ཀྱི་ཁྲོལ་ཅིག་།ཉིན་པར་དུགས་བྱས་ན་ནི་མཚན་མོ་མི་དགོས་ཀྱི་ཁྲོལ་ཅིག་།དེ་ལ་དུགས་ཐ་མལ་པ་ཞེས་བྱ་བ་ནི་བག་ཕྱེ་བ
་དང་མར་ཆུར་སྦྱར་ཏེ་བཙས་པའི་བག་ཟན་སླ་མོས། གང་ན་བའི་ཐོག་དུ་གླན་ཅིང་འདུག་པ་དང། གྱོ་མོའི་དུམ་བུ་དང། བག་དུམ་དང། རྡོ་བ་དང། ས་ཕྱེ་མ་དང། གསོ་མའི་ལོ་མ་དང། འབྲས་ལ་སོགས་པ་འབྲུ་རྣམས་དང། ལུག
་གི་རིལ་མ་དང་བྱེ་མ་དང། ཕུབ་མ་ལ་སོགས་པ་ཐབས་དུ་མས་བཅོས་སམ། བརྔོས་པའི་དུགས་ཀྱིས་ཡུལ་གྱི་རྣམས་དང་དུས་དང་སྦྱར་ཞིང་དུགས་བྱའོ། །དེ་ལ་སྨན་ཀུའི་ལུམས་བྱ་བའི་དཔྱད་ནི། ཤིང་ཤི་ཀྲུ་དང། ཤི་ཀྲུའི་རྩ་བ་དང། ལོ་མ་དང།
་འབྲས་བུ་ལ་སོགས་པ་ཇི་སྙེད་བ་དང་ཤིང་ཨེ་རཎྜའི་རྩ་བ་དང། ལོ་མ་ལ་སོགས་པ་དང། ཀ་རཉྫ་དང། བྱིའུ་རུག་པ་དང། ཀརྫ་ཀ་དང། ཤིང་ཤི་རི་ཤ་དང། ལྡུམ་བུ་བ་ཤ་དང། འོད་མ་དང། ཤིང་ཨ་ར་ཀ་དང། མ་ལི་ཏི་དང། དྷིརྒྷ་བི་ནྟ་དང།
་གསོ་མའི་ལོ་མ་དང། ཤུ་དག་ལ་སོགས་པ་དང་ཡུལ་གཤེར་ས་ནས་བྱུང་བའི་ཤ་དང། ཉ་དང། དང་དུར་ལ་སོགས་པའི་ཤ་དང། སྨན་གྱི་རྩ་བ་སྣ་བཅུ་པ་དང་འདི་རྣམས་ལ་སོགས་པ་ནད་དམིགས?་དང་སྦྱར་ལ་ནད་ལྕི་ན་སྨན་འདི་ཀུན་སྣ་ཚང་བར་གསོགས་ཏེ་བརྡུངས
་ལ་ཆང་དང་ཚྭ་དང་འོ་མ་དང་ཆུ་ལ་སོགས་པ་དང་སྦྱར་ཏེ་བཅོས་ལ་བུམ་པའི་ནང་དུ་བླུགས་ལ་གང་ན་བར་སྨན་གྱི་རླངས་པ་དྲོན་པོས་གར་ན་བའི་དམིགས་སུ་བདུག་ཅིང་ལུམས་བྱའོ། །ཡང་ན་རླངས་པས་མི་བདུག་པར་སྨིན་བཙོ་བཙོ་བའི་ཁུ་བ་དྲོ་ཚ
་ཙམ་བུམ་པའི་ཁར་ཕྲ་མོར་བསྟོད་པ་འམ། སྦུབ་བུ་རིང་པོར་བསྟོད་པའི། བླུགས་པའི་ཁ་ནས་སྨན་གྱི་ཁུ་བའི་རྒྱུན་བྱུང་ནས་ནད་ཀྱི་སྟེང་དུ་བླུགས་ཤིང་སྨན་ཁུའི་ལུམས་བྱའོ། །དེ་ལྟར་སྨན་ཁུའི་ལུམས་བྱེད་པའི་ཚེ་ལུས་ལ་གོས་ཀྱིས་ཀྱང
་གཡོགས་ལ་དེའི་སྟེང་དུ་སྨན་ཁུའི་ཆུ་ལུམས་ཀྱིས་ལུས་ལ་བདེ་བ་རན་པར་བླུགས་ཤིང་ལུམས་བྱའོ། །ཡང་ན་སྨན་ཁུ་དྲོན་མོ་དེ་གཞོང་ཁུང་ལུས་ཚད་ཆེན་པོའི་ནང་དུ་གང་བར་བླུགས་ལ་དེའི་ནང་དུ་ལུས་ཞུགས་ན་རླུང་ནང་ཐམས་ཅད་ལ
་ཕན་པར་འགྱུར་རོ། །ནད་པ་ཆུ་ལུམས་དེ་ལྟ་བུའི་ནང་དུ་ཞགས་ཏེ་འདུག་ན་གཞང་འབྲུམ་ཁྲག་ཚད་དུ་འོང་བ་དང་ཆུས་འགགས་ཏེ་གཅིན་སྲི་བ་དང། རླུང་ནད་ལ་སོགས་པ་ལ་ཕན་ནོ། །དེ་ལྟ་བུའི་ལུམས་བྱ་ཞིང་འཇུག་པ་ལ་ཁ་ཟས་སྣུམ་བག་བཟའ་ཞིང་?ཟས་ཞུ་ནས་སྔ་དྲོ་ཆུ
་ལུམས་བྱའོ། །དེ་ལྟར་ལུམས་བྱ་བའི་ཚད་ནི་ནད་པའི་ནད་དམིགས་ཆེ་ཆུང་དང། ཡུལ་རྣམས་དང་དབྱར་དགུན་གྱི་དུས་དང་སྦྱར་ལ་ལུམས་ཆེ་ཆུང་འབྲིང་གར་རན་པ་ཚོད་དེ་ལས་དཔགས་ཏེ་བྱའོ། །དེ་ལས་བད་ཀན་གྱི་ནད་དམིགས་ཤས་ཆེན་ནི་སྨན་ཁོང་རྩུབ་པར་འགྱུར་བ་དང
་སྦྱར་ལ་ཆུ་ལུམས་བྱའོ། །མི་རང་བཞིན་རླུང་དང་བད་ཀན་ཅན་ཞིག་ལ་རླུང་ནད་སྐྱེས་ཏེ་རྩུབ་པར་གྱུར་ན་སྨན་རྩུབ་པ་དང་སྣུམ་བག་ཡོད་པ་གཉིས་ག་དང་སྦྱར་བའི་ཆུ་ལུམས་བྱའོ། །ཡང་ནད་པ་ཕོ་བའི་ནང་དུ་རླུང་ནད་ཞུགས་པ་ལ། ལོང་གའི་ནང་དུ་བད་ཀན་གྱི་ནང་ཞུགས་པར
་གྱུར་པ་འདི་ལྟ་བུ་ལ་ནི་སྔར་ཕོ་པའི་གནས་ལ་ཕན་པའི་ལུམས་རྩུབ་མའི་ལུམས་བྱའོ། །ལོང་གའི་ནང་ན་བད་ཀན་ཡོད་པ་ནི་སོ་སོའི་ནས་ཀྱི་བྱེ་བྲག་དང་སྦྱར་ཏེ་སྣུམ་བག་ཡོད་པའི་ལུམས་བྱའོ། །དེ་ལ་དུགས་དང་ལུམས་གང་བྱེད་ཀྱང་རུང་སྟེ། སྟ་ཟུར་དང་ཆུ་སོའི་བར་དང།
་མིག་དང་རླིག་པའི་འབྲས་བུ་དང། སྙིང་དང་འདི་རྣམས་ལ་དུགས་ཆུང་ངུ་བྱའོ། །ཡང་ན་ནི་མ་བྱེད་ཅིག་ལུམས་ལེགས་པར་བྱས་པའི་ཚུལ་ནི་ཁོང་དྲང་ཞིང་བསིལ་བ་ཀུན་མེད་ཟུག་ཅིང་ན་བ་བྱང་ལུས་དང་རྐང་ལག་འཇམ་པ་དེ་ལྟ་བུར་གྱུར་ན་ལུམས་ལེགས་པ་ཡིན་ཏེ་ལུམས
་ཀྱི་རྗེས་སུ་ལུས་དལ་གྱིས་མཉེ་ཞིང་དེའི་རྗེས་ལ་ཆུ་དྲོན་པོས་ལུས་ཁྲུས་བྱས་ནས་དེའི་འོག་ཏུ་སྣུམ་བཏང་བའི་ཆོ་ག་གྱིས་ཤིག་།ཡང་ལུམས་ཧ་ཅང་དྲགས་ན་ཉེན་དུ་གྱུར་པའི་ནད་དམིགས་ནི། མཁྲིས་པ་དང་ཁྲག་རྒྱས་ཏེ་ཚ་བའི་ནད་སྐྱེ་སྐོམ་དང་ཆེ། མྱོས་ཤིང་རྒྱལ་བ་འམ། རོག་པར
་འགྱུར། སྐད་འགགས་རྐང་ལག་ན་མགོ་འཁོར། རྐང་ལག་གི་ཚིགས་ཀུན་ན་རིམས་ཚ་བས་འདེབས། ལུས་ཀྱི་ཤ་ཚིག་སྟེ་ནག་པོ་དང་དམར་པོ་ཐིག་ཐིག་པོར་སྣང་ལུམས་ཧ་ཅང་དྲགས་ན་སྐྱུག་དྲོ་བ་འདི་ལྟ་བུའི་ཉེན་དུ་འགྱུར་རོ། །ལུམས་དེ་ལྟར་ཧ་ཅང་དྲགས་ཏེ། ཚ་བ་དང། མགོ
་འཁོར་བ་དང། སྐྱུག་བྲོ་བ་ལ་སོགས་པ་དང། གཞན་ཡང་དུག་གིས་ཕོག་པ་དང། ནས་ཚིགས་འཁུས་པའི་ཆ་ལ་སོགས་པའི་སྨན་བཏང་ངམ། མེ་བཅའ་བཏབ་བམ། མེས་ཚིག་གམ། ཚད་པས་བཏང་བམ། སྐྱུག་བྲོ་འམ། སྙིང་མི་དྲན་ཏེ་མྱོས་པ
་འདི་རྣམས་ལྟ་བུ་ལ། ལུམས་རྩི་ཟེ་རཎྜ་དང། ཉེའུ་ཤིང་ལྟ་བུ་དང། ཉ་དང་ཆུ་བྱ་སྣ་ཚོགས་ལྟ་བུ་ནི། བསིལ་ཞིང་ལྕི་བའོ། །ཚ་ཞིང་རྣོ་བ་ན་ལེ་ཤམ་ལྟ་བུ་དང། དྲོད་ཆེ་བའི་སྨན་ཚིད་ཀ་དང། དབྱི་མོའི་ལོ་མ་འདི་ལྟ་བུ་རྣམས་སྦྱོར་ཏེ་སོ་སོའི་ནད་དམིགས་ལས་ལུམས
་ཅི་རིགས་པར་བྱས་ན་ནད་དམིགས་ཀྱི་ཉེན་དེ་ལྟ་བུར་མི་འགྱུར་རོ། །ལུམས་རྩིར་བཟང་བ་ནི་རློན་ཞིང་ཞུ་བ་ཡོད་པ་སྲ་ཏེ་ཚོས་དཀའ་བ་སྤྱི་བག་དང། འབྱར་བག་དུ་འདུག་པ་དང། སྣུམ་བག་དང། རྩུབ་པའི་བག་དང། རྩའི་ནང་དུ་འགྲོར་རུང་བ་ཞིབ་པ་དེ་ལྟ་བུའི་སྨན
་ནི་ལུམས་རྩིར་བཟང་པོ། །ལུམས་ཀྱིས་ནང་དང། ཉེན་དུ་མི་འགྱུར་བའི་སྨན་རྩི་ནི་འཇམ་པ་དང། རྩུབ་པ་དང། ཞིབ་པ་དང། འབྱར་བ་སྤྱི་བག་འདུག་པ་དང། ཞུབ་གཤེར་བག་ཅན་འདི་ལྟ་བུ་ལ་སྦྱར་ན་ལུམས་ལེགས་ཏེ་ནང་དུ་གྱུར་པ་ལ་རྩེ་ཞིལ་ཏེ་ཕན་པར
་འགྱུར་རོ། །མདོར་ན་སྨན་ཁ་བ་དང། བསྐ་བ་དང། མངར་བག་འདི་གསུམ་ཡོད་པ་ཕལ་ཆེར་སྦྱར་ན་ལུམས་ཉེས་པའི་ནད་ཐམས་ཅད་རྩེ་གཞི་ལ་ཅིང་ཕན་པར་འགྱུར་རོ། །དེ་ལྟར་ལུམས་ཧ་ཅང་དྲགས་པ་ལས་ནང་དུ་གྱུར་པ་དེ་སླད་བཅོས་པའི་ཐབས་ཀྱིས་ནད་རྩེ་ཞིལ
་བར་འགྱུར་ཏེ། ཕན་པའི་རྟགས་ནི་གོང་དུ་ལུམས་དྲགས་པའི་ཉེན་སྨོས་པ་རྣམས་བྱ་ང་ལ་ཉམས་སྟོབས་སྐྱེ་བར་ཚོར་ན་དེ་ནི་ལུམས་དྲག་པའི་ནད་ཕྱིན་པ་ཞེས་བྱའོ། །ཡང་ལུམས་དྲག་ཆེས་ཏེ་ནད་དུ་གྱུར་པ་དེ་རྩེ་ཞིལ་བའི་ཐབས་ཧ་ཅང
་དྲགས་ཆེ་ས་ན་ཡང། ཤ་མ་དངས་ཀྱི་པགས་པ་དང་ཆུ་བ་དང། རྐང་ལག་རྣམས་འཁུམས་པར་འགྱུར། སྙིང་འཕར་ཞིང་ན་སྨྲ་མི་ནུས་འགྲམས་པའི་ཉ་བྱུང་སྟེ་ལྷུང་མཆུ་དང་ལག་པ་དང། རྐང་པ་དང། པགས་པ་རྣམས་ནག་པོར་འགྱུར་བ་དེ་ལྟ་ནི
་ཧ་ཅང་རྩེ་གཞིལ་དྲགས་པའི་ནད་ཡིན་ནོ། །དེ་ལ་དུགས་བྱར་མི་རུང་བའི་དམིགས་ནི་ཧ་ཅང་ཚོན་པོ་སྤོམ་པོ་དང། རླུང་ཆེས་ཏེ་ཁོང་རྩུབ་པ་དང། རིང་པར་གྱུར་ཏེ་ཉམས་ཆུང་བ་དང། བརྒྱལ་བ་དང་སྔར་ལུམས་དགས་པ་ལས་སླར་གསོ་ཞིང་དཔྱད་བྱ་དགོས་པ་དང། གློ་ན་བ་དང། གློ་རྡོལ་བ་དང།
་སྲོག་གཟུངས་བདུན་པོ་ཟད་དེ་ལུས་སྐམ་པོར་སོང་བ་དང། ལུས་ཁུར་རམ་ལས་ཀྱིས་དུབ་བ་ལྟ་བུ་དང། ཆང་ལས་ནང་དུ་གྱུར་པ་ལྟ་བུ་དང། མིག་རབ་རིབ་ཟ་བ་དང། དམུ་རྫིང་དུ་གྱུར་ཏེ་ལྟོ་ཆེར་སྐྱེས་པ་དང། ཤུ་བ་མཆེད་པ་དང། མཛེ་ནད་དང་འོར་ནད་སྐྲང་བག་དང། ཚ་བ་མཁྲིས
་པའི་ནད་ཡོད་པ་དང་འོ་མ་དང་ཞོ་དང་མར་འཐུངས་པ་དང། སྦྲང་རྩི་འཐུངས་པ་དང་ཀྲུ་སྨན་བཏང་བ་དང། ལུས་སྣང་བ་དང་གཞང་འབྲུམ་ཁྲག་ཚད་འོང་བ་དང། སེམས་འཁྲུགས་པ་དང། མྱ་ངན་གྱིས་བཏབ་པ་དང། འཇིགས་ཤིང་བག་ཚ་བ་ལྟ་བུ་ཡོད་པ་དང། བཀྲེས་པ་དང། སྐོམ
་བའམ་མིག་སེར་གྱིས་བཏབ་པའམ། སྐྱ་སྦས་ཀྱི་ནང་ཡོད་པ་འམ་གཅིན་སྙི་སྟེ་རྟག་ཏུ་འོང་བ་འདི་ལྟ་བུ་དང། སྤྱིར་མཁྲིས་པའི་ནད་ཡོད་པས་ཚ་བའི་ནད་ཆེ་བ་འདི་ལྟ་བུ་ལ་ལུམས་བྱར་མི་རུང་བུད་མེད་སྦྲུམ་མ་དང། ཟླ་མཚན་ཟགས་པ་དང། བུ་བཙེས་པ་ལྟ་བུ་དང། འདི་ལྟ་བུ་ལ
་ལུམས་བྱར་མི་རུང་ངོ། །གལ་ཏེ་སྦྲུམ་མའམ་ཟླ་མཚན་ཟག་པ་དང་བུ་བཙས་པ་འདི་ལྟ་བུ་ལ་ལུམས་མི་བྱར་མི་རུང་བ་འམ། དུག་གིས་ཕོག་སྟེ་ལུམས་བྱ་དགོས་ན་ཡང་ལུམས་མི་དྲགས་པ་འཇམ་པོར་གྱིས་ཤིག་།དེ་ལ་ལུམས་བྱ་བའི་ནད་དམིགས་ནི་བད་ཀན
་ཆེས་ཏེ་དབུགས་མི་བདེ་བ་དང། ལུང་བ་ལུ་བ་དང། ཆམས་པས་བཏབ་པ་དང། སྐྱིགས་བུས་བཏབ་པ་དང། ལྟོ་སྤོས་པ་དང། བཤང་གཅི་གཉིས་ཀ་འགགས་ཏེ་དབྱུང་དུ་མི་རུང་བ་དང། མགུལ་སུབས་ཤིང་སྐད་འགགས་པ་དང། རླུང་ནད་ཀྱི་བག་ཏུ་མི་བདེ་བ་དང།
་བད་ཀན་རྒྱས་པ་དང། བེའུ་སྣབས་ཡོད་དེ་མཆིན་པ་ན་བ་དང། ལུས་དགྱེ་རྒུ་མི་ཤེས་ཏེ་ཁོང་རེངས་པ་དང། ལུས་ལྕི་བ་དང། རླིག་རླུགས་ཀྱི་ནང་ཡོད་པ་དང། །མཚན་པར་རྡོལ་བའི་ནད་དང། ད་རྒན་ལུས་ནང་དུ་རྒྱུ་བ་འམ། ཕྱིར་དགྱེ་བའི་ནད་ཀྱང་རུང་རླུང་ནད་ཀྱིས་ཟུག
་ཐབས་སུ་ན་བ་དང། ཆུ་འགགས་པ་དང། ཐོར་བུ་ཆེན་པོ་བྱུང་བ་འམ། རྨེན་བུ་སྐྲངས་པའམ་པགས་པའི་ནང་དུ་ཐོར་བུ་འབྱུང་ལ་ཕྱིར་རྡོལ་དུ་མི་རུང་བ་ལྟ་བུ་དང། སྐྱེས་བུ་ཁུ་བ་འགགས་ཏེ་འོང་དུ་མི་རུང་བ་དང་རླུང་ནད་ཆེ་བ་དང། འདི་རྣམས
་ལྟ་བུ་ལ་སོ་སོའི་ནད་དམིགས་དང་མཐུན་པར་སྨན་སྦྱར་ལ་ལུམས་དང་དུགས་བྱའོ། །ཡང་མི་ལ་རླུང་ནད་ཡོད་པ་འམ་ཚོས་ཏེ་ཚིལ་ཆེས་པའམ། བད་ཀན་རྒྱས་པ་དེ་ལྟ་བུ་ལ་ལུམས་བཙོས་ཤིང་གདུ་གདུ་བ་མི་དགོས་པར་ཁང་པར་རླུང་མེད་པ་དྲོན་པོའི
་ནང་དུ་གོས་བསྲོས་ལ་དྲོན་པོ་གྱོན་ཏེ་རྡུལ་དབྱུང་བ་དང་གོས་ལྕི་བར་གྱོན་ཅིང་རྡུལ་བར་བྱ་བ་དང། སྡངས་པར་བྱ་ཞིང་རྡུལ་གདོན་པར་བྱས་ན་ལུམས་བྱ་མི་དགོས་པར་ཕན་ནོ། །ཡང་མེ་ལ་བཙོས་པའི་ལུས་བཙན་པོ་ཆེམ་ཡིན་པར་ཐ་མལ་བར་ཟན་དང། སྨན་དུ
་སྦྱར་བས་བཙོས་པས་ལུས་ལ་དཀྲི་ཞིང་བདུག་པ་དང། ཚད་མང་དུ་བླུང་ལ་དུགས་བྱས་ནས་ཕན་ནོ། །རྡུལ་མང་དུ་དབྱུང་བའི་ཐབས་དང། ཁྲོ་བར་བྱས་པས་རྡུལ་དབྱུང་བ་དང། བསྲེས་པར་བྱས་པ་དང། སྐོམ་པར་བྱ་བ་དང། ཉིན་ཚན་ལ་བཞག་པ་འདི་ལྟ་བུས
་ཀྱང་བད་ཀན་ལ་སོགས་པའི་ནད་ལུམས་བྱ་མི་དགོས་པར་ཕྱིན་པར་རུང་ངོ། །དེ་ལྟ་བས་མ་ལུས་དང་ཁོད་པ་ནང་གི་ནད་ཡོད་པ་ལ་མར་དང་ཏིལ་ལ་སོགས་པ་སྣུམ་གྱི་དཔྱད་ཀྱིས་ནི་ནད་བསྲུལ་ལོ། །ནད་བསྲུལ་བ་དེ་ཁོད་པ་ནང་ཁྲོལ་གྱི་ནང་དུ་སོང་ཡང་རུང
་སྲོག་གཟུངས་བདུན་གྱི་ནང་དུ་སོང་ངམ་རྐང་ལག་གི་ནང་དུ་སོང་ངམ་ནང་རུང་བའི་ནང་དུ་ཞེན་ཀྱང་རུང། དེ་ལྟ་བུ་ལ་ལུམས་སམ་དུགས་བྱས་ན་སྣུམ་གྱིས་བསྲུལ་བའི་ནད་དེ་སྙིལ་ཞིང་སླ་བར་གྱུར་ནས་ཁོང་དུ་སྡུད་དོ། །ཁོང་དུ་ནང་ལུས་པ་དང
་བཀྲུ་སྨན་གྱིས་བཀྲུས་ཏེ་ནད་ཀྱི་དབྱིས་འབྱུང་ངོ། །དུགས་དང་ལུམས་ཀྱི་ཆོ་ག་སྟེ་ལེའུ་བཅུ་བདུན་པ་རྫོགས་སོ།། །།སྐྱུགས་སྨན་དང་བཀྲུ་སྨན་བཏང་བའི་ཆོ་གའི་ལེའུ་བཅོ་བརྒྱད་པ་བཤད་པར་བྱའོ། །བད་ཀན་རྒྱས་པའི་ནད
་དམ་བད་ཀན་རྒྱས་པ་རླུང་ངམ། མཁྲིས་པ་དང་འདྲེས་ཀྱང་རུང་སྟེ། དེ་ལྟ་བུའི་སྨན་ལ་སྐྱུགས་སྨན་ཐོང་ཞིག། ཚུལ་འདི་དང་འབྲ་བར་མཁྲིས་པ་རྒྱས་པའི་ནད་ལ་ནི་བཀྲུ་སྨན་ཐོང་ཞིག་།ཡང་རིམས་གསར་བ་དང། ཚད་པ་འཁྲུ་བ་དང་ཐུར་དུ་མཁྲིས་པ་དང
་ཁྲག་ཏུ་འཁྱུ་བ་དང། གློ་གཅོང་ཆེན་པོ་སྐམ་བྱེད་དང། མཛེ་དང་གཅིན་སྙི་བ་དང། འབྲུམ་ཆེན་དང་ཐོར་བུ་འབྱུང་བའི་ནང་དང། རྐང་པ་ཆེར་སྐྲངས་པའི་ནད་དང་སྙིང་མི་དྲན་ཏེ་མྱོས་པར་གྱུར་པ་དང། ལུད་པ་ལུ་བ་དང། དབུགས་མི་བདེ་བ་དང། སྙིང་འཕར་བ་དང
་བུད་མེད་ནུ་མ་ན་བ་དང། རོ་སྟོད་ཡན་ཆད་ཀྱི་ནད་མི་བ་འདི་རྣམས་དང་ནད་ཐམས་ཅད་ལ་སྐྱུགས་སྨན་བཏང་ན་ཕན་ནོ། །དེ་ལ་སྐྱུགས་སྨན་བཏང་དུ་མི་རུང་བའི་ནད་དམིགས་ནི་བུད་མེད་སྦྲུམ་མ་དང། རླུང་ནད་ཡོད་དེ་ཁོང་རྩུབ་པ་དང། བཀྲེས་པ་དང་རྟག་ཏུ་སྡུག
་བསྔལ་བ་དང་བྱིས་པ་ཆུང་ངུ་དང། མི་རྒན་པོ་དང་སྐེམ་པོ་དང་ཚེ་སྟེ་སྦོམ་པོ་དང་གློ་སྨ་ན་བ་དང། མཚོན་གྱིས་རྨས་པ་དང། ཉམས་ཆུང་བ་དང། རྟག་ཏུ་སློན་པ་དང། མཆེར་པ་ན་བ་དང། མིག་རབ་རིབ་ཁྱེར་བ་དང། ལྟོ་ན་སྲིན་བུ་ཡོད་པ་དང། ཁར་ཁྲག་དང
་རླུང་དུ་འདྲེས་པར་འབྱུང་བ་དང། སོན་པ་དང། སྐད་འཛེར་བ་དང། ཆུ་སྲི་བ་དང། དམུ་རྫིང་དང། སྐྲན་དང། སྨན་བཏང་བ་ཡང་ཡང་སློན་དུ་མི་རུང་བ་དང། ཧ་ཅང་དྲོད་ཆེ་བ་དང། གཞང་འབྲུམ་གྱི་ནད་དང། རྟུག་སྐམ་གྱིས་བཏབ་པ་དང། མགོ་འཁོར་བ་དང
་རྩེ་བས་ལོགས་རྡོ་བཞིན་སྲ་བས་རེམ་རེམ་པོར་ནད་དཀྱེལ་ཆགས་པ་དང། གློ་ན་སྟེ་རྩིབ་ལོགས་སུ་ཟུག་པ་དང། རླུང་ནད་ཀྱི་བག་འདི་ལྟ་བུ་ལ་སྐྱུགས་སྨན་བཏང་དུ་མི་རུང་ངོ། །ཡང་ཁྲག་སྨན་བཏང་རུ་མི་རུང་བ་ནི་བཙན་དུག་འཐུངས་སམ།
་དབྱིག་དུག་འཐུངས་སམ་ཁ་ཟས་མ་ཞུ་བ་འམ། ཁ་ཟས་མི་འཕྲོད་པ་ཟོས་པ་འམ། བེའུ་སྣམས་ལས་རིམ་སུ་གྱུར་ཏམ། རྟག་ཏུ་སྐྱུགས་སྨན་བཏང་ཡང་སྐྱུག་ཏུ་མི་རུང་བ་ལ་སྐྱུགས་སྨན་མི་བཏང་བར། གོང་དུ་སྨོས་ཀྱང
་དུག་འཐུངས་སམ། སྐྱུགས་སྨན་མི་བཏང་དུ་མི་རུང་བའི་ནད་དམིགས་ཞིག་ཡིན་ན་འདི་རྣམས་ལྟ་བུ་ལ་སྐྱུགས་སྨན་ཐོང་ཞིག། ནད་དམིགས་གཞན་དང་སྦྱར་ཏེ་སྐྱུགས་སྨན་བཏང་བའི་རྗེས་ལ་སྨན་གྱི་དུད་པ་སྤུ་གུ་གནས
་བཏང་སྟེ་བདུག་ཏུ་རུང་ངོ། །བཙན་དུག་དང་དབྱིག་དུག་གིས་ཕོག་པ་དང། ཟས་མ་ཞུ་བ་འམ། ཁ་ཟས་མི་འཕྲོད་པ་ཟོས་པ་འདི་རྣམས་ལྟ་བུ་ལ་སྐྱུགས་སྨན་བཏང་བའི་རྗེས་ལ་དུད་པ་སྤུ་གུ་ནས་བཏང་ཞིང་བདུག་པ་དང། ཟས་ཀྱི་ཆོ་གས
་བསྟན་པ་འདི་རྣམས་བྱར་མི་རུང་ངོ། །དེ་ལ་བཀྲུ་སྨན་གྱིས་བཀྲུ་ཞིང་གསོར་རུང་བའི་ནད་ནི་སྐྲན་དང་གཞང་འབྲུང་ཁྲག་ཚད་འབྲུམ་བུ་དང་གཞོགས་ཕྱེད་ན་སྟེ་བསྐྱོད་མི་ནུས་པ་དང། མིག་སེར་དང། རིམས་ཡུན་དུ་ལོན་ཏེ་བྱིང་བ་དང། དམུ་རྫིང
་དང། །དབྱིག་དུག་དང། རྟག་ཏུ་སྐྱུགས་པ་དང། མཚར་བ་ན་བ་དང། ཤ་མདོག་སེར་པོར་གྱུར་པའི་ནད་དང། མིག་རབ་རིག་ཟ་བ་དང། མིག་སྔོན་པོར་གྱུར་པ་དང། མིག་རྩི་བར་ཟ་བ་དང་ལོང་ག་ན་སྟེ་ལྟེ་བའི་འོག་ཏུ་ན་བ་དང་མོ་མཚན་ན་བ་དང། ཕོ་མཚན་ན་བ་དང། ཁོང་བའི
་ནད་ཀུན་ན་བ་དང། ལྟོ་ན་སྲིན་མུ་ཡོད་པ་དང། རྨེ་རེད་པ་དང་དྲེག་གམ་ཁར་ཁྲག་དང་རླུང་འདྲེས་པར་སྐྱུག་གམ། མགོ་བོ་ཡན་ཆད་ཀྱི་ནད་དང། ཁྲག་རྒྱས་པ་དང། གཅིན་འགག་ཅིང་སྲི་བ་དང། རྟུག་སྐམ་གྱིས་བཏབ་པ་འདི་རྣམས་ལྟ་བུ་ལ་བཀྲུ་སྨན་གྱིས
་བཀྲུས་ན་ཕན་ནོ། །མཛེ་ནད་དང། གཅིན་སྙི་སྟེ་ཟ་ཁུར་བྱུང་བ་ལ་ནི། སྐྱུགས་སྨན་བཏང་ན་ཕན་ནོ། །རིམས་སར་པ་དང། ཕོ་བའི་དྲོད་ཉུང་བ་དང། མཁྲིས་པ་དང། ཁྲག་ཚད་དུ་བྱུང་བ་དང། གློ་རྡོལ་ཏཾ། ལུས་རྨས་སམ། གཞང་འབྲུམ་ཁྲག་ཚད་འོང་བ་འམ། ཁོང
་དུ་མཚོན་ལུས་ཏེ་མ་ཕྱིན་པ་དག་ལྟོ་སྲ་སྟེ་འཁྲུར་མ་རུང་བ་དང། ལུས་ཚོ་སྟེ་ཚིལ་ཆེ་བ་དང། སྐེམ་པོ་དང་འདི་རྣམས་ལྟ་བུ་ལ་བཀྲུ་སྨན་བཏང་ཞིང་བཀྲུར་མི་རུང་ངོ། །དེ་ལ་སྐྱུགས་སྨན་དང་བཀྲུ་སྨན་གཉིས་གང་ཡང་རུང་བའི་དུས་ནི་གྲང་དྲོ་རན་པའི
་དུས་ལ་བྱ་སྟེ། དེ་ཡང་དཔྱིད་ཟླ་འབྲིང་པོ་དང་དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་ཐ་ཆུང་དང་ཟླ་བ་འདི་རྣམས་ལ་བཀྲུ་སྨན་དང་སྐྱུགས་སྨན་གང་ཡང་རུང་བ་བཏང་དུ་རུང་ངོ། །དུས་འདིའི་ཚེ་སྣུམ་བཏང་བའི་ཆོ་ག་བཞིན་དུ་ཡང་བྱས། དུགས་དང་ལུམས
་ཀྱང་ཆོ་ག་བཞིན་དུ་བསལ་སང་སྐྱུགས་སྨན་གཏོང་ན་དེང་བད་ཀན་བསླེང་བའི་ཁ་ཟས་ཉ་དང་ཏིལ་དང། མ་ཤི་མོན་སྲིན་དྲེའུ་དང། བད་ཀན་སྐྱེ་བར་འགྱུར་བའི་ཟས་རྣམས་ཟོས་ལ། མཚན་མོ་གཉིད་ལོག་པར་བྱས་ནས་ཁ་ཟས་ལེགས་པར་ཞུ་བ་དང
་ནད་པར་ལུས་བསྲུང་བའི་བཀྲ་ཤིས་བྱས་ལ་ཁ་ཟས་གཞན་མི་ཟ་བར་སྐྱུགས་སྨན་བཏང། མི་རྒན་པོ་དང། བྱིས་པ་དང། ཉམས་ཆུང་དུ་སྐྱེ་བ་དང། སྨན་སྟོབས་ཆུང་ཞིང་ཞེན་པ་འདི་རྣམས་སོ་སོའི་རིགས་པར་བཏང་བའི་ཐབས་ནི་མཁྲིས་པ་རྒྱས་ཤིང
་ཚ་བ་ཆེན་འོ་མ་དང་བུ་རམ་ཤིང་གི་ཁུ་བ་འམ། བུ་རམ་གྱི་ཁུ་བ་ལས་ཐོང་ཞིག་།རླུང་ནད་ལ་ནི་ཤ་ཁུ་འམ། མར་ཁུ་འམ་ཐུག་པ་དང་སྣུམ་བག་ལས་ཐོང་ཞིག་།བད་ཀམ་རྒྱས་པ་ལ་ནི་སྦྲང་རྩིའི་ཁུ་བ་དང། ཆང་དང་ཆུ་དྲོན་པོ་ལས་བཏང་ངོ། །རྒན་གཞོན་དང་ཉམས
་ཆེ་ཆུང་གི་ཐབས་ཀྱང་ཚུལ་འདི་བཞིན་དུ་སྦྱར་རོ། །སྐྱུགས་སྨན་བཏང་བ་ཡང་བབས་ཆེན་འཐུངས་ཏེ་གྲེ་བ་མན་ཆད་གང་བར་གྱིས་ལ་སློན་ནོ། །སོ་སོའི་ནད་དམིགས་དང་སྦྱར་ཏེ། སྐྱུགས་སྨན་དུ་གཏོང་བ་ཡང་རུང་བའི་ནང་དུ་སྦྲང་རྩི་དང། རྒྱམ་ཚྭ་དང། ལྕེ་མྱང་ཚྭ་ཡང
་བཏབ་ལ་མིའི་ཚོད་དང། སྐྱུགས་བ་སྲ་སྙིའི་དྲོད་དུ་སྦྱོར་ལ་སྨན་བོད་ཞིག་།སྨན་གཏོང་བའི་ཚེ་ནད་པའི་ཁ་ཤར་ཕྱོགས་སུ་བལྟས་ལ་སྨན་བླུད་དོ། །སྔགས་ཀྱིས་ཀྱང་གདབ་པར་བྱའོ། །བྲམཧ་དཀྵ་ཤི་པེ། བུད་དྲེན་དྲ། བྷ་ཙནྡྲ་ཨརྐ་ནཱ་ལ་ན་ལ། རི་དིར་སུ་མ་བྷུ་ཏ་སདྒྷ་ས
་ཙ་པཉྩུ་པ། ས་ར་ཡ་ན་མེ་བ་རི་ཥི་ན་མ་ད་བཱ་མེ་མེར་ཏམ་སུ་དྷེ་བོད་ཏ་མ་ནཱ་ག་ནཱ་ན་བྷེ་ཥྱད་ཛཡམ་ན་མསྟུ་སྟེ། སྐྱུགས་སྨན་འཐུངས་ལ་སྐད་ཅིག་ཅི་རན་དུ་བསྡད་ལ་དེ་ནས་སློན་བྲོ་བའི་སེམས་བསྐྱེད་ལ། དང་ཀར་འཁྱིལ་ཅིང་ཁར་མཆིལ་མ་མང་པོ་འོང་བར་གྱུར་ན་བྱ་སྒྲོ་འཇམ
་པོ་འམ། ཆུ་བ་སྙི་བ་འཇམ་པོས་བཀུག་ཅིང་དང་ངོ། །བཀུག་ཅིང་སློན་པ་ནི་གྲེ་བ་དང་ལྕེ་ཁྱི་བའི་དྲུད་མ་སྨད་པར་སློན་ཏོ། །དེ་ལ་སྐྱུག་ཡི་བྲོ་བཞིན་དུ་ཡང་ནན་གྱིས་སྐྱུགས་ཤིང་སློན་དུ་མི་རུང་ངོ། །སྐྱུག་བྲོ་བཞིན་སློན་པར་གྱུར་ན་ཡང་མ་འགེབས་པར
་སློན་ཅིག་།དེ་ལྟར་སློན་པའི་ཚེ་ན་སྟན་མཐོན་པོ་པུས་མོའི་ཐད་ཀ་ཙམ་དུ་མཐོ་བའི་སྟེང་དུ་ཙོག་པུར་འདུག་ལ་འབྲལ་བ་དང། བློ་གཡས་གཡོན་མི་བསྟེན་ནས་སློན་ཏོ། །དེའི་ཚེ་སློན་པ་དེ་ལྟེ་བའི་ཐད་ཀར་བཙིར། རྒྱབ་ནས་བཙིར་ཞིང་གྱེན་དུ་ཕུལ་ལ་སློན་ཅིག་།དེ་ལ་བད
་ཀན་རྒྱས་པའི་སྐྱུགས་སྨན་ནི་སྨན་རྣོ་བའི་བག་ལ་ན་ལེ་ཤམ་ལྟ་བུ་དང། བསིལ་བག་ཏུ་ཨུ་ཤི་རའམ། ཙན་དན་ནམ། ག་བུར་ལྟ་བུ་ལ་སོགས་པ་ལ་སྦྱར་རོ། །དྲོད་ཆེ་བའི་བག་ལ་ཙིཏྲ་ཀ། བི་བི་ལིང་གི་ཙ་བ་ལ་སོགས་པ་ལྟ་བུ་དང། ཚ་བར་གཏོགས་པ་ཚབ་རྣམ་གསུམ་དང
་ཤི་ཀྲུ་ལ་སོགས་པ་འདི་ལྟ་བུ་ལས་སྐྱུགས་སྨན་དུ་སྦྱར་ཏེ་བཏང་ངོ། །མཁྲིས་པ་རྒྱས་པའི་སྐྱུགས་སྨན་ནི་རོ་མངར་བག་ཤིང་མདར་འོ་མ་འམ་བུ་རམ་ཤིང་གི་ཁུ་བ་འམ། ཁ་ར་འམ། ཅུན་འབྲུ་ལྟ་བུ་དང། བསིལ་བག་ཏུ་ཨུ་ཤི་ར་འམ། ཙན་དན་ནམ། ག་བུར་ལ་སོགས
་བ་ལ་སྦྱར་རོ། །རླུང་དང་བད་ཀན་དུ་འདྲེས་པའི་ནད་ལ་ནི་མངར་བག་དང་སྐྱུར་བ་དང་ལན་ཚྭ་ལས་སྦྱར་ལ་བཏང་ངོ། །དེ་ལྟར་སྐྱུར་དུ་སྦྱར་ཏེ་གྱེན་དུ་ཕོལ་ནས་ནང་ཕྱིན་པའི་ཚད་ནི་བད་ཀན་འབྱུང་བ་ཟང་ནས་མཁྲིས་པ་སྣང་གི་བར་དུ་སློན་ཅིང་སྐྱུགས་ཤིག
་གལ་ཏེ་སྐྱུགས་སྨན་བཏང་བ་ལས་སྨན་གྱི་མཐུ་ཤུགས་ཞན་ཏེ། བབས་ཆེར་མི་སློན་ཏམ་སྨན་འགའ་ཞིག་སླར་རྒལ་ན་བསྣན་བའི་དཔྱད་ནི། བི་བི་ལིང་དང། སྐྱུ་རུ་ར་དང། ཡུངས་ཀར་རྣམས་ཤེལ་ཚ་དཀར་པོ་འམ་ལྕེ་མྱང་ཚྭའི་ཆུ་སྦྱོར་ལ་ཡང་ཡོད
་སློན་ཅིག་སྨན་གྱིས་དེ་ལྟར་བསྣན་ཀྱང་སློན་དུ་མི་རུང་ན། སྐྱུགས་སྨན་ཉེས་པ་ཡིན་ཏེ། དེའི་ཉེན་ནི་མཆིལ་མ་མང་གཡན་པར་འགྱུར་ཐོར་བུ་མང་རིམས་ཀྱིས་འདེབས་པ་ལ་སོགས་པར་འགྱུར་རོ། །སྐྱུགས་སྨན་བཏང་ལེགས་ན་དང་པོར
་བད་ཀན་འབྱུང། དེའི་རྗེས་ལ་མཁྲིས་པར་སློན་འཇུག་ཏུ་རླུང་གི་ཚུལ་དབུ་བ་ལྷ་བུ་འབྱུང་བ་ནི་སྐྱུགས་སྨན་ལེགས་པ་ཡིན་ནོ། །དེ་ལ་ཧ་ཅང་སྐྱུགས་སྨན་དྲགས་པ་འམ་ནང་དཀྱེལ་ཆེན་མང་དུ་སློན་པའི་རྗེས་ལ་དབུ་བ་དང་ཁྲག་ཚོན་བག་དུ་བྱུང་ན་གསོ་དཀའ་བ་ཡིན་ནོ།
་དེ་ལྟར་སྨན་དྲགས་ཏེ་མ་ལེགས་སམ་ནད་དཀྱེལ་ཆས་ཏེ་ཉམས་ཆུང་ལ་སློན་དྲགས་ན་ཁོང་རྨྱ་ལུས་ཚེ། གྲེ་བ་སྐམ། མིག་གིས་མཐོང་སྟེ་མུན་པར་སྣང་རླུང་ནད་ཡང་བ་ལྡང། ཁོང་ནས་སྲོག་ཅེས་བྱ་བའི་ཁྲག་ཡོད་པ་དེ་སློན་ཅིང་འབྱུང་ན་མི་འཆི་བར་འགྱུར་རོ།།
་སྐྱུགས་སྨན་བཏང་ལེགས་ནི་དེའི་རྗེས་ལ་ཅི་རན་ཅིག་ངལ་གསོ་སྟེ། དེ་ནས་ནད་དམིགས་དང་སྦྱར་ལ། དུང་པ་རྣམ་གསུམ་གང་ཡང་རུང་བ་ཅིག་གིས་བདུགས་ལ་དེའི་འོག་ཏུ་སྣུམ་བག་བཏང་བ་ཡང་གོང་མ་དང་འདྲ་བར་བྱའོ། །དེ་ནས་ཁ་ཟས་བཟའ་བ་ནི་ཁྱི་འཕྲེད་ནུས
་ཀ་འམ། ཡང་ན་སྨན་ལེགས་པར་མ་ཞུ་འམ། རྗེས་མ་ཆད་ན་ཕྱི་དེ་ནད་པར་ཙམ་ན་གདོང་ཁ་ཟས་ཡི་གར་འོང་ཞིང་བཀྲེས་ན་ཆུ་དྲོན་པོ་རན་པས་ཁྲུས་བྱས་ལ་ཁ་ཟས་ཀྱི་རིམ་པ་འབྲས་བུག་རྐྱང་རྐྱང་པོ་ལ་རིམ་པ་བཞིན་དུ་བཟའ་བར་བྱའོ། །བཟའ་བའི་རིམ་པ་དེ་ཡང་དང
་པོ་འབྲས་བརྔོས་པའི་ཐུག་པ་རྐྱང་རྐྱང་པེ་བླུད་དོ། །དེ་ནས་འབྲས་བརྔོས་པའི་ཐུག་པ་ཕྱར་ལངས་ཙམ་དུ་བྱས་ལ་བླུད་དོ། །དེའི་རྗེས་ལ་ཐུག་པ་ཁ་གཟར་གྱིས་བཅུ་རུང་བ་བླུད་དོ། །དེའི་རྗེས་ལ་སྲན་ཚོད་ཡུ་ཤ་ཞེས་བྱ་བ་བལ་བོ་སེའུ་འབྲུ་དང་སྲན་བུ་དཀར་སྦྱར་བའི་ཚོད་མ
་དང་འབྲས་བུ་ཅན་དུ་སྤགས་ཤིང་བཟའ་དེ་ནས་སྲན་མུ་ག་དང། བལ་པོ་སེའུ་འབྲུ་དང་སྤོས་སྣ་ཚོགས་སུ་སྦྱར་བའི་ཚད་མ་དང་འབྲས་ཅན་དུ་སྤགས་ཤིང་བཟའ་། མཇུག་ཏུ་ནི་ཁུ་ཤ་དང་འབྲས་ཅན་དུ་སྤགས་ཤིང་བཟའ་ཨོ། །དེ་ལྟར་སློན་བའི་རྗེས་ལ་ཁ་ཟས་ཚོས
་ཆེ་ཆུང་བཟའ་བའི་ཚད་ནི་སྐྱུགས་སྨན་ལེགས་ཏེ། ལེགས་པར་སློན་ལ་དང་ཀ་སང་སང་བོར་བྱས་ན་ཐུག་པ་དང། སྲན་ཚད་ཡུ་ཤ་དང་ཁུ་ཤ་གསུམ་ཆར་ཟོས་ཀྱང་རུང་ངོ། །འབྲིང་ཙམ་དུ་སློན་ན་ནི་འབྲས་ཐུག་དང། སྲན་ཚོད་ཡུ་ཤ་དང། རྣམ་པ་གཉིས་ཀ་བཟར
་རུང་ངོ། །སློན་པའི་བབས་ཆུངས་ཏེ། ཆེན་པོར་མ་སློན་ན་ནི་ཁུ་ཤ་དང། ཁ་ཟས་སམ་འབྲས་དང་སྦྱར་ཞིང་བཙལ་ལོ། །དཔེར་ན་མེ་ཆུང་སྟེ་གསོ་བ་ནི་རྩཝ་དང་ལྕི་བ་དང། རྟ་ཙུག་དང། རྩཝ་ལ་སོགས་པས་བགས་ཀྱིས་གསོ་ཞིང་མེ་ཁད་ཀྱིས
་སྦར་ན་ལེ་ཆེ་བ་བརྟན་པ་དང། ཐམས་ཅད་ཚོས་ནུས་བར་བྱེད་ནུས་པ་དེ་དང་འདྲ་སྟེ། སྐྱུགས་སྨན་ནད་བསལ་ཏེ། དང་ཀ་སལ་སལ་པོར་བྱ་བ་ལ་།ཐོག་མར་ཁ་ཟས་དྲགས་ན་མི་རུང་སྟེ། འབྲས་ཐུག་སླ་མོལ་སོགས་པ་རན་པར་སྦྱིན་ཞིང་དྲོད་ཆེ་བ་བྱའོ། །དེ་ལ་སྐྱུགས
་སྨན་གྱི་ལན་བཞི་བཞི་སློན་ན་ཕབས་ཆུང་བའི་ཚོང་ངོ། །ལན་དྲུག་སྨོན་ན་སློབ་པའི་འབྲིང་ཚང་ངོ། །ལན་བརྒྱད་དུ་སློན་ན་སྐྱུགས་སྨན་ལེགས་པའི་ཚད་དོ། །དེ་ལས་བཀྲུ་སྨན་གྱིས་བཀྲུས་པའི་ཆུང་ཐང་ནི། ལན་བཅུ་འཁྲུས་པའོ། །འབྲིང་ཚད་ནི་བཅུ་གསུམ་མོ། །མེ་ཐར་ནི
་ལན་ལུང་འདུན་ནོ། །དེ་ལས་འཁྲུས་པའི་བབས་ཆུང་ཐང་ནི་དྲུག་ཕུལ་གང་གི་ཚང་ངོ། །འབྲིང་ནི་དྲུག་ཕུལ་ངོའི་ཚད་དོ། །འཁྲུས་པའི་ཆེ་བ་ནི་དྲུག་ཕུལ་བཞི་འགྱུར་རོ། །དེ་ལ་སྐྱུགས་སྨན་གྱིས་སློན་ཏེ་ཆེ་གའི་ཚང་ནི་འཁྲུས་པའི་ཕྱེད་ཙམ་སྟེ། མཇུག་ཏུ་མཁྲིས་པ་བྱུང་ན་ཆོ་ག
་ཅི་ཕན་པའི་ཚད་དོ། །དེ་ལ་བཀྲུ་སྨན་གྱིས་བཀྲུ་སྟེ། བཀྲུས་པའི་འཇུག་ཏུ་བད་ཀན་བྱུང་ན་རན་ཏེ་ཆོག་གོ་།བཀྲུ་སྨན་བཏང་བའི་ཚེ་དང་པོ་ལ་ཐུར་དུ་ལན་གཉིས་གསུམ་ཙམ་བྱུང་བ་ནི་ཁོང་པའི་དྲི་མ་བཤངས་པ་ཡིན་ཏེ། འཁྲུས་བའི་གྲངས་སུ་བརྩིའོ། །སྐྱུགས
་སྨན་བཏབ་པ་ནི་སྐྱུགས་སྨན་འཐུངས་ནས་བཀྲུས་ཏེ་སློན་པ་དང། མཇུག་ཏུ་མཁྲིས་པ་འབྱུང་བའི་ཚད་ཀྱིས་གཟུང་ངོ། །སྐྱུགས་སྨན་གྱིས་སློན་པའི་འོག་ཏུ་སྣམ་བག་བཏང་བ་དང་གདུགས་བྱ་བ་ཡང་ཞག་གསུམ་འམ་ལྔ་འམ་བདུན་ཆོ་ག་བྱས་ནས་དེའི་རྗེས
་ལ་གདོང་བཀྲུ་སྨན་བཏང་སྟེ། དེ་ཡང་ནང་པར་བད་ཀན་གྱི་དུས་ཡོལ་ཏེ། ལྟོ་སྲ་སྙིང་ཚོ་དང་ཟུང་ལ་བཀྲུ་སྨན་བཏང་ངོ། །དེ་ལ་མིའི་རང་བཞིན་མཁྲིས་པ་ཆེ་ཞིང་མང་ལ་ལྟོ་སྙི་སྟེ་འོ་མས་ཀྱང་འཁྲུ་བར་འགྱུར་རོ། །མིའི་རང་བཞིན་རླུང་ནི་ཤས་ཆེན་ལྟོ་སྲ་སྟེ་བཀྲུ་སྨན་དྲི་བོད་དང
་ངན་ཏི་ལ་སོགས་པས་ཀྱང་བཀྲུ་དཀའ་ཨོ། །དེ་ལ་མཁྲིས་པ་ཆེ་བ་ལ་སྨན་བཀྲུ་སྨན་རོ་བསྐ་བ་དང་མངར་བ་ལས་བཏང་ངོ། །བད་ཀན་ཆེ་བ་ལ་སྨན་ཚ་བ་ལས་བཏང་ངོ། །རླུང་ཆེན་སྣུམ་པ་དང་དྲོད་ཆེ་བ་དང་ལན་ཚྭ་ལས་བཏང་ངོ། །སྨན་བཏང་ཡང་འཁྲུར་མི་རུང་ན་ཆུ་བསྐོལ་བསྐོལ་བ
་དྲོན་མོ་བླུད་དོ། །ལག་པའི་ཐལ་མོ་མེ་ལ་བསྲོས་པ་འམ། གོས་མེ་ལ་བསྲོས་བསྲོས་པས་དུགས་བྱའོ། །བཀྲུ་སྨན་བཏང་བ་ལས་དེ་ཉིན་བར་ཆེན་པོ་མི་འཁྲུ་ན་ཐོང་དེ་ཟན་བྱིན་ལ་ཕྱི་དེ་ཉིན་བཀྲུ་སྨན་ཐོང་ཞིག་གལ་ཏེ་ནད་བ་ཟད་ཡི་གར་མི་འོང་སྟེ། ཁ་ཟས་མི་ཚུད་དམ་ལྟོ
་སྲ་བ་ཞིག་ན་སྣུམ་བཏང་བའི་ཆོ་ག་ཞག་གསུམ་འམ་ལྔ་འམ་བདུན་དུ་བཏང་བར་བཤད་པ་དེ་བས་ཞག་གྲངས་བསྐྱེད་དེ་ཞག་བཅུའི་བར་དུ་སྣུམ་བག་ཐོང་ཞིག་།དེའི་རྗེས་ལ་ལུས་ལ་དུགས་ཀྱི་ཆོ་ག་བྱས་ནས་དེའི་འོག་ཏུ་གདོད་བཀྲུ་སྨན་བཏང་ངོ། །བཀྲུ་སྨན་བཏང
་པ་དེ་ཡང་སྔར་ལན་ཅིག་འཁྲུས་པའི་ཚེ། བཀྲུར་མ་བཏུབ་པ་དེ་དམིགས་ཀྱིས་ཉེས་པ་དང། ཅི་ལས་གྱུར་པ་ལེགས་པར་བལྟས་ཏེ། སྔར་ཅིས་ཉེས་པ་དྲན་པར་བྱས་ལ་དེ་ལས་ཐབས་ཇི་ལྟར་ལེགས་པར་བཀྲུ་སྨན་བཏང་ངོ། །བཀྲུ་སྨན་བཏང་བ་ལས་མ་ལེགས་པའི
་ནད་དམིགས་སྙི་ན་ལྟོ་བ་ནས་ཟས་མི་འཇུག་སྟེ། གསུང་སྒྲེགས་མནམ་པོར་འབྱུང། ཁ་ཟས་ཡི་གར་མི་འོང་བད་ཀན་མ་བྲིས་པ་གཉིས་རྒྱས་པ་སློན་པར་འགྱུར། གཡས་པས་འདེབས་ཚ་བ་སྐྱེ་ལུས་ལ་ཐོར་དུ་འབྱུང་ཆམ་པས་འདེབས་ཐུར་དུ་དབུགས
་མི་འབྱུང་བཤང་བ་འབྱུང་སྲ་བ་འདི་ལྟ་བུ་འབྱུང་བར་གྱུར་ན་བཀྲུ་སྨན་མ་ལེགས་པ་ཡིན་ནོ། །དེ་ལས་བཀྲུ་སྨན་ལེགས་པའི་ཚུལ་ནམ་མ་ལེགས་པའི་གནད་བཤད་པ་ལས་བཟློག་པར་བྱ་སྟེ། དེ་ལ་དང་པོའི་ཁོད་པའི་དྲི་མ་བཤད་བ་ཇེ་འབྱུང་ངོ། །དེའི་རྗེས་ལ
་མཁྲིས་པ་དེ་ནས་བད་ཀན་ཐ་མ་རླུང་འབྱུང་ཞིང་དེ་ལྟར་འཁྲུ་བ་ནི་ལེགས་པར་བལྟའོ། །དེ་ལ་བཀྲུ་སྨན་བབས་ཆེ་སྟེ་ཧ་ཅང་དྲགས་པ་ནི་བད་ཀན་ཟད་དེ་མེད་པ་དང། མཁྲིས་པ་ཡང་ཟད་དེ་མེད་ཆུ་སྐྱ་བོར་འཁྲུ་ཁྲག་རྩ་ནག་པོར་འོང་ཡང་ན་ཤ་བཀྲུས་པ་འདྲ་བ་རྩ་སྣར
་བག་ཅན་ནམ་ཆུ་སེར་ལྟ་བུར་འབྱུང་ཚིལ་ལྟ་བུའི་ནར་ནར་པོ་འམ། རུས་བུ་ལྟ་བུ་འབྱུང་གཞང་ཕྱིར་འབྱུང་ཞིང་ལྟོག་ཁ་སྐོམ་ཀླད་པ་འཁོར་མིག་ཆགས་ཏེ་ཕུགས་སུ་བྲོས་པ་འདི་ལྟ་བུར་གྱུར་ན་བཀྲུ་སྨན་ཧ་ཅང་བྲགས་པའི་ཚུལ་ཡིན་ནོ། །བཀྲུ
་སྨན་དྲགས་པ་དང་སྐྱུགས་སྨན་བཏང་བའི་ཟམ་གྱི་ཆོ་ག་དང་འདྲ་བར་བྱའོ། །སྐྱུགས་སྨན་ལྟར་བཏང་བའི་ཆོ་ག་ལས་དུས་པས་བཏང་བའི་ཆོ་ག་མི་དགོས་སོ། །བཀྲུ་སྨན་གྱི་རྗེས་ལ་ཁ་ཟས་བཟའ་བའི་རིམ་པ་ཡང་སྐྱུགས་སྨན་གྱི་ཆོ་ག་བཤད་པ་དང་འདྲ་སྟེ། ཁ
་ཟས་རིམས་པས་བཟའ་ཞིང་བགས་ཀྱིས་ཁ་ཟས་ནར་མ་ཡང་ཕྱི་ནས་བཟའ་ཨོ། །གལ་ཏེ་བཀྲུ་སྨན་བཏང་བ་ལས་དྲོད་ཆུང་བས་བཀྲུ་སྨན་མ་ཞུ་ཞིང་ནད་མ་ཕྱིར་ལ་ལོངས་བརྙས་པ་ནི་མེད་ནད་དཀྱེལ་ནི་ཆེ་བ་ཙམ་མ་ཡིན་ན་སྨན་ཁོང་དུ་མ་ཞི་བའི་ཚུལ་དེ་ལྟར་གྱུར་ན
་འདི་ལྟ་བུ་ལ་དཔྱད་དུ་བགྱི་བ་ནི། བཀྲུ་སྨན་འཐུང་བའི་ཉིན་ཐོག་ཐག་ཟོས་མི་ཟ་བར་མཚན་ཡལ་ནངས་སུ་ནམ་ཞུ་ཞུ་བའི་བར་དུ་བསྡད་ཅིང་ཁ་ཟས་མི་ཟའོ། །ཡོད་ནི་སྔར་སྣུམ་དང་དུགས་ཀྱི་ཆོ་གར་བྱས་ལ་ཕྱིས་བཀྲུ་སྨན་བཏང་བ་ནང་ཅུང་ལ་གནོད་པར་མི
་འགྱུར། །བཀྲུ་སྨན་བཏང་སྟེ་བཀྲུས་པ་དང་གཏར་ཀ་བཏབ་པ་དང། སྣུམ་གྱི་ཆོ་གར་སྦྱར་ཏེ་བཏང་བ་དང། ཟས་མི་ཟ་བར་སྨུང་བར་བྱས་པ་འདི་རྣམས་ཀྱིས་ནི་དྲོད་ཆུང་ཞིང་ཉམས་པར་འགྱུར་རོ། །དེ་བས་ན་འདི་ལྟ་བུ་ལ་དཔྱད་དུ་བགྱི་བ་ནི་འབྲས་ཐུག་རྐྱང་རྐྱང་པོ
་དང་འབྲས་ཐུག་སླ་བ་ལ་སོགས་པ་བླུད་ཅིང་བགས་ཀྱིས་བཏང་ངོ། །བཀྲུ་སྨན་བཏང་བས་མཁྲིས་པ་དང་བད་ཀན་བྲི་སྟེ་ཆུང་དུ་གྱུར་པ་དང། རླུང་དང་མཁྲི་བ་ཆེ་བའི་མི་སྐོམ་དང་ཆེ་བ་དེ་ལྟ་བུའི་མི་ལ་ནི་ཐུག་པ་བླུད་དུ་མི་རུང་སྟེ་དེ་དག་ལ་ཁ་ཟས་སོད་པ་ལ་སོགས་པ
་ཁད་ཀྱིས་བརྟ་བའི་ཆོ་ག་བྱའོ། །ནད་མ་སྨིན་པ་ལ་ནི་སྐྱུགས་སྨན་བཏང་ངོ། །ནད་སྨིན་པར་གྱུར་ཏེ་བཀྲུ་སྨན་བཏང་བའི་དུས་ལ་བབ་ན་བཀྲུ་སྨན་བཏང་སྟེ་ནད་བསལ་བར་བྱའོ། །སྐྱུགས་སྨན་བཏང་བ་ནི་བཀྲུ་སྨན་བཏང་བའི་དུས་ལ་བབ་མ་བཟབ་པ། །ནད་?
་པ་ལ་བསྡད་མི་དགོས་པར་རུང་ངོ། །ཡང་མི་ཉམས་ཆུང་ཞིང་ནད་མང་བ་དེ་ལྟ་བུ་ལ་ནི་ནད་ཉིན་སྨིན་ཅིང་བཀྲུ་སྨན་བཏང་བའི་དུས་ལ་བབ་ན་བཀྲུ་སྨན་བཏང་མི་དགོས་པར་འཁྲུ་བར་འགྱུར་བའི་ཁ་ཟས་ཀྱི་ཆོ་ག་བྱས་ན་འཁྲུ་བར་འགྱུར་རོ། །སྔར་བཀྲུ་སྨན་བཏང་སྟེ
་ཉམས་ཆུང་བ་དང་ནད་ཀྱང་པྲི་སྟེ། ཆུང་དུ་གྱུར་པ་དང། མི་ཤ་ཆུང་སྟེ་སྐེམ་པ་དང། ལྟོ་སྲ་སྙི་ཚོད་མ་ཟིན་པ་འདི་ལྟ་བུ་ལ་སྨན་ཐུན་ཆུང་བ་དང། སྨན་འཇམ་པ་ཐང་ཞིག་དེ་ལྟ་བ་མཆེས་སྨན་ལན་མང་དུ་འཐུངས་པའི་བླའོ། །དོགས་ཤིང་བག་ཚ་བར་གྱུར་བའི་སྨན་ཐུན་ཆེར་ནི
་བཏང་དུ་མ་རུང་ངོ། །ནད་པ་ཉམས་ཆུང་བ་ལྟ་བུ་ལ་ནི་སྨན་འཇམ་ཞིང་ཐུན་ཆུང་བས་ནད་ཞི་བར་བྱའོ། །ནད་པ་ཉམས་ཆུང་བ་ལ་དེ་ལྟར་དཔྱད་བྱ་སྟེ། ནད་མང་པོ་ཅུང་ཟད་ཁད་ཀྱིས་བྲིན་དེ་ཡང་སྨན་བགས་ཀྱིས་བཏང་ཞིང་ནད་ཁད་ཀྱིས་ཁད་ཀྱིས་བསལ་ལོ། །ནད་དཀྱེལ
་བས་ཕྱིན་ཕྱིན་པས་ནད་པ་ཡུན་རིང་དུ་ཉོན་མོངས་པ་དེ་ལྟ་བུ་དྲོད་ཆུང་ལྟོ་སྲ་བར་གྱུར་པ་ཡིན་ཏེ་དེ་ལ་དཔྱད་དུ་བྱ་བ་ནི་ཐལ་སྨན་རྣོན་པས་གཤའ་ར་དང། ཆེ་ཚ་དང་མར་དུ་སྦྱར་བ་བཏང་ན་ཁོང་པའི་མེ་དྲོད་སྐྱེ་སྟེ། ཟས་འཇུ་རླུང་དང་བད་ཀན་གྱི་ནད་ཀྱང་ཞི་ནས
་དེ་ནས་བཀྲུ་སྨན་ཐོང་ཞིག་།ནད་པའི་ཉམས་ཆེ་ལ་ཁོང་རྩུབ་རླུང་གི་ཤས་ཆེ་ལྟོ་སྲ་ལ་རྟག་ཏུ་རྩོལ་བའི་ངང་ཚུལ་ཅན། ཁོང་བའི་དྲོད་ཆེ་བ་དེ་ལྟ་བུ་ནི་བཀྲུ་སྨན་བཏང་བ་ཡང་སྨན་ཞུ་བར་འགྱུར་བ་ཡིན་ཏེ། དེ་ལྟ་བུ་ལ་ནི་སྔར་སྨན་མ་བཏང་བ
་ལ་ཉམས་པ་རྟས་ནས་ཕྱིས་བཀྲུ་སྨན་འཇམ་པོ་ཐོང་ཞིག་གལ་ཏེ་འཁྲུར་མི་རུང་ངམ་ལན་འགའ་ཞིག་འཁྲུས་ནས་སྨན་རྣོན་པོ་ཅུང་ཟད་དང་སྦྱར་བའི་སྨན་རེ་རེང་པོར་མས་བཅུག་ན། ནད་ཐུར་དུ་འཁྲུས་ཏེ་མ་བྱིན་པས་ཁོང་ཡང་འཇམ་ལ་བཀྲུ་སྨན་ལེགས་པ་བདེ
་བར་འགྱུར་རོ། །གོང་དུ་བཀྲུ་སྨན་བཏང་ནས་སྔར་སྣུམ་གྱི་ཆོ་ག་བྱ་བར་བཤད་པ་དེ་ཡང་དུག་གིས་བབས་པའི་མིང་དང་མཚོན་གྱིས་རྨས་བ་ལྟ་བུ་དང་ཐོར་བུ་བྱུང་བ་དང། མཛེ་ནད་དང། འོར་ནད་དང། མེ་དཔལ་དང། མི་གསེར་དང། སྐྱ་སྦབ་ཀྱི་རད་དང། ཟ་ཁུའི
་ནད་ཡོད་པ་དང། འདི་ལྟ་བུ་རྣམས་ལ་ནི་སྣུམ་གྱི་ཆོ་ག་ཧ་ཅང་ཆེར་མི་བྱ་བ་དང། བཀྲུ་སྨན་ཐོང་ཞིག་དེ་ལ་སྣུམ་བག་གི་ཆོ་ག་བྱ་བ་དང། བཀྲུ་སྨན་བཏང་བ་དང། ཐམས་ཅད་ལ་ནད་མེད་པའི་ཁོང་སྣུམ་པ་ལ་སྣུམ་གྱི་ཆོ་ག་བྱ་སྟེ། བརྟས
་ལ་སྐྱུགས་སྨན་དང། བཀྲུ་སྨན་ལ་སོགས་པ་ལས་བྱ་ཞིང་གང་བཏང་ཡང་རུང་སྟེ། དེ་དག་གི་བར་དང། སྐབས་སྐབས་སུ་སྣུམ་གྱི་ཆོ་ག་དང། དུགས་ཀྱི་ཆོ་ག་བྱའོ། །དེ་ལྟར་སྣུམ་བག་གི་ཆོ་ག་བྱས་པའི་རྗེས་ལ་ཁ་ཟས་ཀྱི་ཉམས་བཙག་བརྟན་ནས
་བཀྲུ་སྨན་གྱིས་ནད་བསལ་བ་ནི་དཔེར་ན་གོས་ཟི་མ་ཅན་སྤངས་ལ་བཀྲུ་བ་དང་འདྲའོ། །དེ་ལ་སྣུམ་གྱི་ཆོ་ག་དང་དུགས་ལ་སོགས་པ་མ་བྱས་པར་རང་ག་བཀྲུ་སྨན་གཏོང་བ་དེ་ནི་ཤིང་སྐམ་པོ་འགུག་ཏུ་མི་རུང་བ་བཞིན་དུ་ལུས་མ་རུང་བའི་ཉེན་དུ་འགྱུར་རོ།།
་དེ་ལ་ཆོ་ག་ཚུལ་བཞིན་དུ་བྱས་པའི་བཀྲུ་སྨན་བཏང་བ་ལེགས་པར་བྱ་བ་ནི་སེམས་གསལ་བ་དང་དབང་པོ་རྣམས་དང། སྲོག་གཟུངས་རྣམས་བརྟན་བ་དང་ཁོང་ཆུ་དོད་ཆེ་མེ་འབར་ཟས་མྱུར་དུ་འཇུ་རྒས་སྲ་བར་འོང་སྟེ། བཀྲུ་སྨན་བཏང་ལེགས་པ་ནི
་དེ་ལྟ་བུ་ཡིན་ནོ། །སྐྱུགས་སྨན་དང་བཀྲུ་སྨན་བཏང་བའི་ཆོ་གའི་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།སྨན་མས་བཏང་སྙམས་བརྟ་བར་བྱ་བའི་ཆོ་གའི་ལེའུ་བཅུ་དགུ་པ་བཤད་པར་བྱའོ། །རླུང་ནད་ཀྱི་ཤས་ཆེ་བ་དེ་ལྟ་བུ་ལ་ནི་སྨན་མས་བཏང་ཞིང
་བརྟ་སྟེ། ལུས་ཀྱི་ཁོང་སྣུམ་པར་བྱ་བའི་ཆོ་ག་བཟང་ངོ། །དེ་ལྟ་བས་ན་སྨན་དཔྱད་ཀྱི་བྱ་བ་ཐམས་ཅད་ཀྱི་ནང་ནས་སྨན་མས་བཏང་ཞིང་ཁོང་སྣུམ་ཞིང་ཉམ་བརྟ་བར་བྱ་བ་འདི་ནི་དཔྱད་ཀྱི་མཆོག་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ་ནད་འཁྲུར་རུང་བ་ཁོང
་དུ་བསྡུ་བའི་སྨན་མས་བཏང་བ་དང། བཀྲུ་སྨན་དྲག་པོ་མས་བཏང་བ་དང། ཁོང་བརྟ་བའི་སྨན་མས་བཏང་བ་དང། རྣམ་པ་གསུམ་མོ། །སྨན་མས་བཏང་བའི་ཆོ་ག་འདི་གསུམ་གྱིས་སྨན་དང་ལྟོ་ལྦོས་པ་དང། རྐང་པ་ན་ཏེ་འཐེངས་པ་དང། མཆར་གན
་བ་དང། རླུང་ནད་ཀྱིས་ལྟོ་འཁྲུ་བ་དང། ལྟོ་ན་བ་དང། རིམས་བྱིང་བ་དང། ཚམ་པ་ན་བ་དང། རླུང་ནད་ཀྱིས་ཁུ་ཆུ་འགགས་པ་དང། རླུང་ནད་ལས་རྟུག་སྐམ་དུ་གྱུར་ཏེ། འབྱུང་དུ་མི་རུང་བ་དང། རླིག་རླུགས་དང། རྡེའུ་ནད་དང་།ཁུ་ཆུ་ལ་ནད་ཡོད་པ་དང།
་རླུང་ནད་དཀྱེལ་ཆེན་པོ་གྱུར་པ་འདི་རྣམས་ལྟ་བུ་ལ་སྨན་མས་བཏང་བ་རྣམ་པ་གསུམ་གྱིས། ནད་ཀུན་བསལ་བར་བྱའོ། །དེ་ལ་སྨན་མས་བཏང་ཞིང་བཀྲུར་མི་རུང་བའི་ནད་དམིགས་ནི་སྣུམ་བག་བཏང་ཧ་ཅང་དྲགས་པ་དང་གློ་རྡོལ་བ་དང་ལུས་ཧ་ཅང་སྐེམ་ཆེ་སྟེ
་ཉམས་ཆུང་བ་ལྟ་བུ་དང། མཆིན་པ་ན་སྟེ་བེའུ་སྣབས་སུ་འཁྲུ་བ་དང། རྟག་ཏུ་སློན་བྲོ་བ་དང། བཀྲུ་སྨན་གྱིས་བཀྲུས་ཟིན་པ་ལྟ་བུ་དང། སྣ་ནས་སྨན་བཏང་ཟིན་པ་དང། དབུགས་མི་བདེ་སྟེ་རྔམ་པ་དྲག་ཏུ་འབྱུང་བ་དང། ལུད་པ་ལུ་བ་དང་མཆིལ་མ་མེད་སྟེ་རྟག་ཏུ
་འདོར་བ་དང། གཞང་འབྲུམ་ཁྲག་ཚད་ཀྱིས་བཏབ་བ་དང། སྐྱིགས་བུས་བཏབ་པ་ལྟོ་སྦོས་པ་དང། དྲོད་ཆུང་སྟེ་ཟས་འཇུར་མི་རུང་བ་ལྟ་བུ་དང། གཞང་ཁ་སྐྲངས་ཏེ་ན་བས་སྨན་མས་བཏང་དུ་མི་རུང་བ་ལྟ་བུ་དང། ཁ་ཟས་ཟོས་ཟིན་བ་ལྟ་བུ་དང། དམུ་རྫིང
་གི་ནད་ཀྱིས་རྩ་སྒོ་ཀུན་འགགས་པ་དང། མཛེ་ནད་དང་ཟ་ཁུ་ཅན་དུ་གྱུར་ཏེ་གཅིན་སྦྲང་རྩིའི་མདོག་ཏུ་འོང་བ་དང། བུད་མེད་སྦྲུམ་མ་ཟླ་བ་བདུན་ལས་མ་ལོན་པ་དང། འདི་རྣམས་ལྟ་བུ་ལ་ནི་སྨན་མས་བཏང་ཞིང་བྱར་མི་རུང་ངོ། །དེ་ལ་སྨན་ནས་བཏང་ཞིང
་ཉམས་བརྟས་ཏེ་ཁོང་སྣུམ་པར་བྱ་བ་དང། སྨན་མས་བཏང་བའི་བཀྲུར་རུང་བའི་ནད་དམིགས་ནི་དྲོད་ཧ་ཅང་ཆེ་བ་དང། ལོང་རྩབ་པ་དང། རླུང་ནད་འབའ་ཞིག་ན་བ་ལས་དམུ་རྫིང་དུ་གྱུར་པ་ལྟ་བུ་དང། ཆམ་བས་བཏབ་པ་དང། ཧ་ཅང་སྦོམ་ཆེས་པ་དང། ལྟོ་ན་སྲིན
་བུ་ཡོད་པ་དང། རླུང་ནད་ཀྱི་ཤས་ཧ་ཅང་ཆེས་པ་དང། དབྱིག་དུག་འཐུངས་པ་དང། འབྲུམ་བུས་བཏབ་པ་དང། རྐང་འདམ་གྱི་ནད་དང། ལྦ་བ་དང་ཅན་དང། འདི་རྣམས་ལྟ་བུའི་ནད་ལ་སྨན་མས་བཏང་ཞིང་བཀྲུར་རུང་ངོ། །སྨན་མས་བཏང་བ་དེ་དག་གི་ཆ
་དཔྱད་སྦུ་བུ་ནི་གསེར་ལ་སོགས་པ་དང། ཤིང་དང་རུས་བ་དང། འདི་རྣམས་ཀྱི་གཅེའུམ་གས་པ་དྲང་ལ་འཇམ་པ་ཁ་ཟླུམ་པོར་བྱས་ཏེ། ཚད་ནི་བྱིས་པ་ན་གཞོན་ཏེ་ལོ་གཅིག་མ་ལོན་ན་སྲིད་སོར་ལྔའོ། །ལོ་བདུན་མ་ལོན་ན་སྲིད་སོར་དུག་གོ།
་ལོ་བདུན་ལོན་ན་སྲི་སོར་བདུན་ནོ། །ལོ་བཅུ་གཉིས་ལོན་ན་སོར་དགུའོ། །ལོ་ཉི་ཤུ་ལོན་པ་ཕན་ཆད་ལ་སོར་བཅུ་གཉིས་སོ། །དེ་ཡན་ཆད་ལོ་གྲངས་ཀྱི་བྱེ་བྲག་དང། ན་ཚོད་དང། ཉམས་སྟོབས་དང། ལུས་བོད་ལས་སྦུ་གུའི་ཚད་བསྐྱེད་དོ། །སྦུ་གུའི་ཚད་ཀྱི་སྦོམས་ནི་མཐེ
་བོང་ཤོང་བའི་ཚད་དུ་བྱའོ། །རྩེ་མོའི་སྦོམས་ནི་མཐེའུ་ཆུང་གི་ཚང་དུ་བྱའོ། །བྱིས་པ་ཆུང་ངུ་ལོ་གཅིག་ལོན་པ་ཡན་ཆད་སོར་མོ་ཚད་ལས་ཕྱེད་ཕྱེད་ཀྱིས་དེ་བསྐྱེད་དེ། ཞབས་ཀྱི་བུ་གའི་སྦོམས་རབ་ཏུ་ཆེ་བ་དང། སོར་མོ་གསུམ་གྱིས་རྩེ་མོ་ནང་དུ
་ཤོད་བ་ཙམ་དུ་བྱའོ། །གཅེའུའི་རྩེ་མོའི་བུ་གའི་ཚད་ནི་མོན་སྲན་རྡེའུ་དང། སྲན་ཆུང་དང། སྲན་མ་འདི་རྣམས་བཙོས་བ་ཤོང་བ་དང། རྒྱ་ཤུག་གི་འབྲས་བུ་ཤོང་བའི་ཚད་ཆེ་ཆུང་གི་རིམ་པ་དེ་ལྟར་བྱའོ། །གཅེའུའི་རྩེ་མོའི་གོང་དུ་ལོག་པ་གདགས་པའི
་ཚད་ནི་གཅེའུའི་བུ་ག་སྤོམས་བའི་ཚད་དང་མཉམ་པར་བྱའོ། གཅེའུ་ནས་སྨན་གཏོང་བའི་ཚེ་གཅེའུའི་རྩེ་མོའི་ཁ་བཀལ་བ་ལས། བགས་པ་བཅད་དེ་མ་བོར་བར་བྱས་ནས་བཏང་ངོ། །གཅེའུ་ཞབས་སྦོམ་པོའི་ཁ་ནས་ཡང་མོར་གཉིས་སུ་གཞལ་བར་ཁོག
་པ་ཅན་དེ་ནས་མར་རིམ་པ་གཉིས་སུ་བརྟགས་ལ། བུག་པ་གཉིས་ཀྱི་བར་དུ་སྨན་བླུགས་པའི་སྣོད་ལུགས་དང་ར་དང་མ་ཧེ་ལ་སོགས་པའི་ལྒང་པ་ལེགས་པར་མཉེས་པ་ཚོན་གྱིས་དམར་བོར་བཙོས་པ་སྲ་བ་ཕུར་མ་ཐག་ཐུག་དང་དྲི་ང་བ་དང།
་རྩའི་རི་མོ་འདི་རྣམས་མེད་ཅིང་འཇམ་ལ་སྲ་བ་དེ་ལྟ་བུའི་གཅེའུ་དང་སྦྱར་ཏེ་སྲད་བུས་ལེགས་པར་བཅིངས་ལ་སྨན་བླུགས་ན་བདེ་བར་བྱའོ། །གལ་ཏེ་ལྒང་བའི་རྐྱལ་བུ་མེད་ན་རྐྱལ་བའི་དཔུང་བ་འམ། བྱིན་པའི་པགས་པ་འམ།
་རས་སྟུགས་པོ་ཐགས་བཟང་བ་སྒྲ་ཚིལ་གྱིས་བྱུགས་བ་དེ་ལྟ་བུ་ལ་སྣོད་དུ་བྱའོ། །དེ་ལ་སྨན་མས་བཏང་སྟེ་བཀྲུ་བའི་ཚད་ནི་བྱིས་པ་ཆུང་ངུ་ལ་གཅིག་ལོན་བ་ལ་སྲད་གཅིག་བཏང་ངོ། །བྱིས་བ་ཆུང་ངུ་དེ་ལྟ་བུ་ལས་འོ། རེ་རེ་ལོན་ཞིང་སྨན་སྲད་རེ་རེ་བསྐྱེད་དེ།
་ལོ་དྲུག་ཡོན་ནས་སྲང་བཅུ་གཉིས་བཏང་ངོ། །དེ་ཡན་ཆད་ཀྱང་ལོ་གྲངས་ལས་སྲང་གཉིས་གཉིས་སུ་བསྐྱེད་དེ་ལོ་བཅུ་གཉིས་ལོན་པ་དང། ལོ་བཅོ་བརྒྱད་ལོན་པ་ནས་བཅུ་བདུན་ཡོན་པ་མན་ཆད་ལ་སྤྱིར་སྨན་བཏང་བའི་ཚུལ་ནི་ཐུན་རབ་ཏུ་ཆེ་ན་ཡང་སྲང
་ཉི་ཤུ་བཏང་ངོ། །སྨན་མས་བཏང་སྟེ་བཀྲུ་བའི་ཐུན་སྲང་ཇི་སྙེད་ཅིག་བཏང་བ་དེ་ལས་དཔགས་ཏེ་ཉམས་བརྟ་ཞིང་ཁོང་སྣུམ་པར་བྱས་པའི་སྨན་མ་བཏང་བ་བཞི་ཆ་གཅིག་གི་ཚད་དུ་བྱའོ། །དེ་ལྟ་བས་ན་ཉམས་བརྟ་བའི་སྨན་མས་བཏང་དུ་རུང་བའི་མི་སྣུམ་བག
་བཏང་བ་དང། དུགས་བྱ་བའི་ཆོ་ག་ཡང་བྱས། བཀྲུ་སྨན་བཏང་སྟེ། ནང་གི་ཀྱང་བསལ་འབྲས་ཐུག་སླ་མོ་དང་གར་པོ་ལ་སོགས་པས་ཉམས་བཙག་ཀྱང་བརྟས་ནས་ཉམས་བརྟ་བའི་སྨན་བཏང་དུ་རུང་བར་ཤེས་ན་ཐོག་མ་ཉིད་དུ་ཉམས་བརྟ་བའི་སྨན་མས
་བཏང་བར་བྱའོ། །ཉམ་བརྟ་བའི་ཡང་དགུན་ཟླ་བཞི་དང་དཔྱིད་ཟླ་གཉིས་ཀྱི་ཚེ་ནི་ཉིན་བར་ཐོང་ཞིག་།ཁ་ཅིག་ན་རེ་ཟླ་བ་འདི་དྲུག་གི་ཚེ་མཚན་མོ་ཡང་བཏང་དུ་རུང་ཞེས་ཟེར་རོ། །སོ་ག་དང་དབྱར་དང་སྟོན་གྱི་ཚེ་ནི་མཚན་མོ་ཐོང་ཞིག་།དེ་ལ་ཁོང་སྣུམ་ཞིང་ཉམས་བརྟ
་བའི་སྨན་མས་བཏང་བར་བྱན། ཆོ་ག་སྔར་བྱ་བ་ལ་ལུས་མར་གྱིས་བསྐུ་ཞིང་ལྡེ་གུས་དྲིལ་ལ་ཆུ་དྲོན་བོས་ལུས་དག་བར་བཀྲུ། དྲོའི་ཁ་ཟས་ཀྱི་ཚང་སྔ་ན་ཅི་ཟ་བའི་ཐད་ལས་བཞི་ཆ་གསུམ་ནི་བཟའ་བཞི་ཆ་ཅིག་ནི་མི་བཟའ་། ཁ་ཟས་ཅི་ཟ་བ་ཡང་ཕན་པ་ཡང་བ།
་སྣུམ་ཆེས་བ་ཡང་མ་ཡིན། རྩུབ་ཆེས་པ་ཡང་མ་ཡིན་པ་དེ་ལྟ་བུ་ཟོས་ལ་ཁུ་བ་ལ་སོགས་པ་སྐོམ་གྱི་གོར་བཏུད་བ་དང། ཚལ་ནན་ཡང་བཏུང་ངོ། །ཁ་ཟས་ཟོས་པའི་རྗེས་ལ་བཅག་པ་བྱས་ནས་བཤང་གཅི་བརྩལ་ལ་མལ་བདེ་བར་འདུག་ན་སྔས་སྨད།
་ནས་རོ་སྨད་བསྟོད་དེ། གློ་གཡོན་གྱིས་ཕབ་ནས་རྐང་པ་གཡས་པ་བསྐུམ་རྐང་པ་གཡོན་ནི་རྐྱོང་ཞིག། དེ་ནས་གཅེའུ་ཡི་ནང་ནས་སྨན་མས་བཏང་སྟེ་གཅེའུའི་ཁ་དང་གཞང་ཁ་ཡང་སྣུམ་གྱིས་བསྐུའོ། །གཅེའུ་ཡི་ལྒང་པ་ནང་དུ་སྨན་བླུགས
་ལ་དབུགས་ཕྱིར་ཕྱུང་ནས་ཁ་བཅིངས་ལ། སྨན་པ་ནང་པའི་རྒྱབ་ལོགས་སུ་འདུག་ནས། རྟབས་བག་ཏུ་སྨན་མྱུར་དུ་བཏང་བ་འམ། ངལ་ཞིང་ཐོགས་པ་མ་ཡིན་པར་བྱ་ཞིང་གཅེའུའི་ནང་ནས་སྨན་ནང་དུ་བཏང་ཞིང་བཙིར་བའི་ཤུགས་ཧ་ཅང་དྲགས་པ་འམ། ངལ
་བ་ཡང་མ་ཡིན། ངན་པར་ཅིག་ཅར་ལན་ཅིག་ཏུ་བཅིར་ཅིང་ཐོང་ཞིག་།ལྒང་བའི་ཞབས་ན་རླུང་ལུས་པ་ཡོད་ཀྱི་སྨན་གྱི་ལྷག་མ་མ་ལུས་པར་གྱིས་ཤིག་།སྨན་བཏང་ཟིན་ནས་བརླ་དང་རྐུབ་ཙོས་ལ་ཐལ་མོས་བརྡབ་ཅིང་གྲན་རྐྱལ་དུ་བཞག་ལ་ནང་པ
་ཉིད་རང་གི་ལམ་ལ་རྐང་པའི་རྟིང་པས་བརྡུང་བར་བྱའོ། །སྨན་པ་འམ། ནད་གཡོག་གིས་ནད་པའི་རྐང་པ་ནས་བཏེག་སྟེ་ལན་གསུམ་དུ་བསིགས་ཤིག་།དེ་ནས་ནང་པ་སྡས་བཅུག་ནས་བརྐྱང་སྟེ། ཉལ་ལ་རྐང་བའི་རྟིང་བར་ནད་གཡོག་གིས་ཁུ་ཆུར་གྱིས
་བརྡུང་བ་འམ། བརླ་དང་བྱིན་པ་ལ་ཡང་ཁུ་ཚུར་བརྡུང་ཞིང་ལུས་སྣུམ་གྱིས་བསྐུས་ལ་མཉེ་བར་བྱའོ། །ལུས་ལ་བརྡུང་ཞིང་མཉེས་ལ་མི་བདེ་བར་བྱས་པ་དེས། སྨན་སླར་མྱུར་དུ་ཕྱིར་མི་དབྱུང་ངོ། །གལ་ཏེ་སྨན་སླར་མྱུར་དུ་ཕྱིར་བྱུང་བས་ཕན་མི་བྱེད་པར
་གྱུར་ན། སྨན་མར་ཕྱི་མ་གཞན་ཡང་སྦྱར་ལ་བཏང་ངོ། །ཁོང་པའི་དྲོད་ཆེ་བས་སྨན་མས་བཏང་བ་ཞུན་ནུབ་ཀར་ཁ་ཟས་ཀྱང་བཟའ་ཨོ། །ཟས་ཟོས་ནས་དེ་ཕན་ཆད་མཚན་ཐོག་ཐག་ཏུ་ཅི་ཡང་མི་བཟའ་མི་བཏང་བར་ཉོལ་ཅིག་།གལ་ཏེ་སྨན་ཕྱིར་འབྱུང་དུ་མི་རུང
་ན་སྨན་སྦྱར་བའི་སྟར་བུ་འམ། སྨན་རྣོན་པོ་ལྒང?་བ་ནས་མས་བཏང་ཞིང་ཁོང་ན་སྨན་མར་ལུས་པ་ཕྱིར་དབྱུང་ངོ། །གལ་ཏེ་ཁོང་པའི་ནང་ན་ཧ་ཅང་རྩུབ་ཆེས་བས་སྨན་མ་ཞུ་སྟེ་ཕྱིར་མ་བྱུང་བ་དང། ཁོང་པའི་དྲོད་ཆུངས་པས་སྨན་མ་ཞུ་སྟེ། ཕྱིར་མ་བྱུང་ལ
་ནང་དུ་གྱུར་བ་མེད་ན་བསྡད་པར་བྱ་ཞིང་མཚན་མོས་བཞིན་དུ་འདུག་པར་བྱའོ། །ནང་བར་ལི་དོད་ར་དང། འུ་སུ་བསྐོལ་བའི་ཆཱུམ་ཡང་ན་ཆུ་འབའ་ཞིག་ག་དུས་བ་བཏུང་བར་བྱའོ། །ཉམ་བརྟ་བའི་སྨན་མས་བཏང་ན་ཉི་མ་གསུམ་འམ། ཉི་མ་ལྔ་ལོན་ན་ཡང་ཐོད
་ཞིག་།གལ་ཏེ་འཇུ་བའི་དྲོད་ཆེ་བས་སྨན་ཞུ་བ་འམ། ཡང་ན་རླུང་གི་ཤེས་ཧ་ཅང་ཆེས་པ་དང། རྟག་ཏུ་རྩོལ་ཞིང་བཅག་པ་བྱེད་པ་དང། མེའི་དྲོད་ཧ་ཅང་ཆེ་བ་དང། ཁོང་པའི་ནང་རྩུབ་པ་འདི་རྣམས་ལྟ་བུ་ལ་སྨན་མས་བཏང་བའི་ཉི་མ་རེ་རེ་བཏང་དུ་རུང་ངོ། །དེ་ལྟར
་ཁོང་སྣུམ་ཞིང་ཉམས་བརྟ་བའི་སྨན་མས་བཏང་བ་ལན་གསུམ་ལན་བཞི་བཏང་ནས་ལུས་ཀྱི་ཁོང་དང་རྩ་འཇམ་ཞིང་སྣུམ་པར་ནད་དབྱུང་ཞིང་བསལ་བར་བྱ་བའི་ཕྱིར། བཀྲུ་བའི་སྨན་མས་བཏང་ཞིང་སྦྱར་བར་བྱའོ། །སྔ་ན་ལུས་ཀྱིས་ཁོང་རྩུབ་པ་ལས་སྣུམ
་པར་བྱ་བའི་འོག་ཏུ་ཉི་མ་ལྔ་ལོན་ན་ཚེས་གྲངས་བཟང་པོའི་ཉི་མ་ཅུང་ཟད་ཕྱེད་ཡོལ་ཙམ་ན་སྨན་པས་གཏོར་མ་བཀྲ་ཤིས་ཀྱི་ཚིག་བྱས་ལ་ནང་པ་ལུས་ཏིལ་མར་གྱིས་བྱུགས་དུགས་བྱས་བཤང་གཅིའི་དྲི་མ་བསལ་ལ། ཧ་ཅང་བཀྲེས་པ་ཙམ་མ་ཡིན་པར
་འདུག་ལ་ནད་ཀྱི་དམིགས་དང་སྨན་ལ་སོགས་པ་ལ་མཁས་པའི་མི་དང། གང་དེ་ལ་མཁས་པ་མར་པེ་དང། ལྷན་ཅིག་ཏུ་འགྲོ་ཞིང་སྨན་མས་བཏང་བའི་བཀྲུ་སྨན་དྲག་པོ་དེ་ལ་སྨན་གྱི་ཁུ་བ་སྤངས་པ་ཆུ་སྲང་བརྒྱད་བཅུའི་བཞི་ཆ་གཅིག་སྟེ་སྲད་ཉི་ཤུ་དང། པོ
་སོན་ཆའི་འབྲས་བུ་འབྲུམ་བུ་བརྒྱད་དང་སྦྱར་ཏེ་བཙོ་ཞིང་དེའི་ནང་དུ་མར་ནི་སྨན་གྱི་ཁུ་བ་སྲང་ཉི་ཤུའི་བཞི་ཆ་ཅིག་ནང་དུ་བླུགས་ཏེ་བཙོ་མ་འདི་ནི་རླུང་ནང་ལ་བཏང་ན་ཐབས་དེ་ལྟར་སྦྱར་རོ། །མཁྲིས་པ་ན་བ་ལ་བཏང་བ་དང། ན་བ་མེད་པ་ཉམ་ཐ་མལ་པ་ལ་བཏང
་ན་སྨན་གྱི་ཁུ་བ་སྲང་ཉི་ཤུ་རྩ་དྲུག་ཆ་ཅིག་གི་ཐང་དུ་བླུགས་ཏེ། བཙོ་བར་བྱའོ། །བད་ཀན་གྱི་ནད་ཆེ་བ་ལ་བཏང་ན་སྨན་གྱི་ཁུ་བ་སྲད་ཉི་ཤུའི་བརྒྱད་ཆ་ཅིག་གི་ཐད་དུ་མར་བླུགས་ཏེ། བཙོ་བར་བྱའོ། །ཡང་ན་ནད་ཐམས་ཅད་ལ་སྨན་གྱི་ཁུ་བའི་བརྒྱད་ཆ་གཅིག་གི་ཐད
་དུ་མར་བླུགས་ཏེ་གཙོ་བོ། །བཀྲུ་བའི་སྨན་མས་བཏང་བ་བཙོ་བ་དེ་ཡང་ཧ་ཅང་མ་བསྐ་མི་སླ་བར་སྦྱར་ཞིང་བཙོའོ། །དེའི་ནད་དུ་བུ་རམ?་སྲང་གཅིག་ཙམ་དང་སྦྲང་རྩི་དང། ལྕེ་ཚ་ལ་སོགས་པ་ནང་དམིགས་དང་སྦྱར་ཞིང་ཅི་རིགས་བར་སྤགས
་ཏེ། སྨན་ལྷག་མ་སྦྱར་ཏེ། སྨན་དེ་ཐམས་ཅད་སྣོད་ཅིག་ཏུ་བླུགས་ལ། བུམ་བ་ཆུ་ཚན་བསྐོལ་བའི་རླངས་པའི་ཁར་བསྲོ་ཞིང། སྨན་དཀྲུག་དཀྲུག་ལ་སྨན་གཏོང་བའི་གཅེའུ་རྒྱལ་བའི་ནང་དུ་བླུགས་ཏེ། ཧ་ཅང་མི་ཚ་མི་གྲང་ཧ་ཅང་མི་སྣུམ་མི་རྩུབ་ཧ་ཅང
་མི་རྣོ་མི་འཇམ། ཧ་ཅང་མི་གར་མི་སླ་ཧ་ཅང་མི་ཉུང་མི་མང་ཆེ་ཚ་མེད་པ་འམ་ཚ་བར་ཡང་མི་བྱ། དེ་དང་འདྲ་བར་འབྲས་ཙམ་ཀྱང། མི་མང་མི་ཉུང་བར་སྦྱར་ཏེ། སྨན་མས་བཏང་ཞེས་མཁས་པ་ཁ་ཅིག་ནི་དེ་སྐད་ཟེར་རོ། ཡང་སྨན་པ་ཁ་ཅིག་ན་རེ་མར་དང
་སྦྲང་རྩི་གཉིས་ཀྱི་ཚད་སོ་སོར་སྲད་གསུམ་གསུམ་དང་ན་བ་མེད་ཅིང་ཉམ་ཐ་མལ་པ་ཞིག་ལ་བཏང་ན་ལྕེ་ཆ་ཞོ་གཉིས་པོ་སོན་འཆའ་དང་ཤུ་ཏི་ལ་སོགས་པ་སྲང་གཉིས་སྤངས་པའི་ཁུ་བ་དང་སྨན་ལྷག་མའི་ཁུ་བ་སྲང་བཅུར་སྦྱར་ཏེ་སྨན་ཁུ་སྤངས་སྤངས་པ
་མར་དང་བཙོས་ལ་སྦྲང་རྩི་དང་ལྕེ་ཚར་སྦྱར་ཏེ། རིམ་པ་འདི་ལྟར་བྱས་སྨན་བཏང་བའི་རྐྱལ་བུར་བླུགས་ལ། བཀྲུ་བའི་སྨན་མས་བཏང་བའི་ཆོ་ག་དེ་ལྟར་བྱའོ། །དེ་ལ་རླུང་ནད་སེལ་བའི་སྨན་མས་བཏང་ཞིང་བཀྲུ་བར་སྦྱར་ན་ཤིང་ཉེ་རོང་དང་ལྕེ་ཆ་སེ་ན་ང་བ
་དང་ཉིའུ་ཤིང་པ་དང། ཨ་ཤྭ་གནད་དང། ཨེ་རཎྚའི་ལོ་མ་སྨན་དང་ཞིང་འཇམ་པ་དང་སྐྱུར་བ་དང་དྲོ་བའི་ཁུ་བ་དང་ལྡན་པ་འདི་ལྟ་བུའི་སྨན་རྣམས་ནི་རླུང་ནད་སེལ་བའི་སྨན་མས་བཏང་བར་བཟད་དོ། །མཁྲིས་པའི་ནད་སེལ་བའི་སྨན་མས་བཏང་ཞིང་བཀྲུ་བའི
་རྣམ་གྲངས་ལ་གཏོགས་པ་ལ་ཤིང་ནྱ་གྲོ་དྷ་དང། ཤིང་ཨུ་དུམྦ་ར་དང། ཤིང་ཀླག་ཤ་དང། ཤཀཔ་དང། ཤིང་མངར་དང། འོ་མ་དང། ཉེའུ་ཤིང་དང། འབྲི་མར་དང། རོ་མངར་ཞིང་བསིལ་བ་རྣམས་དང། བུ་རམ་ཤིང་གི་ཁུ་བ་སྦྲང་རྩི་དང་འདི་རྣམས་ནི་མཁྲིས
་པའི་ནང་སེལ་བའི་སྨན་མས་བཏང་ཞིང་བཀྲུ་བར་བཟང་ངོ། །བད་ཀན་རྒྱས་བའི་ནང་སེལ་བ་ནི་དོང་ཀ་དང། དུག་མོ་ཡུངས་དང་བ་ཏ་ལི་ག་དང། ཆིས་ཁྲིགས་དང། ཤིང་ནིམྦ་དང། སླེ་ཏྲེས་དང། པ་ཊ་དང། ཀ་ཏུ་ཁ་རོ་ཧ་ནི་དང། ཤིང་གི་ཁུ་བ་ཤེ་ལེ་ཡ་ཁ་དང།
་པུ་ཏི་ཀ་རཉྫ་དང། རཀྟ་ཀ་རཉྫ་དང། སཔཏ་པརྞ་ཞེས་བྱ་བ་ཚིགས་རེ་ལ་ལོ་མ་བདུན་ཡོད་པ་དང། སྦྲང་རྩི་དང་བ་གཅིན་དང། སྨན་རོ་ཚ་ཞིང་རྣོ་བ་དང་དྲོང་ཆེ་བ་རྣམས་དང་ཚ་བ་རྣམས་སྦྱོར་ཏེ་བཙོས་ལ་སྨན་མས་བཏང་ཞིང་བཀྲུས་ན། བད་ཀན་གྱི་ནང་སེལ་ཏོ། །དེ་ལ་རླུང
་ནད་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱི་ནད་འདུས་པར་གྱུར་ན་ཡང། དེ་གསུམ་གྱི་སྨན་གོང་དུ་བཤད་བ་ལས་ནད་སོ་སོའི་སྨན་ཅི་རན་དུ་ཤས་ཤས་ཀྱིས་བསྡུས་བ་བཙོས་པའི་ཐུན་སྤྱིར་མི་ཆེ་བ་རན་བར་མས་བཏང་བའི་བཀྲུ་སྨན་དྲག་པོ་བཏང་ངོ། བརྟས་བཀྲུ
་བའི་སྨན་མས་བཏང་ནས་སྔས་ཀྱིས་བརྟེན་ཏེ་གན་རྐྱལ་དུ་སེམས་གུད་དུ་མི་གཡེངས་བར་སྨན་བཏང་བ་དེ་ལ་ཡིད་བཞག་པར་བྱའོ། དེ་ནས་ཐུར་དུ་བཀྲུ་ཞིང་འོང་བར་གྱུར་ན་ལངས་ཏེ་ཙོག་པུར་འདུག་ལ་བཤད་བར་གྱིས་ཤིག་གལ་ཏེ་ཁྱིམ་ན་སྐད་ཅིག་ཐོགས
་ཏེ་ཕོལ་དུ་མ་རུང་ན་སྨན་འདི་ཉེན་ཆེ་སྟེ་འཆི་བར་འགྱུར་རོ། །འདི་ལྟ་བུ་ཉེན་དུ་གྱུར་པ་ལ་སླར་བཙོས་ཤིང་དཔྱད་དུ་བྱ་བ་ལ་མར་དང་ནས་ཚིག་འཁུས་པའི་ཐལ་སྨན་རྣོན་པོ་དང་ཁ་གཅིན་དང་འབྲས་ཀྱི་རྩབས་ཀྱི་ཁུ་བ་སྐྱུར་མོ་དང་སྦྱར་ལ་བཙོས་བ་འཇམ་ཞིང
་རྣོ་ལ་དྲོ་བར་སྦྱར་ཏེ། སྨན་མས་བཏང་བའི་རྐྱལ་བུ་གཞན་དུ་བླུགས་ཏེ་བཤམས་ལ་མས་བཏང་ཞིང་ཚིར་ཅིག་།ཡང་ན་པོ་སོན་ཆ་ལས་སྦྱར་བའི་སྨན་གྱིས་གདབ་མུ་ལས་གཞུག་པ་བྱ་ཞིང་སྡང་བ་ཡང་བྱའོ། །ཡང་ན་འདི་ལྟར་མ་གྱུར་ཏེ་སྨན་མས་བཏང་ཡང
་འོང་བར་གྱུར་ན་སྨན་ཕྱི་མ་སྦྱར་ཏེ། རྐྱལ་བུར་བླུགས་ལ་ལན་གསུམ་ལན་བཞིའི་བར་དུ་ཡང་སྨན་དྲག་པོ་མས་བཏང་ཞིང་ལེགས་པར་བཏང་ནས་དེའི་རྗེས་ལ་ཁ་ཟས་ཀྱི་ཆོག་ནི་བཀྲུ་སྨན་བཏང་བའི་ཆོ་ག་དང་འདྲ་བར་ཤེས་བར་བྱས་ལ་ཁ་ཟས་མ་ཟོས་པའི
་སྔོན་རོལ་དུ་ཆུ་དྲོན་བོས་ཁྲུས་བྱས་ནས་བཟའ་བའི་ཐབས་ནི་འབྲས་ཐུག་རྐྱང་རྐྱང་བོ་དང། འབྲས་ཐུག་སླ་མོ་བཏུང་ཤ་ཁུ?་སླ་མོ་དང་འབྲས་ཆན་དུ་སྦྱོར་ཏེ་བཟའ་སྨན་དྲག་པོ་མས་བཏང་སྟེ་བཀྲུས་བས་ཁོང་པའི་དྲི་མ་ནད་ཀུན་ཕྱིན་ན། ཁོང་པ་ནད་འཕྱང་བག
་ཏུ་འདུག་བ་དང། ཉམས་ཆུང་ཏེ་ཁོང་རྨྱ་བ་དེ་ལྟ་བུར་གྱུར་བ་དེ་ལ་ཆུ་དྲོན་པོ་བདེ་བས་ཁྲུས་བྱས་ནས་ཁ་ཟས་ཆོ་ག་བཞིན་དུ་ཟོས་ན་ལུས་ཞིག་ཅིང་རྨྱ་བ་ལ་ཕན་ཏེ། ཞི་བར་འགྱུར་རོ། །གལ་ཏེ་སྨན་དེ་ལྟར་མས་བཏང་སྟེ། བཀྲུས་པ་ལས་རླུང་ནད་ཀྱི་བར་དུ་ཁོང
་དཔོ་བས་གྲང་བར་འགྱུར་ཏེ། མི་བདེན་ཡང་དེའི་མོད་ལ་འཕྲལ་དུ་རླུང་ཞི་བར་འགྱུར་བའི་སྨན་བཙོས་ཏེ་མས་བཏང་ཞིང་ཁོང་འཇམ་ཞིང་སྣུམ་པར་འགྱུར་བར་བྱའོ། །སྨན་མས་བཏང་སྟེ་བཀྲུས་པ་ལེགས་པའི་ཚུལ་དང། ཧ་ཅང་དྲགས་པ་དང་ཐུན་ཆུངས་ཏེ་མ
་འཁྲུས་བར་གྱུར་པ་འདི་རྣམས་ཀྱི་ཚུལ་ནི་སྔར་སྣུམ་གྱི་ཆོག་བྱ་ཞིང་བཏང་བ་ལེགས་མ་ལེགས་བཤད་པ་དང་འདྲ་བར་ཤེས་པར་བྱའོ། །སྨན་མས་བཏང་སྟེ་བཀྲུས་པའི་རྗེས་རླུང་ནང་དུ་གྱུར་པ་ལ་ཁོང་འཇམ་ཞིང་སྣུམ་པར་གྱུར་པའི་སྨན་མས་བཏང་བ་ཅུང
་ཟད་ཙམ་ཞིག་བསྡད་ན་ཁོང་བའི་དྲི་མ་བཤད་བ་དང་བཅས་ཏེ་སྨན་མར་དང་ཅིག་ཅར་འགྱུར་རོ། །ཐུར་དུ་དབུགས་བ་ཡང་སྨན་མར་དང་ལྷན་ཅིག་འོང་བར་གྱུར་ན། ཁོང་སྣུམ་ཞིང་འཇམ་བར་འགྱུར་བའི་སྨན་མས་བཏང་བ་ལེགས་པ་ཡིན་ནོ། །ཡང་བད་ཀན་གྱི་བག་ཆེ་ན
་དེ་ལ་ཁོང་བརྟ་བའི་སྨན་མས་བཏང་བ་ལན་གཅིག་གམ་ལན་གསུམ་གྱི་བར་དུ་ཐོང་ཞིག་མཁྲིས་བ་རྒྱས་པའི་ཤས་ཆེ་ན། བརྟ་བའི་སྨན་མས་བཏང་བ་ལན་ལྔ་འམ་ལན་བདུན་གྱིས་ཤིག་།རླུང་ནད་ལ་བརྟ་བའི་སྨན་མས་བཏང་བ་ལན་དགུ་འམ་བཅུ་གཅིག
་ཏུ་ཐོང་ཞིག་།དེ་ལྟར་བརྟ་བའི་སྨན་མས་བཏང་བའི་ལན་གྲངས་ཟུང་དུ་མ་གྱུར་པར་བྱས་ནས་གལ་ཏེ་དེའི་རྗེས་ལ་བཀྲུ་བའི་སྨན་མས་གཏོང་བར་འདོད་ན་ཡང་ཐོང་ཞིག་།དེ་ལྟར་སྨན་མས་བཏང་བའི་རྗེས་ལ་བད་ཀན་དང་མཁྲིས་པ་དང། རླུང་ནད་སེལ་བའི་ཁ
་ཟས་མོན་སྲན་དེའུའི?་ཚོང་མ་ཁུ་བ་ཅན་དང། འོ་མ་དང་ཁུ་ཤ་འདི་གསུམ་ཟོས་ན་ནད་ཀྱི་རིམ་པ་བཞིན་དུ་ཕན་ནོ། །དེ་ལ་རླུང་ནད་སེལ་བའི་སྨན་དྲག་པོ་མས་བཏང་ཞིང་ཁོང་སྣུམ་ལ་བརྟས་བར་བྱན་ཤིང་ཉེ་རོང་དང་ལྕེ་ཚ་སྣེ་བརྡ་དང་སྦྱར་ཏེ་སྣུམ་དང། མངར་དང་འབྲས
་རྩབས་སྐྱུར་བ་དང། ཤ་ཁུ་དང་དྲོད་ཚེ་བའི་བག་སྦྱར་ཏེ་བསྐོལ་ལ་རྐྱལ་བུར་བླུགས་ཏེ་བཏང་བ་འདི་ནི་རླུང་ནད་གཅིག་པུ་ལ་ཕན་ནོ། །མཁྲིས་པའི་ནད་ལ་ནི། །ནྱ་གྲོ་དྷ་ལ་སོགས་པའི་སྨན་སྡེའི་གྲངས་སུ་གཏོགས་པ་དང། ཤུག་པ་དང། ཁ་ར་དང། མངར་བག
་དང་བསིལ་བག་དང་མར་དང་འོ་མ་དང་བུ་རམ་ཤིང་གི་ཁུ་བ་འདི་རྣམས་སྦྱར་ཏེ། གདུགས་ལ་སྦྲང་རྩི་དང་སྦྱར་ཏེ། སྨན་མས་བཏང་ན་མཁྲིས་པའི་མེད་འབྱང་ཞིང་མེའི་ཁོང་བརྟ་ལ་སྣུན་བར་འགྱུར་རོ། །བད་ཀན་གྱི་ནད་ལ་དོང་ཀ་ལ་སོགས་པ་དང། དུག་མོ་ཡུངས
་ལ་སོགས་པ་དང། སྨན་རྩུབ་བ་རྣམས་དང། བག་ཅིན་དང་སྨན་རྣོ་བ་དང། དྲོང་ཆེ་བ་དང། རོ་ཚ་བ་དང། འདི་རྣམས་བསྐོལ་བ་སྦྲང་རྩི་དང་སྦྱར་ཏེ། མས་བཏོང་ན་བད་ཀན་གྱི་ནད་འབྱད་དོ། །དེ་ལ་རླུང་ནད་ལ་ནི་ལན་གཅིག་བཏང་ངོ། །མཁྲིས་པའི་ནད་ལ་ལན་གཉིས
་བཏང་ངོ། །བད་ཀན་གྱི་ནང་ལ་ལན་གསུམ་བཏང་བར་བྱའོ། །རླུང་དང་བད་ཀན་མཁྲིས་པ་གསུམ་འདུས་པའི་ནད་ལ་ཡང་སྨན་དཔྱད་དེ་གསུམ་རིམ་པས་བཏང་ན་འདུས་པའི་ནད་འབྱད་བར་འགྱུར་རོ། །སྨན་དཔྱད་ཀྱི་སློབ་དཔོན་སྤྱད་པ་ཅན་ན་རེ། ཡོད་མིའི་ནད་གཞི་ནི་རླུང
་དང་བད་ཀན་དང། མཁྲིས་པ་གསུམ་དུ་ཟད་དེ་ནད་འདི་གསུམ་བསལ་བའི་དཔྱད་བཀྲུ་བའི་མས་བཏང་བ་ལས་གུང་ར་དབྱེད་རྣམ་པ་བཞི་ཞེས་བྱ་བ་མེད་དེ། དེའི་ཕྱིར་སྨན་མས་བཏང་བར་བྱའོ། །རླུང་དང་བད་ཀན་དང་མཁྲིས་བའི་ནད། ཁོང་ནས་བསྐྱོད་ཅིང་སྡུད་བ
་དང། ནད་བཀྲུ་སྟེ་བྱང་བར་བྱ་བ་དང། ནད་ཞི་བར་བྱས་ཏེ། འདི་ལྟ་བུ་ཡང་རིམ་གྱིས་བྱ་བ་ཡིན་ཏེ། དེའི་ཕྱིར་ནད་རྣམ་པ་གསུམ་བཀྲུ་བའི་དཔྱད་མས་བཏང་ཞིང་བཀྲུ་བར་བྱའོ་ཞེས་ཟེར་རོ། །དེ་ལྟར་སྨན་བཏང་བ་ཡང་ནད་དམིགས་དང་སྨན་ལ་སོགས་པའི་མཐུ་དང
་ནད་པའི་ཉམས་སྟོབས་དང། དེ་ཐམས་ཅད་ཀྱི་ཚོད་ཟིན་བར་བྱས་ལ་སྨན་བཏང་ངོ། །བཀྲུ་བའི་སྨན་བཏང་བ་ལེགས་པའི་ཚུལ་མཐོང། མ་དཔགས་ཀྱི་བར་དུ་བཀྲུ་བའི་སྨན་བཏང་བའི་རྗེས་བཅད་དུ་མི་རུང་ངོ། །ཡང་ཁོང་སྣུམ་ཞིང་འཇམ
་པ་བརྟ་བའི་སྨན་མས་བཏང་བ་དང། བཀྲུ་བའི་སྨན་མས་བཏང་བ་གང་ཡང་རུང་སྟེ། ལན་གཅིག་བཏང་ཡང་མི་རུང་ལན་མང་དུ་བཏང་བ་ཡང་མི་རུང་ངོ། །དེ་ལ་ཁོང་བརྟ་ཞིང་སྣུམ་པའི་སྨན་མས་གཏོང་བ་ནི་ནད་ཁོང་ནས་བསྐྱོད་ཅིང་བསྡུ་བ་དང། ཁོང
་པའི་དྲོང་ནི་ཆུང་བར་འགྱུར་རོ། །བཀྲུ་བའི་སྨན་བཏང་བ་ལ་འཇིག་པའི་རྟེན་ནི་རླུང་ནད་ལྡང་བར་འགྱུར་རོ། །སྨན་མས་བཏང་བའི་རིམ་པ་ནི་སྔར་ལུས་ཀྱི་ཁོང་འཇམ་ཞིང་སྣུམ་པར་བྱ་བའི་སྨན་དེ་བཏང་ངོ། །དེའི་རྗེས་ལ་བཀྲུ་བའི་སྨན་མས་བཏང་ངོ།།
་དེའི་རྗེས་ལ་ཁོང་བརྟ་བའི་སྨན་མས་བཏང་བར་བྱའོ། །སྨན་མས་བཏང་བའི་དཔྱད་བྱས་པ་ནི་རླུང་ནད་དང། བད་ཀན་མཁྲིས་པའི་ནད་གསུམ་ཆར་སེལ་ཏེ་ཁོང་སྣུམ་ཞིང་བརྟ་བར་བྱ་བའི་སྨན་མས་བཏང་བ་དང། བཀྲུ་བའི་སྨན་མས་བཏང་བའི
་ཆོ་ག་རིག་པར་བྱ་བ་ནི་དེ་ལྟ་བུ་ཡིན་ནོ། །ཡང་སྨན་མར་ཐུན་ཆུ་དུའི་ཐང་དུ་ཚོད་བཟུང་སྟེ། བཏུང་བ་དང་ཁོང་འཇམ་ཞིང་བརྟ་བའི་སྨན་མས་བཏང་བ་ཐུན་ཆུའི?་ཐང་དུ་ཚོད་བཟུང་སྟེ། རྟག་ཏུ་བཏང་བར་བྱའོ། །དེ་ལ་སྨན་མར་ཐུན་ཆུ་ངུའི་ཐང
་དུ་བཏུང་ན། ནད་པའི་དྲོད་དང་ཉམས་ལས་ཀྱང་དཔག་ཏེ་སྲང་གཅིག་ཙམ་བཏུང་ངོ། །བརྟ་བའི་སྨན་མས་བཏང་བ་ནི་སྲང་གཉིས་ཙམ་ཐོང་ཞིག་།དེ་ལ་སྨན་མར་ཐུན་ཆུ་ངུར་བཏང་བའི་མི་ནི་བྱིས་པ་དང་རྒན་བོ་དང། ལམ་རིངས་ཀྱིས
་དུབ་པའི་མི་དང། ཁུར་གྱིས་དུབ་པ་དང། བུད་མེད་བསྟེན་དྲགས་པ་ལྟ་བུ་དང། དྲག་ཤུལ་བྱས་བ་ལྟ་བུ་དང། སེམས་ལས་ཆེ་བ་དང། རླུང་ནད་ཀྱིས་ལུས་ཞོམ་པ་དང། རིང་བ་དང། དྲང་ཆུང་བ་དང། རྒྱལ་པོ་དང་ཕྱུག་པོ
་ལྟ་བུ་བདེ་ཞིང་ལོངས་སྤྱོད་བ་དང། འདི་རྣམས་ལྟ་བུ་ལ་སྨན་ཐུན་ཆུང་ངུ་བཏང་དགོས་ཏེ། ཐུན་ཆུང་ངུ་འཐུངས་ན་ནད་ཀུན་སེལ། ཁ་ཟས་ཀྱི་ཆོ་ག་ལ་སོགས་པ་བསྲུང་ཞིང་སྤང་བ་མེད་པ་ལ་ཤ་སྐྱེ། བཤང་གཅི་དྲི་མ་སྙི་སྟེ་བདེ་བླག་ཏུ་འོང་སྟེ་བདེ་བར་འགྱུར་རོ། །བུད་མེད
་རྣམས་ཀྱི་ནད་མོ་མཚན་ན་བ་དང། མངལ་གྱི་གནས་ན་བ་དང། སྨན་མས་བཏང་བའི་རིམ་པ་ནི་དང་པོར་ཁོང་འཇམ་ཞིང་སྣུམ་པར་གྱུར་བའི་སྨན་མས་ཇེ་བཏང་བ། དེའི་འོག་ཏུ་བཀྲུ་བའི་སྨན་མས་བཏང་བ་ལན་གཉིས་སམ་གསུམ། ཐོང་ཞིག་།མཇུག་ཏུ་ནི་ཉམ་བཙག
་བརྟ་བའི་སྨན་མས་བཏང་བར་བྱའོ། །དེ་ལ་སྐྱས་པ་ཆུ་སོ་ན་རྡེའུ་ཡོད་པ་ལྟ་བུར་ཆུ་འགགས་པ་ལྟ་བུ་ལ་ཕོ་མཚན་ནས་སྨན་མས་བཏང་ནས་གཅེའུའི་སྲིད་ཚད་ནི་ནད་པ་ཉིད་ཀྱི་སོར་བཅུ་གཉིས་ཀྱི་ཚད་དུ་གསེར་དངུལ་ལ་སོགས་པ་ལས་བརྡུངས་པའི་ཟླུམ་པོ་བ
་མཇུག་ལྟ་བུ་ཞབས་དང་བར་གཉིས་ཀའི་རྣ་བ་བརྟགས་ལ་རྩེ་མོའི་བུ་ག་ནི་ཡུངས་ཀར་བཙོས་པ་ཤོང་བཙག་དུ་གཏོད་ལ། འཇམ་བར་བྱས་ཏེ། གཅེའུ་ཡི་རྩེ་མོ་མེ་ཏོག་ཀུནད་འམ། སྲི་ཤིང་གི་མེ་ཏོག་ལྟ་བུ་རྩེ་མོར་བྱིན་གྱིས་ཕྲ་ཞིང་སྲ་བར་བྱ་ཞིང། སྨན
་བཏང་བའི་སྣོད་རྒྱལ་བུ་ནི་འཇམ་ཞིང་ཡང་བར་བྱའོ། །ཚང་ནི་ཕོ་རུམ་གང་ཤོང་བཙམ་ལས་ཆེ་ཆུང་གང་རིགས་བར་བྱའོ། །དེ་ལྟར་སྨན་མས་གཏོང་བ་བྱེད་ན་སྔར་ཁྲུས་ལ་ཁ་ཟས་འཇུ་སླ་ཞིང་ཡང་བ་རན་བར་ཟོས་ནས་ཁོང་སྣུམ་ཞིང་འཇམ་པའི་སྨན་ཆོ་ག
་བཞིན་དུ་ཕོ་མཚན་ནས་ཐོང་ཞིག་།དེ་ལྟར་སྨན་བཏང་བའི་ཐབས་ནི་ཁྲིའུ་ཡི་ཕང་པུས་མོ་ཙམ་ལ་དྲང་པོ་བདེ་བར་འདུག་ནས་ཕོ་མཚན་བརྟགས་ལ་དྲང་བོར་བྱས་ནས་ཕོ་མཚན་གྱི་སྤུ་གུ་ནང་བཙལ་སྟེ། སྨན་བཏང་བདེ་བར་བྱ་བའི་ཕྱིར། ཕོ་མཚན་བུ་གནས
་སྲུབས་ཀྱི་ཐད་ཀའི་ནད་ཐག་ཐག་རླིག་པའི་མགོ་ཙམ་དུ་ཐུར་མ་འཇམ་པོ་ཕྲའུ་བཏང་ལ་དེའི་འོག་ཏུ་རྐྱལ་བུའི་གཅེའུ་ལག་པ་མི་འདར་བས་སྨན་མས་གཏོང་བ་བཞིན་དུ་ཐོད་ཞིག་།དེ་ལྟར་སྨན་བཏང་ནས་དེའི་རྗེས་འདའ་བའ་ཨི་སྨན་མས་བཏང་བ་ཡང། རིམ་པ
་བཞིན་དུ་བྱའོ། །དེ་ཡང་ན་ལན་གསུམ་ཡང་ན་ལན་བཞིའི་བར་དུ་འཇམ་ཞིང་སྣུམ་པའི་སྨན་ཐོང་ཞིག་།འཇམ་ཞིང་སྣུམ་པའི་སྨན་བཏང་བའི་ཆོ་ག་རྒྱས་པར་ནི་སྔར་ཐམས་ཅད་བཤད་པ་བཞིན་དུ་བྱའོ། །བུད་མེད་རྣམས་ཟླ
་མཚན་དབྱུང་བའི་ཚེ་མངལ་གྱི་ཁ་ཆེ་བ་བུ་ཆགས་པར་འགྱུར་ཏེ། དེའི་ཚེ་སྣུམ་ཞིང་བརྟ་བར་བྱ་བར་འགྱུར་བའི་སྨན་ཐོང་ཞིག་།ན་ན་ནི་ཟླ་མཚན་འབྱུང་བའི་དུས་ལ་མ་བབ་པར་སྨན་བཏང་དགོས་སོ། །མོ་མཚན་གྱི་ནང་གི་མོ་མཚན་ཉམས་པ་དང་ཕོ་མཚན་ན
་བ་དང། མོ་མཚན་མ་རུངས་པར་འགྱུར་བ་དང། ཁྲག་འབྱུང་བ་འདི་ལྟ་བུ་ལ་སྨན་མས་བཏང་ན་ཕན་ཏེ། གཙེའུའི་སྲིད་ནི་སོར་བཅུའོ། །རྩེ་མོའི་བུ་ག་ནི་སྲ་མ་བཙོས་པ་ཤོང་བར་བྱའོ། །སྨན་གྱི་གཙེའུ་ནི་བུ་ག་འཆགས་པའི་མངལ་གྱི་མངལ་དུ་སོར་བཞི་བཏང་ངོ། །ཆུས
་འགགས་ཏེ་ན་ན་གཅིག་གིས་ལམ་དུ་སོར་གཉིས་བཏང་ངོ། །བུ་མོ་ཆུང་ངུ་དང་བྱིས་པ་རྣམས་ལ་ནི་སོར་གཅིག་གོ་།ཐུན་འབྲིན་ནི་སྲང་གཅིག་གོ་།བུ་མོ་རྣམས་ལ་ནི་ཕོ་རུམ་གང་གི་ཚད་ཞོ་གཉིས་སོ། །སྨན་བཏང་བའི་ཐབས་ནི་མལ་དུ་གནས་ཏེ་འདུག
་ལ་རྐང་བ་དང་བརླ་བསྐུམ་ལ། བུས་མོ་གྱེན་དུ་བསྟོད་ལ་ཉིན་ཞག་ཅིག་ལ་མལ་ལན་གསུམ་འམ་ལན་བཞིར་སྣུམ་ཞིང་ཤ་བཙག་བརྟས་བར་གྱུར་པའི་སྨན་བཏང་སྟེ། དེ་ལྟར་ཞག་གསུམ་དུ་ཐང་ཞིག་།སྨན་མས་བཏང་བ་དེ་ཡང་བགས་ཀྱིས་ཐུན་ཆུང
་ངུ་ནས་བསྐྱེད་ཅིང་བཏང་ངོ། །སྨན་བཏང་ནས་ཞག་གསུམ་ངལ་བསོས་ལ་དེ་ནས་ཞག་གསུམ་དུ་སྨན་ཐོང་ཞིག་།སྨན་དེ་ལྟར་གཏོང་ན་སྔར་སྐྱུགས་སྨན་བཏང་ནས་ཟླ་བ་ཕྱེད་ལོན་པ་དང། བཀྲུ་སྨན་གྱིས་བཀྲུས་ལ་ཡང་ཟླ་བ་ཕྱེད་ལོན་པ་དང། བཀྲུ་བའི
་སྨན་མས་བཏང་ངོ། །དཔེར་ན་རས་ཀྱི་ཚོན་ལེབ་རྒན་ཅན་ཆུའི་ནང་དུ་བཀྲུས་ན་དམར་བ་ཕྱིན་ཅིང་མེད་པ་བཞིན་ནོ། །དེ་དང་འདྲ་བར་སྣུམ་པའི་སྨན་མས་བཏང་བས་ནི་ལུས་ཀྱི་ཁོང་སྣུམ་གྱི་ར?་བརླན་ཅིང་བདས?་པར་གྱུར་པ་དང། ནད་ཐམས་ཅད་ཕྱིན་བར
་འགྱུར་ཏེ། ལུས་ཀྱི་ཡན་ལག་དང། ཁོང་བའི་ནད་གྲོལ་དང་གནད་དང། མགོ་བོ་མན་ཆད་ལུས་ཀྱི་ཡན་ལག་དང། ཉིང་ལག་ཐམས་ཅད་ཀྱི་ནད་དང། རླུང་དང་བད་ཀན་དང། མཁྲིས་པའི་ནད་དུ་གྱུར་པའི་ནད་གཞི་སེལ་བའི་སྨན་དཔྱད་འདི་ལས་ལོང་ཞིག
་གཞན་ཅུང་ཟད་ཀྱང་མེད་དོ། །བད་ཀན་དང། མཁྲིས་པ་ལ་སོགས་པའི་ནད་ཁོང་དུ་སོང་ཤིང་དཀྱེལ་སྐྱེས་པ་དང་བཤང་གཅི་དྲི་མ་ཁོང་དུ་བསགས་ཏེ་སྐྱེས་པ་དེ་ལྟ་བུ་སེལ་ཅིང་འབྱིན་པའི་ནང་རྐྱལ་བུ་ནས་མས་བཏང་བ་མེད་ན་མན་དཔྱད་དེ་ལས་གཞན
་མངར་རོ?། །དེ་བས་ན་སྨན་རྐྱལ་བུ་ནས་མས་གཏོང་བའི་ཚིག་གཅིག་པུའི་ནད་དུ་དཔྱད་ཐམས་ཅད་འདུས་སོ། །སྨན་དཔྱད་གཞན་ནི་སྨན་མར?་གཏོང་བའི་ཆེད་ཙམ་དུ་ཟད་དོ། །གཞན་ཡང་ནད་སྙིང་དང། ནད་གསར་བ་དང་གཏར་ཀ་གདབ་ཅིང་ཁྲག་དབྱུང་བ
་ལ་ཡང་སྨན་རྐྱལ་བུ་ནས་མས་བཏང་ན་ཕན་པར་འགྱུར་རོ། །སྨན་མས་བཏང་སྟེ། ཉམ་བརྟ་བར་བྱ་བའི་ལེའུ་སྟ་བཅུ་དགུ་པ་རྫོགས་སོ།། །།སྨན་སྣ་ནས་བཏང་བའི་ཆོ་ག་ལེའུ་ཉི་ཤུ་པ་བཤད་པར་བྱའོ། །ཐོར་ཀ་ཡན་ཆད་ཀླད་པའི་ནང་དུ?་ལ
་སྨན་སྣ་ནས་བཏང་ན་ལྷག་པར་ཕན་ནོ། །སྣ་ནི་ཀླད་པའི་སྒོ་ཞེས་བྱ་སྟེ། དེ་བས་ན་ཀླད་པའི་ནད་ཐམས་ཅད་ལ་སྣ་ནས་བཏང་སྟེ། བཀྲུས་ཤིང་བསལ་ན་ནད་ཕྱིན་པར་འགྱུར་རོ། །དེ་ལ་ནད་དམིགས་ནི་ཀླད་པ་ན་བ་དང། ལུས་བློང་བག་ཏུ་གྱུར་པ་དང།
་ག?་དང་སྣ་ནས་བད་ཀན་མང་དུ་འབྱུང་བ་དང། ལྐོག་མ་ན་བ་དང་ཁ་གདོང་དང་ཀླད་པ་སྐྲངས་པ་དང། ཐོར་བུ་བྱུང་བ་དང། ལུས་ལ་སྲིན་བུ་ཡོད་པ་དང། རྩ་མདུང་བྱེར་བ་དང། མཛེ་དང་སྨྱོ་བག་དང། ཆམ་པ་ན་བ་དང། འདི་རྣམས་ལ་སྨན་སྣ་ནས
་བཏང་ན་ཕན་པར་འགྱུར། །མགུལ་བ་ཡན་ཆད་ཀླད་པ་རླུང་ནད་ཀྱིས་བག་ལ་མི་བདེ་བ་ལ་སྨན་སར་དང་སྣ་ནས་བཏང་ན་ཕན་ཏེ་བརྟ་བར་འགྱུར་རོ། །ནད་བར་ཉི་མ་ཤར་ནས་ཉི་མ་ཕྱེད་ཀྱི་བར་དུ་ཀླད་པ་གཞོགས་ཕྱེད་ན་བ་དང། སྐད་འགགས་པ་དང་ཁ
་སྣ་བསྐམས་པ་དང། སྐད་མི་ཕྱིན་པ་དང། མི་གསལ་ཏེ་གོ་བཀའ་བ་དང། དཔུང་པ་ལྟུང་བ་སྙམ་དུ་བྱེད་ཅིང་བསྐྱོད་མ་ནུས་པ་དང། འདི་རྣམས་ལྟར་མི་བདེ་བ་ལ་སྨན་སྣ་ནས་བཏང་ན་ཕན་ཏེ་ཞི་བར་འགྱུར་རོ། །མིག་གི་འབྲས་བུ་སྔོན
་པོར་གྱུར་པ་དང། དཔུང་བ་བེམ་བེམ་པོར་གྱུར་ཏེ་ཚོར་བ་མེད་ཅིང་བསྐྱོད་མི་ནུས་པ་དང། སྐྲའི་ནད་དང། མིག་དམར་པོར་གྱུར་པ་འདི་རྣམས་ལ་དཔྱད་དུ་བྱ་བ་མགུལ་པ་ཡན་ཆད་རླུང་ནད་དུ་གྱུར་ཏེ་ན་བ་ལ་བཙོད་དང་ཤིང་མངར་དང། པྲ་པུན་ཏ་རི་ཀ་སྟག
་ཚེར་བ་དང། ཛི་པ་ཀ་རི་ཤ་ཕ་ཀ་དང། རམ་ཉེ་བ་དང། བུ་ཚད་རྔོ་དང། ཤ་རི་བ་དང། པུརྞ་རྞ་བ་དང། སྐྱེར་ཁཎྜ་དང། ཕྱི་ཐང་ཀ་དང། སླེ་ཏྲེས་དང། ཀ་ཀན་ས་དང། སྒྲོན་ཤིང་དང། འདི་རྣམས་ཆ་མཉམ་པར་བྱས་ཏེ། ཞིབ་ཏུ་བཏགས་ལ་ཏིལ་མར
་སྲང་བརྒྱད་ལ་བཙོན་ནི་སྨན་འདི་རྣམས་སྲང་གཉིས་གཉིས་ཀྱི་ཐང་དུ་བྱ། ཏིལ་མར་སྲང་བཅུ་དྲུག་ལས་བཙོ་ན་སྨན་སྲང་བཞི་བཞིའི་ཐང་དུ་སྦྱར་རོ། །སྨན་བཙོ་བའི་ཆུ་ནི་ཏིལ་མར་ལས་བཅུ་འགྱུར་དུ་བསྐྱེད་དོ། །འོ་མས
་ཏིལ་མར་དང་ཐང་མཉམ་པར་བྱས་ལ་ཆུ་དང་འོ་མ་དུ་བའི་བར་དུ་བཙོས་ཏེ་ཚོས་པའི་ཚད་ནི་ཚིགས་མ་དྲིལ་ཏུ་བཏུབ་ཅིང་དབུ་བ་ཆེར་བྱུང་ན་ཚོས་པའི་ཚད་ཡིན་ཏེ། དེ་ནས་སྨན་མར་བཙགས་ཏེ། བཙིར་ལ་སྣོད་བཟང་པོར་ལྡུགས་ཤིག་སྨན་འདིའི
་མིང་ནི་བཙོད་ལ་སོགས་པ་ལས་སྦྱར་བའི་ཏིལ་མར་ཞེས་བྱའོ། །གལ་ཏེ་མགུལ་པ་ཡན་ཆད་མཁྲིས་པ་རྒྱས་པའི་ནང་དུ་གྱུར་ན་བཙོད་ལ་སོགས་པ་སྨན་འདི་རྣམས་སྔ་མ་དང་འདྲ་བ་འབྲི་མར་རམ་པ་མར་ལས་སྔ་མ་བཞིན་དུ་བཙོས་པའི་ཚད
་ནི་ཏིལ་མར་དང་མི་འདྲ་བར་དྲིལ་ཏུ་བཏུབ་མཚོས་པ་ཡིན་ནོ། །དེ་ནས་བཙགས་ཏེ་བཙིར་ལ་སྨན་མར་སྣོང་བཟང་པོར་བཞག་ལ་མཁྲིས་པའི་ནང་ལ་སྣ་ནས་བཏང་ངོ། །དེ་ལ་མགུལ་པ་ཡན་ཆད་བད་ཀན་དུ་གྱུར་ཏེ་ན་བའི་སྨན་སྣ་ནས་བཏང་བ་སྦྱར་བ་
་ནི་སྨན་སྦྱོར་བ་ཕལ་ནི་སྔ་མ་དང་འདྲ་སྟེ། བཅོད་ལ་སོགས་པ་དེ་རྣམས་ཀྱི་སྟེང་དུ་སྦྲང་རྩི་དང་བ་གཅིན་དང། རྒྱམ་ཚྭ་དང། ཆང་རྣམས་ཀྱིས་བསྣན་ཏེ། སྔ་མ་དང་འདྲ་བར་ཏིལ་མར་ནང་དུ་བཙོས་ལ་བད་ཀན་གྱི་ནད་ལ་སྣ་ནས་ཐོང་ཞིག་།དེ་ལྟར་སྨན་འདི་རྣམས་ཀྱི་རླུང
་ནད་དང། མཁྲིས་པ་དང་བད་ཀན་གྱི་ནད་ལ་སོ་སོར་བཏང་ཞིང་ཁ་སྣ་ནས་བད་ཀན་ལ་སོགས་པ་དྲང་ཞིང་བཀྲུ་བར་བྱའོ། །སྣ་ནས་བཏང་བའི་རྗེས་ལ་མགུལ་བ་ཡན་ཆད་བརྟས་ཤིང་བདེ་བར་བྱ་བའི་དཔྱད་སྣ་ནས་བཏང་བ་འུ་སུ་དང་ཤ་ཁུ་དང་ཤ་བཙོས་པའི་ཁུ་བ
་དང་འོ་མ་དང་ཆུ་དང་མར་འདི་རྣམས་སྦྱར་ཏེ་སྔ་མ་བཞིན་བཙོས་ལ། ཚོས་པ་དང་བཙགས་པའི་སྨན་མར་སྣ་གཡས་གཡོན་གྱི་བུ་ག་ནས་བཏང་སྟེ་སྣ་ནས་བཏང་ངོ། །ཆོ་ག་ཚད་ནི་མར་གྱི་ནང་དུ་མཛུབ་མོའི་རྩེ་མོ་ནས་མཛུག་མོའི་ཚིགས་སུ་དབུམ་མན་ཆད་ནུབ་པར
་བཅུག་པ་ལ་སྨན་མར་ཇི་ཙམ་ཆགས་པའི་ཐུན་དེ་ཙམ་རེ་རེ་སྣ་གཡས་གཡོན་ནས་བཏང་ཞིང་བཀྲུའོ། །ཡང་ཀླད་པ་ན་བ་ལ་ལི་དོང་ར་དང། ན་ལེ་ཤམ་དང། རྒྱམ་ཚྭ་དང། པི་པི་ལིང་དང། འདི་རྣམས་ལ་སོགས་པ་བརྡུངས་ཏེ་ཆུ་དང་འོ་མ་དང་ཏིལ་མར་གྱི་ནང་མཉེས
་ཏེ། བཙག་ཅིང་བཙིར་བའི་ཁུ་བ་སྣ་ནས་བཏང་ངོ། །ཡང་ཀླད་པ་ན་བ་ལ་ལིང་དོང་ར་དང། པི་པི་ལིང་ལ་སོགས་པ་ཚ་བ་རོ་རྣོ་བ་རྣམས་ཞིབ་ཏུ་བཏགས་ཏེ། སྤུ་གསོར་དྲུག་པ་གཉིས་གཏོང་བའི་ནང་དུ་སྨན་ཕྱི་མ་བླུགས་ལ། སྣ་གཡས་གཡོན་གྱི་བུ་ག
་གཉིས་གའི་ནང་དུ་ཁའི་དབུགས་ཀྱིས་བུས་ན་བད་ཀན་ལ་སོགས་པའི་ཀླད་པའི་ནད་རྣམས་འབྱིན་ཅིང་བྱང་བར་འགྱུར་རོ། །དེ་ལྟར་སྨན་ཕྱེ་མ་ཞིབ་ཏུ་བཏགས་པ་སྣ་ནས་བུས་ཏེ་བཏང་བས་ནི་ཀླད་པའི་ནད་ཕལ་ཆེར་སེལ་ཅིང་འབྱང་བར་འགྱུར་རོ། །སྤྱིས་སྨན་མར་ལྟ་བུ་རྣ
་ནས་བཏང་བའི་ཚད་ནི་མཛུབ་མོའི་ཚིགས་གཉིས་མན་ཆད་མར་གྱི་ནང་དུ་ནུབ་པར་བསྙུགས་ཏེ་ཕྱིར་ཕྱུང་བ་ལ་མར་ཐིགས་བ་བཅུ་འམ་བརྒྱད་དམ་དྲུག་ཆགས་པ་དང། འདི་རྣམས་གསུམ་ནི་ཐུན་ཆེ་ཐང་ཞེས་བྱ་སྟེ། དེ་ལ་སྨན་མར་ཞིག་སྣ་མས་གཏོང་ན་ཆེ་ན
་ཐིགས་པ་བཅུ་འབྲིང་ན་ཐིགས་པ་བརྒྱད། ཆུང་ན་ཐིགས་པ་དྲུག་གོ་།ཡང་སྨན་མར་མ་ཡིན་པ་སྨན་གྱི་ཁུ་བ་བཙིར་ཏེ་སྣ་ནས་བཏང་བ་ཆེ་ཐང་གི་རིམ་པ་ནི་ཐིགས་པ་བཅུ་ལས་གཉིས་ཕྲི་སྟེ་བརྒྱད་བཏང་ངོ། །ཐུན་འབྲིང་ཐིགས་པ་བརྒྱད་ལས
་གཉིས་ཕྲི་ཏེ་དྲུག་བཏང། ཐུན་ཆུང་ངུའི་ཐིགས་པ་དྲུག་པ་གཏོང་བ་ལ་ཐིགས་པ་གཉིས་ཕྲི་སྟེ་ཐིགས་པ་བཞི་བཏང་སྟེ། ཐུན་ཆེ་ཐང་གི་བྱེ་བྲག་རིམ་པ་ནི་འདི་ལྟར་སྦྱོར་ཅིག་།ཡང་དེ་ལ་སྨན་སྣ་ནས་བཏང་དུ་མི་རུང་བའི་དམིགས་ནི་ཆུ་འཐུངས་བ་དང། ཆང
་འཐུངས་པ་དང། དུག་འཐུངས་པ་དང། མར་འཐུངས་པའི་རྣམས་དང། འཕྲལ་དུ་འཐུང་བར་འདོད་བ་དང། ཁ་ཟས་ཟོས་པ་དང་མགོ་བཀྲུ་བ་དང། ཁྲུས་བྱེད་འདོད་པ་དང། གཏར་ཀ་གདབ་པ་དང། ཆམ་པ་སར་བ་དང། བཤང་གཅི་འོང་བར་འགྱུར་ཏེ། མི
་བདེ་བ་དང། བུད་མེད་བུ་བཙས་མ་ཐག་པ་ལྟ་བུ་དང། དབུགས་མི་བདེ་བ་དང། ལུད་པས་བསྐར་བ་དང། སྐྱུགས་སྨན་དང། བཀྲུ་སྨན་གྱིས་བཀྲུས་བ་དང། རྐྱལ་བུ་ནས་སྨན་མས་བཏང་བ་རྣམས་དང། དུས་མ་ཡིན་པར་ཆར་འབབ་པ་ལྟ་བུའི་ཚ?་དང་ཡུལ
་ངན་འབྱུང་བ་དང། དུས་འདི་ལྟ་བུའི་ཚེ་སྨན་སྣ་ནས་བཏང་དུ་མི་རུང་ངོ། །གལ་ཏེ་ན་བའི་དམིགས་ཀྱི་ཚུལ་གྱིས་སྨན་སྣ་ནས་མི་བཏང་དུ་རུང་བར་གྱུར་ན་ནི་ཉེན་འདི་རྣམས་བསྲུང་མི་དགོས་ཏེ། སྨན་སྣ་ནས་བཏང་བའི་ཆོ་ག་གྱིས་ཤིག་དེ་ལ་མགུལ་པ་ཡན་ཆད
་ཀྱི་ནད་ཀྱི་བད་ཀན་གྱི་ཚུལ་དུ་ན་ན་བད་ཀན་དུས་ནི་ནད་པར་ཡིན་ཏེ། ནད་པར་ཐོང་ཞིག་མཁྲིས་པ་ན་ན་དུས་ཉི་ཕྱེད་ཡིན་ཏེ་ཕྱེད་ན་ཐོང་ཤིག་།རླུང་ནད་ཀྱི་བག་ཏུ་ན་ན་ཕྱི་འཕྲེང་དང་སྲོད་ལ་བཏང་བར་བྱའོ། །ན་བ་མེད་ཅིང་ཉམས་ཐ་མལ་བ་ཞིག་ལ་སྨན
་སྣ་ནས་བཏང་ན་སྟོན་དང་དཔྱིད་ཀྱི་ཚེ་ནི་སྔ་དྲོ་ནས་བཏང་ངོ། །དགུན་ནི་ཉི་མ་གུང་གི་ཚེ་ན་ཐོང་ཞིག་།སོ་ག་ན་ནི་ཕྱེ་འཕྲེང་ཀྱི་ཚེ་ན་ཐོང་ཞིག་།དབྱར་གྱི་ཚེ་ན་ཉི་མ་དྲོན་པོའི་ཚེ་ན་ཐོང་ཞིག་།ཀླད་པ་རླུང་ནད་ཀྱིས་ཐེབས་ཏེ་ཆེར་ནན་སྐྱིགས་བུས་བཏང་བ
་དང། །མགོ་འདམ་པ་དང། གཉི་འུ་རེངས་ཀྱིས་བཏབ་པ་དང། སྐད་འགགས་པ་དང། འདི་རྣམས་ལྟ་བུའི་ནད་ལ་ནད་པར་ཉི་མ་ཤར་སྒབ་ཀྱི་འོག་ཙམ་དང། ནུབ་ཀ་དང་དུས་གཉིས་སུ་ཞག་བདུན་བར་དུ་ཉིན་གཅིག་བཞིན་ཐོང་ཤིག་།ནད་འདི་རྣམས་ལྟར
་ན་བ་མེད་པ་ལ་སྣ་ནས་གཏང་ན་ནི་ཉིན་གཅིག་བཏང་ལ་ཉིན་ཅིག་བར་བཅད་མི་བཏང་ངོ། །དེ་ལ་སྨན་སྣ་ནས་བཏང་བའི་ཆོ་གའི་ཐབས་ནི་སྔར་བཤང་གཅིའི་དྲི་མ་བསལ་ལ་མགོ་བོ་མར་གྱིས་བསྐུ་དུགས་རན་པ་ཙམ་དུ་བྱས་ལ་མལ་རླུང་མེད་པར་དྲོན་པོར
་འཇུག་ནས། མགུལ་བ་ཡན་ཆད་དུགས་རན་པ་ཙམ་བྱས་ལ། དེ་ནས་ལུས་གན་རྐྱལ་དྲང་པོར་བརྐྱང་ལ་རྐང་ལག་བརྐྱང་རྐང་པ་ཅུང་ཟད་ཙམ་བསྟོད་ལ། མགོ་བོའི་སྔས་ཅུང་ཟད་ཅིག་སྨད་ལ་སྣའི་བུ་ག་ཡ་གཅིག་ནས་སྨན་མར་བཏང་སྟེ། དེ་ཡང
་སྔར་བཏང་བའི་སྨན་མར་དེ། སྣར་གཏོང་བའི་སྤུ་གུ་ཅན་གྱི་ནང་དུ་བླུགས་ཏེ་ཆུ་དྲོན་པོའི་ནང་དུ་བསྲོས་ལ་བཏང་ངོ། །སྣར་བླུགས་པ་ནི་སྣོད་མཆུ་ཅན་དུ་བསྟོད་པ་འམ། ཡང་ན་རས་མས་བླངས་ཏེ་སྣར་གཏིགས་ཤིག་།སྣར་བླུགས་ཟིན་ནས་རྐང་མཐིལ
་དང་འཕྲག་པ་དང་ལག་པ་དང་རྣ་བ་ལ་སོགས་པ་མ་ཉེས་ཤིག་།སྨན་སྣར་བཏང་བ་དེ་མཚུལ་པ་ནས་སྣའི་ནང་དུ་བརྡུབས་ལ་མཆིལ་མ་གྲེ་གཡས་གཡོན་དུ་བོར་ཅིག་།དེ་བཞིན་དུ་སྨན་སྣོད་མཆུ་ཅན་གྱི་ནད་ན་ཡོད་པ་དེ་??་གྱི་བར་དུ་སྣ་གཡས་གཡོན་དུ
་རེས་ཀྱིས་ལན་གསུམ་དུ་ཐོང་ཞིག་།གལ་ཏེ་སྨན་རྣོས་དགས་པས་བརྒྱལ་བར་གྱུར་ན་གདོང་པ་དང་བྲང་དུ་ཆུས་གཏོར་ཅིག་།མགོ་བོར་འོ?་ཆུས་མ་འདེབས་ཤིག་།དེ་ལྟར་སྨན་སྣ་ནས་བཏང་སྟེ་བཀྲུས་པའི་རྗེས་ལ་ནད་ཀྱི་ཚུལ་དང་ཡང་སྦྱར་ཏེ། རླུང་ནང་དུ
་མི་འགྱུར་བར་བྱ་བའི་ཕྱིར། སྨན་མར་སྣུམ་བག་དུ་འགྱུར་བ་སྣ་ནས་ཐོང་ཞིག་།སྣར་སྣུམ་བཏང་ནས་གྲངས་བརྒྱའི་བར་དུ་གན་རྐལ་དུ་འདུག་པར་བྱའོ། །དེ་ནས་དེའི་རྗེས་ལ་སྤུ་གུའི་དུད་པ་ཁ་གསུམ་ཁ་སྣར་བཏང་ཞིང་ཁོང་དུ་བརྡུབས་ནས་གྲེ་བ་མཚུལ
་པ་བདེ་ཞིང་དག་པ་སང?་སང་པོར་བྱ་བའི་ཕྱིར། ཆུ་དྲོན་པོས་མཁུར་བ་བཀང་ལ་བསྡད་ཅིང་དཔོའོ། །དེ་ལྟར་སྣ་ནས་ཨོབཏང་ལེགས་པར་གྱུར་ན་དབུགས་བདེ་གཉིད་ལེགས་པར་འོང་སེམས་གསལ་ལ་རྣོ་བར་འོང་ངོ། །གལ་ཏེ་སྨན་སྣ་ནས
་བཏང་མ་ལེགས་ན་མིག་རྩུབ་སྐྱ་བ་ཧར་ཧར་བོར་སྣང་ཁ་སྣ་སྐམ་ཀླད་པའི་ནད་སྟོང་བར་གྱུར་བ་སྙམ་བྱེད་གལ་ཏེ་སྣུམ་བཏང་ཧ་ཅང་དྲགས་ན་གཡན་པར་འགྱུར་རོ། །མགོ་དང་ལུས་ལྕི་སྣབས་དང་མཆིལ་མ་མང་ཡིག་འཆུ་ཆམ་བས་འདེབས་པ་ཉེན་འདི
་ལྟ་བུ་འབྱུང་ངོ། །སྨན་སྣ་ནས་བཏང་ཞིང་བཀྲུ་ལེགས་ན་མིག་གསལ་ཞིང་རྣོ་ལ་ཡང་ཁའི་ནད་དག་སྟེ་སང་བག་ཅན་དུ་འགྱུར་སྐད་གསལ་བར་འགྱུར་རོ། །སྨན་སྣ་ནས་བཏང་ཞིང་བཀྲུ་མ་ལེགས་ན་མགུལ་པ་ཡན་ཆད་དང་ཀླད་པའི་ནད་སྔར་བས་དཀྱེལ་སྐྱེ
་བར་འགྱུར་རོ། །བཀྲུ་བའི་སྨན་སྣ་ནས་བཏང་དྲགས་ཏེ། ཧ་ཅང་ཆེར་འཁྲུགས་པར་གྱུར་ན་ཁོང་རྨྱ་བར་འགྱུར་རོ། །དེ་ལ་གལ་ཏེ་ནད་པ་གློ་རྡོལ་བ་དང་ཉམས་ཆུངས་ཏེ། ཁོང་རྨྱ་བ་དང་བྱིས་བ་ཆུང་ངུ་དང། མི་རྒན་པོ་དང། སྐྱིད་ཅིང་ལེངས་པའི་མི་འདི་རྣམས་ལྟ་བུ་ལ་ནི་གོང
་དུ་སྣ་ནས་སྨན་བས་ཐང་ཆུང་ངུར་བཤད་པ་དེ་ལྟར་ཐོང་ཤིག་།ནད་དམིགས་དང་སྦྱར་ནས་སྨན་སྣ་ནས་བཏང་དགོས་པར་གྱུར་ན་དབྱར་སྨན་སྣ་ནས་བཏང་བའི་དུས་མ་ཡིན་པར་ཡང་རུང་སྟེ། སྨན་སྣ་ནས་བཏང་བར་བྱའོ། །ཡང་ཆམ་པ་དྲག་པོས་བཏབ་པ
་དང། དེ་བཞིན་དུ་ཆང་འཐུངས་པ་དང། རྣ་བ་མི་གསང་བ་དང། ཀླད་བརྒྱད་ཀྱི་ནང་དུ་སྲིན་བུ་ཞུགས་པ་དང། ནད་ཁྲོལ་ནས་བསྡུས་ལ་སྤྱིར་མ་ཕྱིན་པར་གྱུར་པ་དང། འདི་རྣམས་ལྟ་བུ་ལ་ནི་སྨན་སྣར་བཏང་བ་ཐུན་ཆེ་བའི་ཐང་དུ་བཏང་རུ་མི་རུང་ངོ། །སྣར
་སྨན་བཏང་བའི་ཆུང་ཐང་ནི་ཡང་ན་བ་མེད་ཅིང་ཉམ་ཐལ་བར་འདུག་བས་སྨན་མར་ཉུང་ཤས་རྟག་ཏུ་སྣར་བཏང་ངོ། །དེའི་ཐབས་ནི་ཉིན་པར་ཟས་ཟོས་པའི་རྗེས་དང། སློན་པའི་རྗེས་དང། ཉིན་པར་གཉིད་ལོག་པའི་རྗེས་ལ་དང། ལམ་རིངས
་འདྲོན་དུ་སོང་བས་དུབ་པ་དང། བུད་མེད་ལ་དྲགས་པ་དང། མགོ་བོ་མར་གྱིས་བྱུགས་པ་དང། ཆུ་དྲོན་པོས་མཁུར་བ་གང་ཞིག་པོར་བའི་རྗེས་དང། བཤང་གཅིའི་དྲི་མ་བསལ་བའི་རྗེས་དང། སོ་ཤིང་གིས་བཀྲུས་པ་དང། གང་མོ་རྒོད་པའི་རྗེས་དང་འདི་རྣམས
་ལྟ་བུར་མར་ཐིགས་པ་རེ་རེ་སྣའི་ནང་དུ་བསྐུས་ན་འདི་རྣམས་ལྟ་བུ་ཀུན་ལ་ཕན་པར་འགྱུར་རོ། །དེ་ལྟར་སྣ་ནས་བཏང་བ་འདི་ནི་ཆུང་ཐང་ཞེས་བྱའོ། །སྨན་མར་སྣ་ནས་ལན་ལྔ་བཏང་ན་རྣ་བ་དང་མིག་ལ་སོགས་པའི་ནང་གི་བུ་ག་ཀུན་ལ་ཕན་པར་འགྱུར་རོ། །སྨན
་མར་སྣ་ནས་ལན་གསུམ་བཏང་ན་ངལ་ཞིང་དུབ་པ་རྣམས་མེད་དེ་བརྟས་པར་འགྱུར་རོ། །དེའི་རྗེས་ལ་ཡང་སྣར་ལན་ལྔ་བཏང་ན་མིག་རྣོ་ཞིང་གསལ་བའི་མཐུ་སྐྱེའོ། །དེའི་འོག་ཏུ་སྨན་མར་སྣ་ནས་བཏང་ནས་སོ་བརྟན་ལ་སྟོང་ཀྱི་རླུང་ནད་ཞི་བར་འགྱུར་རོ། །བྱིས་པ་ལོ
་བདུན་མ་ལོན་པ་ལ་སྨན་སྣ་ནས་བཏང་དུ་མི་རུང་ངོ། །ལོ་བརྒྱད་བཅུ་འདས་པའི་རྒན་པོ་ལ་ཡང་སྨན་སྣ་ནས་བཏང་དུ་མི་རུང་ངོ། །ལོ་བཅོ་བརྒྱད་དུ་མ་ཚང་བ་ལ་དུད་པ་ཁ་སྣ་ནས་བཏང་དུ་མི་རུང་ངོ། །བྱིས་པ་ལོ་བཅོ་ལྔ་མ་ལོན་པ་ལ་ཆུ་དྲོན་པོས་མཁུར་བ་བཀང
་ཞིང་འདོར་བ་ཡང་མི་རུང་ངོ། །གཞོན་ནུ་ལོ་བཅུ་མ་ལོན་པ་ལ་བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པ་བཏང་དུ་མི་རུང་ངོ། །ལོ་བདུན་བཅུ་འདས་པའི་རྒན་པོ་ལ་ཡང་བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པ་བཏང་དུ་མི་རུང་ངོ། །སྨན་སྣར་བཏང་བ་ཐང
་ཆུང་ངུ་གོང་དུ་དམིགས་ཀྱིས་བསྟན་པ་བཞིན་སྣར་བསྐུ་སྟེ་ཡང་ཐུན་ཆེ་ཆུང་རྣམ་པ་བཞིར་ཤེས་པར་བྱའོ། །དེ་ལ་ཐུན་ཆུང་ངུའི་ཚ་ཐང་ནི་ཐིགས་བ་གཉིས་སྣར་བཏང་ངོ། །ཐུན་ཆུང་ངུའི་འབྲིང་ཐང་ནི་ཐིགས་པ་རེ་རེ་བས་ཀྱང་ཆུང་བ་ཙམ་ཞིག་སྣ་གཡས་གཡོན
་གྱི་ནང་དུ་བསྐུས་ན་ཀླད་པ་ལྟ་བུ་ནད་དམིགས་ཅི་ཡོད་པ་སྔ་མ་ལངས་པ་ལྡང་བར་མི་བྱེད་པ་ཡིན་ནོ། །ཐུན་ཆུང་ངུའི་བར་ནི་སྣའི་ནང་དུ་ནད་དམིགས་བསྐུས་ཏེ་སྣབས་མཚུལ་བ་ནས་སྣར་བརྡུབས?་ལ་ཕྱིར་བོར་བའི་ནད་ན་མར་མངོན་དུ་སྣང་བར་བྱེད་པ་ནི་ཐུན་ཆུང་ངུའི
་ཐང་ཞེས་བྱའོ། །དེ་ལྟར་ཐུན་ཆུང་ངུའི་རྣམས་ལས་གང་རན་བ་ཙམ་ནམ་འཚོ་བའི་བར་དུ་ཚེ་གཅིག་ལ་རྟག་པར་བ་སྐུ་ཞིང་བཏང་ན་སྣུམ་རྡུབ་པར་བྱ་བའི་སྨན་མས་བཏང་བ་དང་འདྲ། སྣ་ནས་བཏང་བའི་ཐུན་ཆེ་ཆུང་བསྟན་པ་དང་འདྲ
་སྟེ་སྟོང་ཀྱི་ནད་ཅི་ལ་ཡང་ཕན་ཞིང་བདེ་བའི་ཡོན་ཏན་དུ་འགྱུར་རོ། །སྣ་ནས་བཏང་བའི་སྨན་ཆུང་ངུ་རྟག་ཏུ་བཏང་བ་ལ། ཆོ་ག་བསྲུང་ཞིང་སྤང་བ་ཡང་མེད། ཉན་དུ་གྱུར་པའི་ནད་ཀྱིས་འཇིགས་པ་ཡང་མེད་དོ། །དེ་ལ་སྨན་མར་ཞེས་བྱ་བ་ནི། དམིགས་ཀྱིས
་ཏིལ་མར་ཉིད་ལ་བྱ་སྟེ་ཏིལ་མར་རྟག་ཏུ་བཏང་ན་ཕན་ཏེ་དགེའོ། །ཡང་མགོ་བོ་ནི་བད་ཀན་གྱི་གནས་ཡིན་པས་ན་ནབ་མེད་ཅིང་ཉམས་ཐ་མལ་བ་ལྟ་བུ་ལ་སྨན་མར་ཐོང་ཞིག་།དེ་ལ་སྣ་ནས་བཏང་བའི་སྨན་མར་སྦྱར་བ་ནི་ཛི་བནྟི་དང། ཛ་ལ་དང། སྒྲོན
་ཤིང་དང། གླ་སྒང་ཆེན་པོ་དང། ཤིང་ཚ་དང། བུ་ཤེལ་ཙ་དང། གོ་ཡི་དང། ཙན་དན་དཀར་པོ་དང། སྐྱེར་བའི་རྩ་བ་དང། ཤིང་མངར་དང། བླ་བ་དང། ཨ་ཀ་རུ་དང། ཉེའུ་ཤིང་དང། པུཎྚེ་དང། བིལྦ་དང། ཨུཏཔ་ལ་དང། བྷ་བནྟི་དང། ཨུ་ར་བྷི་དང། ཐིར་དང། བྱི་ཏ་དག
་ཞེས་བྱ་བ་སྲིན་བུ་གསོད་བ་དང། གནདྷ་པ་ཏྲ་དང། སུག་སྨེལ་དང་དྷེ་རེ་ནུ་ག་དང། པདྨའི་ཟེ་བ་གེ་སར་དང། བ་ལ་དང། སྨན་འདི་རྣམས་སྣ་ཚང་བར་ཅི་རྙེད་དུ་སྦྱར་ཏེ་ཆ་སྙམས་ལ་ཏིལ་མར་ཅི་ཙམ་བཙོ་བ་དེ་ལས་ཆུ་ནི་ཆར་བའི་ཆུ་བརྒྱ་འགྱུར་དུ་བསྐྱེད
་བའི་ནང་དུ་སྨན་བརྡུངས་ལ་བཙོས་ཏེ་ཆུའི་ཁུ་བ་སྲད་དགུ་བཅུ་ནི་དུ་ཕྱིན་སྲང་བཅུ་ཙམ་ཞིག་ལུས་བ་དང། བཙགས་པ་སྨན་གྱི་ཁུ་བ་ཕྱི་ན་བརྒྱའི་བཅུ་ཆ་གཅིག་ལུས་པ་དེ་ལ་ཏིལ་མར་དང་སྨན་གྱི་ཁུ་བ་བཅུ་ཆ་གཅིག་དང་སྦྱར་ཏེ་བཙོས་ལ
་ཚོས་བ་དང། བཙགས་ལ་ཏིལ་མར་གྱིས་ནང་དུ་སྨན་གྱི་ཁུ་བ་ཕྱི་མས་ཀྱང་བསྣན་ལ་བཙོའོ། །འདི་བཞིན་དུ་ལན་གཉིས་ལན་གསུམ་ནས་ལན་དགུའི་བར་དུ་བསྣན་ཅིང་བཙགས་ལ་མཇུག་ཏུ་ལྷག་མ་སྨན་གྱི་ཁུ་བ་བཅུ་ཆ་དང་ཏིལ་མར་ཅི
་ཙམ་ཡོད་པའི་རའི་འོ་མ་དེ་ཙམ་དང་ཐང་བསྙམས་ཏེ་བཙོས་ལ་ཚོང་པའི་རྟགས་དབུ་བ་བྱུང་བ་དང་བཙག་པར་བྱའོ། །སྨན་མར་འདིའི་མིང་ནི་ཏིལ་གྱི་འབྲུ་མར་ཐིགས་ཕྲན་ཞེས་བྱའོ། །སྨན་མར་འདི་རྟག་ཏུ་སྣ་ནས་བཏང་བའི་ཕན་ཡོན་ནི་ལུས་བརྟན
་ཞིང་དྲང། པགས་པའི་ཤ་མདོག་བཟང་ཞིང་གསལ། ཕྲག་པ་དང་འཇིང་བ་དང། དཔུང་མགོ་དང་འདི་རྣམས་བརྟན་ཞིང་མཁྲེགས་ལ་མ་ཞུམ་པར་མཐོ་བར་འགྱུར། བཞིན་དང་ཁའི་ནད་གསལ་བར་འགྱུར། དབང་པོ་རྣམས་གསལ་ཞིང།
་བརྟན་སྐྲ་དཀར་མེད་བར་འགྱུར་རོ། །སྨན་སྣ་ནས་བཏང་བའི་ཆོ་ག་སྟེ་ལེའུ་ཉི་ཤུ་པ་རྫོགས་སོ།། །།སྨན་གྱི་དུད་པ་བཏང་བའི་ཆོ་ག་སྟེ་ལེའུ་ཉི་ཤུ་རྩ་གཅིག་པ་བཤད་པར་བྱའོ། །མགུལ་བ་ཡན་ཆད་ཀྱི་ནང་ནི་ཀླད་པ་ན་བ་དང། རྣ་བ་ན་བ་དང། ཁ་སྣ་ནས
་བད་ཀན་དང་མཆིལ་མ་མང་བ་དང། མགོ་བོ་ལྕི་བ་དང། ཀླད་པ་གཞོགས་ཕྱེད་ན་བ་དང། ཆམ་པས་བཏབ་པ་དང་ལུད་བ་ལུ་བ་དང་དབུགས་མི་བདེ་བ་དང། ཁ་ཟས་ཅི་ཟོས་ཀྱང་རོ་བྲོ་བར་མི་ཚོར་བ་དང། ཁ་ནས་བད་ཀན་དང་མཆིལ་མ་ཧ་ཅང་མང་དུ་འོང་བ་དང། སྐད
་མཛེར་ཅིང་འགགས་པ་དང། སྣ་ནས་རྣག་ཟག་པ་དང། ཁ་ནས་རྣག་འོང་བ་དང། སྐྱིགས་བུས་བཏབ་ནས་མགུལ་བ་ན་བ་དང་སོ་ན་བ་དང། ཉམས་ཆུང་ཞིང་རིང་པ་དང། ཟས་ཡི་གར་མི་འོང་བ་དང། འགྲམ་པ་ན་བ་དང། གཉེའུ་རེང་སུ་གྱུར་བ་དང། སོ་དང་སྐྲ་དང
་ཀླད་པའི་ནང་དུ་སྲིན་བུ་ཞུགས་པ་དང། མགུལ་བ་ཡན་ཆད་དང། མགོ་བོ་གཡའ་བ་དང། སྐྱ་བབ་དུ་གྱུར་པ་དང། སྐྲ་ལ་གཟའ་ཞུགས་པ་དང་འཕྱི་བ་དང་སྤྲིད་པ་འབྱུང་དུ་མི་བཏུབ་པ་འམ། སྤྲིད་པ་ཧ་ཅང་མངས་སམ་མགོ་ཡོད་ཁྱེར་བ་དང། གཉིད་ཆེ་བ་དང
་འདི་རྣམས་ལ་སོགས་པའི་ནད་ཀུན་ནི་གཞི་རླུང་དང་བད་ཀན་ལས་གྱུར་པའི་ནད་མ་ཞུ་བར་གྱུར་ཏེ། མི་བདེ་བ་ཡིན་ནོ། །དེ་ལྟ་བུའི་ནད་ཞི་བར་བྱ་བའི་ཕྱིར། དུད་བ་རྣམ་གསུམ་རྡུབ་ཅིང་བཏུང་ངོ། །རྣམ་གསུམ་ཇི་ལྟར་བཏང་ཞེ་ན་མགུལ་བ་ཡན་ཆད་རླུང
་ནད་དུ་གྱུར་ན་སྨན་འཇམ་ཞིང་སྣུམ་པའི་དུད་པ་བཏང་ངོ། །རླུང་ནད་དང་བད་ཀན་དུ་འདྲེས་པའི་ནད་ལ་སྨན་གྱི་དུད་པ་མི་འཇམ་མི་རྣོ་བ་རན་པར་བཏང་ངོ། །བད་ཀན་གྱི་ནད་ལ་ནི་སྨན་རྣོན་པོའི་དུད་པ་བཏང་ངོ། །དེ་ལ་མཁྲིས་པ་རྒྱས་པ
་དང། ཁྲག་རྒྱས་པའི་ནད་ལ་བཀྲུ་སྨན་བཏང་སྟེ། བཀྲུས་པ་དང། དམུ་རྫིང་དང། ཟ་ཁུ་ལ་སོགས་པ་འདི་རྣམས་ལ་ནི་སྨན་གྱི་དུད་པ་བཏང་དུ་མི་རུང་ངོ། །མིག་རབ་རིབ་ཁྱེར་བ་དང་མགུལ་བ་ཡན་ཆད་ཀླད་པའི་བར་དུ་རླུང་ཞུགས་པའི་ནད་དང་སྨན་མས་བཏང་བར
་གྱུར་པ་དང། ལྟོ་སྤོས་པ་དང་ཉ་ཟོས་པ་དང། ཆུ་འཐུངས་པ་དང། ཞོ་དང་བུ་རམ་དང་འོ་མ་དང་སྦྲང་རྩི་དང། མར་འཐུངས་པ་དང། དུག་འཐུངས་པ་དང། མགོ་བོ་ཡན་ཆད་སྣང་བ་དང་སྐྱ་བབ་ཀྱི་ནད་དང་མཚན་མོ་གཉིད་མ་ལོག་པ་འདི་རྣམས་ལྟ་བུ་ལ
་སྨན་གྱི་དུད་པ་བཏང་དུ་མི་རུང་ངོ། །གལ་ཏེ་འདི་རྣམས་ལྟར་མི་བདེ་བ་ལ་སྨན་གྱི་དུད་པ་བཏང་ན་ཉེན་དུ་གྱུར་པའི་ནད་ཁྲག་དང་མཁྲིས་པའི་ནད་དང། མིག་ལོང་རྣ་བ་འོན་སྐོམ་དང་ཆེ་བ་བརྒྱལ་བ་དང་རྨོངས་ཤིང་མྱོས་པར་བྱེད་དོ། །གལ་ཏེ་དུས་མ་ཡིན་པར
་དུད་པ་བཏང་ངམ། དུད་པ་ཧ་ཅང་ཆེར་བཏང་དྲགས་ན་དེ་ལ་ནད་དཔྱད་དུ་བྱ་བའི་ཆོ་ག་ནི་སྨན་བསིལ་བས་འཕྲལ་པ་དང་མགོ་བསྐུ། བསིལ་བའི་ཁ་ཟས་ཀྱི་ཆོ་ག་བྱས་ན་ཕན་ནོ། །དེ་ལ་སྨན་གྱི་དུད་པ་བཏང་བའི་དུས་དང་དམིགས་ནི་བཀྲེས་པ་དང
་གླལ་བྱུང་བ་དང། བཤང་གཅི་དྲི་མ་བསིལ་བ་དང། བུད་མེད་ལ་བརྟེན་པ་དང། གཏར་ཀ་གདབ་པ་དང། གད་མོ་དགོད་པ་དང། སོ་ཤིང་གི་སོ་དྲུད་པ་འདི་རྣམས་ལྟ་བུ་བྱས་པའི་འོག་ཏུ་དུད་པ་མི་དྲག་པ་འཇམ་པོ་ཆུང་ངུ་ཞིག་ཐོང་ཞིག་།ཡང
་བཀྲེས་པ་དང་གླལ་བྱུང་ལ་སོགས་པའི་དུས་འདི་ལྟ་བུའི་ཚེ་མཚན་མོ་ཁ་ཟས་ཟོས་པ་དང། སྨན་མར་སྣར་བཏང་བའི་རྗེས་ལ་ཡང་དུད་པ་འབྲིང་ཙམ་སྣ་ནས་བཏང་ངོ། །ཡང་གཉིད་ལོག་པ་དང་སྨན་མས་བཏང་བ་དང། མིག་སྨན་གྱིས་བསྐུས་པ
་དང། ལུས་ཁྲུས་བྱས་པ་དང། སྐྱུགས་སྨན་བཏང་བ་འདི་རྣམས་ལྟ་བུའི་རྗེས་ལ་དུད་པ་སྣར་བཏང་སྟེ་བཀྲུ་བའི་ཆོ་ག་བྱའོ། །དུད་པ་ཁ་སྣར་བཏང་བའི་དཔྱད་ནི་མས་བཏང་བ་རྐྱལ་བུ་གསེར་དངུལ་ལ་སོགས་པ་ལས་བརྡུངས་པ་དང་འདྲ་བར་བྱས་ཏེ། དེ་ཡང་གཅེའུ?་ཁ
་གསུམ་པ་དང་དྲང་བ་ཞབས་ཀྱི་དྲུང་ནི་སྤོམས་མཐེ་བོང་ཤོང་ཙམ་རྩེ་མོའི་སྦོམས་ནི་རྒྱ་ཤུག་ག་ཚིག་གུ་ཤོང་ཙམ་དུ་བྱའོ། །གཅེའུ་སྲིད་ནི་སོར་ཉི་ཤུ་རྩ་བཞི་པ་དང། སོར་སུམ་ཅུ་རྩ་བཞི་པ་དང། སོར་བཞི་བཅུ་པ་དང། དེ་ལྟར་ཆེ་ཆུང་རྣམ་གསུམ་དུ་བྱའོ། །དེ་ལ
་བད་ཀན་གྱི་ནད་ལ་དུད་པའི་སྨན་རྣོན་པོ་བཏང་ན། གཙེའུ་སར་ཉི་ཤུ་རྩ་བཞི་པ་བཏང་ངོ། །རླུང་ནད་ལ་སྨན་གྱི་དུད་པ་འཇམ་ཞིང་སྣུམ་པ་བཏང་ན་ཙེའུ་སོར་སུམ་ཅུ་རྩ་གཉིས་པ་ལས་བཏང་ངོ། །རླུང་དང་བད་ཀན་འདྲེས་པའི་ནད་ལ་སྨན་གྱི་དུད་པ་རྣོ་འཇམ་རན་པ་གཙེའུ
་སོར་བཞི་བཅུ་པ་ལས་བཏང་ངོ། །སྣར་དུད་པ་བཏང་བའི་ཐབས་ནི་དྲང་པོ་ཙོག་པོར་འདུག་ལ་སེམས་གུད་དུ་མི་གཡེང་བར་དུད་པ་བཏབ་པ་ལ་བསམས་ཏེ་ཁ་གདངས་ལ་ཁར་དུད་པ་ལན་གསུམ་བཏང་ངོ། །དེ་ནས་སྣའི་བུ་ག་ཡ་གཅིག་བཀག་ལ་བུ་ག་ཡ་གཅིག་ནས
་དུད་པ་བཏང་ཞིང་རྡུབ་པོ། །སྣའི་མཚུལ་བའི་ནད་དང་ཀླད་པའི་ནད་དམིགས་ལ་དུད་པ་ཁ་ནས་བཏང་བས་ནད་བསྐྱོད་ཅིང་བསྡུས་པར་གྱུར་པ་དེ་ལ་སྣ་ནད་དུད་པ་རྡུབས་ན་ནད་དེ་ཕྱིན་ཅིང་སེལ་བར་འགྱུར་རོ། །ཁ་ནས་དུད་པ་རྡུབས་ན་ནི་སློང་ཞིང་བསྐྱོད་པར་བྱེད་དོ། །ཁ་ནས་གྲེ་བའི
་ནང་དུ་སླེབས་པར་དུད་པ་རྡུབས་ན་ནད་ཞི་བར་བྱེད་དོ། །དུད་པ་ཁ་ནས་རྡུབ་ཅིང་ཕྱིར་སློན་པའི་ཐབས་སུ་དབྱུང་ངོ། །སྣར་རྡུབ་ཅིང་ཕྱིར་དབྱུང་བ་ལྟར་བྱས་ན་མིག་ལ་གནོད་དེ་མི་རུང་ངོ། །ཁར་རྡུབ་ཅིང་སློབ་པའི་ཐབས་ནི་ཁར་ལན་གཅིག
་གྲེ་བའི་བར་དུ་རྡུབས་ཏེ་དེ་ནས་ཕྱིར་སློབ་པའི་ཐབས་སུ་ཕྱུང་ཞིང་དེ་ལྟར་ལན་གསུམ་གསུམ་བྱའོ། །སྨན་གྱི་དུད་པ་འཇམ་པོ་ཉེན་པར་སྣར་ལན་གཅིག་བཏང་ངོ། །རླུང་དང་བད་ཀན་འདྲེས་པ་ལ་སྨན་གྱི་དུད་པ་རྣོ་འཇམ་རན་པ་ནི་ལན་གཉིས་ཐོང་ཞིག་།བད་ཀན་སེལ་བ་སྨན་གྱི
་དུད་པ་རྣོན་པོ་ནི་ལན་གསུམ་འམ་ལེན་བཞིར་ཐོང་ཞིག་།དེ་ལ་སྣར་དུད་པ་བཏང་བའི་སྨན་འཇམ་པོ་ནི་ཨ་ཀ་རུ་དང། གུ་གུལ་དང། གླ་སྒང་ཆེན་པོ་དང། སོན?་ཡ་དང། ཕ་བོང་གི་དྲེགས་པ་དང་སྤང་སྤོས་དང་པུ་ཤེལ་རྩི་དང། བ་ལེ་ཀ་དང།
་ཤིང་ཚ་དང། ཧེ་རེ་ནུ་ག་དང། མེ་ཏོག་མནདྷུ་ཀ་དང། ཤིང་བིལྦ་རྐང་དང། ཨེ་ལ་བ་ལུ་ཀ་དང། ཤི་རི་བེ་སྟ་ཀ་དང། བོགས་ཙི་རས་དང། རྒྱ་མ་ཀ་དང། བ་ཙ་ན་དང། གླ་བ་དང། བོག་ནག་པོ་ཤ་ཡ་ཀི་དང། གུར་ཀུམ་དང། མོན་སྲན་གྲེའུ་དང། ནས་དང་བོག་དཀར
་པོ་ནུ་མ་ཀ་དང། ཏིལ་དང་ཤིང་ཏོག་ཟང་པོ་མར་ཡོང་པར་སྟར་ག་ཨུརྦ་ནི་ཀ་དང། སྣུམ་བག་ཚིལ་དང་རྐང་དང་ལྟོ་ཚིལ་དང། མར་དང་རྐང་དང་འདི་རྣམས་ཡིན་ནོ། །ནད་ཞི་བར་བྱ་བའི་དུད་པའི་སྨན་ནི་བོག་ནག་པོ་ཤ་ལ་ཡ་ཀི་དང། རྒྱ་སྐྱེགས་དང་ཕྲི་ཐིར་ཀ
་དང། མེ་ཏོག་པདྨ་དང། མེ་ཏོག་ཨུཏཔ་ལ་དང། ཤིང་ནྱ་གྲོ་དྷ་དང། ཤིང་ཨུ་དུམྦ་ར་བ་དང། ཤིང་ཨ་ཤྭཏྠ་དང། ཤིང་པཱཀྵ་དང། གསེང་ཕྲོམ་དང། ཤིང་ཚ་དང། ལི་ཀ་ར་དཀར་པོ་དང། ཤིང་མངར་དང། རྡུབ་རྣ་ཤི་རིའི་ཤུན་པ་དང། ཤུག་བ་དང། བཙོང་དང། སྤོང་རུ་རྟ་དང། རྒྱ་སྤོས
་དང། བད་ཀན་ལ་སྨན་རྣོན་པོའི་དུད་བ་བཏང་བ་ནི་ཛ་ཏི་སྨ་ཏི་དང། སྐྱེར་བ་དང། ཡུང་བ་དང་སྨན་གྱི་རྩ་བ་བཅུ་དང། ལྡོང་རོས་དང། བ་བླ་དང། རྒྱ་སྐྱེགས་དང། ཙན་དན་དཀར་པོ་དང། འབྲས་བུ་གསུམ་དང། སྨན་སྤོ་ཡོ་དྲི་ཞིམ་པོའི་ནང་ན་རོ་རྣོ་བའི
་གྲངས་སུ་གཏོགས་པ་རྣམས་དང། འདི་རྣམས་ཀྱི་དུད་པ་སྣ་ནས་བཏང་ཞིང་མགོ་བོའི་ནད་བཀྲུ་བར་བྱའོ། །སྨན་གྱི་དུད་པ་བཏང་བ་སྦྱར་བའི་ཐབས་ནི་སྨན་རྣམས་ཞག་གཅིག་ཆུའི་ནང་དུ་སྤངས་ཏེ་ཆུ་དགས་སུ་ཞིབ་རབ་ཏུ་བཏགས་ལ་ཤིང་བུ་དྲང
་ཞིང་འཇམ་པོ་སྲ་མོ་སོར་བཅུ་གཉིས་པ་ལ་དུད་པའི་སྨན་ལྡེ་གུ་བཏག་བཏག་པ་ལན་ལྔའི་བར་དུ་བྱུགས་ཤིང་གྲིབ་མ་ལ་བསྐམས་ལ་སྨན་གྱི་གཏར་བུ་སྤོམ་མཐེབ་མོ་ཙམ་ཐོག་དྲུང་ཕྲ་ལ། དབུས་སྦོམ་སྟེ་ནས་འདྲ་བར་བྱས་ལ། བསྐམས་པ་དང་རླུང
་ནད་དང་བད་ཀན་སོ་སོའི་ནད་ལ་ཕན་པའི་རླུང་གིས་ཀྱང་བྱུགས་ནས་ནང་གི་ཤིང་བུ་ནི་དྲོངས་ལ་ཕྱུང་ཞིག་།དེ་ནས་སྨན་གྱི་སྟར་བུའི་དྲུང་མས་བསྲེགས་ལ་ཁམ་ཕོར་ཁ་སྦྱར་ལ་དབུས་སུ་བུ་ག་ཕུག་པའི་ནང་དུ་བཅུག་ཏེ་དུད་སྨན་གྱི་གཏར་བུའི་རྩེ་མོ་གཅེའུ་ཡི་བུ
་ག་ཡི་ནང་དུ་བཅུག་ལ་དུད་པ་ཁར་རྡུབས་ཏེ། ལུད་པ་ལུ་ཞིང་མི་བདེ་ན་བརྡུངས་ཏེ་སོར་བཅུ་འམ་སོར་བརྒྱད་པ་བྱས་ལ་དུང་རྡུབས་ན་ལུད་པ་ལུ་བ་དང། དབུགས་མི་བདེ་བ་དང་ཆམ་པས་བཏབ་པ་དང། སྐད་འགགས་པ་དང། ཁ་སྣ་ནས་རྣག་མནམ་པ་དང། ཁ་གདོང་ལ
་སྐྱ་བབ་ཀྱི་ནད་པ་ཡོད་པ་དང། སྐྲ་ལ་གཟའ་ཞུགས་པ་དང། བྱི་འམ་རྣ་བ་ན་བ་དང། མིག་རྫིད་པོར་ལྡང་སྟེ། མཆི་མ་མང་བ་དང། མགུལ་པ་ཡན་ཆད་མགོ་བོ་གཡའ་ཞིང་ཟ་སྟེ། འཕྲུག་འདོད་པ་དང། སློང་བག་ཅན་དུ་གྱུར་པ་དང། མགོ་ཡུང་ཁྱེར་བ་དང། སྐྱིགས་བུས
་བཏབ་པ་འདི་རྣམས་ལྟ་བུ་ལ་སྨན་གྱི་དུད་པ་འཐུངས་ན་ནད་ཀྱིས་མི་ཚུགས་སོ། །སྣ་ནས་བཏང་བའི་ཆོ་ག་སྟེ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།སྨན་གྱི་ཁུ་བས་མཁུར་བ་བཀང་ལ་མི་བསྐྱོད་པར་མགོ་བསྐྱོད་དེ་བསྡད་པ་དང་སྨན་གྱི་ཁུ་བས་མཁུར་བ
་བཀང་སྟེ། འགྲམ་པ་གཡས་གཡོན་དུ་སྤོ་ཞིང་བད་ཀན་ལ་སོགས་པའི་ནད་དྲང་བའི་ཆོ་གའི་ལེའུ་ཉི་ཤུ་རྩ་གཉིས་པ་བཤད་པར་བྱའོ། །སྨན་གྱི་ཁུ་བས་མཁུར་བ་བཀང་བ་རྣམ་པ་བཞི་སྟེ། ཏིལ་གྱི་འབྲུ་མར་དང། ཞི་བར་བྱེད་པ་དང། ཁ་བཀྲུ་ཞིང་སེལ་བར་བྱེད་པ་དང་རྨ་འཚོ
་པར་བྱེད་པའོ། །དེ་ལ་ཏིལ་གྱི་འབྲུ་མར་དང་ཞི་བར་བྱེད་པ་དང། བཀྲུ་སྨན་གྱིས་བཀྲུ་ཞིང་བརྩལ་བ་དང། འདི་གསུམ་གྱིས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་བསལ་ལོ། །མཛའ་མའི་རྨའི་ནད་གསོ་བས་ནི་རྨའི་ནད་སེལ་ཏོ། །དེ་ལ་ཏིལ་གྱི་འབྲུ་མར་རམ། །མར་ལས
་སྨན་མར་སྦྱར་བ་ནི་མངར་དང་སྐྱུར་དང་ལན་ཚྭ་དང། སྨན་དྲོད་ཆེ་བ་རྣམས་བརྡུངས་ལ་བརྟགས་ཏེ། ཆུ་དང་སྦྱར་བའི་ཁུ་བ་འམ་འོ་མ་ཡང་རུང་ཤ་ཁུ་ཡང་རུང་སྟེ་འདི་རྣམས་དང་སྨན་གྱི་ཁུ་བ་དང་ཏིལ་མར་རམ་འབྲི་མར་དང་སྦྱར་ཏེ། བཅོས་ལ་ཚོས་ཏེ། བཙིན་བའི་སྨན
་མར་དེ་དྲོན་པོ་ཁས་བཟོད་ཙམ་མཁུར་བ་བཀང་ཞིང་རླུང་ནད་ཞི་བར་བྱའོ། །དེ་ཞི་བར་བྱ་བའི་སྨན་མར་སྦྱར་བ་ནི་སྨན་རོ་ཁ་བ་དང། བསྐ་བ་དང་མངར་བ་དང། བསིལ་བ་རྣམས་དང། པ་ཏོ་ལ་ཤིང་འཛམ་བུའི་ཤིང་ཏོག་དང་མེ་ཏོག་མ་ལ
་ཏའི་ཡལ་གའི་ལོ་མ་དང། ཨུཏཔ་ལ་དང། ཤིང་མངར་དང། ཁ་ར་དཀར་པོ་དང། སྦྲང་རྩི་དང། འོ་མ་དང་བུ་རམ་ཤིང་གི་ཁུ་བ་དང་མར་ལ་སོགས་པ་འདི་རྣམས་སྦྱར་ཏེ་བཙོས་པའི་མར་གྱིས་ནི་མཁྲིས་པའི་ནད་ཞི་བར་བྱེད་དོ། །བད་ཀན་གྱི་ནད་སེལ་བ་ནི་སྨན་ཚ་བ་དང
་སྐྱུར་བ་དང། ལན་ཚ་དང་སྨན་དྲོད་ཆེ་བའི་རྣམས་ཀླད་ནད་བཀྲུ་བ་སྣ་ནས་བཏང་བའི་སྨན་རྣམས། ཚྭ་དང་ཆང་དང་འབྲས་རྩབས་དང། བ་གཅིན་དང། གཞན་ཡང་ཚ་བ་དང་སྐྱུར་བ་ལ་སོགས་པའི་སྨན་རྣམས་ཀྱིས་ཁུ་བ་དང་སྦྱར་ཏེ། བཙགས་པའི་དངས་མས་མཁུར་བ
་དགང་ཞིང་བོར་བད་ཀན་གྱི་ནད་སེལ་ཞིང་འབྱང་བར་འགྱུར་རོ། །ཁའི་ནང་དུ་རྙིལ་དང་མཁུར་བའི་ནང་གི་རྨ་གསོ་བའི་དཔྱད་ནི་སྨན་རོ་བསྐ་བ་ཨ་རུ་ར་ལྟ་བུ་དང། ཀླུ་གོར་ཞོ་ཤ་དང། མངར་བག་ཤིང་མངར་དང། སྦྲང་རྩི་ལྟ་བུ་དང། བསིལ་བག་ལ་ཙན་དན་དང། བུ་ཤེལ
་ཙེ་དང། གླ་སྒང་ཆེན་པོ་དང། ཅི་ལས་ནད་དུ་གྱུར་པའི་སྨན་སོ་སོར་བཤད་པ་རྣམས་ཀྱིས་ཀྱང་བསྣན་ལ་སྨན་གྱི་ཁུ་བ་ཁར་བླུགས་སོ། །དེ་ལ་རླུང་ནད་དུ་གྱུར་པའི་ནད་ལ་ཏིལ་འབྲུའི་མར་ལས་སྦྱར?་ཏེ་མཁུར་བ་དགང་བ་ནི། ཏིལ་མར་དང། འོ་མ་དང་སྦྲང་རྩི་དང་ཆུ་བ་སྦྱར་བ
་དང། ཚྭ་དང་ཆང་དང་ཤ་ཁུ་དང་བ་གཅིན་དང། འབྲས་རྩབས་ཀྱི་ཁུ་བ་དང། འདི་རྣམས་གང་འབྱོར་པ་དང་ནད་སེལ་བའི་དམིགས་སུ་གང་བབ་པ་དེ་ལྟར་སྨན་བཏགས་པའི་ཁུ་བ་ཡང་རུང་བཙོས་པའི་ཏིལ་མར་ཡང་རུང་དྲེན་པོ་ཁས་བཟོད་པ་ཙམ་མཁུར་བ་བཀང
་ན་སོ་རྩེ་བ་དང། སོ་འགུལ་བ་དང་རླུང་ནད་ཀྱི་ཁའི་ནང་ན་བར་གྱུར་པ་དང། འདི་རྣམས་ལྟ་བུ་ལ་དྲོན་པ་ཁས་བཟོད་ཙམ་མཁུར་བ་བཀང་ན་ཕན་ནོ། །ཡང་དྲོད་ཆར་གྱུར་ལ། རྩུབ་པ་དང་ཚ་བར་གྱུར་པ་དང། ཁའི་ནད་ཚོས་པ་དང། ཁའི་ནང་དུ་རྨ་བྱུང་པ་དང། ཁའི་ནང་བློ
་བུར་དུ་འཕྲལ་སྣང་པ་དང། ཁའི་ནང་དུ་དུག་རེག་པ་དང། ནས་ཚིག་འཁུས་པའི་ཚེ་ཐལ་སྨན་རྣོན་པོས་ཁའི་ནང་ཚིག་པ་དང། ཁའི་ནད་མས་བསྲེགས་ཏེ་ཚིག་པ་འདི་རྣམས་ལྟ་བུ་ལ་ཡང་ཞུན་མར་འཁྱགས་པ་དང་ལོ་མ་གྲང་མོས་ཁའི་ནང་དུ་དགང་ངོ། །ཁའི་ནད་ཚིག
་པ་འམ་རྨ་བྱུང་བ་ལས་ཚོར་བ་མེད་ཅིང་ཟས་ཀྱི་རོ་བྲོ་བ་མི་ཚོར་བ་ལྟ་བུ་དང། ཁའི་ནང་གི་རྨ་བྱུང་བ་ཡང་འདི་ལྟ་བུ་ལས་ཡང་མར་འོ་མས་ཁ་བཀང་ན་ཁའི་ནད་ཡང་བག་ཅན་དུ་འགྱུར་བ་དང། རྨ་འཚོ་བར་འགྱུར་རོ། །སྦྲང་རྩི་དང་ཆུ་སྦྱར་ཏེ། མཁུར་བ་བཀང་ན་ཁའི་ནད་ཚ་བ་དང།
་སྐོམ་དང་ཆེ་བ་ཞི་བར་འགྱུར་རོ། །ཁ་ཟས་རོ་བྲོ་བ་མི་ཚོར་བ་དང། ཁ་མནམ་པ་དང། ཁའི་དྲི་མ་ཆེ་བ་འདི་ལྟ་བུ་ལ་འབྲས་རྩབས་མཁུར་བ་བཀང་ཞིང་ཡོན་ཏན་གྱིས་སྐྱོན་སེལ་ཏོ། །འབྲས་རྩབས་དེ་ཉིད་དང། ཙེ་རྒྱམ་ཚ་དང་ལྕེ་མྱང་ཚ་གང་ཡང་རུང་བ་དང་སྦྱར་བ་གྲངས་མེས
་མཁུར་བ་བཀང་ཞིང་ཕོ་ན་ཁ་སྐམ་པའི་ནད་ལ་རབ་ཏུ་ཕན་པར་འགྱུར་རོ། །བད་ཀན་གྱི་དཀྱེལ་སོགས་ཤིང་སྐྱེས་པར་གྱུར་པ་ལ་ནས་ཚིག་འཁུས་པའི་ཚྭེ་འམ་ཐལ་སྨན་རྣོན་པོ་དང། ཆུ་ར་སྦྱར་ཏེ་མཁུར་བ་བཀང་ཞིང་ཕོ་ན་བད་ཀན་མྱུར་དུ་སེལ་བར་འགྱུར་རོ། །ཁའི
་ནད་ལྕི་ཞིང་ལྡག་ལྡག་པོར་གྱུར་པ་ལ་ཆུ་དྲོན་པོས་ཁས་བཟོད་ཙམ་ཁུ་བ་བཀང་ཞིང་བོར་ན་ཁའི་ནད་ཡང་ཞིང་བདེ་བར་འགྱུར་རོ། །མཁུར་བའི་ནང་དུ་སྨན་ཞུ་འམ་དྲོན་པོས་བཀང་བའི་ཆོ་ག་བྱས་ན་སྔར་རླུང་མེད་པ་ཉི་མ་དྲོན་པོའི་སར་འདུག་ལ། འཕྲགས་སོ་དང
་།སྐེ་གཡས་གཡོན་དུ་དུགས་བྱ་ཞིང་མཉེས་ལ་དེ་ནས་སྨན་གྱི་ཁུ་བ་འམ་ཆུ་དྲོན་པོས་མཁུར་བ་བཀང་སྟེ་གདོང་བ་ཕྱིར་བསྐྱེད་དེ་བསྐྱོད་ལ་འདུག་ཅིག་།བསྡད་པའི་ཚེ་ནི་ཁའི་ནད་བད་ཀན་ནམ་གང་གི་བར་དུ་འམ་ཡང་ན་སྣའི་ནད་སྣབས་ཀྱིས་གང་ལ་མིག
་མཆི་མས་གང་བའི་བར་དུ་བསྡད་དོ། །བད་ཀན་གྱི་ནད་ནི་ལན་གསུམ་ལྡན་ལྔ་འམ་ལན་བདུན་དུ་མཁུར་བ་དགང་ངོ། །མཁྲིས་པའི་ནད་དང་རླུང་ནད་ལ་ནི་དེ་ལྟར་ཁ་དགང་བར་བྱ་བའི་དཔྱད་མི་དགོས་སོ། །དེ་ལ་སྨན་གྱི་ཁུ་བས་ཁར་དགང་ཞེས་བྱ་བ་ནི་སྨན་གྱི་ཁུ་བ་ཁ
་བླུགས་ལ་མཁུར་བ་གཡས་གཡོན་དུ་སྤོ་བ་མེད་པར་བཞག་གོ་།སྨན་ཁུ་འམ་ཆུ་དྲོན་པོ་ཁར་རྡུབ་པ་ཞེས་བྱ་བ་ནི་ཁང་རྡུབས་ལ་མཁུར་བ་གཡས་སུ་སྤོའོ། །དེ་ལ་སྨན་ཁུ་འམ་ཆུ་དྲོན་པོ་ཁར་རྡུབས་ལ་འཁུར་བ་གཡས་གཡོན་སྤོ་བ་བྱས་ན།
་གཉའུ་རེངས་པ་དང་ཀླད་པ་ན་བ་དང། རྣ་བ་ན་བ་དང། ཁ་ན་བ་དང། མིག་ན་བ་དང། བད་ཀན་རྒྱས་ཏེ་སྣབས་དང་མཆིལ་མ་མང་བ་དང། གྲེ་བའི་ནང་ན་བ་དང་ཁ་སྐམས་པ་དང། སྙིང་ན་བ་དང་གློ་བག་ཅན་དུ་གྱུར་པ་དང། ཁ་ཟས་ཡི་གར་མི་འོང་བ་དང།
་ཆམ་པས་བཏབ་པ་དང། འདི་རྣམས་ལ་ཕན་ཏེ་གསོ་བླ་བར་འགྱུར་རོ། །བད་ཀན་གྱི་ནད་ལ་སྨན་ལྡེ་བུ་དང་སྨན་བཙོས་པའི་ཁུ་བ་དང། སྨན་རྣམས་གསུམ་ཁར་གཞིབ་ཅིང་མུར་ལ་སྨན་གྱི་ཁུ་བ་ཁར་བླུགས་པ་དང་འདྲ་སྟེ་ཕན་ནོ། །སྨན་གྱིས་གདོང་བྱུགས་པ
་ཡང་རྣམ་པ་གསུམ་སྟེ། རླུང་དང་བད་ཀན་གྱི་ནད་ལ་ནི་དྲོན་པོས་བཀྲུས་ན་དགེའོ། །མཁྲིས་པ་དང་ཁྲག་རྒྱས་པའི་ནད་ལ་ནི་བསིལ་སྨན་བག་གདོང་པ་བསྐུའོ། །གདོང་བསྐུ་བའི་སྨན་གྱི་ཡོན་ཏན་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་སེལ་དུག་ནང
་སེལ་བ་བཞིན་མདོག་བཟད་པོར་འགྱུར་རོ། །སྨན་ལྡེ་གུ་གདོང་པ་བསྐུ་བའི་ཚད་ནི་རྣམ་གསུམ་སྟེ་སོར་བཞི་ཆ་འམ་སུམ་ཆ་འམ་སོར་གྱི་ཆ་གཉིས་ཙམ་གྱིས་སྟུག་རྔམས་དེ་ཙམ་དུ་བསྐུའོ། །གདོང་ལམ་བསྐམས་ཀྱི་བར་དུ་གདོང་ལ་ཆགས་ཏེ་ཕན་ནོ།།
་བསྐམས་ན་པགས་པའི་ཤམ་ཐད་ལ་གནོད་ཀྱིས་ཆུ་སྤོས་ལ་ཁྲུས་ཤིག་།བཀྲུས་པའི་རྗེས་ལ་མར་རམ་ཏིལ་མར་གྱིས་གདོང་བསྐུས་ལ། ལྡེ་གུས་དྲིལ་ལ་ཕྱིས་ཤིང། གདོང་སྨན་ལྡེ་གུ་དེ་ལྟར་བྱུགས་ན་ཉིན་པར་ཉལ་བ་དང་དྲག་ཏུ་སྨྲ་བ་དང་སྨྲ
་བ་མང་བ་དང། མེ་ཚེ་བ་འམ་ཉི་མ་བདེ་བ་འམ་བུད་མེད་ལ་ཉལ་བ་འམ་འགྲོ་བའི་བག་ཏུ་མི་རུང་ངོ། །དེ་ལྟར་གདོང་ལ་སྨན་གྱིས་སྐུ་ལེགས་ན་དུས་ལམ་བབ་པར་སྐྲ་དཀར་པོར་གྱུར་པ་འམ་དཔུང་བ་ལྷུང་སྟེ་བསྐྱོད་མི་ནུས་པ་དང་གཉེར་མ་མང་བ་དང།
་མིག་རབ་རིབ་ཀྱིས་ཁྱེར་བ་དང། གདོང་པ་ཁབས་ཡོད་པ་དང་མིག་ནང་སྔོན་པོར་གྱུར་པ་འདི་རྣམས་སེལ་ཏེ་ཕན་ནོ། །སྨན་ལྡེ་གུས་བྱུག་དུ་མི་རུང་བའི་དམིགས་ནི་ཆམ་པས་བཏབ་པ་དང། ཁ་ཟས་མ་ཞུ་བ་དང་སྨན་སྣར་བཏང་བ་ལྟ་བུ་དང། རྙིལ་དང་འགྲམ
་པ་ན་བ་དང། ཟས་ཡི་གར་མི་འོང་བ་དང། མཚན་མོ་གཉིད་མ་ལོག་པར་གྱུར་པ་འདི་རྣམས་ལྟ་བུ་ལ་སྨན་བསྐུར་མི་རུང་ངོ། །དེ་ལ་གདོང་བསྐུ་བའི་སྨན་ལྡེ་གུ་ནི་རྒྱ་ཤུག་གི་ནང་གི་ནང་རྐང་དད་པ་ཤ་ཀའི་རྩ་བ་དང་ཤ་བ་རིའི་གསེར་ཕྲོམ་དང། ཡུངས་ཀར་འདི་རྣམས་ནི
་དགུན་གྱི་ལྡེ་གུས་བྱུག་པའོ། །ཀཎྚ་ཀཱ་རིའི་རྩ་བ་དང་ཏིལ་ནག་པོ་དང་སྐྱེར་པའི་རྩ་བ་དང་ཤིང་ཚ་དང། ནས་རྨེའུ་དང། འདི་རྣམས་ནི་དགུན་སྨད་ཀྱི་ལྡེ་གུས་བསྐུ་བའོ། །རྩ་དར་བའི་རྩ་དང། ཙན་དན་དང། ཨུ་ཤི་ར་དང། ཤིང་ཤི་རི་ཤ་དང། ཤཏཔུཥཔ་དང། འབྲས་དང་འདི
་རྣམས་དཔྱིད་ཀྱིའོ། །མེ་ཏོག་ཀུ་མུ་ད་དང། ཨུཏཔ་ལ་དང། ཀ་ལྷ་ར་དང། རྩ་དུརྦ་དང། ཤིང་མངར་དང། ཙན་དན་དང་འདི་རྣམས་ནི་སོས་ཀའི་ཚེ་བསྐུའོ། །ཀ་ལ་མི་ཀ་དང། ཏིལ་དགས་སུ་ཤི་ར་དང། སྤང་སྤོས་དང། རྒྱ་སྤོས་དང། ཤུག་པ་དང་འདི་རྣམས་དབྱར་གྱིས
་བསྐུའོ། །བལ་བུ་དང་ཀུཏྲ་པུཎྟ་ཧ་དང་ཤིང་མངར་དང། སཔཏ་པརྞི་དང་རྒྱ་སྤོས་དང་འདི་རྣམས་ནི་སྟོན་གྱི་ལྡེ་གུ་བསྐུ་བ་ཡིན་ནོ། །དེ་ལྟར་དུས་ཚིགས་དྲུག་གི་བྱེ་བྲག་དང་སྦྱར་ཏེ་གདོང་བསྐུ་བའི་དཔྱད་ཤེས་པར་བྱའོ། །དེ་ལྟར་རྟག་ཏུ་གདོང་བཀྲུས་ན་མིག་ལ་ཡང
་ཕན་ཏེ་ལྟ་བ་ལ་བརྟན་པར་མཐོང་བ་དང་བཞིན་འཇམ་ཞིང་གཉེར་མ་མེད་པ་དང་བཞིན་མདོག་བཟང་པོ་པདྨའི་ལོ་མ་དང་འདྲ་བར་འགྱུར་རོ། །ཏིལ་དང་མར་གྱིས་ལུས་བསྐུ་བ་ཡང་རྣམ་པ་བཞི་སྟེ་མར་དང་འབྲུ་མར་གྱིས་ལུས་བསྐུ་བ་ཡང་མར་བླུགས་པ
་དང། ང་སམ་ཤིང་བལ་མར་ལ་བསྒྲས་ཏེ། ཀླང་བར་བཞག་པ་འམ་ཀླད་པར་མར་རམ་ཏིལ་གྱིས་འབྲུ་མར་གྱིས་བྱུགས་ལ་སྐྱིན་དར་གྱིས་གཡོགས་པ་དང་བཞིའོ། །དེ་ལྟར་མགོ་བོ་ལས་བསྐུ་བ་རྣམ་པ་འདི་བཞི་ཡང་ལྷག་མ་བས་འོག་མའི་ཡོན
་ཏན་ཆེ་ཞིང་མང་སྟེ། གོང་མ་བས་འོག་མ་བཟང་བར་ཤེས་པར་བྱའོ། །དེ་ལ་མར་གྱིས་བྱུག་ཅིང་བསྐུ་ཞེས་བྱ་བ་ནི་མགོ་དང་ལུས་རྩུབ་པ་དང། མགོ་དང་ལུས་གཡའ་བ་དང་པགས་པ་ཤ་མདོག་མི་སྡུག་ཅིང་དྲི་ཅན་དུ་གྱུར
་པ་འདི་ལྟ་བུར་མར་བྱུག་ཅིང་བསྐུ་བར་བྱའོ། །མགོ་ལ་གློག་པ་ཞུགས་པ་དང། ཀླད་བ་ཟུག་ཐབས་སུ་ན་བ་དང། ཀླད་པ་ཆེ་བ་དང་རྨ་མནགས་པ་འདི་ལྟ་བུ་ལ་ནི་མར་བླུགས་པའི་དཔྱད་བྱའོ། །དེ་ལ་སྐྲ་བྱི་བ་དང། སྐྲ་གཟའ་ཞུགས་པ་དང། བདུག
་པ་བྱས་པའི་རྗེས་དང་མིག་ཧ་ར་ཧ་ར་བར་གྱུར་པའི་ནད་འདི་ལྟ་བུའི་ནད་པ་ནི་རས་སམ་རས་བལ་མར་གྱི་ནད་དུ་བསྲེས་ཏེ་སྤྱི་བོར་གླན་ནོ། །མགོ་ལ་ཚོར་བའི་བག་མེད་བེམ་བག་ཏུ་གྱུར་པ་དང། ཁ་ཡོན་པོར་གྱུར་པ་དང། གཉིད་མེད་པ་དང། ཁ་སྣ་སྐམས་པ་དང།
་མིག་རབ་རིབ་ཀྱིས་ཁྱེར་བ་དང། ཀླད་པ་མི་བཟོད་པར་ན་བ་དང། འདི་ལྟ་བུ་ལ་ཀླད་པ་ལ་མར་ཆར་བྱུགས་ཏེ་མར་མི་དབོ་བར་ལྤགས་པས་གཡོགས་པ་འགབ་ཆིངས་ཤིག་།དེ་ལྟར་བྱས་པའི་ཆོག་ནི་ལུས་སྣུམ་གྱིས་བྱུགས་ཏེ། ལྡེ་གུས་ཕྱིས་ལ་ཁྲུས་བྱས་ནས་ནུབ་ཀར
་པུས་མོ་འཕང་ཙམ་གྱི་སྟན་ཁྲིའུ་སྟན་རློན་ཅན་འཇམ་པོ་ལ་འདུག་ནས་མ་ཧེའམ་བ་ལང་གི་ཀོ་བ་སྲིད་ཀླད་པ་འཁོར་བ་ཞེང་སོར་བཅུ་གཉིས་ཡོད་པ་དེ་ལྟ་བུར་བྱས་ལ་དཔྲལ་བའི་སྐྲ་མཚམས་ནས་རྣ་དྲུད་ཙམ་དུ་ཕྱིན་པར་བྱས་ཏེ་འགབ་བཅིང་ངོ། །འགབ་བཅིང་བ་ནི
་རས་སམ་རང་གི་སྐྲས་འགབ་བཅིངས་ཀྱང་རུང་ངོ། །མར་མི་ཟག་པར་སྲན་མ་ཤིའི་ལྡེ་གུས་ཀྱང་འགབ་གླན་ཅིང་བསྐུའོ། །དེ་ནས་ནད་ཀྱི་དམིགས་ཅི་འདྲ་བར་ལས་མར་རམ་སྨན་དང་སྦྱར་བའི་ཏིལ་གྱིས་འབྲུ་མར་དྲོད་འཇམ་ཙམ་གླད་པ་འཁོར་ཡུག་དང་སྤྱི་བོ་མན་ཆད
་སྐྲ་དྲུང་སོར་ཅིག་ནུབ་པ་ཙམ་དུ་བླུགས་ལ་ཁའི་ནང་དང་སྣ་དང་མཚུལ་བར་མར་གྱི་རོ་ནམ་བྲོའི་བར་དུ་བཞག་སྟེ། དེའི་ཚད་ཀྱང་རླུང་ནད་ལ་ནི་སེ་གོལ་བསྐོར་ཞིང་གཏོགས་པ་ལན་ཁྲིའི་བར་དུ་བཞག་གོ། མཁྲིས་པའི་ནད་ལ་ནི་སེ་གོལ་བརྒྱ་སྟོང་གི་ཡུན་ཚུན་ཆད་དུ་བཞག་གོ། བད
་ཀན་གྱི་ནད་ལ་ནི་སེ་གོལ་དྲུང་སྟོང་ཙམ་གྱི་བར་དུ་ཞོག་ཅིག། ཡང་སྨན་པ་ཁ་ཅིག་ན་རེ་ནད་ནམ་ཕྱིན་གྱི་བར་དུ་མར་བཞག་ཅེས་འཆད་དོ། །མར་ཟགས་པ་འམ་ལྷག་མས་ནི་ཕྲག་པ་དང་རོ་སྟོང་བསྐུ་ཞིང་མཉེའོ། །ཆོ་ག་འདི་འདྲ་བར་བྱ་བ་ལན་གྲངས་རབ་ཏུ་མང་ན་ཞག་བདུན་བྱའོ།།
་རྣ་བ་ན་བ་ལ་ཏིལ་མར་ལས་སྦྱར་བའི་སྨན་རྣ་བའི་ནང་དུ་བླུགས་ཏེ་བཀང་ལ་རྣ་དྲུང་མཉེ་ཞིང་འགྲུམ་སོ་བསྐྱེད་དོ། །བཞག་པའི་ཡུན་ནི་ནམ་ནད་ཅེ་ཞིལ་གྱི་བར་དུ་བཞག་གོ་།རྣ་བ་མིན་པ་ལ་མར་བླུགས་ན་སེ་གོལ་བརྒྱའི་ཡུལ་གྱི་བར་དུ་བཞག་གོ། རྣ་བ་ལ་མར་བླུགས་ན་དེ་ལྟར་ན་གྲངས
་བ་གི་ཡུན་གྱི་ཚད་ནི་ལག་པ་གཡས་ཀྱི་པུས་མོ་གཡས་བའི་ལྷ་ངལ་རྡེབ་ལྟ་བུ་དང་མིག་འབྱེད་ཅིང་འཛུམ་བ་ལྟ་ཙམ་དང་མཉམ་པའི་ཡུན་དེ་ཙམ་གྱིས་བགྲང་ངོ། །ཀླད་པ་སྨན་དང་སྦྱར་བའི་ཏིལ་མར་གྱིས་བྱུགས་པའི་ཡོན་ཏན་ནི་སྐྲ་འབྱི་བ་དང་སྐྲ་དཀར་དང་སྐྲ་ཁར་པ་དམར་སེར
་དུ་གྱུར་པ་དང། སྐྲ་གཟའ་ཞུགས་པ་དང་ཀླད་པའི་ནད་དུ་རླུང་ཞུགས་པ་དང་འདི་རྣམས་ལྟ་བུ་ལ་ཕན་ནོ། །དབང་པོ་རྣམས་གསལ་བར་འགྱུར་ལ། སྐད་ཀྱི་གདངས་དང་མགྲིན་པ་སྙན་པ་དང་འགྲམ་པ་ན་བ་དང་ཀླད་པ་ན་བ་ལ་ཕན་ལ། ཉམས་སྟོབས་སྐྱེ་ཞིང་ཉམས་བཙག་བརྟའོ། །སྨན
་གྱི་ཁུ་བས་མཁུར་བ་དགང་བའི་དཔྱད་ལ་སོགས་པ་བཤད་པའི་ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།སྨན་གྱི་ཐིགས་པས་མིག་ཏུ་བླུགས་པ་དང། སྨན་གྱིས་མིག་བསྐུ་བའི་ཆོ་ག་བཤད་པའི་ལེའུ་ཉི་ཤུ་རྩ་གསུམ་པ་བཤད་པར་བྱའོ། །མིག་ནད་ཐམས་ཅད་ལ་དཔྱད
་དུ་བྱ་བ་ནི་མིག་ནད་གསར་པ་ལ་དང་པོར་སྨན་གྱི་ཐིགས་པ་མིག་ཏུ་བླུགས་ན་མིག་རྡོལ་ལ་ཐུག་པ་སྙམ་བྱེད་ཅིང་ན་བ་དང། མིག་ཐུ་ཟུག་སྟེ་ན་བ་དང་མིག་གཡའ་བ་དང། མིག་ལ་དྲུད་པ་སྙམ་བྱེད་པ་དང། རྫི་བོར་གྱུར་ཏེ་མཆི་མ་ཟགས་པ་དང། མིག་ཚ་བ་དང། མིག་དམར་པོར་གྱུར
་པ་དང། འདི་རྣམས་ལྟ་བུའི་ནང་སེལ་ཏེ་ཕན་ནོ། །མིག་རླུང་ནད་ཀྱི་བག་ཏུ་ན་བ་ལ་ནི་སྨན་ཐིག་དྲོན་པོ་ལྷུགས་ཤིག་།བད་ཀན་ལས་མིག་ནད་དུ་གྱུར་པ་ལ་ནི་འཇམ་ཙམ་ལྷུགས་ཤིག་།ཁྲག་དང་མཁྲིས་པའི་ནད་ལྟ་བུ་ཚ་བའི་བག་ལ་ནི་སྨན་ཐིགས་ཀྱི་ཆུ་དེ་བསིལ་བར་གྱིས
་ལ་ལྷུགས་ཤིག་།སྨན་ཐིགས་བླུག་པའི་ཆོ་ག་ནི་རླུང་མེད་པའི་གནས་སུ་འདུག་ལ་སྔས་སྨད་དེ་ཉ་ཕྱིས་ཀྱི་ནང་དུ་སྨན་གྱི་ཁུ་བ་སྦྱར་ལ་རས་བལ་ལམ་སྲིན་བལ་ལྟ་བུ་བརྙད་པ་སོར་གསུམ་ཙམ་དྲི་མ་མེད་པ་བཀྱུས་སྐམས་པ་དེས་ཉ་ཕྱིས་ཀྱི་ནང་ནས་མིག་ཕུགས
་ཀྱི་གྲཝ་སྣ་དྲུང་དུ་ཐིགས་པ་བཅུ་གཉིས་སམ་བཅུ་རས་བལ་ལས་གཏིག་ཅིང་བླུགས་པའི་ཕང་ནི་སོ་རི་གཉིས་པ་ཙམ་ལས་གཅིག་ཅིང་བླུགས་སོ། །ཁང་ལངས་ཤིང་བསྡང་ལ་སྨན་ཁུ་དེ་མིག་འགྲམ་ནས་མུར་འགྲམ་ལོགས་ཕོ་ལ་དེ་ནས་གོས་འཇམ་པས་ཕྱིས་ཤིག།
་བད་ཀན་ནི་མ་རླུང་ན་ད་ལྟ་བུ་ལ་ནི་མིག་ཕྱིས་པའི་རྗེས་ལ་རས་སམ་འཇམ་པ་ཆུ་དྲོ་འཇམ་ཙམ་གྱི་ནང་དུ་བཅུག་ལ་མིག་ལ་དྲོ་འཇམ་ཙམ་དུ་དུགས་ཀྱིས་ཤིག་།མིག་དུ་སྨན་གྱི་ཆུ་བླུགས་པ་དེ་ཧ་ཅང་དྲོད་ཆེ་སྟེ་ཚ་འམ་རོ་ཚ་བའི་སྨན་དྲོན་པོ་འམ་འདི་ལྟ་བུའི་བག་བཏང
་ནེ་མིག་རྡོལ་ལ་ཐུག་པ་ཙམ་དུ་ན་བ་དང། མིག་དམར་པོར་འགྱུར་བ་དང། མིག་རྡུལ་འདི་ལྟ་བུའི་བག་ཏུ་འགྱུར་རོ། །མིག་སྨན་ཧ་ཅང་དྲགས་ཆེས་པ་མིག་ཏུ་བླུགས་ན་མིག་ཏུ་ཟུང་ཅིང་ན་བ་དང། མིག་འཛུམ་མི་ཤེས་ཏེ་ཧར་ཧར་པོར་འགྱུར་པའི་ནད་དུ་འགྱུར་རོ། །མིག་ཏུ
་སྨན་གྱི་ཐིག་པ་བླུགས་པའི་ཐུན་མངས་ཏེ་དྲགས་ན་མིག་གི་མཆུ་སྡུད་པ་སྙམ་བྱེད་ཅིང་རྩུབ་པ་དང། མིག་འབྱེད་མ་ནུས་ཤིང་དཀའ་བར་འགྱུར་རོ། །མིག་སྨན་བླུགས་པ་ཧ་ཅང་ཐུན་ཆུངས་ན་མིག་ནད་ཀྱི་དཀྱེལ་སྐྱེས་ཏེ་མི་ཕན་ནོ། །མིག་ཏུ་སྤྲན་བླུགས་པ་ལས་མ་ཕོ་ན
་མིག་ནད་ཀྱི་དཀྱལ་སྐྱེས་ཏེ་སླར་ན་བར་འགྱུར་རོ། །མིག་སྨན་བསྐུ་ལེགས་པ་ནི་མང་པའི་ཡུལ་དང་སྲུབས་དང་རྩ་དང་ཁ་ན་དང་རྩའི་ནང་དང་མགོ་ཀུན་ཏུ་སྨན་གྱིས་ཁྱབ་ནས་མིག་གི་ནང་ཀུན་སེལ་བར་འགྱུར་རོ། །ཡང་མིག་སྨན་གྱིས་མིག་ཏུ་བསྐུ་བའི་དཔྱད་ནི
་སྔར་སྐྱུགས་སྨན་དང་བཀྲུ་སྨན་གྱིས་ནང་སྦྱངས་ལ་མིག་བཀྲུ་བའི་སྨན་ནི་མིག་ཡོག་པ་ཙམ་གྱི་ཆོད་ཀྱིས་ཚིག་ལ་བསྐུའོ། །དེ་ལྟར་བསྐུ་བའི་མིག་ནད་ཀྱི་དམིགས་ནི་མིག་ནང་རྙིང་བ་ལྟ་བུའི་བག་ཏུ་གྱུར་པ་ཅུང་ཟད་ཙམ་སྐྲངས་པ་དང། མིག་རབ་རིབ་ཏུ་གཡའ
་དག་མིག་འབྱར་བག་དང། མིག་གེ་གྲཝང་དུལ་མ་ཆགས་པ་དང། མིག་རབ་རིབ་དུ་རྩབ་པ་ཙམ་མ་ཡིན་པ་དང། མཆི་མ་ཟག་པ་དང། མིག་དམར་པོར་གྱུར་པ་དང་འདི་ལྟ་བུ་ནི་མིག་ནང་རྙིང་པར་གྱུར་པའི་རྟགས་ཡིན་ཏེ་འདི་ལྟ་བུ་ལ་སྨན་མིག་ཏུ་བསྐུས་ཤིག་།མིག་ནད
་མཁྲིས་པ་དང་བད་ཀན་དང་རླུང་ལས་མིག་ནད་དུ་གྱུར་པ་འདི་ལྟ་བུ་ལ་དམིགས་ཀྱི་བསྐུ་བའི་དཔྱད་རྣམ་པ་གསུམ་སྟེ། མིག་གི་ནད་ཕྱི་ཞིང་བསལ་བ་དང། མིག་ནད་རྨ་ལྟ་བུ་གསོ་བ་དང། མིག་གསལ་བར་མཐོང་བར་བྱའོ། །དེ་ལ་མིག་ནད་བསལ་ཞིང་ཕྱི་བའི་སྨན་གྱིས་བྱུགས
་པ་ནི་རོ་བསྐ་བ་དང། སྐྱུར་བ་དང་རྒྱམ་ཚ་དང་ན་ལེ་ཤམ་དང་འདི་རྣམས་སོ། །མིག་གི་རྨ་གསོ་བའི་སྨན་ནི་རོ་ཁ་བས་བསྐུའོ། །མིག་རྣོ་ཞིང་གསལ་བར་བྱ་བའི་སྨན་གྱིས་བསྐུའོ། །སྨན་བསྐུ་བའི་བུར་མའི་སྲིང་ནི་སོར་བཅུ་པ་དབུས་ནི་ཕྲ་བའི། །ཐུར་མའི་ཐོར་ཏོ་ནི་སྲི་ཤིང་གི་མེ་ཏོག་ཁ
་འབུས་པ་ལྟ་བུའོ། །མིག་ནད་བསལ་ཞིང་ཕྱི་བའི་བུར་མ་ནི་ཟངས་ལས་བརྡུངས་པ་ནི་བཟང་ངོ། མིག་གི་རྨ་གསོ་བའི་ཐུར་མ་ནི་ལྕགས་ནག་པོ་ལས་བརྡུངས་པའི་ཐུར་མ་དང་མཛུབ་མོས་ཕྱི་བ་བཟང་ངོ། །མིག་རྣོ་ཞིང་གསལ་བར་བྱ་བའི་ཐུར་མ་ནི་གསེར་དངུལ་ལས་བྱའོ། །ཡང་མིག་སྨན་སྐྱེར
་པཎྚ་ལྟ་བུའི་གཏར་བུ་ལྟ་བུ་དང། སྨན་དང་སྦྱར་བའི་ཟན་གྱི་ཆང་བུ་དང། སྨན་དང་སྦྲང་རྩིར་ཕྱིར་བ་ལྟ་བུའི་ལྡེ་གུ་དང། མིག་སྨན་ཕྱེ་མ་སྦྱར་བ་གསུམ་ཡོད་དོ། །དེ་ཡང་མིག་ནད་ལྕི་བ་དང་ཡང་བ་དང་ལྕི་བ་ཡང་མ་ཡིན་ཡང་བ་ཡང་མ་ཡིན་པ་འདི་རྣམ་པ་གསུམ་གྱི་ཚུལ་ལས
་དཔགས་ཏེ་སྨན་རིམ་པ་བཞིན་དུ་བཏང་ངོ། །སྨན་དེ་བཏང་བ་ནི་ནུབ་མོ་ཉལ་བའི་ཚེ་དང་མཚན་མོ་དང། ཉིན་གུང་དང་ཉིན་མཚན་འདི་རྣམས་ལྟ་བུ་ལ་སྨན་བཏང་དུ་མི་རུང་ངོ། །མིག་སྨན་བླུགས་སམ་བསྐུས་ནས་སླར་བསྐྲུ་བ་དྲགས་སམ། བཅིང་ན་མིག་ནད་ཀྱི་དཀྱེལ་སྐྱེ་བར
་འགྱུར་རོ། །དེ་བས་ན་སྨན་བཏང་བའི་དུས་ནི་ནད་པར་དང་ཕྱི་འཕྲད་ཀྱི་སྲིད་དང་ལ་ཡུལ་དྲང་བའི་ཆེ་འདི་ལྟ་བུའི་དུས་ལ་མིག་སྨན་གྱིས་རྟག་པར་བསྐུའོ། །སྨན་པ་ཁ་ཅིག་ན་རེ་སྨན་ཚ་བག་རྣོན་པོས་ནི་ཉིན་པར་མིག་བསྐུར་མི་རུང་ཞེས་ཟེར་རོ། །མིག་སྨན་བཏང་བས་མིག་གི་དྲི་མ་དང། མཆི
་མ་ཕལ་ཆེར་བྱུང་བས་མིག་བསྐུས་ཏེ། མིག་ལེགས་པར་ལྟ་བའི་མཐུ་ཆུངས་པས་འདི་ལྟ་བུའི་ཚེ་ཉི་མ་ལ་བལྟས་ན་མིག་ལ་གནོད་དེ་མི་རུང་ངོ། །ཡང་སྨན་པ་ཁ་ཅིག་ན་རེ་ཉིན་པར་ནི་ཉི་མའི་འོད་ཚ་བའི་དུས་ལ་?་པས་ཚ་བའི་ཚེ་སྨན
་བཏང་བ་ཡང་གནོད་དེ་མི་རུང་ངོ། །མཚན་མོ་ནི་ཟླ་བའི་དུས་ཏེ་བསིལ་བས་མིག་ལ་ཕན་ཏེ་དེ་བས་ན་ནུབ་མོ་ཉལ་ཀ་དང། མཚན་མོའི་དུས་སུ་མིག་སྨན་བཏང་ན་མིག་ལ་ཕན་ནོ། །ཇི་ལྟར་ཞེ་ན་མིག་ནི་མེའི་རང་བཞིན་ཡིན། མིག་སྨན་ནི་བསིལ་བ་དང་འཕྲོད་དོ་དཔྱད་འདི
་ལྟར་བྱས་ན་མིག་རྣོ་ཞིང་བསྟན་པར་འགྱུར་རོ། །གལ་ཏེ་བད་ཀན་རབ་ཏུ་སྐྱེས་སམ་མིག་ནད་བསལ་ཞིང་ཕྱི་བའི་དཔྱད་དགོས་པར་གྱུར་ན་འདིའི་ལྟ་བུའི་དཔྱད་ནི་ཉིན་པར་ཡང་རུང་སྟེ། ཡུལ་རབ་ཏུ་ཚ་བའི་དུས་ལ་བབ་ན་མིག་སྨན་རྣོན་པོས་མིག་བྱུག་པར་བྱའོ
་དཔེར་ན་ལྕགས་ནི་རྡོ་བ་ལས་འབྱུང་མོད་ཀྱིས་ལྕགས་པས་རྡོ་བ་དེ་ཉིད་རྣོ་སྟེ་རྡོ་བ་དེས་ལྕགས་ལ་གནོད་པར་བྱ་ནུས་སོ། །དེ་བཞིན་དུ་མིག་ཀྱང་མེའི་རང་བཞིན་ཡིན་པས་ན་མེ་ལྟ་བུ་ཆབ་རྣམས་མིག་ལ་གནོད་དེ་མི་རུང་ངོ། །ཡང་དགུན་ལྟ་བུ་ལྷག་པ་རབ་ཏུ་ཆེ་ན་མཚན
་མོ་ཡང་མིག་སྨན་ཆེ་བ་རྣོད་པོས་མིག་བསྐུས་ན་གནོད་དེ་མི་རུང་ངོ། །ཇི་ལྟར་ཞེ་ན་དགུན་ཧ་ཅང་ལྷགས་པ་ཆེ་བའི་ཚེ་ནི། མིག་སྨན་གྱིས་བསྐུས་ཀྱང་མིག་གི་ནང་མཆི་བར་དབྱུང་དུ་མི་རུང་ལ་མིག་འབྱེད་ཅིང་འཛུམ་མི་ཤེས་པ་ཧར་ཧར་པོར་འདུག་གམ་མིག
་གཡའ་ལ་མིག་གསལ་མི་རྣོ་བ་ལ་སོགས་པ་ཉེན་དུ་འགྱུར་རོ། །ཡང་སྨིག་སྨན་གྱིས་བྱུག་ཏུ་མི་རུང་བའི་དམིགས་ནི་སྐྲངས་པར་འགྱུར་བ་དང། སྒྱུག་སྨན་བཏང་བའམ། བཀྲུ་སྨན་བཏང་བ་ལ་ཁ་ཟས་མ་ཟེས་པ་དང། བཤང་གཅི་འོང་བར་གྱུར་པའི
་དུས་དང་ཁྲོ་སྟེ་རྔམ་པ་དང། རིམས་ནད་ཀྱིས་བཏབ་པ་དང། མིག་ནད་ཀྱིས་བཏབ་པ་དང། མིག་ཕྱིར་བྱུང་སྟེ་རློ་རློ་བོར་སོད་པ་དང། ཀླང་བ་ན་བ་དང། མྱ་ངན་གྱིས་བཏབ་པ་དང། མཚན་མེ་གཉིད་མ་ལོག་པར་གྱུར་པ་ལྟ་བུ་དང། ཉི་མ་མཐོང་བ་དང། མགོ་བོ
་བཀྲུས་པ་དང། སྨན་གྱི་དུང་པ་སྤུ་གུ་ནས་བརྡུབས་པ་དང། ཆང་འཐུང་འཐུང་བ་ལྟ་བུ་དང། ཁ་ཟས་མ་ཞུ་བ་དང། ཉི་ཚན་ནམ་མེ་ཚན་པོ་ཆེ་ལྟ་བུ་ལ་འདུག་པ་དང། ཉིན་པར་གཉིད་ལོག་པ་དང། སྐོམ་གྱིས་གདུངས་པ་དང། འདི་ལྟ་བུ་ལ་མིག་སྨན་བསྐུ་ཞིང་བྱུག
་ཏུ་མི་རུང་ངོ། མིག་སྨན་ཧ་ཅང་ཚ་ཞིང་རྣོ་བ་དང། ཧ་ཅང་འཇམ་པ་དང་ཧ་ཅང་ཐུན་ཆུང་སྟེ་ཉུང་བ་དང། ཐུན་ཧ་ཅང་ཆེ་སྟེ་མང་བ་དང། ཧ་ཅང་སླ་བ་དང། ཧ་ཅང་བསྐ་བ་དང། ཧ་ཅང་རྩུབ་པ་དང། ཧ་ཅང་གྲང་སྟེ་བསིལ་བ་དང། ཧ་ཅང་རོད་ཆེས་པར་བྱས་པའི་སྨན་འོད་ལྟ་བུའི
་བག་མག་ལ་བསྐུ་ཞིང་བཏང་དུ་མི་རུང་ངོ། །མིག་སྨན་བསྐུ་ཞིང་བྱུག་པའི་ཐབས་ནི་མིག་ཅུང་ཟད་ཕྱེ་ལ་སྨན་ཕྱེ་མ་ཐུར་མས་བཅུས་ཏེ་སྣ་དྲུང་གི་མིག་སྒོ་ནས་མིག་འགྲམ་ལོགས་སུ་དལ་གྱིས་བསྐུ་ཞིང་མིག་གི་མཆུའི་ནང་དུ་སྨན་གྱིས་བྱུགས་ཟིན་པ་དང། མིག་ཅུང
་བསྐུལ་ཞིང་བསྐྱོད་ན་མིག་སྨན་རྣོན་པོ་དེས་མིག་གི་ནང་དུ་སླེབ་ཅིང་ཁྱབ་པར་འགྱུར་རོ། །མིག་སྨན་གྱིས་བསྐུས་ནས་མིག་ཧ་ཅང་ཆེ་ཞིང་བཙམ་པ་འམ། མིག་བཙུམ་སྟེ་མིག་མཆུའི་པགས་པ་བསྡམ་ཞིང་གཟིར་བའི་ཐབས་སུ་བཙུམ་པ་འམ། མིག་ཆུས་བསྐུ་བའི་བག་འདི
་ལྟ་བུ་མ་བྱེད་ཅིག་།མིག་སྨན་གྱིས་བྱུགས་པ་ལས་བཀྲུ་བའི་དུས་ཚོད་ནི་མིག་ཏུ་སྨན་གྱིས་བྱུགས་ཤིང་བསྐུས་པའི་རྣམས་མིག་གི་ནང་དུ་སྨན་བསྐུས་པ་བག་ལ་ཞུ་སྟེ་ན་ཞིང་གནོད་པ་ཡང་མེད་དེ་བདེ་བ་དེའི་ཚེ་ནད་གཞི་ནད་དམིགས་དང་དུས་ཚིགས་ཀྱི་ཚུལ་དང
་སྦྱང་ལ་ཆུ་དྲོད་འཇམ་ཙམ་ཚ་གྲང་གང་རིག་པར་བཀྲུ་བར་གྱིས་ཤིག་།བཀྲུས་ནས་དར་འཇམ་པོས་ཕྱིའོ། །ཕྱི་བའི་ཐབས་ནི་ལག་པ་གཡས་ཀྱི་འཛུབ་མོ་དང་མཐེ་འོས་ཅི?་རན་དུ་ཕྱེ་ལ་ལག་པ་གཡོན་པས་གོས་འཇམ་པ་ཐོགས་ལ་ཕྱིས་ཤིག་།མིག་གཡས་གཡོན
་གཉིས་ཀ་ཡང་ཚུལ་དེ་ལྟར་བྱའོ། །མིག་གཡའའམ་རྟུལ་ཏེ་གསལ་བར་མི་མཐོང་བ་མིག་སྨན་ཚ་བ་རྣོན་པས་བསྐུས་ལ་དེའི་རྗེས་ལ་མིག་ཚ་བའི་གནོད་པར་མ་གྱུར་པར་བྱ་བའི་ཐབས་ནི་སྨན་བསིལ་བས་མིག་ལ་བསྐུ་ཞིང་བྱུགས་པར་གྱིས་ཤིག་།སྨན་གྱི་ཐིགས
་པ་མིག་ཏུ་བླུགས་པ་དང་སྨན་གྱིས་མིག་བསྐུ་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།མིག་བལྟ་བའི་ཆོ་ག་ཞུན་མར་མིག་ཏུ་བླུགས་པ་དང། སྨན་གྱི་ཕུར་མ་བསྲེག་ཅིང་བཙོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་པའི་ལེའུ
་ཉི་ཤུ་རྩ་བཞི་པ་བཤད་པར་བྱའོ། །མིག་འཛུམ་མི་ཤེས་ཏེ་ཧར་བག་དུ་གྱུར་པ་དང། མིག་སྐམ་བག་ཏུ་གྱུར་པ་དང། མིག་གི་ནང་རྩུབ་པོར་གྱུར་པ་དང། མིག་སྣང་བ་དང། མིག་རླུང་དང་མཁྲིས་པའི་ནད་དུ་གྱུར་བ་དང། མིག་ཞུམ་བག་ཏུ་གྱུར་པ་དང། མིག་གི་རྫི་མ
་བྱི་བ་དང། མིག་རབ་རིབ་ཁྱེར་ཏེ་སྔོན་མར་དུ་མཐོང་བ་དང། མིག་ལེགས་པར་འབྱེད་མི་ནུས་པ་དང། མིག་གི་རྩ་རྣམས་བརྩེ་བ་དང། མིག་མི་མཐོང་བ་དང། མིག་གི་སྤྲིན་ཁྲག་གིས་རྒྱས་ཏེ། མར་པོར་གྱུར་པ་དང། མིག་རྫི་པོར་ཅན་མཆི་མ་རབ་ཏུ་མང་བ་དང།
་རྫི་བོར་གྱི་དཀྱེ་ལ་སྐྱེས་པ་ལས་ཁ་ཟས་མི་འཕྲོད་པ་དང། གནོད་པའི་བག་བསྟེན་པ་ལས་གླད་པ་ན་ཞིང་མིག་གི་ཕྱེད་དང། མགོ་བའི་ཕྱེད་ན་ཏེ་དཀྲུགས་པ་སྙམ་བྱེད་པ་དང། མིག་ལིང་ཏོག་བྱུང་བས་རླུང་ནད་དུ་གྱུར་པ་དང། རླུང་ནད་ཀུན་དུ་འགྲོ་བའི་ནད་དང།
་མིག་ལིང་ཏོག་བྱུང་བ་དང། འདི་ལྟ་བུའི་མིག་ནད་ཀྱིས་བཏབ་པ་རྣམས་ལ་མིག་ནད་དམར་པོར་གྱུར་པ་དང། མིག་རྫི་བོར་ན་ཏེ་མཆི་མ་འཛག་པ་དང་མིག་ན་ཞིང་མིག་སྒོར་རྡུལ་མ་ཆགས་པ་ཅུང་ཟད་རྩེ་ཞིལ་ན། དེ་ལ་དཔྱད་དུ་བྱ་བ་ནི་སྔར་བཀྲུས་སྨན་དང་སྐྱུགས
་སྣ་ནས་བཏང་སྟེ། མགུལ་པ་ཡན་ཆད་སྟོང་ཀྱི་ནད་བཀྲུས་ཏེ་བསལ་ལ། རླུང་ནད་ཀྱི་དུས་དབྱར་ཟླ་ཐ་ཆུང་ལྟ་བུའི་འོ། །སྟོན་ཟླ་འབྲིང་པོ་ལ་མཁྲིས་པའི་ནད་ལྟར?་པའི་དུས་དང་བད་ཀན་ལྡང་བའི་དུས་དཔྱི་ཟླ་འབྲིང་པོའི་ངོལ་ཐོབ་སྟེ་དུས་འདི་དག་གི་ཚེ་སོ་སོའི་ནད
་དམིགས་ཀྱི་ཚུལ་དང་སྦྱར་བ་དེའི་ཚེ་གན་རྐྱལ་དུ་ཉལ་ཏེ་ནས་སྲན་མ་ཤ་བཏགས་ཏེ་སྦྲུས་བའི་ཆང་བུས་མིག་གིས་མཛའ་མར་སྐོར་ལ་འབད་སོར་གཉིས་ཙམ་དུ་མཐོབ་བསྟན་པོར་བྱས་ན་མིག་ནད་རླུང་ངམ་མ་བྲིས་པ་འམ། བད་ཀན་ཅི་ལས་གྱུར་པའི་དམིགས་པར
་སྦྱར་ཏེ་སྨན་མར་བཙོས་ལ་སྨན་མར་དེ་ལྟ་བུས་མིག་གི་ནང་དུ་བླུགས་ལ་ཁོང་ཞིག། མིག་ཏུ་མར་བླུགས་པ་དེ་ནི་མེ་ལ་མི་སྲོ?་ཆུ་ཚན་པོས་སྲོས་ཤིག་།ཡང་མཚན་མོ་མིག་གིས་མི་མཐོང་བ་དང། རླུང་ནད་ལས་གྱུར་ཏེ་མིག་རབ་རིབ་ཁྱེར་བ་དང་སྣང་མི་གསང་སྟེ
་ག?་དགའ་བ་འདི་ལྟ་བུ་ལ་ནི་ནང་གི་ལྟོ་ཚིལ་ལས་སྦྱར་བའི་སྨན་གོང་མའི་སྨན་མར་བཏང་བ་དང་འདྲ་བར་མིག་གི་རྫེ་མ་མན་ཆད་ནུབ་པར་བཀང་ལ། དེ་ནས་མིག་བསྐྱོད་ཅིང་དབྱེ་བ་དང་གཟུམས་པ་ཡང་བྱས་ལ་སེ་གོལ་གྱི་གྲངས་བགྲང་ཞིང་ཚོད་བཟུང་ཞིག་།ཚད་གཟུང
་བའི་དམིགས་ནི་མིག་མཆུའི་པགས་པ་ན་བ་ལ་ནི་གྲངས་བརྒྱའི་བར་དུ་ཞོག་ཅིག། མིག་འགྲམ་གཉིས་ནན་གྲངས་སུམ་བརྒྱའི་བར་དུ་བཞག་གོ་།མིག་སྤྲིན་ལ་ནད་ཡོད་ན་གྲངས་ལྔ་བརྒྱའི་བར་དུ་ཞོག་ཅིག། མིག་གི་འབྲས་བུ་ནག་པོ་ལ་ནད་ལོང་ན་གྲངས་བདུན་བརྒྱའི་བར་དུ་བཞག་གོ
་མིག་གི་འབྲས་བུ་ནག་པོའི་ནང་གི་འབྲས་བུ་ནག་གུ་མཐོང་བར་བྱེད་པ་ལ་ནད་ཡོད་ན་གྲངས་བརྒྱད་བརྒྱའི་བར་དུ་ཞོག་ཅིག་།མིག་གི་ཕྱེད་དང་ཀླད་པའི་གཞོགས་ཕྱེད་བཀྲུག་པ་སྙམ་དུ་བྱེད་ཅིང་ན་བ་ལ་གྲངས་སྟོང་གི་བར་དུ་བཞག་གོ། རླུང་ནད་ལས་གྱུར་པའི་མིག་ནད་ལ
་གྲངས་སྟོང་གི་བར་དུ་བཞག་གོ། མཁྲིས་པ་ལས་གྱུར་པའི་མིག་ནད་ལ་གྲངས་དྲུག་བརྒྱར་བཞག་གོ་།ན་བ་མེད་ཅིང་ཉམས་ཐ་མལ་པ་ཞིག་ལ་སྨན་བླུགས་ན་ཡང་གྲངས་དྲུག་བརྒྱར་བཞག་གོ། བད་ཀན་ལས་གྱུར་བའི་མིག་ནད་ལ་གྲངས་ལྔ་བརྒྱར་བཞག་གོ་།དེ་ནས་སོ་སོའི
་གྲངས་ཚང་བ་དང། ལྡན་པ་བྱོ་སྟེ་མིག་འགྲམ་ལོགས་སུ་བཟུང་སྟེ་སྨན་མར་དེ་གཟག་ཅིང་སྣོད་ཀྱིས་བཟེད་དོ། །དེའི་རྗེས་ལ་སྨན་གྱི་དུང་པ་སྤུ་གུ་ནས་ཁར་རྡུབས་ཤིག་།སྨན་དེ་ལྟར་བཏང་ནས་ནམ་མཁའ་ལ་མི་བལྟ། གཟུགས་འོད་ཅན་ལྷད་ལྷད་པོ་ལ་ལྟར་མི་རུང་ངོ།།
་རླུང་ནད་ལས་གྱུར་པའི་ནད་ལྟ་བུ་ནི་ཆོ་གའི་ཚུལ་འདི་འདྲ་བར་ཉིན་གཅིག་བཞིན་གྱིས་ཤིག་མཁྲིས་པ་ལས་གྱུར་པའི་མིག་ནང་ལ་ནི་སྨན་ཉིན་ཅིག་བླུགས་ལ་ཉིན་གཅིག་མི་བླུག་པར་བར་དུ་གཅོད་དོ། །བད་ཀན་ལས་གྱུར་པའི་མིག་ནད་དང་མིག་ན་བ་མེད་དེ། ཉམས
་ཐ་མལ་པ་ལ་གཏོང་བ་དང་འདྲ་སྟེ། སྨན་ཉིན་གཅིག་བཏང་བ་དེ་ཕན་ཆད་ཉི་མ་གཉིས་ཀྱི་བར་དུ་བཅད་དེ། མིག་བཏང་བར་བྱས་ལ་ཉི་མ་བཞི་ལོན་པ་དང་ཡང་བཏང་བར་སྦྱར་རོ། །མིག་ཏུ་མིག་སྨན་བླུགས་ཤིང་བཏང་བ་ལན་གྲངས་སུ་བཏང་ན་ཆོག་པའི
་ཚད་ནི་མིག་གིས་གསལ་བར་མཐོང་ཞིང་རྟགས་ནུས་ལ་མིག་ན་བ་མེད་ཅིང་མིག་གི་ནད་སྐྱོན་གྱི་དྲི་མེད་ཅིང་གསལ་བ། མིག་ཡང་བར་ནམ་གྱུར་གྱི་བར་དུ་སྨན་བཏང་བ་དེ་ལྟར་གྱུར་པའི་ཚེ་སྨན་བཏང་མི་དགོས་ཏེ་ཆོག་པའི་ཚད་ཡིན་ནོ། །དེ་ལྟར་མ་བྱུང་གྱི་བར་དུ
་ནི་སྨན་བཏང་བས་མི་ཆོག་པར་བལྟའོ། །མིག་ཏུ་སྨན་བཏང་ཞིང་བླུགས་པ་ཧ་ཅང་དྲགས་ན་ནི་བད་ཀན་གྱི་མིག་ནང་དུ་འགྱུར་རོ། །དེ་ལྟར་མིག་ཏུ་བླུགས་ཏེ་བཏང་བ་དེ་ཡང་དཔེར་ན་མར་འཐུངས་ན་ལུས་སྙོམས་ཤིང་ལྕི་བ་དེ་དང་འདྲ་སྟེ། མིག་དེ་ཡང་ཅུང་ཞིག་མི
་གསལ་བར་འགྱུར་རོ། །དེ་ལྟར་མིག་ན་བ་ལ་སྨན་མར་བླུགས་ཏེ་མིག་ཏུ་གདབ་པར་བྱ་བའི་ཆོ་ག་བྱས་པའི་རྗེས་ལ་མིག་གིས་མཐོང་བར་བྱ་བའི་ཆོ་ག་བྱ་དགོས་ཏེ། གོང་དུ་སྨེས་པའི་མིག་ནད་མིག་གི་གྲཝ་དང། མིག་གི་སྤྲིན་ལ་སོགས་པ་རྣམ་པ་ལྔ་ལྟ་བུ་ལ། སྨན
་གྱིས་ཆུས་མ་བཙོས་པའི་ཐིགས་པ་བཙོར་ཏེ་མིག་ཏུ་བླུགས་པར་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ལ་རླུང་ནད་ལས་གྱུར་པའི་མིག་ནད་ལ་ནི་མང་ལྟ་བུ་སྣུན་བག་ལ་སྨན་བཅོས་པའི་ཁུ་བ་ཐེར་ཞིག། རླུང་དང་བད་ཀན་དུ་བཅས་པའི་མིག་ནད་ལ་ནི་སྨན་ཚ་ཞིང
་རྣ་བ་ལས་སྦྱར་བས་མིག་ནད་སྲབ་ཅིང་སྦྱང་བ་བྱས་ན་ཕན་ནོ། །མིག་མཐོང་བའི་མཐུ་ཆུངས་པ་དང། མིག་ལ་རླུང་ནད་དང་མཁྲིས་པའི་ནད་ཡོད་པ་དང། ཁྲག་ནད་ཀྱིས་མིག་དམར་པོར་གྱུར་པ་དང། མིག་ན་བ་མེད་པའི་ཉམས་ཐ་མལ་བ་དང་འདི་རྣམས་འདྲ་སྟེ
་མིག་རྣ་ཞིང་གསལ་བར་བྱ་བའི་ཆོ་ག་བྱའོ། །དེ་ལ་སྨིག་སྨན་སྣུམ་བག་ལས་སྦྱར་བ་ནི་ཁུང་དང་ཕུག་ན་ཉལ་བ་སྦྲུལ་དང་གཅན་ཟན་རྣམས་དང། ཁྱི་ལ་སོགས་པ་དང། བྱ་ཁྲ་རྣམས་དང། ཡུལ་སེར་ཆེ་བའི་ཚིལ་དང། རྒང་དྲང་ལྟོ་ཆིལ་དང། ཤ་རྣམས་ནི་སྣུམ
་བག་ཏུ་སྦྱར་བའི་སྨན་ཡིན་ཏེ། འོ་མ་དང་སྦྱར་བ་ལ་སྨན་ཛི་བ་ནིའི་སྔར་གཏོགས་པའི་སྣ་བཅུ་ཡང་བརྡུངས་བཏགས་ལ་འདི་རྣམས་དང་ལྷན་ཅིག་སྦྱར་ཏེ་ཨེ་རཎྚའི་ལོ་མ་འམ་ཤིང་བཏིའི་འདབ་མ་འམ་པདྨའི་མཇམ་པོས་བཀྲིས་ཤིང་འབྱིན་བ་བསྐུས་ཏེ། ཤིང
་དེ་བ་དང། ལྕི་བའི་མེས་བསྲེགས་ལ་དེའི་ཁུ་བ་བཅིར་བའི་ཐིགས་པ་དྲོ་འཇམ་མིག་ཏུ་བླུགས་ཤིང་དགང་བ་ནི་གོང་དུ་མིག་བལྟ་བའི་སྨན་བཏང་བ་དང་འདྲ་སྟེ་ཐུར་མའི་ཐིགས་པ་བླུག་པ་ལ་གྲངས་ཉིས་བརྒྱ་འམ་སུམ་བརྒྱའི་བར་དུ་སྡོད་ཅིག་།འདི་ནི་སྣུམ
་བག་ཕུར་མའི་སྨན་དཔྱད་ཡིན་ནོ། །མིག་ནད་དང། སྲབ་ཅིང་སྦྱང་པའི་དཔྱད་ནི་རི་དགས་དང། བྱའི་མཆེར་པ་དང་ཤ་དང་ནོར་བུ་མུ་ཏིག་དང། ལྕགས་དང་ཟངས་ཀྱི་ཕྱེ་མ་དང། རྒྱམ་ཚ་དང། ལིག་བུ་མིག་དང། དུང་དང་རྒྱ་མཚོའི་དབུ་བ་དང། བབ་ལ་དང། འདི་རྣམས
་བཏགས་ཏེ་ཞོ་ག་ཆུ་དང་སྦྱར་ལ་གོང་མ་བཞིན་དུ་ཕུར་མར་བྱས་ཏེ་བཙོས་པའི་ཁུ་བ་བཅིར་ཏེ་མིག་ཏུ་བླུགས་ན་མིག་ནད་ཀྱི་སྐྱོན་སུབ་ཅིང་འབྱང་བར་འགྱུར་རོ། །མིག་རྣོ་ཞིང་གསལ་བར་བྱ་བའི་དཔྱད་ནི། རི་དགས་དང་བྱའི་མཆེར་བ་དང། རྐང་དང། ལྟོ་ཆིལ་དང། རྒྱུ
་མ་དང་སྙིང་དང། ཤ་དང་འདི་རྣམས་དང། སྨན་མངར་བག་དང་མར་དང། བུད་མེད་ཀྱི་ནུ་ཞེ་དང་སྦྱར་ཏེ། བཏགས་ལ་གོང་མ་བཞིན་དུ་བྱུག་པ་བྱས་ཏེ་དཀྲིས་ལ་བཅིངས་ཏེ་འཇིམ་པས་གཡོགས་ནས་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། ཁམ་ཕོར་གྱི་ཕྱི་རོལ
་ཚོས་བའི་ཚད་དུ་བསྲེགས་ལ་ཚོས་པ་དང་འབྱིན་བ་དང་ཕྱིར་ཤུན་པོར་ལ་སྨན་གྱི་ཁུ་བ་བཅིར་ཏེ་དྲོ་འཇམ་ཙམ་མིག་ཏུ་བླུགས་ལ་ཇི་ཙམ་དུ་བསྡད་པའི་ཡུན་ཀྱང་སེ་གོལ་གྱི་གྲངས་སྔ་མ་བཞིན་དུ་གཟུང་ངོ། །ཕུར་མ་བསྲེགས་པའི་དཔྱད་དེ་ལྟ་བུ་གང
་འབྱོར་ཀྱང་རུང་སྟེ་ཤ་དང་སྨན་ལྟ་བུ་སྣ་རེ་ཡང་སྲང་རེའི་ཐང་དུ་སྦྱར་བར་བྱའོ། །མིག་ནད་ཀྱི་སྐྱོན་བྱང་ཞིང་བསྲབ་པར་བྱ་བ་དང། རླུང་ནད་ལས་གྱུར་པའི་མིག་ནད་ལ་སྣུམ་བག་གི་སྨན་མིག་ཏུ་བླུགས་བ་ནི་སྔར་འཇམ་ཙམ་དུ་བྱས་ཏེ་བླུགས་ལ་ཕྱི་ནས
་བསིལ་བར་བླུགས་སོ། །སྨན་དེ་ཉིད་བཏང་རྗེས་ལ་དུད་པ་སྦུ་གུ་ནས་བརྡུབ་བར་གྱིས་ཤིག་།མིག་རྣོ་ཞིང་བསལ་བར་བྱ་བ་ལ་ནི་དུད་པ་བརྡུབ་མི་དགོས་སོ། །མིག་བལྟ་བའི་སྨན་དཔྱད་གོང་དུ་བཤད་པ་དང་འདྲ་བར་འདིར་ཡང་མིག་མཐོང་བའི
་སྟོབས་བསྐྱེད་བའི་ཆོ་ག་མི་ལྟ་བ་དང། ཕུར་མ་བསྲེག་ཅིང་བཅོ་བའི་དཔྱད་བྱ་བ་ཡང་དེ་དང་འདྲའོ། །སྨན་སྣ་ནས་བཏང་དུ་མི་རུང་བ་ལ་མིག་བལྟ་བ་དང་ཕུར་མ་བསྲེགས་པའི་དཔྱད་ཀྱང་བྱར་མི་རུང་ངོ། །ད་ལྟ་མིག་སྨན་འདི་ལྟ་བུ་བཏང་བའི་ཆ་སྨན་ཞག་གྲངས་སུ་བཏང་བ
་དེ་ལས་ཁ་ཟས་བསྡམས་པའི་ཆོ་གའི་གྲངས་ཀྱང་ཉིས་འགྱུར་དུ་བསྐྱེད་དེ་བསྡམས་ཤིག་།མིག་སྨན་དེ་ལྟ་བུ་བཏང་བའི་ཚེ་མེ་ཏོག་དྲི་ཞིམ་བོ་དང། སྤོས་དྲི་ཞིམ་པོ་ཉིན་མཚན་དུ་ལུས་དང་མགུལ་དུ་ཐོགས་ཤིག་དེ་ལྟ་བས་ན་མིག་མཐོང་བ་འདི་སྙམས་ཏེ་མ་རུང་བར་གྱུར་ན་དངོས་པོ་སྣ
་ཚོགས་དང། སེམས་ཅན་རྣམས་མུན་པ་དང། འདྲ་བར་ཚུལ་གཅིག་ཏུ་གྱུར་ནས་མཐོང་བ་མེད་ཀྱིས་དེའི་ཕྱིར་མིག་གི་མཐུ་བསྐྱེད་པའི་སྦྱད་སྣ་ནས་གཏང་བ་དང། སྨན་གྱིས་མིག་བསྐུ་བ་དང། སྨན་མར་གྱིས་མིག་ཏུ་བླུགས་ཏེ་བལྟ་བར་བྱ་བ་ལ་སོགས་པའི་དཔྱད
་ལ་ནན་ཏན་དང། བརྩོན་འགྲུས་ཆེར་གྱིས་ཤིག་།མིག་བལྟ་བའི་ཆོ་ག་ཞུན་མར་མིག་ཏུ་བླུགས་པ་དང། སྨན་གྱི་ཐུན་པོ་བསྲེག་ཅིང་བཅོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་པ་ལ་སོགས་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བཞི་པའོ།། །།གཞང
་འབྲུམ་ཁྲག་ཚད་ལ་ཐལ་སྨན་རྣོན་བོ་བཏང་བའི་དཔྱད་དང་མཚན་བར་རྡོལ་ལ་སྨན་བཏང་བའི་དཔྱད་དང་ཁོང་དུ་མཚོན་ལུས་བ་ལ་སོགས་པ་དྲང་པའི་དཔྱད་ཀྱི་ཆོ་ག་བཤད་པའི་ལེའུ་ཉི་ཤུ་ལྔ་པ་བཤད་པར་བྱའོ།། །།དཔྱད་རྣམ་པ་སྣ་ཚོགས་བཤད
་པར་བྱ་སྟེ། ནད་དམིགས་པ་སྣ་ཚོགས་ཀྱི་ཐེག་ཏུ་བབ་པར་ནང་དུ་བཏང་ལ་ནན་འདྲེན་པར་བྱེད་པའི་ཐབས་དེ་ནི་དཔྱད་ཅེས་བྱ་སྟེ། དེ་ལ་ཡང་གཞང་འབྲུམ་གྱི་ནད་དང་མཚན་མ་རྡོལ་བ་ལ་སོགས་པའི་ནད་ལ་ཐལ་རྣོན་པོ་མེ་དང་འདྲ་བ་བཏང་བའི་ཚེ་ནད་དམིགས
་བརྟག་ཅིང་དཔྱད་དང་སྨན་བཏང་བའི་དཔྱད་རྣམས་དང། སྨན་བཏང་བ་དེ་ལུས་ཀྱི་ཤ་གཞན་ལ་མི་གནོད་པའི་དཔྱད་དང། རྐྱལ་བུ་ནད་སྨན་མས་བཏང་བའི་ཆ་བྱེད་དང། བུམ་བུ་དང། བསྐུ་བ་དང། རྭ་དང་འཇམ་པ་པོ་ལ་སོགས་པའི་ཆ་བྱད་ཀྱི་ཚུལ་རྣམ་པ་དུམ་སྣ་ཚོགས
་བློས་རྣམ་པར་བརྟགས་ཏེ་མདོ་ཙམ་དུ་བསྟན་ཏེ། ཆ་བྱད་དེ་རྣམས་ཀྱི་རྩེ་མོ་བྱ་དང་སེང་གེ་དང་དོམ་དང་བྱ་རོག་དང་རི་དགས་ལ་སོགས་པའི་ཁ་མཚུལ་འདྲ་བར་ཆ་བྱད་བརྡུང་ཞིང་བྱས་ལ་མིང་ཡང་དེ་རྣམས་ལ་དགབ་སོ། །དཔྱད་ནི་ཕལ་ཆེར་ལྕགས་ལས་བརྡུངས་ཏེ་སྲིད
་སོར་བཅོ་བརྒྱད་ཡོད་པ་ལ་སོགས་པ་བྱའོ། །ཆ་བྱད་དེ་རྣམས་ཀྱང་སྐམ་པ་ལྟ་བུ་བྱས་ལ་གཉིས་ཀྱི་མགུལ་པའི་སྤྲེལ་མཚམས་ཀྱིས་གཟེར་བུ་སྲན་ཆུང་གི་དབྱིབས་དང་ཚད་ཙམ་གདབ་སྟེ། སྐམ་པའི་རྩ་བ་གཉིས་ནི་ལྕགས་ཀྱུ་ལྟར་ཡང་དགུག་པར་བྱ་སྟེ། དེའི་མིང
་ནི་བདེ་ལེགས་ཀྱི་ཆ་བྱད་ཞེས་བྱ་སྟེ། དཔྱད་དེས་ནི་རུས་པ་ལ་ཟུག་རྔུ་བརྟན་པར་ཟུག་པ་དེ་འབྱིན་པ་ལ་སྦྱར་རོ། །ཡང་སྐམ་པ་གོང་མ་དང་འདྲ་བ་གཉིས་བྱས་ལ་གཅིག་ནི་ལྷག་མ་ལྟར་ལྕགས་ཀྱི་གཟེར་བུས་གདབ། གཅིག་གི་གཟེར་ནི་རྩིག་པའི་གཟུངས་གདབ་སྟེ། དེ་ནི
་རྩེ་མོ་བསྐུལ་བར་བདེ་བའི་ཕྱིར་ཡིན་ནོ། །དེ་གཉིས་ཀྱི་སྲིད་དུ་སོར་བཅུ་དྲུག་བྱ་སྟེ་དེས་ནི་པགས་པ་དང། རྩ་དང་རྒྱུས་པ་དང་ཤ་ལས་ཟུག་རྔུ་ཟུག་པ་ལ་དཔྱད་དོ། །ཡང་སྐམ་པ་སྲིད་དུ་སོར་བཅུ་དྲུག་པ་བྱས་ལ་རྩེ་མོ་རྟ་སྦྲུལ་གྱི་མགོ་འདྲ་བ་བྱས་པ་འགྱེད་ཅིང་གཞུན་དུ་རུང
་བར་བྱས་ཏེ། དེས་ནི་ཟུག་རྔུ་ཕྲ་མོ་དང་མིག་ལ་ཟུ་རྡུ་ཕྲ་མ་ཟུག་པ་དང། རྫི་མ་མ་རུངས་པ་འབྱིན་པ་ལ་དཔྱད་དོ། །ཡང་སྐམ་པ་རྩ་བ་གདུ་བུ་ལྟ་བུ་ཟླུམ་པོ་ལ་རྩེ་མོ་ཤིན་ཏུ་ཕྲ་བར་བྱས་པ་དེ་ནི་དཔྱད་མི་རྩི་ཏྲི་ཞེས་བྱ་སྟེ། དེས་ནི་ཤའི་ནང་དུ་མཚོན་གཏིང་ཟུག་བ་དང། མིག་?་སྐྱེས་པ་འབྱིན
་པ་ལ་སྦྱར་རོ། །ཡང་ཉིས་ཁ་ལྟ་བུ་ཆ་བྱད་གཉིས་བྱ་སྟེ། དེ་ཡང་བྱའོ། །ལྷག་མ་ནི་གཞང་འབྲུམ་གྱི་ཆ་བྱད་བཞིན་དུ་བྱ་སྟེ། དེས་ན་སྣ་ནང་གི་འབྲུམ་བུ་དང། ཐོར་བུ་བཅད་པ་ལ་སྦྱར་རོ། །སྨན་པ་ནད་པའི་ཁ་དང་ལྐོག་མའི་ནང་དུ་དཔྱད་པ་ན་སྨན་པའི་མཛུབ་མོ་ས་འམ་ཤིང
་ལས་ནང་སྦུགས་སུ་བྱས་ཏེ། དེ་ཡང་དབྱིབས་པའི་ནུ་སོར་འདྲ་བ་སོར་བཞི་བར་བྱས་ཏེ། བུ་ག་གཉིས་པ་བྱས་ལ་སྨན་པའི་མཛུབ་མོ་བཅུག་སྟེ། གནན་དུ་བྱས་ལ་དེ་ནས་སྐུད་པ་གཉིས་ཀྱིས་བཏགས་ཏེ་འཁྲིག་མ་ལ་བརྗོད་ཅིང་བཅིང་ངོ། །མོ་མཚན་གྱི
་ནང་གི་ནད་བརྟག་པའི་ཆ་བྱད་ཐུར་མེ་བཞི་སྲིད་དུ་སོར་བཅུ་དྲུག་པ་བྱས་ཏ། གདུ་བུ་རན་པ་ཞིག་ཀྱང་བྱས་ལ་དེའི་ཕྱོགས་བཞི་ནས་ཐུར་མའི་དཀྱིལ་དམ་དུ་བཅིངས་ན། རྩེ་མོ་པདྨ་ཁ་འཛུམ་བ་ལྟར་འགྱུར་ཏེ་འཛུམ་ཕྱོགས་ཏེ་མོ་མཚན་གྱི་ནང་དུ་བཅུག་སྟེ་ནང་དུ་ཕྱིན་བ་དང། ཐུར
་མའི་རྩ་བ་བཞི་པོ་ཕྱི་རོལ་ན་ཡོད་པ་ལག་པས་བསྡམས་ཏེ་བཅངས་ན་ནང་གི་རྩེ་མོ་ཁ་གྱེད་པར་གྱུར་ཏེ་ཆ་བྱད་དེ་ནི་མོ་མཚན་གྱི་ནད་བལྟ་བ་ལ་སྦྱར་རོ། །ཡང་ཆ་བྱད་འཇམ་རྩི་སྦུ་གྲཝའི་དབྱིབས་འདྲ་བ་སྲིད་དུ་སོར་དྲུག་པར་བྱས་ལ་རྩེ་མོའི་བུ་ག་ནི་སུན་མ་ཤོད་བ་ཙམ་བྱ།
་རྩ་བ་ལྒང་པའི་ཕྱོགས་ཀྱི་བུ་ག་ནི་མཐེ་འོང་ཤོད་བ་ཙམ་དུ་བྱ་སྟེ། པགས་པ་འཇམ་པོའི་ནང་དུ་སྨན་ཁུ་བ་དང་བཀྲུ་བའི་ཆུ་དང་སྣུམ་དང་བཅས་པ་བཅུག་སྟེ། གག་པར་རྩ་བར་བཅིངས་ལ་འཇམ་རྩི་བབ?་སུ་བཏང་བ་དེ་ནི་རྣ་བུག་འཆོས་ཤིང་འཁྱམས་པ་དང། རྨ་དག་པའི་ཕྱིར
་བཀྲུ་བ་ལ་སོགས་པའི་ཆ་བྱད་དུ་སྦྱར་རོ། །ཡང་ཆ་བྱད་འོ་མ་ལ་སོགས་པའི་སྦུ་གུ་འམ། རྨ་བྱ་ལ་སོགས་པའི་སྒྲོ་རྩའི་སྦུ་གུ་གོང་མ་གཉིས་ཀ་ནས་ཁ་ཡོད་པ་འདི་ནི་དམུ་ཆུ་དབྱུང་ཞིང་ཟག་པའི་ཆེད་དུ་དཔྱད་དོ། །ཡང་དུ་བརྡུབ་པ་དང། མས་བཏང་བ་ལ་སོགས་པའི་ཆ་བྱད་རྣམས
་ནི་རང་རང་གི་ནང་གསོ་བ་ལས་བལྟོས་ཤིག་།དེ་ལས་རྔབས་རུ་ནི་དམའ་ལ་གདབ་ཕྱོགས་ཀྱི་ཁའི་ནང་ནི་སོར་གསུམ་ལ་སྲིད་དུ་སོར་བཅུ་འམ་བརྒྱད་ཡོད་པ། གཞིབ་པའི་བུ་ག་ནི་ཡུངས་ཀར་གྱི་འབྲུ་ཤོད་བ་ཙམ་བྱས་ཏེ། བུ་ག་དེའི་ཕྱི་ཁྱོན་ནི་ནུ་སོར་གྱི་ཚད་ཙམ་དུ་བྱས་ཏེ། རའི
་ཕྱི་རོལ་ནས་པགས་པ་སྲབ་མོས་ལེགས་པར་གཡོག་པར་བྱ་སྟེ། དེ་ནི་རྔབས་རུའི?་ཚུད་བསྟན་པའོ། །དེ་ལ་ཆ་དཔྱད་བསྐུ་བ་ནི་སྲིད་དུ་སོར་བཅུ་གཉིས་ལ་ཁྱུད་འཁོར་དུ་ནི་སོར་བཅོ་བརྒྱད་པ་ལ་དེའི་ཁ་ནི་ཟླམ་པོ་ཞེང་དུ་སོར་གསུམ་འམ། བཞི་བ་བྱས་ཏེ་དེའི་ནང་དུ་རྩཝ་ཀུ
་ཤ་འམ་རས་བལ་ལམ་།གྲོ་ག་གང་ཡང་རུང་བ་བསྲེགས་པའི་དུད་བས་བཀད་ལ་དུ་བས་གང་མ་ཐག་ཏུ་དབྱུང་ལོང་མེད་པར་ཡན་ལག་གང་ན་བར་ཁ་སྦུབ་སྟེ། དུ་བ་དང་བཅས་པར་བཞག་ན་བད་ཀན་དང་ཁྲག་ནད་མང་དུ་འདྲེན་པར་བྱེད་དེ། །དེ་བཞིན་དུ་བུམ་པ་ཡང་སྲིད་དུ་སོར་བཅུ
་ཡོད་པར་བྱས་བ་དེ་ནི་ཉ་མགོ་ལྟ་བུའི་ཆ་བྱད་ཞེས་བྱ་སྟེ། འདི་རྣ་བའི་ནང་དུ་མཚོན་ཟུག་བ་དབྱུང་བར་དཔྱད་དོ། །དེ་ལ་སྤུ་བུའི་ཆ་བྱད་ནི་ནང་ཁོང་སྟོང་བུ་གུ་ཅན་རྩེ་མོ་གཅིག་གམ་ཡང་ན་དུ་མར་བྱས་ཏེ། ཇི་སྲིད་ཙམ་པར་ཁྱུང་འཁོར་བར་ཡང་དེ་ཙམ་དུ་བྱས་ཏེ། དེ་ནི་བུ་ག་རྣམས་ཀྱི་ནད
་ནང་དུ་ཟུག་རྔུ་ཟུག་ཅིང་ཞུགས་པ་དང། ནང་ན་ནད་ཡོད་པ་རྣམས་བལྟ་ཞིང་ནད་ན་ཡོད་པའི་མཚོན་དང་མེ་དང་ཐབ་སྨན་གྱི་ལས་རྣམས་ཀྱང་ཆ་བྱད་འདི་འདོད་པ་ཡིན་ནོ། །དེས་ནི་བུ་གའི་འཛག་པ་འགགས་པ་ལ་ཡང་སྦྱར་རོ། །ཡང་ཆ་བྱད་སྲིད་དུ་སོར་བཅུ་བའི་ཐུར་མ་བཞི་བྱས་ལ་ཡུ
་བ་གཅིག་པར་བྱས་ཏེ། རྩེ་མོ་བཞི་ལ་གདུ་བུ་ལྟ་བུས་སྤྱི་མདུད་དུ་བྱས་ཏེ། ཞེར་དུ་ཁྱུད་པར་སོར་ལྔས་འཁོར་བར་བྱས་བ་ནི་ཁ་ལྔ་བ་ཞེས་བྱ་སྟེ། ཆ་བྱད་དེ་ནི་གྲེ་བ་དང་མགྲིན་པའི་ཟུག་རྔུ་ཚེར་མ་དང་གྲ་མལ་སོགས་པའི་ཟུག་རྔུ་བལྟ་བ་དང་འབྱིན་པ་ལ་སྦྱར་རོ། །ཆ་དཔྱད་སྲིད་དང
་ཞེང་གི་ཚད་གོང་མ་ནད་མཉམ་པ་ལ་འདིར་ཐུར་མ་གཉིས་པ་རྩེ་མོ་གདུ་བུས་བསྐོར་བ་དབྱིབས་གོང་མ་དང་འདྲ་བར་བྱས་ཏེ། འདིས་ཀྱང་མགྲིན་པའི་ཟུག་རྔུ་རུས་ཚལ་ལ་སོགས་པ་བལྟ་བར་བྱའོ། །དེ་བཞིན་དུ་ཆ་བྱད་ཁ་ཅིག་བ་འམ་ཁ་མང་དུ་རུང་སྟེ། ནང་སྟོང་པ་སྦུབས་ཅན་བྱས
་བས་མགུལ་བའི་ཟུག་རྔུ་བལྟ་བར་བྱའོ། །ཡང་ཆ་བྱད་རྩེ་མོ་པདྨའི་སྙིང་པོ་འདྲ་བའི་སྲིད་སོར་བཅུ་གཉིས་ཡོད་པར་བྱས་ལ། རྩེ་མོ་ཕྱོགས་བཞི་ཆ་ཁོང་སྟོང་དུ་བྱས་བ་དེས་ནི་རྡུ་མི་འགུལ་བ་དེ་ལ་ཕུལ་ཞིང་འབྱིན་པ་ཡིན་ནོ། །གཞན་ཡང་ཆ་བྱད་རྒུན་འབྱ་འགྲོ་རྟན་ཞེས་བྱ་བའི
་དབྱིབས་འདྲ་བ་སྲིད་དུ་སོར་བཞི་ཞེང་དུ་ཁྱུད་པ་སོར་ལྔ་བ་བྱའོ། །བུད་མེད་ལ་ནི་ཁྱུད་པ་སོར་དྲུག་པ་བྱས་ཏེ། དེ་གཉིས་ཀྱང་ནང་ཁོང་སྟོང་སྦུབས་ཅན་ལ་སྦུ་དུ་གཉིས་པ་བྱའོ། །དེས་ནི་གཞང་འབྲུམ་གྱི་ནད་བལྟ་བར་བྱའོ། །ཡང་ཆ་བྱད་སཕུ་བས་ཅན་སྲིད་དུ་སོར་གསུམ་པ་ནང་གི
་སྦུབས་སྟོང་བས་མཐེ་བོང་ཤོང་ཙམ་བྱས་ཏེ། དེ་ཡང་ནང་དུ་བཅུག་པའི་རྩེ་མོ་སོར་ཕྱེད་དང་ཕྱིར་ལུ་བའི་རྒྱུས་སོར་ཕྱེད་པའི་པདྨའི་སྙིང་པོ་ལྟ་བུའོ། །ཆ་བྱད་ནད་ཁོང་སྟོང་ལ་གཡས་གཡོན་ནས་བུ་ག་མེད་པར་ཁར་དཀྲོལ་ལྟ་བུར་བྱས་བས་ནི་གཞང་འབྲུམ་མནན
་ཅིང་བཙིར་བ་ལ་སྦྱར་རོ། །མཚན་མར་རྡོལ་པའི་ནད་ནི་པདྨའི་སྙིང་པོ་ལྟ་བུའི་ནང་རྨའི་ཐན་འཁོར་དང་སྟེང་དུ་རྨའི་བུ་ག་མང་དུ་བྱུང་བ་ལ་ནི་རྣམ་པ་ཐམས་ཅད་དུ་ཁར་དཀྲོལ་ལྟ་བུའི་ཆ་བྱད་ཀྱིས་དབྱུང་ཞིང་ཞི་བར་བྱ་བ་མ་གཏོགས་པ་གཞན་གྱིས་ནི་མི་ནུས་སོ། །ཡང་ཆ་བྱད་སྦུབས་ཅན
་བུ་ག་གཅིག་པ་སྲིད་དུ་སོར་གཉིས་ཞེང་ཁྱུད་པར་མཛུབ་མོའི་ཚད་ཙམ་གཉིས་པ་ཞེང་དུ་འཁོར་བར་སོར་བཅོ་བརྒྱད་པ་ཁ་ཟླུམ་པོ་སོར་གསུམ་འམ་སོར་བཞིར་བྱས་ཏེ། གོང་མའི་རས་བལ་ལ་སོགས་པའི་དུས་བས་བཀད་ལ་གར་ན་བར་གླན་ན་ཕན་ཡོན་གོང་མའི་སྟེང་དུ་སྐྲན་འཇུ་བར་བྱེད་དོ།།
་མཚོན་གྱི་ལས་ཀྱི་ཆ་བྱད་སྣ་ཚོགས་པའི་ཚུལ་དེ་ཡང་ཚང་ཇི་ལྟར་རིགས་པ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ཆ་བྱད་དེ་རྣམས་ལ་རྨ་ཚོལ་ནི་གཉིས་བྱ་སྟེ། དེ་ཡང་སྲིན་བུ་གན་རྒྱ་བ་དེའི་དབྱིབས་ལྟ་བུར་བྱའོ། །ཡང་ཆ་བྱད་སྲན་མ་ཆུང་ངུའི་ལོ་མ་ལྟ་བུའི་སོ་ཡོད་པ་གཉིས
་བྱ་སྟེ་དེ་ཡང་གཅིག་གི་སྲིད་ནི་སོར་བརྒྱད་པར་བྱ། །ཅིག་ཤོས་ནི་སོར་དགུ་པར་བྱ་སྟེ། འདིས་ནི་བུ་གའི་ནང་དུ་ཟུག་རྔུ་ཟུག་པ་གཟུང་ཞིང་བསལ་བར་བྱའོ། །དེ་ལ་ཡང་དབྱེ་བ་རྣམ་པ་དྲུག་སྟེ་ཕུར་མ་ལྟ་བུའི་ཆ་བྱད་སྲིད་དུ་སོར་བཅུ་དྲུག་པ་དང། སོར་བཅུ་གཉིས་པ་དང།
་གཉིས་བྱའོ། །སྤྲུལ་གྱི་ཁ་ལྟ་བུ་ཐལ་སྨན་བཏང་བའི་ཆ་བྱད་སྲིད་དུ་སོར་བཅུ་གཉིས་པ་དང་སོར་བཅུ་པ་གཉིས་བྱའོ། །ཡང་མངའ་ལྟོང?་འདྲ་བའི་ཆ་བྱད་གཉིས་བྱ་སྟེ། གཅིག་གི་སྲིད་སོར་བཅུ་གཉིས་པ་དང། གཅིག་གི་སྲིད་སོར་བཅུ་བར་བྱ་སྟེ། ཆ་བྱད་དེ་གཉིས་ཀྱིས་ནི་ཟུག
་རྔུ་བསྐུལ་ཞིང་བསྐྱོད་བར་བྱའོ། །ཡང་ཆ་བྱད་ཕུར་བ་གཉིས་བྱ་སྟེ། དེ་ཡང་རྩེ་མོ་ལྕགས་ཀྱུ་གུག་བྱས་པ་དེས་ནི་ཟུག་རྔུ་དྲང་ཞིང་འབྱིན་པ་ལ་སྦྱར་རོ། །ཡང་ཕུར་བུ་སྲིད་དུ་སོར་བརྒྱད་བ་རྩེ་མོ་གུག་པ་དེ་ནི་མངལ་གྱི་ཆ་བྱད་ཀྱི་ཕུར་བུ་ཞེས་བྱ་སྟེ། དེས་ནི་བུམ་དལ་ནང་དུ་ཤི
་བ་དྲང་ཞིང་འབྱིན་པར་བྱེད་དོ། །ཡང་ཆ་བྱད་སྤྲུལ་གྱི་མགོ་བོ་གདེངས་པ་བཞིན་དུ་རྩེ་མོ་གུག་པར་བྱས་བ་འདིས་ནི་རྡེའུ་འབྱིན་པར་བྱེད་དོ། །ཡང་ཆ་བྱད་མངའ་ལྟོར་ལྟ་བུའི་སོ་སྤོམ་ཞི་བ་རྩེ་མོ་ཟླུམ་པ་སྲིང་སོར་བཞི་པ་བྱས་པ་དེས་ནི་སོ་དྲང་ཞིང་དབྱུང་བར་བྱའོ། །ཡང་ཆ་བྱད་དྲུག
་བྱས་པ་དེའི་རྩེ་མོ་ཀུན་རས་བལ་གྱིས་དཀྲིས་ཏེ་ལས་ཀྱང་སྲིད་དུ་སོར་བཞི་དང་བཅུ་གཉིས་པར་བྱས་པ་འཇམ་པ་གཉིས་ཀྱིས་ནི་གཞང་གི་ནང་དུ་ནད་ཉེ་རིང་གང་ན་ཡོད་ཀྱང་རུང་སྟེ། ཐལ་སྨན་དང་སྣགས་པ་ལ་སྦྱར་ཞིང་བསལ་བའི་ལས་བྱའོ། །ཡང་སྲིད་དུ་སོར་དྲུག་པ
་དང། བདུན་པར་བྱས་པ་གཉིས་ཀྱིས་སྣའི་ནང་དུ་སྣགས་པ་དང་ཐལ་སྨན་གྱི་ལས་དང། སྦྱར་བ་ལ་སྦྱར་རོ། །ཡང་ཆ་བྱད་སྲིད་དུ་སོར་བརྒྱད་པ་དང། སོར་དགུ་པ་གཉིས་ཀྱིས་ནི་རྣ་བའི་ནད་སྣགས་པ་དང། ཐལ་སྨན་གྱི་ལས་དང། སྦྱར་བ་ལ་སྦྱར་རོ། །ཡང་ཆ་བྱད་ཨ་ཤྭ་ཏྠའི་ལོ
་མའི་རྩེ་མོ་ལྟ་བུ་འམ་བླུགས་གཟར་གྱི་ཁ་ལྟ་བུའི་ཆ་བྱད་དེས་ནི་རྣ་སྤབས་དང། དྲི་མ་སྤྱང་ཞིང་བསལ་བ་ལ་སྦྱར་རོ། །ཡང་ཆ་བྱད་སོར་རེ་བ་གསུམ་བྱ་སྟེ། དེས་ནི་རྨའི?་ཐན་འཁོར་འཛམ་བུ་ལྟར་དམར་བ་ལ་བཙག་པ་དང། ཐལ?་སྨན་དང། མེའི་ལས་རེ་རེ་ལ་སྦྱར་རོ། །ཡང་ཆ་བྱད
་ཁར་བ་ལྟ་བུའི་དབྱིབས་ལ་རྩེ་མོ་དང་དབུས་ཟླུམ་པོ་རྩ་བ་ཕྱེད་པ་ལྟར་བྱས་པ་དེས་ནི་མིག་གི་མཛེར་དང། རྒྱུ་མ་སྤོམ་པོ་དང་ཕྲ་མོ་ལ་རྨ་བྱུང་བ་ལ་སྦྱར་རོ། །རྒྱ་ཤུག་གི་ཚིག་བུ་ཕྱེད་བཀས་ལྟ་བུ་ལ་སོ་དང་བཅས་པའི་ཆ་བྱད་ཀྱིས་ནི་སྣའི་ཐོར་བུ་དང་འབྲུམ་བུ་བཅད་བར་བྱའོ
་ཡང་ཆ་བྱད་སྲིད་དུ་སོར་བརྒྱད་པ། རྒྱབ་སྒུར་ཞིང་སོར་ཅུང་ཟད་གུག་པ་གསུམ་བྱས་ཏེ། དེའི་སོ་ཡང་མཐེའུ་ཆུང་དང་གུད་མོའི་སེན་མོ་ལྟ་བུའི་སོ་བྱས་པ་དེས་ནི་ཐལ་སྨན་དང། སྨན་གྱི་བྱུག་བ་དང། བསྐུ་བ་ལ་སོགས་པ་ལ་སྦྱར་རོ། །ཕོ་མཚན་དང་མིག་སྨན་ལ་སོགས་པའི་ཆ་
་བྱད་ནི་རང་རང་གི་ལེའུ་ལས་བསྟན་པ་ཡིན་ནོ། །དེ་ལ་ཉེ་བའི་ཆ་བྱད་ཅེས་བྱ་བ་རྡོ་ཁབ་ལེན་དང། རྩཝ་མུཉྫ་ལ་སོགས་པའི་ཐིགས་བ་དང། རས་དང་རྡོ་དང་ཐོ་བ་དང་པགས་བ་དང་སྲོག་ཆགས་ཀྱི་རྒྱུ་མ་དང་ལྕེ་དང་རྟ་རྔ་དང་ཤིང་གི་ཡལ་ག་དང། སེན་མོ་དང། སོ་དང། ཉེ་བའི་དཔྱད
་དེ་དག་གས་ཀྱང། ཕྱི་ནང་དང། སྨིན་མ་སྨིན་དང་དུས་དང། ཡུད་ཙམ་ལ་སོགས་པའི་ཉེ་རིང་དང། སྙིང་སྟོབས་དང་ལྡན་བའི་ནང་པ་དག་ལ་ཐབས་ཀྱི་བྱེ་བྲག་དང། སྦྱོར་བ་ལ་མཁས་པའི་སྨན་བས་ནད་ཀྱི་བྱེ་བྲག་ལ་ཇི་ལྟར་འོས
་ཤིང་རིགས་པར་སྦྱར་ཞིང་དཔྱད་བྱའོ། །ཆ་བྱད་ཀྱི་ལས་ཀྱང་བརྡུང་བ་དང། བསྲུབ་པ་དང་དགང་བ་དང། རྒྱུན་སྲང་ངག་བར་བྱ་བ་དང་ཐལ་སྨན་ལ་སོགས་པ་དང། མཚོན་དབྱུང་བ་དང། བཅིང་བ་དང། བཙིར་བ་དང། གཞིབ་པ་དང། སྨད་པ་དང། བསྟོད་བ་དང། རྨ་བཙལ་བ་དང།
་དྲང་པོར་བྱ་བ་དང། དེ་དག་གི་གོང་དུ་བསྟན་པའི་ཆ་བྱད་ཀྱི་ལས་མདོར་བསྡུས་པ་ཡིན་ནོ། །བྱ་གངྒའི་མཆུ་ལྟ་བུའི་ཆ་བྱད་ནི་ཆ་བྱད་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཡིན་ཏེ། ཡན་ལག་དང་ལུས་དང། གནས་གང་དུ་ཡང་ནད་མེད་ཅིང་འཇུག་བར་བྱེད་པ་དང། ལེགས
་བར་ཟུག་རྔུ་འབྱིན་ཅིང་འཛིན་པར་བྱེད་པ་ཡིན་ནོ། །གཞང་འབྲུམ་ཁྲག་ཚད་ལས་ཐལ་སྨན་རྣོན་པོ་བཏང་བའི་དཔྱད་དང། མཚན་པར་རྡོལ་པ་ལ་སྨན་བཏང་བའི་དཔྱད་དང། ཁོང་དུ་མཚོན་ལུས་པ་ལ་སོགས་པའི་དྲང་བའི་དཔྱད་ཀྱི་ཆོ་གའི་ལེའུ་ཉི་ཤུ་ལྔ་པ་རྫོགས
་སོ།། །།གཏར་དཔྱད་རྣམ་པ་སྣ་ཚོགས་བཤད་པའི་ལེའུ་ཉི་ཤུ་རྩ་དྲུག་པ་བཤད་པར་བྱའོ། །གཏར་དཔྱད་ནི་ཉི་ཤུ་རྩ་དྲུག་ཡོད་དེ། མགར་བ་མཁས་པས་དཔྱད་བཞིན་དུ་བརྡུངས་ལ། རྣོ་ཁྱད་ནི་བུ་ཆོད་པ། གཏར་དཔྱད་ཀྱི་ཚད་ནི་ཕལ་ཆེར་སོར་དྲུག
་བ་ཤ་སྟག་བྱས་ལ། ཚུལ་ལེགས་ཤིང་དར་གདགས་ལེགས་པ་ཡུ་བ་གཟུང་བདེ་བ་དེ་ལྟ་བུར་བྱའོ། །སོ་ལ་མཐོ་དམན་གྱི་ཡ་ཡོ་མེད་ཅིང་ལྕགས་ཁོང་དུ་མཁྲེགས་ཤིང་ཐར་ལེགས་པ་རབ་ཏུ་རྣོ་བར་བྱས་པ་མདོག་འཇམ་ཁྱད་མེ་ཏོག་ཨུཏཔ་ལ
་དང་འདྲ་བ་དེ་དག་གི་མིང་ཡང་མིང་ཉིད་དང་འདྲ་བར་ཆ་བྱད་ཀྱི་ཚུལ་གཟུགས་དེ་དང་འདྲ་བར་བྱའོ། །གཏར་དཔྱད་སྣ་ཚོགས་ཀྱི་ཡུ་བ་མ་གཏོགས་པར་འབྲས་ཀྱི་ཚད་ནི་སོར་ཕྱེད་དང་བཞི་པར་བྱའོ། །གཏར་དཔྱད་ཀྱི་འབྲས་ཀྱི་ཚད་ཕལ་ཆེར་སོར་གཉིས་པ་དང
་སོར་གསུམ་པར་བྱའོ། །དེ་དག་གི་སོ་སོའི་དབྱིབས་ཀྱི་བྱེ་བྲག་ནི་རྩེ་མོའི་དབྱིབས་དཀྱིལ་འཁོར་འདྲ་ལ་སོ་ནི་འཛུབ་མོའི་སེན་མོའི་ཁའི་དབྱིབས་འདྲ་བར་བྱའོ། །འདིས་ནི་བཞར་ཅིང་གཅོད་པར་བྱེད་དེ། མིག་གི་མཆུའི་ཤ་དང། རྙིལ་སྐྱེས་པ་དང། རྙིལ་སྐྲངས་པ
་དང། ཁ་དང་གྲེ་བར་ཤ་ལྷག་སྐྱེས་པ་དང། ལྕེའུ་ཆུང་བཅད་བ་དང། ཤ་ལྷག་དང་ཤ་སྨན་བཞར་བའོ། །འཕེལ་བཙགས་ཞེས་བྱ་བའི་དབྱིབས་ནི་སྤུ་གྲི་འདྲ་སྟེ། དེས་ནི་གཅོད་པ་དང་དྲལ་བ་དང་བཏོལ་བར་བྱའོ། །བཙགས་རྩེ་དྲང་པོ་ཞེས་བྱ་བ་ནི་འོར་ནད་དང
་སྐྲངས་པ་ལ་གདབ་བོ། །སྐྲངས་པའི་རྔམས་སྟུག་ན་ནི་བཙགས་བུ་དེ་ལས་གཞན་དུ་བསྒྱུར་རོ། །བཙགས་བུ་རྩེ་གུག་ཅེས་བྱ་བ་ལྷག་པ་ནི་རིང། སོ་ནི་ཐུང་སྟེ་ནད་ནི་ཚུལ་ཅི་འདྲ་ལས་བྱའོ། །བཙགས་བུ་དབྱིབས་མེ་ཏོག་ཨུཏཔ་ལ་འདྲ་བ། སོའི་སྲིད་ལ་སོར་གཉིས
་ཡོད་པ་འདིས་དྲལ་བ་དང་བཅད་བར་བྱའོ། །བཙགས་བུ་ཁ་སྦྲག་སྤྲུལ་གྱི་ཁ་ལྟར་འདུག་པ། སོ་ཉི་ཚེ་ལས་སོར་གཉིས་འདུག་པ་འདི་ནི། སྣ་དང་རྣ་བ་ལ་ཐར་བུ་བྱུང་བ་དང། གཞང་འབྲུམ་བཅད་པའོ། །ནད་དམིགས་བཙལ་བའི་ཆ་བྱད་རྟ་བླ་བའི་མགོ་བ་འདྲ་བར
་བྱས་པ་དེས་ནི་བཅལ་ཅིང་དྲལ་བའི་སྔ་རོལ་དུ་བརྟག་པར་བྱའོ། །གཞན་ཡང་ཁབ་རྩེ་ཞེས་བྱ་བ་ཞིག་ཡོད་པ། ཡུ་བ་དུག་སྟེ་ཐགས་གཟུངས་བཏགས་ལ་འདིས་ནི་དྲལ་བར་བྱའོ། །སྟར་བུའི་ལོ་མ་འདྲ་བའི་བཙགས་བུས་ནི་དབུག་པར་བྱའོ། །ཁྲག་གཟག་བར་བྱ
་བ་མདའི་བུ་གའི་ཁ་འདྲ་བ་གསུམ་དུ་བྱས་བ་དང། འཇག་མ་ཀུ་ཤ་དང། རྩཝ་ཨ་ཊའི་རྩེ་མོ་འདྲ་བར་བྱས་པ་འབྲས་གཉིས་ཀ་ལ་སོར་གཉིས་ཡོད་པ་ནི་ཕོ་མཚན་གྱི་ནད་ལ་གདབ་བོ། །བཙགས་བུའི་འབྲས་ཟླ་བ་ཁམ་པ་འདྲ་བར་བྱས་བ་སོ་ནང་དུ་ལྟར།
་བཙགས་བུའི་ནང་གི་འབྲས་ཀྱི་སོ་ལ་སོར་ཕྱེད་ཡོད་པ་འདིས་ནི་རྣ་བ་ན་བ་དབུག་པ་དང། འོར་དུ་སྐྲངས་པ་སྨིན་པ་དང། མ་སྨིན་པ་གཉིས་ཀ་ལ། གདབ་པར་བྱའོ། །རྩ་དང་ལྟོ་བ་ལ་བདག་པའི་བཙགས་བུའི་དབྱིབས་རྩེ་འབྲས་འདྲ་བ། མོའི?་འབྲས་ལ
་སོར་ཕྱེད་དང་གཉིས་ཡོད་པ་དེས་གདབ་བོ། །འཕྲལ་རྩ་རུས་པའི་སྟེང་ན་སྦོམ་པོ་སྣང་བ་ལ་གདབ་པའི་བཙགས་བུ་སྟ་རེ་བ་ལང་གི་འདུན་སོ་འདྲ་བར་བྱས་པ་དེས་ཡུ་བ་གྱེན་དུ་སྟན་ལ། འཕྲལ་རྩར་བ་མ་ཏོལ་གྱིས་གདབ་བོ། །མོ་མཚན་མ
་རུངས་པར་གྱུར་བ་ལ་ཟངས་མའི་ཐུར་མ་ཡ་ཐོག་མ་ཐོག་གི་ཐོར་ཏོའི་དབྱིབས་མེ་ཏོག་ཁ་འབུས་པ་འདྲ་བར་བྱས་བ་དེས། ཕོ་མཚན་གྱི་བུ་ག་ནས་གསུལ་ཏེ་བསལ་ལོ། །ལྕེ་ཁྱི་བ་སྐྲངས་ཏེ་ན་བ་ལ་མཚོན་རྒྱ་འདྲ་བའི་ཐ་མ་ལྷག་པར་ཕྱིར་བྱུང་བར་བྱས་ལ། སོར
་ཕྱེད་ཡོད་པ་རྩེ་མོའི་ཁོར་ཡུག་དཀྱིལ་འཁོ་འདྲ་བ་འམ། ཡང་ན་ཞལ་ཞལ་འདྲ་བའི་ལྕགས་བུ་འདྲ་བར་བྱས་པས། ལྕེ་ཁྱི་བའི་ཐོར་ཏོ་ལ་རྨ་བྱུང་ངམ། ཡང་ན་བཀས་ཏེ། ཁྲག་དབྱུང་ངོ། །གྲེ་བ་དང་མགུལ་བ་སྐྲངས་པ་དང། འབྲུམ་བུ་བྱུང་བ་ལ་མགུལ་རྒྱ་ཡུ་བ་ཅན་དུ
་བྱས་ཏེ་སྲང་བུས་བཏགས་ཏེ་འཛུབ་མོའི་ཐོར་ཏོ་ལ་བཏགས་པ་དྲིལ་ལོ། །ལྕེ་ཁྱི་བ་སྐྲངས་པ་དང། ཁའི་ནང་དུ་ཤ་ལྷག་གམ་ཐོར་བུ་ཆེན་པོ་བྱུང་བ་གཟུང་ཞིང་བཅད་བའི་ལྕགས་ཀྱོ་རབ་ཏུ་གུག་པར་བྱས་ལ་དྲང་ཞིང་བཅད་དོ། །རུས་པ་ལྷག་པ་བཅད་བའི་སོག་ལེ
་སྲིད་སོར་བཅུ་ཞེང་སོར་གཉིས། སོག་ལེའི་སོར་རབ་ཏུ་ཕྲ་བ་ལས་ཡུ་བ་དམ་བོར་བྱས་ལ་དེས་རུས་པ་བཅད་དོ། །རྨ་དང་ཆུ་བ་དང་རྒྱུས་པ་བཅད་པ་དང། སྐྲ་བྲེག་པའི་ཆན་པ་བྱའོ། །ཆན་པ་འདྲ་བ་ཡོན་པོ་སོ་དྲང་བ་སོ་གཉིས་པར་འདོད་པའི་སེན་མོ་བྲེག་པ་མཚོན
་སྲིད་སོར་དགུ་པར་བྱས་ལ་དེས་ནི་ཤིང་གི་ཚལ་པ་ཟུག་པ་དབྱུང་བ་དང། བཅད་པ་དང། གཟལ་བ་དང། དྲུང་པ་དག་བྱའོ། །ཕྱི་ཞིང་བདར་བའི་དཔྱང་གྲུ་བཞི་ལ་སོ་ཡ་ཅིག་བསྟོད་ལ་ཁ་ཟླུམ་པོར་བྱས་པ་དེ་ནི་སོ་ཕྱི་ཞིང་འདར་བ་དང། སོའི་དྲེག་པ་ཕྱི་བར་བྱའོ།
་ཁབ་ཀྱི་སྲིད་སོར་གསུམ་པ་ལ་མགོ། ཟླུམ་པོ་མིག་གི་ཟབས་ཆེར་བཏོད་པ་ཁ་སྲབ་པར་བྱས་པ་དེ་ལྟ་བུ་གསུམ་དགོས་ཏེ་མི་ཤ་ཆེན་པོའི་སར་ནི་མགོ་ཟུར་གསུམ་པ་སྲིད་སོར་གསུམ་ཡོད་པར་བྱའོ། །ཤ་ཆུང་བ་དང། རུས་པ་དང་ཚིགས་ཀྱི་བར་ན་རྨ?་བོ?་དེ
་རྣམས་ལ་སྲིད་སོར་གཉིས་པར་བྱའོ། །ཕོ་བ་དང་ལོང་ཀའི་གནས་ཀྱི་ཕྱིའི་པགས་པ་རྡོལ་ན་འདྲུབ་པའི་ཁབ་རྩེ་ནས་ཀྱི་དབྱིབས་འདྲ་བ་གཞུ་འདྲ་བའི་དབྱིབས་དགུའོ། །སྲིད་སོར་ཕྱེད་དང་གསུམ་པར་བྱས་པ་དེ་གྲུབ་བོ། །བརྩན་སྔོན་པོ་འམ། སྨུག་པོ་ལྟ་བུ
་འམ་ལག་པ་བུར་ཏེ་བསྐྱོང་མི་ནུས་པ་དང། སྐ་འབྱི་བ་འདི་ལྟ་བུ་ལ་ཁབ་བདུན་ནམ་བརྒྱད་ཀུན་ཀྱང་ཟླུམ་པོར་བྱས་པ་སྲིད་ལ་སོར་བཞི་ཡོང་པ་གཅིག་པུ་སྤམས་ཏེ་ཁྲིའུ་ལ་རྩ་བ་བཙུགས་ལ་དེས་བཙག་ཅིང་ཞལ་ཞལ་བྱས་ཏེ་ཁྲག་ནད་དབྱུང་ངོ། །ཁབ་བརྒྱད་ཀྱི་སོ
་ཟླུམ་པོ་སོར་ཕྱེད་པར་བྱས་ལ། སྤམས་ཏེ་སྣའི་བུ་གར་བཅུག་ལ་ལག་པས་བཙུབ་སྟེ་སྣའི་ཁྲག་དབྱུང་ངོ། །རྣ་བ་ཤལ་དབུག་པའི་སྒྱུར་བུའི་རྩེ་མོ་ཟླུམ་པོ་མེ་ཏོག་ཡུ་ཏི་ཀ་དང། མུ་ཁུ་ལ་ཁ་འབུས་བ་འདྲ་བ་སོར་ཕྱེད་པར་བྱས་པ་དེས་རྣ་བའི་དྲུང་དབུག་གོ་།སྨྱུང་བ་དེའི
་ཞབས་སོར་བཞི་པ་བྱའོ། །རྨ་གྲིང་བ་གསར་རྙིང་གི་བག་བཙལ་བ་ཡང་འདི་ལས་བྱའོ། །རྨ་དྲུང་གི་ཤ་སྟག་པོ་ལ་དབུག་པའི་སྨྱུང་བུའི་རྩེ་མོ་ཁ་སྦོམ་ལ་སུམ་ཆ་སྤུ་བ་ཡོང་པར་བྱས་ཏེ། སྲིད་སོར་གསུམ་པ་དེས་རྣ་བ་ཕུག་ཅིག་།གཞན་ཡང་གཏར?་དཔྱད་ཀྱི
་མཚོན་མཚོན་མ་ཡིན་པ་སྲིན་བུ་ཛ་ལུ་ཀ་ཞེས་བྱ་བ་ཆུ་ནང་ན་གནས་པ་དང། ཐལ་སྨན་རྣོན་པོ་གཤར་དང། མེ་འཙབ་གདབ་པ་དང། མེ་ཤེལ་འཆིང་བུའི་དུམ་བུ་དང། ནོར་བུ་ཀུན་པིཎྟ་དང། རྒྱ་མཚོའི་ལྦུ་བ་དང། རྡོ་བ་དང། ལྕི་བ་སྐམ་པོ་དང། སེན་མོ་གདབ
་པ་འདི་རྣམས་ནི། གཏར་ཀས་གདབ་པའི་བཙགས་བུ་འདྲ་སྟེ། ནད་ཀྱི་དམིགས་དང་སྦྱོར་ལ་གྱིས་ཤིག་།གཞན་ཡང་འཁྲུལ་འཁོར་གྱི་ཆ་བྱད་མཁོ་བས་ནད་ཐབས་ཀྱི་དམིགས་དང་སྦྱོར་བ་བྱེད་པས་འདྲེན་ཅིང་འབྱིན་པ་དང། དྲལ་བ་དང། དྲུབ་པ་དང། ན་དམིགས
་ཚོལ་བར་བྱེད་པ་དང། ཕྱི་ཞིང་དམིགས་བྱ་བ་དང། ཞལ་ཞལ་གདབ་པ་དང། འཚག?་པ་དང། བཅད་པ་དང། གཤེག་པ་དང། དབུག་པ་དང། གཙུབ་པ་དང། སྐམ་བུས་བཟུང་བ་དང། མེ་བཙས་གདབ་པའི་ཐབས་བྱའོ། །གཞན་ཡང་གཏར་དཔྱད་ཀྱིས་མཚོན
་བཅད་པ་དང། དྲལ་བ་དང། ཕྱི་བ་དང་བྱ་བ་ཐོར་ཏོའི་འབྲས་དང། རྩ་བའི་བར་དུ་མཛུབ་མོ་དང། གུད་མོ་དང། མཐེ་བོང་གསུམ་གྱིས་ལེགས་པར་གཟུང་ལ་བཅད་པ་དང་དྲལ་བ་ལ་སོགས་པ་བྱའོ། །ཁྲག་དབྱུང་བའི་བཙག་བུའི་རྩེ་མོའི
་སོ་འབྲས་འདྲ་བ་དེ། རྩེ་མོའི་དྲུང་དུ་མཛུབ་མོ་དང་གུད་མོ་དང་མཐེ་བོང་གསུམ་གྱིས་གཟུང་ལ། ཡུ་བ་ཆང་བའི་ནང་དུ་བཅུག་སྟེ། གཏར་ཞིང་ཁྲག་དབྱུང་ངོ། །གཏར་ཞིང་དབྱུང་བ་ཞིག་ཡོད་ན། ཡུ་བ་ནས་བཟུང་ལ་གདབ་པོ། །གཏར་དཔྱད་སྣ་ཚོགས་ཀྱི་སྣོད་ནེ
་གསོ་རས་སམ་བལ་གྱི་སྣམ་བུ་འམ་མེན་དྲི་འམ། དུ་ཀུ་ལ་འམ། པགས་པ་འཇམ་པ་རབ་ཏུ་སྟུག་པོར་བྱས་པ་ཞེས་སོར་དགུ་བཅུ་གཉིས་ཡོད་པ། ནད་སྣམ་བུས་བར་ཚང་ཅན་དུ་བྱས་པའི་བར་དུ་བཙགས་དཔྱད་ཁ་མ་སྣང་པར་བཞག་ལ། །བ་དྲུབ
་བསྒོ?་གུ་ཅན་དུ་བྱས་ཏེ་དྲུབ་ཏུ་རུང་བར་བྱས་ལ་དེའི་ནང་དུ་གཏར་དཔྱད་བ་སོགས་གཅིག་།ཁྲག་དབྱུང་སླ་བར་བྱ་བའི་ཕྱིར་ཆུའི་ནད་ན་གནས་པའི་སྲིན་བུ་པདྨ་ཞེས་བྱ་བ་དེས། ཁྲག་གང་དུ་དབྱུང་བའི་སར་ཁྲག་འཇིབ་དུ་གཞུག་གོ་།སྲིན་བུ་པདྨ་དེ་ཆུང་ན
་པའི་ནང་དུ་འདུག་གམ། ཉ་དང་ལྷན་ཅིག་གནས་སམ། སྦལ་པ་ལ་སོགས་པ་དང། མི་རོ་དང་ཆུ་རྙོག་མ་ཅན་གྱི་ནང་ནས་བྱུང་བ་པདྨའི་ཁ་དོག་དམར་པོ་དང་དཀར་པོ་དང། སྲིན་བུ་རབ་ཏུ་གནག་ལ་རོ་རྒོད་ཅིང་སྡོམ་པ་འབྱིལ་བ་དང་འཇའ་ཚོན་ལྟར
་འདུག་པ་དང། རོ་སྟོང་ཚོན་སྣ་ཚོགས་སུ་བཀྲ་བ་དང་པདྨའི་ལུས་ལ་སྤུ་ཡོད་པ་དེ་རྣམས་ནི་དུག་ཡོད་པ་ཡིན་ཏེ་བོར་གཅིག་།གལ་ཏེ་དེ་ལྟ་བུས་ཁྲག་གཞི་བས་ན་གཡན་པ་དང། རྨ་ཁ་སྐྲངས་ཏེ་རྣག་ཟག་པ་དང། རིམས་དང་མགོ་འཁོར་བར་འགྱུར་རོ།།
་དེ་ལྟ་བུའི་ནད་ཀྱིས་བཏབ་ན་དུག་བསལ་བའི་སྨན་དཔྱད་དང། མཁྲིས་པ་དང་ཁྲག་ནད་བསལ་བའི་དཔྱད་ཆོ་ག་བྱའོ། །སྲིན་བུ་པད་གདུག་པ་མ་ཡིན་པ་ཁྲག་འཇིབ་དུ་རུང་བའི་གནས་ཆུ་མདོག་གསལ་བ། ཉ་ལྕིབས་ཡོད་པའི་ནང་ནས་བྱུང?་བ
་མི་གདུག་པ་མདོག་རྩ་བ་སྣང་བ་ལུས་གཟུགས་ཟླུམ་པ། པདྨའི་ལུས་ཀྱི་སྟོང་སྔོ་བཀྲར་འདུག་པ་རྒྱབ་དུང་མིག་གི་ཁ་དོག་ལྟ་བུ་ལ། ལུས་ཕྲ་བ། ལྟོ་ན་ཆུང་ཟད་ཙམ་སེར་བ་ནི་རུང་ངོ། །དེ་ཡང་སྔར་ཁྲག་འཐུངས་ཏེ་ལེགས་པར་ཁྲག་མ་སྐྱུགས
་པ་དང། རྟག་ཏུ་ཁྲག་འཐུང་ངུ་གཞུག་གཞུག་བ་དང་ཁྲག་འཐུངས་དྲག་ཏེ་མྱོས་པ་དང་དེ་ལྟ་བུ་ནི་མི་རུང་གིས་བོར་ཅིག་།སྲིན་བུ་པདྨ་གདུག་པ་མ་ཡིན་པ་དེ་ལྟ་བུ་རྙེད་ནས། ཡུད་བ་བཏགས་པ་དང་ཆུ་སྦྱར་བ་འབྲས་རྩབས་ཀྱི་ནང་འམ་དར་བའི་ནང་དུ་སྲིན་བུ་པདྨ་དེ་དག་དབུགས
་ཕྱུང་སྟེ། དེ་ནས་གང་དུ་ན་བའི་དམིགས་དེར་ཁྲག་འཇིབ་དུ་གཞུག་ན། མར་རམ། ལྡེ་གུ་འམ། བུད་མེད་ཀྱི་ནུ་ཞོ་འམ། གཞན་གྱི་ཁྲག་བྱུང་བའི་ཐིགས་པས་བསྐུས་པ་དེ་ལ་སྲིན་བུ་པདྨའི་ཁ་གླན་ཏེ་ཁྲག་འཐུང་དུ་བཅུག་ལ་ཁྲག་འཐུངས་པའི་ཚེ་ན་རོ་སྟོང་མཐོ་བར་བྱུང་ན
་ཁྲག་ལེགས་པར་འཐུངས་པ་ཡིན་གྱིས་སྟེང་དུ་རས་སྲབ་མོ་ཞིག་གིས་གཡོགས་ཤིག་།སྲིན་བུ་པདྨ་དེ་ནས་ཁྲག་དང་ཁག་བཟང་པོ་འདྲེས་པར་འདུག་པ་ལ་དང་པོར་ནད་ཁྲག་འཐུང་བར་བྱེད་དོ། །དཔེར་ན་ཆུ་དང་འོ་མ་འདྲེས་པ་ལ་དང་པ་ས་འོ་མ་དང་ཆུ་ཕྱེ་སྟེ་འོ་མ་འབའ་ཞིག་འཐུང
་བ་དང་འདྲའོ། །སྲིན་བུ་པདྨས་ཁྲག་འཐུངས་པ་ལས། ཅི་ཙམ་ན་སྲིན་བུའི་སོ་འདེབས་པས་ན་འམ་གཡའ་བར་གྱུར་ན་ཕྱུང་ལ་སྲིན་བུ་དེ་སླང་སྐྱུག་པ་བྱས་ལ་རྩེ་མྱང་ཚ་དང་ཏིལ་མར་དུ་སྦྱར་ལ་སྲིན་བུའི་ཁ་བསྐུས་ཏེ། འབྲས་ཀྱི་ཕྱེ་མ་འཇམ་པོས་སྲིན་བུའི་རྒྱབ་ཏུ་གཏོར་ལ
་ཞག་བདུན་གྱི་བར་དུ་སྲིན་བུ་དེ་ཁྲག་གིས་མྱོས་པར་མ་གྱུར་པར་གཞག་གོ་།དེ་ནས་སྲིན་བུ་དེ་ཁྲག་ལེགས་པར་སྐྱུགས་ནས། ལུས་ཕྲ་མོ་གྲིམས་པ་ཡང་བ་སྔ་མཁོ་བཞིན་གྲིམས་པར་བྱའོ། །སྲིན་བུ་པདྨ་དེ་ཁྲག་ཀྱང་མང་དུ་འཐུངས་ཏེ་དྲགས་ན། སྲིན་བུའི་ལུས་ལྕི་སྟེ་སྙོམས་པ
་འམ་ཡང་ན་འཆི་བར་འགྱུར་རོ། །སྲིན་བུ་པདྨ་སྐྱུགས་མ་ལེགས་པར་གྱུར་ན་སྲིན་བུའི་ལུས་རེང་རེང་པོར་འདུག་ལ་མྱོས་པར་འགྱུར་རོ། །ནད་ཁྲག་འཐུང་ངུ་གཞུག་པ་མེད་པའི་ཚེ་ན་ནི། བུམ་པའི་ནང་དུ་ཆུ་དངས་བླུགས་ལ། དེའི་ནང་དུ་སྲིན་བུ་བླུགས་ཏ་དུས་དུས་བུམ་པ་དང་ཆུ་རྗེས་
་ཤིག་།དེ་ལྟར་བྱས་ན་སྲིན་བུའི་ཁ་ཆུ་དང་སྲིན་བུའི་རྡུལ་བག་བྱང་སྟེ་ཕན་པར་འགྱུར་རོ། །ཡང་ནད་དམིགས་ཀྱི་ནད་ཁྲག་ངན་པ་ཞིག་ཡོད་པ་སྲིན་བུས་ཁྲག་འཐུངས་རྨ་སླངས་ཤིང་བཙན་ཅན་དུ་གྱུར་ཏམ་གཡའའམ་ཁྲག་ལེགས་པར་མི་འགྱུར
་ན་སྐྱིད་པ་དང་བུ་རམ་དང། སྦྲང་རྩི་སྦྱར་ལ་རྨ་ཁར་བསྐུས་ན་ཕན་ནོ། །མར་བཞུ་ཞིང་ཆབ་རོམ་གྱི་ཐོག་ཏུ་བླུགས་པ་དེ་ལ་བརྒྱར་བྱས་པ་དེ་ནི་ལན་བརྒྱར་བཀྲུས་པའི་མར་ཞེས་བྱ་སྟེ། དེས་རྨ་ཁར་རས་མ་འམ་ཡེའུས་བྱུགས་ལ་དེ་ནས་སྨན་བསིལ་བའི་ལྔ་གུས་ཐོག་ཐག
་ཏུ་བསྐུས་ན་ཆུ་སེར་ངན་པ་ཕྱིན་ལ་རྩན་བོར་འདུག་པ་དང་ན་བ་མེད་པར་འགྱུར་རོ། །སྲིན་པོ་པདྨས་ནང་ཁྲག་གཞིབས་པས་ནད་ཁྲག་ངན་པ་ཁོང་ནས་རྡུབས་ལ་ཕྱིར་ལ་ཕྱིན་ཏེ་རྨ་ཁ་ན་འདུག་པ་ཞག་ལོན་པ་དང་རྣག་པར་གྱུར་ན་དེ་ལ་ཡང་སྲིན་བུ་པདྨ་དེ་ནད་ཁྲག་དང་ནད
་ཕྱིར་ཡང་འཇི་བ་དུ་ཆུ་གཅིག་།ཁྲག་དང་མཁྲིས་པ་རྒྱས་པའི་ནད་ལ་རྐལ་ཞལ་བྱས་ཏེ་སྒྲོན་མ་དང་སྐུའི་བུམ་པར་སྦྱར་ཏེ། ཁྲག་འདྲེན་པའི་ནད་ལ་ན་བར་འགྱུར་གྱི་མི་རུང་ངོ། །བད་ཀན་དང་རླུང་ནད་ལས་གྱུར་པའི་ནད་ལ་ནི་ཕན་ཏེ་རུང་ངོ། །བད་ཀན་ལས་ནད་དུ་གྱུར་པའི
་ནད་ཁྲག་རྡབས་རུས་གཞིབས་ན་ཁྲག་རྡུབས་པར་འགྱུར་བས་གཞིབ་ཏུ་མི་རུང་ངོ། །རླུང་མཁྲིས་ལས་ནང་དུ་གྱུར་པ་ནད་ཁྲག་ནི་རྡབས་རུས་གཞེབས་ཕན་ནོ། །ཞལ་ཞལ་བྱ་བའི་ཐབས་ནི་ཞལ་ཞལ་གང་བྱ་བའི་གོང་དུ་སྲད་བཱུམ་དར་རམ་རས་ཀྱིས་དམ་པར་མཉམ
་པོར་བཅིངས་ལ། ཆུབ་དང། ཚིགས་རུས་པ་དང་གནད་རྣམས་ནི་དབབ་ཁར་ཞལ་ཞལ་གདབ་བོ། །ཞལ་ཞལ་གདབ་བའི་ཐབས་ནི་ཐུར་དུ་དྲང་པོར་ཤར་ཤར་པོར་ཐོབ་ཅིས་ཞལ་ཞལ་བྱ་བའི་ས་ནི་ནད་དམིགས་གར་འདྲུས་པའི་ཐོག་ཏུ་གདབ་གོ་།ནད་ཁྲག་རྩམ་དུད་ཅན་དུ
་སྨད་ན་སྲིན་བུ་བརྙས་ཁྲག་དབྱུང་ངོ། །དགོན་ལ་མར་ལས་བེམ་བེམ་པོར་གྱུར་ན་རྡབས་རུས་ཐོབ་ཅིག་།ཁྲག་ནད་ལུས་ཀུན་དུ་མཆེད་དེ་ཁྱབ་ན་རྩར་བཏབ་ཏེ་དྲོད་།ཁྲག་ནད་འདུས་པས་ཞལ་ཞལ་གདབ་བོ། །ནད་ཁྲག་ཤའི་ཕྱིའི་པགས་པའི་བར་ན་འདུག་པ་མ་ཡིན་པ
་ན་ཤའི་ཁོང་ན་ཡོད་པའི་ནད་ཁྲག་ནི་སྲིན་བུ་པདྨས་དབྱུང་ངོ། །ནད་ཁྲག་པགས་པ་ལ་གནས་པ་ནི་བསྐུ་བ་དང། རྗེའུ་དང། རྡབས་རུས་དབྱུང་ངོ། །ཁྲག་ནད་ཀྱི་ལུས་ཀུན་དུ་ཁྱབ་པ་ལ་ནི་རྩར་བཏབ་སྟེ་དྲང་ངོ། །རླུང་ནད་ལས་གྱུར་པའི་ནད་ཁྲག་དྲང་བ་ནི་རྡབས་རུ་བཟང་ངོ།
་བད་ཀན་ལས་གྱུར་པའི་ནད་ཁྲག་ལ་ནི་བསྐུ་བར་བྱའོ། །དེ་རྣམས་གཏར་ག་འམ་ཞལ་ཞལ་གདབ་པའི་རྨ་ཁར་སྨིན་བསིལ་བས་བསྐུ་བ་ལས་རླུང་ནད་དུ་གྱུར་པ་སྟེ། རྨ་ཁ་ན་ཞིང་གཡའ་ལ་སྐུངས་ན་རྨ་ཁར་ཞུན་མར་དྲོན་པོས་བསྐུས་ཤིག་།གཏར་དཔྱད་རྣམ་པ་སྣ་ཚོགས
་དང་གཏར་ག་གདབ་པ་དང་ཞལ་ཞལ་ལ་སོགས་པ་གདབ་པ་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།གཏར་ཀ་གདབ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་བདུན་པ་བཤད་པར་བྱའོ། །དེ་ལ་མིའི་ཁོང་ན་ནད་མེད་པའི་ཁྲག་བཟང་པོར་བལྟ་བ་ནི་ཅུང་ཟད་མངར
་བ་ཚྭ་བྲོ་ཁྲག་དེ་གྲང་བ་ཡང་མ་ཡིན་ལ། ཁྲག་དེ་བསྐ་བ་བསྡུས་པ་ཡང་མ་ཡིན་ལ་ཁྲག་གི་མདོག་མེ་ཏོག་པདྨ་ལེབ་རྒན་གྱི་ཁ་དོག་ལྟ་བུ་དང། སྲིན་བུ་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟ་བུར་སྣང་བ། གསེར་དང་ལུག་དང་རི་བོང་གི་ཁྲག་ལྟ་བུར་མདོག་བཟང་བ་དེ་ནི
་ནད་ཁྲག་མེད་དེ་ཁྲག་བཟང་པོ་ཞེས་བྱའོ། །ཁྲག་འདི་འདྲ་བར་བཟང་པོར་འདུག་པ་ནི་ལུས་ཀྱི་ཟུངས་དང་རྟེན་ཡིན་ཏེ་ལུས་ནི་དེ་ལྟ་བུ་ལ་གནས་སོ། །དེ་ལྟར་ལུས་ལ་ཁྲག་བཟང་པོར་འདུག་པ་ལ། མཁྲིས་པ་དང་བད་ཀན་གྱི་གནོད་པའི་ནང་དུ་འགྱུར་ན། དེའི་ནད་དམིགས
་ནི་མེ་དབལ་དང་འབྲས་དང་མཚར་པ་ན་བ་དང། སྐན་དང་ཁོང་བ་ནད་གི་དྲོད་ཉམས་པ་དང། རིམས་ཀྱིས་འདེབས་པ་དང། ཁའི་ནད་ཁ་བ་དང། མིག་ན་བ་དང། ཀླད་པ་ན་བ་དང། མི་དྲན་ཏེ་མྱོས་པ་དང། སྐོམ་དང་ཆེ་བ་དང། ཁའི་ནད་ལན་ཚ་བྲོ་བ་དང། མཇོ་ནང་དང
་རླུང་དང། ཁྲག་ལས་བྱུང་བའི་དྲེག་ནད་དང། མཁྲིས་པ་དང་སྐེགས་པ་ཚ་ཞིང་སྐྱུར་བར་འབྱུང་བ་དང། ཀླད་པ་འཁོར་བ་འདི་ལྟ་བུའི་ནད་དུ་འགྱུར་ཏེ། དེ་ལྟ་བུ་ལ་ནད་དཔྱད་ཀྱི་ཆོ་ག་བསིལ་བ་དང། ཚ་བ་དང། སྣུམ་པ་དང། རྩུབ་པ་ལ་སོགས་པ་ལེགས་པར་བྱས་ཏེ། རྒོས
་སླ་བ་འདྲ་བ་ལས་ཀྱང་མ་ཕན་པར་གྱུར་ན་དེ་ལྟ་བུའི་ཁྲག་ལས་ནད་དུ་གྱུར་པ་ཞེས་བྱ་སྟེ། དེ་ནི་ཁྲག་ལུད་པ་ཡིན་པས་རྩ་གཏར་ཏེ་ཁྲག་དྲངས་ན་ཕན་ནོ། །དེ་ལ་ཡང་ན་གཞོན་ཏེ་ལོ་བཅུ་དྲུག་མ་ཚང་བ་དང། རྒས་པ་ལོ་བདུན་ཅུ་ལོན་པ་ལ་ནི་གཏར་ཀ
་གདབ་ཏུ་མི་རུང་ངོ། །མི་ཉམས་ཆུང་སྟེ་ཁོང་ན་སྣུམ་མེད་པ་དང། དུགས་སམ་ལུམས་བྱས་ཏེ་དྲགས་པ་དང། རླུང་ནད་ཅན་ལ་དུགས་དང་ལུམས་བྱས་པ་ལྟ་བུ་དང། བུད་མེད་སྦྲུམ་མ་དང་བུ་བྱུང་བ་དང། །ཁ་ཟས་མ་ཞུ་བ་ལྟ་བུ་དང། མྲཁིས་པ་དང་ཁྲག་ནད་དུ་གྱུར་ཏེ་ཐུང་ངུ
་འཁྲུ་བ་དང། ཁ་སྣ་ནས་ཁྲག་འོང་བ་ལྟ་བུ་དང། དབྲུགས་མི་བདེ་བ་དང། ལུད་པས་དཀར་བ་དང། ཚང་པ་དྲག་པོས་བཏབ་བཏབ་པ་དང་དམུ་རྫིང་ལྟ་བུ་དང། རྟག་ཏུ་སློན་པ་དང། སྐྱ་སྦབ་ཀྱི་ནད་དང། འོར་ནད་ལུས་ཐམས་ཅད་སྐྲངས་པ་དང། མར་འཐུངས་པ་དང། སྔར་སྐྱུགས
་སྨན་ནམ་བཀྲུ་སྨན་ནམ། སྨན་མས་བཏང་ངམ། སྨན་སྨན་ས་བཏང་ངམ། གཏར་ཀ་བཏབ་པ་འདི་ལྟ་བུ་བྱས་པར་གྱུར་པ་ལ་གཏར་ཀ་གདབ་དུ་མི་རུང་ངོ། །གཏར་ཀ་གདབ་པའི་ཐབས་ནི་དབང་བུའི་ཕྲག་བུ་རྩ་བ་བཙིར་བ་དྲག་སུ་མི་རུང་ངོ། །དབང་བུའི་ཕྲག་ཏུ་རྩ་བ་བརྩིར་བ་ཡོན་པར་གྱུར་པ་འམ། ཡོན་པོར
་གང་བ་དུ་མི་རུང་ངོ། །རྩ་སྣང་བར་མ་བྱུང་བ་ལ་གདབ་དུ་མི་རུང་ངོ། །ནད་དམིགས་དང་སྦྱར་ན་མང་དུ་གཏང་ཀ་མི་གདབ་ཏུ་མི་རུང་ངམ་གཏོགས་པར་ཧ་ཅང་གྲང་ལྷགས་ཆེ་བའི་ཚེ་དང་རླུང་ཆེ་བའི་ཚེ་དང། ཚ་བའི་དུས་དང་ནམ་སྨུགས་པ་དང། འདི་རྣམས་ལྟ་བུའི་དུས་སུ་གཏར
་ཀ་གདབ་ཏུ་མི་རུང་ངོ། །ཀླད་པ་དང་མིག་ན་བ་ལ་ནི་དཔྲལ་བའི་རྩ་གཏར་ན་ཕན་ནོ་མིག་ན་བ་ལ་ནི་མིག་འགྲམ་གྱི་རྩ་དང། མིག་སྒོ་སྣ་དྲུང་གི་མཚན་ན་ཡོད་པའི་རྩར་ཐོབ་ཤིག་རྣ་བ་ན་ན་ནི་རྣ་བའི་རྒྱབ་བཤལ་ཀའི་མཚན་བུར་ཐོབ་ཅིང་སྣ་ན་ན་སྣའི་རྩེ་མོར་ཐོབ་ཅིག་།ཆམ་པ
་ནན་སྣའི་རྩེ་མོ་དང་དཔྲལ་བའི་དབྱེས་ཀྱི་རྩར་ཐོབ་ཅིག་།ཁ་ན་ན་ལྕེའི་འོག་གི་རྩ་དང། མ་མཆུའི་ནང་གི་རྩ་དང། ཡ་མགལ་པ་མ་མགལ་གྱི་རྩ་དང། རྐན་རྩར་གང་གོ་།མགུལ་པ་ཡན་ཆད་ན་ཏེ་མཁུར་བའི་རྩ་མདུང་ཡོད་པ་དང། མགུལ་པ་དང་རྣ་བ་དང་མུར་འགྲམ་དང། ཀླང་པ་མན
་ཆད་ན་བ་ལ་རྩ་མདུང་དང་ནད་དམིགས་སྦྱར་ཏེ་གདབ་བོ། །སྨྱོ་བྱེད་དང་བརྗེད་བྱེད་ཀྱི་ནང་ལ་བྲད་དང་མིག་འགྲམ་དང་དཔྲལ་བའི་རྩ་དང། འགྲམ་བའི་མཚམས་སུ་གཏར་ཀ་ཐོབ་ཅིག་པུས་ཀུན་ནབ་ལ་སྨིན་མཚམས་སུ་བྱུང་བའི་རྩར་ཐོབ་ཅིག་འབྲས་ནད་དང་རྩིབ་ལོགས་སུ་ཟུག་པ་ལ་རྩིབ་ལོགས
་དང་མཚན་ཁུང་དང་ནུ་མའི་བར་གྱི་རྩར་གདབ་བོ། །རིམས་ནད་ཞག་གསུམ་པ་ལ་ཕྲག་པའི་མཚམས་སུ་གདབ་བོ། ཞག་བཞི་པའི་རིམས་ནད་ལ་ལྟག་པའི་འོག་ཏུ་གདབ་པོ་ཚད་པ་གང་ཀུན་ཀུན་འཁྲུ་ན་མཇུག་དོའི་གོང་སོང་གཉིས་ཙམ་དུ་གཏར་ཀ་ཐོབ་ཅིག་།ཁུ་བའི་ནད་དམ་པོ
་མཚན་གྱི་ནད་ལ་ནི་ཕོ་མཚན་གྱི་རྩལ་གཏར་ཀ་གདབ་པོ། །མགུལ་བ་ན་བ་འམལྤ་བ་བྱུང་བ་དང། བརླ་ན་མ་བརླའི་རྩར་གདབ་བོ། །བརླའི་ཆུ་སུལ་དུ་རླུང་ཞུགས་ཏེ་འགྲོ་མི་ཤེས་ནས་ཀྲང་ཟུག་འཁུམ་པ་ལ་པུས་མོའི་ལྷ་ངན་མར་སོར་བཞིའམ་ལྷང་ནས་གོ་འདུ་སོར་བཞི
་བཅལ་ཏེ་གདབ་བོ། །བྱིན་པ་ན་བ་ལ་བྱིན་པའི་ཉ་འབུར་འབུར་བོའི་འོག་སོར་གཉིས་སུ་བཅལ་ཏེ་གདབ་པོ། །རྐུབ་རྩོས་ནས་བརླའི་འོག་ཐོག་ཟག་བྱིན་པའི་བར་དུ་ན་ན་ལོང་བུའི་ནང་རོལ་ན་ཡང་གོང་དུ་སོར་བཞི་བཅལ་ཏེ་གདབ་བོ། །པུས་མོས་ལྷ་ངའི་ཁོང་སྐྲ་པ་ནི་ང་ན་བ་ཡང
་དེ་བཞིན་དུ་ལོང་བུའི་གོང་སོར་བཞིར་ཐོབ་ཅིང་།རྐང་ལ་ཚ་བ་དང། རྐང་བ་འཐེང་བ་དང། རྐང་སྤྲིད་པ་དང། རྟིང་པ་སྣང་དེ་རྡོལ་བ་དང། མཐུ་བའི་ཚིགས་ཀྱི་དྲུད་དུ་ཤ་སྨན་བྱུང་བ་དང། རྐང་པའི་ཤ་ནང་གི་སྣམ་བུ་ཆར་པ་དང་འདི་ལྟ་བུ་ལ་རྐང་པའི་བོལ་གྱི་རྒྱ་རིགས
་ནས་གོང་དུ་སོར་གཉིས་སུ་བཅལ་ལ་གདབ་བོ། །རྐང་ཟུག་འཁུམས་པའི་ནད་དང་འདྲ་བའི་བི་ཤང་ཚེའི་ནད་ལ་ཡང་དེ་དག་འདྲ་བར་གདབ་བོ། །ནད་དམིགས་སོ་སོར་ཇི་སྐད་བསྟན་པ་བཞིན་དུ་ན་བ་ཡང་མ་ཡིན་པ་ལ་ནད་དམིགས་མ་མཐུན་པར་སྣང་ན་ཡང་གནོད་པར
་འགྱུར་བའི་རང་ཞོག་ལ། ནད་དམིགས་གར་བྱུང་ཞིང་གང་དུ་ན་བར་རྩ་ཐོབ་ཅིག་།གཏར་ཀ་གདབ་པའི་ཆོ་ག་ནི། སྔར་བས་ཁ་ཟས་སྣུམ་བག་དང། དུགས་ཀྱི་དབྱེད་བྱ་ཏེ་ལུས་འཇམ་ཞིང་ཡང་བར་བྱམ་ནས་གཏར་ཀའི་ཡོ་བྱད་དང། གཏོར་མ་གཏོར་བ་བྱས་ལ་བཀྲ
་ཤིས་ཀྱི་ཆོ་ག་བྱས་ནས་ཁ་ཟས་སྣུམ་བགག་དང། ཁུ་ཤ་ལ་སོགས་པ་ཆོས་ལ་མེ་འདེ་བ་དང། ཉི་མ་དྲོན་པོ་ལ་འདུག་སྟེ། ལས་དྲོས་པར་བྱས་ནས་ཁྲིའུ་ཡི་སྟེང་དུ་གཙོག་ཙོག་བོར་འདུག་ལ་མགུལ་བ་ཡན་ཆད་ཀྱི་ནད་རྩ་གདབ་ནད་པར?་མ་རས་ཀྱིས
་བཅིངས་ལ་སྒྲ་ཡང་གྱེན་དུ་བརྫེས་ཏེ། བཅིངས་ལ་པུས་མོའི་ལྷ་ང་གཉིས་ཐོག་ཏུ་ལག་ངར་གྱི་གྲུ་མོས་བསྟན་ནས་ཆང་བ་གཉིས་ཀྱི་བར་ནང་དུ་ཤིང་བལ་ལྟ་བུའི་རློང་བཅུག་སྟེ། བཅིངས་ལ། ན་གུལ་པ་ཡང་དང་རམ་རས་འཇམ་པོས་བཅིངས་ལ་ལག་བ་གཉིས་ཀྱི
་རང་གི་གཏའ་བ་ནས་འཁྱུད་དེ་བཅིར་ཅིག་འགྲམ་སོ་ཡང། བསྡོམས་ལ་མཁུར་བ་གཉིས་གང་བར་བུས་ཏེ་ལུང་པ་ཅི་ལུར་ཆིང་ལ་མི་གཞན་གྱིས་རྒྱབ་ནས་ཀྱང་ཚིར་ཅིག་།མགུལ་པ་དར་རམ་རས་ཀྱིས་བཅིངས་པའི་ཕྲག་དུ་བད་གི་མཛུབ་མོ་གཡོན་པ་བཅུག་སྟེ་མ
་འགགས་པ་ཙམ་དུ་བྱའོ། །ཁོང་པའི་ནང་གི་རྩ་མ་གཏོགས་པར་ཕྱི་རོལ་གྱི་རྩ་རྣམས་བསྡམས་ཞིང་གདབ་པའི་ཆོ་ག་ནི་འདི་ལྟར་བྱའོ། །དེ་ལྟར་བསྡམས་པས་འཕྲལ་རྩ་བྱུང་སྟེ་སྣང་ན་སྨན་པའི་ལག་པ་གཡས་པའི་མཐེ་བོས་བརྟག་ཅིང་མནམས་ལ་སྨིན་པའི
་ལག་པ་གཡོན་པས་འཕྲལ་བཅགས་ཏེ་བྷ་རེ་ཁ་བཟུང་ལ་རྩའི་དབུས་སུ་གཉང་ངོ། སྨན་པའི་ལག་པ་གཡས་པའི་གུང་མོའི་བེམ་ཏོལ་མ་ཡོ་བ་དང། བརྩེགས་པུ་མ་ཡོམ་འགུལ་བར་འཕྲལ་རྩ་ཐོབ་ལ་ཁྲག་ཕྱུང་ཞིག་།སྣའི་ཐོར་ཏོ་དང་མིག་སྒོ་སྣ་དྲུད་ག་མཚན
་གྱི་རྩར་གདབ་ན། བཙགས་རྩེ་འབྲས་འདྲ་བས་གང་བཅིང་ཁྲག་དབྱུང་ངོ། །ལྕེ་ལྐོག་གི་རྩར་གདབ་ན་ལྕེ་བཏེག་སྟེ་ཟློག་ལ་སོས་མནན་ཏེ། ལྕེའི་འོག་ན་ཡོད་པའི་རྩར་ཐོབ་ཅིག་།ནུ་མ་གཉིས་ཀྱི་བར་དང། མགུལ་བ་ཡན་རྩད་ན་ཡོད་པའི་ཆུ་ར་གདབ་ན་ཡང་མཚན་ཁུང
་ངན་འགུལ་བ་བསྡམས་ཏེ་རྩ་ཐོབ་ཅིག་།ལྟོ་བའི་རྩ་བཏབ་ན་ལྟོ་བ་ཐེག་ཏུ་མཉེས་ལ་ལྟོ་བའི་གོང་མཚན་བུང་དུ་དར་རམ་རས་ཀྱིས་བཅིངས་ཏེ། ལག་པ་གཉིས་ཀྱི་ཆང་བར་རྡོབ་ཚོངས་ལ་ལག་པ་བཅངས་ནས་གསུམ་པའི་རྩ་ཐོབ་ཤིག་།ལག་ངར་གྱི་བྲུ་མོ་ནད
་?་གང་བ་ན་བདོ་བར་འདུག་སྟེ། ལག་ངར་མི་བསྐུམ་པར་བརྐྱང་ལ་མཐེ་བོང་ཆང་པར་བཅུག་ལ་རྩ་ཐོབ་ཅིག་།གདབ་པའི་ས་ནས་གོང་དུ་སོར་བཞི་བཅལ་ཏེ་དར་རམ་རས་ཀྱིས་ཆིངས་ཤིག་།རྩིབ་ལོགས་གཉིས་ཀྱི་རྩ་གདབ་ན་དཔུང་བ་གཉིས་ཐུང་དུ་བརྐྱང་སྟེ། ཁུ
་?་བཅངས་ལ་རྩ་ཐོབ་ཅིག་།ཕོ་མཚན་གྱི་རྩ་གདབ་ན་ཕོ་མཚན་གྱེན་དུ་ཐེག་ལ་ཐོབ་ཅིག་།བྱིན་པའི་རྩ་གང་བན་བརླ་མན་ཆད་རྐང་པའི་བར་དུ་གཉིས་ལ་སྒབ་མ་ཅུང་ཟད་བརྐུམས་ཏེ། རྐང་པ་པོལ?་གྱི་ཐོག་དུ་རྐང་པ་གཅིག་གིས་ཀྱང་མནན་ལ། པུས་མོའི་གོང་དུ་དར་རམ།
་རས་ཀྱིས་བཅིངས་ལ་ལག་པས་ཀྱང་མནན་ཏེ་རྩ་ཐོ་གཅིག་།ཐབས་འདི་དང་འདྲ་བར་ནད་དམིགས་ཀྱི་གཏར་ཀ་གདབ་པའི་དམིགས་མིང་གི་བཤད་པ་གཞན་ལ་ཡང་ནད་གང་དུ་གཏར་ཀ་གདབ་པའི་དམིགས་ཡོད་པ་དེ་དག་ཏུ་བཅིངས་པའི་ཐབས་དེ་བཞིན་དུ་ཤེས་རབ
་ཀྱིས་ལ་ཐོབ་ཅིག་།ཤ་སྣག་བུ་ཆེ་བའི་ཐོག་ཏུ་གཏར་ཀ་གདབ་པའི་མིང་གིས་མ་བཤད་པ་གནན་ལ་ཡང། གང་དང་གང་དུ་གཏར་ཀ་གདབ་པོའི་དམིགས་ཡོད་པ་དེ་དག་ཏུ་བཅང་བའི་ཐབས་དེ་བཞིན་ཤེས་པར་གྱིས་མ་ཐོབ་ཅིག་།ཤ་སྣག་བུ་ཆེ་བའི་ཐབ་ཏུ་གཏར
་ཀ་འདེབས་ན། བཅགས་པུ་འབྲས་ཀྱི་སྲིད་ཀྱི་ཟབས་ཙམ་དུ་ཐོབ་ཅིག་།འཕྲལ་རྩ་བ་རུས་པའི་ཐོག་ལྟ་བུར་བཙིགས་པུ་སྟར་ཁས་འདེབས་ན་ནས་གྱི་ཕྱེད་ཙམ་གདབ་པའོ། རྩ་ལེགས་པར་ཐེབས་ནས་ཁྲག་གཟོགས་ཤིག་།རས་སམ་དར་གྱིས་བཅིངས་ལ། ཁྲོལ
་ཕན་ཆད་ནི་ཁྲག་མ་གཟགས་ཤིག་།གཏར་ཀ་གདབ་པ་ཉེས་ན་ཁྲག་ཟག་པའི་ཡུལ་ཡང་ཐུང་ལ་ཁྲག་མང་པོ་ཆེ་འབྱུང་ངོ། །དེ་ལྟ་བུ་ལ་རྨ་ཁར་ཏིལ་ཞིབ་ཏུ་བརྟགས་པས་གདབ་པོ། །བཙགས་བུ་ཧ་ཅང་གདབ་དྲགས་ན། ཁྲག་ཐོར་ཞེས་འབྱུང་བ་དང། སྒྲ་ཡོད་པར
་འབྱུང་སྟེ། ཁྲག་བཅད་ཀྱང་དཀའ་བར་འགྱུར་ལ། སྡང་བ་དང། འགོག་པ་དང། ཡང་ན་བསྡམས་པ་ལྷོད་དམ། མཚོན་རྡུལ་ལམ་ཟས་སྐོམ་འདྲངས་ཤིང་ངོམ་ཆེས་སམ། ཡང་ན་ཁོང་བ་རྨྱ་བ་འམ་བཤང་བཅིའི་ཤུགས་འོང་བར་གྱུར་ཏམ། དུགས་ལྟ་བུ་དྲེགས་ན
་ཡང་ཁྲག་འབྱུང་དུ་མི་རུང་ངོ། །ཁྲག་དེ་ལྟར་འང་དུ་མི་རུང་ན། སུག་སྨེལ་དང། པི་པི་ལིང་དང། ན་ལེ་ཤམ་དང། ལོ་དོད་གྲ་དང། སྐྱེར་བ་དང། རྒྱ་སྤོས་དང། ཁང་པའི་ཀ་གདུང་ལ་ཆགས་པའི་དུང་བ་དང། ལྕེ་མྱང་ཚ་འདི་རྣམས་བཏགས་ཏེ་ཏིལ་མར་དང
་སྒྱུར་ལ་རྨ་ཁར་བསྐུས་ཤིག་།ཁྲག་ལེགས་པར་བྱུང་ན་རྨ་ཁར་ཏིལ་མར་དྲོ་འཇམ་ཙམ་དང། ལྕེ་མྱང་ཚར་སྦྱོར་ལ་བསྐུས་ཤིག་།གཏར་ཀ་གདབ་པ་ལ་དང་པོར་ནད་ཁྲག་ཆུ་སེར་ལ་བརྒན་རྩི་འཁུས་པ་འདྲ་བར་འབྱུང་ངོ། །ནད་ཁྲག་ལེགས་པར་བྱུང་ནས་ཁྲག་རང
་འཆང་ངོ། །ཡང་ན་ཁྲག་བཟང་པོར་བྱུང་ན་དེས་ཆོ་ག་གིས་བཅིངས་པ་ཁྲོལ་ཅིག་།གལ་ཏེ་བོག་ཏེ་བརྒྱལ་ན་བཅིངས་པ་ཁྲོལ་ལ་བསིལ་ཡབ་ཀྱིས་གཡོབས་ཏེ། བརྟས་པ་དང་ཁྲག་སླང་ཡང་ཕྱུང་ཞིག་།ཡང་བོར་བར་གྱུར་ན་ཉི་མ་གཉིས་གསུམ་ངལ་སོས་ལ་ཐོབ
་ཅིག། དེ་ལ་རླུང་ནད་ཀྱི་ཁྲག་ནི་གནག་ལ་རྩ་དམར་བ་དང། ཁྲག་མདོག་རྩུབ་པ་ཁྲག་དབྱུང་བའི་ཐུགས་དྲག། མདོག་གསལ་ལ་དབུ་བཅན་དུ་འདུག་གོ་།མཁྲིས་པའི་ནད་ཁྲག་ནི་བསིལ་ཞིང་སེར་ལ་རྩ་གནག་མནམ་ལ་སྤྱི་བག་ཅན་ཁྲག་སྐ་སྟེ་མྱུར་དུ་མི་འབྱུང།
་ཁྲག་དྲོད་ཆེ་སྟ་ཆེ་ལ་ཁྲག་ཁ་དོག་ཚོན་ཅན་དུ་སྣང་ངོ། །བད་ཀན་གྱི་ཁྲག་ནད་ནི་འཇམ་ལ་ཅུང་ཟད་རྩ་དཀར་ལ། དྲངས་ན་ནལ་ནལ་བྱེད། ལག་པས་མྱངས་ན་འབྱིལ་བའི་འབྱར་བག་ཏུ་བྱེད་པ་སྐའོ། །རླུང་དང། མཁྲིས་པ་དང། བད་ཀན་གསུམ་ཆར་འདྲེས་པའི་ནད
་ཕྲ་གོན་དོན་ཞིང་དེ་གསུམ་གྱི་ཆུ་ལ་འདྲེས་པར་ཡོད་ལ། ཁྲག་མདོག་གན་གཅིང་ཀུན་འདྲེས་པར་འདུག་པའོ། །ནད་པའི་ཁྲག་དན་ན་ཉམ་ཆེ་ཡང་རུང་ཁྲག་སྲང་བཞི་བཅུ་རྩ་བདུན་ཙམ་ལས་དབྱུང་དུ་མི་རུང་ངོ། །ཁྲག་ཧ་ཅང་དབྱུང་དྲགས་ན་འཆི་བར་འགྱུར་རོ། །དེ་བས་ན
་ཁྲག་དབྱུང་དྲགས་ན་རླུང་ནད་ཀྱི་དཀྱིལ་མི་བཟད་པ་སྐྱེའོ། །དེ་ལ་ལྟག་ཁྲག་འབྱུང་དྲགས་པ་ལས་ལུས་མར་གྱིས་བྱུག་ཅིང་མཉེས་ཏེ། བཅུད་དང་འོ་མ་དང་ཁྲག་བཅུད་དང་ཁ་ཟས་བསོད་པ་བཟའ་། རླུང་ནད་ལ་ཕན་པའི་སྨན་བཏང་ངོ། །གཏར་ག་གདབ་སྟེ་ཁྲག
་ཚོད་པ་དང། ཏིལ་མར་གྱི་ནང་དུ་རས་འཇམ་པ་དང། བལ་གྱི་ལེའུ་བསྙུགས་ལ་རྨ་ཁར་བསྐུས་ལ། དབང་བཱུམ། རས་སམ། དར་གྱིས་བཅིངས་པ་ངལ་གྱི་གློད་ལ་ཆུ་བསིལ་བས་ཁྲུས་ཤིག་།ནད་ཁྲག་ཏུ་གྱུར་ཏེ་ཁྲག་ངན་ན་ནི་ཕྱེ་བར་ཕྲད་བསྐྱར་རོ། །ཡང་ན་ཕྱིར་ཉིན་སྐྱོར་ཅིག
་ནད་པར་སྔར་ཉམས་བརྟས་ཏ་སྣུམ་བག་གི་ཆོ་ག་བྱས་པ་ཞིག་ནི་ན་ཉམས་ཀྱིས་ཐུབ་པ་ཡིན་ཏེ། ཆོ་ག་བྱས་ནས་ཞག་གཉིས་ནས་གཏར་ག་ཐོབ་ཅིག་།ནད་པའི་ཉམས་ཆུང་ན་ནི་ཟླ་བ་ཕྱེད་ཙམ་བུ་སྣུམ་བག་གིས་བརྟས་ཏེ། དེ་ནས་གཏར་ག་ཐོབ་ཅིག་།གཏར་ག་བཏབ་སྟེ།
་ནད་ཁྲག་གི་འཕྲོ་ལུས་ཀྱང་ཅུང་ཟད་ཐེག་གེ་བ་ལྟར་བྱེད་ན་ནི་ཁྲག་གི་འཕྲོ་ལྷག་མ་མ་གཏར་ཀྱང་སླ་སྟེ། ཧ་ཅང་དབྱུང་དྲགས་པར་མི་བྱའོ། །གལ་ཏེ་རྔབས་རུས་ཉི་ཚེར་གཞིབ་པའི་དམིགས་ཤིག་ཡོད་ན་ནི་རྡུབས་རུས་ཐོབ་ཅིག་།ཡང་ན་ནི་ནད་འབྱུང་ལ། ནད་ཁྲག་ངན་པ་འབྱུང
་ཞིང་བརྩལ་པར་འགྱུར་བའི་སྨན་ཐོང་ཞིག་།སྨན་བཏང་བའི་དམིགས་ནི་མཁྲིས་པ་རྒྱས་པ་ལས་ཁྲག་ལུས་དེ་ན་བར་འགྱུར་རོ། །དེ་ལྟ་བུ་ལ་དམིགས་ཀྱིས་བྱེ་བྲག་དུ་བྱ་བ་ནི། བཀྲུ་སྤན་དང་སྐྱུགས་སྨན་གྱིས་བཀྲུས་ལ་མཁྲིས་པ་ཚ་བའི་ནད་ལ་ཕན་པའི་སྨན་བསིལ་བག
་ཐོང་ཞིག། ནད་ཁྲག་ངན་པ་ཡིན་གྱིས་ཀྱང་ཁྲག་རྒྱས་པ་ཙམ་དུ་མ་གྱུར་ན་ནད་ཁྲག་འབྱང་ཞིང་པགས་ཀྱིས་དབྱུང་བའི་སྨན་བཏང་བའི་ཐབས་ནི་དེ་ལྟར་བྱའོ། །གཏར་ག་གདབ་པ་ཞིག་ལ་ཁྲག་མི་ཆོད་ན་གཅོད་པའི་སྨན་ནི་རོ་དྲ་གསེར་ཁྲོམ་དང། གྷནདྷ་པྲི་ཡང་དང་རྨ་ཤིང
་དང། ཅོན་སྲན་མ་ཤ་དང། ཤིང་མངར་དང་བཅག་ཡུག་རྣམས་དང། ས་ནག་པོ་སྤྱི་བ་དང། ཕྱི་མོའི་དུམ་བུ་དང། ཟར་མ་དང། སྣག་ཚ་དང། ཅུག་ཧང་རང། ཁྲེ་དང་འདི་རྣམས་ཆ་བསྙམས་ཏེ་ཞིབ་ཏུ་བཏགས་ལ་རྨ་ཁར་ཐོབ་ཅིག་།བསིལ་བའི་སྨན་ཤུག་པ་ལ་སོགས་པ་བཏགས
་ཏ་ཆུ་དང་སྐྱར་ལ་བླུང་ངོ། །ཡང་ན་དེ་ལྟར་ཁྲག་མི་ཆེད་པ་དང། རྩེ་དེ་གཉིས་ཀྱི་གོང་དུ་གཏར་ག་གདབ་བོ། །ཡང་ན་ཐུར་མ་བསྲེགས་པས་རྨ་ཁར་བསྲེགས་ཤིང། གཏར་ག་གདབ་པའི་བཏིང་བ་མ་ལེགས་སམ། དབང་བུ་ལ་གདབ་པ་མ་ལེགས་ཏེ། ཡོ་བས་ནད་ཁྲག་མ་ཕྱིན་ཏམ
་ཁྲག་མངས་པ་ལྟ་བུར་གྱུར་པས་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་རྒྱས་པས་ནད་ཁྲག་ངན་པར་གྱུར་བས་རླུང་དང་མཁྲིས་པ་དང་བད་ཀན་རང་གི་གནས་སུ་མ་ཕེགས་མ་ལོན་གྱི་བར་དུ་ཁ་ཟས་ཕན་ཞིང་འཕྲོད་པ་དང། བྱེད་ཅིང་བསྐྱོད་པ
་ཡང་ཕན་པའི་ཚུལ་ཏུ་བྱ་ཞིང་བསྟེན་ཏོ། །ཁ་ཟས་ནི་ཧ་ཅང་ཚ་བ་དང་བསིལ་བ་ཡང་མ་ཡིན། ཡང་ལ་འཇུ་སླ་བ་དེ་ལྟ་བུའི་ཟས་སྐོམ་བཟང་སྟེ། དེ་ལྟར་གཏར་ག་གདབ་པས་དྲོད་ཀྱང་ལྷག་པར་ཆུད་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་རང་གི་གནས་སུ་བབས
་པ་ན་ཕན་པའི་ཆོ་ག་བྱ་ཞིང་དེ་ལྟར་བསྲུང་དགོས་སོ། །གཏར་ག་ལེགས་པ་ནི་བཞིན་མདོག་དང་དབང་པོ་རྣམས་དང་ཞིང་གསལ་བ་དང་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་ཡུལ་ལ་འཇུག་པར་མོས་ལ་ཁ་ཟས་འཇུ་བའི་དྲོད་ཀྱང་མ་ཉམས་ཤིང་འཇུ་ལ་བཤང
་བཅི་ཡང་ཐ་མལ་པར་འོད་ཉམས་བདེ་ལ་ཉམས་མཚག་བརྟས་ཤིང། སྟབས་དང་ལྡན་པ་དེ་ལྟ་བུ་ནི་ཁྲག་ནང་བྱང་སྟེ་ཁྲག་བཟང་པོར་འགྱུར་ཞེས་བྱའོ། །གཏར་ག་གདབ་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།ཁོང་དུ་མཚོན་ལུས་པ་དབྱུང
་བའི་ཆོ་གའི་ལེའུ་ཉི་ཤུ་རྩ་བརྒྱད་པ་བཤད་པར་བྱའོ། །མཚོན་ཟུག་རྔུ་ལུས་པ་ནི་རྣམ་པ་ལྔ་སྟེ། ཁོང་ན་ཡོན་པོར་འདུག་པ་དང། དང་པོར་འདུག་པ་དང། གྱེམ?་དུ་འདུག་པ་དང། ཐུར་དུ་འདུག་པ་དང་རྣམ་པ་ལྔའོ། །དེ་ལ་མདོར་མཚོན་ཁོང་དུ་ལུས་པའི་ཐབས་ནི།
་སྤྱིར་ནད་དམིགས་ཀྱི་ཐད་ཀར་ཤ་མདག་ནག་པོར་འདུག་ལ་སྐྲངས་ཤིང་ནད་ཁྲག་ཡང་དང་ཡང་ཁྲག?། སྐྲངས་ཤིང་རློ་བར་འདུག་པའི་རྨ་ཁ་ཉེན་ཀོར་དུ་ཆུ་བུར་འདྲ་བའི་ཐོར་བུ་ཡོད། ཤ་མཐང་སྟེ་ཉ་འཁོར་འཇམ་པོར་གྱུར་ན་དེ་ནི་མདོར་མཚོན་ཁོང་དུ་ལུས་བ
་ཞེས་བྱའོ། །པགས་པའི་བར་ན་མཚོན་ནམ་ཤིང་ཚལ་དུམ་བུ་ཡོད་ན་ནི། པགས་པའི་མདོག་ནག་ལ་སྲ་བར་འགྱུར་རོ། །ཤའི་ནང་ན་མཚོན་ནམ་ཤིང་ཚོལ་པ་ལུས་ན་ནི་སྐྲངས་པར་འགྱུར་ཏེ། རྨ་ལ་ལྷང་ལྷང་བྱེད་ཅིང་སྐྲངས་པའི་ཚབས་ལྷག་པར་ཆེ་སྟེ། བཅིང་བས་མི།
་བཟོད་ལ་གནག་སྟེ་རྨ་འཚེར་མི་རུང་བ་ཡིན་ནོ། །ཉའི་ནང་དུ་མཚོན་ནམ་ཤིང་ཚལ་ལུས་ན་ཤའི་ནང་དུ་མཚོན་ལུས་བྲང?་པ་དང་སྟེ་སྐྲར་བ་ནི་མ་ཡིན་ནོ། །ཆུ་བ་མང་པོ་དྲང་པའི་ནད་དུ་མཚོན་ནམ་ཤིང་ཚལ་ལུས་ན་འགུལ་ཞིང་བསྐྱོད་པའི་ཚེ་རབ་ཏུ་ནལ?་ནང་དུ་གའི་སྤུབས་ལ་གནོད
་པས་སྤུབས་ཀྱི་རང་རང་གི་ལས་ཀྱི་ཡོན་ཏན་ལ་གནོད་དེ་ཉམས་པར་འགྱུར་ལ་མཚན་ནམ་ཤིང་ཚལ་དེ་དབྱུང་ཡང་དཀའ་ཨོ། །ན་ཆེན་ན་མི་ཤིང་ཚལ་རྩེ་ལ་བབ་པ་ནི་རྟ་སྐྲངས་པར་སྣང་ངོ། །སྣའི་སྤུ་གུ་ལ་སོགས་ཏོ་སྤུ་གུ་ལྟ་བུའི་ནང་ན་མཚོན་ལུས་ན་སྤུ་གུ་སོ་སོ་རང་རང་གི
་ལས་ཀྱི་ཡོན་ཏན་ཉམས་ཏེ་གནོད་དོ། །རྩ་ཆེན་པོ་བཏུལ་མཚོན་ནམ་ཤིང་ཚལ་བབ་སྟེ་ལུས་ན་རླུང་དང་ཁྲག་དང་དབུ་བོར་འདྲེས་ཏེ། རླུང་བྱུང་བ་ནི་དབྱུགས་སྒྲ་ཅན་དུ་བྱུང་བ་དང་སྙིང་ན། རྐང་ལག་གི་ཡན་ལག་ནིའོ། །རུས་པའི་ཚིགས་ཀྱི་མཚམས་བོག་ཟའི?་ནང་དུ་མཚོན
་ལུས་ན་རུས་པ་བརྩེ་ལ་ན་བའི་ཚབས་ཆེའོ། །མཚོན་རུས་པ་ལ་བབ་སྟེ་ཡོད་པར་གྱུར་ན་ན་བའི་ཚུལ་དང་ཐབས་རུས་པ་གཅིག་པུ་ན་བ་མ་ཡིན་ཏེ། རུས་བ་ཀུན་ཏུ་ཁྱབ་པར་ན་ལ་སྐྲངས་པར་འབྱུང་ངོ། །རུས་པའི་ཚིགས་ལ་མཚོན་ཡོད་བ་འདྲ་བར་རུས་པ་ལ་མཚོན་བབ
་ན་ཡང་བསྐྱོད་ཅིང་འགུལ་བ་མི་ཤེས་ཤིང་གནོད་པ་ཡིན་ནོ། །ནད་གྲོལ་གྱི་རྒྱུ་མ་དང་པོར་ཀ་ལ་སོགས་པ་ལ་མཚོན་བབ་ན། ཁ་ཟས་དང་ངན་སྐྱུགས་རྨ། བར་སྣང་ལ་རྨ་ཕྱིར་སྐྲང་ངོ། །མཚོན་གནང་ལ་བབ་པར་གྱུར་པ་ནི་ནད་ལ་ཟུག་པའི་ཚུལ་བརྟག་པས་ཤེས
་པར་བྱའོ། །ཤའི་སུལ་དུ་མཚོན་འཐེབས་ཤིང་འཇུག་ན་ནི་ལུས་ལ་རྨ་དང། སྐྲངས་བློའི་བག་ཏུ་མི་མངོན་པར་མདོག་བཟང་པོར་འདུག་གོ་།གལ་ཏེ་དེ་ལ་རླུང་ངམ་མཁྲིས་པའི་བད་ཀན་གྱི་ནད་བསླང་ངམ། །དྲག་ཤུལ་ལས་སྣང་པར་གྱུར་ན་ནད?་ལངས་ཏེ
་ན་བར་འགྱུར་རོ། །མཚོན་ནམ་ཤིང་ཚལ་ཟུག་རྔུ་ཕྱིན་པར་གྱུར་ན་རྨ་ཁ་པགས་པའི་ཤ་མདོག་བཙན?་ཅན་མ་རུང་པར་འགྱུར་ལ། རྨའི་འཁོར་ན་ཞིང་དམར་ལ་ཚ་བ་དེར?་མིང?་བཞག་ན་འཇཱུམ། སྨན་ལྡེ་གུས་བྱུགས་ན་སྐམས་པར་འགྱུར་བ་དེར་མར?
་གྱིས་བྱུགས་ལ་དུགས་བྱ་ཞིང་མཉེ་སྟེ། མཚོན་ཟུག་རྔུ་ཁོང་དུ་ལུས་དང་མིག་དང་འདྲ་བར་གྱིས་ཤིག་།མཚོན་ཟུག་རྔུ་ཁོང་ན་ལུས་ཏེ་ཤ་མ་རུངས་པར་གྱུར་ན་བཀྲུ་སྨན་དང་སྐྲུགས་སྨན་གྱིས་བཀྲུས་ཏེ་ཤ་བྲི་བ་དང་ཟུག་རྔུ་ཡོད་པའི
་འཁར་ན་ཤ་སྙི་བར་གྱུར་ནས་བསྒུལ་ཤིང་སྤྱོད་པ་དང། ཙན་དན་དམར?་པོ་ལ་སོགས་པས་ནང་གི་ཟུག་རྔུ་ཐབས་ཇི་ལྟར་འདུག་པ་རྟོག་ཤིག། དེ་བཞིན་དུ་ནང་གི་ཆུ་བ་ཕྲེའུ་དང་རུས་པའི་ཚིགས་ཀྱི་བོག་རེ་དང། ནང་གྲོལ་རྣམས་ལ་ཟུག་རྔུ་ཡོད་པ་དེ་བཞིན་དུ
་རྟོགས་ཤིག། མཚོན་ཟུག་རྔུས་རུས་བ་མ་རུངས་པར་གྱུར་པ་བརྟག་པ་ནི། རུས་པ་ལ་མར་རམ་ཏིལ་གྱི་འབྲུ་མར་གྱིས་བྱུག་ཅིང་དུགས་བྱ་བ་སྔམ་ཞིང་བཅིར་བ་དང་མཉེ་བ་དང་རྐང་ལག་བརྐྱང་བསྐུམ་བྱས་པས་བརྟག་པར་བྱའོ། །རུས་པའི་ཚིགས་བོག་རེ་བརྟག་བ
་ཡང་རུས་པ་དང་འདྲའོ། །ཆུ་བ་དང་རྩ་དང་ལུས་ཀྱི་ལྦུ་བ་དང། ལུས་ཀྱི་རྩ་ཆེན་པོ་རྣམས་ལ་ཟུག་རྔུ་ཡོད་ན་ཡང། བརྟག་པའི་ཐབས་ནི་ལམ། མཐོ་དམའ་མི་མཉམ་པ་ལ་གྲོལ་པ་དང། ཤིང་རྟ་འགྲུལ་ཞིང་ཆགས་པའི་སྟེང་དུ་ཞོན་ལ་དྲག་ཏུ་སོང
་སྟེ་བསྐྱོད་བས་གར་ཟུག་ཅིང་ན་བའི་དམིགས་ལས་ཤེས་པར་བྱའོ། །མཚོན་ཟུག་རྔུ་གནང་ཏུ་བབ་པ་བརྟག་པ་ལོགས་ཤིག་ཏུ་མ་བཤད་དེ། དེ་དག་ཀྱང་ཤ་ལ་སོགས་པ་ལ་གནས་པ་ཡིན་པས་སྤྱི་ནི་རྐང་ལ་བརྐྱང་བསྐུམ་དང། གསིག་ཅིང་བསྐྱོད་པའི་ཚེ
་གར་ཟུག་ཅིང་ན་བའི་དམིགས་ལས་ཤེས་པར་བྱའོ། །མཚོན་ཁོང་དུ་ལུས་པའི་དབྱིབས་ཟླུམ་པོ་འམ། ཟུར་བཞི་པ་འམ། གུར། གསུམ་པ་འམ། ཆེན་པོ་གང་ཡིན་པ་མདོར་རྨའི་ཁའི་དབྱིབས་ལས་བརྟག་པར་གྱིས་ཤིག་།མཚོན་ཟུག་རྔུ་དེ་ལྟ་བུ་ཟུག
་པ་དབྱུང་བ་ཡང་ཕྱིར་དྲང་བ་དང། མདུན་ནས་དྲང་བ་དང། མཚོན་ཟུག་པའི་རྩ་བ་ནས་དྲང་བ་དང། མཚོན་གྱི་རྩེ་མོ་ནས་འབྱུང་ཞིང་དྲང་ངོ། །ཡང་ན་ཐབས་དེ་ལྟ་བུ་མ་ཡིན་པ་མཚོན་གང་ན་ཡོད་པའི་ཐད་ཀར་གོར་ཐལ་ཏེ་དྲངས་ནས་བདེ་བླག་ཏུ་ཕྱིན་ནོ།།
་མཚོན་བྲང་གི་གནང་ལ་བབ་པ་དང། མཚན་ཁུང་དང། བརླ་དྲུང་དུ་སེའི་བར་དང། རྩིབ་ལོགས་ལྟ་བུར་མཚོན་གྱིས་ཕོག་སྟེ་ཟུག་རྔུ་ལུས་པ་ནི་ཕྱིར་དྲང་ཞིང་དབྱུང་དུ་མི་རུང། མཚོན་གྱི་རྩེ་མོ་མི་མངོན་ནམ་མཚོན་ཆེ་འམ་བཅང་ཏུ་རུང་བར་སྣང་ཡང་གནོད་པའི་ནད་ཡིན་ན
་ཕྱིར་དྲང་ཞིང་བཅད་དུ་མི་རུང་ངོ། །མདེའུ་སྣ་བྲང་ལྟ་བུས་ཟུག་པ་ཡང་དབྱུང་དུ་མི་རུང་ངོ། །ཡང་ན་མདེའུ་ནང་དུ་ལུས་ཏེ་གནོད་པ་མེད་ན་ཞོག་ཅིག་།ཡང་ན་མདེའུ་ལག་གིས་ཟུང་ལ་དྲོངས་ཤིག་།མཚོན་སྣང་ལ་ལག་གིས་དྲང་དུ་མི་རུང་ན། དྲད་བའི་དཔྱད་འགྲུལ་འཁོར་གྱི
་མིང་སེང་གེའི་ཁ་ཞེས་བྱ་བ་དང། ཆུ་སྲིན་གྱི་ཁ་ལྟ་བུ་དང། སྲོག་ཆགས་འབར་མི་དང། སྲིན་བུ་ཀར་ཀ་དེའི་མཆུ་འདྲ་བས་མཚོན་ཅི་འདྲ་བའི་གཟུགས་བལྟར་མི་སྣང་ཡང་རྨ་ཁའི་དབྱིབས་དང་སྦྱར་ལ་དྲང་བའི་ཆ་བྱད་ཀྱིས་འཁྲུལ་འཁོར་གྱི་དྲང་ན་ཕྱིན་ཏེ། པགས་པའི
་བར་ན་མཚོན་ཡོད་པ་ནི་སྐམ་བུ་བྱ་ཀཾ་ཀ་དད་དང། བྱ་བྷྲཾ་ཀཾ་དང། བྱ་ཀུ་ར་རིའི་མཆུ་འདྲ་བ་དང། མདའའདྲ་བ་དང་སྨྱུང་བུ་འདྲ་བ་དང། །བྱ་རོག་གི་ཆུ་འདྲ་བར་བྱས་པའི་སྐམ་དུས་དྲོངས་ཤིག་།གསང་དང་སྤུ་གུ་ལྟ་བུར་མཚོན་ཐུག་པ་ལ་དྲད་བའི་འཁྲུལ་འཁོར་སྒོ་ལྕགས
་ལྟ་བུས་དབྱུང་ངོ། །ཡང་སྤུ་བ་དང། གསང་མ་ཕོག་པའི་མཚོན་འདམ་བུའི་སྤུ་གུ་ལྟ་བུར་དབྱུང་ངོ། །འདི་བཞིན་དུ་མཚོན་ཟུག་རྔུ་ཁོང་དུ་ལུས་པ་གཞན་ཡང་སོ་སོའི་མཚོན་དབྱིབས་ཇི་འདྲ་བའི་ཚུལ་དང་སྦྱོར་ལ་ལེགས་པར་དབྱུང་ངོ། །མཚོན་ཟུག་པ་ལག་གིས
་དྲང་དུ་མི་རུང་སྐམ་པས་ཀྱང་མི་ཕྱིན་པ་དེ་ནི་རྨ་ཁའི་ཆུ་སེར་དང་ཁྲག་བཅིན་ཇི་ཡོད་པ་ལེགས་པར་ཕྱི་ཞིང་བསལ་ལ་མར་དང་སྦྲང་རྩི་སྦྱར་ལ་རྨ་ཁར་བསྐུས་ལ་དྲུགས་བྱས་ནས། རྨ་ཁ་གཡོག་ཅིང་གླན་པ་འམ། བཅིང་བ་ཅི་ལེགས་པར་བྱས་ན། སྣགས
་པ་མཚོན་དབྱུང་བ་སླ་བར་འགྱུར་རོ། །རྩ་དང་ཆུའི་ནང་དུ་མཚོན་ལུས་པ་ནི་ཐུར་མས་བསྐྱོད་ཅིང་བསྒུལ་དེ་དྲོངས་ཤིག་།སྙིང་གའི་རུས་པ་ལ་མཚོན་བབ་པ་ནི་ཆུ་གྲང་མོས་གདོད་དུ་བཏབ་སྟེ་སྡངས་པ་དང། མཚོན་འགུལ་ཏེ་འཕགས་པར་གྱུར་པ་ལ་ཐབས་ཇི་ལེགས
་པར་བྱ་ཞིང་དབྱུང་ངོ། །མཚོན་ཇི་ལྟར་ཟུག་པ་དེའི་རྨ་ཁའི་བུ་ག་ནས་དབྱུང་དཀའ་བ་ལྟ་བུ་དང། གཞན་ཡང་དེ་བཞིན་དུ་དབྱུང་ངོ། །རུས་པ་ལ་མཚོན་བྲུག་པ་རྡང?་བ་ནི་རྐང་པས་བརྟེན་ལ་ཕྱུང་ཞིང། དེ་ལྟར་དྲངས་ཏེ་མ་ཕྱིན་ན་མི་སྟོབས་ཆེ་ལ
་སྙིང་ཆེ་ཞིང་བརྟན་པས་ལེགས་པར་དྲོངས་ཤིག། དེ་ལྟར་དྲངས་ཏེ་ཡང་མ་ཕྱིན་ན་མདེའུ་ཡི་རྩ་བ་བཀུག་ལ་གཞུ་རྒྱུད་ཀྱིས་ལེགས་པར་བརྟགས་ལ་རྟ་གཡུང་བརྟན་ཅན་གྱི་རྐང་ལག་དང་མཐུར་ནས་ལེགས་པར་བརྟགས་ཏེ། གཞུ་རྒྱུད་དེ་སྲབ་ཀྱི་ཡང་མིག་ལ་བརྟགས
་ལ་རྟ་ལྕགས་གིས་བཞུས་ཏེ་མགོ་དྲག་ཏུ་བཏེག་ན་ཕྱིན་ཏོ། །ཡང་ན་ཤིང་ཆེན་པོའི་ཡལ་ཀ་ཐུར་དུ་བཀུག་པ་ལ་གཞུ་རྒྱུད་ཐོགས་ལ་ཤིང་གི་ཡལ་ག་བཏང་ན་ཕྱིན་ཏོ། །གཞུ་རྒྱུད་ངན་ཏེ་ཆད་དུ་དོགས་ན་སྣོན་ཐག་བཟང་པོ་ཐོགས་ཤིག་།རྨ་ཁ་སྐྲངས་མདེའུ་མི་སྣང
་ན་སྤུ་བུ་དོང་བུ་ལྟར་འདུག་པས་རྨ་ཁ་ནས་མར་བཙིར་ལ་མཐེའུས་ཅུང་ཟད་རྡོབས་ལ་མདེའུ་རྩ་བ་སྨད་ན་རྩ་བ་ནས་ཟུང་ལ་དེ་བཞིན་དྲོངས་ཤིག་།སྤུ་བུ་ཅན་གྱིས་བཙིར་ཞིང་མདེའུའི་རྩ་བ་བརྟགས་ལ་མདེའུའི་རྩ་བ་བརྟགས་ལ་མདེའུའི་རྩ་བ་རྨ་ཁར་སྣང་དུ་མི་རུང
་ན་ཡང་སྤུ་བུ་རྨའི་བུ་གར་མདེའུ་རྩ་གཏད་ཅིང་སྣང་བར་བྱས་ན་མདེའུ་ཟུར་ཁ་ཚོན་ཆེ་སྟེ། དྲང་དུ་མི་བདེན་མདེའུ་ཟུར་གྱི་རྣ་བ་གཡས་གཡོན་སྐམ་པས་བཏབ་ལ་ཆུང་ངུར་བྱས་ཏེ་ཕྱུང་ཞིག་།མདེའུ་རྣ་བ་ཐོགས་པ་མེད་པ་ལྟ་བུ་ནི་ཁབ་ལོང་ཐོགས་ཏེ་རྨ་ཁ་ཕྱེ་ལ་མདེའུ
་དང་ཁག་ལོང་གཏུག་ཅིང་བསྟན་ན་རང་འབྱུང་བར་འགྱུར་རོ། །ལོང་ཀ་དང་རྒྱུ་མ་ལྟ་བུའི་ནང་དུ་མཚོན་ལུས་ན་བཀྲུ་སྨན་གྱིས་ཁོང་དུ་བྲུས་ཕྱུང་ཞིང། །མཚོན་གྱིས་རྨས་པའི་རྨ་འམ། སྣད་དེ་རྨ་བྱུང་བ་ལ་རླུང་གིས་ཕོག་གམ། དུག་རག་གམ། ནུ་མ་ལ་འབྲས་ལྟ་བུ་བྱུང་སྐྱེ
་གནག་ཅིང་ཆུ་སེར་ཟག?་པ་དང། རྨ་ལ་ན་རྣག་དང་ཁྲག་དང་ཆུ་སེར་ཡོད་པ་དང། ཆུ་ཤོར་བ་རྣམས་ལ་རྔ་བས་རུས་གཞིབ་ཅིང་བསལ་ལོ། །གྲེ་བའི་ནང་དུ་མདེའུ་འམ་གྲ་མ་འམ་ཉ་རུས་ལྟ་བུ་ཟུག་ན་པདྨའི་རྩ་ཕྲེའུ་དང། ཁ་ཟས་ལྷན་ཅིག་ལ་བལྡད་དེ། པདྨའི་རྩ་བའི་ཐོར
་ཏོལ?་ལག་གིས་བཟུང་ལ་ཐུར་དེ་མིང་པ་དང་མདེའུ་ལ་མཁྲིས་ཏེ་ཐགས་པ་ལ་ཕྱིར་དྲངས་ན་མདེའུ་ཕྱིན་ཏོ། །རྒྱ་སྐྱེགས་ཀྱི་ཤིང་གི་ཚིགས་ཁར་བཅུག་པ་ལ་གྲེ་བར་སོང་སྟེ་ཐོགས་ན་ལྕགས་ཐུར་བསྲེགས་ཏེ། སྨྱིག་གུའི་ནང་དུ་བཅུག་སྟེ་གྲེ་བའི་ནང་དུ་བཏང་ལ་ལྕགས
་ཐུར་ཚན་པོས་རྒྱ་སྐྱེགས་ལ་ཟུག་སྟེ་དམ་པོར་གྱུར་པ་དང། ཆུ་གྲང་འཐུ་དངས་ལ་ཕྱིར་དྲངས་ན་ཕྱིན་ནོ། །གྲེ་བར་རྒྱ་སྐྱེགས་མ་ཡིན་པ་གཞན་ཞིག་ཐོགས་ན། རྒྱ་སྐྱེགས་བཞུས་པ་སྤུ་གུ་ནས་བཏང་སྟེ་རྒྱ་སྐྱེགས་དང་འབྱར་བར་བྱོས་ལ་དྲོངས་ཤིག་།གྲེ་བར་སྐྲ་ཤང་ལྟ་བུ་དང
་གྲ་མ་དང་ཚེར་མ་དང། ཉ་རུས་ལ་སོགས་པ་གྲེ་བར་ཐོགས་ན་འཕྲལ་ལ་སྲོད་བུ་འཇམ་པོ་དང། ཟས་སུ་སྲེས་ལ་མིང་ལ་སླར་དྲངས་ན་ཕྱིན་ནོ། །ཁ་སྣར་དྲང་དུ་མི་རུང་ན་སོག་བྲག་ཏུ་བརྡེག་ཅིང་ཆུ་བཏུང་ངམ་ཁ་ཟས་ཟོས་ལ་ཐུར་དུ་མིང་པར་གྱིས་ཤིག་།མིག་གི་ནང་དུ
་སྤུར་མ་སོང་ངམ་རྨ་ཁར་སྤུར་མ་སོང་སྟེ་ན་ན། རྨ་ཁ་འམ་མིག་ཏུ་ཆུ་ལྷུག་ལ་སྐྲ་འམ་བལ་འཇམ་པོས་སོལ་ཞིག། ལྟོར་ཆུ་དྲགས་སམ་ཆུའི་ནང་དུ་སོང་སྟེ་ཁ་སྣ་ཆུས་གང་ན་ཁ་བུབ་ཏུ་རྐང་ལག་བརྒྱད་ལ་བཙིར་ཞིང་སློན་ཏོ། །ཡང་ན་སྐེ་མན་ཆད་ཐལ་བའི་ནང་དུ་ནུབ
་པར་བཅུག་ན་ཕན་ནོ། །རྣ་བའི་ནང་ཆུས་གང་ན་ཏིལ་མར་གྱི་འབྲུ་མར་དང་ཆུར་བསྲེས་ཏ། ལག་པས་དཀྲུགས་ལ་རྣ་པར་བླུགས་ན་དེ་ནས་རྣ་བའི་བུ་གར་ཐུར་དུ་བཏོན་ལ་རྣ་དྲུད་དུ་ལག་པས་བསྡམས་པ་འམ། ཡང་ན་གཞིབ་པར་གྱིས་ཤིག་།རྣ་བའི་ནང་དུ་སྡིག་སྤུར་རམ
་སྲིན་བུ་སོང་ན་རྣ་བའི་ནང་དུ་ཚྭ་ཆུ་དྲོ་འཇམ་ཙམ་འམ་ལན་ཚྭ་དྲོ་འཇམ་ཙམ་གྱིས་དགང་བར་བྱའོ། །སྲིན་བུ་རྣ་བའི་ནང་དུ་ཤིན་སྲིན་བུའི་ཁོག་པ་དབྱུང་བའི་ཆོ་ག་གྱིས་ཤིག། རྒྱ་སྐྱེགས་ལྟོར་སོང་བ་དང། གསེར་དངུལ་ལ་སོགས་པ་ལྟ་བུ་ལྟོར་སོང་ངམ། ཁོང་དུ་ལུས་བ་ནི་ཡུན
་རིང་དུ་འདུག་གོ་།མདེའུ་ལ་སོགས་པ་མཚོན་དང་ཟུག་རྔུ་གཞན་ཁོང་དུ་ལུས་པ་ནི་ལུས་ཀྱི་དྲོད་ཀྱིས་འཇུ་བར་འགྱུར་རོ། །ཁོད་པའི་ནང་དུ་ས་དང། འོང་མའི་ཚལ་དང། ཤིང་ཚལ་དང། རྭ་དང་རུས་པ་དང། སོ་དང་སྐྲ་དང། རྔོ་བ་ལ་སོགས་པ་རྣམས་སང་བ་ནི་འཇུར་མི་རུང་ངོ། །རྭ་དང
་འོད་མའི་ཚལ་པ་དང། ལྕགས་དང། ཤིང་ཏཱ་ལའི་ལོ་མ་དང། ཤིང་ཚལ་ལ་སོགས་པ་ནི་ཡུན་རིང་དུ་ཡང་མི་འཇུ་སྟེ། དེ་བས་ན་ཤ་དང་ཁྲག་ནི་ཟུག་རྔུའི་དྲོད་ཀྱིས་ཚོས་པར་འགྱུར་གྱི་ཟུག་རྔུས་འཇུ་བ་མེད་ན་རྒུ་བོ་ཅན་དུ་འགྱུར་རོ། །མཚོན་ནས་ཟུག
་རྔུའི་ཤའི་ནང་དུ་ཚབས་ཆེར་ཟུག་པས་རྨའི་འཁོར་ཚ་ཞིང་ན་བའང་མེད་པ་དེ་ལྟ་བུ་ལ་མཉེ་ཞིང་དུགས་བྱས་ལ། བཀུ?་སྨན་དང་སྐྱུགས་སྨན་གྱིས་སྦྱངས་ཏེ་ཤ་དབྲིའོ། །ཤ་དབྲི་དྲགས་ན་ཅུང་ཟད་སླར་བརྟས་ལ། སྨན་ཚ་བ་རྣོན་པོ་དང་སྦྱར་ལ་ཕུར་མའི་དུགས་བྱ་བ་དང།
་ཁ་ཟས་ཀྱང་བྱིན་སྐོམ་ཡང་བླུང་ལ། དེ་ལ་ཞལ་ཞལ་བཏབ་སྟེ་ནད་ཁྲག་ཕྱུང་ཞིག། ཕུར་མའི་དུགས་བྱ་སྟེ་ནད་ཁྲག་ཕྱིན་པ་དང། རྨ་དང་བཙན་རྣམས་སྨིན་ཏེ་དུས་ལ་བབ་པ་དང། རྨ་ཁ་དྲལ་ལ་མཚོན་ནམ་ཟུག་རྔུ་གང་ལ་འདུག་པ་བཙལ་ཞིང་བརྟགས་ལ། རྨ་ཁ
་བསལ་ཞིང་ཆེ་ལ་ཟུག་རྔུ་ཕྱུང་ཞིག་།ཁོང་དུ་མཚོན་དང་ཟུག་རྔུ་ལུས་པ་དེ་ཅི་འདྲ་བ་གང་ན་ཡོད་ཇི་ལྟར་འདུག་པ་བརྟགས་ལ། དེའི་ཚུལ་དུ་མཚོན་དབྱུང་བའི་ཆ་དཔྱད་ཌ་འཁྲུལ་འཁོར་ཡང་སྣ་མང་པོར་སྦྱོར་ཏེ། སོ་སོའི་ཐབས་དང་སྦྱོར་བ་མཁས་པ་རྣམས་ཀྱིས་གྱིས་ལ
་མཚོན་ཟུག་རྔུའི་དམིགས་ཁོང་དུ་ཆུད་པར་བགྱིས་ཏེ། མཚོན་ཟུག་རྔུ་ཕྱུང་ཞིག་།ཁོང་དུ་མཚོན་དང་ཟུག་རྔུ་ལུས་པ་དབྱུང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ།། །།ཐོར་བུ་ལ་སོགས་པ་སྐྲངས་པ་དང་སྨིན་པ་དང་སྣགས་པ་ལ་གཏང་ཀ་གདབ
་བའི་ཆོ་གའི་ལེའུ་ཉི་ཤུ་དགུ་བ་བཤད་པར་བྱའོ། །ཐོར་བུ་ལྟ་བུ་དང་པོ་སྐྲངས་པ་ལས་སྨིན་ཏེ། རྣགས་པ་དང། བཏོན་ཏེ་རྨ་འབྱུང་ངོ། །ཐོར་བུ་དེ་བས་ན་དེའི་ཆོ་ག་ནི་སྐྲངས་པ་དེ་མ་སྨིན་མ་བརྣགས་པར། སྨན་བསིལ་བའི་ལྡེ་གུ་དང་ཆུས་གང་བཅིང་གཏར་ཀ་གདབ་ལ
་ཁྲག་དབྱུང་བ་དང། བཀྲུ་སྨན་ལ་སོགས་པ་བཏང་བས་འཁྲུ་ཞིང་སྨན་དེ་སྨིན་པར་མི་འགྱུར་བར་བསྲུངས་ཤིག། ཐོར་བུ་དེ་མ་སྨིན་བ་ནི་སྐྲངས་པ་ཆུང་ངུ་བྲི་བ་དང། ཆ་བའི་དྲོད་བྲི་བ་དང། ཐོར་བུ་མ་སྨིན་པ་དེའི་མདོག་དམར་ཡང་མ་གྱུར་ལ་སྲ་ཞིང་བརྟན་བར་ཡང་འདུག་གོ།
་ཐོར་བུར་སྨིན་པ་ནི་མདོག་འགྱུར་ལ་ནག་པོར་སྣང་རྐྱང་པུ་གང་བ་བཞིན་དུ་འདུག་སྟེ། ན་ཞིང་ཟུག་ལ་གྲམ་ཞིང་འཕྲོ། །ལུས་ཀྱི་ཡན་ལག་བརྡུང་བ་སྙམ་བྱེད་ལ་བླ་ལ་འབྱུང་ཞིང་ན། ཟས་ཡི་གར་མི་འོང་ལུས་ཚ། རིམས་ཀྱིས་འདེབས་གཉིད་ཆེ། ཐོང་བུ་སྐྲངས་པ་དེ
་ཚ?་བྱང་ནི་མར་བཞག་ན་འཇུ་བ་སྟེ། རྨ་དང་འདྲ་བར་རེག་ན་མི་བཟོད་པ་ཡིན་ནོ། །རྨ་དེ་བརྣགས་པ་ལས་ཅུང་ཟད་རྩེ། གཞིལ་བ་ནི་ཐོར་བུ་སྨིན་པ་དེ་ན་བའི་ཤུགས་འབྲིལ་རྙིས་བག་ཏུ་འདུག་།ཐོར་བུ་དཀར་ལ་གཉེ་ངམ་ཆུམ་ཆུམ་བྱེད། ཐོར་བུ་དེའི་མཛའ་མ་ནི་ཞུམ་ཞིང
་??་དབུས་ནི་མཐོ། །གཡའ་བ་དང་སྐྲངས་པ་ལ་སོགས་པ་འཇམ་པར་འགྱུར་རོ། །ཐོར་བུ་སྨིན་པ་དེ་ལས་བརྣགས་པར་གྱུར་ན་ལག་གིས་མྱང་ན། རྐྱལ་པའི་ནང་ན་ཆུ་ཡོད་པ་ལྟར་ཕན་ཚུན་རྒྱུར་རུང་ངོ། །དེ་རླུང་གི་ཤས་ཆེན་ནའོ། །མཁྲིས་པའི་ཤས་ཆེན་ཚའོ?།།
་བདག་ན་གྱི་ཤས་ཆེན་སྐྲང་ངོ། །ཁྲག་གི་ཤས་ཆེན་དམར་པོར་འགྱུར་རོ། །རླང་དང་མཁྲིས་པ་དང། བད་ཀན་ལ་སོགས་པ་རྣམས་མེད་ན་དེ་ལྟར་འགྱུར་རོ། །རླུང་དང་བད་ཀན་དང། མཁྲིས་པ་དང། །བྲག་རྣམས་རྒྱས་པ་ལས་ཐོར་བུ་དེ་སྨིན་པར་འགྱུར་རོ། །རྨ་སྨིན་པར་གྱུར
་པ་དེ་མ་བརྟོལ་གྱི་བར་དུ་རྣག་གིས་ཕག་འཆའ་སྟེ། པགས་སྲབ་པོར་འགྱུར་ལ། ནད་ཀྱིས་ཟོས་ནས་རྡོལ་ལ་ཐུག་སྟེ། གཉེར་མས་གང་བ་དང། མདོག་ནག་པོར་འགྱུར་ཏེ། ལུས་ཀྱི་ཤ་ཡང་འདྲུལ་བ་དང། བད་ཀན་གྱི་ཤས་ཆེ་བའི་སྨིན་ཅིང་སྣགས་པ་དེ་ཁོང་དུ་ཟབས
་ཆེར་ལྷུང་ལ་རྣག་ཁྲག་གིས་གང་བ་དེ་ལྟར་གྱུར་པ་ནི་ཐོར་བུ་བརྣགས་ཤིང་སྨིན་པའི་རྟགས་ཡིན་ནོ། །ཁྲག་གི་ཤས་ཆེ་བའི་སྨིན་ཅིང་བརྣགས་བ་ནི་སྐྲངས་པ་བསིལ་པར་གྱུར་ཅིང། པགས་པའི་མདོག་སྔ་མ་བཞིན་གྱུར་ལ་རེག་ན་རྔོ་བ་བཞིན་སྲ་སྟེ། འདི་ལྟ་བུ་ནི་ཁྲག
་གིས་སྨིན་པ་ཡིན་པར་ཐེ་ཚོམ་མེད་པས་མཁས་པས་ཤེས་པར་གྱིས་ཤིག། མི་སྙིང་སྟོབས་ཆུང་སྟེ་སོ་ག་སྙམ་མེད་པ་དང། ཉམ་ཆུང་བ་དང། བྱིས་པ་ལྟ་བུ་ལ་མི་ཐོང་བུ་སྨིན་ཏེ་རྣག་འཕྱོ་བའི་ཚེ་ན་ཚབས་ལྷག་པར་ཆེའོ། །ནད་དང་རུས་པའི་ཚིགས་པོ་གར་ལ
་*།།སོགས་པའི་མཚམས་སུ་ཐོར་བུ་བྱུང་བ་ནི་ཉེན་ཆེ་སྙེ?་མཚོན་གྱིས་རྟོལ་དུ་མི་རུང། དེ་ལྟ་བུ་ལ་ནི་རྡོལ་བར་འགྱུར་བའི་རྩི་སྨན་གྱིས་བསྐུའོ། །ནད་ཀྱིས་ཉེན་ཡོད་པ་མ་ཡིན་པ་གཞན་པ་ནི་མཚོན་གྱིས་བརྟོལ་ཞིང་དྲལ་དུ་རུང་ངོ། །ཐོར་སུ་མ་སྨིན་པར
་དྲལ་བ་དང། རྩ་ཆད་བ་དང། ཆུ་བ་ཆད་བ་ལས་ཁྲག་ཧ་ཅང་མང་དུ་འབྱུང་བ་ནི་འཆི་བའི་ཉན་དུ་འགྱུར་བའམ། ཡང་ན་ནད་ཚབས་ཆེན་པོར་འགྱུར། ཡང་ན་མཚོན་གྱི་དྲལ་བའི་རྨའི་འཁོར་དུ་ཐོར་བུ་སྐྲངས་བ་འགྱུར་བར་འགྱུར་རོ། །ཐོར་བུ་མ་སྨིན་པར་རྡོལ་ན་རྨའི་ཐ་མ
་དང་རྩ་དང། རྒྱུས་པ་དང། ཤལ་རྣག་ཁྲག་གིས་བཀང་སྟེ། རྩ་ལ་མེ་མཆེད་པ་བཞིན་རྣག་གི་དཀྱེལ་སྐྱེས་ནས་ཚབས་སྲེག་གོ། མི་བླུན་པོ་མི་ཤེས་པ་ཐོར་བུ་མ་སྨིན་པ་རྡོལ་པ་དང། ཐོར་བུ་སྨིན་ཏེ་བརྣགས་པར་གྱུར་ན་ཡང་མ་རྡོལ་བ་ནི་ཕན་གནོད་ཀྱི་དམིགས་མི
་ཕྱེད་བའི་མི་རིགས་དན་ཁྱི་ཤ་ཟ་བ་དང་འདྲ་བར་བལྟའོ། །རྨ་བརྟལ་བའི་དཔྱད་ནི། སྔར་ཁ་རུངས་ཡི་གར་མི་འོང་བ་ཟོས་ལ་འཚལ་ནན་ནི་ཕོག་སྙལ་ཕན་པར་ཆང་བླུད་དོ། །དེ་ལྟར་སྔར་ཟོས་པས་ནི་མི་བརྒྱལ་མི་འབོགས་པར་འགྱུར་རོ། །ཆང་འཐུངས་པས་ནི་བཟི་སྟེ་ཕོག
་སྙ་ཆེ་བ་ལ་ཕན་པར་འགྱུར་རོ། །འདི་ལྟ་བུ་བརྟོལ་བ་མ་གཏགས་བར་གཞན་བུད་མེད་ཀྱི་རུམ་དུ་བུ་ཤི་བ་དང། མདེའུ་དབྱུང་བ་དང། ཁ་ལྕེ་སྐྲངས་པ་བརྟོལ་པ་དང། དམུ་རྫིང་བརྟོལ་བ་ལྟ་བུ་ལ་ནི་སྔར་ནད་པ་ལ་ཟས་སྐོམ་མི་སྦྱིན་ཞིང་མི་བླུང?་བར་བརྟོལ་ལོ། །རྣག་བརྟེལ
་ན་སྨན་བས་ཆ་སྤྱད་སྟ་གོན་བྱས་ལ་ནད་བ་ཁ་ཤར་ཕྱོགས་སུ་བསྟན་ཏེ། མི་སྟོབས་པོ་ཆེས་ནད་བའི་ལུས་དང། རྐང་ལག་མི་འགུལ་བ་བསྡམ?་སྟེ། སྨན་པ་མདུན་དུ་འདུག་ལ། གནད་ལ་སོགས་པ་ཉེན་རྣམས་བཞག་སྟེ་བརྟོལ་བའི་སར་ཤའི་ཤུགས་བཞིན་དུ
་བཙགས་ནོན་པས་རྣགས་པའི་དཀྱེལ་ཆེ་ཡང་རུང། རྣག་ཀུན་ཕྱིན་པར་ཅིག་ཅར་ལྷན་ཅིག་ཐོབ་ཅིག། གདབ་ལའི་ཚད་ནི་རྨ་ཁ་སོར་གཉིས་དྲལ་ལ། ཟབས་སུ་ནི་སོར་གསུམ་བཏབ་ལ་དེ་ནས་ཕག་ཅི་ཡོད་པ་ཡང་མཛུབ་མོའམ། པདྨའི་ཆུ་བ་འམ་ཕག་ཟེ་འམ་རྟ
་རྔ?་ཡང་རུང་ཐོག་ཐག་ཏུ་ཕག་གི་ཡང་ཅི་ཡོད་པ་ཚོལ་ཅིག། ཕག་བཙལ་ཏེ་གང་རུ་ཕག་བྱུང་བའི་དམིགས་སུ་ཡང་བཏབ་ལ་རྣག་གི་དཀྱེལ་ཆེ་བ་དང། རིང་དུ་མ་མཆེད་ཅིང་ནད་དམིགས་སུ་མ་གྱུར་པར་རྣག་གི་དཔྱིས་ཕྱིན་པར་བྱའོ། །དེ་ལྟ་བུ་བརྟོལ་ཞིང་བཀྲལ་བའི་སྨན་པ
་ནི། ལ་གོར་ནྱུང་ཞིང་མཚོན་རྣོན་པོ་མི་གཏར་མི་རུལ་ལ་མ་རྨོངས་པ་འདི་ལྟ་བུ་ནི་སྨན་པ་བཙིགས?་ཀྱིས་འདེབས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དཔྲལ་རྩ་དང། སྨིན་མཚམས་དང། སྙིང་ག་དང། སྐེ་རྩ་དང། ལྟོ་བ་དང། །ཆན་ཁུང་དང། མིག་རྩ་དང། མིག་ཕུགས་དང།
་མཆུ་དང། མཁུར་ཚོས་དང། བརླ་དྲུང་དང། ཆུ་སོའི་བར་དུ་གདབ་པ་འདི་རྣམས་སུ་གདབ་ང?་ནི་འདྲ་སྟེ། དྲང་པོར་མ་བཏབ་ན་རྩ་དང་ཆུ་བ་ལ་སོགས་པ་ཆད་དེ་མ་རུང་བར་འགྱུར་རོ། །བཙགས་ཀྱིས་བཏབ་ནས་གལ་ཏེ་འབོག་གམ་བརྒྱལ་ན། ཆུ་དྲང་མོས་ནད་པ་ལ་གདབ་ཅིང་དབུགས
་འགྱུར་བ་དང། དག་སྙན་པས་ཡིད་བཞིའོ། །བཙགས་ཀྱིས་བཏབ་སྟེ་རྣག་ཁྲག་ཟགས་ནས་རྨའི་མཛའ་ཐོག་ཏུ་ལག་སོར་གྱིས་རྣག་ཁྲག་དང་ཆུ་སེར་བཙིར་ལ། ཆུ་སེར་ཡན་ཆད་མ་ལུས་པར་བཙིར་ཏེ། དེ་ནས་ཤིང་མངར་གྱེ་ཆུས་བཀྲུ་ཞིང་ར་དང་འཇམ་པོའི་ཤིང
་མངར་ཆུའི་ནང་དུ་བཅུག་པས་རྒྱང་ཕྱིས་ཤིག། དེ་ནས་གདོན་ལ་སོགས་པས་མི་ཚུགས་ཤིང་བསྲུང་བའི་བདུག་པ་དང། གུ་གུལ་དང། ཨ་ཀ་རུ་དང། ཡུངས་ཀར་དང། ཤིང་ཀུན་དང། ས་ཅི?་རས་འདི་རྣམས་སྦྱར་བས་རྨ་ཁར་འདུག་གོ། དེ་ནས་རྨ་ཁར་སྨན་གདབ་ཅིང
་གཡོད་བ་མ་ལྕེ་མྱང་ཚྭ་དང། ཤུ་དག་དང། ཤིང་ནི་སྦའི་ལོ་མ་དང། ཏིལ་བཏགས་པ་དང། ཤིང་མངར་ཕྱེ་དང། རླུང་ངམ། བད་ཀན་ནམ། མཁྲིས་པ་ཅི་ལས་གྱུར་པའི་སྨན་དང་ཡང་སྦྱར་ལ། མར་དང་རྫིས་ཏེ་ཆང་བུ་བྱས་པ་རྨའི་ནང་དུ་བཅུག་ཅིང་རྨ་ཁར་སྨན་འདི
་བསྐུ། རྨ་ཁ་དང་བཙན་ཀུན་གྱི་སྟེང་དུ་ཡང་སྨན་འདི་ཉིད་ཀྱི་ལྡེ་གུ་མར་དང་ཕྱེར་སྦྱར་བས་བསྐུ་བར་བྱ་སྟེ། སྡུག་ཏུ་གཡོགས་པ་དེའི་ཐོག་ཏུ་གློད་འཇམ་པོས་གཡོག། དེའི་ཐོག་ཏུ་ཡང་ཤིང་བུ་ཕྲ་མོ་གཏམས་ཏེ་གཤིབས་ལ། སྲད་བུ་འམ་རས་ཀྱིས་རན་པར
་ལེགས་པར་ཆིངས་ཤིག། བཅིངས་པ་དེ་ཡང་གློ་དང། གཡས་གཡོན་དུ་མ་ཡོ། །སྟེང་འོག་ཏུ་མ་སོང་བར་བཅིང་བ་དང། སྟེང་ཐུར་མ་སྲ་མོས་མནན་པ་ཡང་ཕྲ་ཞིང་སྲ་བ་བརྟན་པ་འཇམ་པ་མཉེན་པ་མ་འཁུམ་པར་གྱིས?་ཏེ་ཆིངས
་ཤིག་།ཞག་གཉིས་ཀྱི་བར་དུ་ནི་རྨ་དེ་བག་བྱ་ཞིང་མཚན་མོ་བསྲུང་ངོ། །གཏོར་མ་ཡང་གཏོར་ཅིག་།འདྲེ་གདོན་ཐུབ་པར་བྱ་ཞིང་བསྲུང་བའི་སྨན་སྤྱི་བོ་ལ་གདབ་པའི་སྨི་དང། གི་ཧཾ་མ་ཏི་དང། གུ་ཧ་དང། ཛ་ཏིལ་དང། བྲཧམ་ཙ་རི་ནི་དང། ཤུ་དག་དང། ཚང
་དྲ་མ་ཏི་དང། ཚང་དྲ་དང། རྩ་དུ་རྭ་དང། ཡུང་དཀར་དང་འདི་རྣམས་སྤྱི་བོར་ཡང་གདགས་།བསྲེགས་པའི་དུད་བས་ཀྱང་བདུགས་ཤིག། ཟས་སྐོམ་བསྡམ་པའི་ཆོ་ག་ནི་སྣུམ་བག་བཏང་བའི་ཆོ་ག་དང་འང་སྟེ། ཁ་ཟས་དང་སྐོམ་བསྡམ། བུད་མེད་དང་མི
་འཕྲང། ཉིན་པར་ཉལ་དུ་མི་རུང་ངོ། །བུད་མེད་དང་མ་ཕྲད་ཀྱང་དྲན་ནམ་རེག?་གམ་མཐོང་སྟེ་ཁུ་བ་བྱུང་ན་ཡང་རྨ་ཁ་གཡའ། རྨ་ཁ་དམར་ཞིང་སྙུམ་བོར་འབྱུང་ན་ཞིང་སྐྲང་གནག་འཁྱིམས་ཏེ་བུད་མེད་དང་མ་ཕྲད་ཀྱང་གནོད་བའི་ཉེན་དེ་ལྟར་འགྱུར་རོ། ཁ་ཟས
་ནི་ཅི་དང་ཅི་འཕྲོད་བ་ཟ་སྟེ་ནས་དང། གྲོ་དང། འབྲས་ཞག་དྲུག་ཅུས་སྨིན་པ་དང། སྲན་ཆུང་དང། མེན་སྲན་རྡེའུ་དང། ཏུ་བ་རི་དང། ཛི་བནྟི་དང། ནི་ཤི་ནཱ་ག་དང། ལ་ཕུག་གཞོན་ནུ་དང། རྟག་དང། རྟན་དུ་ལི་ཡ་ག་དང། རྒྱ་སྣེའུ་དང། ཀ་ར་བེལླ་ཀ་དང། ཀརོཏ?
་ཏ་དང། ཁ་ཏོ་ལའི་འབྲས་བུ་དང། ལྕེ་ཚྭ་དང་ཁལ་པོ་སེའུ་དང། སྐྱུ་རུ་ར་དང། འདི་རྣམས་གསོས་སྦྱར་ཞུན་མར་ལ་བརྡོས་ཏེ། བཙོས་ལ་བསྒྲངས་བ་དང། འབྲས་དང་འབྲུ་བག་རྙིང་བའི་ཟས་དང། ཡུལ་སྐམ་སའི་བྱ་ཤ་ཟོས་ན་རྨ་དེ་མྱུར་དུ་འཚོ། ཁ
་ཟས་ཚོང?་བཟུང་སྟེ་ཆུང་ངུ་བཟའ་། ཟས་ཕན་པ་དུས་གཅིག་ཏུ་ཟོས་ན་འཇུ་སྟེ་བདེའོ། །ཁ་ཟས་མ་ཞུན་རླུང་ནད་ལ་སོགས་པ་ལངས་ཏེ། ནད་ཕྱིར་ན་ཞིང་སྐྲབས་པ་དང། བརྣགས་པ་དང་ཚ་བ་དང། ཕྱིར་སྐྲང་བར་འགྱུར་རོ། །ཁ་ཟས་དམིགས་ཀྱི་མི་རུང་བ་ནི
་འབྲུ་བག་གསར་པ་དང། ཏིལ་དང། མོན་སྲན་བྲེའུ?་དང། ཆང?་དང། ཡུལ་གཤེར་ཆེ་བའི་ཤ་དང། འོ་མ་དང་བུ་རམ་ཤིང་དང། བུ་རམ་ཆད་དང། སྐྱུར་བག་དང། ལན་ཚ་ཚ་བའི་བག་དང། འདི་རྣམས་མི་རུང་སྟེ་སྤང་ངོ། །ཁ་ཟས་གཞན་ཡང་རྟག་སྐམ་གྱིས
་འདོགས་པར་འགྱུར་བ་དང། ཚ་བར་འགྱུར་བ་དང། ཟས་ལྕི་བ་དང། ཟས་བསིལ་བ་འདི་རྣམས་ལྟ་བུའི་བག་མི་རུང་ངོ། །འབྲུ་སར་བ་ལ་སོགས་པ་ཀུན་རྨ་རེང?་བར་འགྱུར། །ནད་ཐམས་ཅད་སློང་བར་བྱེད་དོ། །ཆང་ལྕི་བ་དང། ཁ་ཟས་རྩུབ་པ་དང། སྐྱུར་བག
་རྣམས་ཀྱིས་རྨ་མྱུར་དུ་རེང?་ཅིང་གནོད་པར་འགྱུར་རོ། །མི་བྱིབ་པར་བསིལ་ཞིང་སྨན་པ་ལ་དང། །ུ་ཤི་རའི་བསིལ་ཡབ་ཀྱིས་གཡོབས་ཤིག། རྨ་ཁར་བྲག་ཤུལ་གཟུགས་པ་དང་ཕྲུག་པ་ལ་སོགས་པ་མི་བྱའོ། །བསྐྱོང་ཅིང་འགུལ་བ་ལ་བག་བྱའོ། །བྲམ་ཟེ
་ལྟ་བུ་ལ་སོགས་པ་དང་ལྷན་ཅིག་གཏམ་བྱ་ཞིང་རྨ་འཚོ་བའི་གཏམ་གྱིས་ཤིག། དེ་ནས་ཉི་མ་གསུམ་ལོན་བ་དང། དཔྱད་སྔ་མ་དང་འདྲ་བར་རྨ་ཁ་ཕྲོ་ལ་ཏེ་སྨན་གྱི་ཕུབས་བཀྲུ་ཞིང་བཙིར་ལ་སྔ་མ་བཞིན་དུ་གྱིས་ཤིག་།ཐོག་མར་རྣག་བརྟོལ་ཏེ
་རྣག་ཁྲག་བཙིར། རྩི་སྨན་གྱིས་བྱུགས་ནས་རྨ་ཁ་གླན་ནས་བྱུགས་པ་ཞག་གསུམ་མ་ཚང་བར་ཞག་གཉིས་ལོན་པ་དང། རྨ་ཁ་དབྱེ་ཞིང་བཅོས་སུ་མི་རུང་ངོ། །དེ་ལྟར་ཡོད་ནི་རྨ་ཁ་གླན་པ་དང་བཅིང་བ་མ་ལེགས་ན་རྨ་རབ་ཏུ་ན་ལ?་རྨ་ཡུན
་རིང་དུ་མི་འཚོའོ། །རྣག་གི་ཕག་མི་འཆས་པས་བྱ་བའི་དཔྱད་རས་ཀྱི་ཁ་ཚང་འཇམ་པོ་མར་དང་སྦྲང་རྩི་བྱུགས་ལ་རྨ་ཁའི་བུ་ག་ནང་དུ་བཞག་པ་དེ་མར་ཧ་ཅང་ཆེས་སམ། སྦྲང་རྩི་ཆེན་ཡང་མི་རུང། བཅིངས་པ་ལྷོད་དམ་དམས?་སམ། ཡ་ཡོ
་ཁྱེར་ཏེ་མ་ལེགས་ན་ཡང་མི་རུང། རྨ་ཁར་སྨན་ལྡེ་གུས་གློན་པ་དྲགས་སམ། ཞུན་མར་དང་ཏིལ་མར་དྲགས་ན་ཡང་??་ཆེར་འདྲུལ་ཞིང་རེད་པར་འོང་ངོ། །བཅིང་བ་ཧ་ཅང་དམས་ན་ཡང་ཤ་ཆང་བར་འགྱུར་རོ། །སྦྲང་རྩི་ལྟ་བུ་དྲགས?་ན་རྨ་ཁ་རལ་ཏེ
་ཁྲག་འོང་བར་འགྱུར་རོ། །བཅིང་པར་ལྷོང་དམ་ཧ་ཅང་དམས་སམ་མ་ལེགས་ཏེ། ཡང་ཡོ་ཁྱེར་ན་རྨ་ཁ་འདྲུལ་ཏེ་འཇིག་གོ། བག་ཆས་པའི་ནང་དུ་ཁ་ཚར་འཇམ་པོས་མ་ར་དང་སྦྲང་རྩི་བསྐུས་ཏེ་བཅུག་པ་ནི་ཤ་རུལ་པ་དང།
་ཤ་སྐྲངས་པ་དང། རྣག་ཕྱིས་དང། བག་རིང་དུ་འཆས་པ་འདི་རྣམས་ལྟ་བུ་མྱུར་དུ་སེལ་ཞིང་འབྱུང་བར་བྱེད་དེ་ཕན་ནོ། །ཐོར་བུ་མ་སྨིན་པ་དབྲལ་ཏམ། རྡོལ་ན་སྤངས?་པར་འགྱུར་ཏེ། དེ་ལ་ལྟ་རྨ་སྨིན་ཅིང་བརྣགས་བར་འགྱུར་བའི་སྨན་དང་ཁ་ཟས་དང། སྨན
་དང་བག་ཟན་དུ་སྦྱར་བའི་དུགས་གླན་ཅིང་བཅིངས་ཏེ་རྨ་ལ་མི་གནོད་པར་བྱའོ། །དྲག་ཤུལ་ལྟ་བྱས་སྣང་དེ་དེ་རྨ་གསར་དུ་འབྱུང་སྟེ་རལ་བ་དྲུབས་པར་འོས་པ་ལྟ་བུ་དང། རྨེན་བུ་ཆེན་པོ་བཀས་ཏེ་བྱུང་བའི་རྨ་ལྟ་བུ་དང། རྣ་བའི་བུ་ག་ཆེ་ཆུང་ཁྱེར་ན་བརྒྱངས་པ་ལས
་ཆང་པ་འདི་རྣམས་ལྟ་བུ་དྲུབས་ཤིག། སྣང་དེ་རྨ་བྱུང་བ་ལ་དྲུང་དུ་རུང་བའི་དམིགས་ནི། མགོ་བ་དང། མིག་ཕུབས་དང། སྣ་དང། མཆུ་དང། མཁུར་ཆོས་དང། རྣ་བ་དང། བརླ་དང། དབུང་པ་དང། འགུལ་པ་ཕྲལ་བ་དང། མུར་འགྲམ་དང། དཔྱི་དང། དབུ་དོང?་པ
་ཐོ་མཚན་དང། གཞང་ལ་སོགས་པ་ཤ་རྣག་ཆེ་བ་དང། མི་འགུལ་མི་གཡོ་ཞིང་བརྟན་བའི་བག་དང། བུ?་གཟབས་ཆེ་བ་འདི་ལྟ་བུའི་དག་ནི་དྲུབས་ན་བཟང་ངོ། །ཆུ་བ་དུ་མི་རུང་བའི་དམིགས་ནི། དཔྱི་ཟུར་དང། ཆུ་སོའི་འདོམས་ཕྲག་དང། མཚན་ཁུད་དང། ཤ་ཆུང
་ཞིང་བསྐྱོད་པར་འགྱུར་བའི་རྨ་འདི་ལྟ་བུ་དང། ནང་ནས་དབུགས་འོང་བའི་རྨ་དང། ཤིང་ཆོལ་ལམ་མདེའུ་ཁོང་དུ་ལུས་བ་ལྟ་བུ་དང་ཐལ་སྨན་རྣོན་བོ་ཀྵ་སས?་རྣ་བྱུང་བ་དང། དུག་གམ་མེས་ཚིག་པའི་རྨར་གྱུར་པ་འདི་རྣམས་ལྟ་བུ་ནི་དྲུབ་དུ་མི་རུང་ངོ།
་རྨ?་དྲུབ་བའི་ཐབས་ནི་རུས་པའི་དུམ་འཕགས་ཏེ་འགུལ་བ་ཡོད་པ་དང། ཁྲག་སྦམ?་དང། རྩ་དང། སྤུའི་བག་རྨའི་ནང་ན་ཅི་ཡོད་པ་ཡལ་ལ་ཤ་བཅང་བའི་དུམ་བུ་འཆང་བ་ཡང་དང་གི་སར་ཀླན་པ་དང། རུས་པའི་ཚིགས་བུར་བ་ཡང་རྨ་མིག་དུ་བཅུག
་ལས་བྲག་ཟགས་ཏེ་ཆད་པ་དང། རུས་པ་འམ་རས་བལ་གྱིས་སྐུད་པ་འམ། ཤིང་ཤུན་གྱི་ཆུ་བ་ཤང་ཤང་པོས་དྲུབས་ཤིག། སྲུབས་ནི་ཁམ་ཆེ་བ་ཡང་མ་ཡིན། ཁམ་ཞིབ་བ་ཡང་མ་ཡིན་ཕལ་ཆེར་དྲུབ་བ་ཡང་མ་ཡིན་ཉུང་ངུ་དྲུབ་བ་ཡང་མ་ཡིན་པར་བྱའོ། དེ་ལྟར
་རྨ?་དྲུབས་པའི་ཚེ། ནད་པའི་ཕོག་སྙ་བསྐྱེད་པ་དང། སྦྲོ་སྲིང་བར་བྱས་ཏེ། དེ་ནས་སྨ་ཁང་སྦྲང་རྩི་དང་ཞུན་མར་སྦྱར་བ་དང། མིག་སྨན་སྐྱེར་ཁཎ?་དང། ཟར་མའི་མར་མེ་མར་དུ་བུས་པའི་དུད་པ་དང། ཨ་རུ་ར་དང། བ་རུ་ར་དང། སྐྱུ་རུ་ར་དང་གསུམ་འདི་རྣམས་བཏགས་ཏེ་ལྡེ་གུ
་བྱས་ལ་བསྐུས་ནས་ཆོ་ག་གོང་མ་དང་འདྲ་བར་ཆིངས་ཤིག། རྨ་ཁེ་གླན་པའི་རྒྱུ་ནི། ལུག་ལྤགས་དང། རི་དགས་ཀྲིཥྞས་ར་དང། དར་དང་འདི་དག་ནི་དྲོད་ཆེ་བ་ཡིན་ནོ། །ཟར་མའི་རས་ནི་བསིལ་ལོ། །བསིལ་བ་ཡང་མ་ཡིན་དྲོང་ཆེ་བའང་མ་ཡིན་པའི་གཡོགས་མ་ནི་རས་བལ་གྱི
་སྣམ་བུ་དང། ཀར་བ་སའི་སྣམ་བུ་དང། རྒུས་པ་དང། ཤིང་ཤུན་དང་འདི་རྣམས་ནི་ཚ་གྲ་མེད་དེ་རན་པའོ། །ཚིལ་དང་བད་ཀན་ཆེ་བའི་རྨ་ཁར་ནི་ཟངས་དང་ལྕགས་སུ་དང་ཆེན་མོ་སྟེང་དང་ཞ་ཉེ་ལེབ་ལེབ་པོ་གླན་ན་ཕན་ནོ། །རྐང་ལག་ཐུར་བྱུང་བ་ལ་རློད་ཀྱིས་དཀྲིས་ཏེ་ཤིང
་ལེབ་ཀྱི་དབང?་བུ་དང། ཀོ་བ་འམ། ཤིང་ཤུན་ནམ། འཇག་མ་ལ་སོགས་པའི་དབང་འབུར་གྱིས་ལ་ཆིངས་ཤིག། གཞན་ཡང་རུས་པ་ལ་ཆག་ཐུར་ཞིག་བྱུང་ངམ་རྨ་བྱུང་ན་དཀྲི་ཞིང་བཅིང་བ་འམ། རྨན་པའི་ཐབས་རྣམ་པ་བཅོ་ལྔ་པོ་དེ་དཀྲི་ཞིང་བཅིང་བ་དང། གླན
་བའི་ཚུལ་ཅི་འདྲ་བ་ནི་སྔར་དང་མཐུན་པའི་ཚུལ་ལས་ཤེས་པར་བྱའོ། །སྒྲེའུ་ལྟ་བུ་བྱས་པ་ནི་སོར་མོའི་ཚིགས་སྣད་དམ་འཁྱུན་ན་སྒྲེའུ་ལྟ་བུར་ཆུག་ཅིག། རྨ་བྱུང་བ་ལ་གླན་པའི་ཐབས་བཀྲ་ཤིས་ཞེས་བྱ་བ་ནི་རུས་པའི་ཚིགས་དང། ཆུར་ཆང་ངམ། ངང་གདོང?
་གི་སྒྲོག་བཅིང་བའི་ཐད་ཀ་སྣད་དམ། སྨིན་མཚམས་སམ་ནུ་མའི་ཕྲག་གམ་མཆན?་ཁུར་དམ། མིག་གམ། རྣ?་བར་སྣང་ན། ཐབས་དེ་འདྲ་བར་གློན་ཞིག། མཐར་ཆགས་སུ་དཀྲི་བ་ཞེས་བྱ་བ་ནི་ལག་ངར་རམ་ལག་སོར་ལྟ་བུ་ཆག་གམ་འཕྲེང་ན་དཀྲིས་པའི་ཐབས
་ཡིན་ནོ། །ལྷོད་པར་བཅིང་བ་ཞེས་བྱ་བ་ནི་མགུལ་ནང་ངམ། ཕོ་མཚན་ལ་རྨ་ཡོང་ན་ལྷོང་པར་ཆིངས་ཤིག། ཟླུམ་པོ་ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་པདྨ་འམ་བྱིན་པ་འམ། ལག་དར་ངམ། པུས་མོའི་ལྷ་ད་ལྟ་བུ་སྣང་པ་ལ་ཟླུམ་པོ
་ཀོར་ཀོར་པོས་གློ་ན་ཞིག། མདའ་ལྕུག་འདྲ་བའི་ལེའཱུམ། སྒྱེའུ་ནི་མཐེ་བོ་འམ་སོར་མོ་འམ། ཕོ་མཚན་གྱི་ཐོར་ཏོ་ལ་རྨ་ཡོད་དམ། ཟ་གུ་ཅན་དུ་གྱུར་ན་སྒྲེའུ་དེ་ལྟ་བུའི་ནང་དུ་ཆུག་ཅིག། ཟུག་དུ་གླན་པ་ཞེས་བྱ་བ་ནི་རྨ་གཉིས་ཤིག་འདབ་ཚིགས་སུ་བྱུང་བ་ལ
་ཐབས་དེ་ལྟར་གློ་ན་ཞིག། ཁྲེའུ་ཞེས་བྱ་བ་འདི་ནི་འགྲམ་པ་སྣང་ངམ་མུར་འགྲམ་སྣང་དང། མཁུར་ཚོས་སྣང་པ་ལ་གླན་ཏེ། ཁྲི་འམ་སྔས་ལ་ཉལ་དུ་རུང་བ་དང་འདྲ་བར་བྱའོ། །རྒྱ་ཞེས་བྱ་བ་ནི་མིག་འགྲམ་སྣང་པ་ལ་གློན་ཞིག་།འགུགས་མི་ཤེས
་པར་བཅིང་བ་ཞེས་བྱ་བ་ནི་ལྟོ་བ་དང། བརླ་དང། རྒྱབ་ནད་པ་ལ་ཐབས་དེ་ལྟར་བཅིང་ངོ། །བླ་རེ་ཞེས་བྱ་བའི་བཅིང་བ་ནི་ཀླད་པའི་སྤྱི་བོ་སྣང་པ་ལྟ་བུ་དང། རོ་སྟོང་ལྟ་བུའི་བག་སྣད་པ་དང། བླ་རེ་དང་འདྲ་ཆེས་དཀྲིས་ཤིག། སྦྲུལ་མགོ་ལྟ་བུ་འམ། བ
་ལང་གི་མགོ་ལྟ་བུས་ནི་སྣ་དང་ཆུ་དང། ཀོ་སྐོ་དང། བརླ་སྣང་པ་གླན་ཅིང་བཅིང་ངོ། །ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་མགུལ་པ་ཡན་ཆད་སྣད་པ་ལ་གླན་ཅིང་བཅིང་བ་ལ་བྱའོ། །ཕྲད་བུ་ཞེས་བྱ་བ་ནི་ཕོ་མཚན་ནམ་མོ་མཚན་ནམ་རྐུ་བ་འམ། མཚན
་ཁུང་ལྟ་བུ་ནི་སྲང་བུས་བཅིངས་ཤིང་གླན་ནོ། །གདགས་པའི་བཅིང་བ་ནི་གྲུ་ཡོ་འམ་དཔུང་པ་ལ་བྱུང་ན་ལེགས་པར་བཅིངས་ལ་མགུལ་ཏུ་བཏགས་ཏེ་འཆང་དུ་གཞུག་གོ། དེ་བས་ན་མདོར་ནི་གང་དང་གང་སྣང་པའི་དམིགས་དང་སྦྱང་ལ་ཅི་ལེགས་པར
་ཆིངས་ཏེ་གློན་ཞིག། རྨའི་སྟེང་དུ་མདུད་པ་མི་དོར། རྨ་ལ་གནོད་ཅིང་ཉམ་ད་བར་མི་བྱའོ། །རླ་དང། དཔྱི?་དང། མཆན་ཁུང་དང། མདོང་མོ་དང། ཀླང་པ་འདི་རྣམས་སྣང་བ་ནི་དམ་དུ་ཆིངས་ཤིག། ཡན་ལག་ལ། ལག་དར་དང། སོར་མོ་དང། རྣ་བ་དང།
་བྲང་དང། རྒྱབ་དང། རྩིབ་ལོགས་དང། མགུལ་པ་དང། ལྟོ་བ་དང། འདི་རྣམས་ལ་རན་ཙམ་དུ་ཆིངས་ཤིག། ཕོ་མཚན་དང། རླིག་པ་དང། མིག་དང། ཚིགས་རྣམས་སྨད་པ་ལ་ནི་ལྷོད་པར་ཆིངས་ཤིག། ཤ་སྣག་ཆེ་ཞིང་ལྷོང་པ་རླུང་དང་བད་ཀན་དུ་གྱུར་པའི
་སར་ནི་རན་པར་ཆིངས་ཤིག། ཤ་ཆུང་མེད་དེ་མཉམ་པར་འདུག་པའི་ས་ལྟ་བུར་ནི་དམ་བུར་ཆིངས་ཤིག། ཁ་མཁྲེགས་པ་ལྟ་བུ་ལ་ནི་རབ་ཏུ་དམ་པོར་ཆིངས་ཤིག། དགུན་ལྷགས་པ་ཆེ་བ་དང་དཔྱིད་ཀ་ས་ཆུ་དྲོས་པའི་རྨ་ལྟ་བུ་ནི་རྨ་ཞག་གསུམ་གསུམ
་ཞིང་ཁྲོལ་ལ་ཆིང་ཤིག། ཤ་འཕྲ་ཞིང་ཕྲ་བའི་སར་སྨ་བྱུང་བ་ལ་དམ་དུ་བཅིང་བར་གོང་དུ་བཤད་མོད་ཀྱི། མཁྲིས་པ་དང། ཁྲག་གཉིས་རྒྱས་པ་ལས་རྨར་གྱུར་པ་ལ་ལྷོད་པ་ཆིངས་ཤིག། གོང་དུ་རན་པར་ཆིངས་ཤིག་པ་དེ་བཤད་པ་དེ་ལྟ་བུ་ལ་ཡང
་མཁྲིས་པ་དང་ཁྲག་རྒྱས་པའི་རྨར་གྱུར་ན་དེ་བཞིན་དུ་ལྷེད་པར་བྱའོ། །སོ་ག་དང་སྟོན་གྱི་དུས་སུ་མཁྲིས་པ་དང། ཁྲག་རྒྱས་པ་ལས་ཐར་བུ་འམ་རྨར་གུར་པ་ལྟ་བུ་སྤངས་སྔ་དྲོ་དང་ཕྱི་འཕྲེད་གཉིས་ཀའི་དུས་སུ་ཡང་དགྲོལ་ཞིང་ཆོས་ཤིག། ཤ་སྦྲང
་དང་སྦྲང་བུས་ཟོས་ཏེ་རྨ་བྱུང་བ་སེར་བུ་དང་ལྷགས་པ་ཕོག་སྟེ། སྐྲངས་པ་རྨ་གཡོགས་མ་བཅིངས་པ་ལས་རྨ་རེད་ཅིང་རིང་དུ་སྨན་དང་སྣམ་གྱིས་བསྐུས་ཀྱང་མ་ཕན་ཏེ། རྨ་ཁའི་ཆུ་སེར་དང་རྣག་དང། ཤ་རྣག་པོ་འམ་སྔོན་པོར་གྱུར་པར་དབྱད་ཡང་དཀའ་རྨ
་འཚོ་ཡང་དཀའ་ཨོ། །རྨ་ཁ་འཚོ་བ་ལྟར་བྱད་ན་ཡང་མདོག་མི་སྡུག་པར་འགྱུར་རོ། །རུས་པ་ཆག་སྟེ་ཕྱེ་མར་གྱུར་ཏམ། འཕྲེང་མས། ཚིགས་འབུར་རམ། བཙགས་བུས་བཏབ་སྟེ་རྒྱུས་པ་དང་ཆུ་བ་ཆད་དམ། རྩ་ཆད་ཀྱང་རུང། དེ་ལྟ་བུའི་བག་གང་ཆང་ཀྱང་རུང་གླན
་ཅིང་བཅིངས་ན་རྨ་བདེ་བླག་དུ་མྱུར་དུ་འཚོའོ། །དེ་ལྟར་བཅིང་ཟླེགས་པར་བྱས་པ་ནི་ལྡང་བ་དང་འདུག་པ་ཀུན་ལ་ཡང་གནད་བར་མི་འགྱུར་རོ། །རྨ་འཚོ་དཀའ་བ་ནི་རྨ་ཁ་ཆེར་སྐྱེས་ཏེ། སྤངས་པ་མི་མཉམ་པའི་འབར་འབུར་དང་སྐྲ་ལ་རབ་ཏུ་ན་ན་ནི་འཚོ་བཀའ་ཨོ?
་རྨ་འཚེ་སླབ་ནི་སྐྲངས་པའི་འབར་འབུར་མེད་ཅིང་འཇམ་ལ་ན་བ་མེད་པ་ནི་མྱུར་དུ་འཆོའོ། །རྨ་ཡུན་རིང་དུ་ཐོགས་པ་དང། ཤ་ཆུང་བ་ལྟ་བུའི་བག་ལ་རྨ་ཁར་རླུང་ཤོར་ཏེ་རྩུབ་པོར་གྱུར་ན་རྣ་རབ་ཏུ་འཚོ་དཀའ་ཨོ། །བྱི་བའི་སོས་ཟིན་པ་དང་སྡིག་སྦྲུལ
་ཁ་བུགས་པས་ཟིན་པ་དང། ཐལ་སྨན་རྣོན་པོ་ཀྵ་རས་རྨ་བྱུང་བ་དང་མེས་ཚིག་པ་དང། དུག་གིས་རེག་པ་འདི་ལྟ་བུ་ལ་རྨ་མི་བཅིང་མི་གླན་ནོ། །ཤ་རུལ་པ་དང་གཞང་ཁ་སྣགས་ཏེ་མི་ཟད་པར་ན་བ་དང། མེད་བ་ལ་བྱུང་སྟེ་ཚ་ཞིང་སྐྲངས་བ་དང། དུལ་བ་འདི་ལྟ
་བུའི་བག་འདྲ་སྟེ། རྨ་ཁ་མི་བཅིང་མི་གླན་པར་བཞག་ལ་རྨ་ཁར་སྲིན་བུ་དང་སྦྲང་བུ་མ་སོད་མ་ཞུགས་པར་བསྲུངས་ཤིག་།སྲིན་བུ་དང་སྦྲན་བུ་ཞུགས་ནས་སྣད་བ་དང་སྐྲངས་པ་དང། རྣག་མང་དུ་ཟག་པར་འགྱུར་རོ། །འབུ་ཞུགས་ན་སྨན་བྱཱུ་རུག་པ་ལ་སོགས
་བཅག?་མ་སྟེ། དེས་ཀྲུ་ཞིང་རྨ་ཁའི་མང་དུ་ཁོང་ཞིག་།སྨན་ལོ་མ་བདུན་སཔཏ་པ་རཤ?་ཞེས་བྱ་བ་དང། ཀ་རཉྫ་དང་ཤིང་ནམྦིའི་ལོ་མ་དང། ཤིང་ཛ་ཏ་ན་དང། ཤིང་ཚ་དང། འདི་རྣམས་བཏགས་ལ་བ་གཅིན་དང་སྦྱར་ཏེ་ལྡེ་གུས་བྱུག་པ་དང། འདི་དག་གི་ཆུས་གང་བ་ཐལ
་སྨན་ཀྵ་ཀ་ཤ་རིའི་ཆུས་བཏབ་ན་ཡང་པ་ན། ཤ་རྗེན་ལེབ་པོས་གླན་ལ་འབུ་ཆགས་པ་མྱུར་དུ་དྲང་ན་ཕྱིན་ནོ། །རྨ་གསོ་བ་བསྙུར་བ་སླ་ཆོས་སུ་བྱས་པ་ནི་ནང་གི་རྨ་ཆུ་སེར་དང། རྣག་བྱིས་ཀྱང་མ་བྱིན་ལ་ཅུང་ཟད་ཅིག་བསྐྱོད་དམ་བྱས་ན་རྨ་ཕྱིར་འགྲམས་ཏེ་ན་བར
་འགྱུར་རོ། །རྨ་གསོ་མ་ལེགས་པ་དེ་ལྟ་བུ་ནི་སོས་པ་འདྲ་ཡང། ཟས་མ་ཞུ་འམ། དྲག་ཤུལ་ཞིག་བྱས་སམ། བུད་མེད་དང་ཕྲད་ན་ཡང་རྨ་རེད་པར་གྱུར་གྱིས་དེ་ལྟ་བུ་ཡང་མི་བྱའོ། །རྨ་སོས་ཀྱང་ཟླ་བ་བདུན་ནམ། དྲུག་གི་བར་དུ་ཆོ་ག་བྱ་ཞིང་ལེགས་བར་བསྲུངས
་ཤིག་།རྨ་རེང་ཅིང་ན་བར་གྱུར་བ་དེ་ཡང། རླུང་ནད་དང། མཁྲིས་པ་དང། བད་ཀན་གྱི་མཐུ་ལས་རྨ་རེད་ཅིང་ན་བར་གྱུར་པ་ཡིན་ཏེ། དེ་བས་ན་རླུང་དང་མཁྲིས་པ་ལ་སོགས་པའི་ནང་དུ་མི་འབྱུང་ཞིང་རྨ་མི་རེད་པའི་དཔྱད་ལེགས་པར་གྱིས་ཤིག་།ཞིབ་ཏུ་ནི་འོག་ནས་འཆད་དོ།།
་ཐོར་བུ་ལ་སོགས་བསྐྲངས་པ་དང། བརྣགས་པ་དང་སྨིན་པ་ལས་གཏར་ཀ་གདབ་པའི་ལེའུ་སྟེ་ལི་ཤུ་རྩ་དགུ་པ་རྫོགས་སོ།། །།ནང་ཚིག་འཁུས་པའི་ཐལ་སྨན་རྣོན་པོར་བྱུག་པ་དང། མེ་བཙའ་གདབ་བའི་ཆོ་གའི་ལེའུ་སུམ་ཅུ་པ་བཤད་པར་བྱའོ།།
་ནས་ཚིགས་འཁུས་པའི་ཐལ་སྨན་རྣོན་པོ་གཏོང་བ་ནི། གཙགས་བུ་དང། བཙའ་ཀབ་དང། གཙགས་བུའི་གོང་རུང་བ། མེ་ཤལ་དང་རས་བལ་ལ་སོགས་པ་ཁྲག་དབྱུང་བ་དང། མེ་བཙའ་དེབས་པ་ཐམས་ཅད་ཀྱི་ནང་ན་ཐལ་སྨན་རྣོན་པོ་དང་ཀྵ་ར་གཏོང་བ་ལས
་ག་ཐལ་བ་མེད་དེ་བཅད་པ་དང། དྲང་ཞིང་དབུག་པ་ལ་སོགས་པའི་ལས་དཀའ་བ་མང་པོ་ཀུན་ཀྱང་བྱར་རུང་ངོ། །གཙགས་བུ་ལ་སོགས་པ་གདབ་པའི་ལས་ནི་དཀའ་སྟེ་ལེགས་པར་མི་འགྲུབ་བོ། །ཐལ་སྨན་གྱིས་ནི་ནད་ཡང་བ་ལྟ་བུ་ལ་ཐལ་སྨན་སྐོམ་བཏུང
་བ་དང། སྦྱར་ཏེ་གཏང་དུ་མི་རུང་ངོ། །གཞང་འབྲུམ་གྱི་ནད་དང། ཕོ་བ་གྲང་སྟེ་ཁོད་པ་དྲོད་ཆུང་བ་དང། ཆུ་སོ་ན་རྡེའུ་ཡོད་པ་དང། སྐྲན་དང་མུ་རྫིད་དང། དབྱིག་དུག་གིས་ཕོག་པའི་ནད་ལ། ཐལ་སྨན་ཀྵ་ར་ཁོང་དུ་འཐུངས་ན་ཕན་ནོ། །སྨེ་བ་དང་ཤ་བཀྲ་དང། སྣའི་བུ་གར
་ཐོར་བུ་བྱུང་བ་དང། གཞང་ཁར་སེར་བ་རུས་བྱུང་བ་ལྟ་བུ་དང། མཛེ་བྱུང་སྟེ་ཚོར་བ་མེད་པ་དང། མཚན་བར་རྡོལ་པའི་ནད་དང་བརླ་དང་བྱིན་པར་འབྲུམ་བུ་ཚག་ཚིག་བྱུང་བ་དང། སྐྲངས་པ་འདྲ་བ་རླ་ཀློ་དང། རྣག་བག་འཆས་པ་དང། འདི་རྣམས་ལྟ་བུ་ལ་ཐལ་སྨན
་བྱུགས་ཤིང་བཏང་ན་སེལ་ཅིང་ཕྱིན་ཏོ། །མཁྲིས་པ་དང་ཁྲག་རྒྱས་པའི་ནད་དང་རླུང་ནད་ཀྱི་དཀྱིལ་སྐྱེས་པ་དང། འདི་ལྟ་བུའི་བག་ལ་ཐལ་སྨན་ཀྵ་ར་གཏང་དུ་མི་རུང་ངོ། །ར་མིས་དང་ཚད་པ་དང། སྙིང་ན་བ་དང། མགུལ་བ་ཡན་ཆད་ཀྱི་ནད་དང། སྐྱ་སྦབ་ཀྱི་ནད་དང། ཡི་གེ་འཆུས་པ་དང་མིག
་རབ་རིབ་ཁྱེར་བ་དང། བཀྲུ་སྨན་གྱིས་བསྐུས་པ་དང། ལུས་ཐམས་ཅད་སྐྲངས་པའི་འོར་ནད་དང། ཐལ་སྨན་གྱི་སྐྲག་སྟེ་འཐུང་མི་ཕོད་པ་དང། བུད་མེད་སྦྲུམ་མ་དང། མོ་མཚན་སྐྲངས་ཏེ་ན་བ་དང། ཁ་ཟས་མ་ཞུ་བ་དང། བྱིས་པ་དང། མི་རྒན་པོ་དང།
་རྩ་བོ་ཆེ་རྣམས་དང། རུས་པའི་ཚིགས་དང། གནད་དང། མི་གཞོམ་ནུའི་རུས་པ་དང། རྩ་དང་ཆུ་བ་དང། ལྟོ་སྲུབས་ཏོག་ཐག་དང་མགུལ་བ་དང་ལྟེ་བ་དང་ཤེ་གར་ཆུང་བའི་ཉེན་འཁོར་དང། རླིག་པ་དང་ཕོ་མཚན་དང།
་བུ་གའི་སྦུ་གུ་རྣམས་དང། སེན་མོའི་ཕྲག་དང་རླིག་རླུགས་དང་རྣམ་པ་འདི་རྣམས་ལ་ཐལ་སྨན་ཀཤ་ར་གཏང་དུ་མི་རུང་ངོ། །མིག་ན་བ་དང་ལྷགས་པ་ཆེ་བ་དང། ཆར་པ་བབ་པ་དང། ཡུལ་ཚ་བ་དང་ཡུལ་ངན་གྱི་དུས་སུ་ཡང་ཐལ་སྨན་ཀྵ་ར་གཏང་དུ་མི
་རུང་ངོ། །ཐལ་སྨན་རྣོན་པོ་སྦྱར་བའི་ཤིང་ནི་ཤིང་ཀ་ལ་མསྐ་ཀ་དང། ཤིང་ཤི་མྱ་ཀ་དང། ལྡུམ་བུ་ཤིང་དང། ཤིང་བ་རི་པ་ཏྲ་ཀ་དང་ཤིང་ཨཱ་ཤྭ་གརྞ་ཀ་དང། ཤིང་མ་ཧ་པྲིགཤ་དང། རྒྱ་སྐྱེགས་ཤིང་དང། ཤིང་པོ་ཏ་སྲིཀྵ་དང། ཤིང་ཨི་དྲི་པྲིགཥ་དང།
་ཤིང་ཨརྐ་དང། ཤིང་ནཀྟ་མ་ལ་དང། ཤིང་ཨ་ཤ་མ་ཧ་དང། ཤིང་ཀ་ཀ་ཛངྒ་དང། ཤིང་ཨ་བ་མརྒ་དང། ཤིང་ཨ་གནི་མན་དང། ཤིང་ཨ་གནི་དང། ཤིང་ཙི་ཏྲ་ཀའི་རྩ་བ་དང། ཤིང་ནིམྦ་དང། ཤིང་འདི་རྣམས་ཀུན་འདྲ་སྟེ་རློན་པ་དུམ་བུར་བྱས་པ
་དང། ཤིང་ཀོ་ཤ་ཏ་དང། ནས་ཀྱི་སྦུན་པ་དང། གྲ་མ་དང་སོག་མར་བཅས་པ་སྣ་བཞི་དང། ཤིང་མུཤྐ་དང། རྡོ་ཐལ་གྱི་རྡོ་བ་རྣམས་རླུང་མི་ལྡང་བའི་ས་བཟང་པོར་རྡོ་ལེབ་ཀྱི་ཐོག་ཏུ་སོ་སོར་བརྡུངས་ལ་མེས་སྲེགས་ཤིག་།དེ་ནས་མེའི་ནང་དུ་ཏིལ
་གྱི་སྡོང་བུ་རྣམས་ཀྱང་སྣོན་ལ་སྲེགས་ཤིག་།ཀུན་ཚིག་ནས་མེ་ཞི་བ་དང། སོ་སོར་མ་འདེས་པ་བསལ་ལ་དེ་ནས་རྡོ་ཐལ་གྱི་ཐལ་བ་བྲེ་གང་ཐལ་བ་གཞན་ཡང་བྲེ་རེ་རེ། ཤིང་མུཀྵ་ཀའི་ཐལ་བ་བྲེ་གང་དང་འདི་རྣམས་མ་འདྲེས་པར་སོ་སོར་ཕྱེ་ལ
་ཆུ་སྲང་སྟོང་སྟོང་དང། བ་གཅིན་སྲང་སྟོང་སྟོང་དང་སོ་སོར་བསྲེས་ཏེ་ཚགས་མིག་ཕྲ་མོ་བཟང་བོས་ན་མ་མདོག་བཟང་ཞིང་སྤྱི་བ་འབྱར་བག་ཅན་མདོག་དམར་ལ་དང་བསལ་བ་དང། ཚ་ཞིང་རྣོ་བར་ནཾ་གྱུར་གྱུར་གྱི་བར་དུ་ལན་མང་དུ་བཙགས་པའི
་དངས་མ་ལ་སོགས་པ་སྣོད་བཟང་པོའི་ནང་དུ་བཙོས་ཤིང་དབུགས་ཤིག་།ཐལ་ཁུ་དངས་མ་དེའི་ནང་དུ་རྡོལ་ཐལ་གྱི་རྡོ་བསྲེགས་པའི་དུམ་བུ་དང། ཉ་ཕྱིས་དང་ཀཤི་ར་བ་དང། དུང་གི་ལྟེ་བ་དང་འདི་རྣམས་སྤྱིར་ཕུལ་གང་ཙམ་ལྕགས་ཏོག་ནང་དུ་བླུགས
་ལ། མེའི་ནང་དུ་བསྲེགས་ཏེ་མདོག་དམར་པོར་གྱུར་བ་དང། ཐལ་ཁུ་དངས་མ་འཚེད་པའི་ནང་དུ་བླུགས་ཏེ། འདི་འདྲ་བར་ལན་མང་དུ་བསྲེགས་ལ་དམར་པོར་གྱུར་པ་དང། དེའི་ཐལ་ཁུ་དངས་མའི་ནང་དུ་ལུགས་ཤིག་།ཕྱིས་ཀྱང་ཞིབ་ཏུ་བཏགས་པར་བྱའོ།།
་ཡང་ཁྱིམ་བྱ་དང་རྨ་བྱ་དང། བྱ་རྒོད་དང། བྱ་ཀཾ་ཀ་དང། ཕུག་རོན་དང་འདི་རྣམས་ཀྱི་རྟུག་པ་དང། བྱ་དང་སྲོག་ཆགས་རྐང་བཞི་པའི་མཁྲིས་པ་དང། བ་བླ་དང། ལྡོང་རོས་དང། ལྕེ་མྱང་ཚ་དང། འདི་རྣམས་ཀྱང་ཞིབ་ཏུ་ཐོགས་ལ་སྤྱིར་ཕུལ་རེ་ཙམ་གྱིས་ཚོང་ཐལ་ཁུ་དང་སམ
་འཚེད་པའི་ནང་དུ་ཐོབ་ལ་གཟེར་བུས་དཀྱུག་ཅིང་བཙོས་ལ་དད་པ་ཕལ་ཆེར་ཕྱུང། བསྐོལ་ཞིང་བླག་པས་དུ་སྟེ། ལྡེ་གུ་བཞིན་གར་བོར་གྱུར་བ་དང། ཐབ་ནས་ཕྱུངས་ལ་ལྕགས་སྣོད་ཆུང་ངུའི་ནང་དུ་བྱོ་ལ་ཁ་དེ་ནས་ཀྱི་ཕུང་པོའི་ནང་དུ་ཆུག་ཏེ་ཞོ་གཅོག་།ཐལ་སྨན་འདི་ནི
་རྣོ་ར་བ་མ་ཡིན་ཏེ་འབྲིང་པོ་ཞེས་བྱའོ། །དེ་ལ་ཐལ་སྨན་འཇམ་བོར་སྦྱར་བ་ནི་རྡ་ཐལ་གྱི་དུམ་བུ་དང་ཉ་ཕྱིས་དང། ཀྲི་ར་བ་ཀ་དང། དུང་གི་ལྟེ་བ་དང། འདི་རྣམས་མེར་བསྲེག་ཅིང་ཐལ་ཁུའི་ནང་དུ་གསུར་ལ་བཏག་ཅིང་ནང་དུ་མ་གདབ་པར་ཕྱིར་བོར་ཅིག་།དེ་བཞིན་དུ་ཁྱིམ་བྱས
་དང། རྨ་བྱ་ལ་སོགས་པའི་རྟུག་པ་དང། སྲོག་ཆགས་དང་བྱའི་མཁྲིས་པ་ཡང་བསྲེག་ཅིང་གསུར་ལ་ཕྱིར་བོར་ཅིག་།དེ་ལ་ཐལ་སྨན་རྣོན་པོ་སྦྱར་བ་ནི་རྡོ་ཐལ་གྱི་དུམ་བུ་དང། ཉ་ཕྱིས་དང། དུང་གི་སྙིང་པོ་ལ་སོགས་པ་སྔ་མ་བཞིན་དུ་བསྲེགས་ཏེ་གསུར་ལ་བཏགས་ཏེ་ནང་དུ་གདབ
་པ་དང་ཁྱ་རྣམས་ཀྱི་རྟུག་པ་དང། མཁྲིས་པ་ལ་སོགས་པ་དེ་བཞིན་དུ་བསྲེག་ཅིང་གསུར་ལ་བཏགས་ཤིང་གདབ་པོ། །དེ་བཞིན་དུ་སྨན་ལངཀ་ལིངཀ་དང། དནྟི་དང་ཙ་ཏྲ་ཀ་དང། བོར་བ་དང། ཤུ་དག་དང། བ་ཙ་ས་རྫི་ཀ་ས་ཞེས་བྱ་བ་དང། ཐར་ནུ་དང། ཤིང་ཀུན་དང་བཀོ
་རཉྫའི་འདབ་མ་དང། ཤིང་ཏཱ་ལའི་ལོ་མ་དང། །ཁ་རུ་ཚ་དང་འདི་རྣམས་ཀྱང་ཞིབ་ཏུ་བཏགས་ཏེ། ཐལ་ཁུའི་ནང་དུ་བཙེས་ཏེ་ཚེས་ནས་ལྡེ་གུར་གྱུར་པ་དང། ལྕགས་སྣོད་ཆུང་ངུའི་ནང་དུ་བྱོ་ལ་ཁ་བཅད་དེ་ནས་ཀྱི་ནང་དུ་ཞག་བདུན་གྱི་བར
་དུ་ཞོ་གཅིག་།ཐལ་སྨན་རྣོན་པོ་འདིས་ནི་རླུང་ནད་དང་བད་ཀན་གྱི་ནད་དང། ཚིལ་སྐྱེས་པ་ལས་ཐོར་བུ་བྱུང་བ་དང། རྨེན་བུ་ལ་སོགས་པ་འདི་རྣམས་སེལ་ཏེ། །ནད་འདི་རྣམས་ལྟ་བུ་ཆེ་བས་མི་ཆེ་བ་སྟེ་འབྲིང་རྣམས་ལ་ནི་ཐལ་སྨན་རྣོན་པོ་མ་ཡིན་པ་འབྲིང་པོ་ཐོང
་ཞིག་།ནད་འདི་རྣམས་ལྟ་བུ་དཀྱེལ་མི་ཆེ་བ་སྟེ་ཆུང་ལ་ཐལ་སྨན་གྱི་རྣོ་བ་འཇམ་པོ་བཏང་ན་གཞང་འབྲུམ་ཁྲག་ཚད་མཁྲིས་པའི་ས་བོན་གྱིས་ཁྲག་དུ་འཁྲུ་བ་དེ་ལྟ་བུ་ལ་ཕན་ནོ། །ཐལ་སྨན་ཅུང་ཟད་བསྐམས་པར་གྱུར་ན་མཐུ་བསྐྱེད་པའི་ཐབས་ནི་ཐལ་སྨན
་གདུ་གདུ་བའི་ཆུས་བསྣན་ཏེ། །ཐལ་སྨན་ནི་རབ་ཏུ་རྣོ་བ་ཡང་མ་ཡིན། རབ་ཏུ་རྟུལ་བ་ཡང་མ་ཡིན་ལག་གིས་མནམས་ན་འཇམ་ཞིང་དཔྱི་བ་མདོག་སྐྱ་བ། ཅིལ་བཏང་ཡང་ཕན་པའི་ལས་མྱུར་དུ་བྱེད་པ། ལྡེ་གུ་སྤྱི་བག་ཏུ་འདུག་པ་དེ་ལས་ཅི་རན་གཅིག་བཅད་དེ།
་གུད་དུ་བཞག་ན་རྩེ་མོ་སྨྱུག་སྨྱུག་པོར་འདུག་པ་དེ་ལྟ་བུ་ནི་ནད་བདེ་བླག་ཏུ་སེལ་ཏོ། །ཐལ་སྨན་གྱིས་བྱུགས་པའི་རྨ་ཁ་ནས་ཁྲག་མང་པོ་མི་འབྱུང། བྱུགས་ན་ནད་རབ་ཏུ་མི་ཆེ་སྟེ། ཐལ་སྨན་ནི་གཏར་ག་བཅུ་བཏབ་པ་བས་ཕན་ན། མེ་བཙེའི་དཔྱད་པས་ཀྱང
་ཕན་པར་འགྱུར་རོ། །ཐལ་སྨན་གྱིས་བྱུགས་པ་ནི་ནད་ཀུན་འདྲེན་ཏེ་གཞིབས་པ་དང་འདྲ། ནད་ཀུན་སློང་བས་ན་ལུས་ལ་གནོད་པ་དང་བས?་འདྲའོ། །ནད་ཐམས་ཅད་ལ་སྙིགས་ཤིང་འགྲོ་བས་ན། ནད་དོ་ཅོག་དཔྱིས་ནས་འབྱིན་ཅིང་སེལ་ཏོ། །ཐལ་སྨན་གྱི་བྱུགས
་ཏེ་ནད་དང་བྲལ་ནས་མི་བདེ་བ་རང་ཞི་བར་འགྱུར་རོ། །ཡོད་ནི་ཐལ་སྨན་གྱིས་བྱུགས་ཏེ་གསོར་རུང་བའི་ནད་ལྟ་བུ་ནི་མཚོན་གྱིས་བཅད་དམ། །མཚོན་གྱིས་བྲུད་དེ་རྨ་བྱུང་ངམ། གཏར་ཏེ་རྨ་བྱུང་བའི་རྨ་བ། དེ་ལྟ་བུ་ལ་ཐལ་སྨན་ཅི་རན་ཅིག་བླངས་ཏེ་ལྕགས་ཀྱི་ཐུར་མའི
་ངོས་ལ་གླན་བ་དེས་རྨ་ཁར་གློན་ལ་སེར་གོལ་བརྒྱའི། བར་དུ་བསྡུད་ཏེ། དེ་ནས་ཐལ་སྨན་སླར་ཕྱིས་ཤིགས་དེ་ལ་གཞང་འབྲུམ་ལྟ་བུའི་ནད་ལ་ཐལ་སྨན་གྱིས་གཞག་འབྲུམ་གྱི་ཁར་བསྐུས་ལ་གོས་ཀྱིས་གཞང་ཁ་སློན་ལ་ལེགས་པར་རྟོགས་ཤིག་།
་མིག་གི་མཆུ་ལ་ཐོར་བུ་འམ་ནད་ཡོད་ན་མིག་གི་མཆུ་གཏེག་སྟེ་དྲོངས་ལ་མིག་ག་འབྲས་བུ་ནག་པོ་ཉི་ཚེ་གོས་འཇམ་པོ་གཡོགས་ལ་མིག་སྤྲིན་མི་གཡོག་བར་ཞོག་ལ་པདྨའི་ལོ་མ་འཇམ་པོས་ཐལ་སྨན་ཅི་རན་ཙམ་བླངས་ལ་མིག་གི་མཆུར
་ཡུགས་ཤིག་།སྣའི་བོར་ཀའི་ནད་རོལ་ཏུ་རྨེན་བུ་ལྟ་བུ་བྱུང་ན། གདོང་ཤར་ཕྱོགས་སུ་ཉི་མ་ལ་བཏོན་ལ་སྣའི་ཐོར་ཏོ་ནས་བཟུང་སྟེ། གྱེན་དུ་བཏེག་ལ་ཐལ་སྨན་ཅི་རན་ཅིག་བསྐུས་ཏེ་སེ་གོལ་བརྒྱ་སྲིད་དུ་ཞོག་ལ་ཕྱིས་ཤིག་།རྣ་བ་ལ་རྨེན་བུ་འམ་ཐོར་བུ་བྱུང་ན
་འང་ཐབས་དེ་དང་འདྲ་བར་གྱིས་ཤིག་།ཐལ་སྨན་གྱིས་བྱུགས་པ་འདི་རྣམས་ལེགས་སམ་མ་ལེགས་བལྟ་བའི་ཐབས་ནི་ཐལ་སྨན་ཕྱིས་ལ་ལེགས་པར་ཕྱེ་སྟེ་རབ་ཏུ་ཚིག་གམ་མ་ཚིག་བ་རྟོགས་ཤིག་།ཐལ་སྨན་གྱིས་རབ་ཏུ་ཚིག་པར་གྱུར་ན་མར་དང།
་སྦྲང་རྩི་དང་འོ་མ་དང་ཞོ་ག་ཆུ་དང། འབྲས་རྩ་བས་འདི་རྣམས་བསྲེགས་ལ་སྦྱར་བས་ཐལ་སྨན་གྱིས་བྱུགས་པའི་རྨ་ཁར་བསྐུས་ལ་ཚ་བ་ཞི་བར་གྱིས་ཤིག་།དེའི་རྗེས་ལ་སྨན་རོ་མངར་ཞིང་བསིལ་བ་རྣམས་དང་མར་དུ་བར་བརྫིས་པས་རྨ་ཁར་སྐུས་ཤིག་།ཁ
་ཟས་ཀྱི་ཆོ་ག་ནི་རྨ་སྣགས་ཤིང་ཟག་པར་འགྱུར་བ་བད་ཀན་སྐྱེ་བའི་བག་བཟའ་ཨོ། །གལ་ཏེ་ཐལ་སྨན་གྱིས་བསྲེགས་པའི་འཁོར་སྲ་བར་འགྱུར་ཏེ། རྣག་དང་ཆུ་སེར་དུ་མི་ཟག་ན་འུ་སུའི་འབྲས་བུ་དང། ས་བོན་གྱི་རོ་སྐྱུར་བག་དང། ཤིང་མངར་དང་ཏིལ་འདི
་རྣམས་བཏགས་ཏེ་རྨ་ཁར་སྐུས་ཤིག་།སྨན་འདི་རྣམས་ཀྱིས་རྣག་དང་ཆུ་སེར་མང་དུ་ཕྱུང་ནས་རྨ་གསོ་བའི་སྨན་ཏིལ་བཏགས་པ་དང། ཤིང་མངར་བཏགས་ལ་མར་དང་སྦྱར་ལ་རྨ་ཁར་སྐུས་ཤིག་།དེ་ལ་ཐལ་སྨན་བསྐུས་བས་ཚིག་བ་དང། མ་ཚིག
་པའི་བྱེ་བྲག་བཏགས་པའི་ཐབས་ནི་ཤིང་ཏག་འཇམ་བུ་སྨིན་བ་ལྟར་མདོག་ནག་བོར་འབུག་ན་ཐལ་སྨན་གྱིས་ཚིག་པ་ཡིན་ནོ། །ཟངས་ཀྱི་མདོག་འདྲ་བ་དམར་ལ་ཟུག་ཅིང་གཡའ་ལ་ནན་ཐལ་སྨན་གྱིས་མ་ཚིག་པ་རིམ?་གྱིས་དེའི
་ཕྱིར་ཡང་བསྲེག་དགས་ཏེ་ཐལ་སྨན་གྱིས་སྐུས་ཤིག་།ཐལ་སྨན་གྱིས་ཧ་ཅང་ཚིག་ཆེས་ན་ནི་ཁྲག་མང་དུ་འབྱུང་བ་རྒྱལ་ཚ་བ་སྐྱེད་རིམས་ལ་སོགས་པས་འདེབས་སོ། །གཞང་འབྲུམ་ཧ་ཅང་ཚིག་ཆེས་ན་བཤད་གཅི་ལྷག་པར་སྲི་འམ་ཡང་ན་རབ་ཏུ་མང་བར
་འགྱུར་རོ། །གཞང་གི་ནང་གི་གཞང་འབྲུམ་ལ་ཐལ་སྨན་དྲགས་ཏེ་ཚིག་ན་ཕོ་མཚན་མ་རུང་བར་གྱུར་ཏེ་འཆི་གའམ། ཡང་ན་གཞང་རུལ་པར་འགྱུར་རོ། །སྣའི་ནང་དུ་ཐལ་སྨན་དྲགས་ན་སྣའི་ཟངས་འདྲལ་ལམ་འཁུམས་ཏེ་དྲི་མི་ཆོར་བར་འགྱུར་རོ། །རྣ་བ་ལ་སོགས་པ
་ཐལ་སྨན་གྱིས་བྱུགས་པའི་ཉེན་ཡང་དེ་དང་འདྲའོ། །དེ་ལྟ་བུའི་ཉེན་ལས་ན་?དུ་གྱུར་བ་ལ་དབྱད་དུ་བྱ་བ་ནི། ཤིང་མངར་བཏགས་པ་དང་འབྲས་རྩ་བས་ལྟ་བུ་དང། ཏིལ་བཏགས་པའི་ཕྱེ་མ་དང། མར་དུ་བསྲེགས་པའི་ལྡེ་གུས་སྐུས་ཤིག་།ཆོ་གར་བྱ་བ་མི་རླུང་ནང
་སེལ་བ་དང། མཁྲིས་བ་སེལ་བའི་དཔྱད་དང་བསིལ་བག་ཆོ་ག་ཤེས་བར་བྱའོ། །ཐལ་སྨན་གྱི་ཆོ་ག་པ་ནི་སྐྱུར་བག་གིས་བྱུགས་ན་བསིལ་བར་གྱུར་ཏེ་ཕན་ནོ། །སྐྱུར་བག་བསྐུས་པས་ཚ་བ་ཞི་སྟེ་བསིལ་བར་གྱུར་བས་ན་དེའི་ཕྱིར་ཐལ་སྨན་གྱིས་ཚིག་སྟངས
་ཁ་ཚ་ལ་སྐུར་གྱིས་ཆེར་སྐུས་ཤིག་།མེ་བཙའ་གང་བ་བའི་དཔྱད་ནི་ཐལ་སྨན་གྱིས་བསྐུས་བ་དང། མི་འདྲ་སྟེ། དེ་ལས་ནང་དུ་འགྱུར་ཞིང་ཉེན་དུ་འགྱུར་བ་མི་སྲིད་དོ། །སྨན་བཏང་བ་ཐལ་སན་གྱིས་བྱུགས་བ་དང། གཏར་ག་བཏབ་སྟེ་མ་ཕན་པ
་རྣམས་ལ། མེ་བཙའི་དཔྱད་ཀྱིས་པགས་པ་དང། ཤ་དང། རྩ་དང། ཆུ་བ་དང། རུས་བ་དང། རུས་པའི་ཚིགས་རྣམས་དང། སྨེ་བ་དང་རྐང་ལག་སྣང་བ་དང། ཀླད་པ་ན་བ་དང། མིག་དང་ཀླད་པའི་གཞོགས་ཕྱེད་ན་བ་དང། མཛེར་བ་དང་འདི་འདྲ་བ་ལ་མེ
་བཅའ་གདབ་བོ། །དེ་ལ་པགས་པ་ལ་མེ་བཙའ་གདབ་ན་རས་བལ་དྲིལ་དྲིལ་བ་འམ་བལྦ་གི་སོ་དང་མེ་ཤེལ་དང་མདའི་སྨིག་ལ་སོགས་པ་གདབ་པོ། གཞང་འབྲུམ་དང། མཚན་པར་རྡོལ་པའི་ནད་དང་རྨེན་བུ་དང་མཚོན་འཚེབས་དང། ཤ་དང་པགས་པའི
་བར་དུ་ནག་འཁྱིམས་བ་འདི་ལྟ་བུ་ནི་ཤ་བསྲེགས་ཏེ་དེ་ལ་སྦྲང་རྩི་འམ་སྤ་ཚིལ་ལམ། མར་ལྷིང་ནག་དུ་བསྐོལ་བས་བསྲེག་།ཡང་ན་འཁྲུལ་འཁོར་དུ་བྱས་པ་ཛམྦུའི་མཆུ་འམ་བུ་རམ་བསྲེགས་བས་སྲེགས་ཤིག་། མིག་འབྱར་ཏེ་ཟུམ་པ་དང། གཏར་ག
་བཏབ་སྟེ་ཁྲག་མི་ཆོད་པ་དང། ནི་ལ་ལ་སོགས་པ་འདི་རྣམས་ལ་སྦྲང་རྩི་དང་སྦྲ་ཚིལ་ལ་སོགས་པ་སྲེགས་ཤིག། གོང་དུ་རྒན་པོ་དང། བྱིས་པ་དང། བུད་མེད་སྦྲུམ་མ་དང། མཚོན་ཁོང་དུ་ལུས་བ་དང། ལུས་སམ་ལྟོར་རྨ་ཆེན་པོ་བྱུང་སྟེ་ཁྲག་མང་པོ་ཟག་པ་དང།
་རྨ་མང་བ་བྱུང་བ་འདི་ལྟ་བུ་ལ་མེ་བཅའ་ཡང་མེ་འདེབས་མ་སྲེག་ཅིག་།མེ་འཆི?་བ་ལེགས་པར་ཚིག་ན་རྨ་ཁར་ཤིང་མངར་བཏགས་པ་དང། མར་དང་སྨན་སྣུམ་ཞིང་བསིལ་བ་བཏགས་པ་དང། བཟང་པོར་སྦྱོར་ལ་རྨ་ཁར་སྐུས་ཤིག་།མེ་བཙའ་ལེགས་པའི་ཚོད
་ནི་ཁྲག་མི་འོང། ཆུ་བུར་ཕྲེའུ་བྱུང་བ་དང། ཆུ་སེར་ཅུང་ཟད་ཙམ་འབྱུང་ཁ་སྲེགས་པའི་འཕྲོ་བྱ་ཐི་བའི་མདོག་འདྲན་མེ་བཙའ་ལེགས་ཏེ་ནང་མི་ཆེ་སྟེ། རྨ་མྱུར་དུ་འཆིའོ། །མི་མཁས་བས་དྲོར་མ་ཟིན་ཏེ་མ་ཚོས་པ་དང་བསྲེག་མ་ལེགས་པ་དང། ཧ་ཅང་ཚིག་ཆེས་བ
་དང། ཙུད་ཚུར་གྱུར་བ་དང་རྣམ་པ་བཞིའོ། །ཚུད་ཚར་གྱུར་བ་ནི་བགས་པའི་མདག་འགྱུར་ལ་ཚ། ཚུ་བུར་འབྱུང་བ་ནི་མེད་བ་ཡིན་ནོ། །བསྲེག་མ་ལེགས་ན་ཆུ་བུར་འབྱུང་རབ་ཏུ་ཚ་ལ་ནའོ། །ཧ་ཅང་བསྲེགས་དྲགས་ན་ནི་ཤ་ཞིག་སྟེ། འཕྱང་བ་དང་འཁུམས་པར་འགྱུར་བ་དང།
་ཧ་ཅང་ཚ་བ་དང། ཟུག་ཅིང་ན་བ་དང་རྩ་ལ་སོགས་པ་མ་རུངས་བར་འགྱུར་བ་དང། སྐོམ་དང་ཆེ་འབོག་མེ་བཙའ་བཏབ་བའི་རྨ་ཟབས་སུ་ཁོང་དུ་འབྲོས་བ་དང་འཆི་བར་ཡང་འགྱུར་རོ། །མ་བཙས་ན་ཚུགས་ཏེ་མཚོས་པ་ནི་མེ་བཙའ་གདབ་པ་དང། སྨན
་དྲོད་ཆེ་ཞིང་ཚ་བའི་བག་སྦྱར་རོ། །ཁྲག་སྐ་སྟེ། ཟག་ཏུ་མི་རུང་ནན་བར་འགྱུར་རོ། །ཁྲག་ཟག་ན་ནི་འབྲི་ཞིང་ཐིམ་པར་འགྱུར་རོ། །དེ་ལ་བསེག་མ་ལེགས་ན་ནི་བསིལ་བ་དང་དྲོ་བའི་སྨན་གྱིས་བསྐུས་ལ་མཇུག
་དུ་སྨན་བསིལ་བས་སྐུས་ཤིག་།དེ་ལ་མེ་བཙའ་གདབ་ལགས་ན་ཅུག་ཧད་དང། ཤིང་བླཀྵ་དང། ཙན་དན་དང། བཙག་ཡུག་སྣམ་དང། སླེ་ཏྲེས་རྣམས་ཞིབ་ཏུ་བཏགས་ལ་མར་དང་སྦྱར་ཏེ་རྨ་ཁར་སྐུས་ཤིག་།དེའི་རྗེས་ནི་མཁྲིས་བ
་པ་རྒྱས་པའི་ནད་དང་མེ་དཔལ་གྱི་ནད་ཀྱི་ཆོ་ག་དང་འདྲ་བར་བསིལ་བག་ཏུ་གྱིས་ཤིག་།དེ་ལ་མེ་བཙའ་ཧ་ཅང་དྲགས་ཏེ་ཚིག་ནས་མཁྲིས་པ་རྒྱས་པ་དང། མེ་དཔལ་གྱི་ནད་ཀྱི་ཆོ་ག་དང་འདྲ་བར་བསིལ་བག་ཏུ་གྱིས་ཤིག་།མར་དང
་སྤྲ་ཚིལ་ལ་སོགས་པ་ལྷིང་ནག་ཏུ་བསྐོལ་བསྐོལ་བས་བསྲེགས་ཏེ་ཚིག་ན་སྨན་རྩུབ་བག་གིས་མྱུར་དུ་སྐུས་ཤིག་།ཐལ་སྨན་རྣོན་པོ་གཤའ་རས་བྱུག་པ་དང་མེ་བཙའ་གདབ་པའི་ཆོ་ག་བཤད་པ་རྫོགས་སོ།། །།
་སྨན་སྦྱད་ཡན་ལག་བརྒྱད་བའི་སྙིང་པོ་བཤད་པའི་མདོའི་གནས་རྫོགས་ཏེ། བཤད་པ་དང་དག་ནི་གསང་བ་དང་འདྲ་བར་སྨན་དཔྱད་ཀྱི་དམིགས་བཤད་པ་རྣམས་མདོ་ཙམ་ཞིག་བཤད་པས་རྩིད་དོ། །ཞིབ་ཏུ་རྒྱས་པར་ནི་འོག་ནས
་བསྟན་ཅིང་བཤད་དོ། །སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས་ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས་མདོའི་གནས་ཞེས་བྱ་བ་ལེའུ་སུམ་ཅུ་པ་རྫོགས་ཏེ་ཡན་ལག་བརྒྱད་པའི
་སྙིང་པོའི་གནས་དང་པོའོ།། །།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས་ལུས་ཀྱི་གནས་ཞེས་བྱ་བ། བྱིས་པ་རུམ་དུ་ཆགས་པ་རྣམ་པ་དྲུག་ལས་ལེའུ་དང་པོ་བཤད་པར་བྱའོ།།
་དེ་ལ་སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ་ཐོག་མ་སེམས་ཅན་ཇི་ལྟར་སྐྱེ་ཞེ་ན་དང་པོ་ཕ་མའི་ཁུ་བ་དང་ཁྲག་རླུང་ལ་སོགས་པའི་སྐྱོན་མེད་པ་དང། ལས་དང་ཉོན་མོངས་པ་དང། ལྡན་པའི་རྣམ་པར་ཤེས་པ་དང
་དེ་དང་ལྷན་ཅིག་འབྱུང་བ་ནམ་མཁའ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་ཤིན་ཏུ་ཆ་ཕྲ་བ་དབང་པོའི་ཡུལ་ལས་འདས་པ་རྣལ་འབྱོར་གྱི་ཡུལ་དུ་གྱུར་པ། དེ་དག་སྐད་ཅིག་མངལ་དུ་ཚོགས་ཤིང་འདུས་པ་ནི་རུམ་དུ་ཆགས་པ་ཞེས་བྱ་སྟེ། དཔེར་ན
་གཙུབ་ཤིང་དང། གཏན་པ་དང། སྦྲ་བ་དང། སྐྱེས་བུས་རྩོལ་བའི་ལག་པ་དང། འདི་དག་ཚོགས་པ་ལས་མེ་འབྱུང་བ་བཞིན་ནོ། །ད་ལྟར་ཆགས་ནས་ཁ་ཟས་ཟོས་པའི་དངས་མ་དང། བཅུད་ཀྱིས་ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པར་རིམ
་གྱིས་འགྱུར་ཞིང་འཕལ་བར་འགྱུར་རོ། །དེ་ལ་རྣམ་པར་ཤེས་པ་དབང་པོའི་ཡུལ་ལས་འདས་པ་མའི་མངལ་དུ་ཇི་ལྟར་འཇུག་ཏུ་རུང་ཞེ་ན་དེ་ནི་མངོན་སུམ་གྱི་དཔེས་བསྟན་ཏེ། ཇི་ལྟར་ཉི་མའི་འོད་ཟེར་མེ་ཤེལ་ལ་ཕོག་པའི་དབང
་གིས་རྩ་དང་ཤ་ཛི་ལ་སོགས་པ་བསྲེགས་པར་སྣང་ཡང། ཤིང་ཡང་མེ་ཤེལ་ལ་རེག་པར་མི་སྣང་ལ་མེ་ཤེལ་ཡང་ཤིང་ལ་རེག་པར་མ་མཐོང་མོད་ཀྱང་ཚིག་པར་སྣང་པ་བཞིན་དུ་རྣམ་པར་ཤེས་པ་མངལ་གྱི་ནད་དུ་ཞུགས་པ་ཡང
་མི་སྣང་བའི་སྒོ་ནས་འཇུག་པ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་དང། དེ་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྱུང་བ་ཆེན་པོ་ལྔ་ནི་སེམས་ཅན་སྐྱེ་བའི་རྒྱུར་གཅིག་ན། སྐྱེ་བ་རྣམས་པ་དུ་མ་སྣང་བའི་ཕྱིར་ཞེ་ན། མཐུན་པའི
་དཔེས་བསྟན་ཏེ་ཇི་ལྟར་སྤྲ་ཚིལ་དང་ཟངས་མ་ལ་སོགས་པའི་རྒྱུ་གཅིག་པས་གཟུགས་ཐ་དད་པ་སྣ་ཚོགས་དགའ་མགུར་བྱར་ཡོད་དེ། ཅིར་ཡང་སྣང་བ་དང་འདྲ་བར་རང་བཞིན་གཅིག་པ་ལས་ཀྱང་ཐ་དད་པར་སྣང་དུ་རུང་ངོ། །དེ་བས་ན་ཕའི་ཁུ་ཆུའི
་ཤས་ཆེ་བ་ལས་ནི་སྐྱེས་པར་འགྱུར་ལ། མའི་ཁྲག་གི་ཤས་ཆེ་བ་ལས་ནི་བུ་མོར་འོང་ངོ། །ཆ་མཉམ་པ་ལས་ནི་མ་ནིང་དུ་འགྱུར་རོ། །བུ་ཚེ་མར་འོང་པ་ནི་ཆགས་ནས་མེར་མེར་བོའི་སྐབས་སུ་རླུང་གིས་དུམ་བུར་བཅད་པ་ལས་དུ་མར་གྱུར་ཏེ། དེ་ཡང་ཕོ་མོ་ལ་སོགས
་པར་འབྱུང་བ་ནི་ཁུ་ཁྲག་གི་ཤས་ཆེ་ཆུང་གོང་མ་ལྟར་ཤེས་པར་བྱའོ། །ཕ་མའི་ཁུ་ཁྲག་རླུང་ལ་སོགས་པའི་སྐྱོན་དང་བཅས་པ་ལས་ནི་སྐྱེ་བ་མི་མཐུན་པ་སྤྲུལ་དང་བྱི་བ་ལ་སོགས་པ་འབྱུང་བ་དང། གཞན་ཡང་ལོང་བ་དང། འོན་བ་དང། ཞ་བོ་དང། གྲུམ་པོ་དང། ཐེང
་པོ་དང། མེའུ་ཐུང་དང། ལུས་མི་སྡུག་པ་ལ་སོགས་པ་ལུས་སྐྱོན་དང་བཅས་པར་འགྱུར་བ་ཡིན་ནོ། །བུད་མེད་ཀྱི་ཟླ་མཚན་ཟླ་བ་གཅིག་ལ་ལན་གསུམ་འབྱུང། དེ་ཡང་ཐོག་མ་ལོ་བཅུ་གཉིས་ལོན་བ་ནས་ཏེ་ལོ་ལྔ་བཅུ་ཕན་ཆད་ནི་མི་འབྱུང་ངོ། །སྐྱེས་བུ་གང་ལོ་བཅུ
་དྲུག་གམ་ཉི་ཤུ་ཡང་ལོན། མངལ་གྱི་གནས་ཀྱང་དག་།ཁུ་བ་དང་ཁྲག་ལ་ཡང་ཉེས་པ་མེད་རླུང་ལ་སྐྱོན་མེད་ཅིང་ཕ་མ་གཉིས་སེམས་དགའ་བ་དང་བཅས་པའི་བུ་ནི་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་རོ། །གོང་མ་གཉིས་ལས་ལོ་ཉུད་བཅུ་དགུ་འམ་ལོ་བཅོ་ལྔ
་པའི་གུ་ཆེ་ནི་ནང་མང་བ་དང། ཚེ་ཐུང་བ་དང། མངལ་ཞིག་བར་འགྱུར་རོ། །ཕ་མའི་ཁུ་བ་དང། ཁྲག་རླུང་ལ་སོགས་པའི་སྐྱོན་གྱིས་འདྲེས་ན་ནི་ས་བོན་གྱི་རུས་བ་ཞན་པར་འགྱུར་རོ། །དེ་ཡང་མྱགས་པ་དང། མདུང་བ་ཅན་དང། རྣག་ལྟ་བུ་དང། ཟས་བྱེད་དང། དྲི
་མ་ཅན་དང་ལྔའོ། །ལྔ་པོ་དེ་དག་ཀྱང་རླུང་ལ་སོགས་པའི་རང་རང་གི་རྟགས་དང་མཐུན་པར་འབྱུང་སྟེ། དེ་ཡང་རླུང་ལས་གྱུར་པའི་རྟགས་ནི་ཁུ་བ་རྩུབ་པ་དང། མདོག་སྔོ་བསང་སུ་འབྱུང་བའོ། །མཁྲིས་པ་ལས་གྱུར་པའི་རྟགས་ནི་ཤིན་ཏུ་སླ་བ་དང། དྲི་མི་ཞིམ་པ་དང།
་མདོག་སེར་སྐྱ་ལ་སོགས་པར་འབྱུང་བའོ། །བད་ཀན་ལ་སོགས་པའི་རྟགས་ནི་ཤིན་ཏུ་དཀར་བ་ལ་སོགས་པར་འབྱུང་བའོ། །གཞན་ཡང་ཁྲག་ལས་གྱུར་པའི་མཚན་མ་ནི་རོ་མྱགས་ལྟ་བུའི་དྲི་མར་སྣང་བའོ། །བད་ཀན་དང་རླུང་ལས་གྱུར་པའི་ཁུ་བ་དང། ཁྲག་མདོག
་རུང་བ་ལྟར་སྣང་བའོ། །ཁྲག་མཁྲིས་ལས་གྱུར་བའི་མཚན་མ་ནི་རྣ་ག་ལྟ་བུའོ། །རླུང་དང་མཁྲིས་པ་ལས་གྱུར་པ་ནི་ཤིན་ཏུ་རུལ་བའོ། །ནད་གཞི་འདུས་པ་ལས་གྱུར་པ་ནི་དྲི་མ་ལྟ་བུ་སྟེ། དེ་དག་ལས་ཀྱང་འདུས་པ་ལས་གྱུར་བ་དྲི་མ་ལྟ་བུ་ནི་གསོར་མི་རུང་ངོ། །ལྷག་མ་ནི་གསོ་བར་བྱ
་སྟེ། རླུང་ལས་གྱུར་བ་ནི་སྣུམ་བག་དང། དྲོ་པ་དང། སྐྱུར་བ་དང། ལན་ཚེ་ལ་སོགས་པས་གསོའོ། །མཁྲིས་བ་ལས་གྱུར་པ་ནི་མངར་བ་དང། བསིལ་བ་ལྟ་བུ་དང། བ་བ་དང། བསྐ་བ་ལ་སོགས་པས་གསོ་བར་བྱའོ། །བད་ཀན་ལས་གྱུར་བ་ལ་ནི་རྩུབ་པ་དང། རྣོ་བ་ལ
་གོགས་པ་སྦྱིན་ནོ། །ཁྲག་ལས་གྱུར་པ་ནི་མཁྲིས་པ་གསོ་བའི་ཆོ་གས་ནི་ཞི་བར་ནུས་མོད་ཀྱི། འོན་ཀྱང་ཁྲག་ལས་གྱུར་པའི་མྱགས་པ་ནི་དང་ཀའི་མེ་ཏོག་དང། སེང་ལྡེང་དང། བལ་པོ་སེའུ་དང་ཨརྫུ་ན་དང། འདི་རྣམས་མར་དང་ཚུལ་བཞིན་དུ་བསྐོལ་ཏེ་བཏུང་བ་འམ་ཡང་ན
་ཨ་ས་ནའི་སྡེ་ཚན་ཆར་ཆུ་དང་བསྐོལ་ཏེ་འཐུངས་ན་ཞི་བར་འགྱུར་རོ། །དུད་བ་ལྟར་སྣང་བའི་ནད་ལ་ནི་ཤིང་པལཀཤ་བསྲེགས་པའི་ཐལ་བ་དང། སྲུ་སྲུའི་རྩ་བ་འདི་གཉིས་མར་དང་ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་ཕན་ནོ། །རྣ་ག་ལྟ་བུའི་ནང་པ་ལ་ནི་པི་རུ་ཤ་ཀ་དང།
་ནྱ་གྲོ་དྷའི་སྡེ་ཚན་མར་དང་ཚུལ་བཞིན་བསྐོལ་བ་འཐུངས་ན་ཞི་བར་འགྱུར་རོ། །ཁུ་བ་ཟད་པའི་ནད་ལ་ནི་རོ་རྩ་བའི་སྨན་དཔྱད་བྱའོ། །དྲི་མ་ལྟ་བུ་ལ་ནི་དང་པོ་སློན་ཁྲུས་ཀྱིས་ལུས་ངག་བར་བྱས་ལ་དེ་ནས་ཤིང་ཀུན་དང། བུ་ཤེལ་ཙོ་དང། ཀྲུ་ཏྲུག་ཏྲེས་དང། འདི་རྣམས
་མར་དང་ཚུལ་བཞིན་དུ་སྦྱར་བ་འཐུངས་ན་ཕན་ནོ། །བུད་མེད་ཀྱི་ཟླ་མཚན་མདུང་པ་ཅན་ལ་ནི་པ་ཏ་དང། ཆེ་བ་གསུམ་དང། དུག་མོ་ཡུངས་དང། འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བ་བླུད་ན་ཕན་ནོ། །བུད་མེད་ཀྱི་ཟླ་མཚན་རྣག་དང་མྱགས་པ་ལྟ་བུ་ལ་ནི་ཙན་དན་བསྐོལ
་བའི་ཁུ་བ་འཐུངས་ན་ཕན་ནོ། །གཞན་ཡང་ཟླ་མཚན་གྱི་ནང་མོ་མཚན་གསོ་བའི་དཔྱད་འཇམ་རྩི་མས་བཏང་བ་དང། སྨན་ལ་སོགས་པ་འོག་ནས་འབྱུང་བ་བཞིན་དུ་ཅི་རིགས་སུ་སྦྱར་རོ། །སྐྱེས་བུ་གང་གི་ཁུ་ཆུ་དཀར་བ་དང་ལྕི་བ་དང། སྣུམ་བ་དང། མངར་བ་དང། བསྐ
་བ་དང། མང་བ་དང་གཞན་ཡང་མདོག་སྦྲང་རྩི་ལྟ་བུ་དང། མར་དང་འབྲུ་མར་ལྟ་བུ་དང་འདི་དག་ལྟར་སྣང་ན་བུ་བཟང་པོ་སྐྱེ་བའི་རྟགས་སོ། །བུད་མེད་གང་ཟླ་མཚན་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་དང་རི་བོང་གི་ཁྲག་ལྟ་བུ་དང་ནད་མེད་པའི་ཁྲག
་དང་འདི་ལྟ་བུ་ཡོད་ནའང་བུ་བཟང་པོ་སྐྱེ་བའི་རྟགས་ཡིན་ནོ། །ཕ་མའི་ཁུ་ཁྲག་སྐྱོན་མེད་ཅིང་ཆགས་པའི་སེམས་དང་བཅས་པས་འདོད་པ་སྤྱད་ན་བུ་སྐྱེ་བའི་རྒྱུའོ། །ཐོག་མར་སྐྱེས་པ་དང་བུད་མེད་དགེ་བའི་སྨན་དང་མར་དང། འབྲས་བུའི་སྨན་མར་གྱིས་སྣུམ་གྱི་ཆོ་ག
་བྱས་ལ། སློན་ཁྲུས་ཀྱིས་ལུས་དག་བར་བྱས་ཏེ་དེའི་འོག་ཏུ་འཇམ་རྩི་བསྟེན་པར་བྱའོ། །ཁྱད་པར་དུ་སྐྱེས་པ་ལ་ནི་འོ་མ་དང་མར་དང་མངར་བ་དང་སྨན་ཛི་ཝནྟི་དང་རྒུན་འབྲུའི་སྡེ་ཚན་སྦྱར་ལ་སྦྱིན་ནོ། །བུད་མེད་ལ་ནི་འབྲུ་མར་དང། སྲོག་ཆགས་ཐང་ལ་གནས་པའི
་ཤ་དང། ལྷན་ཅིག་སྦྱར་བ་བཟའ་ཨོ། །དེ་ལ་བུད་མེད་ཟླ་མཚན་དང་ལྡན་པའི་རྟགས་ནི་རྐྱེན་གཞན་མེད་པར་ལུས་ཉམ་ཆུང་བ་དང། གདོང་གི་དྲི་མ་མེད་ཅིང་དག་པ་དང། རྐེད་པ་དང་ནུ་མ་འབར་བ་དང། མིག་དང། དཀུ་འགུལ་ཞིང་སྐྱེས་པ་འདོད་པ་དེ་ནི་ཟླ
་མཚན་དང་ལྡན་པའི་བུད་མེད་དུ་བལྟའོ། །དེ་ལྟར་པདྨ་ལ་ཉི་ཟེར་གྱིས་ཕོག་ན་ཁ་བྱེ་བ་དང་འདྲ་བར་ཟླ་མཚན་བྱུང་ནས་ཞག་བཅུ་གཉིས་ཀྱི་བར་དུ་མངལ་གྱི་པདྨ་ཁ་བྱེ་བ་ལྟར་འདུག་།གནས་སྐབས་དེའི་བར་དུ་སྐྱེས་པ་ཕྲད་ན་ས་བོན་འཛིན་ལ། དེ་ཕན
་ཆད་ནི་ཟུམ་པར་འགྱུར་རོ། །ཟླ་མཚན་ཐོག་མ་བྱུང་ནས་ཞག་བཅུ་གཉིས་ཀྱི་བར་དུ་ཟླ་མཚན་གྱི་དུས་དེར་འདོད་པ་སྤྱད་ན་བུ་ཚ་འཆགས་སོ། །ཞག་བཅུ་གསུམ་ཕན་ཆད་ནི་ས་བོན་འཛིན་པའི་མཐུ་མེད་དེ་མི་འཆགས་སོ། །དང་པོ་ཁ་ཟས་ལ་སོགས་པའི
་དངས་མ་ལས་ཟླ་བ་གཅིག་གི་བར་དུ་གསོག་པར་འགྱུར་རོ། །དེ་ནས་རླུང་གི་མངལ་གྱི་ནང་ན་རྩའི་རྒྱུན་གཉིས་ཡད་དེ། དེ་ནས་མོ་མཚན་གྱི་ནང་ནས་ཕྱིར་འབྱིན་པར་བྱེད་དེ་ཁྲག་མདོག་ཀྱང་ཅུང་ཟད་གནག་ལ་དྲི་མ་མེད་པར་སྣང་ངོ། །ཟླ་མཚན་ཐོག
་མར་བྱུང་བ་ཤེས་ནས་ཞག་གསུམ་པའི་བར་དུ་སེམས་བདེ་ཞིང་དགེ་བ་ལ་བློ་གཏད་པར་བྱའོ། །ཁྲུས་དང་རྒྱན་དང་བསྐུ་བྱུག་ལ་སོགས་པ་སྤང་ངོ། །རྩཝ་དར་བའི་སྟན་ལ་འདུག་དུ་གཞུག་གོ་།འོ་མ་ལས་གཞི་བླངས་པའི་བཟའ་བ་ཉུང་ཟད་སྦྱིན་ཏེ་ལྟོ་བ་སྦྱང་བར་བྱའོ།།
་བཟའ་བའི་སྣོད་ཀྱང་ལོ་མ་འམ་རྫ་སྣོད་དམ། ལག་པའི་སྟེང་དུ་ཟར་གཞུག་སྟེ་སྐྱེས་པ་དང་འཕྲད་པ་སྤང་ངོ། །དེ་ནས་ཞག་བཞི་པ་ལ་བུད་མེད་ཀྱིས་སྔ་དྲོ་ཁྲུས་བྱས་ལ་གོས་དཀར་པོ་དང། མེ་ཏོག་དཀར་པོ་ལ་སོགས་པས་ལུས་བརྒྱན་ལ་གཙང་བར་བྱའོ།
་དེ་ནས་བུ་འདོད་པའི་ཕྱིར་ཁྱོའི་མདུན་དྲང་པོ་ནས་ལྟར་བཅུག་ནས་ཕ་དང་འདྲ་བའི་བུ་འོང་བའི་རིགས་སོ། །ཐོག་མ་ཟླ་མཚན་བྱུང་བ་ཤེས་ནས་ཞག་བཅུ་གཉིས་ཀྱི་བར་དུ་ནི་ཟླ་མཚན་རྒྱུ་བའི་དུས་ཏེ་དེ་ལས་ཀྱང་དང་པོ་ཞག་གསུམ་དང་ཞག་བཅུ་གཅིག་པའི་དུས་སུ
་ཉལ་པོ་བྱེད་པ་ནི་སྨད་དོ། །དེ་ལ་ཟུང་ཐེན་པའི་ཞག་བཞི་བ་དང། དྲུག་བ་དང། བརྒྱད་བ་དང། བཅུ་བ་དང། བཅུ་གཉིས་ལོན་པ་དེའི་ཚེ་ནི་བུ་ཕོར་འགྱུར་རོ། །ཟླ་མཚན་རྒྱུས་ནས་ཞག་ལྔ་བ་དང་བདུན་པ་དང། དགུ་པ་དང་འདི་དག་གི་ཚེ་ཉལ་པོ་བྱས་ན་བུ་མོར་འགྱུར་རོ། །དེ་ནས་བུད
་མེད་དེས་སྲིད་སྲུང་གི་རིག་བྱེད་པའི་དྲམ་ཟེའི་ལུང་བཞིན་དུ་བུ་བསྐྱེད་པའི་ཕྱིར་བསྲུང་བ་འམ་ཆོ་ག་བྱ་སྟེ་བྲམ་ཟེ་དང། རྒྱལ་རིགས་དང། དམངས་རིགས་གསུམ་ལ་ནི་བསྟོད་བ་དང་བཅས་པས་ཕྱག་བྱའོ། །རྗེའུ་རིགས་ལ་ནི་ཕྱག་ཐ་མལ་བ་བྱའོ། །གོང་དུ་བསྟན
་པའི་སྦྱོར་བ་ལྟར་ཆོ་ག་མ་བྱས་ན་ནི་ཇི་ལྟར་རང་འདོད་པའི་བུ་མི་འོང་ངོ། །བུ་འདོད་པའི་མཁས་པ་རྣམས་ཀྱིས་ཤིན་ཏུ་དབེན་པར་ཉལ་པོ་བྱའོ། །ཅིའི་ཕྱིར་ཞེ་ན་ཉམས་རངས་སམ་དགའ་བདེར་སྤྱད་པས་བཟང་པོར་འགྱུར་བའི་ཕྱིར་རོ། །གལ་ཏེ་དབེན་པར་མ་གྱུར
་བའི་གནས་སུ་འདོད་པ་སྤྱད་ན་དུས་རིག་མཐོན་པོ་ཡིན་ཡང་བུ་ཚ་མ་རབས་སྐྱེ་སྟེ་རིགས་ཀྱི་མེ་བཞིན་ནོ། །སྐྱེས་བུ་བུ་བཟང་པོར་འདོད་པ་རྣམས་ཀྱིས་ཡུལ་ཕྱོགས་ན་གནས་པའི་སྐྱེ་བོ་བྱད་བཞིན་བཟང་ཞིང་མཛེས་པ་དང། སྟོབས་དང་ལྡན་ཞིང་དཔའ་བ་དང།
་འབྱོར་བ་ཕུན་སུམ་ཚོགས་པ་དང། རིགས་དང་ཡུལ་ཆོས་ཀྱི་སྤྱོད་ལམ་དང། དེ་ལ་སོགས་པ་ཡོན་ཏན་གྱི་རྣམ་པ་དང་ལྡན་པ་བུ་ཕོ་དང། བུ་མོ་གང་འདོད་ཀྱང་རུང་གོང་མ་ལྟ་བུ་དང་ལྡན་པར་བསམས་ནས་ཉལ་པོ་བྱས་ཏེ། སྐྱེས
་པ་དང། བུད་མེད་གཉིས་ཀ་ཡང་འབྲས་ཆན་དང་འོ་མ་དང་ལྡན་པར་བཟའ་ཨོ། །དེ་ནས་སྐར་མཁན་གྱི་དུས་ཚོད་དང་ཁྲི་འམ་མལ་གྱི་སྟེང་དུ་སྐྱེས་པ་ནི་རྐང་པ་གཡས་པས་འཇེག་གོ་།བུད་མེད་ནི་རྐང་པ་གཡོན་བས་འཛེགས་ནས་ཁྱིམ་ཐབ་ཀྱི་གཡས་ངོས་སུ
་བསྙལ་ལ་ཏིལ་མར་དང་མོན་སྲང་གྲེའུ་སྦྱར་བའི་ཚོད་མ་བཏུང་བར་བྱའོ། །དེ་ནས་ཁྲི་ཐོག་ཏུ་ཕྱིན་ནས་སྔགས་ཀྱི་ཚིག་འདི་དག་བརྗོད་པར་བྱའོ། ། ཧི་ར་སི་ཨཱ་ཡུ་ར་སི་སརྦ་ཏ། པྲ་ཏིཥྛ་སིདྷ་ཏྭ་དྷ་ན་བ་དྷི་ཏཱ་རྠ་དནྟུ་བྲཧམ་བར་ཙ་ས་བྷ་བེ་ཏི། བྲཧམ་གྲི་ཏ།
་ས་ཏིར་བཥྞུ་སོ་མ་ཤུརྱ། སྠ་ན་ཤཱི་ནོ། བ་གོ་མེ་ཏྲ་བ་རུ་ཎོ། །ཚངས་པ་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བདག་མིང་འདི་ཞེས་བགྱི་བ་ལ་བུ་དཔའ་བ་དང་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་བདག་ཅིག་ལ་སྩལ་དུ་གསོལ། །དེའི་འོག་ཏུ
་ཁྱོ་ཤུག་གཉིས་གཅིག་ལ་གཅིག་རྗེས་སུ་ཆགས་པར་བྱས་ནས་དགའ་བ་དང་བཅས་པས་ཉལ་པོ་བྱ་སྟེ། དེ་ཡང་བུད་མེད་གལ་རྐྱལ་དུ་ཡན་ལག་ལེགས་པར་གནས་པར་བྱ་སྟེ། འདོད་པ་ལ་བརྩེ་གཅིག་པའི་ཡིད་ཀྱིས་འདུག་པར་འཛིན་ཅིང་སྐྱེས་བ་རྣམས
་རང་གི་གནས་ན་གནས་པར་བྱའོ། །བུད་མེད་ཀྱི་མངལ་དུ་ས་བོན་ལེགས་པར་ཆགས་པར་གྱུར་ན་འཕྲལ་དེ་མ་ཐག་མཚན་མ་འདི་དག་འབྱུང་སྟེ། འདོད་པས་ངོམས་བ་དང། ལུས་ལྕི་བ་དང། ཡན་ལག་འགུལ་བ་དང། ཁུ་ཁྲག་འདྲེས་པ་དེ་ཡང
་འཁྲུགས་པ་སྙམ་བྱེད་པ་དང། སྙིང་ཅུང་ཞིག་འཕར་བ་དང་སྙོམས་པ་དང་དུབ་པ་དང་བ་སྤུ་ལངས་པ་དང། མངོན་རྟགས་དེ་དག་དང་ལྡན་པར་འགྱུར་རོ། །དང་པོ་ཆགས་ནས་ཞག་བདུན་ལོན་པ་དང། ནུར་ནུར་པོར་འགྱུར་ཏེ། ཟླ་བ་གཅིག་གི་བར་དུ་མི
་མངོན་བར་འདུག་གོ། ཟླ་བ་གཉིས་པ་ལ་གོང་གི་ནུར་ནུར་བོ་ཅུང་ཞིག་མངོན་བར་འགྱུར་བ་དང། འོག་ནས་འབྱུང་བའི་སྨན་འདི་དག་གིས་གསོ་བར་བྱའོ། །ཡོད་ནི་སྐྱེས་བུའི་ལས་དགེ་བ་དང་མི་དགེ་བ་འདི་རྗེས་སུ་འབྲང་མོད་ཀྱི་འོན་ཀྱང་རྐྱེན་ལ་རག་ལས་པ་ཡང་ཡོད་བས
་གསོ་བ་དང་བསྲུང་བའི་ཆོ་ག་བྱའོ། །དེ་ལ་གསེར་རམ་དངུལ་ལམ་ལྕགས་ནག་པོ་གང་ཡང་རུང་བ་ལ་སྐྱེས་བུའི་གཟུགས་ཆུང་ངུ་བྱས་ཏེ་མེའི་ནང་དུ་བསྲེགས་ལ་དམར་པོར་གྱུར་བ་དང་འོ་མའི་ནང་དུ་བསྙུགས་ལ་ཁྱོར་གང་བླུད་དོ། །ཡང་ན་གོ་ར་ལྔ་དང་ཨ་བ
་མར་ག་དང་ཛི་བ་ག་དང། ཟངས་རྩི་བ་དང། ཤྲི་ཤ་དང། འདི་རྣམས་ལ་གཉིས་སམ་གསུམ་མམ་མང་དུ་འཚོགས་ཀྱང་རུང་སྟེ། བཏགས་ལ་ཆུ་དང་སྦྱར་ནས་སྐར་མ་རྒྱལ་གྱི་ཉི་མ་ལ་བླུད་དོ། །བུ་ཕོ་འདོད་ན་བྲི་ཧ་ཏི་དཀར་པོའི་རྩ་བ་འོ་མ་དང་སྦྱར་བ་སྣ་གོང
་གཡས་ལོགས་སུ་བླུགས་སོ། །བུ་མོ་འདོད་སྣ་གོང་གཡོན་ནས་བླུགས་སོ། །ཡང་ན་ལག་སྨ་ནའི་རྩ་བ་བརྡུངས་པ་འོ་མ་དང་སྦྱར་བ་བུ་བརྟན་བར་བྱ་བའི་ཕྱིར་ཁ་འམ་སྣ་ནས་བླུགས་སོ། །ཡང་ན་ནྱ་གྲོ་དྷའི་མྱུ་གུ་བརྒྱད་བརྡུངས་པ་འོ་མ་དང་སྦྱར་བ་གོང་མ་ལྟར་གཏང་ངོ། །ཡང
་ན་འཚེ་བྱེད་སྣ་བཅུའི་སྨན་གྱིས་བཟའ་བ་དང། བཏུང་བ་དང་བསྐུ་བ་ལ་སོགས་པ་བྱས་ན་ཁྱིམ་ཐབས་དང་གཡོག་འཁོར་རྣམས་ལ་ཕན་ཞིང་མངལ་ཡང་བརྟན་པོར་འགྱུར་ཏེ་ཀུན་ལ་སྦྱར་རོ། །ཞུན་མར་སར་པ་དང། འོ་མ་ནི་རྟག་ཏུ་བསྟེན་པར་བྱའོ། །དེ་ལྟར
་སེམས་དང་ལྡན་པའི་བུད་མེད་ཀྱིས་ཉལ་པོ་ལྷག་པར་མི་བྱ། རྩོལ་བ་དྲག་པོ་དང། ཁུར་དང། གོས་ལྕི་བ་དང། ནུབ་མོ་གཉིད་མ་ལོག་པ་དང་ཉིན་པར་གཉིད་ལོག་བ་དང། འོག་གཞི་མཁྲང་བལ་འདུག་པ་དང། སྟན་མེད་པ་ལ་འདུག་པ་དང་མྱ་ངན་དང་ཁྲོ
་བ་དང་འཇིགས་པ་དང། སྐྱོ་བ་འབྱུང་བ་དང། འདོད་པ་དགག་པ་དང། སྨྱུང་བར་འདུག་པ་དང། ལམ་དུ་འགྲོ་བ་དང། ཤིན་ཏུ་ཚ་བའི་ཟས་དང། དྲོ་བ་དང་ལྕི་བ་དང་ཕྱིས་འགགས་པར་འགྱུར་བའི་ཟས་དང། གོས་དམར་པོ་དང། གཡང་ས་དང། ཁྲོན་པར་ལྟ་བ་དང
་ཤ་དང་ཆང་ཆེར་འཐུངས་པ་དང། གན་རྐྱལ་དུ་ཉལ་བ་དང། གང་ཡང་བུད་མེད་མཁས་པས་མི་འདོད་པས་མི་འདོད་པ་ཐམས་ཅད་སྤང་བར་བྱ་སྟེ། མདོར་ན་སྐྱོན་གོང་མ་དེ་དག་མི་སྤྱད། མི་བསྟེན་མི་བཟའ་ཨོ། །དེ་བཞིན་དུ་གཏར་ཀ
་དང་སློན་ཁྲུས་དང། སྨན་མས་བཏང་བ་ལ་སོགས་པ་མི་བྱ་ཅི་སྟེ་དེ་དག་བྱས་ན་ནི་ནང་དུ་དབང་པོ་རྣམས་བསྐམས་པ་འམ། །ཕྱིར་འཕྱིལ་བར་འགྱུར་རོ། །ཟས་དང་སྨན་ལ་སོགས་པ་རླུང་འཁྲུགས་པའི་བག་བསྟེན་པ་ལས་ནི་བུ་ཚ་རྒུར་པོ་དང། ལོང་བ་དང
་འོན་པ་དང། མིའུ་ཐུང་ངུ་འགྱུར་རོ། །ཟས་དང་སྨན་ལ་སོགས་པ་མཁྲིས་པ་འཁྲུགས་པའི་བག་བསྟེན་པ་ལས་ནི་བུ་འཕྱིལ་པ་དང། སེར་སྐྱར་སྣང་བར་འགྱུར་རོ། །བད་ཀན་འཁྲུགས་པའི་ཟས་དང་སྨན་བསྟེན་པ་ལས་ནི་བུ་ཤ་ཀྲ་དང་སྐྱ་རྦབ་ཀྱིས་བཏབ་པར
་འབྱུང་ངོ། །གཞན་དུ་ནང་གང་ཡང་རུང་བ་སྦྲུམ་མའི་བུད་མེད་ལ་བྱུང་ན་ཟས་དང་སྨན་འཐུང་བ་འདི་དག་བསྟན་ཏེ། མར་དང་ལི་ཁ་ར་དང། རྒུན་འབྲུམ་ལ་སོགས་པའི་སྨན་དང། དེ་བཞིན་དུ་དོང་ག་ལ་སོགས་པས་གསོ་བར་བྱའོ། །ཟླ་བ་གཉིས་པ་ལ་བབ
་བའི་ཚེ་ན་གོར་གོར་པོར་གྱུར་ན་ནི་སྐྱེས་བར་གྱུར་ལ། ནར་ནར་པོར་གྱུར་པ་ནི་བུ་མོར་འགྱུར། ནུར་ནུར་པོར་གྱུར་ན་ནི་མ་ནིང་དུ་འགྱུར། དེའི་ཚེ་བུ་གསལ་པོར་ཆགས་པ་འམ་མངོན་པའི་མཚན་མ་ནི་ཤ་བྲི་བ་དང། ལྟོ་ལྕི་བ་དང། བརྒྱལ་བ་དང། སྐྱུག་པ
་དང། ཟས་ཡི་གར་མི་འོང་བ་དང། གླལ་བ་དང། ཆམ་པས་དང། རྐང་ལག་སྐྱོང་བ་དང། ལྟེ་བའི་འོག་ནི་སྤུའི་རྒྱལ་པོ་འབྱེས་པ་དང། སྐྱུར་ལ་དགའ་བ་དང། ནུ་མ་རྒྱས་པ་དང། ནུ་སོར་ནག་པོ་འདུག་པ་དང། རྐང་པ་གཉིས་སྐྲང་བ་དང། སྒེགས?
་པ་སྐྱུར་མོ་འབྱུང་བ་དང། ཟས་སྣ་ཚོགས་ལ་དང་པ་ཡིན་ཏེ། དེ་ཡང་མ་ཟས་གང་ལ་དང་པ་བུ་ཡང་དེ་ལ་དང་དེ། བུ་དང་སེམས་འབྲེལ་ཡིན་པས་མི་དགག་གོ་།མི་མཐུན་པའི་ཟས་ནི་ཅུང་ཟད་སྦྱིན་ནོ། །གང་འདོད་པའི་ཟས་བཀག་ནན་ནང་གི་ཐུ་འུས?
་འགྱུར་བ་འམ་འཕྱིལ་བར་འགྱུར་རོ། །ཟླ་བ་གསུམ་པ་ལ་བབ་པའི་ཚེ་ནི་ཡན་ལག་ལྔ་དོང་པར་འགྱུར་ཏེ། ཉིང་ལག་རྣམས་ཀྱང་རིམ་གྱིས་འབྱུང་ལ། བདེ་བ་དང་སྡུག་བསྔལ་ཡང་དེ་ཚུན་ཆད་འབྱུང་ངོ། །བྱིས་པ་ནང་དུ་སྐྱེ་བ་འམ་འཕེལ་པའི་རྒྱུ་ནི་མའི་སྙིང་དང།
་བུའི་ལྟེ་བར་འབྲེལ་པའི་རྒྱུན་སྲང་ཡོད་དོ། །དེ་ནས་མས་ཟོས་པའི་བཅུང་འཇུག་སྟེ། དཔེར་ན་ཞིང་ལ་ཡུར་བ་ནས་ཆུ་དྲངས་ནས་བཅུས་ན་ངེས་པར་འཕེལ་ཞིང་རྒྱས་པ་བཞིན་ནོ། །ཟླ་བ་བཞི་པ་ལ་བབ་པའི་ཚེ་ན་ནི་བུས་པའི་ཡན་ལག་ཐམས་ཅད་གསལ་པོར
་འབྱེས་པར་འགྱུར་རོ། །ཟླ་བ་ལྔ་པ་ལ་ནི་སེམས་ཤིན་ཏུ་གསལ་བར་འགྱུར་རོ། །ཟླ་བ་དྲུག་པ་ལ་ནི་རྩ་དང་རྒྱུས་པ་དང། བ་སྤུ་དང། རྒྱུས་པ་དང། སྟོབས་དང་མདོག་དང། སེན་མོ་དང་པགས་པ་དང་འདི་སྐྱེའོ། །ཟླ་བ་བདུན་པ་ལ་བབ་པའི་ཚེ་ལུས་ཐམས་ཅད
་རྒྱས་ཤིང་འཕེལ་བར་འགྱུར་རོ། །ནང་དུ་བྱིས་པ་ལ་རླུང་ལ་སོགས་པའི་ནད་བྱུང་ན་དེའི་རྒྱུས་བྱིས་པའི་ལྟ་བ་ལས་མའི་སྙིང་དུ་འགྲེལ་པའི་གཞིས་མ་ལ་ཡང་ཐོག་མ་སྙིང་ལ་བརྟེན་ཏེ། དེའི་འོག་ཏུ་བྲང་དང་ནུ་མ་དང་ལྟོ་བ་རྣམས་སུ་གཡན་པའི་ནད་དང། རྐང་པ
་དང་ལག་པ་ལ་ཚ་བ་སྐྱེ་བར་འགྱུར་ཏེ་དེའི་མིང་ནི་ཀི་ཀིས་ཞེས་བྱའོ། །དེ་ལྟར་ཀི་ཀིའི་ནད་ཀྱིས་བཏབ་པ་ལ་མར་དང་རྒྱ་ཤུག་གི་འབྲས་བུ་སྦྱར་བ་འམ། འཚོ་བྱེད་སྣ་བཅུའི་སྡེ་ཚན་ནམ། དགུན་འབྲུམ་ལ་སོགས་པའི་སྡེ་ཚན་གོང་མ་ལྟར་སྦྱར་བ་བྱིན་ན་ཕན་ནོ།།
་ཁ་ཟས་ནི་སྣུམ་པ་དང་ལན་ཚ་ཅུང་ཟད་བཏབ་པ་སྦྱིན་ནོ། །ནུ་མ་དང་བྲང་དང་ལྟོ་བ་འདི་དག་ལ་ནི་ཙན་དན་དང་པུ་ཤེལ་རྩེ་བཏགས་པའི་ལྡེ་གུས་བསྐུའོ། །ཡང་ན་འབྲས་བུ་གསུམ་བཏགས་པའི་ཕྱེ་མ་དང། རི་དགས་ཨེ་ནྱེ་ཡ་དང། ཧི་ར་ནི་དང། རི་བོང་གི
་ཁྲག་དང་སྦྱར་བས་བསྐུའོ། །ཡང་ན་ཀ་ར་བི་ར་དང། ཏིལ་མར་དུ་སྦྱར་བས་བསྐུ་མཉེ་བྱའོ། །ཡང་ན་པ་ཏོ་ལ་དང། ནིམཔ་དང། བཙེད་དང། བྱེའུ་རུག་པ་དང། འདི་རྣམས་ཆ་བསྙམས་ཏེ་བསྐོལ་བའི་ཆུས་བསྐུ་བའམ། ཡང་ན་སྐྱེར་བ་འམ། ཤིང་མངར
་བསྐོལ་པའི་ཆུ་དང། ཁྲུས་དང་སྐུ་བྱུག་ལ་སོགས་པ་གཙང་སྦྲ་ཆེར་བྱའོ། །ཟླ་བ་བརྒྱད་པ་ལ་ནི་མདང་བུའི་གཟི་མདངས་ཡང་དང་ཡང་དུ་འཕོ་སྟེ། གཟི་མདངས་ནི་ལུས་འཛིན་པ་ཡིན་པས་གལ་ཏེ་གཟི་མདངས
་འཕོ་བའི་དུས་སུ་བཙས་ན་ནི་ཕལ་ཆེར་མ་འམ་བུ་གཅིག་འཆི་སྟེ། དེ་ཡང་གཟི་མདངས་མ་ལ་འཕོ་བའི་དུས་ན་ནི་བུ་ལ་གཟི་མདངས་མེད་པས་བུ་འཆི་ལ་འཕོ་བའི་སྐབས་སུ་བཙས་ན་ནི་མ་མི་འཚོའོ། །ཟླ་བ་བརྒྱད་པ་ལ་ནི་འབྲས་ཀྱི་འོ
་ཐུག?་སྦྱིན་ནོ། །མངར་བའི་སྨན་ཛི་བནྟིའི་སྡེ་ཚན་དང་མར་དུ་སྦྱར་བའི་འཇམ་རྩི་མས་གཏང་ངོ། །གཞན་ཡང་ཕྱི་ས་རྙིང་བ་དག་པར་བྱ་བའི་ཕྱིར་ལ་ཕུག་སྐམ་པོ་དང། རྒྱ་ཤུག་སྐྱུར་པོ་དང། ཤུ་ཏི་དང། འདི་རྣམས་བཏགས་ལ་མར་དང། རྒྱམ་ཚ་དང་སྦྱར་བའི
་འཇམ་རྩི་བཏང་ན་བསྔགས་སོ། །ཟླ་བ་བརྒྱད་པོ་འདས་མ་ཐག་གི་ཞག་ལ་བྱུང་ན་དེ་ནི་དུ་སུ་སྐྱེས་པ་ཞེས་བྱ་སྟེ་རབ་ཏུ་བཟང་ངོ། །ཟླ་བ་དགུ་འམ་ཟླ་བ་བཅུ་གཉིས་ཚུན་ཆད་སྐྱེས་པ་ཡིན་ལ། དེ་ཕན་ཆད་སྐྱེས་པ་ནི་རླུང་གི་ལམ་བཀག་ནས་ངེས་པར་ལུས་མི་བདེ་བར
་སྐྱེད་དོ། །ཟླ་བ་དགུ་པ་ལ་བབ་པའི་དུས་སུ་ནི་ཤ་ཚོན་གྱི་ཁུ་བ་འབྲས་ཆན་དང་བཟའ་བ་འམ། ཡང་ན་འབྲས་ཐུག་སྣུམ་ཤས་ཆེ་བ་དང་སྦྱར་ནས་བཟའ་སྟེ། རླུང་ནང་ཞི་བའི་ཕྱིར་གོང་དུ་སྨོས་པའི་ཨ་ནུ་བ་ས་ན་རྟག་ཏུ་གཏང་ངོ། །རླུང་ལ་ཕན་པའི་སྨན་དང་སྦྱར་བའི་ཏིལ
་མར་གྱི་ནང་དུ་སྤངས་པའི་བལ་གྱིས་མོ་མཚན་གྱི་ནང་དུ་བཅངས་ལ་བཞག་གོ་།དེ་ནས་རླུང་འཇོམས་པའི་སྨན་བཙོ་མའི་ལོ་མ་ལ་སོགས་པའི་སྨན་གྱི་ལོ་མ་ཇི་སྙེད་པ་དང། ཆུ་བསྐོལ་བ་དེ་ནས་བསྒྲངས་པའི་ཁུ་བས་རྟག་ཏུ་ཁྲུས་བྱའོ། །ཟླ་བ་དགུ་པ་ལ་ནི་ཅི་སྲིད་དུ
་འབྱུང་གི་བར་དུ་ཨ་ནུ་བ་ས་ན་ལ་སོགས་པའི་ལུས་ཀྱི་སྣུམ་བཅོས་སྤང་ངོ། །ནང་ན་བུ་ཁྱེའུ་ཡོད་པའི་རྟགས་ནི་བུད་མེད་ཀྱང་སྐྱེས་པའི་མིང་ཅན་ཐམས་ཅད་ལ་དགའ་ལ། གཏམ་དང་དྲི་བ་ཡང་སྐྱེས་པའི་ཚིག་དང་ལྡན་པར་སྨྲ་བ་དང། སྐྱེས་པའི་ནང་དུ་དགའ་བ
་དང། རྨི་ལམ་དུ་ཡང་སྐྱེས་བུ་རྨི་བ་དང། དཀུ་གཡས་ལོགས་མཐོ་ལ་དེ་ཡང་ཟླུམ་འདུག་ན་དེ་ནི་བུ་ཕོ་བཙའ་བའ་ཨི་སྔ་རྟགས་སོ། །གཞན་དུ་ན་དེ་ལས་ཟློག་པ་ནི་བུ་མོ་བཙའ་བའ་ཨི་རྟགས་ཏེ། ཁྱད་པར་དུ་སྐྱེས་པ་དང་ཉལ་པོ་བྱེད་པར་དགའ་བ་དང། རོལ་མོ་དང། གར་དང། དྲི
་དང། ཕྲེང་བ་ལ་དགའ་བ་ནི་བུ་མོ་བཙའ་བའ་ཨི་རྟགས་སོ། །བུ་མ་ནིང་ཡོད་པའི་རྟགས་ནི་གོང་མ་གཉིས་ཀའི་རྟགས་དང་ལྡན་པ་དང། ཁྱད་པར་དུ་དཀུ་གཡས་གཡོན་གྱི་དབུས་ལྟེ་བའི་འོག་ནས་མཐོན་པོར་འདུག་ན་མ་ནིང་སྐྱེ་བའི་རྟགས་སོ། །བུ་མཚེ་མ་འབྱུང་བའི་རྟགས
་ནི་དཀུ་གཡས་གཡོན་གཉིས་ཀ་མཐོན་པོར་འདུག་ལ། དབུས་སུ་ལུང་པ་ལྟར་གཤོང་བར་འདུག་པའོ། །གོང་གི་ཟླ་བ་དགུ་པ་ནས་བརྩམས་ལ་བུ་བཙའ་བའ་ཨོ་ཁྱད་པར་འཇུག་པར་བྱ་སྟེ་དེ་ཡང་ས་རྟོག་པ་ལ་མཁས་པའི་མཚན་ཉིད་དང་ལྡན་པའི་སྐྱེས་བུས་ཁྱིམ་ལེགས་པར་བརྟགས
་ལ་དགོས་པའི་ཡོ་བྱད་ཡོངས་སུ་བསགས་ཏེ། གཟའ་དང་རྒྱུ་སྐར་དགེ་བ་དང་སྐར་མའི་ཁྱིམ་དང་ཡུད་ཙམ་པ་སོགས་པ་བརྟགས་ལ་ཁྱིམ་དུ་འཇུག་པར་བྱའོ། །དེ་བསྲུང་པ་ཚུལ་བཞིན་དུ་བྱས་ཏེ་སྔར་གོང་མའི་མ་མ་བུ་བཙའ་བའ་ཨི་ཆོ་ག་མཁས་པའི་འཁོར་དང་འདུག་པར་བྱའོ། །དེ་ལ་བུ་བྱུང
་བྱུང་བ་ཉེ་བའི་སྔ་རྟགས་ནི་ལུས་དུབ་པ་དང། དཀུ་དང་མིག་གཉིས་འགུལ་བར་སྣང་བ་དང་རོ་སྨད་ལྕི་བ་དང་ཟས་ཡིད་གར་མི་འོང་བ་དང། མཆིལ་མ་མང་པ་དང། གཅིན་མང་བ་དང། བརླ་དང། རྐེད་པ་དང། རྒྱབ་དང། སྙིང་དང། ཆུ་སོ་དང། བརླ་བྲག་དང། འདི་དག་ཏུ་ན་བ་དང།
་མོ་མཚན་རྒྱ་ཆེན་པོར་གྱུར་ཅིང་རྒྱུན་དུ་ན་པ་དང། མགུལ་བ་དང། ཁྲག་དང། བེའུ་སྣབས་ལྟ་བུ་འབྱུང་བ་དང། དེ་དག་ལྟར་སྣང་ན། དེང་ངམ་སང་འབྱུང་བའི་རྟགས་སོ། །དེའི་འོག་ཏུ་སྣོད་ལ་ཆུ་འབྱུང་ངོ། །དེ་ནས་བྱིས་པ་མངལ་ནས་བྱུང་སྟེ། མོ་མཚན་གྱི་ལམ་དུ?་ཕྱིན་པ་དང། བུད
་མེད་ལ་བསྲུང་བའི་འཁོར་ལོ་འགུལ་དུ་གདགས་པ་དང། བསྲུང་བའི་སྐུད་པས་ལག་པར་གདགས་སོ། །བུད་མེད་ཀྱི་ལག་པ་སྐྱེས་པའི་མིང་ཅན་གྱི་འབྲས་བུར་སླ་གོང་ཞོ་ཤ་ལ་སོགས་པ་བཅང་སྟེ། ཆུ་དྲོན་པོ་ཅུང་ཟད་ཅིག་ལུས་ལ་བསྐུ་བ་འམ་བླུགས་སོ། །དེའི་འོག་ཏུ་མར
་གྱིས་བཏབ་པའི་ཐུག་པ་བྱིན་པས་ལམ?་ལ་བཅས་ཏེ་འདུག་གོ་།དེ་ནས་བུད་མེད་ཀྱི་བརླའི་ནང་སྐུར་བའི་རིགས་སོ། །དེའི་འོག་ཏུ་བུད་མེད་གན་རྐྱལ་ཏུ་བཞག་ལ་རླུང་ནད་ཞི་བའི་ཕྱིར་བསྐུ་བྱུག་ལེགས་པར་ཡང་དང་ཡང་བྱ་སྟེ། ལྟེ་བ་ཡན་ཆད་ཁྱད
་པར་དུ་མཉེས་ལ་བུད་མེད་གླལ་བྱུང་བ་དང་འཆག་ཏུ་བཞུག་གོ་།སྔར་བྱིས་པ་མའི་སྙིང་ཕྱོགས་སུ་མགོ་བརྟེན་ཏེ་འདུག་པ་ལས་ཁ་སྦུབ་ཏུ་ལོག་སྟེ་རང་གི་སྔར་གྱི་གནས་ནས་འཕགས་ནས་ཆུ་སོར་ཕྱིན་ཏེ། ཕྱིར་བུ་འབྱུང་ཁར་གཟུགས་གཟེར་སྣ་ཚོགས་བྱུང་བ་ན། མྱུར་བར
་ཁྲི་ལེགས་པར་བཅས་ལ་དེའི་སྟེང་དུ་བཞག་སྟེ། བུ་ནང་ནས་བྱུང་བའི་མཚན་གྱིས་ཕུལ་བའི་མོ་མཚན་བརྒྱངས་པ་ན་སྣུམ་གྱིས་བསྐུ་བྱུག་ལ་སོགས་པ་བྱའོ། །བུ་མོ་མཚན་གྱི་ཁང་མ་བྱུང་གི་བར་དུ་རིམ་གྱིས་བཙིར་ལ་སྒོར་ཕྱིན་པ་དང་ཤུགས་དྲག་ཏུ་ཕུལ
་ཞིང་བཙིར་རོ། །དེའི་ཚེ་བུ་བཙའ་བའ་ཨི་བུད་མེད་སྲོག་དང་བྲལ་བ་ཙམ་དུ་སྡུག་བསྔལ་མི་ཟད་པས་ཉེན་པར་འགྱུར་ཏེ། དེའི་དུས་སུ་ཉེ་འཁོར་ན་འདུག་པ་རྣམས་ཀྱིས་སེམས་གསོ་བ་དང། སྤྲོ་སྲིང་པ་དང། ཆུས་གཏོར་བ་དང། རླུང་ཡབ་ཀྱིས་གཡབ་པ་དང།
་ཁུ་ཚ་སྐྱེ་བའི་ཡོན་ཏན་གྱི་སྒྲ་ཡང་བརྗོད་དོ། །ཇི་སྟེ་མངལ་གྱི་སྒོ་ནས་བུ་ཕྱིར་འབྱུང་དུ་མ་འདོད་ན། སྦྲུལ་ནག་པོའི་པགས་པ་བསྲེགས་པའི་དུད་པས་མངལ་གྱི་སྒོ་ནས་བདུག་གོ་།གསེར་གྱི་མེ་ཏོག་གི་རྩ་བ་འམ། ཡང་ན་ལྕམ་པ་འམ། ཡང་ན་བི
་ཤལླཡ་གང་ཡང་རུང་བས་རྐང་པ་དང་ལག་པར་བརྟགས་ན་བུ་འབྱུང་བར་འགྱུར་རོ། །གལ་ཏེ་ཤམ་འབྱུང་དུ་མ་འདོད་ན་ཡང་ཆོ་ག་གོང་མ་ལྟར་བྱའོ། །ཁྱད་པར་དུ་ལག་པ་གཉིས་བཏེག་ལ་ལུས་ཀུན་བསྐྱོད་པ་འམ། སྤྲུགས་པ་བྱས་པས་ཤ་མ་ཕྱིར
་འབྱུང་བར་འགྱུར་རོ། །ཡང་ན་ཁུ་ཚུར་གྱིས་རྐེད་པར་བརྡེག་ཅིང་རྐུ་བཙོས་གཉིས་སུ་བཙིར་བར་བྱའོ། །ཡང་ན་རང་གི་སྐྲ་ཚོམས་ཀྱིས་མགྲིན་པ་དང། རྐང་ལ་རེག་པར་བྱ་བ་འམ། དེ་བཞིན་དུ་སྣུ་ཧིའི་འོ་མ་སྤྱི་བོ་ནས་བླུགས་པའམ། ཡང་ན་གྲོ་བ་འམ།
་ལངཀ་ལི་དང། བསྐུ་བ་དང་སྦྲུལ་གྱི་པགས་པ་དང། རུ་རྟ་དང། ཡུངས་ཀར་དེ་རྣམས་ལ་སྣ་གཉིས་སམ་ཡང་ན་ཐམས་ཅད་རྙེད་ན་ཡང་རུང་སྟེ། མོ་མཚན་གྱི་སྒོ་ནས་བྱུག་པ་འམ་བདུག་པར་བྱའོ། །ཡང་ན་རུ་རྟ་དང་བལ་བུའི་ཕྱེ་མ་ཆང་གི་སྙིང་ཁུ་དང་བླུད་དོ། །ཡང
་ན་རྒྱ་སྲན་ནམ་བལ་བ་ཟའི་ཁུ་བ་འམ། ཨ་ས་བའི་བཏུང་བ་སྦྱར་བ་གང་ཡང་རུང་བ་བླུད་དོ། །ཡང་ན་ཤུ་ཏ་དང། ཡུངས་ཀར་དང། ཨ་ཛ་ཛི་ཞེས་བྱ་བ་ཟི་ར་དང། ན་ལེ་ཤམ་དཀར་པོ་དང། ཏིགཥྞ་ཀ་དང། ཀྲུ་ཏྲུག་ཏྲེས་དང། ཤིང་ཀུན་དང་རུ་རྟ་དང། བོ་སོན་ཆ་དང?
་འདི་རྣམས་ཕྱེ་མར་བྱས་པ་བ་གཅིན་དང་འོ་མ་དང། ཡུངས་མར་དང། འདི་རྣམས་ཚུལ་བཞིན་དུ་བསྐོལ་བའི་མར་གྱིས་བཤང་བའི་ལམ་འམ། མོ་མཚན་གྱི་སྒོ་ནས་ཨ་ནུ་པ་ས་ན་བཏང་ན་རབ་ཏུ་ཕན་ནོ། །ཡང་ན་ཤུ་ཏི་དང། ཤུ་དག་དང་ཡུངས་ཀར་དང། པི་པི་ལིང
་དང། འདི་རྣམས་ཚུལ་བཞིན་དུ་བཏགས་ལ་ལན་ཚ་དང། མར་དང་བཅས་པ་སྦྱར་བ་ནི་རུ་ཧ་མས་བཏང་ན་ཤ་མ་འབྱིན་པར་བྱེད་དོ། །གལ་ཏེ་ཤ་མ་མ་བྱུང་ན་ནི་རླུང་ནད་རྒྱུར་འགྱུར་ལ་ཕྱིར་བྱུང་ན་ནི་རླུང་ཡང་ཕྱིར་འབྱིན་པར་བྱེད་དོ། །གོང་མའི་ཐབས་གང་གིས་ཀྱང་ཤ་མ
་མ་ཐོན་ན་བུད་མེད་མཁས་པ་སྔར་གོམས་པ་ཡོད་པས་ལག་པའི་སེན་མོ་བྲེགས་ལ་སྣུམ་གྱིས་བསྐུས་ཏེ། ལག་པ་ནང་དུ་བཅུག་ལ་དལ་བུས་རིམ་གྱིས་དབྱུང་ངོ། །དེ་ནས་བུ་དང་ཤ་མ་གཉིས་ཀ་བྱུང་ནས་གྲོལ་བ་ལྟ་ན། །ཏིལ་མར་གྱིས་མཚན་མ་དང་ལུས
་ཐམས་ཅད་བསྐུ་མཉེ་བྱའོ། །བུད་མེད་བུ་བྱུང་བའི་འོག་ཏུ་ནད་མག་ཀ་ལ་ཞེས་བྱ་བ་འབྱུང་སྟེ། དེའི་མཚན་མ་ནི་འོག་ནས་ཆུ་སོ་དང་ལྟོ་བ་དང་བརླ་བྲག་ཏུ་ཟུག་ཅིང་ན་བ་ཡིན་ཏེ། དེ་ལ་ནི་ནས་ཚིག་འཁུས་པའི་ཐལ་བ་ཞིབ་པར་བཏགས་ཏེ། མར་རམ་ཡང་ན
་ཆུ་དྲོན་པོ་བསྐོལ་བ་གང་ཡང་རུང་བ་དང་སྦྱར་བ་འམ། ཡང་ན་འུ་སུའི་འབྲས་བུ་བསྐོལ་བ་བུ་རམ་དང། ཚ་བ་གསུམ་དང་དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཆ་དང། སུག་སྨེལ་དང། གནད་པ་ཏྲ་རྣམས་ཀྱི་ཕྱེ་མ་དང་སྦྱར་ལ་བླུད་དོ། །ཡང་ན་རྒན་པོ་རྣམས་ན་རེ་དྲི་སྣ་གསུམ
་དང། ཚ་བ་གསུམ་ཞོ་གཉིས་གཉིས་ཀྱི་ཕྱེ་མ་དང། འུ་སུའི་ཁུ་བ་སྦྱར་ལ་བླུད་དོ་ཞེས་ཟེར་རོ། །འདི་བུའི་གསོ་བ་ཐམས་ཅད་ནི་བུད་མེད་དམ་མ་མ་གང་ཡང་རུང་བས་བྱིས་པའི་རྒྱུད་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །བུ་བྱུང
་བའི་འོག་ཏུ་མ་ལྟོགས་པར་གྱུར་ན་ནི་མར་རམ་འབྲུ་མར་གང་ཡང་རུང་བ་སྦྱར་བའི་བཟའ་བ་འམ། ཐུག་པ་སྦྱིན་ནོ། ལྟོགས་པར་མ་གྱུར་ན་ནི་དང་པོ་ཡི་གེ་དབྱེ་བའི་ཕྱིར་ཆུ་བསྐོལ་བའི་ནང་དུ་བུ་རམ་མཉེས་ལ། ཚ་བ་རྣམ་པ་ལྔའི་ཕྱེ་མས་བཏབ་ལ་བླུང་ངོ།།
་རླུང་འཇོམས་པའི་སྨན་རྩ་བ་བཅུ་ལ་སོགས་པ་བསྐོལ་བ་བླུད་ན་མངལ་གྱི་རླུང་ནད་སེལ་ཅིང་ཁྲག་ངན་དག་པར་བྱེད་དོ། །རིམ་པ་འདི་དག་གི་ཞག་གཉིས་གསུམ་དུ་བྱའོ། །གཞན་ཡང་བྱིས་པའི་མ་སྣུམ་དང་འཕྲོད་ན་ནི་སྣུམ་དང་བཅས་པའི་བཟའ་
་བཏུང་སྦྱར་རོ། །སྣུམ་དང་མི་འཕྲོད་ན་ནི་གོང་གི་ཚེ་བ་ལྔ་དང་བཅས་པའི་བཟའ་བཏུང་སྦྱར་རོ། །དེ་ལྟར་གང་དང་འཐུན་པའི་བཟའ་བཏུང་བྱིན་ནས་རླུང་མི་འཇུག་པར་བྱ་བའི་ཕྱིར། མར་དང་ཏིལ་མར་གྱིས་བགོས་པའི་རས་ཀྱིས་ལྟོ་བ་བཅིང་བར་བྱའོ།།
་དེ་ནས་ཁ་ཟས་ཞུ་བ་དང་ཁྲུས་བྱ་སྟེ། གོང་དུ་སྨོས་པའི་སྨན་ཚ་བ་ལྔ་འམ། རྩ་བ་བཅུ་པ་ལ་སོགས་པ་དང་སྦྱར་བའི་ཐུག་པ་སྦྱིན་ནོ། །ཞག་གསུམ་ནས་ནི་བི་ད་རིའི་སྡེ་ཚན་དང་སྦྱར་བའི་ཐུག་པ་བླུད་མར་དང་འོ་མ་གང་དང་འཐུན་པ་དང་སྦྱར་རོ།
་ཞག་བདུན་པ་ནས་ནི་རིམ་གྱི་ཉམ་སྟོབས་སྐྱེད་པའི་ཁ་ཟས་སྦྱིན་ནོ། །ཞག་བཅུ་གཉིས་པ་ནས་ནི་སྲོག་ཆགས་ཐང་ལ་གནས་པའི་ཤ་ལས་གཡོས་སུ་བྱས་པ་འམ། ཤའི་བཟའ་བ་མེའི་དྲོད་དང་སྦྱར་ནས་བྱིན་ནོ། །བུ་བཙས་ཟིན་པའི་བུད་མེད་ལ་ནི
་དང་པོ་རུམ་དུ་ཆགས་པ་ནས་འཕེལ་བ་ལ་སོགས་པ་དང། འབྱུང་བའི་སྡུག་བསྔལ་དང། ཁྲག་མང་པོ་འབྱུང་བ་དང། བཙིར་བ་ལ་སོགས་པའི་སྡུག་བསྔལ་གྱི་ནང་དུ་གྱུར་ན་གསོ་དཀའ་བར་བཤད་དེ། དེ་བས་ན་འབད་པ་དང་བཅས་པས་གསོ
་བར་བྱའོ། །འོན་ཀྱང་བུ་བྱུང་ནས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་བག་དང་བཅས་པས་སྲུང་བ་ཚུལ་བཞིན་དུ་བྱའོ། །དེ་ཕན་ཆད་ནི་ཅི་བདེར་སྦྱང་ངོ། །ཐོག་མ་བུ་བཙས་ནས་ཉམས་བརྟས་ཏེ། ཕྱི་མ་ཟླ་མཚན་བྱུང་ནས་སྐྱེས་བུ་བཙས་ཞེས་བྱ་བའི་མིང
་མེད་པ་ཡིན་ནོ། །ལུས་ཀྱི་གནས་ལས་ལེའུ་དང་པོ་རྫོགས་སོ།། །།དེ་ནས་བྱིས་པ་རུམ་དུ་ཆགས་པའི་ནད་ཀྱི་བྱེ་བྲག་བསྟན་པའི་ལེའུ་གཉིས་པ་བཤད་པར་བྱའོ།། །།དེ་ལ་བྱིས་པ་རུམ་དུ་ཆགས་པའི་བུད་མེད་དེས་སྦྱར་པར་མི་འོས
་པའི་དངོས་པོ་དང་རྩོལ་བ་ལ་སོགས་བསྟེན་པ་ལས་བྱུང་བ་འམ། ཡང་ན་ནམ་གཞི་འཁྲུགས་པའི་དབང་གིས་མོ་མཚན་ནས་ཁྲག་མང་པོ་བྱུང་སྟེ། དེ་ཡང་ཆུ་སོ་དང། རྩི་བ་ལོགས་དང། རྐེད་པ་དང། མོ་མཚན་གྱི་སྒོར་ཟུག་གཟེར་བྱེད་ན། དེ་ལ་ནི་ལུས
་ཕྱི་ནང་གཉིས་ཀ་ནས་སྣུམ་པ་དང། བསིལ་བའི་བཟའ་བ་དང་བཏུང་བ་དང། བསྐུ་བ་དང། བླུགས་པའི་གསོ་བ་སྦྱར་བར་བྱ་སྟེ། དེ་ཡང་པུ་ཤལ་ཙེ་དང། པདྨ་དང། ཙནདན་དང། ཤིང་འོ་མ་ཅན་གྱི་ཤུན་པ་དང་འདི་རྣམས་ཀྱི་ཕྱེ་མ་མར་དང་ལྡེ་གུར
་བྱས་པས་རས་ལ་བསྐུས་ཏེ། རས་བསྒྲིལ?་ལ?་ཐམ་བུ་ཐབས་སུ་བྱས་པས། མཚན་གྱི་སྒོ་ནས་བཅངས་ལ་བཞག་གོ་།མར་ཆུ་ནང་དུ་ལན་བརྒྱ་ཙམ་མཉེས་པས་ལུས་བསྐུའོ། །ཡང་ན་གོང་གི་ཨུ་ཤིར་ལ་སོགས་པའི་ཕྱེ་མ་ཆུ་དང་སྦྱར་བའི་ནང་དུ་ལུས་གཞུག་གོ་།
་ཀར་དཀར་པོ་དང། སྦྲང་རྩི་དང། ཀུ་མུ་ཏ་དང། ཨུཏཔ་ལ་དང། པདྨ་གེ་སར་སྦྱར་བའི་ལྡེ་གུ་སྦྱིན་ནོ། །ཤིང་ཀ་ཊ་ཀ་དང། ཀ་ཤེ་རུ་ཀ་མར་དང། འོ་མ་དང་སྦྱར་བའི་བཟའ་བ་སྦྱིན་ནོ། །ཡང་ན་བྲི་ཡཾ་ཀུ་དང། ཨུཏཔ་ལའི་རྩ་བ་དང། ཨུ་དུམྦར་གཞོན་ནུ་འདི
་རྣམས་ཕྱེ་མར་བྱས་ཏེ། འོ་མ་དང། བཏུང་བ་འམ། ཡང་ན་འོ་མ་དང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་འབྲས་སཱ་ལུའི་རྩ་བ་དང། ཀ་ཀོ་ལ་དང། བ་ལ་རྣམ་གཉིས་དང། ཤིང་མངར་དང། བུ་རམ་ཤིང་འདི་རྣམས་ཆུ་དང་འོ་མ་དང། བསྐོལ་ལ་ཆུ་འོ་མ་ལུས
་པ་དང། སྦྲང་རྩི་པ་དང། ཤ་ཁ་རས་བཏབ་པ་སྦྱིན་ནོ། །ཡང་ན་ཐང་ལ་གནས་པའི་སྲོག་ཆགས་ཀྱི་ཤ་དང་བསིལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང། ཤ་ཁ་རས་བཏབ་པ་བླུད་དོ། །གཞན་སློན་ཁྲུས་མ་གཏོགས་པ་ཕྱི་མ་ཁྲག
་མཁྲིས་གསོ་བའི་ཆོ་ག་ཐམས་ཅད་སྐབས་འདིར་སྦྱར་རོ། །ཟླ་བ་གསུམ་གྱི་བར་དུ་ཁྲག་དབྱུང་བ་དགག་པའི་གསོ་བ་བྱས་ལ། བུ་ལེགས་པར་བརྟན་པར་བྱ་བའི་ཕྱིར་བུ་གསོ་བ་ལ་འབད་པ་དང་བཅས་པར་བྱའོ། །ཅི་སྟེ་ཁྲག་དབྱུང་བ་ལ་སོགས་པའི
་གསོ་བ་མ་བྱས་ན་ནི་མངལ་དུ་བུ་མི་འཆགས་ཤིང་བརྟན་པོར་མི་འགྱུར་བར་སྨན་དཔྱད་བྱའོ། །གལ་ཏེ་བུད་མེད་ལ་བེའུ་སྣབས་ཀྱི་ནད་བྱུང་ན་དེ་ལ་ནི་ཕན་པའི་སྨན་བསྟེན་པར་བྱ་སྟེ། དེ་ཡང་བཟའ་བ་དང་བཏུང་བ་ནི་བསིལ་བའི་བག་གིས་ལུས་ཀྱི
་ནང་ནས་སྦྱར་རོ། །སྨན་ཡང་ཁ་བ་དང་བཅས་པའི་རྩུ་བ་ཆོས་བྱའོ། །གཞན་ཡང་སྨྱུང་བ་བྱ་ཞིང་ལ་སྒང་དང། པུ་ཤེལ་ཙེ་དང། སླེ་ཏྲེས་དང། ཨ་ར་ལུ་དང། འུ་སུ་དང། བྱི་ཚེར་བ་དང། པརྤ་ཏ་དང། ཙནདན་དང། བོང་ང་དཀར་པོ་དང་འདི་རྣམས་ཆུ་དང
་བསྐོལ་བའི་ཁུ་བའི་སྐོམ་དུ་བླུད་དོ། །ཟས་སུ་ནི་འབྲུ་གསུམ་པོ་དང། ཅི་ཚེ་དང། ཁྲེ་དང། ཅི་ཚེ་རྒོད་འདི་གསུམ་ལས་གཡོས་སུ་བྱས་ལ་སྦྱིན་ནོ། །ཡང་ན་མོན་སྲན་རྡེའུ་ལ་སོགས་གང་བུ་ནས་སྐྱེས་པའི་སྲན་མའི་རིགས་ཀྱི་སྤུ་ཤའི་ཁུ་བཅུད་དང་གར
་མའི་ཟས་ལྷན་ཅིག་སྦྱིན་ནོ། །སྨན་དང་ཟས་དེ་དག་གིས་མ་ཞུ་བའི་བེའུ་སྣབས་ཀྱི་ནད་ཞི་བར་གྱུར་ན་གོང་མ་བཞིན་ནུ་བསིལ་བ་དང། སྣུམ་ཆོས་ལ་སོགས་པ་ཕྱི་ནང་གཉིས་ཀ་ནས་བྱའོ། །གལ་ཏེ་བྱིས་པ་ཟླ་བ་མ་ཚང་བར་ཕྱིར་འབྱིལ་བར་གྱུར་ན་དེའི་ཚེ
་ཟུག་གཟེར་དྲག་པོ་མྱོང་སྟེ་དེ་མ་ཐག་ཏུ་ཟུག་གཟེར་མི་དྲན་པ་དང། མངལ་བདེ་བར་བྱ་བའི་ཕྱིར། ཆང་བཟང་པོ་ལེགས་པར་སྨིན་པ་ཡོག་ཚད་བུད་མེད་ལ་སྦྱིན་ནོ། །དེ་ནས་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཐུག་བླུད་དོ།།
་གལ་ཏེ་ཆང་མི་འཐུང་བ་ཞིག་ཡིན་ན་ནི་ཚ་བ་རྣམ་པ་ལྔ་དང་སྦྱར་བའི་ཐུག་པ་སྦྱིན་ནོ། །དེ་ནས་བལྦི་ལ་སོགས་པའི་རྩ་བ་ཆེན་པོ་ལྔ་བསྐོལ་བའི་ཁུ་བ་ལས་གཞི་བླངས་ལ་གོང་གི་འབྲུ་གསུམ་དང། ཏིལ་དང་སྦྱར་བའི་ཟན་དྲོན་སྦྱིན་ནོ། །ཅི་སྟེ་བུ་ཟླ་བ་གཅིག་ལོན་བ་ན
་འཁྱིལ་བར་གྱུར་ན་ཐུག་པ་ལ་སོགས་པའི་ཆོ་ག་གོང་མ་ཞག་གཅིག་གི་བར་དུ་སྦྱིན་ནོ། །དེ་བཞིན་དུ་ཟླ་བ་བཞི་ནས་བརྒྱད་ཀྱི་བར་དུ་ཟླ་གྲངས་དང་ཞག་གྲངས་རེ་རེར་སྦྱར་རོ། །ཁ་ཟས་ཀྱང་ཡང་བག་ཚོད་ཟིན་པ་བཟའ་སྟེ། དེ་ཡང་སྣུམ་དང་ལན་ཚ་མེད་པ་མའི
་དྲོད་སྐྱེད་པར་བྱེད་པའི་སྨན་ན་ལེ་ཤམ་ལ་སོགས་པ་ཚ་བ་རྣམ་པ་ལྔ་དང་བཅས་པ་བྱིན་ན་ཕན་ནོ། །གོང་དུ་བསྟན་པའི་ཟས་དང་སྨན་ལ་སོགས་པའི་ཆོ་ག་བསྟན་པ་ནི་སྲོག་ཟུངས་བདུན་དང་ཆུ་སེར་དང། རླུང་མཁྲིས་ལ་སོགས་པ་འཁྲུགས་པ་ཞི་ཞིང་བསྐམ་
་པའི་ཕྱིར་བཤད་པ་ཡིན་ནོ། །དེ་ནས་དེའི་འོག་ཏུ་སྣུམ་པའི་བཟའ་བ་དང་བཏུང་བ་དང། ནི་རུ་ཧ་བཏང་ན་སྟོབས་དང་ལྡན་པ་དང། མེའི་དྲོད་སྐྱེད་པར་བྱེད་དོ། །གཞན་ཡང་ཛི་བནྫིའི་སྡེ་ཚན་འོ་མ་དང་སྦྱར་ལ་བླུད་དོ། །གཞན་ཡང་ཁོང་བའི་ནང་དུ་བུ་ལ་ནད་མེད
་ཉམས་སྟོབས་དང་ལྡན་བཞིན་ཏུ་མོ་མཚན་ནས་ཁྲག་འཛག་སྟེ་བུ་འཕེལ་ཞིང་རྒྱས་པར་མ་ནུས་པ་ཡང་ཡོད་དོ། །དེ་འཕར་བ་འམ་འགུལ་བར་མི་སྣང་ན་དེའི་སོ་གནས་པ་ཞེས་བྱ་སྟེ། དེ་ལྟར་ན་བུ་འཕེལ་མ་ནུས་པའི་རྒྱུས་མའི་ལྟོ་བ་ཆེར་སྐྱེ་བར་མི་འགྱུར
་བ་ཡང་ཡོད་དོ། །གཞན་མས་མྱ་ངན་དང་སྨྱུང་བ་དང། རྩུབ་པ་ལ་སོགས་པའི་རྒྱུས་རླུང་མཁྲུགས་པ་འམ། ཁྲག་མང་པོ་བྱུང་བའི་རྒྱུས་རླུང་འཁྲུགས་པ་འམ། དེ་གཉིས་གང་ཡང་རུང་བའི་རྒྱུས་བུ་དེ་རིང་ཅིང་སྐེམ་པར་འགྱུར་ལ། དེའི་མིང་ནི
་གོ་དར་ཞེས་བྱ་སྟེ། ནང་གི་བུའི་འགྲིབས་པའི་དབང་གིས་སྔར་ལྟོ་བ་ཆེར་སྐྱེས་ན་ཡང་ཕྱིས་འགྲིབ་པར་སྣང་སྟེ། ནང་དུར་འགུལ་བ་ཡང་ཡུན་རིང་པོ་ནས་ཅུང་ཞིག་འགུལ་བ་ཡིན་ནོ། །དེ་ལ་སོ་ན་གནས་པ་དང། ནང་གོ་ཏ་ར་ཞེས་བྱ་བ་འདི་གཉིས་ལ་ནི
་ཉམས་སྟོབས་སྐྱེད་པའི་སྨན་དང། རླུང་འཇོམས་པའི་སྨན་དང། མངར་བའི་སྨན་དང། མར་དང། འོ་མ་དང། རེའུ་བཙས?་མཐག་པའི་ཤ་དང། འདི་རྣམས་ལེགས་པར་སྦྱར་ལམ་ལ་ཚིམ་ཚང་དུ་སྦྱིན་ནོ། །དེའི་འོག་ཏུ་བཞོན་པ་ལ་བསྐྱོན་ཏེ་
་ཅུང་ཞིག་བསྐུལ་ལོ། །ཁོང་པ་ན་ནང་གི་བུའི་ཚད་སྔོན་པོ་ཞེས་བྱ་བ་འབུལ་མི་ཤས་པ་ཡོད་དེ། དེ་ལ་ནི་བྱ་ཞེ་ན་དང། གོ་བདཚ་དང། ཨུཀྐརོ་ཤ་དང། རྨ་བྱ་དང། འདི་རྣམས་ཀྱི་ཤའི་ཁུ་བའི་ནང་དུ་མར་མང་པོ་བླུགས་པའམ་ཡང་ན་མན་སན་གྲོའུ་དང། ལ
་པུས་གི་ཁུ་བའི་ནང་དུ་མར་མང་པོ་གླུགས་ལ་སྦྱིན་པའམ། ཡང་ན་བིལྦ་གཞོན་ནུ་དང། ཏིལ་དང་མོན་སྲན་དྲེའུ་དང། ཕྱེ་དང་འདི་རྣམས་ཆུ་དང། འོ་མ་དང་བསྐོལ་བའི་ཐུག་པ་བླུད་དོ། །རྐེད་པ་མན་ཆད་ཏིལ་མར་གྱིས་བསྐུ་བྱུག་བྱ་སྟེ། སྲོག་ཆགས། །
་གཞོན་ནུའི་ཤ་ཟོས་ལ། དེ་དང་རྒུན་ཆང་དང་ལྷན་ཅིག་སྦྱིན་ནོ། །བུད་མེད་སྦྲུམ་མ་ལ་ནི་རྟག་ཏུ་འབྱུང་བར་འོང་ངོ། །ཞེས་དགའ་བའི་སེམས་སྐྱེད་དེ། དེ་ལ་ཁ་ཟས་ལ་སོགས་པ་མི་མཐུན་པ་བསྟེན་པའི་དབང་གིས་ལུས་ཡོངས་སུ་རྫོགས་ན་ཡང་ལོ་གྲངས་སུ
་འདུག་སྟེ། ཤིན་ཏུ་དཀའ་བས་ཉམ་ཐག་སྟེ་མི་འབྱུང་བ་ཡང་ཡོད། ལ་ཡ་དག་ནི་འབྱུང་བ་འང་ཡོད་དེ། །བུད་མེད་སྦྲུལ་མ་ལ་རྟུག་པ་འགགས་པའི་ནད་བྱུང་ན་དེ་ལ་ནི་སྣུམ་ཆེན་པོ་གཞི་གང་དང་འབྱོར་བའི་འཇམ་རྩིམས་བཏང་ན་དེ་མ་ཐག་འབྱུང
་བའི་རིགས་སོ། །གལ་ཏེ་ནད་གཞི་འཁྲུགས་པ་འམ་སྔོན་གྱི་ལས་ཀྱིས་མ་བུ་གཉིས་ཀ་འཆི་བ་ཡང་ཡོད་དོ། །དེའི་རྟགས་ནི་ལྟོ་བའི་ནང་གྲང་བ་དང་རེངས་པ་དང། ལྦོ་བ་དང། ནད་ཚབས་ཆེ་བ་དང། ནང་གི་བུ་མི་འགུལ་བ་དང། མགོལ་པོར་བ་དང།
་སྐོམ་དང་ཆེ་བ་དང། དབུགས་ཉམས་ཐག་པར་འབྱིན་པ་དང། ལུས་དུབ་པ་དང། གནས་ལ་སོགས་པ་ལ་མི་དགའ་བ་དང། རྟབས་མིག་ཏུ་བལྟ་བ་དང། རྟགས་དེ་དག་དང་ལྡན་ཞིང་བུ་ཕྱིར་སྐྱེ་བའི་མཚན་མ་མི་སྣོང་ན་ངེས་པར་བུ་ནང་དུ་ཤི་བའི
་རྟགས་སོ། །གལ་ཏེ་བུ་ནང་དུ་ཤི་སྟེ་མ་ཐོན་ན་ཆུ་དྲོན་པོས་མངལ་གྱི་སྒོ་ཁྲུས་བྱའོ། །ཕབས་དང་བུ་རམ་དང་ལ་ནི་ཚེ་ལྷན་ཅིག་སྦྱར་བའི་ལྡེ་གུས་མོ་མཚན་གྱི་ནང་དུ་བསྐུ་ཞིང་དེ་ནས་མུ་ཛ་རའི་ཕྱེ་མ་དང། མར་སྦྱར་བའི་ལྡེ་གུས་མོ་མཚན་གྱི་ནང་དུ་ཡང་དང་ཡང་ཕུལ་ཞིང
་དགའ་བར་བྱས་ན་ནང་ནས་དབྱུང་བའི་རིགས་སོ། །ཐབས་དེ་དག་གིས་མ་བྱུང་ན་སྲིད་སྲུང་གི་རིག་བྱེད་ཀྱི་སྔགས་ཀྱིས་བཏབ་ལ་དབྱུང་ངོ། །དེས་ཀྱང་མ་ཐོན་ན་རྣལ་འབྱོར་པའི་ཏིང་ངེ་འཛིན་བསྒོམ་མོ། །གཞན་ཡང་ཤམ་འབྱུང་བའི་སྨན་ལང་ཀ་ལི་ལ་སོགས་པའི
་སྐྱོར་བ་ཐམས་ཅད་ཀྱང་སྐབས་འདིར་སྦྱར་རོ། །དེ་དག་གིས་ཀྱང་མ་ཐུབ་ན། རྒྱལ་པོ་ལ་ཞུ་བའི་ཐག་བཅད་དེ། དེའི་འོག་ཏུ་སྨན་པས་སེན་མོ་བྲེགས་ལ། མུ་ཛ་རའི་ཕྱེ་མ་མར་དང་སྦྱར་ལ་མོ་མཚན་གྱི་སྒོ་དང་ལག་པ་བསྐུས་ཏེ། ནང་དུ་བཅུག་ནས་དྲང་པོར
་འདུག་ན་ནི?་?་པས་ཕྲད་མ་ཐག་དབྱུང། གལ་ཏེ་ལུས་གཞན་དུ་འགྱུར་བ་འམ་ལུས་གོང་འོག་ཏུ་འཆུགས་པ་འམ། གང་ལྟར་ཡོད་པ་ལེགས་པར་མྱངས་ཏེ། མོ་མཚན་གྱི་ལམ་དུ་དགུག་གོ་།ཇི་སྟེ་མགོ་དྲང་པོར་ཡར་བལྟས་ཏེ་འདུག་ན་ཡང་མར་བཟློག
་ལ་བྱུང་ངོ། །དེ་ཡང་ཕན་ཚུན་བསྡུ་ལ་བཙིར་ཞིང་དབྱུང་སླ་པའི་ཐབས་སྣ་ཚོགས་བྱ་སྟེ། ཅི་ལགས་སུ་དབྱུང་ངོ། །གལ་ཏེ་ལག་པ་གཉིས་སྔོན་དུ་བྱུང་ངམ། ཡང་ན་རྐང་པ་སྔོན་དུ་བྱུང་ངམ་མགོ་འབའ་ཞིག་སྔོན་དུ་འབྱུང་སྟེ། དེ་ཡང་འཆུས་པ
་འམ་ལོག་པར་བྱུང་ན་དེ་ནི་ཤྐམ་པ་ཞེས་བྱ་སྟེ་ཐབས་ཅི་ཡོད་པས་བརྟགས་ཏེ་ཕྱིར་དབྱུང་ངོ། །གཞན་ཡང་བུའི་རྐང་པ་གཅིག་ནི་བཤད་པའི་ལམ་དུ་ཞུགས་ལ་གཅིག་ནི་མོ་མཚན་གྱི་ཕྱོགས་སུ་ཞུགས་ཏེ་འདུག་ན། དེ་ཡང་ནི་ཤྐམ་པ་ཞེས
་བྱ་སྟེ། དེ་ནི་ལག་པས་དབྱུང་བར་མི་ནུས་ཏེ་མཚོན་གྱིས་དབྱུང་བར་འོས་པ་ཡིན་ནོ། །དེ་ཡང་མཚོན་འདི་འདྲ་བས་བྱ་པར་བསྔགས་ཏེ། མཚོན་གྱི་དབྱིབས་རྩེ་མོ་དཀྱིལ་འཁོར་འདྲ་ལ་སོ་ནི་མཛུབ་མོའི་སེན་མོའི་དབྱིངས་དང་འདྲ་བ་དང། འཕལ
་བཙགས་ཞེས་བྱ་བ་དབྱིབས་སྤུ་གྲི་འདྲ་བ་དང། དཀྱིལ་འཁོར་གྱི་རྩེ་མོ་འདྲ་བ་དང་དེ་གསུམ་ལས་ཀྱང་འཕེལ་བཙགས་ནི་རྩེ་མོ་རྣོ་བས་ནང་དུ་མི་བཏང་ངོ། །དེ་བས་ན་སྨན་པ་མཁས་པ་ལས་ཀྱི་བྱ་བ་ལ་གོམས་པས་མཚོན་ལེགས་པར
་བྱ་སྟེ། མགོ་བོ་འམ་རྐང་པ་ལ་སོགས་པ་གང་བདེ་བའི་ཕྱོགས་ན་ཡོད་པ་དེ་ལྕགས་ཀྱུས་དམ་དུ་བཟུང་སྟེ། མཚོན་གྱི་བཅད་ཅིང་ལྕགས་ཀྱུས་དྲངས་ལ་དབྱུང་ངོ། །དེ་བཞིན་བུ་ཡན་ལག་ལྷག་མ་ཡང་བཅད་ཅིང་རིམ་གྱིས་ཕྱིར་དབྱུང་ངོ། །གལ་ཏེ་བུའི་ནང་ཆ་ལ་སོགས
་བ་མའི་ཁོང་བར་ལུས་པའི་མཚན་མ་ནི་ལྟོ་བ་ཅུང་ཞིང་གྲང་བར་འདུག་སྟེ་དེ་ལ་ནི་བུད་མེད་ཀྱི་ལྟོ་བ་དབུགས་ཀྱིས་བཀང་བ་ལྟར་བྱས་ལ་ཕྱིར་བཙིར་ན་འབྱུང་བར་འགྱུར་རོ། །དེས་འབྱུང་དུ་མ་འདོད་ན་ཡང་གོང་མ་ལྟར་བཅད་ཅིང་དབྱུང་ངོ། །གཞན་ཡང་བུ་མའི་རྐེད་པ
་ལ་བརྟེན་ཏེ་འདུག་པ་ཡོད་དོ། །དེ་ནི་རླུང་གིས་དེ་ལ་འབྱར་བར་བྱས་པ་ཡིན་པས་ཐོག་མར་ཐོད་པ་གཅད་ལ་ལྕགས་ཀྱུས་ཕྱིར་དྲངས་ལ་དབྱུང་ངོ། །ལག་པ་ཡང་དུམ་བུ་དུམ་བུར་བཅང་ཅིང་དབྱུང་སྟེ། བུད་མེད་ཀྱི་རྒྱུ་མ་ལ་སོགས་པ་ལ་མཚོན་གྱིས་མ་ཕོག་པར
་བྱའོ། རླུང་ཤས་ཆེར་འཁྲུགས་པའི་དབང་གིས་ཁོང་པའི་ནང་དུ་བུ་འགུལ་ཞིང་རེངས་པ་ལ་སོགས་པ་སྣ་ཚོགས་སུ་འགྱུར་པར་བྱེད་དེ། དེ་བས་ན་སྨན་པ་མཁས་པས་ལེགས་པར་བརྟགས་ཏེ་དཔྱད་བྱ་བ་ཡིན་གྱིས་བློ་ཞན་པའི་སྨན་པ་མཁས་པ་རྩིང་པོ་མ་བརྟགས
་པ་རྣམས་ཀྱིས་བླུན་ཆོས་སུ་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གལ་ཏེ་བུ་མ་ཤི་བར་དཔྱད་དྲག་པོ་མཚོན་གྱི་ལས་བྱས་ན་ནི། མ་དང་བཅས་པར་འཆི་ལ་གཉིས་ཀ་སྲོག་གཅིག་པར་བལྟ་སྟེ་དེ་མ་ཐག་འཆིའོ། །དེ་བས་ན་ཐོག་མར་མཚོན་གྱི་ལས་མི་བྱ་བར
་དྲང་བའི་ཐབས་སྣ་ཚོགས་བྱའོ། །གཞན་དུ་ན་མོ་མཚན་ཞུམ་པར་གྱུར་པ་དང། མོ་མཚན་ཕྱིར་ལོག་པ་དང། དེ་བཞིན་དུ་གོང་དུ་སྨོས་པའི་མག་རྐ་བའི་ནད་འབྱུང་བ་དང། དབུགས་མི་བདེ་བས་གཟིར་བ་དང་སྒེགས་པ་མནམ་པོ་འབྱུང་བ་དང། ལུས་གྲང་བ་དང
་མཚན་མ་འདི་དག་དང་ལྡན་པའི་བུད་མེད་ཀྱི་ནི་ཡོངས་སུ་སྤང་པར་བྱའོ། །བུད་མེད་བུ་བྱུང་ནས་ཤ་མ་དབྱུང་དུ་མ་འདོད་ན། གོང་དུ་སྨོས་པའི་གསེར་གྱི་མེ་ཏོག་ལ་སོགས་པའི་སྦྱོར་བ་བྱའོ། །བུ་དང། ཤ་མ་བྱུང་ཟིན་ནས་ཆུ་དྲོན་པོས་ཁྲུས་བྱས་ལ་སྣུམ་གྱིས་བསྐུ་ཕྱུག་བྱའོ། །དེ་ནས་མོ
་མཚན་གྱི་སྒོ་ནས་སྣུམ་དང་བཅས་པའི་རས་བལ་གྱིས་བཅུག་ན་འཇམ་པར་འགྱུར་ཞིང་ཟུག་གཟེར་ཡང་ཞི་བར་འགྱུར་རོ། །དེའི་འོག་ཏུ་ལ་ལ་བུད་དང། བོང་ང་དཀར་པོ་དང། ར་སྣ་དང། ཤིང་ཀུ་དང་སུག་སྨེལ་དང། ཚ་བ་རྣམ་ལྔ་དང་འདི་རྣམས་ཀྱི་ཕྱི་མ་མར་དང་སྦྱར་བ
་འམ། ཡང་ན་བསྐོལ་བའི་ཁུ་བ་མར་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་པུ་ཙེ་ཤེལ་དང། བོང་ང་དཀར་པོ་དང། ཀ་ཊཱ་ག་དང། ཤིང་ཀུན་དང། ཏེ་ཛོ་བ་ཏི་དང་འདི་རྣམས་བཏགས་ཏེ་ཕྱེ་མར་བྱས་པ་འམ། ཡང་ན་བསྐོལ་བ་མར་དང་ལྡན་པར་བླུད་ན་བུད་མེད་ཀྱི་མངལ་ནད་ཁྲག
་འཛག་པ་ཞི་བར་བྱེད་དེ་ལན་གསུམ་གྱི་བར་དུ་བྱའོ། །དེ་ནས་ཞག་གསུམ་གྱི་བར་དུ་སྣུམ་ལས་གཞི་བླངས་པའི་བཟའ་བ་དང་བཏུང་བ་སྦྱིན་ནོ། །སྨན་བསྐོལ་བའི་ཆང་ངམ། ཨ་ས་བ་ལེགས་པར་སྦྱར་བའི་ཆང་ཕྱི་དྲོའི་དུས་སུ་སྐོམ་དུ་བླུད་དོ། །སྨན་ཤི་རི་ཤ་དང། རྐ་ཀུ་པ་གཉིས
་བསྐོལ་བའི་ཁུ་བའི་ནང་དུ་རས་བལ་སྤངས་པ་མོ་མཚན་གྱི་ནང་དུ་གཞུག་གོ་།དེ་བཞིན་དུ་ནད་གང་ཡང་རུང། གློ་བུར་དུ་བྱུང་ན། སོ་སོའི་ནད་དང་མཐུན་པའི་སྨན་སྦྱར་རོ། །རླུང་འཇོམས་པའི་སྨན་རྩ་བ་བཅུ་པའོ། །མར་དང་བསྐོལ་བ་ལས་གཞི་བླངས་པའི་བཟའ་བ་སྦྱིན་ནོ། །དེ་ནས
་ཞག་བཅུའི་བར?་དུ་ཤ་ཁུ་དང་བཅས་པའི་ཟས་སྦྱིན་ནོ། །དེ་ནས་ཞག་བཅུའི་བར་དུ་ཟས་ཡང་བ་དང། ཕན་པ་དང། ཉུང་བའི་བཟའ་བ་བྱིན་ནོ། །དེ་ནས་ཟླ་བ་བཞིའི་བར་དུ་བཟའ་བ་ཉུང་ཟད་སྦྱིན་ཞིང། འོག་ནས་འབྱུང་བའི་སྨན་ལས་སྦྱར་བའི་ཏིལ་མར་བསྟེན་པར་བྱའོ། །དེ
་ཡན་ཆད་ནི་ཅི་བདེ་བར་སྤྱད་དེ་བསྲུང་མི་དགོས་སོ། །སྨན་པ་ལའི་མར་ཞེས་བྱ་བ་ནི་པ་ལ་ཆམ་ཆོམ་བརྡུངས་ཏེ་ཆུ་དང་ཚུལ་བཞིན་དུ་བསྐོལ་ལ་དྲུག་ཆ་ལུས་པ་དང་དེ་དང་མཉམ་པའི་འོ་མ་དང་བསྲེས་པ་དེའི་ནང་དུ་ནས་དང་རྒྱ་ཤུག་དང། རྒྱ་སན་དང་རྩ་བ་བཅུ་པ་འདི
་རྣམས་ཆ་གཅིག་དང་ཏིལ་མར་ཆ་བཅུ་བཞི་དང། མེད་རྣམ་གཉིས་དང་ཐང་ཤིང་དང། བཅོད་དང། རམ་ཉེ་བ་རྣམ་གཉིས་དང། ཐལ་ཏྲེས་དང། རུ་རྟ་དང། རྒྱ་སྤོས་དང། ཛི་བ་ཀ་དང། ཟངས་རྩི་བ་དང། ལྕེ་མྱང་ཚ་དང། གླ་སྒང་དང། རྡོ་ཏྲག་དང
་ཤུ་དག་དང། ཨ་ཀ་རུ་ནག་པོ་དང། བ་སྤྲུ་བ་རྣམ་གཉིས་དང། ཨ་ཤྭ་གནད་དང། ཉེའུ་ཤིང་དང། པ་ཡསསྱ་དང། ཤིང་མངར་དང། བ་ལ་རས་དང། ཤུ་ཏི་དང། མུངྒ་པརྞི་དང་ན་ཤ་པརྞི་དང། སུག་སྨེལ་དང། ཤིང་ཆ་དང། གནད་པ་ཏྲ་དང། འདི་རྣམས་ཞི་བ་ཏུ་བཏགས་ཏེ་ལྷན
་ཅིག་ཏུ་མེ་མི་ཆེ་བས་བསྐོལ་བ་ཏིལ་མར་འབའ་ཞིག་ལུས་པ་དང། དེ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་ནད་ཐམས་ཅད་ལས་རྒྱལ་ཏེ་ཁྱད་པར་དུ་བུད་མེད་བུ་བཙས་མ་ཐག་པ་དང། བྱིས་པའི་མིག་དང་གནད་ན་བ་དང། རུས་པ་ཆག་པ་དང། འདི་རྣམས
་ལ་རབ་ཏུ་བསྔགས་སོ། །གཞན་ཡང་རིམས་དང་སྐྲན་དང། གདོན་དང། སྨྱོ་བྱེད་དང་གཅིན་ནད་དང། རྒྱུ་མ་ཆེར་སྐྱེས་པའི་ནད་ལས་རྒྱལ་བར་བྱེད་པ་ཡང་འདི་ཡིན་ཏེ། མཆོག་ཏུ་མོ་མཚན་རལ་བ་དང། བུད་མེད་ཀྱི་ནད་ཐམས་ཅད་ལ་ཕན་ནོ་ཞེས་དྲང་སྲོང་ཆེན་པོ་ཐང་ལ
་འབར་གྱིས་བཤད་དོ། །དེ་ལ་བུ་མ་བཙས་པར་མ་ཤི་བར་གྱུར་ན་དེ་མ་ཐག་མའི་ལྟོ་བ་ལག་པས་མྱངས་ཏེ་བུ་ནང་དུ་འགུལ་ན་དེ་ཁོ་ན་སྐྱེ་བའི་དུས་ཡིན་པས་ཆུ་སོའི་སྒོ་ནས་དྲལ་ཏེ་མྱུར་དུ་དབྱུང་བར་བྱའོ། །ཐོག་མར་མའི་མངལ་དུ་ཁུ་ཁྲག་ཆགས་ནས་ཟླ་བ་དང་པོ
་ལ་བབ་པའི་ཚེ་ན་ཤིང་མངར་དང་ཤིང་ཤ་ཀའི་ས་བོན་དང། པ་ཡསསྱ་དང། ཐང་ཤིང་དང། དེ་རྣམས་སྦྱར་རོ། །ཟླ་བ་གཉིས་པ་ལ་བབ་པའི་ཚ་ན་སྲུ་སྲུའི་རྩ་བ་དང། ཏིལ་ནག་པོ་དང་བཙོད་དང། ཉེའུ་ཤིང་དང། དེ་རྣམས་སྦྱར་རོ། །ཟླ་བ་གསུམ་པ་ལ་བབ་པའི་ཚེ་ན
་ནི། པ་ཡསསྱ་དང། པྲི་ཡི་ཀུ་དང། ཨུཏཔ་ལ་དང། ཐལ་ཏྲེས་དང་དེ་རྣམས་སྦྱར་རོ། །ཟླ་བ་བཞི་པ་ལ་བབ་པའི་ཚེ་ན་ནི། བི་ཚེར་བ་དང། ཐལ་ཏྲེས་དང་ར་སྣ་དང། པདྨ་ར་ཙི་དང། ཤིང་མངར་དང་དེ་རྣམས་སྦྱར་རོ། །ཟླ་བ་ལྔ་པ་ལ་བབ་པའི་ཚེ་ན་ནི་བྲི་ཧ་སྟེ་རྣམ་གཉིས
་དང། ཏལྦ?་ལ་དང། ཤིང་འོ་མ་ཅན་གྱི་མྱུ་གུ་དང། ཤུན་པ་དང། མར་དང་དེ་རྣམས་སྦྱར་རོ། །ཟླ་བ་དྲུག་པ་ལ་བབ་པའི་ཚེ་ན་ནི། པྲཥྞི་པརྞི་དང། བ་ལ་དང། ན་ལེ་ཤི་དཀར་པོ་དང། གཟེ་མ་དང། སླེ་ཏྲེས་དང་དེ་རྣམས་སྦྱར་རོ། །ཟླ་བ་བདུན་པ་ལ་བབ་པའི་ཚེ་ན་ནི། སྨན་ཤིང
་ཀ་ཏྲཀ་དང། པདྨའི་རྩ་བ་དང། རྒུན་འབྲུམ་དང། ཀ་ཤེ་རུ་དང། ཤིང་མངར་དང། ཀ་ར་དཀར་པོ་དང། དེ་རྣམས་སྦྱར་རོ། །དེ་ལྟར་ཟླ་གྲངས་དང་སྦྱར་བའི་སྦྱོར་བ་བདུན་པོ་ཀུན་ལ་འོ་མ་དང་སྦྱར་ལ་བཏང་སྟེ་དེ་ལྟར་ཟླ་བ་བདུན་གྱི་བར་དུ་ཁྲག་འཛག་པ་བསྲུང་བའི་ཕྱིར
་གོང་མའི་སྦྱོར་བ་བསྟན་པ་ཡིན་ནོ། །ཟླ་བ་བརྒྱད་པ་ལ་བབ་པའི་ཚེ་ན་ཀ་པཏྠི་དང་པིལྦ་དང། བྲི་ཧ་སྟི་དང། བུ་རམ་ཤིང་དང། ཀཎན་ཀ་རི་དང། འདི་རྣམས་ཀྱི་རྩ་བ་འོ་མ་དང་ལྷན་ཅིག་བསྐོལ་བ་བླུད་དོ། །ཟླ་བ་དགུ་པ་ལ་བབ་པའི་ཚེ་ན་ནི། ཐལ་ཏྲེས་དང། ཨ་ནནད
་དང། པ་ཡསསྱ་དང། ཤིང་མངར་རྣམས་འོ་མ་དང་སྦྱར་ལ་བཏང་ངོ། །ཟླ་བ་བཅུ་པ་ལ་བབ་པའི་ཚེ་ན་པ་ཡསསྱ་དང་སྦྱར་བའི་འོ་མ་བླུད་དོ། །ཡང་ན་ཤིང་མངར་དང་བཅའ་སྒ་དང་ཐང་ཤིང་རྣམས་འོ་མ་དང་སྦྱར་ལ་སྦྱིན་ནོ། །ཡོང་ནི་བུད་མེད་ཀྱི་ཟླ་མཚན་ཟླ་བ་རེ་རེ་འཕྱད་པ་ལས
་གལ་ཏེ་མ་བྱུང་ན་དེ་ནི་རླུང་གི་ཁྲག་བསྒོངས་པ་ཡིན་པ་ལས། འདིར་མངལ་ཆགས་པའི་མཚན་ཉིད་ལ་མངོན་པར་མི་མཁས་པ་དག་ནི་བུ་འཆགས་པ་ཡིན་ནོ་ཞེས་སྨྲའོ། །དེ་ཡང་སྨན་ཚ་བ་དང་དྲོ་བ་དང། རྣོ་བ་ཟོས་པ་ལས་ཁྲག་བསྒོངས་པ་ཉི་ཚེ་ཕྱིར་བྱུང་བ
་དང། མི་བླུན་པོ་ལ་ལ་དག་བྱིས་པ་འབྱུང་པོས་ཟོས་པ་ཡིན་ནོ་ཞེས་སྨྲ་མོད་ཀྱིས་ལུས་ཅན་མངོན་སུམ་དུ་མ་གྱུར་ཏེ་མེད་དོ། །ཇི་སྟེ་འབྱུང་པོ་ཟ་བ་ཡོད་ན་ཡང་གཟི་བརྗིད་དམ་མདངས་ཙམ་འཕྲོག་གི་ལུས་མངོན་སུམ་དུ་ཆུད་གསོན་པར་སྣང་བ་ནི་མི་སྲིད་དོ།།
་དེ་བུས་ན་ཁྲག་མ་བྱུང་བ་ལ་བུ་ཆགས་པར་འཛིན་པ་ནི་འབྱུང་པོས་མ་ཟོས་བཞིན་དུ་ཟོས་པའི་རྟོག་པ་ཡོངས་སུ་སྤང་བར་བྱའོ། །ལུས་ཀྱི་གནས་ལས་ལེའུ་གཉིས་པ་རྫོགས་སོ།། །།བྱིས་པ་རུམ་དུ་ཆགས་པའི་རྐང་ལག་གི་བྱེ་བྲག་བསྟན་པའི་ལེའུ
་བཤད་པར་བྱའོ།། །།དེ་ལ་ལུས་ཞེས་བྱ་བ་འདི་ནི་མདོར་བསྡུ་ན་ཡན་ལག་དྲུག་དུ་འདུས་ཏེ་དེ་ཡང་གང་ཞེ་ན། མགོ་བོ་དང་དཔུང་པ་གཉིས་དང། བརླ་གཉིས་དང། ཁོང་པ་དང་དྲུག་གོ་།དྲུག་པོ་དེ་དག་གི་ཉིང་ལག་དུ་གཏོགས་པ
་གང་ཞེ་ན་མགོ་བོའི་ཉིང་ལག་ནི་མིག་དང་རྣ་བ་ལ་སོགས་པའོ། །ཁོང་པའི་ཉིང་ལག་ནི་སྙིང་དང་ལྟེ་བ་ལ་སོགས་པའོ། །དཔུང་པ་གཉིས་ཀྱི་ཉིང་ལག་ནི་གྲུ་མོ་དང་ལག་པ་ལ་སོགས་པའོ། །བརླ་གཉིས་ཀྱི་ཉིང་ལག་ནི་རྐང་པ་གཉིས་དང་པུས་མོ་ལ་སོགས་པའོ།
་ཡོང་སེམས་ཅན་གྱི་ལུས་ལ་འབྱུང་བ་ཆེན་པོ་ལྔ་ཚང་བར་ཡོད་དེ། དེ་གང་ཞེ་ན་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ལྔའོ། །ལྔ་པོ་དེ་དག་གི་ཡོན་ཏན་དང་སྒྲ་དང་རེག་པ་དང་གཟུགས་དང་རོ་དང་དྲི་འདི་དག་གོ་རིམ་བཞིན་དུ་ཡོན་ཏན་དུ་བལྟས་ཏེ། དེས
་ཡང་ཇི་ལྟར་ཞེ་ན་རིམ་པ་བཞིན་དུ་ཡོན་ཏན་འོག་མ་རེ་རེ་ཆེ་སྟེ། དེ་ལ་ནམ་མཁའ་ཨི་ཡོན་ཏན་ནི་སྒྲའོ། །རླུང་གི་ཡོན་ཏན་ནི་སྒྲ་དང་རེག་བྱའོ། །མེའི་ཡོན་ཏན་ནི་སྒྲ་དང་རེག་བྱ་དང་གཟུགས་སོ། །ཆུའི་ཡོན་ཏན་ནི་སྒྲ་དང་རེག་བྱ་དང་གཟུགས་སོ། །སའི་ཡོན
་ཏན་ནི་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་ཆར་དང་ལྡན་པ་ཡིན་ནོ། །དེ་ཡང་ལུས་ཅན་རྣམས་ཀྱི་རྣ་བའི་དབང་པོ་གང་ཡིན་པ་དེ་ལས་འབྱུང་བ་ཆེན་པོ་ནམ་མཁའ་གནས་པའི་ཡོན་ཏན་གྱིས་སྒྲ་ཐོས་པ་ཡིན་ཏེ། སྒྲའི་མཚན་ཉིད་ནི་སྟོང་པའོ། །
་ལུས་ལ་རླུང་གནས་པས་ནི་ལུས་ཀྱི་དབང་པོས་རེག་པ་ཚོར་བར་བྱེད་པའི་ཡོན་ཏན་དང་དབུགས་གྱེན་དུ་འབྱུང་བར་བྱེད་པའོ། །མིའི་ཁམས་ལུས་ལ་གནས་པས་ནི་མིག་གི་དབང་པོས་མཐོང་བ་དང་གཟུགས་ཀྱི་ཡོན་ཏན་དང་སྨིན་པའོ། །ཆུའི་ཁམས་ལུས
་ལ་གནས་བས་ན་ལྕེའི་དབང་པོ་དང། རོའི་ཡོན་ཏན་དང་གཤེར་བའོ། སའི་ཁམས་ལུས་ལ་ཡོད་པས་ནི་སྣའི་དབང་པོ་དང། དྲིའི་ཡོན་ཏན་དང། རུས་པའོ། །གཞན་ཡང་ལུས་ལ་འཇམ་པ་དང་ཐམས་ཅད་ནི་མ་ལས་སྐྱེས་པ་ཡིན་ཏེ་དེ་ཡང་བྲག་དང
་ཤ་དང། རྐང་དང། གཞང་དང་སྙིང་དང། ཕོ་བ་དང། མངལ་ཕྱི་གནས་དང། མཆེར་པ་དང། མཆིན་པ་ལ་སོགས་པའོ། །གང་ལུས་ཀྱི་སྲ་བ་ཐམས་ཅད་ནི་ཕ་ལས་སྐྱེས་ཏེ། ཁུ་ཆུ་དང། ཆུ་བ་དང། རུས་བ་དང། སྐྲན་དང། སེན་མོ་ལ་སོགས་པའོ། །དེ་ལ་ཡིད
་གང་ལ་མོས་པ་བཞིན་དུ་མི་དང་རྟ་དང་གླང་པོ་ཆེ་ལ་སོགས་པ་འགྲོ་བ་དྲུག་ཏུ་སྐྱེ་བ་སྣ་ཚོགས་ལན་པར་འགྱུར་རོ། །ཟས་གང་ལ་དགའ་བ་མ་བཀག་ཅིང་ཟོས་པ་ལས་ནི་ཚེ་རིང་བ་དང་ནད་མེད་པ་དང་སྙིང་སྟོབས་དང་གཟི་བྱིན་དང་ལྡན་པར་འགྱུར་རོ། །དེ་ལ
་ཁ་ཟས་ཀྱི་དངས་མ་ལས་ལུས་སྐྱེས་པ་ཡིན་ཏེ་འཕེལ་ཞིང་རྒྱས་པ་ཡང་བཅུད་ལས་གྱུར་པ་ཡིན་ནོ། །བཅུད་ཀྱིས་བསྐྱེད་པའི་མི་ནི་ལོ་བདུན་ཡང་ཆུད་པར་ལྟའོ། །སྙིང་སྟོབས་ཅན་གྱིས་རང་བཞིན་གྱི་ནི་ལུས་ངག་ཡིད་གསུམ་དག་པ་དང། འཇིག་རྟེན
་ཕ་རོལ་ཡོད་པར་བལྟ་བ་དང། དཀར་པོའི་ཆོས་སྦྱིན་པ་ལ་སོགས་པ་ལ་དགའ་བའོ། །རྡུལ་གྱིས་རང་བཞིན་གྱི་མི་ནི་མང་དུ་སྨྲ་བ་དང་ང་རྒྱལ་ཆེ་བ་དང། ཁྲོ་བག་ཅན་དང། ཚུལ་འཆོས་བྱེད་པ་དང་ཕྲག་དོག་ཅན་ལ་སོགས་པའོ། །མུན་པ་ཅན་གྱི་རང་བཞིན
་གྱི་མི་ནི་གཉིད་ཆེ་བ་དང་ལེ་ལོ་ཆེ་བ་དང། འཇིགས་སྐྱེན་པ་དང། རྨོངས་པ་དང། སོམས་གདུང་བ་ལ་སོགས་པའོ། །དེ་ཡན་ཆད་སེམས་ཅན་རྣམས་ཀྱི་ལུས་ཀྱི་རང་བཞིན་བསྟན་ཟིན་ཏོ། །ད་ནི་ལུས་ཀྱི་ཚད་བཤད་པར་བྱ་སྟེ། ལུས་ལ་པགས་པ་རིམ་པ་བདུན
་ཡོད་དེ། དཔེར་ན་འོ་མ་བསྐོལ་བ་ལས་སྤྲིས་མཆགས་པ་བཞིན་དུ་ཁྲག་ལ་སོགས་པ་ལུས་ཀྱི་ཁམས་བདུན་པོ་ཡང་རང་རང་གི་དྲོད་ཀྱིས་ཡོངས་སུ་སྨིན་པ་ལས་པགས་པ་རིམ་པ་རེ་རེ་སྐྱེ་སྟེ་དེ་དག་ཀྱང་བད་ཀན་དང་རྒྱུས་པས་གཡོགས་པར་གནས་སོ། །ཁམས
་བདུན་པོ་དེ་དག་ཀྱང་གང་ཞེ་ན། ཁྲག་དང་བད་ཀན་དང། པོ་བ་དང། མཁྲིས་པ་དང། ལོང་ཀ་དང། གཅིན་དང། བདུན་པོ་དེ་དག་རླུང་དང་བཅས་པར་ལུས་ཀྱི་སྙིང་པོར་བལྟ་སྟེ་དཔེར་ན་ཤིང་གི་སྙིང་པོ་བཞིན་ནོ། །བུད་མེད་ཀྱི་ལོང་ཀ་དང་མཁྲིས་པའི་བར་ནི
་མངལ་གྱི་གནས་ཡོད་དེ་བརྒྱད་དུ་བཤད་དེ། ཁོད་པའི་ནང་གི་ཡན་ལག་གཞན་ཡང་སྙིང་དང། གློ་བ་དང། མཆེར་པ་དང། མཆིན་པ་དང། ཨནྡྲ་ཀ་དང། མཁལ་མ་དང་ལྟེ་བ་དང། དྲན་པ་དང། ལྒང་པའོ། །སྲོག་གི་།
་གནས་བཅུ་ཞེས་བྱ་བ་ནི་མགོ་བོ་དང། ལྕེའི་ཆོར་བའི་གནས་དང། མཁྲིས་པ་དང། ཁྲག་དང། སྙིང་དང། ལྟེ་བ་དང། ཆུ་སོ་དང། ཁུ་ཆུ་དང། མདངས་དང། བཤད་པའི་ལམ་དང་བཅུ་པོ་དེ་དག་གོ་།ལུས་ལ་ཆུ་བ་ཆེན་པོ་བཅུ་དྲུག་གིས་དྲ
་བ་ལྟར་ཁྱབ་པ་ཡོད་དེ་དེ་ཡང་གང་ཞེ་ན་ལྒང་པ་གཉིས་ལ་ཆུ་བ་ཆེན་པོ་གཉིས་གཉིས། ལག་པ་གཉིས་ལ་ཆུ་བ་ཆེན་པོ་གཉིས་གཉིས། མགྲིན་པའི་ཕྱོགས་ནས་བཞི་བཞི་སྟེ་བཅུ་དྲུག་གོ་།ལུས་ལ་ཆུ་བ་ཆེན་པོ་དྲུག་ཡོད་དེ། མགྲིན་པ་དང་ལག་པ
་གཉིས་དང། རྐང་པ་གཉིས་དང། ཕོ་མཚན་གྱི་ཆུ་བ་སྟེ་དྲུག་པོ་དེས་སྤུ་གཤིབས་པ་ལྟར་བྱས་པའོ། །ལུས་ལ་རྒྱས་པ་བདུན་ཡོད་དེ། མགོ་བོ་ལ་ལྔ་དང་ལྕེ་དང་ཕོ་མཚན་ལ་རེ་རེ་སྟེ་དེ་དག་ལ་མཚོན་གྱིས་ལས་བྱ་བར་བཤད་དོ། །ཐག
་པ་ལྟ་བུའི་ཤ་ཆེན་པོ་བཞི་ཡོད་དེ། བདུན་རྒྱབ་ནས་གཉིས་གཉིས་ཏེ་བཞིས་འཛིན་ཐག་ཏུ་བྱས་པའོ། །རུས་པའི་ཚོགས་འདུས་པ་བཅུ་བཞི་སྟེ། ལོང་མོ་གཉིས་དང་པུས་མོ་གཉིས་དང། བརླ་དབྲག་གཉིས་དང། མཁྲིག་མ་གཉིས་དང།
་མཚན་ཁུང་གཉིས་དང། གྲུ་མོ་གཉིས་དང། མགོ་བོ་དང། མཇུག་ངོ་སྟེ་བཅུ་བཞིའོ། །ལུས་ལ་གནད་ཀྱི་ཚིགས་ཆེན་པོ་བཅོ་བརྒྱད་ཡོད་དེ་གང་ཞེ་ན་མགོ་བོ་ལ་ལྔ་དང། མཇུག་དེ་གཅིག་དང། ལོང་མོ་གཉིས་དང། པུས་མོ་གཉིས་དང།
་བརླ་དབྲག་གཉིས་དང། མཁྲིག་མ་གཉིས་དང། མཆན་ཁུང་གཉིས་དང། གྲུ་མོ་གཉིས་དང་བཅོ་བརྒྱད་དོ། །ལུས་ལ་སོ་དང་སེན་མོ་དང་བཅས་པའི་རུས་པ་སུམ་ཅུ་རྩ་དྲུག་ཡོད་དོ། དེ་ཡང་ཡན་ལག་བཞི་ལ་བརྒྱ་བཞི་བཅུ། ཁོད་པ་ལ་བརྒྱ
་ཉི་ཤུ། མགོ་བོ་ལ་བརྒྱའོ། །དྲང་སྲོང་ཐང་ལ་འབར་གྱི་བཞེད་ཀྱིས་ནི་ལུས་ལ་རུས་པ་སུམ་བརྒྱ་ཡོད་པར་བཞེད་དོ། །ལུས་ལ་རུས་པའི་ཚིགས་ཉིས་བརྒྱ་བཅུ་ཡོད་དོ། །ཡན་ལག་བཞི་ལ་དྲུག་ཅུ་རྩ་བརྒྱད་ཁོག་པ་ལ་ལྔ་བཅུ་རྩ་དགུ་ནམ་ཙོད་ཡན་ཆད་ལ
་བརྒྱད་ཅུ་རྩ་གསུམ་མོ། །སློབ་དཔོན་རྒྱུན་ཤེས་ཀྱི་བུའི་བཞེད་གྱིས་ནི་ཚིགས་ཉིས་སྟོང་དུ་འདོད་དོ། །དྲང་སྲོང་རྒྱུན་ཤེས་ཀྱི་བུན་རེ་རྩ་དང་རྒྱུས་པ་དང། ཤ་རུས་ཀྱི་གཟུངས་དང་གསུམ་ལ་ཉི་སྟོང་ཡོད་དོ་ཞེས་ཟེར་རོ། །ལུས་ལ་རུས་པ་དགུ་བརྒྱ་ཡོད་དེ།
་ཡན་ལག་བཞི་ལ་སུམ་བརྒྱ་ནམ་ཙོང་ཡན་ཆད་ལ་བཅུ་བཅུ་ཁོག་པ་ལ་ལྔ་བརྒྱ་སུམ་ཅུའོ། །ཤ་རུས་ཀྱི་གཟུགས་ལྔ་བརྒྱ་ཡོད་དེ་ཡང་ཡན་ལག་བཞི་ལ་ནི་བརྒྱ། ཁོག་པ་ལ་དྲུག་ཅུ། ནམ་ཙོང་ཡན་ལག་ལ་ཉི་ཤུ་རྩ་བཞིའོ། །བུད་མེད་ལ་ཉི
་ཤུས་ཕྱེ་སྟེ་དེ་ཡང་ནུ་མ་ལ་བཅུ་།མོ་མཚན་ལ་བཅུ་སྟེ་ཉི་ཤུའོ། །སྙིང་ལ་འབྱུང་བའི་རྩ་ཆེན་པོ་བཅུ་ཡོད་དེ། དེ་ལས་གྱེས་པའི་རྩ་བདུན་བརྒྱས་ལུས་ཐམས་ཅད་དུ་ཁྱབ་པ། ཤིང་གི་ལོ་མ་ལྟ་བུའོ། །ཟས་འཇུ་བའི་དངས་མ་དང་མདངས་ཞེས་བྱ
་བའི་སྙིང་ལ་གནས་པ་གཉིས་རྩའི་སྦུབས་ནས་འཇུག་སྟེ་ལུས་ཐམས་ཅད་དུ་དེས་ཁྱབ་པར་བྱེད་དོ། །དེ་ཡང་ཡན་ལག་བཞི་རེ་རེ་ལ་ཡང་བརྒྱ་བརྒྱ་ཡོད་དེ། དེ་དག་ལས་ཀྱང་མཚོན་གྱིས་དབུག་ཏུ་མི་རུང་བ་ནི་རྩ་བའི་དྲི་མ་འཛིན་པ་ཞེས་བྱ་བའི་རྩ་ཆེན་པོ
་བཞིན་ངན་ཡོད་དེ། དབུག་ཏུ་མི་རུང་ངོ། །དབུག་ཏུ་རུང་བ་ནི་ཡན་ལག་བཞི་ལ་རྩ་བཞི་བཞི་སྟེ་བཅུ་དྲུག་གོ་།རྐེད་པ་ལ་སུམ་ཅུ་རྩ་གཉིས་ཡོད། དེ་དག་ལས་ཀྱང་མཚོན་གྱིས་དབུག་ཏུ་མི་རུང་བ་ནི་རྐང་པའི་གནས་གཉིས་གཉིས་དང། བརླ་དབྲག་གཉིས་སུ་གཉིས
་ཏེ་བརྒྱད་པོ་འདི་དག་ཏུ་ནི་མཚོན་གྱིས་རེག་ཏུ་ཡང་མི་རུང་སྟེ་བསྲུང་ངོ། །རྩི་བ་ལོགས་གཉིས་སུ་བརྒྱད་བརྒྱད་དེ་བཅུ་དྲུག་ཡོད་དོ། །དེ་ཡང་གྱེན་དུ་འགྲོ་བའི་རྩ་རྩི་བ་ལོགས་ཀྱི་མདུད་པ་ཞེས་བྱ་བ་རེ་རེ་ཡོད་དེ་དེར་མཚོན་མི་གདབ་བོ། །རྒྱབ་ཀྱི་སྒལ་ཚིགས
་ལས་གཡས་གཡོན་དུ་གྱེས་པ་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་གྱེན་དུ་འགྲོ་བའི་རྩ་གཉིས་ཡོད་པ་དེར་མཚོན་གདབ་དུ་མི་རུང་ངོ། །སྒལ་ཚིགས་ལ་ཇི་ལྟར་ལྟོ་ལ་ཡང་དེ་ལྟར་ཡོད་དེ། དེ་ལས་ལྟེ་བ་ལས་མར
་སྤུ་སྐྱེས་པའི་གཡས་གཡོན་དུ་རྩ་གཉིས་གཉིས་ཀྱིས་པ་བཞི་ཡོད་དེ། དེ་དག་ལ་མཚོན་གདབ་དུ་མི་རུང་ངོ། །བྲང་ལ་རྩ་བཞི་བཅུ་ཐམ་པ་ཡོད་དེ། དེ་དག་ལས་བཞི་ནི་དབུག་ཏུ་མི་རུང་སྟེ། དེ་ལས་ཀྱང་ནུ་མཇིད་གཉིས་ཀྱི་རྩ་བ་ན་གནས་པའི་རྩ
་གཉིས་དང་སྙིང་གི་དྲང་ཐང་བྲང་གི་དཀྱིལ་ན་གཡས་གཡོན་དུ་གྱེས་པའི་རྩ་གཉིས་དང། སྒྲོག་རུས་ཀྱི་སྤྱི་མདུད་ནས་བྲང་གཡས་གཡོན་དུ་གྱེས་པའི་རྩ་གཉིས་དང་དེ་རྣམས་སོ། །མགྲིན་པ་ལ་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལ་རྩ་བཅུ་དྲུག
་ནི་དབུག་ཏུ་མི་རུང་སྟེ་།སྔོན་པོ་ཞེས་བྱ་བའི་རྩ་གཉིས་དང། སྲོལ་གོང་གཡས་གཡོན་གྱི་རྩ་གཉིས་དང། ལྟག་པའི་རྩ་གཉིས་དང། སྲོལ་གོང་གི་སྟེང་གི་རྩ་གཉིས་རྣ་རྩ་གཡས་གཡོན་ནས་བྱུང་བའི་རྩ་བཞི་བཞིའོ། །འགྲམ་པ་ལ
་རྩ་བཅུ་དྲུག་ཡོད་དེ། དེ་ལ་དབུག་ཏུ་མི་རུང་བ་ནི་འགྲམ་པ་གཉིས་ཀྱི་སྤྲེལ་མཚམས་ན་རྩ་རེ་རེ་ཡོད། ལྕེ་ལ་ཡང་བཅུ་དྲུག་ཡོད་དེ། དེ་ལ་ལྕེ་ཕུགས་ན་རོ་ཚོར་བའི་རྩ་གཉིས་དང། ལྕེའི་རྩེ་མོ་ན་སྨྲ་བར་བྱེད་པའི་རྩ་གཉིས་ཏེ་བཞི་པོ
་དེ་དག་དབུག་ཏུ་མི་རུང་ངོ། །སྣ་ལ་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་དབུག་ཏུ་མི་རུང་བ་ནི་གསུམ་ཡོད་དེ། དྲི་ཚོར་བར་བྱེད་པའི་རྩ་གཉིས་དང། རྐན་དུ་འགྲོ་བའི་རྩ་གཅིག་དང་གསུམ་མོ། །མིག་གཉིས་ལ་རྩ་ལྔ་བཅུ་རྩ་དྲུག་ཡོད་དོ།
་མིག་འབྱེད་པ་དང་འཛུམ་པའི་ལས་ཅན་ཡིན་ཏེ། དེ་ལས་དབུག་ཏུ་མི་རུང་བ་ནི་དྲུག་ཡོད་དེ། མུར་འགྲམ་ལོགས་གྱི་གྲཝ་གཉིས་ཀྱི་གཉིས་གཉིས་དང། སྣ་གོང་གི་ཕྱོགས་ཀྱི་མིག་གི་གྲཝ་རེ་རེ་ཏེ་དྲུག་གོ་།དཔྲལ་བ་ལ་རྩ་དྲུག་ཅུ་ཡོད་དེ། དེ་ལ
་དབུག་ཏུ་ནི་འུང་བ་ནི་བདུན་ཏེ་མིག་གཉིས་ཀྱི་དྲང་བོ་དཔྲལ་བའི་སྐྲ་མཚམས་འཁྱིལ་པ་ན་རྩ་རེ་རེ་དང། དཔྲལ་པའི་དབྱེས་སྐྲ་མཚམས་སུ་ཞུགས་པའི་རྩ་བཞི་དང་སྣ་གོང་ནས་དཔྲལ་བའི་དབུས་སུ་འགྲོ་བའི་རྩ་གཅིག་སྟེ་བདུན་ནོ། །རྣ་བ་གཡས་གཡོན་གཉིས་ནས་རྩ
་བརྒྱད་བརྒྱད་དེ་བཅུ་དྲུག་ཡོད་དོ། །དེ་ལ་དབུག་ཏུ་མོ་རུང་བ་ནི་སྒྲ་ཐོས་པར་བྱེད་པའི་རྩ་སྟོང་པ་རེ་རེའོ། །མུར་འགྲམ་གཉིས་ལ་རྩ་བརྒྱད་བརྒྱད་དེ་བཅུ་དྲུག་ཡོད་དེ། དེ་ལ་དབུག་ཏུ་མི་རུང་བ་ནི་མུར་འགྲམ་གྱི་མཚམས་སུ་འགྲོ་བའི་རྩ་རེ་རེའོ། །མགོ་བོ
་ལ་རྩ་བཅུ་གཉིས་ཡོད་དེ། དེ་ལ་མཚོན་གྱིས་དབུག་ཏུ་མི་རུང་བ་བཞི་བཞི་སྟེ་སྐྲའི་དབྱེ་མཚམས་འཚོགས་མ་ནས་སྤྱི་བོའི་སྟེང་དུ་འགྲོ་བའི་རྩ་ལྔ་ལས་དབུས་མ་དང་ལྡན་པ་གཡས་གཡོན་ནས་སྟེང་དུ་འགྲོ་བའི་རྩ་རེ་རེ་དང་སྤྱི་བོའི་སྟེང་ན་ཡོད་པའི་རྩ
་གཅིག་སྟེ། བཞི་པོ་དེ་དག་ནི་དབུག་ཏུ་མི་རུང་ངོ། །དེ་ལ་སོགས་པ་དབུག་ཏུ་མི་རུང་བའི་རྩ་དགུ་བཅུ་རྩ་བརྒྱད་ལས་མེད་དོ། །གཞན་ཡང་ལུས་ཀྱི་དབུག་པར་མི་བྱ་བའི་རྩ་བ་གཅིག་ལ་གཅིག་འབྲལ་བའི་སྟེང་དང། རྩ་མདུད་པར་འཆས་པའི་སྟེང། རྩ་ཤིན་ཏུ
་ཕྲ་བ་དང། རྩ་ཡོན་པོའི་སྟེང་དང། དེ་བཞིན་དུ་ཚིགས་ཀྱི་སྟེང་དང། དེ་བཞིན་དུ་ཚིག་ཀྱི་སྟེང་ན་གནས་པའི་རྩ་དང། རུས་པའི་སྟེང་ན་གནས་པའི་རྩ་ལ་ཡང་དབུག་ཏུ་མི་རུང་ངོ། །དེ་ལྟར་རྩ་བདུན་བརྒྱར་བཤད་བ་ལས་ཆ་བཞིར་བགོས་ཏེ་རྩ
་བརྒྱ་བདུན་ཅུ་རྩ་ལྔའི་ནང་དུ་ནི་ཁྲག་འབའ་ཞིག་རྒྱུའོ། །བརྒྱ་བདུན་ཅུ་རྩ་ལྔའི་ནང་དུ་ནི་རླུང་མཁྲིས་གཉིས་འདྲེས་པ་རྒྱུའོ། །བརྒྱ་བདུན་ཅུ་རྩ་ལྔའི་ནང་དུ་ནི་རླུང་དང་བད་ཀན་རྒྱུའོ། །དེ་ལ་རླུང་ལ་སོགས་པའི་ནད་གཞི་དེ་དག་ལེགས་པར་གནས་ན་ནི་འཕེལ་ཞིང་རྒྱས་པར
་གྱུར་རོ། །གཞན་དུ་འགྱུར་ན་ནི་ན་བ་དང་གནོད་པ་སྐྱེད་པར་འགྱུར་རོ། དེ་དག་ལས་ཀྱང་རླུང་དང་ཁྲག་གཉིས་འདྲེས་པའི་རྩའི་རྟགས་ནི་དམར་ལ་གནག་པའི་མདོག་དང་ལྡན་པའོ། །དེ་བཞིན་དུ་རེས་འགའ་ནི་སྦོམ། རེས་འགའ་ནི་ཕྲ། བར་འགའ་ནི་སྟོང། བར་འགའ་ནི་གང་སྟེ།
་དེ་ཡང་ཤིན་ཏུ་འགུལ་བའོ། །མཁྲིས་དང་ཁྲག་གཉིས་ཀྱི་རྟགས་ནི་རེས་འགའ་ན་ཞིང་ཚ་བ་དང་དེ་བཞིན་དུ་ཁྲག་ཁྲག་ཏུ་འབྱུང་བ་དང། མདོག་སྔོ་ཞིང་སེར་བོར་འདུག་པའོ། །བད་ཀན་དང་ཁྲག་གཉིས་འདྲེས་པའི་རྩའི་མདོག་ནི་དཀར་ལ་ཅུང་ཟད་དམར་བ་དང།
་སྣུམ་པ་དང་བརྟན་པ་དང་རེག་ན་གྲང་པའོ། །འདུས་པའི་རྩའི་རྟགས་ནི་མཚན་མ་འཆོལ་བར་སྣང་བའོ། །ནད་མེད་པའི་རྩའི་རྟགས་ནི་རྩ་མ་མངོན་པ་དང་མཉམ་པ་དག་ཏུ་འབྱུང་བ་དང་སྣམ་པ་དང་དམར་བའི་མདོག་ཏུ་སྣང་བ་ནི་ཁྲག་དང་བའི་རྟགས་ཡིན་ནོ། །ལྟེ་བ་ནས་རྩ
་སྦུབས་སུ་འདྲ་བ་ཉི་ཤུ་རྩ་བཞིར་ཕྱོགས་བཞིར་གྱེས་པ་ཡོད་དེ། དེ་ཡང་དཔེར་ན་ཤིང་རྟའི་ལྟེ་བ་རྩིབས་ཀྱིས་བསྐོར་བ་བཞིན་ནོ། །གཞན་ཡང་ཇི་ལྟར་མཚོ་ཆེན་པོ་ལས་ཡུར་ཆུ་ཀུན་དུ་དྲངས་ནས། ས་བོན་སྐྱེད་པ་དང་འདྲ་བར་ལྟེ་བ་ལས་བྱེན་དུ་བཅུ་།ཐུར་དུ་བཅུ། གཡས་གཡོན
་དུ་གཉིས་གཉིས་སུ་གྱེས་ནས་དེའི་རྒྱུན་སྲང་ཕྱི་རོལ་གྱི་བུ་ག་དགུར་འབྱུང་སྟེ། དེ་ཡང་གང་ཞེ་ན་སྣའི་བུ་ག་གཉིས་དང། མིག་གཉིས་དང། རྣ་བ་གཉིས་དང། ཁའི་བུ་ག་དང། བཤད་བའི་སྒོ་དང། གཅིན་གྱི་སྒོ་དང་དགུའོ། །བུད་མེད་ལ་གསུམ་གྱིས་ཕྱེ་སྟེ། ནུ་མ་གཉིས
་དང་ཟླ་མཚན་འབྱུང་བའི་བུ་ག་སྟེ་བཅུ་གཉིས་པོ་དེ་དག་ཏུ་འབྱུང་ངོ། །སྲོག་གི་རླུང་ལ་སོགས་པ་རྒྱུ་བའི་རྩའི་རྒྱུན་བཅུ་གསུམ་ཁོད་པའི་ནང་དུ་རྒྱབ་ཡོད་དོ། །དེ་ཡང་སྲོག་ཅེས་བྱ་བ་ནི་རླུང་རྒྱུ་བའི་རྒྱུན་སྲད་དང། དེ་བཞིན་དུ་དངས་མ་ལ་སོགས་པ་ལུས་ཀྱི་ཁམས
་བདུན་རྒྱུ་བའི་རྒྱུན་སྲད་དང་དྲི་མ་རྣམ་གསུམ་གཅིན?་དང་བླ་རྩ་དང་རྡུལ་འབྱུང་བའི་རྒྱུན་སྲང་དང་ཆུ་འབྱུང་བའི་རྒྱུན་སྲང་དང་བཅུ་གསུམ་མོ། །ཁ་ཟས་ལ་སོགས་པ་མི་མཐུན་པ་བསྟེན་པའི་རྒྱུས་གོང་མ་དེ་དག་ནང་འཁྲུག་པར་བྱས་པ་ལས་ནི་ལུས་ཀྱི་ནང་སྐྱེད་བར་བེད
་པ། མཐུན་པ་བསྟེན་པ་ལས་ནི་ནད་མེད་པ་དང་བདེ་བསྐྱེད་པར་བྱེད་དོ། །རྒྱུན་སྲང་ངམ་སྦུབས་དེ་དག་གི་མདོག་ཀྱང་སྲོག་ཟུངས་ལ་སོགས་པ་རང་རང་གི་མདོག་ལྟར་སྣང་ངོ། །དབྱིབས་ཀྱི་བྱེ་བྲག་ཀྱང་ཁ་ཅིག་ནི་ཟླུམ། ཁ་ཅིག་ནི་སྦོམ། ཁ་ཅིག་ནི་ཕྲ། ཁ་ཅིག་ནི་རིང་པོ་རྒྱུན་སོང་དེ
་དག་གི་རང་བཞིན་ཡང་ཤིང་གི་ལོ་མའི་རྩ་བ་བཞིན་དུ་སྣ་ཚོགས་སུ་འཕྲོ་བར་བལྟའོ། །གཞན་ཡང་ཁ་ཟས་མི་མཐུན་པ་བསྟེན་པ་ལས་ཀྱང་རྒྱུན་སྲང་དེ་དག་འཁྲུག་པ་ཡིན་ཏེ། དེ་ཡང་རླུང་དང་རྩུབ་བག་ལྷན་ཅིག་བསྟེན་པ་དང། མཁྲིས་པ་དང་ཚ་བའི་ཟས་ལྷན་ཅིག་བསྟེན་པ་དང། བད་ཀན་དང
་སྣུམ་བག་ལྷན་ཅིག་བསྟེན་པས་རང་རང་གི་རྒྱུན་སྲང་འཁྲུགས་པར་བྱེད་དོ། །ཡང་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ནད་གཞི་དང་མི་མཐུན་པ་ལྷན་ཅིག་སྤྱོད་པ་ལས་ཀྱང་ཚུལ་དེ་ལྟར་བལྟའོ། །ལུས་ཀྱི་ཁམས་བདུན་པོ་རང་རང་དང་མི་མཐུན་པའི་ཁ་ཟས་དང་སྤྱོད་འམ་བསྟེན་པ
་ལས་རང་རང་གིས་རྒྱུན་སྲང་འཁྲུགས་པ་ཡིན་ནོ། །དེ་ལྟར་ཁ་ཟས་དང་སྤྱོད་ལམ་གྱི་མཐུན་པ་བསྟེན་པས་སོ་སོར་རྒྱུན་སྲང་འཁྲུགས་པའི་མཚན་མ་ནི་གཅིན་སྲི་ཞིང་འགགས་པའམ། ཡང་ན་སྙི་ཞིང་མང་དུ་ཟག་པའམ། ཕྱི་ས་ཡང་དང་ཡང་ནི་འཁྲུ་ཞིང་མང་དུ་འབྱུང་བ་དང།
་དེ་བཞིན་དུ་གཞན་དག་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ཡང་ན་རྩ་མདུང་འཆས་པ་དང། རང་རང་གི་ལམ་སྤངས་ནས་གཞན་ནས་འབྱུང་བ་ཡང་འཁྲུགས་པའི་རྟགས་སོ། །ཇི་ལྟར་པདྨའི་རྩ་བའི་སྤུབས་ཕྲ་མོ་མང་པོ་དང་རླུང་དང་རླན་ལ་སོགས་པ་འགྲོ་བ་བཞིན་དུ་གོང་དུ་སྣོས
་པའི་རྒྱུན་སྲང་ནི་སྦུབས་ཕྲ་མོ་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་བ་ལ་དེ་དག་ལས་ཀྱང་དངས་མ་ལ་སོགས་པ་ཁྱབ་པར་འགྲོ་སྟེ། དེས་ལུས་འཕེལ་ཞིང་རྒྱས་པར་འགྱུར་རོ། །གལ་ཏེ་རྒྱུན་སྲང་དེ་དག་ཟུག་རྡུས་རྡོལ་བར་གྱུར་ན་དེའི་རྟགས་ནི་ངེས་པར་འཆི་བའམ། ཡང་ན
་དྲན་པ་ཉམས་པ་དང། ལུས་འདར་བ་དང། ལྟོ་ལྦོ་བ་དང། །སྐྱུག་པ་དང། ལུས་ཚ་བ་སྐྱེ་བ་དང། གླལ་བ་དང། གཟེར་བ་དང། བཤང་གཅི་འགགས་པ་དང། མཚོན་མ་དེ་དག་སྣང་བར་འགྱུར་རོ། །ཅི་སྟེ་རྟགས་དེ་དག་དང་ལྡན་ན་དེའི་འཚོ་བ་ནི་ཐེ་ཚོམ་དང་བཅས་པ་ཡིན་པས
་སྨན་པས་གསོ་བའི་ལས་བརྩམ་པར་བྱ་སྟེ། དེ་ཡང་མ་བྱས་ན་ནི་ངེས་པར་འཆི་བ་ཡིན་པས་དེ་ལ་ནི་འབད་བ་དང་བཅས་པར་མཚོན་གྱི་ལས་བྱ་སྟེ་རྨ་གསར་པ་གསོ་བའི་ཆོག་བཞིན་དུ་བྱའོ། དེ་ལ་ཁ་ཟས་འཇུ་བར་བྱེད་པ་ནི་མཁྲིས་པ་འཇུ་བར་བྱེད་པ་ཡིན་ཏེ།
་དེས་ཇི་ལྟར་འཇུ་བ་ནི་མདོའི་གནས་སུ་བལྟའོ། །དྲང་སྲོང་རྒྱུན་ཤེས་ཀྱི་བུ་ན་རེ་ནད་གཞི་གསུམ་དང་ལུས་ཟུངས་བདུན་དང་དྲི་མ་གཉིས་དང་འདི་རྣམས་ཀྱི་དྲོད་ཀྱིས་ཁུ་བས་འཇུ་བར་བྱེད་དོ་ཞེས་ཟེར་རོ། །ཁ་ཟས་དེ་ཡང་རླུང་དང་མཁྲིས་པ་གཉིས་ཀྱིས
་ཕོ་བའི་ནང་དུ་འཇུ་བར་བྱེད་དོ། །དྲང་སྲོང་ཐང་ལ་འབར་ན་རེ་ཕོ་བ་ནི་མཁྲིས་པ་འཛིན་པ་ཞེས་བྱ་བ་དེ་ཡང་དེ་ཉིད་ཡིན་ནོ་ཞེས་ཟེར་རོ། །ཕོ་བ་དེ་མ་ཞུ་བའི་གནས་ལ་བརྟེན་ཏེ། དེ་ནས་ཚེ་དང་སྟོབས་དང། གཟི་མདངས་དང། འབྱུང་བ་ཆེན་པོ་ལྔའི་མེ་དང། ཁམས་བདུན་པོ
་འཕེལ་ཞིང་རྒྱས་པར་བྱེད་དོ། །གལ་ཏེ་ཟས་འཇུ་བའི་ལམ་ཕོ་བའི་ནད་གི་མེའི་སྟོབས་ཆུང་ན་ནི། དཔེར་ན་སྒོ་གཏན་བཅུགས་ན་རྒྱུ་འདྲུལ་བྱར་མེད་བ་དང་འདྲ་བར་རྒྱུ་བ་བཀག་སྟེ་མི་འཇུ་བ་ཡིན་ལ་ཅི་སྟེ་མཁྲིས་པའི་མེའི་སྟོབས་ཆེ་ན་ནི་མ་ཞུ་བའི་ཟས་འདྲེན་ཅིང་སྨིན
་ལ་འཇུ་བར་བྱེད་དོ། །ཡང་ན་ཟས་ཟོས་ན་ཕོ་བའི་གནས་སུ་འགྲོ་སྟེ་དེའི་མེ་དྲོད་ཀྱིས་འཇུ་མ་ནུས་ན་འོག་ཏུ་ཐལ་བྱུང་དུ་མ་ཞུ་བར་འཁྲུ་བ་ཡང་ཡོད་དོ། །མཁྲིས་པ་འཇུ་བྱེད་དང་མཉམ་དུ་གནས་པའི་རླུང་སྟོབས་ཆུང་བ་ལ་ཕོ་བའི་ཉམས་ཆུང་ཞིང་ན་བར་འགྱུར་རོ།།
་དེ་དག་སྟོབས་མཉམ་པ་ནི་ལུས་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལ་གནས་སྐབས་དང་པོ་ཁ་ཟས་ཟོས་པའི་དུས་སུ་སྲོག་ཅེས་བྱ་བའི་རླུང་གི་ནང་དུ་མེད་ཅིང་འོག་ཏུ་འཕུལ་བར་བྱེད་དོ། །དེ་ནས་ཕོ་བའི་ནང་དུ་ཕྱིན་པ་དང། སྒོམ་དང་འདྲེས་པས་རྐྱང
་རྐྱང་པོ་བྱས་ཏེ་འདུག་པ་དང། དེའི་འོག་ཏུ་མཁྲིས་པ་འཇུ་བྱེད་དེ་མེ་དང་མཉམ་དུ་གནས་པའི་རླུང་གིས་སྟོབས་ཅན་དུ་བྱས་ནས་འོག་ཏུ་འདྲེན་ཏེ་འཇུ་ཞིང་ཚོས་པར་བྱ་བ་ནི་ཇི་ལྟར་ཕྱི་རོལ་གྱི་མེས་སྣོད་ལ་འབྲས་འཚོད་བ་བཞིན་ནོ། །གནས་སྐབས་གཉིས
་པ་ལ་རོ་རྣམ་དྲུག་གང་ཟོས་ཀྱང་རུང་ཁོང་པའི་མེས་འཇུ་བར་བྱེད་པ་ནི། རོ་དང་པོ་དབུ་བ་ཅན་བད་ཀན་དུ་འགྱུར་རོ། །དེ་ལྟར་རིམ་གྱིས་འཇུ་བ་ན། སྐྱུར་མོར་འགྱུར་ཏེ་མཁྲིས་པར་འགྱུར་རོ། །དེ་དག་ཀྱང་གང་ནས་འབྱུང་ཞིང་གང་དུ་འཇུ་ཞེ་ན་མ་ཞུ་བའི་གནས
་ནས་བྱུང་ཞིང་ཞུ་བའི་གནས་སུ་ཕྱིན་པ་ན་ཁོང་པའི་མེས་སྨིན་ཅིང་ཚོས་པར་བྱེད་དོ། །འཇུ་བའི་གནས་སྐབས་ན་རླུང་གི་བདག་ཉིད་དུ་ཕྱིན་པ་ན་གོང་བུར་འགྱུར་ཞིང་ངོ་ཚ་བར་འགྱུར་རོ། །དེ་ནས་འབྱུང་བ་ཆེན་པོ་ལྔའི་ཟས་ཀྱི་དངས་མའི་ཡོན་ཏན་སོ་སོ་དང་མཐུན་པས་ནམ
་མཁའ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་ལུས་ལ་ཡོད་པར་རང་རང་གི་ཁམས་སུ་འཇུག་ཅིང་རྒྱས་ལ་འཕེལ་བར་བྱེད་དོ། །དེ་ལྟར་ཁ་ཟས་འཇུ་བའི་འོག་ཏུ། དངས་མ་དང་ཚིགས་མ་གཉིས་སུ་འགྱུར་ཏེ། དེ་ཡང་ཚིགས་མ་ལས་གང་དང་བ་དང་སླ་བ་ནི་གཅིན་དུ
་འགྱུར་ལ། གང་བསྐ་ཞིང་རྩིགས་པ་ལས་ནི་ཕྱིས་ར་འགྱུར་རོ། །དངས་མ་ལས་ནི་རང་གི་མེས་འཇུ་བར་བྱས་ནས་ལུས་ཟུངས་རྣམ་པ་བདུན་དུ་འགྱུར་རོ། །དངས་མ་རང་གི་དྲོད་ཀྱིས་སྨིན་བར་བྱས་པ་ལས་ཁྲག་ཏུ་འགྱུར་བ་ནས་ཤ་དང་ཚིལ་དང་རུས་པ་དང་རྐང་དང། ཁུ་ཚུའི་བར་དུ་རིམ
་གྱིས་འགྱུར་རོ། །དེ་ལ་དངས་མ་ལ་སོགས་པ་ལུས་ཟུངས་བདུན་པོ་རེ་རེ་ལ་ཡང་དངས་མ་དང་སྙིགས་མ་གཉིས་སུ་དབྱེ་སྟེ། དངས་མའི་དངས་མ་ལས་ནི་ཁྲག་ཏུ་འགྱུར་རོ། །དངས་མའི་སྙིགས་མ་ལས་ནི་བད་ཀན་དུ་འགྱུར་རོ། །ཁྲག་གི་དངས་མ་ལས་ནི་ཤར་འགྱུར་རོ། །སྙིགས་མ་ལས་ནི་མཁྲིས་པར
་འགྱུར་རོ། །ཤའི་དངས་མ་ལས་ནི་ཚིལ་དུ་འགྱུར་རོ། །སྙིགས་མ་ལས་ནི་རྡུ་མ་དང། རྣ་སྤབས་དང། བ་སྤུའི་དྲི་མ་རྣམས་སུ་འགྱུར་རོ། །ཚིལ་གྱི་དངས་མ་ལས་ནི་རུས་པར་འགྱུར་རོ། །སྙིགས་མ་ལས་ནི་དབུ་བར་འགྱུར་རོ། །རུས་པའི་དངས་མ་ལས་ནི་རྐང་དུ་འགྱུར་རོ། །སྙིགས་མ་ལས་ནི་སྐྲ་དང་སེན་པོར
་འགྱུར་རོ། །རྐང་གི་དངས་མ་ལས་ནི་ཁུ་ཆུར་འགྱུར་རོ། །སྙིགས་མ་ལས་ནི་པགས་པ་སྣུམ་པར་འདུག་པ་ཡིན་ནོ། །ཁུ་ཆུའི་དངས་མ་ལས་ནི་བུར་འགྱུར་རོ། །སྙིགས་མ་ལས་ནི་ལུས་ཀྱི་གཟི་དངས་སུ་འགྱུར་རོ། །དེ་ལྟར་ལུས་ཟུངས་བདུན་ཡང་དངས་མ་དང་སྙིགས་མ་གཉིས་སུ་བལྟ་སྟེ། དེ་ལྟར་གཅིག
་ལ་གཅིག་རྒྱུན་མི་འཆད་པར་བཅུད་ཀྱིས་བསྐྱེད་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཁ་ཅིག་ན་རེ་ཉིན་ཞག་ཅིག་གིས་ཟས་འཇུ་བའི་རིམ་པ་དངས་མ་ནས་ཁུ་ཆུའི་བར་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཉིན་ཞག་དྲུག་གིས་ཁུ་ཆུའི་བར་དུ་འགྱུར་རོ་ཞེས་སྨྲའོ། །ཡང་སྨན་པ
་གཞན་དག་ན་རེ་ཟླ་བ་གཅིག་གིས་ཁུ་ཆུའི་བར་དུ་རིམ་པས་གཟོང་འགྱུར་ཞེས་ཟེར་རོ། །དེ་ཡང་ཟས་ཟོས་པས་དངས་མ་བསྐྱེད་དེ་ཁམས་གོང་མ་ནས་ཟས་ལྟ་བུས་འོག་མ་རིམ་པས་བརྟས་པར་བྱེད་དོ། །འཁོར་ལོ་བཞིན་དུ་རྒྱུན་མི་འཆད་པར་ནས་ཟོས་པའི་རྒྱུས་འབྱུང་བ་ཡིན་ནོ།།
་དེ་ལ་རོ་ཙ་བར་བྱེད་པའི་ཟས་ཞོ་དང་འོ་མ་དང་བཅུད་ལ་སོགས་པས་འཕྲལ་ཁུ་ཆུ་འཕེལ་བར་སྣང་སྟེ། ཇི་ལྟར་དུག་ཟས་པ་ལས་གཉེན་པོའི་སྨན་གྱིས་འཕྲལ་བཟློག་པར་སྣང་བ་ལྟ་བུའོ། །དེ་བས་ན་ཕལ་ཆེར་ནི་རོ་ཙ་བའི་ཁ་ཟས་དང་སྨན་གྱིས་རང་གི་འབྲས་འཕྲལ་སྟོན་པར་མཐོང་ངོ།།
་ཟས་ཀྱི་དངས་མའི་རྒྱུན་ཡིན་པ་དེ་ཁྱབ་བྱེད་ཅེས་བྱ་བའི་རླུང་དེས་ལུས་ཐམས་ཅད་དུ་སྐད་ཅིག་མ་གཅིག་ལ་དུས་གཅིག་ཏུ་ཁྱབ་ཅིང་སོན་པར་བྱེད་པའི་ལས་ཅན་ཡིན་ནོ། །གལ་ཏེ་དངས་མ་ལ་སོགས་པ་འཇུག་པའི་རྒྱུན་མ་རུངས་པར་གྱུར་པ་ལས་བཅུད་དང་དེ་འཕུལ་བར་བྱེད་པའི་རླུང
་དང་བཅས་པའི་ལས་ཡང་གནོད་པར་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་ཆར་པ་བབ་པ་ན་རླུང་གིས་འབབ་ཏུ་མི་སྟེར་བ་དང་འདྲའོ། །དེ་བས་ན་འཇུག་པའི་རྒྱུན་བཅུད་དང་བཅས་པ་འགག་ཅིང་མ་རུངས་པར་གྱུར་པ་ལས་ནད་གཞི་གསུམ་ཡང་འཁྲུགས་ཤིང་མི་བདེ་བསྐྱེད་དོ། །དེ
་ལས་ཁམས་བདུན་གྱི་མེའི་དྲོད་དང། འབྱུང་བ་ལྔའི་མེ་དྲོད་དང། ནང་གྲོལ་གྱི་མེ་དྲོད་གསུམ་ལས་ཁ་ཟས་འཇུ་བར་བྱེད་པ་ནི་ནང་གྲོལ་མེ་དྲོད་མཆོག་ཏུ་བཤད་དེ། དེ་སྟོབས་དང་ལྡན་ན་ནི་འབྱུང་བ་དང་ཁམས་བདུན་གྱི་མེ་དྲོད་སྐྱེད་པ་ཡིན་ལ་དེ་ནང་གྲོལ་གྱི་མེ་དྲོད་དམས་ན་ནི
་འབྱུང་བ་ཆེན་པོ་ལྔ་དང་ཁམས་བདུན་གྱི་མེ་དྲོད་ཀྱང་འབྲི་ཞིང་འཕེལ་བར་མི་ནུས་སོ། །དེ་བས་ན་ནང་གྲོལ་གྱི་དྲོད་ཡོད་ན་ཚེ་དང་སྟོབས་ལ་སོགས་པ་ཡོད་པས་དེའི་ཕྱིར་ལུས་ཀྱི་མེ་དྲོད་སྨིན་པར་བྱེད་པ་གང་ཡིན་པ་དེ་ལ་ལེགས་པར་སྦྱར་བའི་ཁ་ཟས་ཀྱི་བུད
་ཤིང་རབ་ཏུ་ཕན་པས་བསྲུང་ཞིང་བསྐྱང་བ་ལ་འབད་པར་བྱའོ། །དེ་ལ་མེ་དང་མཉམ་པའི་རླུང་དེར་རང་གི་གནས་ན་འདུག་པ་ནི་མེའི་དྲོད་ཀྱང་སྙོམ་པ་ཡིན་ནོ། །གལ་ཏེ་ལམ་གཞན་དུ་སོང་ན་ནི་མེའི་དྲོད་མི་བཟད་པ་ཡིན་ནོ། །མེ་དང་མཉམ་དུ་གནས་པའི་རླུང
་དེས་མཁྲིས་པ་ཆེར་སྤར་ན་ནི་མེའི་དྲོད་རྣོ་ཆེས་པར་འགྱུར་རོ། །རླུང་དེས་བད་ཀན་ལ་ཕོག་ན་ནི་མེའི་དྲོད་ཉམ་ཆུང་བར་འགྱུར་རོ། །དེ་ལྟར་མེའི་དྲོད་མཉམ་པ་དང། མི་བཟད་པ་དང། རྣོ་ཆེས་པ་དང། ཉམས་ཆུང་བ་རྣམ་པ་བཞིར་འགྱུར་ཏེ། དེ་ཡང་ཟན་རན་པ་ཟོས་པ
་ལེགས?་པར་འཇུག་ནི་མེའི་དྲོད་མི་བཟད་པ་ཞེས་བྱ་བ་ནི་མང་དུ་ཟོས་ཀྱང་མྱུར་དུ་འཇུ་བ་དང། ཉུང་ངུ་ཟོས་ཀྱང་ཡུན་རིང་པོ་ནས་གཟོད་འཇུའོ། །ཟས་ལྕི་བ་ལ་སོགས་པ་ཟོས་ཀྱང་མྱུར་དུ་འཇུ་བ་ནི་རྣོ་ཆེས་པ་ཞེས་བྱའོ། །མེའི་དྲོད་ཉམས་ཆུང་བ་ཞེས་བྱ་བ་ནི
་ཟས་ཡང་བ་ཟོས་ན་ཡང་ཡུན་རིང་པོ་ན་འཇུ་ལ་ཁྱད་པར་དུ་ཁ་སྐམ་པ་དང། ནང་དུ་ཀྲུག་ཟེར་བ་དང། རྒྱུ་མ་འཁྲུག་པ་དང། ལྟོ་ལྦོ་བ་དང། ལུས་ལྕི་བའོ། །ལུས་ཀྱི་མེ་དྲོད་ཚབས་ཆེར་ཉམས་ན་ནི་སྨན་དཔྱད་བྱས་ཀྱང་མི་འཚེའོ། །གལ་ཏེ་མེའི་དྲོད་ལ་སྐྱོན་མེད
་ན་ནི་ཡུན་རིང་དུ་འཚོ་བ་ཡིན་ནོ། །ནད་ཀྱི་རྩ་བ་ནི་མེའི་དྲོད་ཉམས་པ་ལས་འབྱུང་སྟེ། མེའི་དྲོད་ཉམས་ན་ལུས་ཀྱི་རྒྱུན་ཐམས་ཅད་འགགས་པར་འགྱུར་རོ། །སྐྱེས་བུའི་ལུས་ཀྱི་སྟོབས་ནི་རྣམ་པ་གསུམ་སྟེ་ལྷན་ཅིག་སྐྱེས་པ་དང། དུས་ཀྱིས་སྐྱེས་པ་དང། སྦྱོར་བ་ལས་བྱུང་བའོ།།
་།།དེ་ལ་སྙིང་སྟོབས་ཀྱི་རང་བཞིན་ལུས་ལས་བྱུང་བ་ནི་ལྷན་ཅིག་སྐྱེས་པའི་སྟོབས་ཞེས་བྱའོ། །མཆོད་ཀྱི་བྱེ་བྲག་བྱིས་པ་དང། ལང་ཚོ་ལ་སོགས་པའི་སྟོབས་དང་དུས་ཀྱི་བྱེ་བྲག་དགུན་ལ་སོགས་པ་ལས་བྱུང་བའི་སྟོབས་གཉིས་ཀ་ལ་དུས་ཀྱིས་སྟོབས་ཞེས་བྱའོ། །སྒོ་གསུམ
་གྱི་སྤྱོད་པ་དང། ཟས་སྣ་ཚོགས་དང་བཅུད་ཀྱིས་ལེན་པ་དང། རོ་ཙ་བའི་ཆོ་ག་བསྟན་པ་ལས་བྱུང་བ་ནི་སྦྱོར་བའི་སྟོབས་ཞེས་བྱའོ། །ཡུལ་གང་དགོན་དུད་ཆུ་ཉུང་ཤིང་ཆུང་བའི་ཡུལ་ནི་ནད་ཉུང་བ་ཡིན་ནོ། །ཡུལ་གང་ཤིང་དང་ཆུ་མང་བའི་གནས་དེ་ནི་ནང་མང་དུ་སྐྱེད་དོ། །དེ་གཉིས་མཉམ
་པ་ནི་རན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་སེམས་ཅན་གྱི་ལུས་ལ་རྐང་སྙིམ་པ་གང་དང་ཚིལ་སྙིམ་པ་དོ་དང། ཞག་སྙིམ་པ་གསུམ་དང། གཅིན་སྟིམ་པ་བཞི་དང། མཁྲིས་པ་སྙིམ་པ་ལྔ་དང། བད་ཀན་སྙིམ་པ་དྲུག་དང། ཕྱི་ས་སྙིམ་པ་བདུན་པ་དང། ཁྲག་སྙིམ་པ
་བརྒྱད་དང། དངས་མ་སྙིམ་པ་དགུ་དང། ཆུ་སེང་སྙིམ་པ་བཅུ་དང། དངས་མ་ཁྱོར་བ་གང་དང། ལྟ་བ་ཁྱོར་བ་གང་དང། ཁུ་ཆུ་ཁྱོར་བ་གང་ཡོད་དོ་ཞེས། སློབ་དཔོན་དག་འཆད་དོ། །བུད་མེད་ལ་ནི་ཁྱད་པར་དུ་འོ་མ་སྨིན་པ་དོ་དང་ཁྲག་སྙིམ་པ་བཞིས་མང
་བ་ཡོད་དོ། །སྙིམ་པའི་ཚད་ནི་སྲང་གཉིས་ལ་ཁྱོར་གང་སྲང་བཞི་ལ་སྙིམ་པ་གང་ངོ། །གོང་དུ་སྨོས་པའི་ཚད་བསྟན་པ་དེ་དག་གི་ནད་མེད་པ་ཐ་མལ་བར་འདུག་པ་ལ་བཤད་ཀྱི་ཁམས་མ་སྙོམས་པ་ལ་ནི་མ་ཡིན་ནོ། །དེ་ལ་ཕ་མ་གཉིས་ཀྱི་ཁུ་བ་དང་བུད་མེད་སྦྲུམ་མའི
་གནས་སྐབས་དང་བཟའ་བ་དང་སྤྱོད་ལམ་དང་ནང་ལ་གྱི་གནས་དེ་དག་སྐྱོན་དང་བཅས་པས་བུའི་ལུས་ལ་ནད་ཀྱི་རང་བཞིན་བདུན་དུ་འགྱུར་ཏེ། རླུང་དང་མཁྲིས་པ་དང་བད་ཀན་དང། རླུང་དང་མཁྲིས་པ་དང་ལྡན་པ་དང། རླུང་དང་བད་ཀན་དང་ལྡན་པ་དང། མཁྲིས་པ
་དང་བད་ཀན་དང་ལྡན་པ་དང། དེ་གསུམ་འདུས་པ་དང་བདུན་ནོ། །གོང་མའི་ཁུ་བ་ལ་སོགས་པའི་གནས་སྐབས་སུ་ཅུང་ཞིག་ཆེ་ཆུང་ངུ་འགྱུར་ཞིང་མི་མཐུན་པ་བསྟེན་པས་རང་བཞིན་བདུན་པོ་དེ་ཡང་ཤས་ཆེ་ཆུང་ངུ་གྱུར་པ་ཡིན་ནོ། །དེ་ལ་ཐོག་མར་རླུང་གི་མཚན་ཉིད
་བསྟན་ཏེ། རླུང་ཞེས་བྱ་བ་འདི་ནི་ནད་ཀྱི་གཞི་ཀུན་གྱི་ནང་ན་མཐུ་ཆེ་བ་ཡིན་ཏེ། ལུས་ཐམས་ཅད་དུ་ཁྱབ་པ་དང། མྱུར་དུ་བྱེད་པ་དང། སྟོབས་ཆེ་བ་དང། ནད་གཞི་གཞན་རྣམས་འཁྲུག་པར་བྱེད་པ་དང། བླ་རྩ་ལ་སོགས་པ་འབྱིན་པར་བྱེད་པ་དང
་རང་དབང་དུ་གྱུར་པ་དང། ནད་མང་པོའི་གཞི་བྱེད་པ་ཡིན་ཏེ། ནད་ཐམས་ཅད་ཀྱི་ནང་ན་རླུང་འདི་སྟོབས་ཆེ་ཞིང་ཁྱད་པར་དུ་གྱུར་པ་ཡིན་ནོ། །དེས་ན་ཕ་མའི་ཁུ་ཁྲག་རླུང་ཤས་ཆེ་བ་ལས་བུ་ཡང་ཇི་སྲིད་འཚོའི་བར་དུ་རླུང་གི་མཚན་ཉིད་དང་ལྡན་པ་ཡིན་ཏེ། དེའི
་ལུས་བརྡུལ་གྱིས་གཡོགས་པ་ལྟར་སྣང་བ་དང། ལུས་སེར་ག་ཆེ་བ་དང། དྲོ་བ་འདོད་ཅིང་གྲང་བ་ལ་ཞེ་སྡང་བ་དང། གཞན་ཡང་མོས་པ་མི་བརྟན་པ་དང། དྲན་པ་མི་བརྟན་པ་དང། བློ་མི་བརྟན་པ་དང། སྤྱོད་པ་མི་བརྟན་པ་དང། མཛའ་བ་མི་བརྟན་པ་དང། ལྟ་བ
་མི་བརྟན་པ་དང། འགྲོ་བ་མི་བརྟན་པ་དང། སྨྲ་བ་མང་བ་དང། བད་ཀན་ཆུང་བ་དང། ནོར་ཉུང་བ་དང། ཚེ་ཐུང་བ་དང། གཉིད་ཆུང་བ་དང། སྨྲ་བའི་དུས་སུ་བརྗེད་ངས་པ་དང། ཚིགས་ལྐུགས་པ་དང། ཆད་པར་ལྟ་བ་འམ། མང་དུ་ཟ་བ་དང། འགྱིང་ཞིང་འགྲོ་བ་དང། གླུ་ལ་དགའ་
་བ་དང། བཞད་གང་ལ་དགའ་བ་དང། རི་དགས་གསོད་པ་ལ་དགའ་བ་དང། འཐབ་མོ་ལ་བུ་དགའ་བ་དང། དེ་བཞིན་དུ་མངར་བ་དང། སྐྱུར་བ་དང། ལན་ཚ་དང། དྲོ་བ་འདོད་པ་དང། ལུས་སྐེམ་ཞིང་རིང་པ་དང། འགྲོ་བའི་ཚེ་ཚིགས་ལས་སྒྲ་འབྱུང་བ་དང། མི་བརྟན་པ་དང།
་དབང་པོ་ཡུལ་ལས་རྒྱལ་མི་ནུས་པ་དང། དམ་པའི་སྤྱོད་པ་དང་མི་ལྡན་པ་དང་བསྐྱེས་བུ་དེ་ལ་བུད་མེད་མི་འཆགས་པ་དང། བུ་མང་པོ་མི་སྐྱེ་བ་དང། རླུང་གི་རང་བཞིན་ཅན་གྱི་མིའི་མིག་རྩུབ་པ་དང། རྡུལ་གྱིས་གང་བ་ལྟར་སྣང་བ་དང། ཟུམ་པ་དང། མི་མཛེས་པ་དང། མི་ཤི་བའི
་མིག་ལྟ་བུ་དང། མིག་བྱེ་བཞིན་དུ་གཉིད་ལོག་པ་དང། ཤིང་གི་སྟེང་དང། རིའི་རྩེ་མོ་ལ་འཛེག་པ་དང། ནམ་མཁའ་ལ་འཕུར་བ་རྨི་བ་དང། ལོངས་སྤྱོད་ཆུང་བ་དང། སེར་སྣ་ཆེ་བ་དང། ཁེངས་པ་དང། བརྐུ་བ་དང། བྱིན་སྙིང་ཟླུམ་པ་དང། གཞན་ཡང་འདི་དག་གི་སྤྱོད་པ
་གཟུགས་དང། སྒྲའི་རང་བཞིན་མཐུན་ན་ཡང། རླུང་གི་བདག་ཉིད་ཅན་གྱི་མི་ཡིན་ཏེ། གང་ཞེ་ན་ཁྱི་དང། ཝ་དང། རྔ་མོ་དང། བྱ་རྒོད་དང། བྱི་བ་དང། ཁྭ་དང། དེ་རྣམས་དང་ལྡན་པའི་མི་ནི་རླུང་གི་རྟགས་སུ་ཤེས་པར་བྱའོ། །དེ་ལ་མཁྲིས་པའི་རང་བཞིན་ཅན་གྱི
་མིའི་མཚན་ཉིད་དྲང་སྲོང་ཐང་ལ་འབར་གྱིས་བཤད་པ་མཁྲིས་པ་ཉིད་མེ་ཡིན་པ་འམ། ཡང་ན་མེ་ལས་མཁྲིས་པ་འབྱུང་བ་འམ། ཡང་ན་ཁྲག་གི་སྙིགས་མ་དག་ཡིན་པས་ན་མཁྲིས་པའོ། །དེ་ལ་མཁྲིས་པའི་རང་བཞིན་ནི་ཤིན་ཏུ་བཀྲེས་པ་དང། སྐོམ་པ་དང།
་མདོག་སེར་སྐྱར་འདུག་པ་དང། དྲོད་ཆེ་བ་དང། ལག་པ་དང། རྐང་པ་དང། གདོང་དམར་བ་དང། དཔའ་?་བ་དང། ང་རྒྱལ་ཆེ་བ་དང། མིག་སེར་བ་དང། སྐྲ་དང་པ་སྤུ་ཉུང་བ་དང། སྐྲ་སེར་སྐྱར་འདུག་པ་དང། ཕྲེང་བ་ལ་དགའ་བ་དང། བྱུག་པ་ལ་དགའ་བ་དང། རྒྱན་ལ་དགའ་བ་དང།
་སྤྱོད་ལམ་བཟང་བ་དང། གཙང་སྦྲ་ཆེ་བ་དང། གཡོག་འཁོར་ལ་སྙིང་བརྩེ་བ་དང། ཕྱུག་པ་དང། བབ་ཆོལ་ཕྱེད་པ་དང། བློ་སྟོབས་དང་ལྡན་པ་དང། སྐྱབས་སུ་འོངས་ན་དགྲ་ཡང་སྐྱོབ་པ་དང། ཡིད་གཞུངས་པ་དང། ཚིགས་མཚམས་ཀྱི་ཤ་འཇམ
་པ་དང། བུད་མེད་ལ་མངོན་པར་དགའ་བ་དང། བུ་ཆུ་ཉུང་ཞིང་འདོད་པ་ཆུང་བ་དང། གཉེར་མ་མྱུར་དུ་སྐྱེ་བ་དང། སྐྲ་དཀར་མྱུར་དུ་སྐྱེ་བ་དང། མཐོང་བ་ཉམས་མི་གསལ་བ་དག་མངར་བ་དང། བསྐ་པ་དང། ཁ་བ་དང། གྲང་བའི་ཟས་ལ་དགའ་བ་དང། ཚད་པ་ལ་ཞི་སྡང
་པ་དང། རྡུལ་ཆེ་བ་དང། དྲི་མ་ནམ་པ་དང། བཤང་གཅི་མང་བ་དང། ཁྲོ་བ་དང། བཟའ་བ་དང། བཏུང་བ་ལ་ཕྲག་དོག་པ་དང། གཞན་ཡང་རྨི་ལམ་གྱི་ནང་དུ་དོད?་ཀེའི་མེ་ཏོག་དང། ཤིང་པལཀཤའི་མེ་ཏོག་དང། ཕྱོགས་མེས་ཚིག་པ་མཐོང་བ་དང། སྐར
་མདའ་ལྟུང་བ་དང། གློག་འགྱུ་བ་དང། ཉི་མ་མཐོང་པ་རྨི་བ་དང། མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་ཚིག་ཕྲ་བ་དང། སེར་བ་དང། གཡོ་ཞིང་འགུལ་བ་དང། རྫི་མ་སྲབ་ཅིང་ཉུང་བ་དང། གྲང་བ་ལ་དགའ་བ་དང། ཆང་འཐུང་བ་དང། ཁྲོས་པའི
་དུས་སུ་མིག་དམར་པོར་གྱུར་པ་དང། ཉི་མའི་དཀྱིལ་འཁོར་སྔོ་བ་དང། དམར་པར་མཐོང་བ་ཡིན་ནོ། །ཚེ་ནི་རན་པར་འཚོ་བ་ཡིན་ལ། སྟོབས་ཀྱང་རན་པར་ཡོད་དེ། ཤིན་ཏུ་མཁས་པ་དང། སྡུག་བསྔལ་གྱིས་འཇིགས་པ་ཡིན་ནོ། །གཞན་ཡང་སྟག
་དང། བྲེད་དང། སྤྲེའུ་དང། བྱི་ལ་དང། གནོང་སྦྱིན་དང། འདི་རྣམས་ཀྱི་གཟུགས་དང། སྐད་དང་སྤྱོད་པའི་མཚན་མ་དང་ལྡན་ན་མཁྲིས་པ་ཅན་གྱི་རྟགས་ཡིན་ནོ། །དེ་ལ་བད་ཀན་ནི་ཆུའི་རང་བཞིན་ཅན་གྱི་རྟགས་ཡིན་ཏེ། རུས་པའི་ཚིགས་མི་མངོན
་པ་དང། སྣུམ་པ་དང། ཚིགས་འབྲེལ་བ་དང། བཀྲེས་པ་དང། སྐོམ་པ་དང། ཉོན་མོངས་པ་དང། སྡུག་བསྔལ་བ་དང། ཚད་པ་དང། འདི་རྣམས་བཟོད་པ་དང། གཞན་ཡང་བློ་དང་ལྡན་པ་དང། སྙིང་སྟོབས་ཆེ་བ་དང། དམ་བཅས་པ་བརྟན་པ་དང། གཞན
་དུ་ཁྲེ་དང། དུར་བ་དང། འདམ་བུའི་མྱུ་གུ་དང་མཚོན་དང། གི་ཝང་དང། པདྨ་དང། གསེར་དང། དེ་དག་གི་མདོག་གང་ཡང་རུང་བ་སྣང་བ་ནི་བད་ཀན་གྱི་རང་བཞིན་ནོ། །ལག་དར་གཉིས་ལ་འཕྱང་བ་དང། བྲང་རྒྱས་ཤིང་ཡངས་པ་དང། དཔྲལ་བའི་དབྱེས་ཆེ་བ་དང་ར
་སྐྲ་མཐུག་ཅིང་མདོག་སྔོ་བ་དང། ལུས་རྩུབ་པ་དང། ལུས་ཤ་སྙོམས་པ་དང། ཡན་ལག་ཐམས་ཅད་ལེགས་པར་དབྱེ་བ་དང། ལུས་མཛེས་པ་དང་མདངས་དང་ལྡན་པ་དང། འདོད་ཆགས་སྤྱོད་པའི་ནུས་པ་དང་ལྡན་པ་དང། དེ་བཞིན་དུ་བཅུད་དང་ཁུ་བ་དང་བུ་ཚ་མང
་བ་དང། གཡོག་འཁོར་མང་བ་དང། ཆོས་ལ་དགའ་བ་དང། ཚིག་འཇམ་པོར་སྨྲ་བ་དང། དགྲ་ལྟ་བུ་གནོད་པ་བྱེད་པ་ལ་སེམས་ལ་དམ་དུ་འཛིན་ཅིང་འཕྲལ་མི་སྨྲ་བ་དང། གླང་པོ་ཆེའི་མཆོག་ར་རོ་བ་ལྟ་བུའི་འགྲོས་སུ་འགྲོ་བ་དང། འབྲུག་གི་སྒྲ་དང། རྒྱ་མཚོ
་ཆེན་པོ་དང། རྫ་རྔ་དང། སེངྒེའི་སྐང་ལྟ་བུ་ཡོད་པ་དང། དྲན་པ་དང་བྱ་བ་ལ་མངོན་པར་བརྩོན་པ་དང། དུལ་བ་དང། བྱིས་པའི་གནས་སུ་ཡང་ཤས་ཆུང་དུ་དུ་བ་དང། ལྟོ་འདུན་ཆུང་བ་དང། ཟས་ཁ་བ་དང། བསྐ་པ་དང། ཚ་བ་དང་དྲོ་བ་དང་རྩུབ་པ་དང། ཉུང་ངུ
་ཟོས་ཀྱང་སྟོབས་དང་ལྡན་པ་དང། གཞན་ཡང་མིག་ཡངས་ཤིང་སྣུམ་ལ་དཀྱུས་རིང་བ་དང། གསལ་བ་དང། ཤིན་ཏུ་དཀར་བ་དང། རྫི་མ་གནག་ཅིང་མཐུག་པ་དང། སྐད་གསང་ཆུང་བ་དང། སྤྲོ་རིང་བ་དང། བཟའ་བཏུང་ཉུང་ངུ་ཟ་ཞིང་འཐུང་བ་དང། འདོད་པ
་ཆུང་བ་དང། ཚེ་རིང་པ་དང། ནོར་མང་པ་དང། ཐག་རིང་པོ་ལ་བློ་འཇུག་པ་དང། སྦྱིན་གཏོང་ཆེ་བ་དང། དད་པ་ཆེ་བ་དང། བློ་ཟབ་པ་དང། མཐོང་བ་ཆེ་བ་དང། བཟོད་པ་དང་ལྡན་པ་དང། དང་ཚུལ་བཟང་བ་དང། གཉིད་ཆེ་བ་དང། ལས་ཀྱི་མཛའ་རིང་བ་དང།
་བྱས་པ་གཟོ་བ་དང། བསམ་པ་དྲང་བ་དང། མཁས་པ་དང། གཟུགས་བཟང་བ་དང། ངོ་ཚ་ཤེས་པ་དང། བླ་མ་ལ་གུས་པ་དང། སྙིང་ཉེ་བ་དང། མཛའ་བ་བརྟན་པ་དང། རྟག་ཏུ་གློ་བ་དང། རྨི་ལམ་གྱི་ནང་ན་མེ་ཏོག་པདྨ་དང། ནམ་མཁའ་ལ་བྱ་མང་པོ་ཕྲེང་བ།
་ལྟར་བརྒྱུས་པ་འཕུར་བ་དང། མཚོ་དང་སྤྲིན་མཐོང་བ་དང། ཚངས་པ་དང། དྲག་པོ་དང། དབང་པོ་དང། ཆུ་ལྟ་དང། ནམ་མཁའ་ལྡིང་དང། དང་བ་དང། གླང་པོ་ཆེའི་མཆོག་དང། སེང་གེ་དང། རྟ་དང། ཁྱུ་མཆོག་དང། དེ་རྣམས་དང
་འདྲ་བར་མཐོང་ན་བད་ཀན་གྱི་རང་བཞིན་ཅན་དུ་ཤེས་པར་བྱའོ། །རླུང་དང་མཁྲིས་པར་ལྡན་པ་དང། རླུང་དང་བད་ཀན་དུ་ལྡན་པ་དང། མཁྲིས་པ་དང་བད་ཀན་དུ་ལྡན་པ་དང། འདུས་པ་དང་བཞི་པོ་དེ་དག་གི་རང་བཞིན་ཡང་གོང་མ་སོ་སོའི་རྟགས
་བསྟན་པ་ལས་འདིར་ཡང་རྗེས་སུ་དཔགས་ཏེ་ཤེས་པར་བྱའོ། །དེ་ལ་སྙིང་སྟོབས་ཀྱི་རང་བཞིན་ནི་བད་ཀན་གྱི་ཡོན་ཏན་དང་འདྲ་སྟེ། གཙང་སྦྲ་ཆེ་བ་དང། ཡོད་པར་ལྟ་བ་ལ་སོགས་པའོ། །རྡུལ་གྱི་རང་བཞིན་ནི་མཁྲིས་པའི་རང་བཞིན་དང་འདྲ་སྟེ་མང་དུ་སྨྲ་བ
་ལ་སོགས་པའོ། །མུན་པའི་རང་བཞིན་ནི་རླུང་གི་ཡོན་ཏན་དང་འདྲ་སྟེ་འཇིགས་པ་ལ་སོགས་པའོ། །ལྡན་པ་དང་འདུས་པའི་རང་བཞིན་གྱི་ཡོན་ཏན་ཡང་གོ་རིམ་བཞིན་དུ་སྦྱར་རོ། །དེ་ལན་ཚོང་ཀྱི་བྱེ་བྲག་གསུམ་དུ་བལྟ་སྟེ། བྱིས་པ་དང་བར་མ་དང
་རྒན་བའོ། །དེ་ལ་ལོ་བཅུ་དྲུག་གི་བར་དུ་ནི་བྱས་པ་ཞེས་བྱའོ། །དེ་ལས་ལོ་བདུན་ཅུའི་བར་དུ་ནི་བར་མ་ཞེས་བྱ་སྟེ་ལུས་དང་དབང་པོ་གཟི་བརྗིད་ལ་སོགས་པ་འཕེལ་ཞིང་རྒྱས་བའི་གོང་མ་དང་དུས་སོ། །དེ་ཕན་ཆད་ནི་རྒན་བོ་ཞེས་བྱ་སྟེ། ལུས་ཟུངས་ལ་སོགས་པ
་ཟད་པའི་དུས་སོ་།སྐྱེས་པ་གང་གི་ལུས་ཁྲུ་ཕྱེད་དང་བཞི་པའི་ཚད་དུ་ཡོད་པ་ནི་ཆ་དང་བ་ལ་སོགས་པའི་གཞི་ཡིན་ནོ། །གཞན་ཡང་ལུས་ལ་སྤང་བར་བྱ་བའི་དངོས་པོ་བརྒྱད་ཡོད་དེ། གང་ཞེ་ན་ལུས་ལ་བ་སྤུ་མང་བ་དང། ཡང་ན་མེད་པ་དང་བ་སྤུ་དཀར?་པ
་དང། ཡང་ན་གནག་པ་དང། སྤོམ་པ་དང། རིང་ཆོས་པ་དང། གནས་མ་ཡིན་པར་སྤུ་སྐྱེས་པ་དང། རྩ་བ་བ་དང་དེ་རྣམས་དང་ལྡན་ན་ཚེ་ཐུང་བ་དང་མི་བདེ་བ་སྐྱེད་དེ། སྐྱེས་བུ་གང་གི་སྐྲ་སྣུམ་པ་དང། འཇམ་པ་དང། ཕྲ་ཞིང་བར་ནས་སྐྱེས་པ་དང།
་བརྟན་བ་དང། དེ་དག་ནི་སྐྲའི་ཡོན་ཏན་དམ་པ་ཡིན་ནོ། །དཔྲལ་བའི་ཡོན་ཏན་ནི་སྐྲ་མཚམས་ཀྱི་ཕྱོགས་མཐོ་ཞིང་མུར་འགྲམ་གཉིས་དམའ་བ་དང་པདྨ་བ་ཕྱེད་པ་ལྟ་བུ་ནི་རབ་ཏུ་བཟང་ངོ། །སྐྱེས་བུའི་རྣ་བའི་ཡོན་ཏན་ནི། ཞེང་ཆུང་ལ་དཀྱུས་རིང་བ་དང། མཐོ་དམའ
་ལེགས་པར་འབྱེས་ཤིང་ཤས་རྒྱས་པ་དང། རྣ་བའི་རྒྱབ་ཕྱོགས་མཐོ་བའོ། །མིག་གི་ཡོན་ཏན་ནི་དཀར་ནག་འབྱེས་ཤིང་གསལ་བ་དང། ཛི་མ་བར་མཆད་ཅིང་སྟུག་པའོ། །སྣའི་ཡོན་ཏན་ནི་སྣ་གཟེངས་མཐོ་བ་དང་དབུགས་ཆེར་འབྱུང་བ་དང། མཐོན
་མན་མེད་ཅིང་རྒྱས་པ་དང་དྲང་བའོ། །མཆུའི་ཡོན་ཏན་ནི་མེ་འཕྱང་བ་དང་དམར་བའོ། །འགྲམ་པའི་ཡོན་ཏན་ནི་འགྲམ་པ་ཡངས་ཤིང་མཛེས་པ་དང། །བ་ཡངས་པ་དང། སོ་ཐགས་བཟང་བ་དང། 7མདོག་སྣུམ་ལ་འཚེར་བ་དང། འཇམ་པ་དང། དཀར་བ་དང
་མཉམ་པའོ། །ལྕེའི་ཡོན་ཏན་ནི། ལྕེ་དམར་བ་དང། སྲབ་པ་དང་རིང་པའོ། །ཀོ་སྐོའོ་ཡོན་ཏན་ནི་ཤ་ཆེ་ཞིང་རྒྱས་པའོ། །མགྲིན་པའི་ཡོན་ཏན་ནི་རིང་ཞིང་ཟླུམ་ལ་དུང་ལྟ་བུའོ། །དཔུང་མགོ་ཟླུམ་ལ་མཐོ་ཞིང་རྒྱས་པའོ། །ལྟེ་བ་གཡས་སུ་འཁྱིལ་བ་དང།
་ལྟེ་བ་དཔུས་ཟབ་ཅིང་མཛའ་མཐོ་བ་དང། རྐང་བ་དང་ལག་པའི་སེན་མོའི་ཡོན་ཏན་ནི་སྲབ་པ་དང། དམར་བ་དང། མཐོ་བ་དང། སྣུམ་པ་དང། ཟངས་མདོག་འདྲ་བ་དང། ཤ་དང་འབྱར་པ་དང། སོར་མོ་རིང་ལ་མཚམས་འབྱར་ཞིང་ཕུག་པ་མི་མངོན་པ་དང
་རྒྱབ་ཀྱི་སྒལ་ཚིགས་རྒྱ་ཆེ་ཞིང་མི་མངོན་པ་དང། རྒྱུས་པ་དང་ཚིགས་ཀྱང་མི་སྣང་ངོ། །སྐད་ཀྱི་ཡོན་ཏན་ནི་བརྟན་པ་དང་རིང་པའོ། །ལུས་ཀྱི་མདོག་སྣུམ་པ་དང། གཟི་མདངས་དང་ལྡན་པ་དང། རང་བཞིན་གྱིས་སྙིང་སྟོབས་ཆེ་བ་དང། ཕོངས་པར་གྱུར་ཀྱང་བློ་མི་འགྱུར
་བའོ། དེ་ལ་བཅོས་མ་ཐག་པ་ནས་ནད་མེད་ཅིང་རིམ་གྱིས་ལུས་བོང་ལ་སོགས་པ་དང། འཇིག་རྟེན་གྱི་ཐ་སྙད་དང་བསྟན་བཅོས་ལ་མཁས་ཤིང་དགེ་མཚན་འཕེལ་བ་ལྟ་ན་ནི་ཇི་ལྟར་ཞིང་གཤིན་པའི་ལོ་ཏོག་ལྟ་བུར་འཕེལ་ཞིང་རྒྱས་པར་འགྱུར་ཏེ། གོང་དུ་སྨོས་པའི
་ལུས་ཀྱི་ཡོན་ཏན་དེ་དག་ཐམས་ཅད་དང་ལྡན་པའི་སྐྱེས་བུ་ནི་ལོ་བརྒྱར་འཚོ་ཞིང་ཚེ་རིང་བ་དང། དབང་ཕྱུག་ལ་སོགས་པ་དང་ཡུན་རིང་དུ་ལྡན་པར་འགྱུར་རོ། །དེ་ལས་ལུས་ཟུངས་བདུན་དང་སྙིང་སྟོབས་དང་བརྒྱད་ནི་ལུས་ཀྱི་སྙིང་པོ་ཞེས
་བྱ་སྟེ། དེ་དག་གི་སྟོབས་ཆེ་ཆུང་བསྟན་པ་ནི་ལུས་ཟུངས་དངས་མ་དང་སྙིང་སྟོབས་ཀྱི་བར་དུ་རིམ་པ་བཞིན་དུ་འོག་མ་འོག་མ་སྟོབས་ཆེ་བ་ཡིན་པར་ཤེས་པར་བྱའོ། །ལུས་ཀྱི་སྙིང་པོ་བརྒྱད་དུ་བསྟན་པ་ཐམས་ཅད་དང་ལྡན་པའི་སྐྱེས་བུ་ནི་ཀུན་གྱི་བླ་མ་ལྟར
་བཀུར་བར་བྱ་བ་དང། ཡིད་བརྟན་པའི་གནས་དང། ཐམས་ཅད་ཀྱིས་དྲི་བའི་འོས་སུ་གྱུར་པ་དང། ལུས་དང་སེམས་ཀྱི་སྡུག་བསྔལ་བཟོད་པ་དང། བློ་དང་ལྡན་པ་དང། བྱ་བ་ལ་བརྟན་པར་གྱུར་པ་ཡིན་ནོ། །དེ་ལ་སྙིང་སྟོབས་ཀྱི་ཤས་ཆེ་བ་ནི་རྟག་ཏུ་བདེ
་བ་དང་ལྡན་པ་ཡིན་ན་རྡུལ་དང་མུན་པ་གཉིས་ཀྱི་ཤས་ཆེ་བའི་མི་ནི་བདེ་སྡུག་འདྲེས་མ་དང་ལྡན་པ་གཞན་ཡང་སྐྱེས་བུ་གང་ལ་ལ་ཞིག་སྦྱིན་པ་དང། ཚུལ་ཁྲིམས་དང། བདེན་པ་དང། ཚངས་པར་སྤྱོད་པ་དང། བྱས་པ་གཟོ་བ་དང། བྱམས་པ་དང
་སྙིང་རྗེ་ཆེ་བ་དང། བཅུད་ཀྱིས་ལེན་པ་ལ་སོགས་དེ་དག་བརྟེན་པར་བྱེད་པའི་སྐྱེས་བུ་ནི་བསོད་ནམས་དང་ཚེ་འཕེལ་བར་བྱེད་པ་ཡིན་ནོ། །ལུས་ཀྱི་གནས་ལས་ལེའུ་གསུམ་པ་རྫོགས་སོ།། །།ལུས་ཀྱི་གནས་ལས་གནད་ཀྱི་བྱེ་བྲག་བསྟན་པའི་ལེའུ
་བཤད་པར་བྱའོ། །མིའི་ལུས་ལ་གནད་བརྒྱ་རྩ་བདུན་ཡོད་དེ། བརླ?་གཉིས་དང། ལག་དར་གཉིས་ཏེ་བཞི་པོ་དེ་དག་ལས་གནད་བཅུ་གཅིག་བཅུ་གཅིག་དང། ལྟོ་བ་ལ་གནད་གསུམ་དང། བྲང་ལ་གནད་དགུ་དང། རྒྱབ་ལ་གནད་བཅུར་ཞི་དང།
་ནད་ཚོམས་ཡན་ཆད་ལ་གནད་སུམ་ཅུ་རྩ་བདུན་ནོ། །དེ་ལ་སྔོན་གྱི་སྨན་པ་དག་འདི་སྐད་འཆད་དེ། རྐང་བའི་མཐིལ་གུང་མོའི་དྲང་ཐད་ཀྱི་དབུས་ན་མཐེལ་འཕྲོག་པ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་ལ་སོགས་པ་ཕོག་མངོན་སྡུག་བསྔལ་དང་བཅས་ཤིང
་འབྱུང་བ་ལྔ་ཐ་དད་པར་འགྱུར་རོ། །རྐང་པའི་མཐེ་བོང་དང། མཛུབ་མོ་གཉིས་ཀྱི་བར་ན་མྱུར་བ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཨ་ཤྐེ?་པ་ཞེས་བྱ་བའི་རླུང་ནད་ཀྱིས་འཆི་བ་སྟོན་ཏོ། །གོང་མའི་གནད་ལས་ཡར་སོར་གཉིས་བཅལ་བར་པིར་ལྟ་བུ
་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལུས་འདར་ཞིང་འཁོར་བར་བྱེད་དོ། །ལོང་མོའི་ཚིགས་ཀྱི་འོག་ན་པིར་གྱི་མགོ་ལྟ་བུ་ཞེས་བྱ་བའི་གནད་ཡོད་དེ་དེར་མཚོན་གྱིས་ཕོག་ན་སྒྲང་ཞིང་ནད་སྐྱེ་བར་འགྱུར་རོ། །རྐང་པ་དང་བྱིན་པའི་ཚིགས་པར་ན་ལོང་མོ་ཞེས
་བྱ་བའི་གནད་ཡོད་དེ། དེར་མཚོན་ལ་སོགས་པ་ཕོག་ན་དྲན་པ་ཉམས་པ་དང། བརླ་རེངས་པ་དང། ནད་སྐྱེད་པར་བྱེད་དེ། བྱིན་པའི་དབུ་རྟིང་པ་ནས་སོར་བཅུ་གཉིས་བཅལ་བར་དབང་པོའི་ཆུ་སོ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟད་ནས་འཆི
་བར་བྱེད་དོ། །བྱིན་པ་དང་བརླ་གཉིས་ཀྱི་བར་ན་པུས་མོ་ཞེས་བྱ་བའི་གནས་ཡོད་དེ། །དེར་མཚོན་གྱིས་ཕོག་ན་གལ་ཏེ་འཚོ་བར་འགྱུར་ན་ཡང་ལུས་ཞ་བར་འགྱུར་རོ། །པུས་མོའི་ལོང་བ་ནས་ཡང་བརླ་ཕྲག་མར་སོར་གསུམ་བཅལ་བར་མ་ནི་ཞེས་བྱ་བའི་གནད་ཡོད་དེ
་མཚོན་གྱིས་ཕོག་ན་བརླ་རངས་བ་དང་སྐྲངས་པར་བྱེད་དོ། །བརླའི་དབུས་ན་ཨུ་རུ་བ་ཤིང་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟང་ནས་བརླ་སྐམས་པར་བྱེད་དོ། །བརླའི་གོང་བརླ་དཔྲག་གི་འོག་ཚིགས་མཆིམས་ན་མིག་དམར་པོ་ཞེས་བྱ་བའི་གནད
་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟད་ནས་ཟླ་བ་ཕྱེད་ཀྱིས་འཆི་བར་སྟོན་ཏེ། །བརླ་དཔྲག་དང་རླིག་པའི་བར་ན་བི་ཊ་པཾ་མ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་ལ་སོགས་པ་ཕོག་ན་བུད་མེད་ལ་འཇུག་པའི་ནུས་པ་མེད་པར་འགྱུར་རོ། །རྐང་ཟུག་ཅིག་ཤོས
་ལ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་དབུག་ཟུག་གཉིས་ལ་ཡང་དེ་དང་འདྲ་བར་གནད་དུ་བལྟ་སྟ། ལོང་མོ་དང་འཁྲིག་མར་མཐུན་པ་དང། གྲུ་མོ་དང་པུས་མོར་མཐུན་པ་དང། བྱིན་པའི་དབུས་དང་ལག་དར་གྱི་དབུས་སུ་མཐུན་པ་དང། གཞན་ཡང་བི་ཊ
་བི་ཞེས་བྱ་བ་དང། མིག་དམར་པོ་ཞེས་བྱ་བའི་གནད་ལ་མཚོན་གྱིས་ཕོག་ན་ཞ་བར་འགྱུར་བ་དང་འདྲ་བར་མཆན་ཁུང་གི་ནང་མཚམས་ན་ཡང་མཆན་ཁུང་འཛིན་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཡང་དཔུད་པ་ཞེ
་བར་འགྱུར་ཏེ། དེ་ལ་སོགས་པ་གོང་དུ་བཤད་པའི་གོ་རིམ་བཞིན་དུ་གནད་ཡོད་པའི་ས་དང་སྐྱོན་འདྲ་བར་ཡོད་པས་ཅི་རིགས་པར་ཤེས་པར་བྱའོ། །ལྟོ་བའི་གནད་གསུམ་ལ་རྒྱུ་མ་སྤོམ་པོ་གཞང་ཞེས་བྱ་བའི་གནད་ཡོད་དེ། དེ་ལ་མཚོན་གྱིས་ཕོག་སྟེ་བུ
་གནས་ཕྱིར་ཕྱི་ས་དང་རླུང་འགྱུར་ན་དེ་མ་ཐག་འཆིའོ། །ལྒང?་པ་གཞུ་ལྟར་ཡོ་བ་ཤ་ཆུང་ཞིང་ཁྲག་ཉུང་བ་ཐུར་དུ་བལྟས་བའི་སྒོ་གཅིག་ཡོད་པ་ནི་ཆུ་སོའི་གནད་ཡིན་ཏེ། དེ་ཡང་རྐེད་པའི་དབུས་ན་ཡོད་བས་དེ་ལ་མཚོན་གྱིས་ཕོག་ནད་མ་ཐག་སྲོག་འདར་བར
་འགྱུར་རོ། །ཇི་སྟེ་རྡེའུ་འཕྱིན་པའི་ཕྱིར་ཆུས་སོར་མཚོན་གྱིས་ལས་བྱ་དགོས་ན་ཡང་ཆུ་སོའི་གཡས་གཡོན་དུ་ནི་ཁྱད་པར་བསྲུང་བར་བྱ་བ་ཡིན་ལ་གལ་ཏེ་དེར་མཚོན་གྱིས་ཕོག་ན་ནི་འཕྲལ་འཆིའོ། །ཇི་རྡེའུ་འབྱིན་པའི་ཚད་བསྟན་པའི་སར་ཕུག་ན་ཡང
་ཤིན་ཏུ་འཚོ་དཀའ་སྟེ། ཆུ་སོ་ནས་གཅིན་རྟག་ཏུ་འཛག་པར་བཤད་ཏོ། །ལུས་ཀྱི་ཞུ་བ་དང་མ་ཞུ་བའི་དབུས་ན་རྩ་ཐམས་ཅད་བརྟེན་པའི་གནས་ལྟེ་བ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་འཕྲལ་འཆི་བར་བྱེད་དོ། །ཕོ་བའི་??
་དང་མུན་པ་དང་སྙིང་སྟོབས་བསྟེན་པའི་གནས་སྙིང་ཞེས་བྱ་བ་ཅིག་ཡོད་དེ། དེ་ཡང་བྲང་ག་འོག། ལྟོ་བའི་གོང་ནུ་མ་གཉིས་ཀྱི་དབུས་ན་གནས་སོ། །ནུ་སོར་ལས་གོང་འོག་ཏུ་སོར་གཉིས་བཅལ་བ་ན་ནུ་མའི་རྩ་རོ་ཧི་ཏ་ཞེས་བྱ་བའི་གནད་ཡོད་དོ། །དེ
་དག་གང་ཡང་རུང་བར་མཚོན་གྱིས་ཕོག་ན། །ཟག་དང་བད་ཀན་ལྟོ་བའི་ནང་དུ་ཞུགས་ནས་འཆི་བར་བྱེད་དོ། །བྲང་གི་ངོས་གཉིས་ན་ཨ་པ་སྟ་པ་ཞེས་བྱ་བ་རླུང་རྒྱ་བའི་གནད་གཉིས་ཡོད་དོ། །དེར་མཚོན་གྱིས་ཕོག་ན་ལྟོ་བ་ཁྲག་གིས་གང་ཞེང་ལུད?་པ
་དང། དཔུགས་མི་བདེ་བས་འཆི་བར་བྱེད་དོ། །བྲང་གཡས་གཡོན་གྱི་གནད་གཉིས་བྲང་ཐང་རྒྱབ་ཀྱི་སྒལ་ཚིགས་ཀྱི་ནང་གི་ངོས་གཉིས་ན་ཁ་ཐུར་དུ་བལྟས་པ། པ་ལ་བ་ཁྱ་ཞེས་བྱ་བའི་གནད་གཉིས་གཉིས་ཡོད་དེ་དེར་མཚོན་གྱིས་ཕོག་ན་ལྟོ་བའི་ནང་དུ་ཁྲག་གིས་གང
་ཞིང་དེ་ཉིད་རྣག་ཏུ་གྱུར་ཏེ། འཆི་བར་བྱེད་དོ། །སྒལ་ཚིགས་ཀྱི་ངོས་གཉིས་ཀྱི་སྟ་ཟུར་གྱི་རྣ་བ། རྐུབ་ཚོས་གཉིས་ཀྱི་གོང་ན་ཀ་ཏི་ཀ་ཏ་རུ་ཞེས་བྱ་བའི་གནད་གཉིས་ཡོད་དེ་གཉིས་སུ་མཚོན་ཕོག་ན་སྐྱེས་བུ་དེ་ཁྲག་ཟད་ཅིང་སྐྱ་བོར་འགྱུར་ལ་མདོག་མདངས་ཉམས་ཤིང་འཆི་བར
་འགྱུར་རོ། །སྒལ་ཚིགས་ཀྱི་ངོས་གཉིས་རྐང་བའི་རྒྱབ་ཕྱོགས་ཀྱི་མཚམས་ན་ཀུ་ཀུནད་ར་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལུས་ཀྱི་སྤྱོད་པ་ཉམས་ཤིང་རོ་སྨད་འཆལ་བ་དང། ཚོར་བ་མེད་པར་འགྱུར་རོ། །སྟ་ཟུར་གཉིས་ཀྱི་རྣ་བའི་གོང་རྩིབ་ལོགས་གཉིས
་ཀྱི་འོག་རྐེང་བའི་ཤ་ལ་སོགས་པའི་ནང་ན་ནི་ཏམ་པ་ཞེས་བྱ་བའི་གནད་ཡོད་དེ། དེ་ཡང་རུས་པ་སྙིབ་ན་གནས་ལ་དེར་མཚོན་གྱིས་ཕོག་ན་རོ་སྨད་སྐྲངས་ཤིང་ལུས་ཉམས་ཆུང་ལ་འཆི་བར་བྱེད་དོ། །རྩིབ་མའི་འོག་ལོགས་ཀྱི་ནད་དང་འབྲལ་བའི་རྐེད་པའི་གཡས་གཡོན
་གཉིས་ན་ཐད་ཀ་དྲང་པོ་དང། གྱེན་དུ་འགྲོ་བའི་གནད་རྩིབ་ལོགས་ཀྱི་མཚམས་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལྟོ་བ་ཁྲག་གིས་གང་ཞིང་འཆི་བར་འགྱུར་རོ། །ནུ་མ་གཉིས་ཀྱི་རྩ་བའི་དྲང་ཐད་ཀྱི་རྒྱབ་ཀྱི་རྒལ་ཚིགས་ཀྱི་ངོས་གཉིས་ན་བརྟེན་པའི
་རྩ་ཆེན་པོ་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲབ་ཟད་ནས་འཆི་བར་བྱེད་དོ། །དཔུང་མགོ་དང་འབྲེལ་བའི་རྒལ་ཚིགས་ཀྱི་ངོས་གཉིས་ན་ཨཾ་ས་ཡོ་ཕ་ལ་ཀ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་དཔུང་པ་སྐམ་ཞིང་ཚོར་བ
་མེད་པར་འགྱུར་རོ། །མགྲིན་པའི་ངོས་གཉིས་དང་དཔུང་མགོ་དང་ཕྲག་པར་འབྲེལ་བའི་དབུས་ན་ཕྲག་པའི་གནད་ཅེས་བྱ་བ་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལག་དང་རེངས་ཏེ་བརྐྱང་བསྐུམ་མི་ཤེས་པར་འགྱུར་རོ། །མིང་བའི་གཡས་གཡོན་གཉིས་ན་འགྲམ་པ་ལ
་བརྟེན་པའི་རྩ་གཉིས་གཉིས་ཡོད་དེ། དེ་ཡང་སྔོན་པོ་ཞེས་བྱ་བ་དང་མ་ནྱ་ཞེས་བྱ་བ་གཉིས་ཡོད་དེ། བཞི་པོ་དེ་དག་གནད་དུ་བལྟ་སྟེ། དེར་མཚོན་གྱིས་ཕོག་ན་སྐད་ཉམས་པར་འགྱུར་བ་དང། རོ་མི་ཚོར་པར་འགྱུར་རོ། །མིང་བའི་གཡས་གཡོན་ནས་ལྕེ་དང་སྣར་འགྲ་བའི
་རྩ་བཞི་ཡོད་དེ་དེ་ནི་མ་ཏྲི་ག་ཞེས་བྱ་བའི་རྩའི་གནད་ཡིན་ཏེ། དེར་མཚོན་གྱིས་ཕོག་ན་དེ་མ་ཐག་སྲོག་འཇོམས་པའོ། །མགོ་དང་མགྲིན་པའི་ཚོགས་ཀྱི་ངོས་ན་ལྟག་པ་ཞེས་བྱ་བ་གནད་རེ་རེ་ཡོད་དེ་དེར་མཚོན་གྱིས་ཕོག་ན་རྟག་ཏུ་མགོ་འདར་བར་འགྱུར་རོ། །རྣ་མཆོག་གཉིས་ཀྱི
་སྟེང་དྲང་ཐད་ན་ཕྱི་རུ་ར་ཞེས་བྱ་བའི་རྩ་མཐོ་དམན་དུ་འདུག་པའི་གནད་རེ་རེ་ཡོད་དེ་དེར་མཚོན་གྱིས་ཕོག་ན་ཐོས་པ་ཉམས་ཏེ་འོན་པར་འགྱུར་རོ། །སྣའི་ལམ་ན་རྣ་བའི་ངོས་གཉིས་སུ་ཞུགས་ཏེ་མགྲིན་པའི་ནང་དུ་འབྲེལ་པའི་རྩ་དེ་བ་ཀ་ཞེས་བྱ་བའི་གནད་ཡོད་དེ། དེར
་མཚོན་གྱིས་ཕོག་ན་དྲི་མི་ཚོར་བར་བྱེད་དོ། །མིག་གཉིས་ཀྱི་གྲཝ་སྨིན་མའི་མཇུག་གི་མཛའ་ན་མིག་བསྲུང་ཞེས་བྱ་བའི་གནད་རེ་རེ་དང། སྣའི་ལམ་ནས་རྣ་བའི་ངོས་གཉིས་སུ་ཞུགས་ཏེ་མགྲིན་བའི་ནང་དུ་འབྲེལ་བའི་རྩ་གདེངས་ཀ་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེར་མཚོན
་གྱིས་ཕོག་ན་དྲི་མི་ཚོར་བར་བྱེད་དོ། །མིག་གཉིས་ཀྱི་གྲཝ་སྨིན་མའི་འཇུག་གི་མཛའ་ན་མིག་བསྲུང་ཞེས་བྱ་བའི་གནད་རེ་རེ་དང། སྨིན་མའི་སྟེང་ཤོང་བུར་འདུག་པའི་ནང་ན་འཁྱིལ་པ་ཞེས་བྱ་བའི་གནད་གཉིས་ཏེ་བཞི་པོ་དེ་དག་ལ་མཚོན་ལ་སོགས་པ་ཕོག་ན་ལོང་བར་འགྱུར་རོ།།
་དཔྲལ་བའི་མཛའ་རྣ་བ་དང་ཉེ་བ་ན་མུར་འགྲམ་ཞེས་བྱ་བའི་གནད་རེ་རེ་ཡོད་དེར་མཚོན་གྱིས་ཕོག་ན་འཕྲལ་འཆི་བར་བྱེད་དོ། །མུར་འགྲམ་གྱི་གོང་སྐྲ་མཚམས་ན་ཨུར་ཤྐེ?་པ་ཞེས་བྱ་བའི་གནད་རེ་རེ་དང་སྨིན་མའི་དབུས་ན་སྟཾ་པ་ནི་ཞེས་བྱ་བའི་གནད་རེ་རེ་ཡོད་དེ། དེར
་མཚོན་གྱིས་ཕོག་ན་ཟུག་རྔུ་མ་བྱུང་སྟེ་རང་སྨིན་ན་བྱུང་བ་ནི་འཚོ་བར་འགྱུར་ལ་ཟུག་རྡུ་བྱུང་ན་ནི་དེ་མ་ཐག་འཆིའོ། །ལྕེ་དང་མིག་དང་སྣ་དང་རྣ་བ་དང་དེ་བཞིའི་རྩའི་རྒྱུན་སྲང་ནི་ཁའི་ནད་རྐན་གྱི་ཕྱོགས་སུ་འདུས་ཏེ་བཞི་བོ་དེ་དང་འབྲེལ་བའི་གནད་སུམ་མདོ་ཞེས་བྱ་བ
་ཡོད་དོ། །དེ་རྣམས་ལ་མཚོན་གྱིས་ཕོག་ན་འཕྲལ་ཚེའི་མཐར་གཏུགས་པ་ཡིན་ནོ། །མགོའི་ཐོད་པ་ལ་ཐད་ཀ་དང་ཐུར་དུ་འགྲོ་བའི་ཚིགས་ལྔ་ཡོད་དེ། དེ་རྣམས་ཀྱང་སྐྲ་མཚམས་ཞེས་བྱ་བའི་གནད་ཡིན་པས་དེ་ལ་མཚོན་གྱིས་ཕོག་ན་མགོ་འཁོར་བ་དང་སྨྱོ་བ་དང་དྲན་པ་ཉམས་ཏེ
་འཆི་བར་འགྱུར་རོ། །ཀླད་བའི་སྟེང་ཕྱོགས་སུ་འཁྱིལ་ཞིང་རྩ་ཐམས་ཅད་འདུས་པའི་ནང་ན་བདག་པོ་ཞེས་བྱ་བའི་གནད་ཡོད་དེ་དེར་མཐོན་གྱིས་ཕོག་ན་དེ་མ་ཐག་སྲོག་འཇོམས་པར་བྱེད་དོ། །ལུས་ཀྱི་གནད་ཕྱིའི་མཚན་ཉིད་ནི་གང་དུ་མནན་ན་མི་བཟོད་པར་ན་ཞིང་འགུལ་པ་དང།
་སྡུག་བསྔལ་དང་བཅས་པ་གང་ཡིན་པ་སྟེ་དེ་ཡང་གནད་ཡིན་པར་བལྟའོ། །གཞན་ཡང་ཤ་དང། རུས་པ་དང། རྒྱུས་པ་དང། རྩ་ཆེན་པོ་དང། རྩ་དང། ཚིགས་དང་འདི་དག་རང་གི་མཚམས་འདུས་པ་ཐམས་ཅད་ལ་གནད་ཅེས་བྱ་སྟེ། དེ་དག་ཏུ་མཚོན་ལ་སོགས་པས
་ཕོག་ན་ཁྱད་པར་དུ་སྲོག་འགག་པའི་རྒྱུ་ཡིན་ནོ། །དེ་ལྟར་གོང་དུ་གནད་ཀྱི་བྱེ་བྲག་ཕལ་ཆེར་རྗེས་སུ་བསྟན་པ་ཡང་ཤ་ལ་སོགས་པ་ལ་བརྟེན་པའི་གནད་རྣམ་པ་དྲུག་ཏུ་བརྟག་པར་བྱ་བ་ཡིན་ནོ། །སྲོག་ཅེས་བྱ་བ་ནི་གནད་ཐམས་ཅད་ཀྱི་སྤྱིའི་གནས་སུ་མཉམ་སྟེ་གཅིག་པར
་འདོད་དོ། །རྣམ་པ་དྲུག་ཏུ་བརྟག་པ་དེ་གང་ཞེ་ན། ཤ་ལ་གནས་པའི་གནད་བཅུ་སྟེ། དབང་པོའི་ཆུ་ཞེས་བྱ་བའི་གནད་བཞི་དང། རྐང་མཐིལ་ཕྲོག་པ་ཞེས་བྱ་བའི་གནད་བཞི་དང། ནུ་མའི་རྩ་བ་རོ་ཧི་ཏ་ཞེས་བྱ་བ་གནད་གཉིས་ཏེ་བཅུའོ། །རུས་པ་ལ་གནད་བརྒྱད་དེ། མུར
་འགྲམ་ཞེས་བྱ་བའི་གནད་གཉིས་དང། ཀ་ཊི་ཏ་རུ་ན་ཞེས་བྱ་བའི་གནད་གཉིས་དང། ན་ཏིམྦ་ཞེས་བྱ་བའི་གནད་གཉིས་དང། ཨ་ན་ས་ཡོ་ཕ་ལ་ཞེས་བྱ་བའི་གནད་གཉིས་སོ། །རྒྱུས་པའི་གནད་ཉི་ཤུ་རྩ་གསུམ་སྟེ། ཨ་ན་ས་ཞེས་བྱ་བའི་གནད་བཞི་དང་པིར་ལྟ་བུ
་ཞེས་བྱ་བའི་གནད་བཞི་དང། མིག་ཟུར་ཞེས་བྱ་བའི་གནད་གཉིས་དང། མྱུར་བ་ཞེས་བྱ་བའི་གནད་གཉིས་དང། ཨུད་ཤྐེ་པ་ཞེས་བྱ་བའི་གནད་གཉིས་དང། ཆུ་སོ་ཞེས་བྱ་བའི་གནད་གཅིག་གོ་།རྩ་ཆེན་པོའི་གནད་དགུ་སྟེ། གཞང་ཞེས་བྱ་བའི་གནད་གཅིག
་དང། ཨ་པ་སྟཾ་པ་ཞེས་བྱ་བའི་གནད་གཉིས་དང། བི་དུ་ར་ཞེས་བྱ་བའི་གནད་གཉིས་དང། སུམ་མདོ་ཞེས་བྱ་བའི་གནད་བཞིའོ། །རྩལ་གནད་སུམ་ཅུ་རྩ་བདུན་མཆིས་ཏེ་རྩ་ཆེན་པོ་ཞེས་བྱ་བ་གཉིས་དང། མ་ཧི་ཀྲམ་ཧ་ཞེས་བྱ་བའི
་གནད་བརྒྱད་དང། སྔོན་པོ་ཞེས་བྱ་བ་གཉིས་དང། མ་ནྱ་ཞེས་བྱ་བ་གཉིས་དང། མཆན་ཁུང་འཛིན་པ་ཞེས་བྱ་བའི་གཉིས་དང། གདེངས་ཀ་ཞེས་བྱ་བ་གཉིས་དང། པི་ཏྲ་པ་ཞེས་བྱ་བའི་གནད་གཉིས་དང། སྙིང་ཞེས་བྱ་བའི་གནད་གཅིག་དང།
་ལྟ་བ་ཞེས་བྱ་བའི་གནད་གཅིག་དང། རྩིབ་ལོགས་ཀྱི་མཚམས་ཞེས་བྱ་བ་དང། ནུ་མ་འཛིན་པ་ཞེས་བྱ་བ་གཉིས་དང། ཨ་པ་ལ་པོའི་གནད་གཅིག་དང་སྟ་བ་ནི་ཞེས་བྱ་བའི་གནད་གཅིག་དང། ཨུརྦ་ཤི་ཞེས་བྱ་བའི་གནད་བཞི་དང། ལོ་ཧི་ཏ་ཞེས་བྱ་བའི་གནད་བཞིའོ། །ཚིགས་ལ
་གནད་ཉི་ཤུ་བརྟེན་ཏེ། འཁྱིལ་པ་ཞེས་བྱ་བའི་གནད་གཉིས་དང། མཁྲིག་མ་ཞེས་བྱ་བའི་གནད་གཉིས་དང། ཀུ་ཀུནད་ར་ཞེས་བྱ་བ་གཉིས་དང། སྐྲ་མཚམས་ཞེས་བྱ་བ་ལྔ་དང། གྲུ་མོ་ཞེས་བྱ་བ་གཉིས་དང། ལོང་མོ་ཞེས་བྱ་བ་གཉིས་དང། ལྟག་བ་ཞེས
་བྱ་བ་གཉིས་དང། བདག་པོ་ཞེས་བྱ་བ་གཉིས་དང། པུས་མོ་ཞེས་བྱ་བ་གཉིས་དང་ཉི་ཤུའོ། །སྨན་པ་གཞན་དག་ན་རེ། ཤ་ལ་བརྟེན་པའི་གནད་དང། རྒྱུས་པ་ལ་བརྟེན་པའི་གནད་དང། གཞང་ཞེས་བྱ་བའི་གནད་དང། མཆན་ཁུང་འཛིན་པ་ཞེས་བྱ་བའི
་གནད་དང། པི་དྲི་པོ་ཞེས་བྱ་བའི་གནད་དང། པི་དུ་ར་ཞེས་བྱ་བའི་གནད་དང། སུམ་མདོ་ཞེས་བྱ་བའི་གནད་དང། རྩལ་བརྟེན་པའི་གནད་རྣམས་དང། ཨ་པ་སྟཾ་པ་ཞེས་བྱ་བའི་གནད་དང། མིག་ཕུག་ཞེས་བྱ་བའི་གནད་དང། རྩ་ཆེན་པོ་ལ་གནས་བའི
་གནད་རྣམས་འབའ་ཞིག་མ་གཏོགས་པ་གོང་དུ་སྨོས་པའི་གནད་དེ་དག་གང་ཡང་རུང་བ་ལ་མཚོན་གྱིས་ཕོག་པར་ནུས་ན། རྟག་ཏུ་རྒྱུན་མི་འཆད་པར་ཤ་བཀྲུས་པ་འདྲ་བའི་ཆུ་ཤིན་ཏུ་སླ་བ་འཛག་ཅིང་ལུས་ཤ་སྐྱ་བོ་བསེར་པོར་གྱུར་པ་དབང་པོ་ཉམས
་ཤིང་མྱུར་དུ་འཆི་བར་བྱེད་དོ། །རུས་པ་ལ་གནས་པའི་གནད་གང་ཡང་རུང་བ་མཚོན་གྱིས་ཕོག་ན། །བྲག་ཤིན་ཏུ་སླ་བ་རྐང་དང་བཅས་པ་འབྱུང་བར་འགྱུར་རོ། །རྒྱུས་པའི་གནད་ལ་མཚོན་གྱིས་ཕོག་ན་ལྷག་པར་ན་བ་དང། བརྐྱང་བསྐུམ་མི་ཤེས་པ་དང། བཞོན་པ་ལ་ཞོན
་པའི་ནུས་པ་མེད་པ་དང། གནས་ལ་མི་དགའ་བ་དང། ལུས་གྲིམས་པ་ཆུང་བ་དང། ཡང་ན་འཆི་བར་འགྱུར་རོ། །རྩ་ཆེན་པོའི་གནད་ལ་མཚོན་གྱིས་ཕོག་ན་ཁྲག་སྒྲ་དང་བཅས་ཤིང་དབུ་བ་ཡོད་ལ། ཁྲག་ཚ་ཞིང་དྲན་པ་ཉམས་པར་འགྱུར་རོ། །རྩའི་ནང་ལ་མཚོན་གྱིས
་ཕོག་ན་ཁྲག་ས་ཞིང་མང་བ་རྒྱུན་མི་འཆད་པར་ཟག་སྟེ། ཁྲག་ཟད་པས་སྲོམ?་དང་ཆེ་བ་དང། མགོ་འཁོར་བ་དང། དབུགས་མི་བདེ་བ་དང། རྨོངས་བག་ཏུ་འདུག་པ་དང་སྐྱིགས་བུ་རྣམས་ཀྱིས་འདེབས་ཤིང་དུས་བྱེད་པར་འགྱུར་རོ། །གལ་ཏེ་རྨ་འགྲུབ་ན་ཡང་ལུས
་གྲམས་གང་བ་སྙམ་བྱེད་ཅིང་མཐོང་བ་དང་གྱོལ་པོར་འགྱུར་རོ། །ཚིགས་ཀྱི་གནད་ལ་མཚོན་གྱིས་ཕོག་ན་ལུས་ཀྱི་སྟོབས་དང། སྤྱོད་པ་ཉམས་ཤིང་ལུས་སྙེམ་པ་དང། ཚིགས་རྣམས་སྐྲད་པར་འགྱུར་རོ། །གཞན་ཡང་བཅུ་དགུ་པོ་འདི་དག་ནི་འཕྲལ་འཆི་བར་བྱེད་པའི
་གནད་ཡིན་ཏེ། ལྟེ་བའི་གནད་དང། མུར་འགྲམ་གྱི་གནད་དང། བདག་པོའི་གནད་དང། གཞང་གི་གནད་དང། སྙིང་གི་གནད་དང། པུས་མོའི་གནད་དང། ཆུ་སོའི་གནད་དང། མ་ཏྲི་ཀའི་གནད་ཡིན་ཏེ་དེ་དག་ཏུ་མཚོན་གྱིས་ཕྲོག་ནས་འཕྲལ་མི་འཆི
་ན་ཡང། ཞག་བདུན་ཚུན་ཆད་ཀྱིས་ངེས་པར་འཆིའོ། །འཕྲལ་མི་འཆི་བར་ཟླ་བ་གཅིག་གམ་ཟླ་བ་ཕྱེད་ཀྱི་ནང་དུ་འཆི་བའི་གནད་ནི་སུམ་ཅུ་རྩ་གསུམ་སྟེ། ཨ་པ་སྟཾ་པ་ཞེས་བྱ་བའི་གནད་དང། རྐང་མཐིལ་སྲེག་པའི་གནད་དང། རྩ་བས་ལོགས་ཀྱི
་མཚམས་ཀྱི་གནད་དང། ཀ་ཊི་ཏ་རུང་ཞེས་བྱ་བའི་གནད་དང། སྒྲ་མཚམས་ཀྱི་གནད་དང། ནུ་མའི་རྩའི་གནད་དང། དབང་པོའི་ཆུ་སོའི་གནད་དང། མྱུར་བ་ཞེས་བྱ་བའི་གནད་དང། ཨ་པ་ལའི་གནད་དང། རྩ་ཆེན་པོའི་གནད་དང། ནི་ཏི་པའི་གནད་དང།
་སྟ་ན་རོ་ཧི་ཏ་ཞེས་བྱ་བའི་གནད་རྣམས་སོ། །གནད་གསུམ་པོ་ཨུ་ཤྐེ་ཞེས་བྱ་བ་གཉིས་དང། སྟ་པ་ཞེས་བྱ་བ་དང་གསུམ་ནི་མཚོན་ཕྱུང་ན་ནི་འཆི་ལ་མ་ཕྱུར་ན་ནི་མི་འཆིའོ། །ཞེས་བཤད་དེ། དེ་ཡང་རླུང་གིས་ཤ་དང། རྐང་དང། ཀླང
་རྒྱས་རྣམས་སྐྱེམས་པར་བྱེད་དོ། །གལ་ཏེ་ཐབས་མ་ཡིན་པས་མཚོན་དེ་ཕྱུང་ན་ནི་དབུགས་མི་བདེ་བ་དང་ལུང་པས་སྲོག་འདོང་བར་བྱེད་དོ། །གནད་བཞི་བཅུ་རྩ་བཞི་བོ་འདི་དག་ཏུ་མཚོན་གྱིས་ཕག་ན་འཐེར?་འགྲུམ་ལ་སོགས་པར་འགྱུར་གྱི་འཆི་བར་བྱེད་བ་ནི་མ
་ཡིན་ཏེ་བློ་བུར་གྱིས་གནོད་པས་བརྒྱ་ལ་འཆི་བ་ཡང་སྲིད་དོ། །བཞི་བཅུ་རྩ་བཞི་པོ་དེ་ཡང་གང་ཞེ་ན། གདེངས་ཀ་ཞེས་བྱ་བའི་གནད་དང། མུར་འགྲམ་གྱི་ཕྱོགས་ཀྱི་གནད་དང། པི་དུ་རའི་གནད་དང། སྔོན་པོ་ཞེས་བྱ་བའི་གནད་དང། མ་ནིའི
་གནད་དང། ལྷག་པའི་གནད་དང། ཕག་པའི་གནད་དང། འཁྱིལ་བ་ཞེས་བྱ་བའི་གནད་དང། བི་ཊ་གོ་ཞེས་བྱ་བའི་གནད་དང། ཨུརྤ་ཤི་ཞེས་བྱ་བའི་གནད་དང། ཀུ་ཀུནད་རའི་གནད་དང། པུས་མོའི་གནད་དང། མིག་དམར་པོའི་གནད་དང།
་མཆན་ཁུང་འཛིན་པའི་གནད་དང། པིར་ལྟ་བུའི་གནད་དང། གྲུ་མོའི་གནད་རྣམས་སོ། །གནད་བརྒྱད་པོ་འདི་དག་ནི་ན་ཞིང་སྡུག་བསྔལ་བར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། པིར་མགོ་ལྟ་བུའི་གནད་དང། ལོང་བ་མོའི་གནད་དང། མཁྲིག་མའི་གནད
་རྣམས་སོ། །གནད་གོང་ཏུ་སྨོས་པ་དེ་རྣམས་ལས་བི་ཏི་བ་དང། མཆན་ཁུང་འཛིན་པ་དང། བིར་མགོ་ལྟ་བུ་དང། ཨ་ས་ཕལ་དེ་རྣམས་ཀྱི་ཚད་ནི་སོ་སོར་རེ་རེ་ཙམ་ཡོད་དོ། །མཁྲིག་མའི་གནད་དང། ལོང་མོའི་གནད་དང། ནུ་མའི་རྩ་བའི་གནད
་ལ་སོར་གཉིས་ཀྱི་ཚད་དུ་ཡོད་དོ། །པུས་མོ་དང་གྲུ་མོ་གཉིས་ཀྱི་གནད་ལ་སོར་གསུམ་གྱི་ཚད་དུ་ཡོད་དོ། །གཞང་གི་གནད་དང། ཆུ་སོ་དང། སྙིང་དང། ལྟེ་བ་དང། སྔོན་པོ་ཞེས་བྱ་བ་དང། སྐྲ་མཚམས་ཀྱི་གནད་དང། མ་ཊི་ཀ་དང། པིར་ལྟ་བུ་དང།
་སུམ?་མེད་དོ་ཞེས་བྱ་བ་དང། མན་ཡ་ཞེས་བྱ་བ་དང། དེ་རྣམས་ཀྱི་གནད་ཉི་ཤུ་རྩ་དགུ་ནི་ལག་པའི་མཐིལ་གྱི་ཚད་ཙམ་རེ་རེ་ཡོད་དོ། །ལྷག་མ་ལྔ་བཅུ་རྩ་དྲུག་པོ་རྣམས་ནི་སོར་ཕྱེད་ཕྱེད་ཀྱི་ཚད་ཙམ་ཡོད་དོ། །སློབ་དཔོན་གཞན་དག་ན་རེ་གནད་ལྔ་བཅུ་རྩ་དྲུག་པོ་དེ
་དག་གི་ཚད་ནི་ཏིལ་འབྲུ་འམ། འབྲས་ཀྱི་ཚད་ཙམ་ཡོད་དོ་ཞེས་ཟེར་རོ། །གོང་དུ་རླུང་དང། མཁྲིས་པ་དང། བད་ཀན་དང། ཁྲག་རྒྱུ་བའི་རྩ་བཞིར་བཤད་པ་དེ་དག་གི་ལུས་ཐམས་ཅད་བརྟས་པར་བྱེད་པ་ཡིན་ཏེ། དེ་ཡང་གནད་རྣམས་ལ་བརྟེན་ཏེ་དེར
་གྱིས་ཕོག་ཏེ་ཁྲག་ཟད་པར་གྱུར་ན་ལུས་ཞུངས་ཟད་དེ་རྩའི་སྣུབས་རླུང་གིས་གང་ཞིང་རྒྱས་ནས་མི་བཟད་པར་ན་བར་བྱེད་པ་ཡིན་ལ་རླུང་རེས་མཁྲིས་པ་བསྐྱོད་པས་ནི་ཁ་སྐམ་བ་དང། སྐོམ་དང་ཆེ་བ་དང། མྱོས་པ་དང། མགོ་འཁོར་བ་དང། ལུས་རྡུལ་བ
་དང། ཚིགས་རྣམས་བྱེ་བ་དང། ལུས་ལྷོད་བོར་འགྱུར་ཏེ་འཆི་བར་འགྱུར་རོ། །ཇི་སྟེ་གནད་ཀྱི་ཚིགས་མཚོན་ལ་སོགས་བས་ཆོད་པར་གྱུར་ན། དེ་མ་ཐག་ལག་པའམ་རྐང་བས་གོང་འོག་ནས་དམ་དུ་བསྡམ་ཞིང་བཟུང་བར་བྱའོ། །གལ་ཏེ་མ་བཟུང་ན་ནི་རྩ
་རྣམས་གོང་འོག་ཏུ་འཁུམ་པར་འགྱུར་རོ། །དེ་ལ་སེམས་ཅན་རྣམས་ཀྱི་འཆོ་བ་ནི་ཁྲག་ལ་རགས་པས་པ་ཡིན་ཏེ། ཁྲག་ལེགས་པར་གནས་ཤིན་རྒྱུ་ན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་གནད་ལ་མ་ཕོག་ན་ནི་མཚོན་དུ་མས་བསྣུན་ཀྱང་འཆི་ག
་མི་འགྱུར་ཞིང། གནད་ལ་ཕོག་ན་ནི་ངེས་པར་འཆི་བར་འགྱུར་ལ། ཚབས་ཆུང་ངུ་བསྣུན་ཀྱང་ཞ་བ་ལ་སོགས་པར་བལྟའོ། །གཞན་ཡང་གནད་དུ་བསྣུན་བའི་རྨ་ཅན་གྱི་སྐྱེས་བུའི་དྲུང་དུ་ཐལ་སྨན་རྣོན་པོ་དང། དུག་དང། མེ་དང། བ་ལ་ཏ་ཀ་དང། ཀ་བཏྟི་ཀ
་དང་འདི་རྣམས་མི་བསྙེན་ཅིང་སྤང་བར་བྱའོ། །གནད་དུ་ཕོག་པའི་རྨ་ལ་ནི་ཉེས་པ་ཕྲ་མོས་ཀྱང་གནོད་པར་འགྱུར་བར་བག་བྱ་བར་གཅེས་སོ། །ཕ་ནང་དུ་མཚོན་གྱིས་བསྣུན་པར་ཡང་མ་ཟད་དེ། གནད་ཀྱི་སྟེང་དུ་ནད་གང་ཡང་རུང་བ་གཞན་བྱུང་ན་ཡང་ཉན་དང
་བཅས་པ་ཡིན་བས་འབད?་བ་དང་བཅས་བས་གསོ་བར་བྱའོ། །ལུས་ཀྱི་གནས་ལས་གནད་ཀྱི་བྱེ་བྲག་བསྟན་པའི་ལེའུ་བཞི་པ་རྫོགས་སོ།། །།དེ་ནས་ལུས་ཀྱི་འགྱུར་པའི་བྱེ་བྲག་ལས་འཆི་ལྟས་བརྟག་པའི་ལེའུ་བཤད་པར་བྱའོ།། །།
་དེ་ལ་མིའི་གནད་རྣམས་ལ་ནད་ཀྱིས་ཕོག་བ་ལས་ཕྱི་རོལ་ཏུ་འཆི་བའི་མཚན་མ་སྣང་བ་ཡིན་ཏེ། དཔེར་ན་འབྲས་བུའི་སྔ་རྟགས་མེ་ཏོག་དང། ཆར་གྱི་སྔ?་ལྟས་སྤྲིན་དང། མའི་སྔ་རྟགས་དུ་བ་ཡིན་པ་བཞིན་དུ་སྐྱེས་བུ་འཆི་བར་འགྱུར་བའི་སྔ་རྟགས་སམ་མཚན
་མ་ཡང་སྔོན་དུ་སྣང་སྟེ། དེ་བས་ན་འོག་ཏུ་འབྱུང་བ་འདི་དག་གིས་རྟོགས་པར་བྱའོ། །དེ་ཡང་འཆི་བའི་རྟགས་འདི་དག་དང་ལྡན་ན་ནི་ངེས་པར་འཆི་བར་འགྱུར་ལ། མི་ལྡན་ན་ནི་འཆི་བར་མི་འགྱུར་རོ། །ཅི་སྟེ་སྨན་པས་གཞུང་ལས་འབྱུང་བ་བཞིན་ཤེས་ན
་ནི་འཆི་ལྟས་ངེས་བ་ཡིན་ལ། གལ་ཏེ་མི་མཁས་བ་འམ་མ་བརྟགས་བ་འམ་རྩིང་པོ་རྣམས་ཀྱི་ནི་ངེས་པར་མི་གཟུང་ངོ། །དེ་ལ་སྨན་པ་ཁ་ཅིག་ན་རེ་ནད་པ་དང་འཆི་ལྟས་གཉིས་ནི་རྟེན་དང་བརྟེན་པའི་ཚུལ་དུ་གནས་ཏེ། འཆི་ལྟས་འབྱུང་བ་ཡང་ནད་རྣམས
་ཤེས་ཆོར་འཁྲུགས་པ་ལས་ཕྱི་རོལ་ཏུ་སྣང་སྟེ། གལ་ཏེ་ནས་ཞི་ན་ནི་འཆི་ལྟས་ཀྱང་མི་འབྱུང་ལ། །མ་ཞི་བཞིན་དུ་འཆི་རྟགས་དང་ལྡན་ན་ནི་ངེས་པར་འཆིའོ། །འཆི་ལྟས་ཀྱི་འགྱུར་བའི་འོག་ནས་འབྱུང་བའི་མཚན་མ་འདི་དག་གིས་རྟོགས་པར་བྱའོ། །དེ་ལ
་ཟུངས་ཀྱི་རྣམ་པ་དང། མིག་ལ་སོགས་པའི་དབང་པོ་དང། སྐད་ཀྱི་ང་རོ་དང། འབྱུང་བ་ཆེན་པོའི་ལྔའི་རང་བཞིན་ལ་རྟོག་པ་དང། ཉི་མ་དང། མེ་ལོང་དང། ཆུ་ལ་སོགས་པའི་ནང་དུ་གྲིབ་མའི་རྟགས་དང། གཞན་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་བ
་དང་བྱེད་པ་སྣ་ཚོགས་རང་བཞིན་གྱི་སྤྱོད་པ་ལས་ཡོངས་སུ་ཉམས་ཏེ། གནས་སྐབས་གཞན་དུ་འགྱུར་བ་ནི་འཆི་བའི་རྟགས་སུ་བསྟན་ཏོ། །སྐྱེས་བུ་གང་གི་སྐྲ་དང་བ་སྤུ་ལ་སྣུམ་གྱིས་བསྐུས་བཞིན་དུ་སྣུམ་པར་འདུག་པ་དང། མིག་ཤིན་ཏུ་འགུལ་བ་དང། མིག
་མི་འཛུམ་པར་འབྲུར་ཚུལ་སུ་ལྟ་བ་དང། ཡང་ན་མིག་ཕུགས་སུ་ཞུགས་ན་ཡང་ཕྱིར་འབྱུང་བ་དང། མི་ཡ་ཡོད་འདུག་པ་དང། མིག་སྐྲང་བ་དང། མིག་ཆུང་ངུར་འགྱུར་བ་དང། དེ་བཞིན་དུ་སྨིན་མ་རིང་བར་འགྱུར་བ་དང། སྨིན་མ་ཞུམ་པར་འགྱུར་བ་དང། རྟབས?་མིག་ཏུ
་བལྟ་བ་དང། ཡང་ན་དམན་པར་ལྟ་བ་དང། ཐི་བ་དང་སྲེ་མོའི་མིག་བཞིན་དུ་དམར་བ་དང། མགལ་མེའི་འཁོར་ལོ་འདྲ་ཞིང་དམར་བ་དང། རྒྱུ་མེད་པར་མཆི་མ་འཛག་པ་དང། རྫི་མ་འཁུག་པ་དང། དེ་བཞིན་དུ་སྣ་ཆེན་པོར་འགྱུར་བ་དང། ཡང་ན་ཞོམ་པར་འགྱུར་བ
་དང། འགྲུམ?་བུ་ཕྲ་མོ་ཁྱབ་པར་འབྱུང་པ་དང། སྐྲང་བར་འགྱུར་བ་དང། སྣ་འགགས་པ་དང། སྣའི་ནང་བསྐམས་པ་དང། མ་མཆུ་འཕྱངས་པ་དང། ཡ་མཆུ་སློགས་པ་དང། རང་བཞིན་གྱི་མདོག་ལས་ཉམས་ཏེ་འཛམ་བུའི་འབྲས་བུ་སྨིན་པ་བཞིན་དུ་དམར་པོར
་གྱུར་པ་དང། ཡང་མདོག་སྔོན་པོར་གྱུར་པ་དང། སྐྱེས་བུ་གང་གིས་སོ་ཤ་ཁ་རའི་མདོག་ལྟ་བུ་དང། འཕྲལ་ལ་སོ་སྐྲངས་པ་དང། སོ་འབྲུལ་བ་དང། སོ་ནག་སྐྱར་སོང་བ་དང། དམར་པོ་ཟངས་མདོག་ལྟ་བུ་དང། མེ་ཏོག་གི་ཐིག་ལེ་ལྟར་འཇུག་པ་དང། འདམ
་གྱིས་བསྒོས་པ་ལྟ་བུ་དང། གང་དག་གི་ལྕེ་ཡ་ཡོར་གྱུར་པ་དང། ལྕེ་རྟག་ཏུ་ཕྱི་རོལ་དུ་འབྱུང་ཞིང་ནང་དུ་མི་སྡུད་པ་དང། སྐྲངས་པ་དང། སྐམས་བ་དང། ལྕི་བ་དང། མདོག་སྣུམ་ནག་ཏུ་སོང་བ་དང། དྲི་མ་མང་བོས་གཡོགས་པ་དང། རོ་མི་ཚོར་བ་དང། ལྕེ་རྩུབ་པ
་དང། མཇིད་བས་མགོ་མི་ཐེག་པ་དང། བདག་གི་ལུས་ཀྱང་ཁུར་ལྕི་བ་ལྟར་མི་ཐེག་པ་སྙམ་བྱེད། ཟས་ཁམ་གཅིག་ཀྱང་བདེ་བར་བསྡད་མི་ནུས་པར་གྱུར་ན་དེ་ནི་འཆི་བའི་གཞིན་འདེབས་ཡིན་ནོ། །སྐྱེས་བུ་གང་ལ་རྒྱུ་མེད་པར་ཡན་ལག་རྣམས་ཤིན་ཏུ་ལྕི
་བ་དང། ཡང་ན་ཤིན་ཏུ་ཡང་བ་དང། དུག་གི་ཁྲག་གི་གཞི་མེད་པར་མིག་ལ་སོགས་པའི་སྒོ་ནས་ཁྲག་འབྱུང་བ་དང། ཕོ་མཚན་དང་རླིག་པ་གཉིས་རེས་ཀྱི་གཅིག་ནང་དུ་ནུབ་གཅིག་ཕྱིར་འགྱུར?་པ་འདི་ལྟ་བུ་རོས་ཀྱིས་བྱེད་ན་དུག་མ་གཏོགས་པ་ངེས་པར་འཆིའོ། །དེ
་ཡན་ཆད་ཀྱི་མཚན་མ་གང་ཡང་རུང་བ་བྱུང་ན་འཆི་བར་འགྱུར་རོ་ཞེས་ཐམས་ཅད་ལ་སྦྱར་རོ། །སྐྱེས་བུ་གང་གི་རྒྱུ་མེད་པར་དཔྲལ་བ་འམ། ཆུ་སོ་འམ། མགོ་བོ་འདི་གསུམ་ལ་རྩ་ཟླ་བ་ཚེས་པ་ལྟ་བུའི་གཟུགས་ཀྱོག་པོར་གསལ
་དུ་སྣང་ན་དེ་ནི་ངེས་པར་ཟླ་བ་དྲུག་ལས་མི་འཚོའོ། །དཔེར་ན་པདྨའི་འདབ་མ་ལ་ཆུ་མི་འཆགས་པ་བཞིན་དུ་སྐྱེས་བུ་གང་གི་ལུས་ཆུས་བཀྲུས་སམ། རྐྱལ་བའི་ལུས་ལ་ཆུ་མི་འཆགས་ན་དེ་ཡང་ཟླ་བ་དྲུག་ལས་མི་འཚོ་བ་ཡིན་ནོ། །རང་གི་ལུས
་ལ་སྣུམ་གྱིས་མ་བསྐུས་བཞིན་དུ་སྣུམ་པར་སྣང་བ་འམ། སྤྱི་བོ་ནས་དུ་བ་འཐུལ་བར་མཐོང་བ་ནི་ངེས་པར་ཟླ་བ་གཅིག་གི་ནང་དུ་སྲོག་འདོད་བར་འགྱུར་རོ། །སྐྲ་དང་སྨིན་མ་གང་ཡང་རུང་བ་ལས་སྐྲ་མཚམས་རང་བྱ་བ་འམ། སྐྲ་གཙུག
་དུ་འཁྱིལ་བ་ལྟར་ཀུན་ཏུ་སྣང་ན། དེ་ཡང་ནད་མེད་པ་ཡིན་ན་ནི་ཞག་དྲུག་གིས་འཆི་ལ་ནད་པ་ཡིན་ན་ཞག་གསུམ་གྱིས་འཆིའོ། །སྐྱེས་བུ་གང་གི་ལྕེ་མདོག་གནག་པ་དང། ཁ་ནས་དྲི་རུལ་བར་འབྱུང་བ་དང། མིག་གཡོན་པ
་ཕུགས་སུ་བྲོས་པ་དང། སྤྱི་བོའི་སྟེང་དུ་བྱ་བབས་པར་གྱུར་ན་དེ་ནི་ཡོངས་སུ་སྤང་བར་བྱའོ། །གང་གིས་ལུས་ཁྲུས་བྱས་ལ་དེ་ནས་བྱུགས་པ་འམ། ཡང་ན་ཁྲུས་འབའ་ཞིག་བྱས་ནས་ལུས་གཞན་ཐམས་ཅད་ནི་གཤེར་བར
་འདུག་ལ་སྙིང་ག་འགའ་ཞིག་མྱུར་དུ་སྐམས་ན་དེས་ནི་ཟླ་བ་ཕྱེད་ལས་མི་འཚོའོ། །བློ་བུར་དུ་ཅིག་ཅར་ལུས་ཀྱི་རང་བཞིན་གྱི་མདོག་དཀར་ལ་ཅུང་ཟད་སེར་བ་ལས་གཞན་དུ་གྱུར་ཏེ་སྨུག་ནག་ཏུ་སོང་བ་དང། དེ་ལས་ནག་པོར་གྱུར་བ་དང། དེ་ལས
་ཤིན་ཏུ་ནག་པོར་གྱུར་པ་དང། སྔོན་པོ་ལས་དམར་པོར་གྱུར་པ་དང། དམར་པོ་ལས་ལྗང་གུར་གྱུར་པ་དང། ལྗང་གུ་ལས་དཀར་པོར་གྱུར་པ་དང། དེ་བཞིན་དུ་ལུས་སྐེམ་པ་ལས་མྱུར་དུ་ཤ་ཆེན་པོར་འགྱུར་བ་དང། ཤ་ཆེ་བ་ལས་མྱུར་དུ་སྐེམ
་བར་འགྱུར་བ་དང། བློ་བུར་དུ་སྣུམ་པ་ལས་རྩུབ་པར་འགྱུར་བ་དང། དེ་བཞིན་དུ་རྩུབ་པ་ལས་སྣུམ་པར་འགྱུར་བ་དང། ཅིག་ཅར་བྲང་བ་ལས་དྲོ་བར་འགྱུར་ན་ངེས་པར་འཆི་བར་འགྱུར་རོ། །སྐྱེས་བུ་གང་གི་སོར་མོའི་ཚིགས་དྲང་བ་ལས་ཚིགས་ཀྱི་ཙེག་སྒྲ་མི་དྲག
་པ་ནི་མི་འཚོའོ། །སྔར་ཉུང་བ་ལས་ལུད་པ་དང། སྤྲིང་པ་དང། གཅིན་ལ་སོགས་པ་ཤས་ཆེར་འབྱུང་བ་དང། སྐེད་གསང་ཡང་ན་ཆེ་ཡང་ན་ཆུང་ན་འཆི་བའི་རྟགས་སོ། །དབུགས་ཤིན་ཏུ་རིང་བར་འདོན་པ་དང། ཡང་ན་ཐུར་བར་གྱུར་པ་དང། ལུས་ཀྱི་དྲི་ཤིན་ཏུ་ཞིམ
་པར་འགྱུར་བ་དང། ཡང་ན་ཤིན་ཏུ་ང་བར་འབྱུང་བ་དང། འདི་དག་དང་ལྡན་ན་ཡང་མི་འཚོའོ། །གཉན་ཡང་ལོ་གཅིག་ཚུན་ཆད་དུ་འཆི་བའི་རྟགས་ནི། སྐྱེས་བུ་གང་གི་ལུས་ལ་ཁྲུས་བྱས་ཀྱང་རུང། མིའི་དྲི་ལས་འདས་པ་ཞིམ་པ་འམ། མི་ཞིམ་པའི་དྲི་འབྱུང
་བ་འམ། ཡང་ན་དྲི་མ་ཅན་གྱོན་པ་འམ། རྨ་ལ་སོགས་པའི་ནང་ནས་གོང་མ་ལྟ་བུའི་དྲི་མ་འབྱུང་ན་ཡང་ལོ་གཅིག་ལས་མི་ཐུབ་བོ། །རག་གི་ལུས་ལས་རོའི་བྱེ་བྲག་གང་ཡང་རུང་བ་མེད་བཞིན་དུ་ཤིག་དང་སྦྲང་མ་ལ་སོགས་པ་འཁོར་ཞིང་འདུ་བ་དང།
་དེ་བཞིན་དུ་ཡོད་པ་ལས་འབྱར་ཞིང་འདུར་མི་འདོད་ན་དེ་ཡང་ལོ་གཅིག་གི་ནང་དུ་ཚེ་ཟད་པར་འགྱུར་རོ། །དགུན་ལྟ་བུ་གྲང་བའི་དུས་སུ་ནི་ལུས་ཤིན་ཏུ་ཚ་བར་བྱེད་དེ། ཚ་བའི་མཚན་ཉིད་རྡུལ་འབྱུང་བ་མི་སྣང་བ་དང། རྒྱུ་མེད་པར་ཤིན་ཏུ་ཚ་བའི་བུས་སུ་ནི་ལུས
་གྲང་བར་སྟོན་ཏེ། དེ་ཡང་ལུས་ཡོངས་སུ་སྨིན་པ་ཞེས་བྱ་སྟེ་ལོ་ཅིག་ཚུན་ཆད་དུ་འཆི་བར་སྟོན་ཏོ། །གང་གི་ལུས་ལ་གྲང་འབྲུམ་འབྱུང་ཞིང་ཡན་ལག་ཆི་བ་འམ། །ཡང་ན་ལུས་ཤིན་ཏུ་གྲང་བ་ལ་དྲི་བ་མི་འདོད་ཅིང་ཞེ་སྡང་སྐྱེད་བ་གང་ཡིན་པ་དེ་ནི་གཤིན
་རྗེའི་ཁྱིམ་དུ་ཞུགས་པ་ཡིན་ནོ། །བྲང་ཤིན་ཏུ་ཆེ་སྟེ་ལྟོ་བ་རབ་ཏུ་གྲང་ལ་ཕྱིས་སླ་བར་འབྱུང་ཞིང་སྐོམ་དང་ཆེ་བ་གང་ཡིན་པ་དེ་ནི་རོར་གྱུར་པ་ཡིན་ནོ། །མཆིལ་མ་དང་གཅིན་དང། ཁུ་བ་དང། ཕྱི་ས་དང། འདི་རྣམས་ཆུའི་ནང་དུ་བཅུག་སྟེ། ཐལ་བྱུང
་ཞབས་སུ་སོང་ཞིང་དེ་ཡང་མཆིལ་མ་མདོག་སྣ་ཚོགས་སུ་འབྱུང་ན་ཟླ་བ་གཅིག་གི་ནང་དུ་སྲོག་འདོར་བར་འགྱུར་རོ། །སྐྱེས་བུ་གང་གིས་ས་ན་ནི་མཁར་མཐོང་ལན་མཁའ་ནི་སར་མཐོང་བ་དང། གཟུགས་ཅན་ནི་གཟུགས་མེད་པར་མཐོང་ལ་གཟུགས་མེད་པ་ནི
་གཟུགས་ཅན་དུ་མཐོང་བ་དང། མེ་ལ་སོགས་པའི་འོད་ནི་འོད་མེད་པར་མཐོང་བ་དང། མདོག་དཀར་པོ་ནི་ནག་པོར་མཐོང་བ་དང། མེད་པ་ནི་ཡོད་པར་མཐོང་ལ་ཡོད་པ་ནི་མེད་པར་མཐོང་བ་དང། མིག་ནད་མེད་བཞིན་དུ་ཟླ་བའི་གཟུགས་མང་པོ་མཐོང་ཞིང་དེ་ཉིད་ཀྱང
་མཚན་དང་བྲལ་བར་མཐོང་བ་དང། གང་གི་རྩ་ལྗང་གུར་འདུག་ཅིང་བ་སྤུའི་ཁུང་བུའི་རྩ་བ་ཡང་ལྗང་གུར་འཇུག་པ་དང། གང་སྐྱུར་བ་ལ་དགའ་བ་ནི་མཁྲིས་པའི་ནད་ཀྱིས་འཆི་བའི་དུས་བྱེད་དོ། །མགོ་བོ་འམ་གདོང་ལ་བ་ལང་གི་ལྕི་བ་སྟུག་པོས་ཁེབས་པ་ལྟར
་སྣང་ན་ཟླ་བ་གཅིག་གིས་འཆི་བར་བྱེད་དོ། །གཉིད་མ་ལོག་བཞིན་དུ་སྲིན་པོ་དང། དྲི་ཟ་དང། ཡི་དགས་དང། དེ་བཞིན་དུ་གྲུབ་པ་དང། མ་གྲུབ་པ་དང། ཤ་ཟ་ལ་སོགས་པ་མི་སྡུག་ཅིང་འཇིགས་སུ་རུང་བའི་གཟུགས་སྣ་ཚོགས་མཐོང་ན་སྲོག་དང་བྲལ་བར་འགྱུར་རོ།།
་སྐར་མ་སྨེ་བདུན་མཐོང་ལ་སྲོག་སྐར་ལྷ་མོ་སྒྲིབ་མེད་མ་མཐོང་བ་དང། ནམ་མཁའ་མཐོང་ལ་དགུ་ཚིགས་མ་མཐོང་བ་དང། ནམ་མཁའ་ལ་སྐར་མ་གུང་ཙུག་མ་མཐོང་ན་ལོ་གཅིག་ཚུན་ཆད་ཀྱིས་ངེས་པར་འཆིའོ། །འབྲུག་གི་སྒྲ་དང། ཆུའི་སྒྲ་དང། པི་ཝང་གི་སྒྲེ་དང
་གླིང་བུ་དང། རྔ་བོ་ཆེའི་སྒྲ་དང། འདི་རྣམས་ཀྱི་སྒྲ་ཡང་དག་པ་ནི་མ་ཐོས་པ་དང། དེ་བཞིན་དུ་མེད་པ་ཐོས་ན་འཆི་བར་འགྱུར་རོ། །རྣ་བའི་བུ་ག་མཛུབ་མོས་བཀག་པ་དང་ཆུའི་སྒྲ་བཞིན་དུ་འུར་འུར་ཟེར་བ་ཡོད་དེ། དེ་རང་གིས་མ་ཐོས་ན་འཆིའོ། །དེ་བཞིན་དུ
་དྲི་དང་རོ་དང་རེག་ལ་སོགས་པ་ཕྱིན་ཅི་ལོག་ཏུ་མཐོང་བ་སྟེ། དྲི་ཞིམ་པ་ནི་ང་བར་ཚོར་ལ་དྲི་ང་བ་ནི་ཞིམ་པར་ཚོར་བ་དང། རོ་ཡང་མངར་བ་ནི་ཚ་བར་ཤེས་ཚ་བ་ནི་མངར་བ་ཡིན་ནོ་ཞེས་ཟེར་བ་དང། རེག་པ་འཇམ་པོ་ནི་རྩུབ་པ་ཞེས་ཟེར་བ་དང། རྩུབ་པ་ནི་འཇམ
་པ་དང། དེ་བཞིན་དུ་སྲ་བ་དང། སྙི་བ་དང། གྲང་བ་དང། དྲེ་བ་དང། སྣུམ་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་སྨྲ་བ་དང། ཤེས་པ་ནི་སྲོག་གི་དབང་པོ་འདས་ཟིན་པ་ཡིན་ནོ། །ཡང་ན་གྲོང་གི་དྲི་ལ་སོགས་པ་བཟང་ངན་གང་ཡང་རུང་བ་མི་ཚོར་ན་དེ་ཡང་ངེས་པར་འཆིའོ། །མེ་མར་ཤི་བའི་དྲི་སྣས
་མི་ཚོར་ན་ཡང་འཆིའོ། །སྨན་དཔྱད་གཞུང་དང་མཐུན་པར་བྱས་ན་ཡང་ངས་ཕྱིས་ཞིང་ཐུ་བར་བྱེད་ལ་སྨན་དཔྱད་ལོག་པར་བྱས་ན་རུང་བ་ལྟར་བྱེད་པ་ཡང་འཆི་བའི་རྒྱུའོ། །རང་གྱི་ལུས་རྡུལ་གྱིས་གཡོགས་པ་དང། ལུས་ལ་མཚོན་ལ་སོགས་པས་བསྣུན་ན་ཡང་མི
་ཚོར་ན་ཡང་འཆི་བའི་རྟགས་སུ་སྟོན་པ་ཡིན་ནོ། །དཀའ་ཐུབ་དྲག་པོ་དང། ཆོ་ག་དང་རྣལ་འབྱོར་གྲུབ་པའི་རྒྱུ་སྔན་ཆད་མ་བསྟེན་པར་དབང་པོ་ཡུལ་ལས་འདས་པའི་ཆོས་ཁྱད་པར་ཅན་ཤེས་པ་འམ། མཐོང་བ་འམ་སྨྲ་བ་ཡང་འཆི་བའི་རྟགས་སོ། །གཉུག་མའི་སྐད་ཆུང་པ
་ལས་ཆེ་བར་གྱུར་པ་དང། བར་བར་དུ་སྨྲ་འདོད་པ་ལ་དྲན་པ་མི་གསལ་ཏེ་སྨྲ་མི་ནུས་པ་དང། སྐད་འཛེར་བ་དང། སྐད་ཉམ་ཆུང་བ་དང། གཟི་མདངས་དང། སྟོབས་བྲི་བ་དང། ཟས་དང་སྤྱོད་ལམ་ཚུལ་བཞིན་དུ་བསྟེན་ཀྱང་ནད་འཕེལ་བར་བྱེད་ན་ནི་དེ་ཡང་འཆི་བ་དང་ཉེ
་བ་ཡིན་ནོ། །རང་བཞིན་གྱིས་སྐད་དང་བྲལ་བ་དང། ང་ནི་འཆིའོ་ཞེས་སྐད་ངན་འདོན་པ་དང། ཁྱོད་ཤིའོ་བྱ་བའི་སྒྲ་ཐོས་པ་དེ་ནི་རིང་དུ་སྤང་བར་བྱའོ། །ལུས་དབྱིབས་ཀྱི་རྣམ་པ་དང། ཆུ་ཞེང་ལ་སོགས་པའི་ཚད་དང། དཀར་ནག་ལ་སོགས་པའི་མདོག་དང། གཟི
་མདངས་ལ་སོགས་པའི་གྲིབ་མ་འམ། གཟུགས་བརྙན་རང་བཞིན་ལས་འགྱུར་ཏེ་གཞན་དུ་མཐོང་ན་ཐ་ན་རྨི་ལམ་གྱི་ནང་དུ་སྣང་ན་ཡང་འཆི་བ་ཡིན་ཏེ། དེ་ཡང་ཉི་མ་དང་ཆུ་དང་མེ་ལོང་གི་ནང་དུ་ལུས་དབྱིབས་དང་ཆུ་ཞེང་གི་ཚད་སྣང་བ་ནི་གྲིབ་མ་ཞེས་བྱ་སྟེ། དེ
་ཡང་གྲིབ་མ་ཆད་པར་སྣང་བ་དང། དུམ་བུར་སྣང་བ་དང། མགོ་མེད་པར་སྣང་བ་དང། ཆེན་པོར་སྣང་བ་དང། མི་སྡུག་པར་སྣང་བ་དང། མགོ་གཉིས་པར་སྣང་བ་དང། ཡ་ཡོར་སྣང་བ་དང། དེ་ལ་སོགས་པ་བདག་གི་ལུས་དུད་འགྲོའི་གཟུགས་གང་ཡང་རུང་བར་ཉི་མ
་ལ་སོགས་པའི་ནང་དུ་སྣང་ན། སྐྱེས་བུ་དེ་ནི་ཚེ་རྫོགས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་མི་སྣང་ན་ནི་འཆི་བའི་མཚན་མ་ཡིན་ནོ། །ནད་པའི་མིག་གཞན་གྱི་མིག་ལ་ལྟར་བཅུག་སྟེ། རང་གི་གཟུགས་བརྙན་དེའི་ནང་དུ་མ་མཐོང་ན་ཚེ་ཟད་པར
་ཁོང་དུ་ཆུད་པར་བྱའོ། །མདོག་དང་གཟི་བརྗིད་ནི་ལུས་ཉིད་ལ་བལྟར་སྣང་བ་སྟེ། དེ་ཡང་ལུས་ལ་ནམ་མཁའ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་མཚན་ཉིད་ལ་སོགས་པར་བརྟག་པ་ནི་དེ་ལས་ནམ་མཁའ་ཨི་མཚན་ཉིད་ནི་དྲི་མེད་པ་དང།
་མདོག་སྔོ་བ་སྣུམ་ཞིང་མདངས་དང་པའོ། །རླུང་གི་མཚན་ཉིད་ནི་རྡུལ་གྱིས་ཕོག་པ་དང། མདོག་དམར་སྐྱར་འདུག་པ་དང། སྨུག་ནག་དང། ཐལ་སྐྱར་འདུག་པ་དང། མདངས་ཉམས་པའོ། །མེའི་མཚན་ཉིད་ནི་མདོག་ཤིན་ཏུ་དམར་བ་དང། གཟི་བྱིན་དང་ལྡན་པ་དང།
་མཐོང་ན་དགའ་བའོ། །ཆུའི་མཚན་ཉིད་ནི་བཻཌཱུརྱའི་མདོག་ལྟར་སྔོ་བ་དང། དྲི་མ་མེད་པ་དང། མདོག་ཤིན་ཏུ་སྣུམ་པའོ། །སའི་མཚན་ཉིད་ནི་བརྟན་པ་དང། ལུས་ཤ་རྒྱས་པ་དང། དག་པ་དང། སྨུག་ནག་ཏུ་འདུག་པ་དང། དཀར་བའོ། །ལྔ་པོ་དེ་དག་ལས་རླུང་གི
་མཚན་ཉིད་དང་ལྡན་ན་ནི་ནད་དང་ཉོན་མོངས་པ་དང། མི་བདེ་བ་དང། འཆི་བ་ཡང་སྟོན་ཏོ། །ལྷག་མ་དང་ལྡན་ན་ནི་བདེ་བསྐྱེད་པར་བྱེད་དོ། །གོང་དུ་སྨོས་པའི་མེའི་མཚན་ཉིད་ནི་གཞན་པས་ཁྱད་པར་རྣམ་པ་བདུན་དང་ལྡན་ཏེ། དམར་བ་དང། སེར་བ་དང།
་དཀར་བ་དང། སྨུག་ནག་དང། སྔོ་བ་དང། སྐྱ་བསེང་དང། ནག་པའོ། །འབྱུང་བ་ལྔ་དང། མེའི་མཚན་ཉིད་བདུན་པོ་རེ་རེ་ལ་ཡང་སྣུམ་པ་དང། དྲི་མ་མེད་པ་དང་བཅས་ན་ནི་ཁྱད་པར་དུ་བདེ་བ་སྐྱེད་དོ། །རྩུབ་པ་དང་དྲི་མ་ཅན་དང་བཅས་ན་ནི་སྡུག་བསྔལ་སྐྱེད་པར་བྱེད་དོ
་མདོག་དང་མདངས་གཉིས་ལ་ཁྱད་པར་དུ་བལྟ་བ་ནི་མདོག་ནི་སྣུམ་ནག་ལ་སོགས་མ་ཡིན་ལ་མདངས་ནི་ལུས་ཀྱི་གཟི་བྱིན་ཡིན་ཏེ་ལུས་ཀྱི་མདོག་གསལ་བར་བྱེད་པའོ། །དེ་ལ་གྲིབ་མ་དང་གཟི་མདངས་གཉིས་དང་མི་ལྡན་པའི་སེམས་ཅན་ནི་གང་ཡང་མེད་དེ་ཁྱད
་བར་དུ་མི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་མཚན་མ་ཡང་གྲིབ་མ་དང་གཟི་མདངས་ཀྱི་སྟོན་ས་ཡིན་པར་ཤེས་པར་བྱའོ། །གཞན་ཡང་རྐང་པ་གཉིས་ཉེད་པ་དང། རྐང་པ་ས་ལ་འཕྲེ་བ་དང། རྐང་པ་གཡོ་བ་ན་འཆི་བདག་གི་དབང་དུ་སོད་པའོ། །ཁ་ཟས་མང་དུ་ཟོས་ཀྱང
་ཉམས་སྟོབས་བྲི?་བ་དང། མ་ཟོས་ཀྱང་ཉམས་སྟོབས་སྐྱེ་བ་འམ་ཁ་ཟས་མང་དུ་ཟོས་ཀྱང་བཤད་གཅི་ཉུང་བ་དང། མ་ཟོས་ཀྱང་མང་བ་དང། ཁ་ཟས་ཉུང་ངུ་ཟོས་ཀྱང་བད་ཀན་གྱིས་ཉམས་ཐག་པ་དང། དབུགས་རིང་དུ་འཐོན་ཅིང་འགོངས་ལ་འདུད་པ་ལྟར་བྱེད་པ་དང།
་དང་པོ་དབུགས་རིང་པོ་འཐོན་པ་ལས་འཇུག་ཏུ་དབུགས་ཐུང་ངུ་རྩེ་བ་ཐབས་སུ་བྱུང་སྟེ་གདུང་བ་ལྟར་ཤུགས་འབྱིན་པ་དང། དབུགས་ཐུང་ངུ་འབྱིན་ཅིང་གནད་དུ་བསྣུན་པ་ལྟར་ཤིན་ཏུ་འདར་བ་དང། རྩེའུ་ཆུང་འཁུམས་ཏེ་མགོ་ཤིན་ཏུ་བསྒུལ་དཀའ་བ་དང། དཔྲལ
་པ་ལ་རྡུལ་མང་པོ་མཆི་མའི་རྒྱུན་བཞིན་དུ་འབྱུང་བ་དང། ལྷུ་ཚིགས་བྱེ་སྟེ་རྐང་ལག་འཆལ་བ་དང། ཉམ་སྟོབས་ཆེ་ཡང་རུང་ཆུད་ཡང་རུང་ལྡད་པའི་ཚེ་དྲན་པ་ཉམས་ཤིང་འགྱེལ་བ་དང། གན་རྐྱལ་ཏུ་ཉལ་ཞིང་རྐང་པ་ཡང་དང་ཡང་བརྐྱང་བསྐུམ་བྱེད་པ་དང
་རྩིག་པ་དང་མལ་ཆ་ལ་སོགས་པ་ལ་ལག་པ་འདྲུད་པ་དང་རྒོད་པའི་རྒྱུ་མེད་པར་རྒོད་པ་དང། རྒྱུ་མེད་པར་མྱ་ངན་བྱེད་པ་དང། མཆུ་དང་སོ་ལ་ལྕེས་ཡང་དང་ཡང་དུ་ལྡག་པ་དང། ལྕེས་ཡ་མཆུ་ལྡག་ཅིང་མྱང་བར་བྱེད་པ་རྐན་ཡང་དང་ཡང་གཏོག་བ
་དང། ལུས་མདོག་ནག་པོ་དང། སེར་པོ་དང། དམར་སྐྱ་ལ་སོགས་པར་ཡང་དང་ཡང་འགྱུར་བ་དང། སྨན་པ་དང། ཟས་དང། སྨན་དང། བཏུང་བ་དང། བླ་མ་དང། བཤེས་གཉེན་རྣམས་ལ་ཞེ་སྡང་སྐྱེས་པ་ནི་འཆི་བདག་གི་དབང་དུ་གྱུར་པ་ཡིན་ནོ། །སྐྱེས་བུ་གང?
་མེའི་དྲོད་ཆུང་བ་དང། སེམས་མལ་གཅིག་ན་མི་གནས་པ་དང། མདོག་འགྱུར་བ་དང། རྟག་ཏུ་མྱ་ངན་གྱི་སེམས་གདུང་བ་ནི་མི་འཚོའོ། །ནད་པའི་སྔོན་དུ་བསྡོས་པའི་ཟས་དང། གཏོར་མ་བྱ་རོག་མི་འདོད་པ་དང། བཅུད་ཀྱིས་ལེན་ལ་སོགས་པའི་གཞི་མེད
་པར་བློ་བུར་དུ་མཁས་པར་འགྱུར་བ་དང། ལུས་ཤ་རྒྱས་པ་དང། གཟི་བྱིན་དང་མདངས་དང་ལྡན་ཞིང་མཛེས་པ་དང། དཔལ་ཐོབ་པར་བྱེད་པ་དང། གལ་ཏེ་སྔར་ཐོབ་པ་ལས་ཉམས་པ་དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག་པ་ཡིན་ནོ།།
་སྐྱེས་བུ་གང་ལ་སྐྱོན་གྱི་རྣམ་པ་རླུང་དང། མཁྲིས་པ་དང། བད་ཀན་གསུམ་དང། ཡོན་ཏན་གྱི་རྣམ་པ་རྡུལ་དང། མུན་པ་དང་སྙིང་སྟོབས་གསུམ་གྱི་རང་བཞིན་ཡོད་པ་ལས་བཞན་དུ་གྱུར་ན། དེ་ན་ནི་ཡང་རུང་མི་ན་ཡང་རུང་སྟེ་དེ་ནི་ངེས་པར་ཟླ་བ་དྲུག་གིས
་འཆི་བར་བསྟན་ཏོ། །གང་ལ་གུས་པ་དང། ཚུལ་ཁྲིམས་དང། དྲན་པ་དང། གཏོང་བ་དང། བློ་དང། སྟོབས་འདི་རྣམས་སྔར་ཡོད་པ་ལས་རྒྱུ་མེད་པར་ལྡོག་པར་བྱེད་ན་ཟླ་བ་དྲུག་གིས་འཆི་བར་འགྱུར་རོ། །སྐྱེས་བུ་གང་ཆང་གིས་མྱོས་པ་ལྟར་འགྲོ་བ་དང།
་ཚིག་འདར་ཞིང་རྨོངས་པ་ང་ཡང་ཚ་ཟད་པ་ཡིན་ནོ། །གང་གི་སྐྲ་ལ་ལས་པས་ཉུག་པས་ཚོར་བ་མེད་པར་རང་འབྱིན་ཞག་དྲུག་གིས་འཆི་བར་སྟོན་ཏོ། །ལྐོག་མའི་ནད་མེད་བཞིན་དུ་ཟས་གྲིབ?་ནས་མར་འགྲོར་མི་འདོད་པ་དང། ནད་པ་ལ་ནད་གཡོག་སྔར
་བརྩེ་བ་ཡིན་པ་ལ་ཕྱིས་བརྩེ་བ་ཆུང་བ་འམ། འདོར་བ་ལྟར་སྣང་ན་ཡང་ཆོ་གཏུགས་པ་ཡིན་ནོ། །སྐྱེས་བུ་གང་ཉིན་མཚན་གཉིད་ལོག་པར་བྱེད་དམ། ཡང་ན་ཡ་མང་པར་བྱད་ན་ཡང་དེ་ལྟར་བལྟའོ། །རྒྱུ་མེད་པར་མཆི་མ་མང་པོ་འོང་བ་དང། རྒྱུ་མེད་པར
་རྐང་པ་རྡུལ་བ་དང་མིག་དམར་པོར་གྱུར་ན་གཤིན་རྗེའི་གནས་སུ་འགྲོ་བར་འགྱུར་རོ། །དངོས་པོ་གང་ལ་སྔོན་དགའ་བ་ལ་ཕྱིས་སྐྱོ་བ་འམ། ཞེ་སྡང་ན་ཡང་ཚུལ་གོང་མ་ལྟར་སྦྱར་རོ། །སྐྱེས་བུ་གང་ལ་རིམས་ལ་སོགས་པའི་མཚན་ཉིད་ངེས་པར་ཚབས
་ཆེར?་ལྟར་སྣང་ལ་སྨན་དཔྱད་མ་བྱས་པར་ཞི་བ་ལྟར་བྱེད་ན་འབྲལ་འཆི་བའི་རྟགས་སོ། །རིམས་ཀྱི་མཚན་ཉིད་ཚབས་ཆེར་བྱིང་པ་དང། རྒྱུན་རིང་དུ་ན་བ་དང། ཚབས་ཆེར་ན་བ?་དང། འཁོར་བ་དང། དབུགས་མི་བདབ་དང། སྐྲངས་པ་དང། མེའི་དྲོད་ཉམས
་པ་དང། སྟོབས་དང་ལྡན་པ་དང། ཚིག་མི་གསལ་བ་དང། མིག་དམར་བ་དང། སྙིང་དུ་ཟུག་པ་དང། མཚན་ཉིད་འདི་ལྟ་བུ་དང་ལྡན་པའི་རིམས་ཀྱང་འཆི་བའི་མཚན་མ་ཡིན་ནོ། །རིམས་ནད་ལས་སྔ་དྲོ་ལུང་པ་འགོགས་སུ་མི་བཏུབ་པ་སྐམ་པོ་འབྱུང་ལ། ཕྱི་དྲོ་ལུང་པ
་མཆིས་མ་ཅན་འབྱུང་བ་དང། སྟོབས་དང་ཤ་ཟད་ན་དེ་ཡང་འཆི་བའི་རྟགས་སོ། །ཁྲག་དང་མཁྲིས་པ་ཤས་ཆེར་འཁྲུགས་པའི་ཁྲག་མདོག་གནག་པ་དང། ཚོན་གྱི་མདོག་འདྲ་བ་དང། དམར་པོ་དང། སེར་པོ་དང། ལྗང་གུའི་མདོག་ཏུ་སྣང་བ་དང། བ་སྤུའི་ཁུང་བུ
་ནས་ཁྲག་འཛག་པ་དང། དང་ཀ་ནས་ཁར་ཁྲག་མང་པོ་འབྱུང་ཞིང་བརྒྱལ་བ་དང། ཁྲག་དེ་ཡང་ཤུགས་ཡང་དང་ཡང་དུ་འབྱུང་བ་དྲི་མི་ཞིམ་ཞིང་གོས་ལ་འཇེན་པ་དང། ཤིན་ཏུ་རྒྱས་པ་སྐྱ་སྦབ་དང། རིམས་ཀྱིས་བཏབ་པ་དང། མཚན་མ་འདི་དག་དང
་ལྡན་ན་སྲོག་གི་དབང་པོ་འདས་པ་ཡིན་ནོ། །ལུང་པ་དང་དབུགས་མི་བདེ་བའི་ནད་ལ་རིམས་དང་སྐྱུག་བྲོ་བ་དང། སྐོམ་དང་ཚ་བ་དང། འཁྲུ་བ་དང། སྐྲད་པའི་བླ་གཉན་ཡོད་ན་ཡང་མི་འཆིའོ། །གཅོད་ཆེན་པོའི་ནད་ལ་རྩིབས་ལོགས་གཡས་གཡོན་ཏུ་ཟུག་ཅིང
་ན་བ་དང། ལྟོ་ལྦོ?་བ་དང། ཁྲག་གིས་སྐྱུག་པ་དང། ལུས་ཚ་བ་དང་བཅས་པའི་ནད་པ་དེ་ནི་སྲོག་གི་རྒྱུན་འགག་པར་སྟོན་ཏོ། །སྐྱུག་པའི་ནད་ལ་ནང་དུ་སྐྱུག་པ་དང། བཤང་གཅིའི་དྲི་བཞིན་དུ་སྨོན་པའི་དྲི་མི་ཞིམ་པ་དང། རྨ་བྱའི་མདོངས་བཞིན་དུ་ཚོ་ན་སྣ་ཚོགས་སུ
་སྐྱུག་པ་དང་དེ་ཡང་ཁྲག་དང་བཤད་བ་དང། རྣག་དང། ནད་དང་བཅས་པ་དང། ལུད་པ་ལུ་བ་དང། དབུགས་མི་བདེ་བ་དང་ལྡན་ན་དེ་ནི་ངེས་པར་ཕ་རོལ་དུ་འཕོ་བའོ། །སྐོམ་དང་ཆེ་བའི་ནང་ལ་སོགས་པའི་ནད་གཞན་གྱི་རྐྱེན་གྱིས་ལུས་སྐམས་པ་དང།
་ལྕེ་ཕྱིར་འབྱིན་པ་དང། དྲན་པ་མི་གསལ་པ་དེ་ནི་ཚེ་འདི་སྤངས་པ་ཡིན་ནོ། །ཆད་ནད་ལ་ནི་ཤིན་ཏུ་གྲང་བས་ཉམས་ཐག་པ་དང། ལུས་ཀྱི་ཤ་བྲི་བ་དང། ཏིལ་མར་གྱིས་བསྐུས་པ་འདྲ་ན་འཆི་བའི་རྟགས་སོ། །གཞང་འབྲུམ་གྱི་ནད་ལ་ལག་པ་དང། རྐང་པ་དང།
་ལྟེ་བ་དང། བཤང་བའི་ལམ་དང། འབྲས་བུ་རྣམས་སྐྲངས་པ་དང། སྙིང་དང་རྩི་བས་ལོགས་དང་ཡན་ལག་རྣམས་ན་བ་དང། སློན་པ་དང་གཞང་འབྲུམ་སྨིན་ཅིང་རིམས་དང་བཅས་པ་ནི་འཆི་བའི་མཚན་མའོ། །ཆད་པས
་འཁྲུ་བ་ལ་འཁྲུ་བའི་མདོག་མཆེར་བའི་དུམ་བུ་འདྲ་བ་དང། ཤ་བཀྲུས་པའི་ཆུ་འདྲ་བ་དང། ནག་སྨུག་དུ་འབྱུང་བ་དང། ཏིལ་མར་ལྟ་བུ་དང། མར་ལྟ་བུ་དང་འོ་མ་ལྟ་བུ་དང། རྐང་ལྟ་བུ་དང། ཚིལ་ལྟ་བུ་དང། བུ་རམ་ཆུ་དང། ཀླད་པ་ལྟ་བུ་དང།
་སྣག་ཚ?་བུ་དང། དྲི་མ་ནམ་པ་དང། ཤ་བཙོས་པ་ལྟ་བུ་དང། སྦྲང་རྩི་ལྟ་བུ་དང། ཤིན་ཏུ་དམར་པ་དང། གནག་པ་དང། སྣུམ་པ་དང། རྣག་འདྲ་བ་དང། ཤིན་ཏུ་དང་བ་དང། བསྐ་བ་དང་མདོག་སྣ་ཚོགས་སུ་འབྱུང་བ་དང། མ་ཚོར་བར་རང?
་འབྱུང་བ་དང་བཤད་པ་མང་བ་དང། ཡང་ན་མེ་མེད་པ་དང། ཁ་ཆུ་ལྟ་བུ་དང། འབྱར་བག་སྤྲད་མ་འཛིན་པ་དང། གྲ་མ་ལྟ་བུའི་རི་མོ་ཅན་དང། ཟླ་བ་ལྟ་བུའི་ཐིག་ལ་ཡོད་པ་དང། གཞང་ཕྱིར་ཕྱུང་སྟེ་བཀས་པ་འདྲ་བ་དང། རུས་པ་དང
་ཚིགས་ཐམས་ཅད་ན་བ་དང། བཤང་སྒོ་འཛུམ་མི་ནུས་པར་གདངས་པ་དང། སྟོབས་ཟད་པ་དང་གཞང་ཕྱིར་བྱུང་ཞིང་ནང་དུ་ཞུགས་པ་དང། སྐོམ་དང་ཆེ་བ་དང། དབུགས་མི་བདེ་བ་དང། སློན་པ་དང། ལུས་ཚ་བ་དང། ལྟོ་ལྦོས་པ་དང། སྒྲ་དང
་བཅས་པར་འབྱུང་བ་དང། མཚན་མ་འདི་དག་དང་ལྡན་ན་ངེས་པར་སྲོག་འཇོམས་པ་ཡིན་ནོ། །རྡེའུས་འགགས་པ་ལ་ནི་རླིག་པ་སྐྲངས་པ་དང། གཅིན་འགག་ཅིང་ནད་ཀྱིས་ཉམས་ཐག་པ་ནི་འཆིའོ། །གཅིན་སྙི་བ་ལ་ནི་སྐོམ་དང། ཚ?་བ་དང། ལུས
་ཚ་བ་དང། ཤ་སྐྲངས་པ་དང། འཁྲུ་བ་དང། གནད་རྣམས་སུ་ཚད་འབྲུམ་བྱུང་སྟེ་སྙིང་དང་རྒྱབ་ན་བ་དང། ནུ་མ་དང། ཕྲག་པ་དང། བཤད་པའི་ལམ་དང། མགོ་བོ་དང། ཚིགས་རྣམས་དང། ལག་པ་དང། རྐང་པ་དང། གནས་དེ་དག་གང་ཡང་རུང
་པར་ཚད་འབྲུམ་བྱུང་བ་དང། སེམས་ཞུམ་པ་དང། འདི་རྣམས་དང་བཅས་ན་སྲོག་རིང་པོ་མི་ཐུབ་བོ། །མེ་དབལ་གྱི་གནད་ལ་ལུས་ཐམས་ཅད་ལ་མཆེད་ཅིང་མྱགས་པ་དང། རྣག་འཛག་ཅིང་ལུས་ཚ་བ་དང། སྐོམ་དང་ཆེ་བ་དང། རིམས་ཀྱིས་འདེབས་པ་དང།
་ཚིགས་ཐམས་ཅད་རེངས་པ་དང། སྐྱིགས་བུ་དང། དབུགས་མི་བདེ་བ་དང། ཀླད་པ་འཁོར་བ་དང། ལུས་ངལ་བ་དེ་དག་དང་ལྡན་ན་འཆི་བར་སྟོན་ཏོ། །སྐྲན་གྱི་ནད་ལ་སྐྲན་ཉིད་ཚབས་ཆེར་ཟླུམ་ལ་ཆེ་བ་དང། རྔོ་བ་བཞིན་དུ་སྲ་བ་དང། རུས་སྦལ་གྱི་རྒྱབ།
་བཞིན་དུ་ཕྱི་རློབ་དང། སྐྲན་གྱི་སྟེང་དུ་རྩ་སྣང་བ་དང་རིམས་ཀྱིས་འདེབས་པ་དང། སྐྱུག་པ་དང། སྐྱིགས་བུ་དང། ལྟོ་ལྦོ་བ་དང། དེ་ཡང་ཟུག་ཟེར་དང་བཅས་པ་དང། ལུད་པ་ལུ་བ་དང། ཆམ་པས་བཏབ་པ་དང། སྙིང་ན་བ་དང། དབུགས་མི་བདེ་བ་དང།།
་འཁྲུ་བ་དང། སྐྲང་བ་དང། འདི་དག་དང་ལྡན་ན་སྤང་བར་བྱའོ། །དམུ་རྫིང་གི་ནང་དུ་བཤད་གཅི་ནང་དུ་གསོགས་ཤིང་ཕྱིར་མི་འབྱུང་བ་དང། དབུགས་མི་བདེ་བ་དང། སྐྲང་བ་དང། སྐྱིགས་བུ་དང། རིམས་ཀྱིས་འདེབས་པ་དང། འགྲོ་འཁོར་བ་དང། བརྐྱལ་བ
་དང། སློན་པ་དང། འཁྲུ་བ་དང། ཉམས་ཆུང་བ་དང། མིག་མཆུ་སྐྲངས་པ་དང། ཕོ་མཚན་སྐྲང་ཞིང་ཡོན་པོར་འདུག་པ་དང། ལྟོ་བའི་པགས་པ་ལས་ཆུ་འཛག་པ་དང། བཀྲུ་སྨན་གྱིས་བཀྲུས་ན་ཡང་ལྟོ་བ་ཕྱིར་ཞིང་སྐྱེ་བ་དང། མངོན་རྟོགས་འདི་དག་ཡོད
་ན་ངེས་པར་འཆི་བའི་རྟགས་སོ། །སྐྱ་རྦབ་ཀྱི་ནད་ལ་ནི་སྐྲང་བ་དང། མིག་དང་སེན་མོ་སེར་པོར་སྣང་བ་དང། སྙོམས་པ་དང། ལུས་ཚ་བ་དང། ཡི་ག་མཆུས་པ་དང། སློན་པ་དང། བརྒྱལ་བ་དང། ལྟོ་རྒྱས་པ་དང། འཁྲུ་བ་དང། འདི་རྣམས་ཀྱི་མཚན་མ་དང
་བཅས་པའི་སྐྱ་རྦབ་ནི་མཆི་བའི་རྟགས་སོ། །སྐྲང་བའི་ནད་ལ་ནི་ནད་ཀྱི་བླ་གཉན་སྣ་ཚོགས་དང་ལྡན་ཞིང་རྐང་པ་གཉིས་ལས་ཡང་སྐྲངས་ཏེ་གདོང་དུ་ཕྱིན་པར་སྐྲང་པ་ནི་སྐྱེས་པ་འཆི་བའི་རྟགས་ཡིན་ལ། གདོང་ནས་མ་བརྐང་པར་ཕྱིན?་པར་སྐྲང་བ་ནི་བུད་མེད་འཆི་བའི
་རྟགས་སོ། །དཀུ་དང་ཕོ་མཚན་ལ་སྐྲངས་པ་བྱུང་བ་དང། སྐྲངས་པའི་སྟེང་དུ་རྩ་བྲ་མོས་ཁེབས་ཏེ་ཆུ་འཛག་པ་དང། སྐྱུག་པ་དང། རིམས་དང། དབུགས་མི་བདེ་བ་དང། འཁྲུ་བ་དང། གཞན་ཡང་ཐོག་མར་རིམས་ཀྱིས་བཏབ་པ་དང། ཡང་ན་འཁྲུ
་བས་བཏབ་སྟེ་མཉམས་ཉུང་བའི་སྟེང་དུ་སྐྲངས་ནད་འབྱུང་བ་འམ། ཡང་ན་སྐྲངས་ནད་ཀྱིས་ཉམས་ཆུང་བ་ལས་རིམས་སམ་འཁྲུ་བས་བཏབ་པ་དང། ཁྱད་པར་དུ་ཉམས་ཆུང་བ་ལ་སྐྲངས་ནད་འབྱུང་ན་ལུས་འཇོམས་པར་བྱེད་དོ། །སྐྱེས་བུ་གང་གི་ལུས་རྐང་པ་ནས
་སྐྲང་བ་ཟུག་སྟེ། བྱིན་སྙིང་དང་བརླ་འོག་ཏུ་སྐྲངས་ཏེ་རང་བཞིན་ལས་ཉམས་ནས་ལག་པ་དང་ཤ་ལྷོད་པར་འདུག་ན་ངེས་པར་སྤང་བར་བྱའོ། །གདོང་དང་ལག་པ་དང་རྐང་པ་ལྷག་པར་སྐམས་པ་སྐྲངས་པ་ན་དེའི་འབྱུང་བ་ཆེན་པོ་ལྔ་ནི་ཐ་དད་པར་རིག་པར་བྱ
་སྟེ། ཟླ་བ་གཅིག་གིས་སྲོག་འདོར་བར་བསྟན་ཏོ། །མེ་དཔལ་གྱི་ནད་ཀྱིས་བཏབ་པ་ནི་ཁ་དོག་སྣ་ཚོགས་སུ་སྣང་བ་དང། རིམས་ཀྱིས་འདེབས་པ་དང། བརྒྱལ་བ་དང། ཡན་ལག་རྣམས་གྲུགས་པ་དང། མགོ་འཁོར་བ་དང། ཁ་བསྐམས་པ་དང། སྙིང་ན་བ་དང།
་ལུས་སྟོབས་ཆུང་བ་དང། འཁྲུ་བ་ནི་འཆི་བར་བསྟན་ཏོ། །མཛེ་ནད་ལ་ནི་ཡན་ལག་ཆད་པ་དང། མིག་དམར་བ་དང། སྐད?་ཞོམ་པ་དང། མ་དྲོད་ཉམས་པ་དང། སྲིན་བུ་རྣམས་བསྟེན་པ་དང། སྐོམ་དང་ཆེ་བ་དང། འཁྲུ་བ་དང་འདི་དག་དང་ལྡན་ན་འཆི་བའི་
་མཚན་མའོ། །རླུང་ནད་ལ་ནི་པགས་པ་ཚོར་བ་མེད་པ་དང། ཚིགས་རྣམས་བྱེ་བ་དང། ལུས་འདར་བ་དང། སྐྲང་བ་དང། ཟུག་ཟེར་བྱེད་པ་དང། འདི་དག་དང་ལྡན་ན་ངེས་པར་འཆིའོ། །དྲེག་ནད་ལ་ནི་རྨོངས་བག་ཏུ་འདུག་པ་དང། བརྒྱལ་བ་དང། འཛེག་པ་དང།
་གཉིད་ཆེ?་བ་དང། རིམས་ཀྱིས་འདེབས་པ་དང། མགོ་རེངས་པ་དང། ཡིག་འཆུས་པ་དང། དབུགས་མི་བདེ་བ་དང། རྐང་ལག་འཁུམས་པ་དང། འབྲུམ་བུ་འབྱུང་བ་དང། ཤ་སྐེམ་པ་དང། འདི་དག་ནི་འཆི་བའི་མཚན་མའོ། །གཞན་ཡང་འཆི་བའི་མཚན་མ
་ནི། མགོན་པ་དང། ཡི་ག་འཆུས་པ་དང། དབུགས་མི་བདེ་བ་དང། རྨོངས་པ་དང། རྟག་ཏུ་འཁྲུ་བ་དང། སྐོམ་དང་ཆེ་བ་དང། མགོ་འཁོར་བ་དང། ནད་སྣ་ཚོགས་པས་ལུས་ཀྱི་སྐད་དང་ཁམས་ཀྱི་སྟོབས་དང་མེའི་དྲོད་ཉམས་ཏེ་ཟད་པར་བྱེད་ན་འཆི་བ་ཡིན་ནོ་ཞེས་བཤད་པ
་ཡིན་ནོ། རླུང་གི་ནད་དང། བརྗེད་བྱེད་དང། མཛེ་དང། ཁྲག་གི་དམུ་རྫིད་དང། ཟད་བྱེད་ཀྱི་ནད་དང། སྐྲན་དང། གཅིན་སྙི་བ་དང། ནད་འདི་རྣམས་གང་ཡང་རུང་བས་ལུས་ཤིན་ཏུ་ཉམ་ཆུང་བའམ། རིང་པ་ལ་བཏབ་ན་ནི་ནད་ཚབས་ཆུང་ཡང་རིང་དུ་སྤང་བར་བྱའོ། །ནད
་གང་གི་སྟོབས་དང་ཤ་ཟན་ལ་ནད་ཀྱང་འཕེལ་ཏེ་ཡིག་འཆུས་པ་ནི་ཟླ་བ་ཕྱེད་དང་གཉིས་ན་འཆི་བར་བསྟན་ཏོ། །རླུང་ལས་གྱུར་པའི་རྔོའི་རྟུན་བུ་ལྟ་བུ་ཞེས་བྱ་བའི་ནད་ཡོད་དོ། །དེ་ཡང་སྙིང་ལ་གནས་ན་ཕལ་ཆེར་འཕེལ་ཞིང་རྒྱས་པ་དང། སྐོམ་དང་ཤིན་ཏུ་ཆེ་བར
་གྱུར་ན་འཕྲལ་འཆི་བའི་རྒྱུའོ། །རླུང་ནད་ཀྱིས་བྱིན་པ་ཤིན་ཏུ་ལྷོད་པར་གྱུར་པ་དང། ལུས་ཤ་ཟས་ཅིང་རྩེ་འུ་ཆུང་བ་འམ། སྣ་ཡོན་པོར་འཆུས་པར་སྣང་ན་འཕྲལ་འཆི་བར་སྟོན་ཏོ། །ཡང་ན་ལྟེ་བ་འམ་རྐརུབ་ཀྱི་ནད་དམ། བརླ་དབྲག་གི་ནང་དུ་རླུང་ཞུགས་ཏེ། ཚབས
་ཆེར་ཟུག་ཟོར་བྱེད་ན། དེ་མ་ཐག་ཏུ་ཚེ་འཕྲོག་གོ་།ཡང་ན་ལུས་ཤིན་ཏུ་ཉམས་ཆུང་བ་ལ་རླུང་ཤིན་ཏུ་སྟོབས་དང་ལྡན་པ་སྙིང་དམ་བཤད་པའི་ལམ་ལ་གདགས་ཏེ། སྟོད་སྨད་ཀྱི་རྒྱུ་བ་བཀག་ན་དེ་ཉིད་དུ་འཆི་བའི་མཚན་མའོ། །ཡང་ན་ལྟེ་བ་དང་ཆུས་སོ་དང
་མགོ་རྣམས་སུ་རླུང་གིས་དྲི་མ་རྣམས་བཀག་སྟེ་ཟུག་ཟེར་དྲག་པོ་མྱོང་ན་འཕྲལ་འཆི་བའི་མཚན་མའོ། ཡང་ན་བརླ་དབྲག་གཉིས་སུ་རླུང་ཞུགས་ཏེ་སྐོམ་དང་སྐྱེད་ཅིང་བཤད་པ་སླ་བར་འབྱུང་ན་སྲོག་གི་རྒྱུན་འཕྲལ་འགག་གོ་།ཡང་ན་རླུང་བཤང་བའི་ལམ་དང་རྒྱུ་སྨད་ལ་བརྟེན
་ནས་ཟུར་དུ་རྒྱུ་བ་བཀག་ཅིང་གྱེན་དུ་དབུགས་མི་བདེ་བ་བྱེད་ན་སྲོག་འཕྲལ་འཕྲོག་གོ་།ཡང་ན་རླུང་བྲང་ལ་བརྟེན་ནས་དེ་ཡང་རླུང་ཤིན་ཏུ་དྲག་ཅིང་བསྟན་པས་ཁོང་པའི་ནད་དང་རྩིབ་མའི་རྩེ་མོ་བྱེ་བ་ཙམ་དུ་བྱས་ཏེ་མིག་བགྲང་ན་དེ་མ་ཐག་ཏུ་འཆིའོ། །བློ་བུར་དུ་རིམས
་དྲག་པོས་ཐེབས་ཤིང་ཚ་བས་གདུངས་ལ་སྐོམ་དང་ཆེ་བ་དང། བརྒྱལ་བ་དང། ཉམ་སྟོབས་ཟད་པ་དང། ཚིགས་རྣམས་བྱེ་བ་ནི་འཕྲལ་སྲོག་འཇོམས་སོ། །ནད་པར་བ་ལང་གཟས་ལ་བཏང་བའི་དུས་སུ་གདོང་ལ་རྡུལ་ཚབས་ཆེར་འབྱུང་ཞིང་ཁའི་ནང
་ན་བཀན་ནམ་དྲི་མས་བསྒོས་པ་དང། རིམས་ཚ་བས་གདུངས་ན་དེའི་འཚོ་བ་ནི་ཤིན་ཏུ་རྙེད་དཀའ་ཨོ། །འབྲུམ་པ་ཕྲ་མ་བྱུ་རུའི་མདོག་འདྲ་བ་ལུས་ལ་བྱུང་སྟེ། དེ་མ་ཐག་ནང་དུ་ནུབ་ན་ཡུན་མི་རིང་བར་འཚོ་བ་འགག་གོ་།ཡང་ན་འབྲུམ་བུའི་མདོག་སྲན་ཆུང་ཤུན་པ
་བཤུས་པ་འམ། ཡང་ན་བྱུ་རུའི་མདོག་ལྟར་དམར་བ་ཁ་ནང་དུ་བལྟས་པ་ཚད་མ་འབྲུམ་ཐབས་སུ་བྱུང་ན་ཁྱད་པར་དུ་ལུས་འཇོམས་པར་བྱེད་དོ། །མིག་སེར་བཞིན་དུ་གདོང་ཐམས་ཅད་སེར་པོར་གྱུར་ཅིང་མུར་འགྲམ་གྱི་ཤ་ཟད་དེ་དངས་པ་དང། ལུས་དྲོད་ཆེ་བ་གང
་ཡིན་པ་དེ་ནི་སྤང་པར་བྱའོ། །སྔར་ལུས་ལ་རྨ་ཡོད་པ་ལས་རྨ་བློ་བུར་སྣང་བ་ལྟར་སྣང་ཞིང་དེ་ཡང་མེ་དཔལ་བཞིན་དུ་མྱུར་དུ་མཆེད་པར་བྱེད་ན་འདི་ཡང་སྤང་བར་བྱའོ། །གཞན་ཡང་རླུང་ལས་གྱུར་པའི་རྨ་ལ་ཟུག་ཟེར་མེད་པ་དང། མཁྲིས་པ་ལས་བྱུང་བའི་རྨ་ལ
་ཚ་བ་བྱུང་བ་དང། བད་ཀན་ལས་གྱུར་པའི་རྨ་ལ་རྣག་མེད་པ་དང། གནད་དུ་བྱུང་བའི་རྨ་ལ་ནད་མེད་པ་དང། རྨའི་ནང་དུ་ཕྱེ་མས་མ་བཏབ་བཞིན་དུ་ཕྱེ་མས་གང་བ་ལྟར་སྣང་བ་དང། དེ་བཞིན་དུ་རྨ་ལ་རྒྱུ་མེད་པར་མདུང་ཐུང་དང། རྒྱལ་མཚན་དང་མངའ་བོ་ཆེ་ལ
་སོགས་པའི་གཟུགས་སུ་སྣང་ན། འདི་དག་ཀྱང་ཐག་རིང་དུ་སྤང་པར་བྱའོ། །མཚན་པར་རྡོལ་གྱི་ནད་ལས་བཤང་གཅི་གཉིས་ཀརྨ་ལས་འབྱུང་བ་དང། རྨ་ལས་འབུ་སྐྱེས་པ་དང། པུས་མོ་རང་རྐང་པ་གཉིས་གཅིག་ལ་གཅིག་ཉེད་པར་བྱེད་པ་དང། ཡང་དང་ཡང་ཁ་མྱང་བར་བྱེད
་ན་དེ་ནི་འཚོ་བ་སྤངས་པ་ཡིན་ནོ། །ནད་པ་སེན་མོ་སོས་གཅོང་བ་དང། སེན་མོ་སྐྲ་འབལ་བ་དང། སེན་མོས་རྩ་གཅོད་བ་ལྟ་ན་དེ་ཡང་འཆི་བའི་རྟགས་སོ། །ཤིང་བུས་ས་ལ་རི་མོ་འདྲི་བ་དང་བོང་བའི་འབེན་ལ་བོང་བས་རྡེག་ན་དེ་ཡང་འཆི་བ་ཡིན་ནོ། །ནད་པའི་བ་སྤུ་ལངས་པ་དང། གཅིན
་བསྐ་བར་འབྱུང་བ་དང། ལུད་པ་སྲ་བ་དང། རིམས་ཀྱིས་འདེབས་པ་ཡང་སྲག་ངེས་པར་འབྲལ་ལོ། །ནད་པ་ཡང་དང་ཡང་དུ་དགོང་པ་དང། སྐད་ཆེན་པོ་འདོན་པ་དང། སྟན་ལ་རྐང་པ་རྡེབས་པ་དང། སྣ་ལ་སོགས་པའི་བུ་ག་འབུད་པར་བྱེད་ན་འཆི་བའི་མཚན་མའོ། །ནད་པ་ལ་བློ་བུར་དུ་གདོང་ལ་ངོ
་ཤིག་ཐིག་ལེ་ལྟ་བུ་བྱུང་བ་དང། སོ་དང་སེན་མོ་ལ་བློ་བུར་དུ་ཐིག་ལེ་དཀར་པོ་བྱུང་བ་དང་ལྟོ་བའི་སྟེང་རྩའི་དྲ་བ་སྣ་ཚོགས་བཀྲ་བ་དང་ནད་པ་དབུགས་གྱེན་དུ་དབྱུང་ཞིང་དྲོད་ཡལ་བ་དང། བརླ་དབྲག་ཏུ་གཟེར་བ་དང། བདེ་བ་ཐོབ་པ་མྱོང་ན་བློ་དང་ལྡན་པ་དེའི་ཕྱིར་མི་སྦྱང་སྟེ་དོར་བར་བྱའོ།།
་ནད་ལ་སོགས་པའི་འགྱུར་བ་ནི་ཤས་ཆེར་འཕེལ་ལ། རང་གི་རང་བཞིན་ནི་ཡོངས་སུ་ཉམས་ཏེ། དེ་ཡང་འཕྲལ་ལ་འགྱུར་ན་དེ་མ་ཐག་འཆི་བར་འགྱུར་རོ། །འཕྲལ་སྨན་པས་ནད་པའི་དོན་དུ་སྨན་གྱི་སྦྱོར་བ་འབད་ནས་བསྒྲུབས་ན་ཡང་བར་ཆད་ལ་སོགས་པས་དོན་དུ་མ་གྱུར་ན་ཡང་འཆི་བའི་རྟགས་སོ།།
་སྨན་པ་མཁས་པ་ལས་མང་པོ་གོམས་ཤིང་གྲུབ་པས་ལུང་ལས་འབྱུང་བའི་ཆོ་ག་ཇི་སྙེད་པ་རྣམས་སྤྱད་ཀྱང་མ་གྲུབ་སྟེ། ནད་མ་ཞ་ན་དེ་ལ་གསོ་བའི་ཐབས་མེད་དོ། །ཡང་ན་སྨན་པས་ཟས་དང་སྨན་ལ་སོགས་པ་ཚུལ་བཞིན་དུ་སྦྱར་ན་ཡང་ཕྱིན་ཅི་ལོག་ཏུ་རོ་དང་ནུས་པ་ལ་སོགས་པ
་གཞན་དུ་གྱུར་ན་ཡང་དེ་ནད་མེད་པ་ཡིན་ན་ཡང་མི་འཚོའོ། །ནད་པའི་གནས་སུ་ཤིང་སྐམ་པོ་མེ་སྦར་ཏེ་དེར་རླུང་ཡང་མ་བྱུང། ཆུས་ཀྱང་མ་བླུགས་བཞིན་དུ་མེ་འབར་བ་ཡང་དང་ཡང་ཤི་བ་དང། སྣོད་ཀྱི་རྣམ་པ་གང་ཡང་རུང་བ་ལག་པ་ལ་སོགས་པའི་ནང་ནས་མས་བཏང་བཞིན་དུ་ལྷུང
་ཞིང་འཆག་པ་ནི་ངེས་པར་འཆི་བར་བསྟན་ཏོ། །སྐྱེས་བུ་གང་གི་ལུས་ཤིན་ཏུ་ཉམས་ཆུང་ཞིང་ནད་ཀྱིས་གཟེར་བ་ཡིན་པ་ལས་བློ་བུར་དུ་སོས་པ་ལྟར་བྱེད་པ་དང། ཡང་ན་ནད་ཟུག་ཟེར་དང་བཅས་པ་ཉམས་ཐག་ན། འཆི་རྟགས་སུ་རིག་པར་བྱའོ། །ཉེ་དུ་རྣམས་ཀྱིས་ནད་པའི་སོས
་ཤིའི་བྱེ་བྲག་དྲིས་ཀྱང་སྨན་པས་སྨྲ་བར་མི་བྱ་སྟེ། འཆི་རྟགས་དང་ལྡན་བཞིན་དུ་གསོ་བའི་སྤྱད་ཀྱང་མི་བྱའོ། །གཤིན་རྗེའི་ཕོ་ཉ་དང་ཤ་ཟ་ལ་སོགས་པ་ནད་པའི་དྲུང་དུ་བསྟེན་ནས་ནད་པའི་སྲོག་འཕྲོག་པར་བྱ་བའི་ཕྱིར་སྨན་གྱི་མཐུ་སྟོབས་དང་ནུས་བཟང་ཅིང་ཆུད?་གསོན་པར
་བྱེད་དེ་དེ་བས་ན་དེ་ནི་སྤང་བར་བྱའོ། །དེ་ལ་ཚེའི་རིག་བྱེད་འདི་དག་ཐམས་ཅད་བདག་གིས་རང་བཟོར་བྱས་པ་མ་ཡིན་གྱིས་རིག་བྱེད་ལ་མཁས་པའི་སྨན་པ་རྣམས་ཀྱིས་གསུངས་པའི་ལུང་བསྟན་ཏེ་བཤད་ཅིང་བསྟན་པ་ཡིན་ནོ། །དེ་བས་ན་འཆི་རྟགས་ཀྱི་མཚན
་ཉིད་ལ་བརྩོན་པ་དང་བཅས་པས་མཁས་པར་བྱ་བ་དང་རྟོགས་པར་བྱའོ། །ཡང་ནི་ན་བ་དང་མི་ན་བའི་མཚན་ཉིད་ལ་མཁས་ཤིང་བྱེ་བྲག་ཕྱེད་ན་སྨན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་སྨན་པ་ཞེས་བྱ་བ་ནི་ནང་མི་འབྱུང་བ་ལ་མཁས་པ་དང། ནད་གསོ་བ་ལ་མཁས་པ་ནི་ཟུག
་རྔུ་འབྱིན་པ་ཞེས་བྱའོ། །མདོར་ན་ན་བ་དང་མིན་པའི་བྱེ་བྲག་ལ་མཁས་པ་དང། ནད་པ་ལ་འཆི་ལྟས་མེད་ཅིང་ཚེ་ཡོད་པར་ཤེས་ལ་དེ་གསོ་བ་འམ། སྲུང་བ་ལ་མཁས་པ་ནི་ཚེའི་རིག་བྱེད་ཀྱི་འབྲས་བུ་ཡིན་ནོ། །དེ་ལ་འཆི་བ་ཞེས་བྱ་བ་ནི་སྲོག་དང་བྲལ་བ་ཡིན་ལ་འཆི་བ་དེ་ནི
་སྔོན་གྱི་དྲང་སྲོང་མཁས་པ་དང་ལྡན་པ་རྣམས་ཀྱིས་རྣམ་པ་བཞིར་ཤེས་ཏེ། དེ་ཡང་ཚེ་ཟད་ནས་ཤི་བ་དང། བསོད་ནམས་ཟད་ནས་ཤི་བ་དང། དེ་གཉིས་ཀ་ཟད་ནས་ཤི་བ་དང། དུས་མ་ཡིན་པར་འཆི་བ་བཞིའི་ཚུལ་དུ་ཤེས་ནས་བསྟན་པ་ཡིན་ནོ་ལུས་ཀྱི་གནས་ལས་ལུས་མདོག་དང
་ཚུལ་སྤྱོད་ལས་འཆི་ལྟས་འབྱུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བར་ཆེན་ལ་སོགས་པའི་མཚན་མ་དགེ་བ་ལས་འཆི་ལྟས་བརྟག་པའི་ལེའུ་དྲུག་པ་བཤད་པར་བྱའོ།། །།སྨན་པའི་གན་དུ་ནད་པའི་ཕོ་ཉ་སྦྲོན་དུ་འོངས་པ་ན་ཡ་མཚན་ཅན་རབ་ཏུ་བྱུང་བ་དང།
་བྲམ་ཟེ་ལ་སོགས་པ་རིགས་བཞི་པོ་རང་པ་རང་གི་རིགས་དང་མཐུན་པའི་འཕྲིན་པ་འོངས་ན་ནི་ལས་གྲུབ་པའི་མཚན་མའོ། །གལ་ཏེ་ཡ་མཚན་ཅན་ལ་སོགས་པ་གོང་མའི་རིགས་ལས་འཆོལ་བ་འམ། གཞན་པའི་ཕོ་ཉ་བྱུང་ན་ནི་གསོ་བའི་ལས་མི་འགྲུབ་པའི་རྟགས་སོ། །ཅི་སྟེ་རང
་གི་རིགས་དང་མཐུན་པའི་ཕྲིན་པ་འོངས་ན་ཡང་འོག་ནས་འབྱུང་བའི་མཚན་མ་འདི་དག་ལྟར་སྣང་ན་གསོ་བའི་འབྲས་བུ་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྨན་པ་ལ་འབོད་དུ་འོངས་པའི་ཚེ་ཕོ་ཉ་ང་ཡང་ཤིན་ཏུ་དམན་པའི་ཚིག་ཏུ་སྨྲ་བ་དང། ཕོ་ཉ་འཇིགས་པ་དང་བཅས་པ
་དང། ཤིན་ཏུ་རིངས་ཐབས་སུ་སྨྲ་བ་དང། སྤངས་བག་དང་བཅས་པ་དང། ཚིག་རྩུབ་བག་ཏུ་སྨྲ་བ་དང། བཀྲ་མི་ཤིས་པར་སྨྲ་བ་དང། ཕོ་ཉ་ལག་ན་མཚོན་ཆ་ཐོགས་པ་དང། དབྱུག་པ་ཐོགས་པ་དང། གཡོན་ཅན་དང། མགོ་བྲེགས་པ་དང། སྐྲའི་ལས་ཅན་དང། དགེ་མཚན་མེད་པའི་མིང་དང
་ལྡན་པ་དང། ལས་ངན་པ་ཅན་དང། གོས་དྲི་མ་ཅན་དང། བུད་མེད་འཕྲིན་པར་འོངས་པ་དང། མི་མང་པོ་ཕོ་ཉར་འོངས་པ་དང། འཕྲིན་པ་ནད་ཀྱིས་བཏབ་པ་དང། ལུས་མི་སྡུག་པ་དང། མེ་ཏོག་གི་ཕྲེང་བ་དམར་པོས་ལུས་བརྒྱན་པ་འམ། ལི་ཀྲི་ལ་སོགས་པའི་བྱུག་པས་སྐུད་པ་དང།
་འབྲུ་མར་གྱི་ལུས་སྐུད་པ་དང། འདམ་གྱིས་སྐུད་པ་དང། གོས་རྙིང་པ་གྱོན་པ་དང། མདོག་ཉམས་པའི་གོས་གྱོན་པ་དང། ཆུས་འདྲུལ་བའི་གོས་གྱོན་པ་དང། གོས་གཅིག་པ་དང། ཕོ་ཉ་དེ་བོང་བུ་དང། རྔ་མོ་དང། མ་ཧེ་ཞོན་ཏེ་འོངས་པ་དང། ཕོ་ཉ་དེ་རྔོ་མཁན་དང། ཤིང་མཁན་དང
་གོང་མའི་སྐྱོན་གང་ཡང་རུང་བ་དང་ལྡན་པའི་འཕྲིན་པ་རྒྱང་རིང་པོ་ནས་སྨན་པ་ལ་འབོད་ན་སྨན་པ་ནད་པའི་གམ་དུ་འགྲོ་བར་མི་བྱའོ། །སྨན་པ་བདག་ཉིད་དགེ་མཚན་མ་ཡིན་བསམ་པ་བྱེད་པ་འམ། དགེ་མཚན་མ་ཡིན་པའི་ཚིག་སྨྲ་བའི་དུས་སུ་འཕྲིན་པ་འོངས་པ་དང། སྨན་པ་གཅེར་བུར
་འདུག་པ་དང། རྩཝ་གཅོད་ཅིང་འདུག་པ་དང། རྡོ?་འབུགས་ཤིང་འདུག་པ་དང། ཕ་མའི་ཆེད་དུ་སྦྱིན་སྲེག་དང། མཆོད་སྦྱིན་བྱེད་པ་དང། ས་ལ་ཉལ་ཞིང་འདུག་པ་དང། སྐྲ་བཤིག་པ་དང། མར་སྐུད་ཅིང་འདུག་པ་དང། སྨན་པ་མྱ་ངན་དང་སྨྲེ་སྔགས་འདོན་ཅིང་དུ་བའི་དུས་དང།
་སྨན་པ་སྨྱུང་བ་བྱེད་ཅིང་འདུག་པ་དང། མདོར་ན་སྨན་པའི་སྤྱོད་ལམ་གོང་མ་གང་ཡང་རུང་བ་དང་ལྡན་པའི་སྐབས་སུ་འཕྲིན་པ་འོངས་ན་ནད་པ་དེ་ངེས་པར་འཆི་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ནད་པའི་ནད་གཞི་དང། དུས་དང། ཕོ་ཉ་དང། སྨན་པ་དང། ཕྱོགས་སུ་ལྡན་པར
་ཚོགས་པ་ལས་ལྟས་སུ་བྱ་བ་ནི། ནད་པ་བད་ཀན་གྱི་གཞི་ཡང་ཡོད་ལ་སྨན་པ་དང་འཕྲིན་པ་གཉིས་ཀྱང་ཆུ་འགྲམ་དུ་སྔ་དྲོ་ཕྲད་པ་དང། ནད་པ་མཁྲིས་པའི་གཞི་ཡང་ཡོད་ལ་མེ་འམ་ཆེ་བའི་ཕྱོགས་སུ་སྨན་པ་དང་ཕོ་ཉ་ཉི་མ་ཕྱེད་ལ་ཕྲད་པ་དང། ནད་པ་རླུང་ནད་ཀྱི་གཞི་ཡང
་ཡོད་ལ། དམ་གྲོག་དང་གཡང་ས་ལྟ་བུར་སྨན་པ་དང། ཕོ་ཉ་ཕྱི་དྲོ་ཕྲད་པར་གྱུར་ན་དེ་ནི་གསོ་བའི་ཡུལ་ལས་འདས་པ་ཡིན་ནོ། །གཞན་ཡང་སྨན་པའི་དྲུང་དུ་ཕོ་ཉ་འོངས་པའི་ཚེ་འདི་དག་སྣང་ན་ཡང་འཆི་བའི་མཚན་མར་བྱས་ཏེ་དེ་ཡང་ལྟེ་བ་ལག
་པས་ནོམ་པ་དང། དེ་བཞིན་དུ་སྣ་དང། ཁ་དང། སྐྲ་དང། པ་སྤུ་དང། སེན་མོ་དང། སོ་དང། ཕོ་མཚན་དང། རྒྱབ་དང། ནུ་མ་དང། མགྲིན་པ་དང། ལྟོ་བ་དང། མཐེའུ་ཆུང་དང། འདི་དག་ལ་ནོམ་པ་དང། ཉུག་པ་དང། རེག་པར་སྣང་བ་དང། གཞན་ལག་པ་ནས་རས
་བལ་ཐོགས་པ་དང། དེ་བཞིན་དུ་ཕུབ་མ་དང། ཞ་ཉེ་ནག་པོ་དང། རུས་པ་དང། རྩཝ་དང། རྟུན་རྡུངས་དང། རྡོ་དང། ཕྱག་མ་དང། ཞིབ་མ་དང། གོས་ཀྱི་དུམ་བུ་དང། ཐལ་བ་དང། སོལ་བ་དང། རས་ཀྱི་ཁ་ཚར་དང། གཟེགས་མ་དང། ཐག་པ་དང། བཏུང
་བ་དང། སྲང་དང། ཞགས་པ་དང། འདི་དག་ལག་ཏུ་ཐོགས་ཏེ། འོངས་པ་དང། གཞན་ཡང་སྣོད་ཆག་པ་དང། ཉམས་པ་ལ་སོགས་པ་ལག་ཏུ་ཐོགས་པ་འང་རུང་སྟེ། མཚན་མ་དེ་དག་སྨན་པའི་མིག་སྔར་སྣང་ན་ནད་པ་ངེས་པར་འཆི་བའི་རྟགས་སོ། །གཞན་ཡང་ཉིན
་ཞག་བྱེ་བྲག་ལ་སོགས་པ་ལས་ཕོ་ཉའི་མཚན་མ་བསྟན་པ་ནི་འཕྲིན་པ་སྨན་པའི་གན་དུ་མཚན་ཕྱེད་ན་འོངས་པ་དང། དེ་བཞིན་དུ་ཉི་མ་ཕྱེད་དང་ཐོ་རངས་དང། དགོངས་དང་གནམ་སྟོད་དང། གཞན་ཡང་ཚེས་དྲུག་དང་ཚེས་བཞི་ཚེས་དགུ་དང། སྒྲ་གཅན་འཛིན
་དང། མཇུག་རིངས་ཤར་བའི་དུས་དང། ཏི་ཟླ་གཟས་ཟིན་པའི་དུས་དང། སྐར་མ་བྲ་ཉེ་དང། སྨིག་དྲུག་དང། སྐག་དང། ཆུ་སྟོད་དང། གྲེ་དང། ཁྲུམས་སྟོད་དང། སྣརུབས་དང། སྐར་མ་དེ་རྣམས་དབང་བའི་ཉིན་ཞག་ལ་ཕོ་ཉ
་འོངས་ཏེ་ནད་པའི་དོན་དུ་ཤོག་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་འགུགས་པར་བྱེད་ན་ཡང་མི་དགེ་བའི་རྟགས་ཏེ། སྨན་པའི་བགྲོད་པར་བྱ་བའི་གནས་མ་ཡིན་ནོ། །སྨན་པ་ནད་པའི་གན་དུ་ཆས་པའི་ཚེ་ལམ་ཁར་འདི་དག་མཐོང་བ་འམ་ཐོས་པ་ནི་མི་འགྲུབ
་པའི་མཚན་མ་སྟེ། དབང་པོ་མ་ཚང་བའི་མི་དང། མི་རོ་འམ་རོ་མོའི་རྒྱན་གྱིས་བརྒྱན་པ་མཐོང་བ་དང། ཐག་པ་ལ་སོགས་པ་ཆེད?་པ་དང། གོས་ལ་སོགས་པ་ཚིག་པ་དང། སྣོད་ཆག་པ་ལ་སོགས་པའི་སྒྲ་ཐོས་པ་དང། མི་རོ་དྲི་མི་ཞིམ་པ་འམ། རེག་པ་ཡང་ཤས་ཆེར་རྩུབ་པ་དང
་གཞན་ཡང་དེ་དག་འདྲ་བའི་མི་དགེ་བའི་མཚན་མ་མཐོང་ངམ་ཐོས་ན་མི་དགེ་བའི་རྟགས་སོ། །གཞན་ཡང་ལམ་དུ་ཧ་ཧ་ཞེས་བྱ་བའི་སྒྲ་དང། གཅིག་ལ་གཅིག་རྡེག་པ་དང། འཐབ་པའི་སྒྲ་དང། ལྷུང་བའི་སྒྲ་དང། སྦྲིད་པའི་སྒྲ་དང། འདི་ལྟ་བུ་མཐོང་བ་དང། གོས་དང། གདུགས་དང།
་མཚོན་ཆ་ཆག་པ་དང། སྡུག་བསྔལ་དག་མཐོང་བ་དང། གཞན་ཡང་མཆོད་པའི་རྟེན་དང་རྒྱལ་མཚན་དང། སྣོད་གང་ཡང་ཆུའི་ནང་དུ་ནུབ་པ་མཐོང་བ་དང། བསད་པ་དང། དབུག་པ་དང། སྲེག་པ་ལ་སོགས་པའི་སྒྲ་དྲག་པོ་ཐོས་པ་དང། སྨན་པ་ལམ་དུ་འགྲོ་བའི
་ཚེ་ཐལ་བ་འམ་རྡུལ་གྱིས་གཡོགས་པ་འམ་བྱི་ལ་དང་སྲོག་ཆགས་གོ་ང་དང། སྦྲུལ་དང་སྤྲེའུ་རྣམས་ཀྱིས་ལམ་བཅད་པ་དང། གང་ན་ཉི་མ་རྒྱུ་བའི་ཕྱོགས་སུ་ནད་པ་གནས་པ་དེར་འགྲོ་བ་དང། ཤ་ཟ་བའི་གཅན་ཟན་གུད་ལ་སོགས་པ་དང། བྱ་རྒོད་ལ་སོགས་པའི
་སྒྲ་མི་བཟད་པ་ཐོས་པ་དང། འདི་ལྟ་བུ་མཐོང་བ་དང། ཐོས་པ་ཡང་ངེས་པར་འཆི་བའི་རྟགས་སུ་རིག་པར་བྱའོ། །གཞན་འདི་དག་མཐོང་ན་ཡང་མཚན་མ་ངན་པ་སྟེ། འབྲུ་ནག་པོ་དང། བུ་རམ་དང། དར་བ་དང། ལན་ཚ་དང། བཏུང་བ་དང། པགས་པ་དང། ཡུངས་ཀར་དང།
་ཞག་དང། འབྲུ་མར་དང། རྩཝ་དང། འདམ་དང། བུད་ཤིང་དང། མ་ནིང་དང། རིགས་ངན་དང། རྒྱ་དང། སྙི་དང། སློན་པ་དང། བཤད་བ་དང། རྣག་དང། དེ་ལ་སོགས་པའི་མཚན་མ་ངན་པ་མཐོང་བ་དང། སྙིང་པོ་མེད་པ་དང། འཁྲིག་པ་སྤྱོད་པ་དང། གཞན་ཡང་གོང
་དུ་འཕྲིན་པ་རས་བལ་ཐོགས་པ་ལ་སོགས་པའི་མཚན་མ་གང་ཡང་རུང་བ་འདིར་མཐོང་ན་ཡང་མཚན་མ་ངན་པར་བལྟའོ། །སྨན་པ་དགྲ་དང་ཕྲད་པ་དང། མལ་དང་སྟན་དང་ཁྱོགས་ཁ་སྤུབ་དུ་མཐོང་བ་དང། དེ་བཞིན་དུ་སྣོད་ལ་སོགས་པ་ཁ་སྤུབ་དུ་མཐོང་ན་ཐམས་ཅད་འབྲས་
་བུ་མེད་པ་ཡིན་ནོ། །སྨན་པ་ལམ་དུ་འགྲོ་བའི་ཚ་བོའི་མིང་དང་ལྡན་པ་བྱས་པ་དང། སྲེག་པ་དང། ཅོ་ཀ་ལ་སོགས་པ་གཡོན་ལོགས་ན་གནས་པ་དང། མོའི་མིང་དང་ལྡན་པ་རི་དགས་དང་ཅོག་མོ་ལ་སོགས་པ་གཡས་ལོགས་ན་གནས་པ་དང། བྱ
་དང་རི་དགས་ལ་སོགས་པ་གཡོན་ནས་གཡས་སུ་འགྲོ་ན་དགེ་བའི་མཚན་མའོ། །ཁྱི་དང་ཝ་གཉིས་ནི་གཡས་ན་གཡོན་དུ་འགྲོ་ན་ཤིས་པའི་མཚན་མའོ། །རི་དགས་གཉིས་ལ་སོགས་པ་ཟུང་དུ་མི་ཐིམ་པའི་གསུམ་དང། ལྔ་ལ་སོགས་པ་མཐོང་ན་བཀྲ་ཤིས
་བའི་རྟགས་སོ། །བྱ་ཅ་ཤ་དང། བྱ་གོ་ད་དང། བ་ར་དྭ་ཙ་དང། རྨ་བྱ་དང། ནེའུ་ལེ་དང། ར་དང་འདི་རྣམས་གཡས་གཡོན་གང་ན་གནས་ན་རྟག་ཏུ་ཤིས་པ་ཡིན་ནོ། །འུག་པ་དང་བྱིལ་དང་སྦྲུལ་དང་འདི་རྣམས་གཡས་གཡོན་གང་ན་གནས་ན་ཡང་མི་དགེ་བ་ཡིན་ནོ།།
་ཁུ་བྱུག་དང་གོ་རྔ་དང། སྦྲུལ་དང། རི་བོང་དང། ཛེ་ཧ་ཀ་རྣམས་ཀྱི་མིང་ཐོས་པ་ནི་དགེ་བ་ཡིན་ལ་མཐོང་བ་ནི་མ་རུངས་པར་བཤད་དོ། །དེ་བཞིན་དུ་དྲེད་དང། སྡེའུ་ཡི་མིང་ཐོས་པ་ནི་ཤིས་ལ་ཤིང་ལ་མཐོང་བ་ནི་མི་དགེ་བ་ཡིན་ནོ། །སྨན་པའི་འཕྲལ་བ་ལ་དབང
་པོའི་གཞུ་བབས་པ་ནི་མི་དགེ་བ་ཡིན་ལ། མཐོང་བ་ནི་བཀྲ་ཤིས་པའི་མཚན་མ་ཡིན་ནོ། །སྣོད་གང་མེས་གང་བར་མཐོང་ན་ནི་བཟང་བ་ཡིན་ལ། དེ་ཉིད་ཆག་ཅིང་སྟོང་པར་མཐོང་བ་ནི་ངན་པར་བཤད་དོ། །དེ་ལྟར་གོང་གི་མཚན་མ་ངན་པ་དེ་དག་མཐོང་ན་ནི
་དོར་ཞིང་སྤང་བར་བྱའོ། །སྨན་པ་ལམ་དུ་འགྲོ་བའི་ཚེ་འམ། ནང་པའི་ཁྱིམ་དུ་འཇུག་ཁར་ཞོ་མ་ཉམས་པ་ལ་སོགས་པ་འོག་ནས་འབྱུང་བ་འདི་དག་མཐོང་ན་བཀྲ་ཤིས་པར་གཟུང་སྟེ། སྙིང་རྗེའི་བསམ་པ་ཉེ་བར་བཞག་ནས་འབད་པ་དང་བཅས་པས་གསོ
་བར་བྱའོ། །དེ་ཡང་ཞོ་མ་ཉིམས་པ་ལ་སོགས་པ་མཐོང་བ་དང། ཐོས་པ་དང། རེག་པ་ནི་མི་འཆི་བའི་མཚན་མ་སྟེ། གཞན་འབྲས་དང། ཁྲེ་དང། སྦྲང་རྩི་དང། མར་དང། སེམས་རྩི་དང། དངུལ་རྡོ་དང། བུམ་པ་དང། དྲིལ་བུ་དང། མར་མེ་དང། པདྨ་དང།
་རྩཝ་དུར་བ་དང། ཤ་རློན་པ་དང། ཉ་དང། འབྲས་ཡོས་དང། འབྲས་བུ་དང། གཡོས་སྣ་ཚོགས་སྦྱར་བ་དང། རིན་པོ་ཆེ་དང། གླང་པོ་ཆེ་དང། བུམ་པ་གང་བ་དང། བུད་མེད་གཞོན་ནུ་དང། རྒྱལ་པོས་གོ་འཕང་བསྟོད་ཅིང་ཐབས་དམ་བ་རྩ་བའི་མི་དང་འཕྲད་པ་དང། ལྷ་རྣམས
་མཐོང་བ་དང། རྒྱལ་པོ་མཐོང་བ་དང། མེ་ཏོག་སུ་མན་དཀར་པོ་དང། གོས་ཤིན་ཏུ་དཀར་བ་དང། རྔ་ཡབ་དཀར་པོ་དང། རྟ་དང། དུང་དང། སྐྱེས་བུ་དམ་པ་དང། བྲམ་ཟེ་དང། ཅོད་པན་ཅན་དང། རྟ་བབས་དང། གཡུང་དྲུང་དང། ས་ཕྱོགས་མཐོན་པོ་དང། མེ་འབར་བ
་དང། བཟའ་བཏུང་ཡིད་དུ་འོང་བ་དང། ཤིང་རྟ་གང་བ་དང། བ་དྲུས་མ་བེའུ་དང་བཅས་པ་གསུམ་དང། རྒོད་མ་རྟེའུ་དང་བཅས་པ་གསུམ་དང། བུད་མེད་བུ་དང་བཅས་པ་མཐོང་བ་དང། ཤང་ཤང་ཏེའུ་དང། རི་དགས་དང། བཞང་དང་ཁྱུ་བྱུག་དང། ངང་པ་དང། རྨ་བྱ་དང།
་ཕྱུགས་བཅིངས་པ་མཐོང་བ་དང། གདུ་བུ་དང་མེ་ལོང་དང། ཡུངས་ཀར་དང། གྷིའུ་ཝ་དང། འདི་རྣམས་མཐོང་བ་དང། བདུག་པ་རི་དྲི་དང། བྱུག་པས་བྱུག་པ་དང། དཀར་བ་དང་དམར་བའི་ཁུ་བཅུད་དང། ཁྱུ་མཆོག་དང་མཐུན་པའི་སྐད་སྙན་བ་སྒྲོབས?་པ་དང། རི་དགས
་དང། བྱ་དང། མི་རྣམས་ཀྱི་སྐད་སྙན་པ་དང། དེ་བཞིན་དུ་གདུགས་དང། རྒྱལ་མཚན་དང། བ་དན་བསྒྲེངས་པ་མཐོང་བ་དང། རྒྱལ་བ་དང། བཀྲ་ཤིས་པར་གྱུར་ཅིག་པའི་སྐད་སྙན་པོ་ཐོས་པ་དང། རྫ་རྔ་དང། རྔ་བོ་ཆེ་དང། དུང་དང། བསོད་ནམས་དང་ལྡན་པའི་ལོངས་སྤྱོད་ཀྱི་སྒྲ་རྣམ་སྙན་པ
་ཐོས་པ་དང། རིག་བྱེད་འདོན་པའི་སྒྲ་དང། བདེ་བའམ་མཐུན་པའི་རླུང་གིས་གཡོན་ལོགས་ནས་གཡས་སུ་བསྐོར་བ་དང། མདོར་ན་སྨན་པ་ལམ་དུ་འགྲོ་བ་དང། ནད་པའི་ཁྱིམ་དུ་ཕྱིན་པའི་ཚེ་གོང་དུ་བསྟན་པ་དེ་དག་གི་སྒྲ་ཐོས་པ་དང། མཐོང་བ་དང། རིག་པར་བྱེད་ན་ལས
་རྩོམ་པ་ངེས་པར་འགྲུབ་པར་འགྱུར་བར་སྟོན་ཏོ། །དེ་ལྟར་འཕྲིན་པ་དང་དགེ་བ་དང་མི་དགེ་བའི་མཚན་ཉིད་བསྟན་ནས་ད་ནི་རྨི་ལམ་གྱི་མཚན་མའི་འཆི་ལྟས་བཤད་བར་བྱ་སྟེ། སྐྱེས་བུ་གང་གི་རྨི་ལམ་གྱི་ནང་དུ་ཤི་བའི་མི་དང་ཆང་ལྷན་ཅིག་མཐུངས་ནས་ཕྱིས་དྲུད་པར་རྨི
་ན་དེ་ནི་འཆི་བདག་རིམ་གྱི་གཟུགས་ཅན་གྱིས་མྱུར་དུ་ཁྱེར་བར་བྱེད་པ་ཡིན་ནོ། །མེ་ཏོག་གི། ཕྲེང་བ་དམར་པོས་ལུས་བརྒྱན་པ་དང། ལུས་དམར་པོར་མཐོང་བ་དང། གོས་དམར་པོ་གྱོན་པ་དང། བུད་མེད་རྒོད་བག་ཅན་གྱིས་ཁྱེད་པར་རྨིན། དེ་ནི
་འཆི་བདག་ཁྲག་མཁྲིས་ཀྱི་གཟུགས་ཅན་གྱིས་ཁྱེར་བ་ཡིན་ནོ། །མ་ཧེ་དང། རྟ་དང། ཕག་དང། རྔ་མོ་དང་ཁོང་བུ་རྣམས་ལ་བདག་ཉིད་ཞོན་ཏེ་ལྷོ་ཕྱོགས་སུ་འགྲོ་བར་རྨི་ན་གཅོད་ཆེན་པོའི་གཟུགས་ཅན་གྱི་འཆི་བདག་གིས་ཟིན་པ་ཡིན་ནོ། །ཤིང་ཚེར་མ་ཅན་གྱི
་ལྕུག?་མ་དང། འོད་མ་གང་ཡང་རུང་བ་མགོ་བོ་འམ་སྙིང་ག་ནས་བྱུང་བ་རྨིས་ན། དེ་ནི་འཆི་བདག་སྐྲན་གྱི་གཟུགས་ཅན་གྱིས་ཁྱེར་བ་ཡིན་ནོ། །སྐྱེས་བུ་གང་མེ་མི་འབར་བའི་མདག་མ་ལ་སྦྱིན་སྲེག་བྱེད་པ་རྨི་བ་དང། མར་གྱིས་ལུས་བསྐུས
་ཤིང་གསེར་བུར་འདུག་པ་དང། སྙིང་གར་པདྨ་བྱུང་བ་རྨིས་ན་དེ་ནི་འཆི་བདག་མཛེའི་གཟུགས་ཅན་གྱིས་གཟུང་བ་ཡིན་ནོ། །མར་ཚོན་ཚོགས་རིགས་ངན་དང་ལྡན་ཅིག་འཐུང་བར་རྨིས་ན། དེ་ནི་འཆི་བདག་གཅིན་ནད་ཀྱི་གཟུགས་ཅན་གྱིས
་ལུས?་པ་ཡིན་ནོ། །སྲིན་པོ་ཀུན་དང་ལྷན་ཅིག་བྲོ་གར་བྱེད་ཅིང་ཆུ་ལ་འབྱིང་བ་རྨིས་ན། དེ་ནི་འཆི་བདག་སྨྱོ་བྱེད་ཀྱི་གཟུགས་ཅན་གྱིས་ཟིན་པ་ཡིན་ནོ། །མི་ཤི་པ་དང་ལྷན་ཅིག་ཆང་འཐུང་ཞིང་ར་རོ་ལ་གར་བྱེད་པར་རྨིས་ན། དེ་ནི་འཆི
་བདག་བརྗེད་བྱེད་ཀྱི་གཟུགས་ཅན་གྱིས་འཆོས་པ་ཡིན་ནོ། །བོང་བུ་དང། རྔ་མོ་དང། བྱི་བ་དང། སྤྲེའུ་དང། སེང་གེ་དང། ཕག་དང། ཝ་དང། རོ་ལ་ཞོན་པར་རྨིས་ན། དེ་ནི་འཆི་བདག་གི་ཁར་སོན་པ་ཡིན་ནོ། །སྣུམ་ཁུར་པ་དང་ཤ་ཀུ་ལི་རྨི་ལམ་གྱི་ནང་དུ
་ཟོས་པར་རྨིས་ལ་སང་མ་ཐག་ཏུ་དེ་བཞིན་སློན་པར་བྱེད་ན། དེས་ནི་འཆི་བའི་སྲོག་སྤངས་པ་ཡིན་ནོ། །ཟླ་བ་ཉི་མ་གཟས་ཟིན་པ་རྨིས་ན། དེ་ནི་མིག་ནད་སྐྱེད་པར་བྱེད་པའི་མཚན་མའོ། །ཟླ་བ་དང་ཉི་མ་ལྷུང་བར་རྨིས་ན། མིག་གིས་མཐོང་བ་ཉམས་པའི་རྟགས་སོ།།
་སྤྱི་བོ་ནས་འོང་མའི་ལྕུག་མ་སྐྱེས་པར་རྨིས་པ་དང། སྤྱི་བོ་ལ་བྱ་རོག་གི་ཚང་འཆའ་བ་དང། མགོ་བོ་ཆད་པར་རྨིས་ན་འཚོ་བ་སྤངས་པར་ཁོང?་དུ་ཆུད་པར་བྱའོ། །བྱ་རྒོད་དང་དུག་བ་དང། བྱ་རོག་ལ་སོགས་པས་ཡོངས་སུ་བསྐོར་བ་དང། དེ་བཞིན་དུ་ཡི་དགས་དང། ཤ་ཟ་མོ་དང། ཏྲས་ཏི
་དང། ཨནྟྲའི་ཡུལ་གྱི་མི་ལྟར་ཤ་གནག་པ་དང། རིགས་ངན་ཤ་མདོག་ངན་པའི་མི་རྣམས་ཀྱིས་བསྐོར་བར་རྨིས་ན་འཆི་བའི་མཚན་མའོ། །སྦ་བའི་ཚ་བ་དང། འོད་མའི་ཚ་བ་དང། ཚེར་མའི་ཚལ་དང། རྩའི་ནགས་སྟུག་པོའི་ནང་དུ་འགྲོ་ཞིང་ཉམས་ཐག་པ་རྨིས་ན་འཆི་བའི་རྟགས་སུ
་བསྟན་ཏོ། །གཡང་སར་ལྷུང་བ་དང། དུར་ཁྲོད་དང་རྡུལ་དང། ཐལ་བའི་ནང་དུ་ཉལ་བ་རྨིས་ན་འཆི་བའི་རྟགས་སུ་རིག་པར་བྱའོ། །ཆུ་དང་འདམ་གྱི་ནང་དུ་ལུས་བྱིང་ཞིང་སྙིང་ག་ནས་ཆུའི་རྒྱུན་འབྱུང་བར་རྨིས་ན་གཤིན་རྗེའི་ཁྱིམ་ན་གནས་པ་ཡིན་ནོ། །གླུ་དང་གར་དང། རོལ་མོ་བྱེད་ཅིང་མེ་ཏོག
་ཕྲེང་བ་དམར་པོ་དང། གོས་དམར་པོ་འཆང་ཞིང་གྱོན་པར་རྨིས་ན་མི་འདོད་པ་ཡིན་ནོ། །བདག་གི་ལུས་རྒས་པར་རྨི་བ་དང། འཕེལ་པར་རྨི་བ་དང། བསྐུ་བྱུག་བྱེད་པ་རྨི་བ་དང། བག་མ་གཏོང་བར་རྨི་བ་དང། སྤུ་འདྲེག་པར་རྨི་ན་འདི་ཡང་མི་འདོད་པ་ཡིན་ནོ། །བཅོས་པའི་ཟས་དང་སྣུམ་དང
་ཆད་བསྐམས་པ་དང། སྐྱུགས་པ་དང། འཁྲུ་བ་རྨིས་ན་མི་འདོད་པའི་རྟགས་སོ། །གསེར་ལ་སོགས་པའི་ལྕགས་དྲུག་རྙེད་པར་རྨིས་པ་དང། རྩོད་པ་དང་འཆིད་བ་དང། བདག་ཕམ་བར་རྨིས་ན་དེ་ལང་འཆི་བའི་མངོན་རྟགས་སོ། །རྐང་པའི་པགས་པ་གཡང་དུ་ལྷུང་བ་དང། མཆིལ་ལྷམ
་གཉིས་སྟོང་བ་རྨིས་པ་དང། སྐྱེས་བུ་གང་སྔོན་ཕ་མོས་ཤི་བ་ལ་སོགས་པ་རྣམས་ཀྱིས་དག་རྩུབ་པོའི་བདག་ཉིད་སྤྱོས་ཏེ་ལུས་སྤུ་ཟིང་ཞེས་བྱེར་ཅིང་འཇིགས་པར་རྨིས་པ་དང། གཞན་ཡང་བྲག་རལ་བ་དང། སྐར་མངའ་དང། གཟའ་དང། རྒྱུ་སྐར་དང། སོ་དང། ལྷམ་དང། མིག
་དང་འདི་རྣམས་ལྟུང་བ་དང། ཞིག་བར་རྨིས་ན་དེ་ཡང་མི་འདོད་པ་ཡིན་ནོ། །ནགས་ཚལ་སྟུག་པོའི་ནང་དུ་འགྲོ་བ་དང། མེ་ཏོག་དམར་པོས་བརྒྱན་པ་དང། སྡིག་ཅན་གྱི་ཁྱིམ་དུ་འཇུག་པ་དང། མི་རོ་བསྲེགས་པའི་ཤིང་གི་ནང་དུ་བདག་ཉིད་ཞུགས་པར་རྨི་བ་དང། འཇིགས་སུ་རུང་བའི
་གནས་སུ་འགྲོ་བ་དང། མའི་མངལ་དུ་སླར་འཇུག་པར་རྨིས་ན་སྲོག་དང་བྲལ་བའི་རྟགས་སོ། །ཁང་བཟང་དང། བྲག་མཐོན་པོ་དང་རི་ཆེན་བ་ནས་ལྷུང་བར་རྨིས་ན། འཆི་བའི་མངོན་རྟགས་སོ། །དེ་བཞིན་དུ་ཉས་མིང་པར་རྨིས་ན་དེ་ལྟར་བལྟའོ། །སྐྱེས་བུ་གང་ཆོས
་གོས་གོན་པ་དང། ཆ་ལུགས་ངན་པ་འཆང་བ་དང། གཅེར་བུ་རྣམས་དང། ལག་ན་དབྱུག་པ་ཐོགས་པ་དང། མིག་དམར་པོ་དང། ལུས་ནག་པོའི་སྐྱེས་བུ་མཐོང་བ་རྨིས་ན། བསྔགས་པ་མ་ཡིན་ཏེ། ཉེས་པ་དང་བཅས་པ་ཡིན་ནོ། །བུད་མེད་ནག་མོ་སྡིག་པ་ཅན་གྱི་གདོང་དེང
་ལྡན་པ། སྐྲ་དང། སེན་མོ་དང། ནུ་མ་རིང་བ་དང། གོས་དང། ཕྲེང་བ་རྙིངས་ཤིང་དྲི་མ་དང་བཅས་པ་བྱོན་ཞིང་འོངས་པ་རྨིས་ན་ངེས་པར་འཆི་བའི་མངོན་རྟགས་སོ། །གོང་དུ་རྨི་ལམ་སྣ་ཚོགས་ཀྱི་མཚན་མར་བསྟན་པ་དེ་དག་འདིར་རྨི་ལམ་དུ་ཇི་ལྟར་འབྱུང་ཞིང་མཐོང་བ་ཡིན་ཞེ་ན།
་གཉིད་ལོག་པའི་གནས་སྐབས་སུ་དྲི་མ་གསུམ་ཤས་ཆེར་འཁྲུགས་པས་དབང་པོའི་རྒྱུན་དུ་ཀུན་ཏུ་ཁྱབ་སྟེ་གནས་པ་ལས་ཡིད་ནི་མི་འགག་པའི་བདག་ཉིད་ཡིན་པས་དབང་པོའི་རྒྱུན་ཐམས་ཅད་ཀྱི་རྗེས་སུ་གཅོད་པའི་བྱེ་བྲག་ལས་རྨི་ལྟས་སུ་སྣང་སྟེ། དེ་ཡང་མིག་གི་དབང་པོའི
་སྐྱེན་དང་བཅས་པའི་རྒྱུན་ལ་ཡིད་གཅོད་པའི་དུས་ན་ནི་གཟུགས་སྣ་ཚོགས་མཐོང་བ་ལ་སོགས་པའི་རྨི་ལམ་འབྱུང་བ་ཡིན་ལ། དེ་བཞིན་དུ་དབང་པོར་རྒྱུན་ཐམས་ཅད་ལ་ཡང་སྦྱར་བར་བྱ་སྟེ། འོན་ཀྱང་སྐྱོན་དང་བཅས་པའི་དབང་པོའི་རྒྱུན་ལས་ཡིད་ཀྱི་བཅས་པ་ལས་རྨི?་ལམ
་བཟང་པ་སྣ་ཚོགས་འབྱུང་བ་ཡིན་པས་ན་བ་ནི་འཆི་བར་འགྱུར་ལ། མིན་པ་ནི་ནད་ཀྱིས་འདེབས་ཤིང་འཚོ་བ་ཐེ་ཚམ་དང་བཅས་པར་འགྱུར་རོ། །དེ་ལ་རྨི་ལམ་རྨི་པར་བྱེད་པའི་རྒྱུ་ནི་རྣམ་པ་བདུན་ཏེ། སྔར་མིག་གིས་གཟུགས་ཀྱི་བྱེ་བྲག་མཐོང་བ་དང། མྱོང་བ་དང། རྣ་བས
་ཐོས་པ་དང། ཡིད་ལ་གང་འདོད་པའི་དངོས་པོ་དང། བརྟག་པ་དང། བསྒོམས་པ་དང། ནད་ཀྱི་གཞི་ལས་བྱུང་སྟེ། བདུན་པ་དེ་དག་གོ་།དེ་དག་ལས་ཀྱང་མཐོང་བ་དང། མྱོང་བ་དང་ཐོས་པ་དང། འདོད་པ་དང། བརྟག་པ་ལས་རྨི་ལམ་འབྱུང་བ་ནི་དོན་མེད་པ་ཡིན་ནོ། །དེ་ལ
་ནད་གཞི་གསུམ་གྱི་རང་བཞིན་གྱི་རྨི་ལམ་ནམ་མཁའ་ལ་འཕུར་བ་དང། མེ་མཐོང་བ་དང། ཆུ་མཐོང་བ་དང། དེ་དག་ཀྱང་དོན་མེད་པ་ཡིན་ནོ། །གཞན་ཡང་སྔར་རྨི་ལམ་གསལ་བ་ལས་ཕྱིས་བརྗེད་ཅིང་མི་དྲན་པ་དང། རྨི་ལམ་མང་པོ་ཡུན་རིང་དུ་རྨི་བ་དང། ཡུན་ཐུང་བར་རྨི་བ་དང། འདི་དག་ཀྱང
་དོན་མེད་པའི་རྨི་ལམ་མོ། །གཞན་དུ་ནམ་གྱི་ཆ་སྟེང་ལ་རྨི་ལམ་རྨིས་པ་ནི་འབྲས་བུ་ཡུན་རིང་བར་སྟོན་པ་འམ། ཆུང་བའི་རྟགས་སོ། །ནང་བར་བ་ལང་གཟས་ལ་གཏོང་བའི་དུས་སུ་རྨི་ལམ་རྨི་བ་ནི་འཕྲལ་འབྲས་བུ་ཆེན་པོ་སྟོན་པའི་རྟགས་སོ། །རྨི་ལམ་བཟང་པོ་རྨིས་ན་རྨི་ལམ
་གཞན་གྱིས་བར་མི་ཆོད་པར་བྱ་བའི་ཕྱིར་གཉིད་ལོག་པར་མི་བྱ་སྟེ་འབྲེལ་པའི་གཏམ་བྱའོ། །གལ་ཏེ་སྡིག་པའི་རྨི་ལམ་རྨིན་ནི་ཞི་བའི་སྦྱིན་སྲེག་དང། སྦྱིན་པ་དང། བཟླས་བརྗོད་དང། བསྒོམ་པ་དང། བཀྲ་ཤིས་མང་པོ་ཡང་བྱའོ། །ཅི་སྟེ་མི་དགེ་བའི་ལས་རྨི་ལམ་གྱི་ནང་དུ
་མཐོང་ན། དེ་ཞི་བར་བྱ་བའི་ཕྱིར་ཡང་གཉིད་ལོག་པར་བྱ་སྟེ། རྨི་ལམ་བཟང་པོ་ཕྱིས་བྱུང་ན་སྔ་མ་དོན་མེད་པ་ཡིན་ནོ། །གཞན་ཡང་འོག་ནས་འབྱུང་བ་འདི་དག་རྨི་ན་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་འབྱུང་སྟེ་དེ་ཡང་ལྷ་དང་བྲམ་ཟེ་དང། ཁྱུ་མཆོག་དང། གྲོགས་པོ
་གསོན་པོ་དང། རྒྱལ་པོ་དང། སྐྱེས་བུ་དམ་པ་དང། སྙན་པར་གྲགས་པའི་མི་དང། མེ་འབར་བ་དང། གྲུབ་པ་དང། མཚོ་ཤིན་ཏུ་དངས་པ་དང། ཁྱེའུ་དང། བུ་མོ་ལུས་མདོག་དཀར་ལ་ཅུང་ཟད་དམར་བ་དང། གོས་དཀར་ལ་ཤིན་ཏུ་མཚེར་བ་དང། མིའི་ཤ་ཟ་བ་དང། ལུས་ལ
་ཐེ་འབར་བ་དང། ལུས་ཐམས་ཅད་ཁྲག་གིས་བྱུགས་པར་རྨིས་པ་དང། མདོར་ན་རྨི་ལྟས་ཀྱི་མཚན་མ་བཟང་པོ་དེ་དག་མཐོང་ན། ཚེ་རིང་བ་དང། ནད་ཉུང་བར་འགྱུར་རོ་གཞན་དུ་ན་གདུགས་དང། མེ་ལོང་དང། དུག་དང། ཤ་རློན་པ་དང། སྣ་མའི་མེ་ཏོག་དཀར་པོ་དང། གོས་དང
་མི་གཙང་བས་ལུས་བྱུགས་པའི་མི་དང། ཤིང་ཏོག་ཨ་མྲ་ལ་སོགས་པའི་འབྲས་བུ་རྙེད་པར་རྨིས་ན་མཆོག་ཏུ་བཟང་བ་ཡིན་ནོ། །རི་མཐོན་པོ་དང་ཁང་བཟངས་གི་སྟེང་དང་ཤིང་འབྲས་བུ་ཅན་དང་འདི་རྣམས་ལ་འཛེག་པ་དང། སེང་གེ་དང་མི་དང་གླང་པོ་ཆེ་དང་རྟ་འམ་བ་གླང
་གིས་དྲངས་པའི་ཤིང་རྟ་དང། འདི་དག་ལ་ཞོན་པར་རྨིས་ན་དེ་ནི་བདེ་བ་སྦྱིན་པར་བྱེད་དོ། །ཆུ་བོ་ཆེན་པོ་དང། མཚོ་བྲན་དང་རྒྱ་མཚོ་ཆེན་པོ་གང་ཡང་རུང་བར་ཤར་ཕྱོགས་ནས་བྱང་ཕྱོགས་སུ་རྒལ་བར་རྨིས་ན་འདི་ཡང་བདེ་བ་སྐྱེད་པར་བྱེད་དོ། །རིགས་ངན
་པ་དང་འགྲོགས་པ་དང། བདག་ཉིད་ཤི་བར་རྨིས་ན་ཡང་ཚེ་རིང་བ་ལ་སོགས་པའི་མཚན་མ་དགེ་བ་ཡིན་ནོ། །ལམ་ཉམ་ང་བ་ནས་འབྱུང་བ་དན། ལྷ་རྣམས་དང། ཕ་མ་ལ་མཆོད་པར་རྨིས་པ་དང། བདག་ཉིད་དུ་བ་དང། སྡེག་འཆོས་པ་ལས་སྡང་བ་དང་དགྲ
་ཕམ་པར་བྱས་པ་དང། སྐྱེས་བུ་གང་གིས་དེ་ལྟར་རྨིས་ན། ཚེ་རིང་བ་དང། ནད་མེད་པ་དང། ནོར་དུ་མང་པོ་རྙེད་པ་ལ་སོགས་པ་ཐོབ་པའི་རྟགས་སོ། །གཞན་ཡང་ནད་པའི་ཡོན་ཏན་ཁྱིམ་དུ་བཀྲ་ཤིས་པ་དང་དམ་པ་རྣམས་ཀྱི་སྤྱོད་ཚུལ་དང་ལྡན་པ་དང།
་ཁོར་ཡུག་དང། འཁོར་དང་བུ་དང། བུ་མོ་དང། ཉེ་དུ་དང། གཡོག་འཁོར་དང་ལྡན་ཞིང། དེ་ཡང་སྙིང་ཉེ་ཞིང་མཐུན་པར་འཇུག་པ་དང། སྨན་ལ་ཡིད་ཆེས་པ་དང། སྨན་མང་པོ་འཆད་བ་དང། སྙིང་སྟོབས་ཆེ་བ་དང། ཕོ་གཉའ་དང་ལྡན་པ་དང།
་གཙང་སྦྲ་ཆེ་བ་དང། སྨན་པ་དང། བྲམ་ཟེ་ལ་གུས་པ་དང། ནད་པ་དང་ནད་གཡོག་གཉིས་ཀྱང་སྨན་དཔྱད་ཀྱི་གསོ་བ་ལ་སེམས་སྐྱོ་བ་མེད་པ་དང། མདོར་ན་གོང་དུ་སྨོས་པའི་བཀྲ་ཤིས་པ་ལ་སོགས་པའི་ཡོན་ཏན་འདི་དག་དང་ལྡན་པའི་ནད་པ་ནི་བདེ་བ་ཐོབ
་པར་འགྱུར་བའི་མཚན་མ་ཡིན་ནོ། །དེ་ལ་ལུས་ཀྱི་གནས་ཞེས་བྱ་བ་འདི་སྐྱེ་བ་དང། འཆི་བའི་མཚན་ཉིད་བསྟན་པ་ཡིན་པས་ལུས་ཀྱི་གནས་ཞེས་བྱའོ། །ལུས་ཀྱི་གནས་ལས་འཕྲིན་པའི་མཚན་མ་ལས་འཆི་ལྟས་སུ་བསྟན་པའི་ལེའུ་ཐ་མ་རྫོགས་སོ།། །།
་ཡན་ལག་བརྒྱད་པའི་སྙིང་པོ་ལས་ལུས་ཀྱི་གནས་ཞེས་བྱ་བའི་ལེའུ་དྲུག་པ་རྫོགས་ཏེ་ཡན་ལག་བརྒྱད་པའི་སྙིང་པོའི་གནས་གཉིས་པའོ། །དེ་ནས་ནད་ཐམས་ཅད་ཀྱི་གཞི་བཤད་པར་བྱ་སྟེ། ཅིན་ཡང་རུང་སྟེ་ནད་དོ་ཅོག་ཐམས་ཅད་ཀྱི་གཞི་ལས་ནད
་དུ་འགྱུར་བ་བསྟན་པ་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ན་རེ་ནད་ཅེས་བྱ་བའི་མིང་དུ་བརྩི་བའི་རྣམ་གྲངས་ནི་ལུས་འཇོམས་པར་བྱེད་པ་ཡིན། སྡིག་པ་ཡིན། རིམས་ཡིན། གནོད་པར་བྱེད་པ་ཡིན། འགྱུར་བར་བྱེད་པ་ཡིན། སྡུག་བསྔལ་མ་ཞུ་བའི་ནད
་དམིགས་ཡིན། ལུས་ཟད་པར་བྱེད་པ་ཡིན། འཚོ་དཀའ་བར་བྱེད་པ་ཡིན། འཁུན་པར་བྱེད་པ་ཡིན། ལུས་ཀུན་མི་བདེ་བར་བྱེད་པ་ཡིན་ཞེས་ཀྱང་བྱའོ། །ནད་དོ་ཅོག་གི་བྱེ་བྲག་ནི་རྣམ་པ་ལྔར་ཤེས་པར་བྱ་སྟེ། དེ་དག་གང་ཞེ་ན་ནད་ཀྱི་གཞི་དང། ནད་ཚུལ་སྔར
་བྱུང་བ་དང། ནད་ཀྱི་ཚུལ་ཕྱེད་པ་དང། ཟས་སྨན་འཕྲོད་པ་གོམས་པར་བྱེད་པ་དང། ནད་ཀྱེལ་དུ་གྱུར་པ་དང་རྣམ་པ་ལྔར་ཤེས་པར་བྱའོ། །དེ་ལ་ནད་ཀྱི་གཞི་ཞེས་བྱ་བ་ནི་ནད་དུ་གྱུར་པའི་རྒྱུ་དང། ནད་དུ་གྱུར་པའི་སྐྱེ་མཆེད་དང། ནད་དུ་གྱུར་པའི་རྐྱེན་དང། ནད་སློང་བར་བྱེད
་པ་དང། ནད་དུ་གྱུར་པའི་རྒྱུ་མཚན་དང། རྣམ་གྲངས་ཀྱི་མིང་འདི་རྣམས་ལ་ནད་ཀྱི་གཞི་ཞེས་བྱའོ། །དེ་ལ་ནད་ཚུལ་སྔར་བྱུང་བ་ཞེས་བྱ་བ་ནི་ནད་དམིགས་ཤིག་འབྱུང་བར་ནི་འགྱུར་ན། ནད་ཅི་ཡིན་པའི་བྱེ་བྲག་མ་ཕྱེད་པས་ནད་ཀྱི་ཚུལ་ཅི་ཡིན་པ་དང་གསལ་བར
་ཡང་མི་སྣང། ནད་དཀྱེལ་ཡང་རུང་མི་ཆེ་བ་དེ་ལྟ་བུ་ལ་ནད་ཚུལ་སྔར་བྱུང་བ་ཞེས་བྱའོ། །དེ་ལ་ནད་ཀྱིས་ཚུལ་ཕྱེད་པ་ཞེས་བྱ་བ་ནི་ནད་ཀྱིས་ཐེབས་པའི་ནད་དང། ནད་དམིགས་ཀྱི་དངོས་པོ་ཅི་ཡིན་པ་གསལ་བར་ཤེས་པ་ནི། ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་སྟེ།
་ནད་ཀྱི་དབྱིབས་ཚུལ་ཅི་འདྲ་བ་དང། ནད་དམིགས་ཀྱི་ནད་ཀྱི་བྱེ་བྲག་གསལ་བར་མངོན་པ་དང། ནད་ཀྱི་རྟགས་དང། ནད་ཀྱི་མཚན་ཉིད་དང། ནད་ཀྱི་མཚན་མ་ཅི་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པའོ། །ཟས་སྨན་འཕྲོད་པ་གོམས་པར་བྱེད་པ་ཞེས་བྱ་བ་ནི་ནད་ཀྱི
་རྒྱུ་དང་མི་མཐུན་ནད་ཀྱི་ངོ་བོ་དང་མི་མཐུན་པར་སྨན་དང་ཟས་དང་གནས་པ་དང་སྤྱོད་པ་ལ་སོགས་པ་བསྒྱུར་ཏེ་བྱས་པས་བདེ་བར་ཤེས་པར་འགྱུར་བ་དེ་ནི་ཉམས་སུ་ཕན་ཞིང་བརྟས་པར་བྱེད་པ་ཞེས་བྱ་སྟེ། དེ་ནི་ནད་དང་འཕྲོད་པའི་ཟས་སྨན་གོམས་པ་ཞེས
་བྱའོ། དེ་ལྟ་བུ་ལས་བཟློག་པ་ནི་ཉམས་སུ་མི་ཕན་ལ་བརྟ་བར་མི་འགྱུར་ཏེ་དེ་ནི་ཟས་སྨན་ནང་དང་མི་འཕྲོད་པ་ཞེས་བྱའོ། །དེ་ལ་ནང་དཀྱེལ་དུ་གྱུར་པ་ཞེས་བྱ་བ་ནི་རླུང་ནང་ངམ་མཁྲིས་པ་འམ་བད་ཀན་ལྟ་བུའི་ནད་ཀྱིས་ཐེབས་པ་དེ་ཚེར་སྐྱངས
་བས་ནང་སྔོན་དུ་ན་བར་གྱུར་ཏེ་བདག་ནི་ནད་འདི་ལྟ་བུ་ཞིག་གིས་ཐེབས་ཏེ་ན་ཞིང་འདུག་སྙམ་དུ་ཤེས་པ་ཡིན་ནོ། །མདོ་ཅོག་ཐམས་ཅད་ཀྱི་ཚུལ་ཤེས་པར་བྱ་བའི་ཐབས་རྣམ་པ་ལྔ་ཡོད་དེ། ནད་རེ་རེ་ལ་ཡང་སྣ་གྲངས་སུ་ཡོད་པ་དང། ནད་དམིགས་གང་ཡིན་བརྟག
་བ་དང། གཙོ་བོར་གྱུར་པའི་ནད་དང། ནད་ཕྱོགས་ཀྱི་མཐུ་ཆེ་བ་དང། དུས་ལས་ནད་དམིགས་ཤེས་བར་བྱ་བ་དང་ལྔའོ། །དེ་ལ་ནད་རེ་རེའི་སྣ་གྲངས་ཞེས་བྱ་བ་ནི་དཔེར་ན་རིམས་ལྟ་བུ་ལ་ཡང་རིམས་ནད་རྣམ་བ་བརྒྱད་དུ་བཤད་པ་ཡིན་ནོ། དེ་ལ་ཡང་ནད་དམིགས
་གང་ཡིན་བརྟག་པ་ནི་རླུང་ནད་དང། མཁྲིས་པའི་ནད་དང་བད་ཀན་གྱི་ནད་རྣམས་ཅིག་ཅར་དུས་ཅིག་དུ་ནད་དེ་རླུང་གི་ཤས་སུ་གཏོགས་པ་ཡིན་ནམ། མཁྲིས་པ་འམ་བད་ཀན་གྱི་ཤས་གར་གཏོགས་ནད་འདི་གང་ཡིན་ཞེས་རྣམ་པར་རྟོག་པར་བྱེད་པའོ།
་དེ་ལ་གཙོ་བོར་གྱུར་བའི་ནད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་སར་རང་རང་གི་ནད་བྱུང་བ་ནི་ནད་རང་དབང་ཅན་ཞེས་བྱ་སྟེ། དེ་ནི་ནད་གཙོ་བོར་གྱུར་པ་ཞེས་བྱའོ། །བད་ཀན་གྱི་སར་རླུང་ནད་ལྟ་བུ་བྱུང་བ་ནི་རང་དབང་མེད་པ་གཙོ་བོར་མ་གྱུར་པ
་ཡིན་ཏེ་གསོ་དཀའ་བ་ཞེས་བྱའོ། །དེ་ལ་ནད་དམིགས་ཀྱི་མཐུ་ཆེ་བ་ཞེས་བྱ་བ་ནི་ཅི་ལས་ནང་དུ་གྱུར་པའི་ནད་ཀྱི་གཞི་ཡང་རྗེས་ཆོད་དེ་ཤེས་པ་དེ་ལས་ནད་དུ་གྱུར་བའི་ནད་ཀྱང་དངོས་སུ་མངོན་པར་གྱུར་པ་དེ་ནི་ནད་དམིགས་མཐུ་ཆེ་བར་གྱུར་བ་ཞེས་བྱ་སྟེ། ནད
་ཚབས་ཆེ་བར་བལྟའོ། །ཅི་ལས་ནད་དུ་གྱུར་བའི་ནད་གཞི་ཡང་བར་མི་མངོན་ལ་ནད་ཀྱི་གཞི་གང་ལས་ན་བར་གྱུར་པའི་ནད་དམིགས་ཀྱང་ཚང་བར་མི་མངོན་ན་དེ་ནི་ནད་དམིགས་མི་ཆེ་བ་ཞེས་བྱའོ། །དེ་ལ་དུས་ལས་ནད་དམིགས་གང་ཡིན་ཤེས་པར་བྱ་ཞེས་བྱ་བ་ནི
་རླུང་དང་མཁྲིས་པ་དང་བད་ཀན་གྱི་བྱེ་བྲག་གི་ཚུལ་བཞིན་དུ་མཚན་མོའི་བྱེ་བྲག་དང། ཉིན་མོའི་བྱེ་བྲག་དང། དུས་ཚིགས་ཀྱི་བྱེ་བྲག་གམ། ཟན་ཟོས་པའི་འོག་གམ། ཁ་ཟས་ཞུ་བར་གྱུར་པའི་རྗེས་ལྟ་བུ་ལ་ནན་འདི་རྣམས་ཀྱི་བྱེ་བྲག་གང་གི་ཚེ་ནད་ཀྱིས་བཏབ
་པ་དེ་ལས། ནད་ཅི་ཡིན་པ་ཤེས་བར་གྱིས་ཤིག་།དེ་ལྟ་བས་ན་ནད་གཞི་གང་ལས་ནད་དུ་གྱུར་པའི་དམིགས་མདོ་ཙམ་ཞིག་བསྟན་པ་ནི་དེ་ཡིན་ནོ། །ཞིབ་ཏུ་ནི་འོག་ནས་བཤད་པར་བྱའོ། །ནད་དེ་ཅོག་ཐམས་ཅད་ཀྱི་ནད་གཞི་ནི་རླུང་དང་མཁྲིས་བ་དང་བད་ཀན
་རྣམས་འཁྲུགས་པ་ལས་ནད་ལྡང་བར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན་གནོད་པར་འགྱུར་བའི་ཚོགས་བསྟེན་པས་ནད་གཞི་འཁྲུགས་ན་ནད་ལྡང་ངོ། །གནོད་པར་འགྱུར་བ་བསྟེན་པས་ནད་ལྡང་བར་འགྱུར་བ་དེ་ཡང་རྣམ་པ་གསུམ་ཞིག་སྔར་བཤད་པ་ཡང
་ཡིན་ཏེ། དེ་ལས་རླུང་ནད་དུ་གྱུར་པའི་ནད་གཞི་ནི། རོ་ཁ་པ་དང། ན་ལེ་ཤམ་དང། རོ་བསྐ་བའི་བག་ཟ་བ་དང། ཁ་ཟས་ཆུང་ངུར་ཟ་བ་དང། ཁ་ཟས་རྩུབ་བར་ཟ་བ་དང། རྟག་ཏུ་ཁ་ཟས་ཚེད་བཟུང་སྟེ། དབུ་ཟུངས་ཟ་བ་དང། བཤང་གཅི་འོང་ན་བསྒགས་པ་དང
་ཡང་ན་བཤང་གཅི་མི་འོང་བཞིན་དུ་ནན་གྱིས་བཙིར་བ་དང། མཚན་མོ་ཐོག་ཐག་མི་ཉལ་བ་དང། སྐད་ཆེན་པོ་དྲག་པར་སྨྲ་བ་དང། བཀྲུ་སྨན་དང་སྐྱུགས་སྨན་ཧ་ཅང་མང་དུ་གཏོང་བ་དང། འཇིགས་པ་དང། མྱ་ངན་དང། སེམས་ལས་དང། དྲག་ཤུལ་རྩལ
་བག་དང། ལས་ཁུར་ཆད་བྱེད་པ་དང། བུད་མེད་ལ་ཧ་ཅང་དྲགས་པ་དང། འདི་རྣམས་ལྟ་བུའི་གཞིས་དབྱར་ཟླ་ཐ་ཆུང་ཉ་བྲི་ཕན་ཆད་སྟོན་ཟླ་བ་འབྲིང་པོའི་ཉ་ཚུན་ཆད་དུ་ནད་ཀྱིས་ཐེབས་པ་དང། ཕྱེ་མ་རེད་དམ་ཐོ་རངས་ན་བ་དང། ཁ་ཟས་ཟོས་པ
་ཞུ་བའི་རྗེས་ལན་བ་དེ་དག་ནི་རླུང་ནད་ཡིན་ནོ། །མཁྲིས་པ་རྒྱས་པར་གྱུར་པའི་ནད་གཞི་ནི། ན་ལེ་ཤམ་དང། སྒོག་པ་དང། དབྱི་མོ་དང། ཀྲུ་ཏྲུག་ཏྲེས་ལྟ་བུ་ཟོས་པ་དང། སྐྱུ་རུ་ར་དང། བལ་པོ་སེའུ་ལྟ་བུ་མ་གཏོགས་བའི་སྐྱུར་བག་གོ་ཅོག་ཟས་བ་དང། རོ་རྣོ
་བའི་འགའ་སྐེ་ཚེ་ལྟ་བུ་དང་ཁ་ཟས་མ་བསྒྲངས་པ་ཚ་ཆེས་པ་ཟོས་སམ་འཐུངས་བ་དང་ཉི་ཚན་ནམ་མེའི་འོད་ཆ་ཆེས་པ་ལ་བདེ་བ་དང། ཁྲོས་ཤིང་རྔམ་པ་དང། ལུས་དང་ཁོང་ཚ་བར་འགྱུར་བའི་བག་འདི་རྣམས་ཀྱིས་ནི་སྟོན་ཟླ་འབྲིང
་པོ་ཉ་བྲི་ཕན་ཆད་སྟོན་ཟླ་ཐ་ཆུང་དང་དགུན་ཟླ་ར་བ་ཉ་ཚུན་ཆད་ནད་ཀྱིས་བཏབ་པ་འམ། ཉི་མའི་གུང་འམ། ནམ་ཕྱེད་ན་འམ་དབྱར་ཟར་བ་དང་དབྱར་ཟླ་འབྲིང་པོ་ཚ་བའི་དུས་སུ་ནད་ཀྱིས་བཏབ་ན་དེ་ནི་མཁྲིས་པའི་ནད་ཅེས་བྱའོ། །དེ་ལ་བད་ཀན་གྱི་ནད་དུ་འགྱུར
་བའི་ནད་གཞི་ནི་བུ་རམ་གྱི་བག་དང་འོ་མ་ལྟ་བུ་མངར་བག་དང་ལན་ཆ་དང་སྣུམ་བག་དང། ཁ་ཟས་འཇུ་དཀའ་སྟེ་ལྕེ་བ་དང། བད་ཀན་དུ་གྱུར་པའི་བག་ཅང། བསིལ་བའི་བག་དང། རྟག་བར་མལ་གཅིག་ན་འདུག་པའི་བག་དང། འཕྲེས་ཤིང་བསྟེས་ཏེ
་འདུག་པ་དང། ཟས་ས་ཞུ་བ་དང་ཉིན་པར་གཉིད་ལོག་པ་དང། ཤ་སྐྱེ་ཞིང་སྦོམ་པར་འགྱུར་བའི་བག་འདི་རྣམས་ཀྱིས་བད་ཀན་གྱི་ནད་རྒྱས་པ་དྲངས་ཤིང་སློན་ཀྱང་མ་ཕྱིན་ཏམ་ཟན་ཟོས་མ་ཐག་པའི་རྗེས་ལ་ན་འམ། དཔྱིད་ཟླ་འབྲིང་པོ་དང་དཔྱིད
་ཟླ་ཐ་ཆུང་གི་ངོ་ལ་ན་འམ། སྔ་དྲོན་བམ་ནམ་སྟོད་ལ་ནད་ཀྱིས་བཏབ་ན་དེ་ནི་བད་ཀན་གྱི་ནད་ཅེས་བྱའོ། །དེ་ལ་གཉིད་ལས་གྱུར་པའི་ནད་ནི་རླུང་དང་མཁྲིས་པ་གཉིས་ལས་གྱུར་པའི་ནད་དང། རླུང་དང་བད་ཀན་གཉིས་ལས་གྱུར་པའི་ནད་དང།
་མཁྲིས་པ་དང་རླུང་གཉིས་ལས་གྱུར་བའི་ནད་དང། བད་ཀན་དང་རླུང་གཉིས་ལས་གྱུར་པའི་ནད་དང། བད་ཀན་དང་མཁྲིས་པ་གཉིས་ལས་གྱུར་པའི་ནད་དང། འདི་རྣམས་ལྟ་བུ་ནི་གཉིས་ལས་གྱུར་པའི་ནད་ཅེས་བྱའོ། །དེ་ལ་འདུས་པ་ལས་གྱུར་པའི
་ནད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དམིགས་གསུམ་ཚོགས་པ་ལས་ནད་དུ་གྱུར་པ་དེ་ནི་འདུས་པ་ལས་གྱུར་པའི་ནད་ཅེས་བྱའོ། །འདུས་པ་ལས་གྱུར་པའི་ནད་དེ་ཡང་ནད་གཞི་ཇི་ལྟ་བུ་ལས་ནད་དུ་འགྱུར་ཞེ་ན། རླུང་ནད་དུ་གྱུར
་པའི་ཁ་ཟས་དང། མཁྲིས་པའི་ནད་དུ་གྱུར་པའི་ཁ་ཟས་དང། བད་ཀན་གྱི་ནད་དུ་གྱུར་པའི་ཁ་ཟས་འདི་གསུམ་འདྲེས་པར་ཟོས་ལ་མ་ཞུ་བར་གྱུར་པ་དང། ཁ་ཟས་སྔར་ཟོས་པའི་རྗེས་ལ་ཁ་ཟས་ཕྱི་མ་ཡང་ཟོས་ཏེ་ཁ་ཟས་སྙོམས་པར་གྱུར་པ་འདི་ལྟ
་བུ་དང། ཁ་ཟས་ནད་མི་འཕྲོད་པ་ལྟ་བུ་དང། ལྷག་པར་ཆེར་ཟོས་པ་དང། ཆང་མི་ཞིམ་པ་ངན་པ་འཐུངས་པ་དང། ཆུ་གནོད་པར་གྱུར་པ་ངན་པ་འཐུངས་པ་དང། ཚོད་མ་སྒམ་པོའི་བག་ཟ་བ་དང། ལ་ཕུག་ལྟ་བུའི་རྩ་བའི་བག་རྗེན་པར་ཟ་བ་དང་ཏིལ
་གྱི་ཚིགས་མ་ཟ་བ་དང། ས་ཞག་ཟ་བ་དང། སོ་བའི་ཆང་དང་ཤ་རུལ་པ་དང། ཤ་སྐམ་པ་དང་ཤ་རིང་པ་ངན་པ་འདི་ལྟ་བུའི་བག་ལ་སོགས་ཏེ། ནད་དམིགས་རྣམ་གསུམ་དུ་གྱུར་པའི་བག་ཟོས་པ་དང། སྔན་ཆད་ཁ་ཟས་རྟག་ཏུ་གོམས་པ་ཟ་ལས་བསྒྱུར
་ཏེ། སྔོན་མ་ལོགས་བའི་ཁ་ཟས་གསར་པ་ཟོས་པ་དང། དུས་ཚིགས་ཚུལ་བཞིན་དུ་མི་གནས་པར་གྱུར་ཏེ་དུས་ཚིགས་ལོག་པ་ངན་པར་གྱུར་པ་དང། ཤར་ཕྱོགས་ནས་རླུང་ལངས་པའི་ཁར་བབ་པ་འམ། ཡང་ན་སྔ་དྲོའི་སེར་བུ་འམ། ཡང་ན་གར་འགྲོ
་བའི་མདུན་ནས་རླུང་གནོད་པ་ཕོག་པ་དང། ལུས་ལ་ཡི་དགས་གདོན་འདྲོ་ཕབ་པ་དང། དུག་འཐུངས་པ་དང། དབྱིག་དུག་འཐུངས་པ་དང། ཁོང་དུ་བེའུ་སྣབས་ཀྱི་ནད་ཡང་བ་དང། རི་དྲུང་དུ་ཉེ་བར་གནས་པ་དང། བཙོས་པའི་བླ་སྐར་ལ་གཟའ་ཞུགས་བས་གནོད
་པར་གྱུར་པ་དང། སྨན་བཅུད་ལེན་ལྟ་བུ་ལོག་པ་བཏང་བ་འམ། སྐྱུགས་སྨན་དང་བཀྲུས་སྨན་དང་དུགས་དང་ལུམས་ལྟ་བུ་ལོག་པར་བྱས་པ་འདི་ལྟ་བུ་འམ། ཚེ་སྔ་མ་དང་ད་ལྟར་གྱི་ཚེ་ལྟ་བུ་ལ་སྡིག་པ་སྣ་ཚོགས་བྱས་པའམ། བུད་མེད་རྣམས་བུ་བཙས་པའི
་ཆ་ལོག་པར་བྱུང་བ་དང། དེའི་ཚེ་དཔྱད་ལོག་པར་བྱས་པ་དང། རྣམ་པ་འདི་ལྟ་བུའི་ནང་དུ་གྱུར་ནད་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་ནད་ཀྱི་གནས་སུ་སོ་སོའི་རྩའི་སྦུབས་ནས་ནད་རྒྱུ་སྟེ། ནད་དཀྱེལ་ཞུགས་ན་འདུས་པའི་ནད་ཀྱིས་ལུས་མྱུར་དུ་འབེབས་པར
་འགྱུར་རོ།། །།ནད་གཞི་བཤད་པའི་ལེའུ་སྟེ་དང་པོའོ།། །།རིམས་ནད་ཀྱི་ནད་གཞི་བསྟན་པའི་ལེའུ་སྟེ་གཉིས་པ་བཤད་པར་བྱའོ། །རིམས་ནི་ཐམས་ཅད་ཀྱི་བདག་པོ་ཞེས་བྱའོ། །རིམས་དེ་ནི་སྡིག་པ་ཡིན། འཆི་བདག་ཡིན
་གཟི་དང་མདངས་མ་རུངས་པར་བྱེད་པ་ཡིན། འཆི་བར་བྱེད་པ་ཡིན་རིམས་ནད་ཀྱི་ནད་གཞི་རྣམ་པ་གཅིག་ནི། མནའ་ག་ལ་ལྷམ་ཡིན་ཞེས་བྱ་བས་ལྷ་ཐམས་ཅད་བོས་ཏེ་མཆོད་སྦྱིན་བྱས་ནས། ལྷ་ཆེན་པོ་དྲག་ཤུལ་ཅན་མ་བོས་ཏེ། མཆོད་སྦྱིན་ཡང
་མ་བྱིན་པས་ལྷ་དྲག་ཤུལ་ཅན་དེ་ཁྲོས་ནས་ལྷ་མ་ཡིན་གྱི་མཆོད་སྦྱིན་ཡང་མ་རུངས་པར་བྱས་ཁྲོས་ཤིང་རྔམ་པའི་ཚེ་དཔྲལ་བར་ཡང་མི་གཅིག་བྱུང་བའི་ནང་ནས་རིམས་ནད་བྱུང་སྟེ། མི་ཡུལ་དུ་རིམས་ནད་བཏང་སྟེ་རིམས་འདི་ལས་ཀྱང་བྱུང་ཞེས་ཟེར་རོ།།
་རིམས་ནི་ཐོག་མར་བཙའ་བའ་ཨི་ཚེ་ཡང་ལུས་དང་ལྷན་ཅིག་ཏུ་བྱུང་བ་ཡིན་ལུས་ཐ་མ་འཆི་བའི་ཚེ་ཡང་རིམས་དང་ལྷན་ཅིག་འགྲོ་བ་ཡིན་ནོ། །རིམས་ཀྱི་རང་བཞིན་ནི་ལུས་ཀུན་ཏུ་ཚ་ལ་རྨོངས་པ་ཡིན་ནོ། །རིམས་ནད་དུ་གྱུར་པའི་ནད་གཞི་ནི་ཁ་ཟས་མི་བཟོད
་ཅིང་གནོད་པ་ལོག་པར་བསྟེན་པ་ལས་འབྱུང་ངོ། །རིམས་དྲག་པོ་སྣ་ཚོགས་ཡོད་པ། དེ་དག་གི་མིའོ་ཅོག་དང། རྟ་དང་གླང་པོ་ཆེ་དང། བ་ལང་ལ་སོགས་པ་སྐྱེ་གནས་ཐ་དད་པ་རྣམས་ལ་རིམས་ནད་ཀྱིས་བཏབ་ནས་མི་དང་ཕྱུགས་ལ་རིམས་ནད་དེའི་མིང
་སོ་སོར་བཏགས་པར་གྱུར་ཏོ། །ཡང་རིམས་ལ་རྣམ་པ་བརྒྱད་ཡོད་དེ། དེ་གང་ཞེ་ན་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དམིགས་སོ་སོའི་རིམས་སྣ་གསུམ་དང། འདྲེས་པའི་རིམས་ནད་གསུམ་དང། གསུམ་འདུས་པའི་རིམས་ནད་དང་གློ་བུར་གྱི་རིམས
་ནད་བརྒྱད་དོ། །དེ་ལ་རིམས་ནད་བརྒྱད་པོ་གང་ཞེ་ན། སོ་སོའི་ནད་དམིགས་ཀྱི་རིམས་ནད་རྣམ་པ་གསུམ་པོ་རླུང་ལས་གྱུར་བའི་རིམས་ནད་དང་མཁྲིས་པ་ལས་གྱུར་པའི་རིམས་ནད་དང་འདི་རྣམས་གསུམ་མོ། །ཡང་ན་ནད་གཞི་སྣ་གཉིས་དྲེས་པའི་རིམས་ནད་རྣམ
་གསུམ་ཡོད་པ་རླུང་དང་མཁྲིས་པར་འདྲེས་པའི་རིམས་ནད་དང། རླུང་དང་བད་ལན་དུ་འདྲེས་པའི་རིམས་ནད་དང། མཁྲིས་པ་དང་རླུང་ནད་འདྲེས་པའི་རིམས་ནད་དང། མཁྲིས་པ་དང་བད་ཀན་ཏུ་འདྲེས་པའི་རིམས་ནད་དང། བད་ཀན་དང་རླུང་ནད
་དུ་འདྲེས་པའི་རིམས་ནད་དང། བད་ཀན་དང་མཁྲིས་པར་འདྲེས་པའི་རིམས་ནད་དང། འདི་རྣམས་གསུམ་པོ་འདུས་པ་ལས་གྱུར་པའི་རིམས་ནད་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་མཉམ་དུ་འདུས་པ་ལས་རིམས་ནད་འགྱུར་བ་ནི་འདུས་པའི་རིམས་ཅེས་བྱའོ། །
་གློ་བུར་གྱི་རིམས་ནི་དྲག་ཤུལ་གྱི་བག་ལས་སྣང་པ་དང། གདོན་ནད་ཀྱིས་བཏབ་པ་ལྟ་བུ་དང། དམོད་པ་འབོར་བ་དང། ངན་དུ་བྱེད་པའི་བྱེད་བྱས་པ་ལས་རིམས་སུ་འགྱུར་རོ། །དེ་ལྟར་རིམས་ནད་ནི་རྣམ་པ་དེ་བརྒྱད་དོ། །རིམས་ནད་གང་ཡང་རུང་སྟེ། དང་པོ་རིམས་ནད་དུ་གྱུར་པའི་སྔ་ཚུལ་གྱི
་རླུང་ནད་སློང་བའམ་མཁྲིས་པའི་ནད་སློང་བ་འམ། བད་ཀན་གྱི་ནད་སློང་བ་དེ་ལྟ་བུའི་སོ་སོའི་ནད་གཞི་སོ་སོའི་ནད་བསླངས་ནས། ཁ་ཟས་མ་ཞུ་བའི་ས་ཕོ་བའི་ནང་དུ་རིམས་ནད་ཞུགས་ཏེ་མ་ཞུ་བ་དང་ལྷན་ཅིག་གནས་ནས་ནང་གི་རྩ་ཀུན་འགགས་ཏེ་ཁ་ཟས་འཇུ་བའི་གནས་ཕོ
་བའི་ནད་ན་དྲོད་ཡོད་པ་ཀུན་ཕྱི་རོལ་ཏུ་ཕྱུང་ནས། རིམས་ནད་ཚ་བ་ཕྱི་རོལ་ཏུ་བྱུང་བ་དང་གཉིས་ཀྱིས་ལུས་ཀྱིས་ཕྱི་ནང་ཐམས་ཅད་ལ་ཁྱབ་པར་ཞུགས་ནས་ལུས་ཐོག་ཐག་ཏུ་གདུངས་ཏེ། ལུས་རབ་ཏུ་ཚ་བར་གྱུར་པ་དེ་ནི་རིམས་ནད་ཡིན་ཏེ་རྩ་སྒོ་ཀུན་འགགས་ཤིང་ལུས
་ལ་རྡུལ་བ་ཡང་ཕལ་ཆེར་མི་འབྱུང་ངོ། །འདི་ལྟ་བུ་ནི་ཐོག་མ་རིམས་ནད་ཀྱིས་བཏབ་པའི་རྟགས་སྔ་ཚུལ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་རིམས་ནད་དེ་ཚབས་ཆེར་སྐྱེས་ནད་རང་བཞིན་གསལ་བར་བྱེད་པ་ཞེས་བྱ་སྟེ་དེ་ཡང་ཇི་ལྟར་ཞེ་ན་ཁོང་ངལ་ཉམས་མི་དགའ་ལུས་ལྕི་ཁར
་རོ་བྲོ་བ་མི་ཆོར་ཁ་ཟས་ཡི་གར་མི་འོང་གླ་ལ་འབྱུང་མིག་རྩ་དམར་ཡང་ན་མིག་རྩ་སེར་རམ་མིག་དཀར་བག་ཆེ་བ་དང། རྐང་ལག་གི་ལྷུ་ཚིགས་ཀུན་བརྡུངས་བ་ཙམ་དུ་ན་ཁ་ཟས་འཇུ་བའི་ཤས་བྲི་ཉམས་སྟོབས་ཆུང་གཉིད་ཆེ་བ་སྤུ་ཀུན་ལངས་བྱ་རྨྱང་བྱེད་འདོད་བྱིན་པའི
་ཉན་ལུས་སྙོམ་ཕན་པའི་དཔྱད་བསྟན་པ་ལས་མི་བཟོད་དེ་ཁྲོ་ཟས་སྐྱུར་བག་དང་རོ་ཚ་བ་དང་དྲོན་པོའི་བག་ལ་སྲེད་ཁ་ཟས་མངར་ལ་མི་དགའ་། བྱིས་པ་གཞོན་ནུའི་བག་ལ་ཁྲོ། སྐོམ་དང་རབ་ཏུ་ཆེ་སྒྲའི་བག་དང་མི་དང་གྲང་ལྷགས་དང་རླུང་དང་ཆུ་དང་གྲིབ་མ་དང་ཉི་ཚན
་དང་འདི་རྣམས་ལྟ་བུ་ལ་བསྟན་པར་ཡང་རེས་འགའ་ནི་འདོད། རེས་འགའ་ནི་མི་འདོད་དེ་མ་ངེས་སོ། །འདི་རྣམས་ལྟར་གྱུར་པ་ནི་རིམས་ནད་ཀྱི་རང་བཞིན་གསལ་བར་བྱེ་བྲག་ཕྱེད་བ་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་པའི་རིམས་ནད་ཀྱི་ནད་ཐབས་ནི་དང་པོ་རིམས་ཀྱིས་ཐེབས་པའི་ཚེ་ཡང
་ནད་ཚབས་མི་ཆེ་ཚ་བའི་ཚབས་ཀྱང་མི་ཆེའོ། །རིམས་འབྱང་དུ་ཉེ་བའི་ཚེ་ན་ནད་ཚབས་ཀྱང་མི་ཆེ་ཚ་བའི་ཚབས་ཀྱང་མི་ཆེའོ། །ལུས་དང་ཡན་ལག་མི་སྙོམས་ཏེ་མལ་གཅིག་ཏུ་ཟུག་ཅིང་ན་བ་མ་ཡིན་གྱི་འཕོ་ཞིང་རྐང་པ་གཉིས་ཚོར་བ་མེད་ཅིང་བེམ་བག་ཏུ་འགྱུར་ལ་རེངས་བྱིན
་སྙིང་ན་ལུས་ཀྱི་ཁོང་ངལ་ཞིང་རུས་པའི་ཚིགས་རྣམས་ཁ་བྱེ་བ་སྙམ་བྱེད་བརླ་གཉིས་ན་རྐེད་པ་ན། རྒྱབ་བརྡུངས་པ་སྙམ་དུ་ན་ལྟོ་བ་ན། རུས་བ་ཀུན་དང་རྩིབས་ལོགས་གཡས་གཡོན་ལྷག་པར་ན། སྙིང་བཙིར་བ་སྙམ་དུ་བྱེད་ལ་ཟུག་ཅིང་ན་བྲང་དང་ནུ་འཇིང་དུ་བཅུགས་པ་སྙམ་དུ
་གཟིར་ཅིང་ན། ཕྲག་སོར་གཉིས་བརྡུངས་པ་བཞིན་དུ་ན། དཔུང་པ་ནས་ལག་ངར་དུ་བཅོས་པ་བཞིན་དུ་ན། སྒྲོག་རུས་ཀྱི་ཉེན་འཁོར་བཙིར་བ་སྙམ་བྱེད། འགྲམ་པ་ན་སྟེ་ཁ་ཟས་ལྡང་མི་ནུས། ཁ་གླལ་འབྱིན། རྣ་བ་གཉིས་འབོད་ཅིང་སྒྲ་འབྱུང། མུ་འགྲམ་གྱིས་ཟུག་ཅིང་ན།
་ཀླད་པའི་སྤྱི་བོ་ན། ཁའི་ནང་རོ་ཅི་བྲོ་བ་མི་ཚོར་བ་འམ། ཡང་ན་ཁའི་རོ་བསྐ་བ་བྲོ། བཤང་གཅིའི་དྲི་མ་ཡང་མི་འབྱུང་སྟེ་སྲི་ཤ་མའི་ནང་གི་པགས་པ་དང། བཞིན་དང་ཁའི་ནང་དང་མིག་དང་སེན་མོ་དང་བཤང་གཅིས་སོགས་པ་ཀུན་ཡང་རྩུབ་ལ་ཅུང་ཟད་རྩ་དམར། ཁ་ནས
་མཆིལ་མ་མང་ཁ་ཟས་ཡི་གེར་མི་འོང་ལ། ཁ་ཟས་ཡི་གར་མི་འོང་བཞིན་ཟ། །ཟས་འཇུག་མི་རུང་ལུས་ལ་རྡུལ་མི་འབྱུང། མཚན་མོ་གཉིད་མི་འོང། མཆུ་དང་གྲེ་བ་སྐམ། སྐོམ་དང་ཆེ་ལུང་པ་སྐམ་ལུང་པ་ལུ་ཞིང་སྐམ་པོར་སྐྱུགས་ཏེ་མི་འབྱུང། སེམས་ཕྱིར་ཞིང
་དམན་པར་གྱུར་ལུས་ཀྱི་བ་སྤུ་ལངས་ཏེ་ཤ་དང་པག་པ་བརྩེ་ལུས་དང་རྐང་ལག་འདར། སྤྲིད་པ་རགས་ཏེ་འབྱུང་དུ་མི་རུང་མགོ་འཁོར། ཁ་ནས་ཆིག་ཅལ་ཅོལ་སྨྲ། ཉི་མཆིན་ནམ་དྲོ་བའི་བག་ལ་འདུག་པར་འདོད། རྐང་ལག་བྱ་རྨྱད་བྱེད་ནད་ཀྱི་ཚུལ་འདི་རྣམས་ལྟ་བུ་ནི་རླུང
་ནད་ཀྱི་རིམས་ཞེས་བྱའོ། །དེ་ལ་མཁྲིས་པ་ལས་གྱུར་པའི་རིམས་ཀྱི་ནད་ཐབས་ནི་ལུས་ཀྱི་མགོ་དང་ཀུན་དུ་ན་བ་དང་ཚ་བས་གཅིག་པར་ཁྱབ་ལ། ཚིག་ཅལ་ཅོལ་དུ་སྨྲ་ཞིང་གླལ་ཁའི་ནང་རོ་ཚ་བར་བྲོ་སྣ་དང། ཁའི་ནང་དུ་ཐོར་བུ་འབྱུང་བསིལ་བའི་བག་འདོད། མགོ་འཁོར
་བརྒྱ་ལ་མྱོས་སྙིང་མི་དགའ་ཐུར་དུ་འཁྲུ། མཁྲིས་པར་སློན་མཆིལ་མ་བོར་བའི་ནང་ནས་ཁྲག་འབྱུང་ལ་རོ་སྐྱུར། ལུས་ལ་ཐོར་བུ་དམར་པོ་ཆང་ཆུང་འབྱུང་ཤ་མདངས་ཀྱི་མདོག་དང། བཞིན་མདོག་དང་མིག་དང་སེན་མོ་དང། བཤང་གཅི་རྣམས་སེར་ཞིང་རྩ་སྔོ་རྡུལ་འབྱུང
་ཁའི་དབུགས་འབྱུང་བ་མནམ་མམ། སྐོམ་དང་ཆེ་བའི་ནད་འདི་ལྟ་བུའི་ནད་ཐབས་ནི་མཁྲིས་པའི་རིམས་ནད་ཡིན་ནོ། །བད་ཀན་ལས་རིམས་སུ་གྱུར་པའི་ནད་ཐབས་ནི་ལྷག་པར་ཁ་ཟས་ཡི་གར་མི་འོང་ལ་རྨོངས་བག་དུ་འགྱུར་རྩ་རྣམས་འགགས་ལ་རྩ་དྲག་ཏུ་མི་འཕར་ཁ་ནས་བད
་ཀན་མང་ཁའི་ནང་རོ་མངར་བ་བྲོ་དང་ཀ་མེར་མེར་པོར་བྱེད་དབུགས་མི་བདེ་ཆམ་པས་བཏབ་སྙིང་ན་སློན་ཅིང་སྐྱུས་པ་འབྱུང་ལུང་པ་མི་མང་བར་ལུ་ཞིང་འབོགས། ལུས་ལ་ཐོར་བུ་གྲང་མོ་རྩ་དམར་བ་ཅུང་ཟད་འབྱུང། མྱོས་ཤིང་རྨོངས་བག་ཏུ་འདུག། ལུས་འདར་བའི
་ནད་ཐབས་འདི་ལྟ་བུ་ནི་བད་ཀན་གྱི་རིམས་ཞེས་བྱའོ། །རླུང་ནད་ཀྱི་རིམས་དང། མཁྲིས་པའི་རིམས་དང། བད་ཀན་གྱི་རིམས་རྣམ་གསུམ་གང་ལྟར་ན་ཡང་རུང། ནད་ཐབས་བརྟག་སླ་བའི་ཐབས་ནི་ཕྱེ་མ་རེད་དང་ཐོ་རངས་རིམས་ཀྱིས་བཏབ་པ་འམ། རིམས་ན་བཞིག་ན
་རླུང་ལས་གྱུར་པའི་རིམས་ཡིན་ནོ། །ཉི་མ་ཕྱེ་དང། ནམ་གྱི་གུང་ལ་རིམས་ཀྱིས་བཏབ་བམ། རིམས་ནད་ལ་ནི་མཁྲིས་པ་ལས་གྱུར་པའི་རིམས་ནད་ཡིན་ནོ། །སྔ་དྲོ་དང་སྲོད་ལ་རིམས་ཀྱིས་བཏབ་བམ་རིམས་ནད་ལ་ནི་བད་ཀན་ལས་གྱུར་པའི་རིམས་ནད་ཡིན་ཏེ། རིམས
་ནད་གང་ཡིན་པ་ཐབས་དེ་ལྟར་རྟོགས་ཤིག་།ཡང་རིམས་ཀྱིས་བཏབ་པ་ལས་སྨན་དང་ཁ་ཟས་ཀྱིས་ནད་དམིགས་གང་ཡིན་བརྟག་པ་ནི་རླུང་ནད་དམ་བད་ཀན་གྱི་ནད་སྐྱེ་བར་འགྱུར་བའི་ཁ་ཟས་དང་སྨན་བྱིན་ན་ནད་སློང་ངམ་ལ་བར་གྱུར་ཏེ་ཟས་དང
་སྨན་གྱི་གཞི་དེས་གནོད་པར་གྱུར་ན། དེ་ནི་རླུང་ལས་གྱུར་པའི་རིམས་སམ། མཁྲིས་པ་འམ་བད་ཀན་ལས་གྱུར་པའི་རིམས་ཡིན་པར་ཤེས་ཏེ། སྨན་དང་ཟས་ཐབས་བསྒྱུར་ཏེ་བཏང་ན་ཕན་པར་འགྱུར་རོ། །དེ་ལ་འདྲེས་པའི་རིམས་ནད་ཅེས་བྱ་བ་ནི་རླུང་ལས་གྱུར་པའི་རིམས
་ནད་ཀྱི་ཐབས་དང། མཁྲིས་པ་ལས་གྱུར་པའི་ནད་ཀྱིས་ཐབས་ལ་སོགས་པ་རིམས་སོ་སོའི་ཚུལ་དམིགས་ཀྱིས་ཕྱེ་བ་ནད་དམིགས་སྣ་གཉིས་ཀྱི་རིམས་ཀྱིས་བཏབ་པར་སྣང་ན། དེ་ནི་འདྲིས་པའི་རིམས་ཞེས་བྱ་སྟེ། འདྲེས་པའི་རིམས་དེ་ནི་ནད་ཐབས་ཀྱི་ཚུལ་དམིགས་ཅི
་འདྲ་བ་གཞན་ཡང་བཤད་པར་བྱའོ། །དེ་ལ་རླུང་དང་མཁྲིས་པར་འདྲེས་པའི་རིམས་ནད་ཀྱི་ཐབས་ནི་ཀླད་པ་ན་བརྒྱལ་སློན་བྲོ་ལུས་ཚ་རྨོང་བག་དུ་འགྱུར་གྲེ་བ་དང་ཁ་སྐམ་སྙིང་མི་དགའ་རུས་པའི་ཚིགས་རྣམས་ཁ་བྱེ་བ་སྙམ་བྱེད་གཉིད་མེད་སྐོམ་དང་ཆེ་མགོ་འཁོར
་ལུས་ཀྱི་བ་སྤུ་ལངས་ཏེ་རེག་ན་ཤ་བརྩེ་ཁ་གླལ་ཚིག་སྨྲ་བ་མང་ངོ། །ཐབས་འདི་ལྟར་ན་ན་རླུང་དང་མཁྲིས་པ་གཉིས་འདྲེས་པའི་རིམས་ནད་ཅེས་བྱའོ། །དེ་ལ་བད་ཀན་དང་རླུང་འདྲེས་པ་ལས་རིམས་ནད་དུ་གྱུར་པའི་ཐབས་ཀྱི་རྟགས་ནི་ལུས་ཕྱི་ནང་ཚ་བ་མེད་ཁ
་ཟས་ཡི་གར་མི་འོང་ཀླད་པ་ན་རུས་པའི་ཚིགས་རྣམས་ན། ཆམ་པས་བཏབ་དབུགས་མི་བདེ་སྟེ་རྔམ་པའི་ཤུབས་དྲག་ལུད་པ་ལུ་བཤང་གཅི་སྲི་ལུས་ཕྱི་ནང་ཁོང་བསིལ་ཏེ་གྲང་མོང་མོང་པོ་བྱེད་མིག་རབ་རིབ་ཟ་རྨུགས་ཏེ་ནད་ཐབས་འདི་ལྟ་བུ་ནི་བད་ཀན
་དང་རླུང་ནད་འདྲེས་པའི་རིམས་ནད་ཀྱི་རྟགས་ཡིན་ནོ། །དེ་ལ་བད་ཀན་དང། མཁྲིས་པར་འདྲེས་པའི་རིམས་ཀྱི་ནད་ཀྱི་རྟགས་ནི། ལུས་ཕྱི་ནང་ཁོང་གྲང་སྟེ་རེངས་བག་ཏུ་འདུག་།རེས་འགའ་ནི་ལུས་ཚ་སྟེང་རྡུལ་འབྱུང་བས་ཚ་གྲང་གཅིག་ཏུ་ཆད་པ་མེད་དོ། །སྐོལ
་དང་ཆེ་ལུད་བ་ལུ་བད་ཀན་དང་མཁྲིས་པའི་བག་ཏུ་འཁྲུ། རྨོངས་བག་དང། རྨུགས་པ་དང། ཁའི་ནང་བྱུགས་སམ་བསྐུས་པ་ལྟར་ལྡག་ལྡག་པོ་དང། རོ་ཁ་བ་བྲོ་བ་འདི་ལྟ་བུ་ནི་བད་ཀན་དང་མཁྲིས་པ་འདྲེས་པའི་རིམས་ནད་ཀྱི་རྟགས་ཡིན་ནོ། །དེ་ལ་འདུས་པའི་རིམས་ནད་ཅེས
་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ཐམས་ཅད་འདུས་པའི་རིམས་ནད་ཀྱིས་བཏབ་པའི་ཚེ་ལུས་སྐད་ཅིག་སྐད་ཅིག་ཏུ་ཚ། དེ་བཞིན་དུ་བར་འགའ་བར་འགའ་ཁོང་གྲང་སྟེ་བསིལ། ཉིན་པར་གཉིད་རབ་ཏུ་ཆེ། མཚན་མོ་གཉིད་མེད། ཡང་ན་ཉིན་མཚན
་གཉིས་ཀ་གཉིད་ཆེ་ཡང་ན་ཉིན་མཚན་གཉིས་ཀར་གཉིད་མི་འོང། ལུས་ཆེར་རྡུལ་ལམ་ཡང་ན་ལུས་རྡུལ་མི་འབྱུང་གླུ་ལེན་གར་བྱེད། གང་མོ་དགོད་པ་ལ་སོགས་པ་དང། ལུས་ཀྱིས་བསྒྱུར་ཅིང་བྱ་བ་རྣམས་བྱེད། མིག་ནས་མཆི་མ་ཟག་མིག་མི་གསལ་ཏེ་རྩ
་དམར་རམ་སེར་མིག་ཐ་མལ་པ་མི་འདྲ་སྟེ་ཞུམ་ཞིང་གཡོ་མིག་གི་རྫི་མ་ལོང་ལོང་པོར་འདུག་བྱིན་སྙིང་ན་རྩིབ་ལོ་གསུན?། ཀླད་པའི་སྤྱི་བོ་དང་རུས་པ་དང་རུས་པའི་ཚིགས་ན་མགོ་འཁོར་རྣ་བ་གཉིས་ན་སྟེ་འབོད་མགུལ་བའི་ནང་གྲམས་གང་བ་སྙམ་བྱེད། ལྕེ་རྩུབ
་ལ་ཚིག་པ་བཞིན་དུ་གནག་།ལུས་ལྕི་ལ་ལག་དར་དང་དཔུང་པའི་ཚིགས་ཁ་བྱེ་ཞིང་ལྕེ་ཁའི་མཆིལ་མ་འམ། ལུད་པའི་ནད་ནས་ཁྲག་དང་མཁྲིས་པ་དང་བད་ཀན་འབྱུང་མགོ་བོ་ཅོག་ཅོག་པོར་མི་བཏུབ་སྟེ་གཡས་གཡོན་དུ་འདྲིལ་ཞིང་འཕྱོངས་སྐོམ་དང་རབ
་ཏུ་ཆེ་ལུས་ཐོར་བུ་འམ་འབུམ་ཕྲན་ནག་པོ་འམ། དམར་པོ་ཕྲེའུ་ཙིག་ཙིག་བོ་མཛའ་འཁོར་བ་གང་ལ་དཔུས་ཉི་ཚེར་མ་བྱུང་སྟེ་སྟོང་པར་འདུག་པ་དེ་ལྟ་བུ་ལུས་ཀྱི་སྐབས་སུ་འབྱུང་བར་སྣང་བ་དང། ལུས་ལ་སྐབས་སྐབས་སུ་ཐོར་བུ་ཙིག་ཙིག་པོ་ཕྲེའུ་འདབ་ཆགས་སུ་བྱུང་བ
་ཀོར་ཀོར་པོར་སྣང། སྙིང་ན་བཤང་གཅི་སྲི་སྟེ་འགག་པ་འམ། ཡང་ན་ཐུར་དུ་འཁྲུ་ཞིང་འོང་བ་སྙམ་བྱེད་ལ། བཤང་བའི་ཚེ་ཆེད་པོ་མི་འབྱུང་ཁའི་ནང་སྣུམ་གྱིས་བསྐུས་པ་བཞིན་དུ་སྣུམ་བག་ཏུ་བྲོ། །ཉམ་སྟོབས་ཆུང་སྟེ་བྲི། སྐད་ཀྱི་མདངས་ཆུང་སྟེ་གཅོམ?་ཆུང།
་ཁ་ནས་བླ་ཞིང་རྡོལ། འདུས་པའི་ནད་འདི་ལྟ་བུས་བཏབ་ན་ནད་གཞི་རླུང་དང་བད་ཀན་མཁྲིས་པ་རྣམས་ཡུན་རིང་དུ་སྨིན་དུ་མི་བཏུབ་སྟེ་ནད་ཀྱི་རྩེ་མ་ཞིལ་ལ་མིའི་ཉམས་ནི་རྨུགས། མགུལ་པ་དང་གྲེ་བའི་ནད་རྟ། སྒྲ་བར་དར་དང། སྒྲ་སོག་སོག
་ཟེར་བ་འདི་ལྟ་བུ་ནི་འདུས་པའི་རིམས་ནད་ཀྱིས་ཐེབས་པའི་རྟགས་ཡིན་ནོ། །འདུས་པའི་རིམས་ནད་འདི་ལྟ་བུ་ལས་ཚབས་རབ་ཏུ་ཆེ་བར་གྱུར་ན་རིམས་དེའི་མིང་ནི་འདུས་པའི་རིམས་མངོན་དུ་རྨུགས་བྱེད་ཅེས་བྱ་སྟེ། ནད་དེས་ནི་མདངས་ཕྲོགས་ནས་མིའི་གཟི་བྱིན
་ཀུན་མེད་པར་བྱས་བཤང་གཅི་འགགས་ལ་རྟུག་སྐམ་དུ་གྱུར་ཏེ་མི་འབྱུང་ཁོར་བའི་ནང་གི་དྲོད་ཉམས་ཏེ་ཆུང་བ་འདི་ནི་འདུས་པའི་རིམས་ནད་ཀྱི་རྨུགས་བྱེད་ཀྱི་རྟགས་ཡང་བ་ཐམས་ཅད་ཚོགས་པ་ཡིན་ཏེ་གསོར་མི་རུང་ངོ། །དེ་ལྟ་བུ་གཞན་ནི་གསོ
་དཀའ་བ་ཞེས་བྱ་སྟེ་འདུས་པའི་རིམས་མངོན་དུ་རྨུགས་བྱེད་ནང་སྣ་མ་ཚང་བ་དེ་ནི་གསོས་ན་ཡང་དབང་པོ་ཉམས་པ་འམ་རྐང་ལག་ཉམས་པ་ཙམ་ཏུ་འགྱུར་རོ། །རྣམ་པ་གཞན་དུ་ཡང་འདུས་པའི་རིམས་ནད་ནི་ཡིན་ན། དེ་ཡང་མཁལ་མའི་ནད་ལོག
་ཤིག་ན་འདུག་སྟེ་ཇི་ལྟར་ཞེ་ན་ཕྱི་རོལ་གྱི་པགས་པ་དང་ཤ་མཐང་ཚ་འམ། ཡང་ན་ཁོང་པ་ནང་ཚ་སྟེ། དེ་ཡང་ན་ཚ་བ་སྔར་བྱུང་ཡང་ན་ཚ་ཕྱིས་བྱུང་བ་ཡོད་དེ། དེ་ལ་ཚ་བ་སྔར་བྱུང་བའི་རིགས་ནི་གསོ་དཀའ་བ་ཡིན་ནོ། །ཚུལ་དེ་དང་འདྲ་བར་རླུང་དང་བད
་ཀན་གཉིས་ཀྱང་ཡང་ན་ཕྱི་རོལ་ཏུ་ཕྱུང་སྟེ་ཤ་དང་པགས་པ་གྲང་ངམ་ཡང་ན་ཁོང་པའི་ནང་དུ་བྱུང་སྟེ་ཁོང་གྲང་བ་དེ་ལྟ་བུ་གྲང་བའི་རིམ་སྔར་བྱུང་ངམ། ཡང་ན་གྲང་བའི་རིམས་འཇུག་ཏུ་ཕྱིས་འབྱུང་བ་ཡང་ཡོད་དེ། །གྲང་བའི་རིམས་དང་རླུང་དང་བད
་ཀན་གྱི་རིམས་དེ་སྔར་གྱུར་པའི་རྗེས་ལ་མཁྲིས་པའི་རིམས་ཚ་བས་བསྣན་ན་བད་ཀན་གཤེར་བ་འབྱང་བ་དེ་ནི་བསྐབས?། རླུང་གྲང་བའི་བག་ཞི་བར་བྱས་པས་ཁའི་ནང་རོ་སྐྱུར་བར་བྲོ། །རྒྱལ་མྱོས་སྐོམ་དང་ཆེ་བར་འགྱུར་རོ། །ཡང་ན་མཁྲིས་པའི་ནད་ཚ་བས
་ཐོག་མར་བཏབ་ཏེ་དེའི་རྗེས་ནི་རྨུགས་ཤིང་བད་ཀན་ཁ་ནས་མང་དུ་འབྱུང་ངོ། །སློན?་ནོ?་ཁོང་སྙོམ་མོ།?་།ནད་ཐབས་འདི་ལྟ་བུ་འདུས་པའི་རིམས་ཡིན་ཏེ། དཀྱེལ་ཆེར་སྐྱེས་པ་མངོན་དུ་རྨུགས་བྱེད་ཅེས་བྱ་བ་གསོ་དཀའ་བའི་ནད་ཐབས་ཡིན་ནོ། །དེ་ལ་བློ་བུར་གྱི་རིམས་ནད་རྣམ་པ་བཞི
་སྟེ། དྲག་ཤུལ་ལས་གྱུར་པའི་རིམས་ནད་དང། མངོན་པར་ཟིན་པའི་རིམས་ནད་དང། དམོད་པའི་རིམས་ནད་དང། བྱང་ཀྱི་རིམས་ནད་དོ། །དེ་ལ་དྲག་ཤུལ་གྱི་རིམས་ནད་ཀྱང་རྣམ་པ་བཞི་ལས་འབྱུང་སྟེ། མཚོན་གྱིས་རྨས་པ་དང། གཅད་པ་དང། མེས་ཚིག་པ
་ལས་རིམས་སུ་གྱུར་པ་དང། སྟོབས་རྩལ་གྱི་བག་ལས་སྣང་དེ་རིམས་སུ་གྱུར་པའོ། །འདི་རྣམས་ལྟ་བུ་ལས་སྣང་དེ་རིམས་སུ་གྱུར་པའོ། །འདི་རྣམས་ལྟ་བུ་ལས་རིམས་སུ་གྱུར་པ་ནི་ཕལ་ཆེར་རླུང་གི་ཁྲག་ནང་དུ་གྱུར་པར་བྱས་ནས་ཁྲག་ལ་གནོད་པར་གྱུར་པ་དང་ན་ལ་སྐྲད།
་མདོག་མི་སྡུག་ལན་སྟེ་རིམས་སུ་འགྱུར་རོ། །མངོན་པར་ཟིན་པའི་རིམས་ནད་ཅེས་བྱ་བ་ནི་གདོན་གྱི་བག་མིའི་ལུས་ལ་བབ་པ་འམ། གདོན་གྱིས་ཟིན་པ་དང་སྨན་གྱི་དྲི་བསུང་དྲག་པོ་སྣར་ཕོག་པ་ལས་རིམས་སུ་གྱུར་པ་དང། མདའ་དུག་ལྟ་བུའི་རླངས་པ་འམ། དྲིས་ཕོག་པ་ལས
་རིམས་སུ་གྱུར་པ་དང། ཁྲོས་པ་ལས་རིམས་སུ་གྱུར་པ་དང། འཇིགས་པ་དང་མྱ་ངན་དང་འདོད་པ་ལས་རིམས་སུ་གྱུར་པའོ། །དེ་ལ་གདོན་བབས་སམ། གདོན་གྱིས་ཟིན་ན་དུ་འམ་དགོད?་པའི་རིམས་ནད་དུ་འགྱུར་རོ། །སྨན་གྱི་བསུང་དྲག་པོ་འམ་ངན་པས་ཕོགས་ན་སྤྲིད་པ
་འབྱུང་ཀླད་པ་ན་སྐྲང་བརྒྱལ་བའི་རིམས་ནད་དུ་འགྱུར་རོ། །མདའ་དུག་ལྟ་བུ་ལས་རིམས་ནད་དུ་གྱུར་པ་ནི་བརྒྱལ་ཚད་པས་འདེབས་ཏེ། འཁྲུ་ལུས་དང་བཞིན་མདོག་གནག་ལུས་ཚ་སྙིང་ན་བའི་རིམས་སུ་འགྱུར་རོ། །ཁྲོས་པ་ལས་ནི་ཀླད་པ་ན་ཞིང་ལུས་འདར་བའི་རིམས་སུ
་འགྱུར་རོ། །འཇིགས་པ་འམ་མྱ་ངན་གྱིས་བཏབ་པ་ནི་ཚིག་མང་དུ་སྨྲ་ཞིང་ན་བའི་རིམས་སུ་འགྱུར་རོ། །འདོད་པ་ལས་ནི་མགོ་འཁོར། ཟས་ཡི་གར་མི་འོང། ལུས་ཚེ་ངོ་ཚ་མེད་གཉིད་མེད། བློ་དང་བརྟན་པའི་བག་ཏུ་ཉམས་པ་དེ་ལྟ་བུའི་རིམས་སུ་འགྱུར་རོ། །དེ་ལ
་གདོན་གྱིས་བཏབ་པ་སྨན་དང་དུག་གི་དང་པས་ཕོག་པ་འདི་འདུས་པའི་རིམས་ནད་ཀྱི་ནད་ཐབས་དང་གཅིག་གོ་།ཁྲོས་པའི་རིམས་ནི་མཁྲིས་པ་ལས་རིམས་སུ་གྱུར་པའི་ནད་ཐབས་དང་གཅིག་གོ་།འཇིགས་པ་དང་མྱ་ངན་དང། འདོད་པ་ལས་ཀྱང
་པའི་རིམས་དང། འདི་རྣམས་ནི་རླུང་གི་རིམས་དང། བད་ཀན་གྱི་རིམས་དང། མཁྲིས་པའི་རིམས་སུ་འགྱུར་རོ། །དམོད་པ་བོར་བ་དང། བྱང་བྱས་པ་ལས་རིམས་ནད་དུ་གྱུར་པ་ནི་འདུས་པའི་ནད་དྲག་པོ་མི་བཟད་པར་འགྱུར་རོ། །དེ་ལ་ངན་སྔགས་ཀྱི་བྱང་བྱས་པས་ནི་ཐོག་མར
་སེམས་ལ་བབ། དེའི་འོག་ཏུ་ལུས་ལ་བབ་སྟེ་ཚ་དེ་ནད་ཐོར་བུས་གང་བར་འགྱུར། སྐོམ་དང་ཆེ། མགོ་འཁོར་ལུས་ཚ། བརྒྱལ་རིམས་དེ་ཉིན་རེ་ཞིང་ཕྱི་ཕྱིར་ཚབས་ཚ་བར་འགྱུར། །རིམས་ནད་རྣམ་པ་བརྒྱད་པོ་དེ་ནི་དེ་རྣམས་ཡིན་ནོ། །རིམས་ནད་དེ་དག་ཀྱང་རྣམ
་པ་གཉིས་ཏེ། ལུས་ཀྱི་རིམས་ནད་དང། སེམས་ཀྱི་རིམས་ནད་དོ། །གྲང་བའི་རིམས་དང། ཚ་བའི་རིམས་སོ། །ལུས་ཀྱི་ཕྱི་རོལ་གྱི་ཚ་བའི་རིམས་དང། ལུས་ཀྱི་ཁོང་པ་ནད་དུ་ཚ་བའི་རིམས་སོ། །དུས་ཀྱི་རང་བཞིན་གྱིས་རིམས་དང་དུས་ལས་གྱུར་པའི་རིམས་སོ།།
་གསོར་རུང་བའི་རིམས་དང། གསོར་མི་རུང་བའི་རིམས་སོ། །རིམས་ནད་མ་སྨིན་པའི་རིམས་དང། རིམས་ནད་སྨིན་པའི་རིམས་སོ། །དེ་ལ་དུས་ཀྱི་རིམས་ཞེས་བྱ་བ་ནི་སྔར་ཚ་བའི་རིམས་ཀྱིས་ལུས་ལ་བཏབ་པའོ། །ཕྱིས་སྙིང་ལ་ཚ་བར་གྱུར་པ་ནི་ཡིད་ཀྱི་རིམས་སོ།།
་རླུང་དང་བད་ཀན་གྱི་ནད་གཉིས་ཅིག་ཅར་བྱུང་བ་ནི་གྲང་བའི་རིམས་སོ། །མཁྲིས་པའི་རིམས་ནད་དང་འབྲེལ་བ་ནི་ཚ་བའི་རིམས་དང་ནད་སྣ་གཉིས་འདྲེས་པ་ནི་འདྲེས་པའི་རིམས་ཞེས་བྱའོ། །ཁོང་པའི་ནང་དུ་ཚ་བའི་རིམས་ནད་ནི་རིམས་ནད་དཀྱེལ་ཆེ་སྟེ། ཁོང་པའི་ནད
་དུ་ན་ཞིང་བཤང་གཅིའི་དྲི་མ་སྲི་ཞིང་འགོག་གོ་།ལུས་ཀྱི་ཕྱི་རོལ་ཚ་བའི་རིམས་ནི་ལུས་ཀྱི་ཤ་དང་པགས་པ་ཚ་ཞིང་ན་བར་ཟད་དེ་འདི་ནི་གསོ་སླའོ། །དེ་ལ་དུས་ཀྱི་རང་བཞིན་གྱི་རིམས་ནི་དུས་དུས་སུ་ལྡང་བའི་བ?་རིམས་ཡིན་ཏེ། དབྱར་དང་སྟོན་དང་དཔྱིད
་གསུམ་རླུང་ནད་ལ་སོགས་པ་རིམ་པ་བཞིན་དུ་འབྱུང་བའི་རིམས་ཡིན་ནོ། །གྱུར་པའི་རིམས་ནི་དེ་ལྟ་བུ་དུས་སོ་སོའི་ཚེ། དུས་ཚིགས་དང་མཐུན་པའི་རིམས་མ་ཡིན་པ་དེ་ནི་གྱུར་པའི་རིམས་ནད་ཅེས་བྱ་སྟེ་གསོ་དཀའ་བའོ། །རང་བཞིན་གྱི་རིགས་ནད་ཅེས་བྱ་བ་དེ
་ཡང་ཕལ་ཆེར་རླུང་ནད་ཀྱི་བསླང་སྟེ་དུས་བཞིན་རིམས་བཞིན་འགྱུར་རོ། །དབྱར་གྱི་ཚེ་ནི་རླུང་ནད་ཀྱིས་ནད་བསླང་ནད་མཁྲིས་པ་དང་བད་ཀན་དུ་ལྡན་པ་དང་རིམས་ནད་དུ་འགྱུར་རོ། །སྟོན་ན་མཁྲིས་པའི་ནད་སློང་སྟེ་དེའི་གྲོགས་བད་ཀན་གྱིས་བྱས་པས་རིམས
་ནད་དུ་འགྱུར་ཏེ་དེ་ལྟ་བུ་ལ་ཁ་ཟས་སྨྱང་བར་བྱས་ཀྱང། སྟོན་ཉམས་མཐུ་སྐྱེ་བའི་དུས་ཡིན་པས་གནོད་པར་མི་འགྱུར་རོ། །དཔྱིད་ཀ་ནི་བད་ཀན་ལས་ནད་དུ་འགྱུར་བའི་དུས་ཡིན་ཏེ་བད་ཀན་གྱི་རིམས་ནད་ལངས་པའི་ཟླ་ལ་རླུང་དང་མཁྲིས་པའི་ནད་ཀྱང་དེའི
་རྗེས་ལ་འགྱུར་རོ། །མི་ཉམས་མཚག་ཆེ་བ་ཞིག་ལ་རིམས་ནད་ཚབས་ཚུང་དུ་ཞིག་གིས་སྔར་བཏབ་ལ་ཕྱི་ནས་ནད་དེ་མ་ཡིན་པ་གནོད་པའི་ནད་བརླ་གཉེན་གཞན་ལྟ་བུས་བཏབ་པ་ཡང་མེད་ན་རིམས་ནད་དེ་ལྟ་བུ་ནི་གསོ་སླ་བ་ཞེས་བྱའོ། །ཡང་ནད་པའོ་ཅོག
་གི་ནད་གོས་པ་ལ། འཚོའམ་མི་འཚོ་དཀའ་སླ་ཅི་འདྲ་བ་བརྟག་པ་ནི་ནད་པའི་ཁ་གདོང་ལ་སོགས་པ་ཇི་ལྟར་གྱུར་པའི་ཚུལ་དང་ལྟ་བ་དང་མཚན་མ་ཤེས་པར་བྱ་བའི་དམིགས་བཤད་པ་དང་སྦྱོར་ལ། གསོ་དཀའ་སླ་ཤེས་པར་གྱིས་ཤིག་།དེ་ལ་རིམས་ནད་མ
་སྨིན་པ་ཞེས་བྱ་བ་ནི་རིམས་ཀྱི་དང་པོ་གསར་དུ་བཏབ་པ་རྩེ་མ་ཞིལ་བ་ལྟ་བུ་ལ་ཕྱ་སྟེ། དེ་ནི་རིམས་ཚབས་ཆེ་ལ་ན་ཁོང་རྨྱ་བ་མ་ཡིན་གཅིན་མང་ཐུར་དུ་བཤང་བ་འགགས་ཏེ་སྲི། ཁ་ཟས་མི་འཛུ་སྐོམ་དང་ཆུང། །ཟས་ཡི་གང་མི་འོང་སྟེ་ནད་ཐབས་འདི་ལྟ་བུ་ནི
་རིམས་ནད་གསར་པ་ཞེས་བྱ་སྟེ་རིམས་ནད་མ་སྨིན་པ་ཡིན་ནོ། །དེ་ལ་རིམས་ནད་སྨིན་པར་གྱུར་པ་ཞེས་བྱ་བ་ནི་རིམས་ནད་རྩེ་ཞིལ་བར་གྱུར་པ་ལ་བྱ་སྟེ། དེ་ནི་རིམས་ནད་ཚབས་ཆེ་བླ་ཞིང་སྨྲ་དབུགས་ཀྱི་རྔམ་པ་དྲག་།མགོ་འཁོར་བཤང་གཅི་དྲི་མ་མི་འགག་པར
་ཐུར་དུ་འབྱུང། སློན་པར་བྱེད་པའི་ནད་ཐབས་འདི་ལྟ་བུ་ནི་རིམས་ནད་སྨིན་པར་འགྱུར་བའི་རྟགས་ཡིན་ནོ། །ཡང་རིམས་ནད་རྣམ་པ་ལྟར་བཤད་པ་ལ་རླུང་དང་མཁྲིས་པ་བད་ཀན་སོ་སོའི་དུས་ཚིགས་ཀྱི་དམིགས་དང་ནད་པའི་ཉམས
་མཚག་ཆ་ཆུང་ལས་ཀྱང་འགྱུར་ཏེ་རིམས་ནད་རྣམ་པ་ལྔ་ཆར་ཡང་ཕལ་ཆེར་ནི་འདུས་པའི་རིམས་ནད་དུ་འགྱུར་རོ། །ལྔ་གང་ཞེ་ན། རྒྱུན་གྱི་རིམས་ནད་དང། རྟག་པའི་རིམས་ནད་དང། རིམས་ཉིན་ཞག་གཅིག་པ་དང། རིམས་ཉིན་ཞག་གསུམ་པ་དང། རིམས་ཉིན་ཞག
་བཞི་པའོ། །དེ་ལ་རྒྱུན་གྱི་རིམས་ནི་ལུས་ཀྱི་སྲོག་ཟུངས་བདུན་དང་བཤང་གཅི་དང། རྩ་ཀུན་ལ་རླུང་དང་མཁྲིས་པ་དང། བད་ཀན་གྱི་རིམས་ནད་ཀྱིས་ཁྱབ་པར་བྱས་ནས་ལུས་ཀུན་ཚ་བར་འགྱུར་ཏེ། སྲོག་ཟུངས་བདུན་དང། བཤང་གཅི་ལ་སོགས་པའི་ནད་དུ
་རིམས་དེ་མཚུངས་པར་ཞུགས་ནས་ཚབས་ཆེར་སྐྱེས་ཏེ་རིམས་ཀྱི་མཐུ་ཆེན་ལུས་ལྕི་རྐང་ལག་རེངས་བག་ཏུ་འདུག་སྟེ་དེའི་ཚེ་རྒྱུན་གྱི་རིམས་དེ་ནི་དམིགས་ཀྱིས་ལུས་ཀྱི་ནང་ན་བཅུད་དངས་མ་ཞེས་བྱ་བ་ལ་བརྟེན་ཅིང་འདུག་སྟེ། རིམས་ནད་དེ་ལ
་སོགས་པའི་དཔྱད་ཀྱང་དཀའ་ལ་བཟོད་པར་ཡང་རབ་ཏུ་དཀའ་ཨོ། །རིམས་ནད་དེ་ལྟ་བུས་ཁོང་པ་ནང་གི་བཤང་གཅི་དྲི་མ་ལ་བབ་ཏེ། ཚ་བའི་དྲོད་ཀྱིས་སྨིན་ཅིང་ཚོས་པར་བྱས་ནས་ནི། མྱུར་དུ་འཚོ་སླའོ། །གལ་ཏེ་ནད་ལུས་ཀྱི་སྲོག་ཟུངས་བདུན
་པ་ལ་བབ་སྟེ་རིམས་ནད་ཚ་བ་དེས་མྱུར་དུ་སྨིན་ཅིང་ཚ་བས་གདུང་བར་བྱེད་ན་ནི་གསོ་དཀའ་སྟེ་མི་རུང་ངོ། །འདུས་པའི་རིམས་ནད་རྒྱུན་ཅེས་བྱ་བ་དེ། རླུང་ལས་གྱུར་པའི་རིམས་ནད་ཡིན་ན་ནི་ཞག་བདུན་དུ་གནས་ཏེ། དེ་ཡང་གལ་ཏེ་རླུང་ངམ
་མཁྲིས་པ་འམ། བད་ཀན་ཉིད་ལ་བབ་སྟེ་ནད་ཉིད་ལ་གདུང་ཞིང་སྨིན་པར་བྱེད་པ་ནི་རིམས་འབྱད་དུ་རུང་བ་ཞེས་བྱ་སྟེ་ཞག་བདུན་གྱིས་འཚོའོ། །སྲོག་ཟུངས་བདུན་པོ་ཉིད་ཁྲག་ལ་སོགས་པ་དང་ལུས་ཀྱི་དྲི་མ་བཤང་གཅི་ལ་བབ་སྟེ། རིམས་ཚ་བ་དེས་གདུང
་ཞིང་ཚོས་པར་བྱེད་ན་ནི་རིམས་འབྱང་དུ་མི་རུང་བ་ཞེས་བྱ་སྟེ་ཞག་བདུན་གྱིས་འཆི་བར་འགྱུར་རོ། །ཚུལ་དེ་དང་འདྲ་བར་མཁྲིས་པའི་ནད་ནི་ཞག་བཅུས་བྱེ་བྲག་དབྱེའོ། །བད་ཀན་གྱི་ནད་གཞི་བཅུ་གཉིས་ཀྱིས་བྱེ་བྲག་དབྱེའོ། །དེ་ལྟར་འདུས་པའི་རིམས་ནད་རྒྱུན་ཞེས
་བྱ་བའི་རིམས་དེ་འཚབ་དང་འཆི་བར་འགྱུར་བའི་བྱེ་བྲག་ནི་དེ་ལྟར་བལྟའོ་ཞེས་གནའོ་དྲང་སྲོང་མེ་བཞིན་འཇུག་དེ་སྐད་འཆད་དོ། །ཡང་དྲང་སྲོང་ལྗང་སྔོའི་བུ་ན་རེ་རླུང་ལས་གྱུར་པའི་རིམས་ཞག་བདུན་གྱིས་སོས་འཆིའི་བྱེ་བྲག་དབྱེ་ཞེས་བྱ་བ་ནི་ཞག་བཅུ་བཞིས་བྱེ་བྲག
་དབྱེའོ། །མཁྲིས་པའི་རིམས་ནད་ཞག་བཅུས་བྱེ་བྲག་དབྱེ་ཞེས་བྱ་བ་ནི་ཞག་བཅོ་བརྒྱད་ཀྱིས་འཚོ་འཆིའི་བྱེ་བྲག་དབྱེའོ། །བད་ཀན་གྱི་རིམས་ཞག་བཅུ་གཉིས་ཀྱིས་བྱེ་བྲག་དབྱེ་ཞེས་བྱ་བ་ནི་ཞག་ཉི་ཤུ་རྩ་གཉིས་ཀྱིས་བྱེ་བྲག་དབྱེའོ། །དེ་ལྟར་རླུང་དང་མཁྲིས་པ་དང་བད
་ཀན་གསུམ་གྱི་རིམས་ནད་འདུས་པའི་རྒྱུན་ཞེས་བྱ་བས་བཏབ་པ་འཚོ་འཆིའི་བྱེ་བྲག་གི་ཚིགས་ནི་དེ་ལྟར་བལྟ་ཞེས་འཆད་དོ། །རིམས་ནད་གྲངས་སོ་སོར་བསྟན་མོད་ཀྱིས་འོན་ཀྱང་ནད་པ་ནད་རྩེ་ཞིལ་ན་ཉམས་ཆུང་སྟེ་རིང་པ་ཁ་ཟས་མི་འཁྲོད་པ་ཅིག་ཟོས་སམ
་བསྟེན་པ་དང། བྱ་བ་ལ་སོགས་པ་གནོད་པ་ཞིག་བྱས་ན་ནད་དམིགས་ཆུང་གིས་ཀྱང་སྲོག་ཟུངས་བདུན་པོ་ཤ་ཁྲག་ལ་གནོད་པར་བྱས་ཏེ་ནད་ཀྱི་དཀྱེལ་དང་དཔུང་སྐྱེས་ནས་རིམས་ནད་དེ་ཡུན་རིང་དུ་ན་ཞིང་ནད་ལ་གཉེན་པོ་མེད་པར་འགྱུར་ཏེ། རེས་འགའ་ནི་ཚབས
་ཆེ་རེས་འགའ་ནི་ཚབས་ཆུང་སྟེ། རིམས་ནད་དེ་རླུང་དང་མཁྲིས་པ་དང་བད་ཀན་རང་རང་གི་དུས་ཀྱི་ཚེ་ནད་ཀྱི་སྟོབས་སྐྱེས་ནས་ནད་ལ་བར་ཆད་བྱེད་དོ། །དེ་ལྟར་རིམས་རྒྱུན་རིམས་སུ་གྱུར་པ་ལ་ཡང་སྨན་དཔྱད་ཀྱི་མཐུ་སྐྱེད་ན་ནི་རིགས་ནད་ཕྱིན་ཏོ། །སྨན་དཔྱད་ཀྱི
་མཐུ་ཆུངས་ན་ནི་རིམས་ནད་མི་ཕྱིན་ཏོ། །རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དམིགས་ཟད་རིམས་ནི་ཆུང་ལ་ཕྲ་བར་གྱུར་པའི་ཚེ་ན་རིམས་ནད་དེ་པོ?་པའི་ནང་གི་བཅུད་དངས་མའི་ནང་ན་འདུག་གོ་དེ་ལྟར་རིམས་དེ་བཅུད་དངས་མའི་ནང་ན་འདུག་པར
་གྱུར་ན་ལུས་རིང་ཅིང་སྐོམ་བཞིན་དང་ཁ་དོག་ངན་རྨོང་བག་ཏུ་འདུག་ཁོང་སྙོམས་ཁ་ཟས་ཡི་གར་མི་འོང་བ་ལ་སོགས་པར་འགྱུར་རོ། །དེ་ལྟར་བཅུད་དང་སྨ་དང་རིམས་སུ་འདྲེས་ཏེ་ཕོ་བ་ན་འདུག་པའི་རྩ་བ་ཐམས་ཅད་ཀྱི་སྒོ་ཡང་དེ་ན་ཁ་བྱེ་ཞིང་འདུས་པས་རྩ་སྒོ་ཀུན་གྱི་ནང
་ན་བཅུད་དངས་མ་རིམས་དང་འདྲེས་པར་སོང་ན་ལུས་ཐམས་ཅད་ལ་རྒྱུན་གྱི་རིམས་ནད་དེས་མྱུར་ཏུ་ཁྱབ་སྟེན་པར་བྱེད་དོ། །དེ་ལ་རྟག་པའི་རིམས་ཞེས་བྱ་བ་ནི་འདུས་པའི་རིམས་རྒྱུན་ཅེས་བྱ་བ་ལས་ཚུལ་མི་འདྲ་བར་ལོག་པར་ལྟ་སྟེ་ནད་ཐམས་ཅད་ཀྱང་མི་འདྲའོ་ཇི་ལྟར་ཞེ་ན་རྒྱུན་གྱི
་རིམས་དེ་ཉིན་ཞག་དུ་མ་ཞིག་ཏུ་ཉིན་མཚན་རྒྱུན་དུ་ནའོ། །རྟག་པའི་རིམས་འདི་ནི་ཉིན་པར་ལན་གཉིས་ནད་ལྡང། མཚན་མོ་ལན་གཉིས་ནད་ལྡང་ཞིང་ན་བས་དེའི་ཕྱིར་མི་འདྲའོ། །ནད་ལྡང་བའི་དུས་ཀྱང་མ་ངེས་ཏེ་རེས་འགའ་སྔ་དྲོ་རེས་འགའ་ཕྱི་དྲོ། །ངེས་འགའ་ཉི་མའི
་གུང་ལ་ན། མཚན་མོ་ཡང་ནམ་སྟོད་ནམ་སྨད་ལ་ན་བའི་དུས་ངེས་པ་མེད་དོ། །ཐོག་མ་ནད་ཀྱིས་འདེབས་པའི་དུས་ཀྱང་ངེས་པ་མེད་དོ། །རྟག་པའི་རིམས་འདི་ཉིད་ནི་ཁྲག་ལ་ཕལ་ཆེར་བསྟེན་ཅིང་འདུག་པ་དེ་ནི་རྟག་པའི་རིམས་ཞེས་བྱའོ། །ཁ་ཅིག་ནི་རྟག་པའི་རིམས
་དེ་ཉིན་ལན་གཉིས་ན་ཞིང་མཚན་ལན་གཉིས། ན་ཞེས་ཀྱང་འཆད་དོ། །དེ་ལ་རིམས་ཉིན་ཅིག་པ་ནི་ཉིན་ཅིག་ཡང་ལན་རེ་རེ་ན་བ་ཡིན་ཏེ། རིམས་སྔ་དེ་ཡང་ཤའི་རྩ་བའི་ནང་ན་བརྟེན་ཅིང་འདུག་པ་ཡིན་ནོ། །ཉིན་ཅིག་པའི་རིམས་འདི་ནི་རིམས་ཀྱི་ནད་ན་ནད
་ཚབས་མི་ཆེ་བ་ཡིན་ཏེ་གསོ་སླའོ། །དེ་ལ་ཉིན་གསུམ་པའི་རིམས་ཞེས་བྱ་བ་ནི་ཉིན་གཅིག་དང་པོ་རིམས་ཀྱིས་བཏབ་པ་དེའི་ཕྱི་དེ་ཉིན་ནི་མི་ནའོ། །དེའི་ཡང་ཕྱི་དེ་ཉིན་ན་བར་བྱེད་པ་དེ་ལྟ་བུའོ། །རིམས་འདི་ནི་ཚིལ་གྱི་རྩ་བའི་ནང་ན་ཞེན་ཅིང་འདུག་པ་ཡིན་ཏེ་མཁྲིས
་པ་དང་རླུང་གཉིས་ཀླད་པའི་སྤྱི་བོར་ཞུགས་ཤིང་ཞེན་ན་ཀླད་པའི་སྤྱི་བོ་ནའོ། །རྐང་པ་མན་ཆད་དགུ་དོར་ན་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནད་ཡིན་ནོ། །རྒྱབ་ན་ན་རླུང་དང་བད་ཀན་ལས་གྱུར་པའི་ནད་ཡིན་ནོ། །བཞི་པའི་རིམས་ཞེས་བྱ་བ་ནི་དང་པོ་ཉིད
་གཅིག་རིམས་ན་ལ་དེའི་འོག་ཉི་མ་གཉིས་ནི་མི་ནའོ། །དེ་ནས་ཉི་མ་བཞི་ནང་པར་ཡང་ན་བ་འདི་ནི་བཞི་པའི་རིམས་ཞེས་བྱ་སྟེ། རིམས་ནད་འདི་ལྟ་བུ་ནི་མྱུར་དུ་མི་འབྱང་སྟེ་ཡུན་རིང་དུ་ནའོ། །རིམས་ནད་འདི་ནི་ཚིལ་ལམ་རྐང་ངས་རུས་པའི་ནང་ན་འདུག་པ་ཡིན་ནོ། །ན་བའི
་ཐབས་ཀྱང་རྣམ་པ་གཉིས་ཏེ་བད་ཀན་བྱིན་པ་གཉིས་ཀྱི་ནང་ན་ཞུགས་ཏེ་ན་བ་དང་རྣམ་པ་གཉིས་ཡིན་ནོ། །ཡང་བཞི་པའི་རིམས་དེ་ཡང་མི་འདྲ་བ་གཞན་ཡང་ཡོད་དེ་རུས་པ་དང་ཚིགས་གཉིས་ཀྱི་ནང་དུ་ཞུགས་ཏེ། འདུག་ན་ཉི་མ་བཞི་ལ་དང་པོ་ཉི་མ་གཉིས
་རིམས་ན། དེའི་འོག་ཏུ་ཉི་མ་གཅིག་མི་ན། དེའི་ཕྱི་དེ་ཉིན་ཡང་ན་བར་བྱེད་པ་དེ་ལྟ་བུ་ནི་བཞི་པའི་རིམས་ཞེས་བྱའོ། །རིམས་ནད་དེ་ལྟ་བུ་ལ་ཁ་ཟས་མི་འཕྲོད་པ་ཟོས་པ་དང། གནོད་པ་འགྱུར་བ་ལུས་ཀྱིས་བསྐྱོད་པའི་ལས་བྱས་ན་རླུང་དང་མཁྲིས་པ་དང་བད
་ཀན་གྱི་ནད་བཞིའི་མཐུ་ཕྱིར་སྐྱེས་ཏ་ན་བར་འགྱུར་རོ། །ཁ་ཟས་ཕན་པ་ཟས་པ་དང། ལུས་ཀྱིས་བསྐྱོད་པའི་གནོད་པ་མ་བྱས་ན་ནད་དམིགས་ཀྱི་ཉི་མ་དམའ་སྟེ་འབྱང་བར་འགྱུར་རོ། །ཡིད་ཀྱི་རིམས་ནད་ཅན་ཅེས་བྱ་བ་ནི་སྔོན་གྱི་སྡིག་པ་མི་དགེ་བའི་ལས་ལས་འབྱུང
་སྟེ་ཁ་ཟས་མི་འཕྲོད་པ་དང་གནོད་པར་འགྱུར་བ་མ་བྱས་པར་རིམས་ནད་ཀྱིས་བཏབ་ནས་ཕྱི་ཕྱིར་ནད་ཚབས་ཆེ་སྟེ། ན་བའི་ཚེ་རིམས་ནད་གཞན་དང་འདྲ་བར་ན་བ་ཡིན་ནོ། །རིམས་ནད་དོ་ཅོག་གིས་བཏབ་སྟེ་ན་བ་ལས་ཐ་མར་འབྱུང་དུ་ཉེ་བའི་རྟགས་ནི་ལུས་ཀྱི
་སྲོག་ཟུངས་བདུན་པོ་བཅུད་དངས་མ་དང། ཤ་ལ་སོགས་པ་ལ་རླུང་ངམ་མཁྲིས་པ་འམ། བད་ཀན་གྱི་རིམས་ནད་དང་དེ་དཀྲུགས་ཤིང་སློངས་ན་ནད་སློང་བར་བྱེད། ནད་པ་དབུགས་དང་རྔམ་པ་དྲུག་ཏུ་འབྱུང་ལུས་རྡུལ་འཁུན་སློང་བར་བྱེད། ལུས་འདར་རྐང་ལག་བྱ་རྨྱང
་བྱེད། ཚིག་མང་དུ་སྨྲ། ཚ་བ་འམ་གྲང་བས་ལུས་དང་བཞིན་གྱི་མདོག་དང་གཟི་ཀུན་ཉམས་པར་བྱས། ཤེས་ཤིང་ཁོང་དུ་ཆུད་པའི་ཕག་མེད་དེ་རྨོང་བག་ཏུ་འདུག་།རིམས་ནད་ཚབས་ཆེར་ན་བས་ཉམས་ཐག་སྟེ་མཁྲིས་པའི་ཚུལ་གྱིས་ལྟ་བ་འདི་ལྟ་བུའི
་ཚེ་ནི་རིམས་དེ་ཞུ་ཞིང་བྱད་བ་ཡིན་ཏེ། དེའི་ཚེ་འཕྱེན་སྒྲ་དང་བཅས་པ་ཡང་འབྱུང་ཞིང། ཐུར་དུ་ཚད་པ་སླ་པར་ཤུགས་དྲག་ཏུ་འཁྲུས་ནས་དེ་ནས་ལུས་ཡང་ཞིང་སྙོམ་རྨྱབ་དང་རྨོང་བག་དང་ལུས་ཚ་བའི་བག་དང། ཁའི་ནང་ཐོར་བུའི་བག་ཀྱང་མེད
་མིག་ལ་སོགས་པ་དབང་པོ་རྣམས་བརྟས་ཏེ་ན་བ་མེད། ལུས་ལ་རྡུལ་ཀྱང་འབྱུང། སྦྲིད་པ་ཡང་འབྱུང། ན་བ་མེད་ཅིང་རང་བཞིན་གྱིས་ཉམས་ཐ་མལ་པར་གྱུར་ཏེ། ཁ་ཟས་ཡི་གར་འོང། མགོ་བ་གཡའ་སྟེ་ཤིག་དྲུག་པ་འདི་ལྟ་བུ་ནི་རིམས་ནད་བྱང་བའི་མཚན
་མ་ཡིན་ནོ། །རིམས་ནད་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།ཁྲག་དང་མཁྲིས་པ་རྒྱས་པའི་ནད་ལས་ཁ་སྣ་དང་མིག་ནས་ཁྲག་འབྱུང་བ་དང། ཐུར་དུ་ཁྲག་འབྱུང་བ་དང། ལུད་པ་ལུ་བའི་ནད་གཞིའི་ལེའུ་གསུམ་པ་བཤད་པར་བྱའོ།།
་རབ་ཏུ་དྲོད་ཆེ་བ་དང། རབ་ཏུ་རོ་བྲོ་བ་དང་རྣོ་བ་དང། རབ་ཏུ་ཚ་བ་དང། སྐྱུར་བ་དང། ལན་ཚ་ལས་སོ་ཏེ་ཚ་བར་འགྱུར་བའི་བག་ཟོས་པ་དང། འབྲུ་བག་ལ་ཀོ་ཏྲ་བ་དང། ཨུཏྟལ་ཀ་དང། འདི་ལྟ་བུའི་བག་ལ་ཚ་བའི་བག་དང་ན?་ལེ་ཤམ་དང། དབྱི་མོ་དང་ཀྲུ་ཏྲུག་ཏྲེས
་ལ་སོགས་པ་སྨན་ཚ་བའི་བག་མཁྲིས་པར་གྱུར་པ་ཧ་ཅང་བསྟེན་དྲགས་ན་མཁྲིས་པའི་ནང་དུ་འགྱུར་ཏེ་མཁྲིས་པ་རྒྱས་པ་སྟེ། ལུས་པ་དང་ཁྲག་རྒྱས་པའི་ནད་དུ་འགྱུར་རོ། །མཁྲིས་པ་དང་ཁྲག་གཉིས་ཕན་ཚུན་ནང་འདྲེས་པར་གྱུར་པ་དང། ལུས་ཐམས་ཅད
་ལ་ཁྲག་དང་མཁྲིས་པས་ཁྱབ་ན་ནང་དུ་འགྱུར་རོ། །དེ་བས་ན་མཁྲིས་པའི་ནད་ཅེས་བྱ་བ་དེ་ནི་ཁྲག་ནང་དུ་གྱུར་པ་དང། ཁྲེག་དང་མཁྲིས་པར་འདྲེས་པ་དང། ཁྲག་གི་མཁྲིས་པ་ལ་གནོད་པར་བྱས་པ་འདི་རྣམས་ལྟ་བུས་མཁྲིས་པ་དེ་ཁྲག་གི་མདོག་དང་མཐུན
་པར་འཇུག་ཅིང་གནས་པས་ན་དེའི་ཕྱིར་ཁྲག་གིས་མཁྲིས་པའི་ནང་དམིགས་མཚོན་ཏེ་བསྟན་པ་ཡིན་ནོ། །དེ་ནས་ཁྲག་གི་གནས་མཆེར་བ་དང་མཆིན་པ་ལ་མཁྲིས་པའི་ནད་དེ་ལྡང་བར་འགྱུར་རོ། །མཁྲིས་པའི་ནད་ལངས་པས་ཀླད་པ་ལྕི་ཞིང་ན། ཁ་ཟས་ཡི
་གར་མི་འོང། ཚ་བ་སྐྱེས་པས་གྲང་ཞིང་བསིལ་བར་འདོད། སློན་ཞིང་སྐྱུགས་ན་སྐྱུགས་བ་དུང་ཁ་ལ་རོ་སྐྱུར་བ་འབྱུང། སྐྱུགས་པའི་མདོག་ཙོག་ཙོག་ལྟར་སྣང། ལུད་པ་ལུ་དབུགས་མི་བདེ་ཀླད་པ་འཁོར་ཁོང་སྙོམ་ཁ་ནས་སྐྱུགས་པ་དང་ཁྲག་དང་མཆིལ་མ་འོང་བའི་དྲི་མི་ཞིམ་སྟེ།
་གར?་ལ་སྙན་དུ་མནམ། ཁ་དྲི་མ་ཞིམ་མི་ཉ་རྗེན་བཞིན་དུ་མནམ། སྐད་འཛར་ཏེ་འགགས་མིག་དང་ཤ་དང་པགས་པའི་མདོག་དང་སེན་མོ་དང་བཤང་གཅི་ལ་སོགས་པའི་མདོག་རྣམས་དམར་ལ་ལྗང་སྔོན་དུ་འདུག་པ་མདོག་སེར་པོར་སྣང་བ་དེ་ལྟ་བུར་འགྱུར་རོ།།
་རྨི་ལམ་ན་ཡང་གཟུགས་ཀྱི་ཁ་དོག་དེ་ལྟར་འབྱུང་ཞིང་སྣང་ངོ། །དེ་ལྟར་གྱུར་ན་མཁྲིས་པ་དང་ཁྲག་རྒྱས་པ་ཡིན་ནོ། །མཁྲིས་པ་དང་ཁྲག་གི་ནང་སྟོང་དུ་རྒྱས་པ་ནི་སྣ་དང་མིག་དང་རྣ་བ་དང། ཁ་ནས་ཁྲག་འབྱུང་བར་འགྱུར་རོ། །གལ་ཏེ་ཁྲག་དང་མཁྲིས་པའི་ནད་རོ་སྨད
་དུ་རྒྱས་ན་ཕོ་མཚན་དང་མོ་མཚན་དང་རྐུབ་ནས་ཁྲག་འབྱུང་བར་འགྱུར་རོ། །ཁྲག་དང་མཁྲིས་པའི་ནད་རབ་ཏུ་རྒྱས་ཏེ་ཚབས་ཆེ་ན་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་ཁྲག་འབྱུང་ངོ། །དེ་ལྟར་སྟོང་དུ་ཁ་སྣ་ནས་ཁྲག་འོང་ན་ནི་གསོ་སླ་སྟེ་སྟོང་བད་ཀན་གྱི་བཞིན་ཡིན
་པས་ན་དེའི་ཕྱིར་དེ་ལྟ་བུ་ལ་བཀྲུ་སྨན་གྱིས་བཀྲུས་ན་ཕན་པར་འགྱུར་རོ། །ཡོད་ནི་མཁྲིས་པའི་ནང་ལ་ཕན་པའི་སྨན་དཔྱད་ཀྱང་མང་དུ་ཡོད་མོད་ཀྱི་མཁྲིས་པའི་ནད་ནི་བཀྲུ་སྨན་གྱིས་བཀྲུས་པ་ལས་དཔྱད་བཟང་བ་མེད་དོ། །དེ་ལྟར་མཁྲིས་པའི་ནད་བཀྲུ་སྨན་གྱིས་བཀྲུས
་ཏེ་ཕྱིན་ན་མཁྲིས་པའི་ཟླ་ལ་བད་ཀན་གྱི་ནད་ཡོད་པ་ཡང་བྱད་པར་འགྱུར་རོ། །བད་ཀན་གྱི་ནད་དེ་ཕྱིན་ཏེ་བྱང་ནས་སྨན་དང་ཁ་ཟས་རོ་བསྐ་བ་དང་མངར་བར་བག་ཟོས་ན་གནོད་པ་མེད་དེ་མཁྲིས་ནད་དང་ཁྲག་ནད་ལྟ་བུ་སེལ་ཏེ་ཕན་ནོ། །སྨན་དང་ཁ་ཟས་རོ་ཁ་བ་དང་བསྐ
་བའི་བག་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་མཁྲིས་པ་དང་ཁྲག་ནད་ཀྱང་སེལ་ལོ་བད་ཀན་གྱི་ནད་སེལ་བས་ཕན་ནོ། །ཐུར་དུ་ཁྲག་དང་མཁྲིས་པ་བྱུང་བ་དེ་ནི་རླུང་ལས་གྱུར་པའི་ས་བོན་ཡིན་ཏེ། དེ་ནི་མྱུར་དུ་བྱར་མི་རུང་སྟེ། དེ་ལ་སྐྱུགས་སྨན་བཏང་ན
་གསོ་སླ་སྟེ་མྱུར་དུ་འབྱུང་བར་འགྱུར་རོ། །དེ་བས་ན་མཁྲིས་པ་རྒྱས་པའི་ནད་ལ་སྐྱུགས་སྨན་བཏང་བ་ནི་སྨན་ཕྲན་ཚེགས་སུ་འགྱུར་ཏེ། ཕན་པའི་དཔྱད་མ་ཡིན་མཁྲིས་པའི་ཟླ་ལ་རླུང་ནད་ཡོད་པ་ཡང་སྐྱུགས་སྨན་གྱིས་མི་ཕན་ནོ། །དེ་བས
་ན་མཁྲིས་པ་རྒྱས་པའི་ནད་ལ་སྐྱུགས་སྨན་པས་ན་ཟས་དང་རོ་བསྐ་བ་དང་མངར་བ་ཕན་པར་འགྱུར་རོ། །ཁྲག་དང་མཁྲིས་པ་རྒྱས་ཏེ་བད་ཀན་དང་རླུང་གཉིས་ཀ་འདྲེས་ཏེ་སྟོད་སྨད་གཉིས་ཀར་ཁྲག་འབྱུང་བར་འགྱུར་ན་ནི་གསོ་དཀའ་སྟེ། སྐྱུགས་སྨན
་བཀྲུ་སྨན་གྱིས་ཀས་ཀྱང་བད་ཀན་དང་རླུང་ནད་དེ་ལ་མཁྲིས་པའི་ནད་ཀྱང་སྐྱུགས་སྨན་དང་བཀྲུ་སྨན་གྱིས་ཕྱིན་པ་མེད་ལ། དེ་བཞིན་དུ་ནད་འདི་འཚོ་བར་འགྱུར་བ་ཡང་མེད་དོ། །དེ་ལྟར་མཁྲིས་པ་དང་ཁྲག་ནད་རྒྱས་པ་དང་རླུང་དང་བད་ཀན་གྱི་ནད་ཀུན་འདྲེས
་པར་གྱུར་པ་དེ་ལྟ་བུར་ནད་ཐམས་ཅད་ཞི་བར་བྱ་བའི་དཔྱད་བྱས་ན་ཕན་ནོ། །དེའི་འོག་ནས་ཞིབ་ཏུ་སྨན་སྦྱར་བའི་སྐབས་སུ་འཆད་དེ། །མཁྲིས་པ་ཁྲག་གི་ནད་དེ་ལྟ་བུར་གྱུར་པ་ནད་དེའི་ནང་དུ་རླུང་ངམ་མཁྲིས་པ་འམ་བད་ཀན་གྱི་ནད་དམིགས་གང་ཆེ་བརྟག
་དགོས་ཏེ། དེ་ནི་གཏར་ག་ཐོབ་ལ་ཁྲག་ཅི་འདྲ་བ་རྟོགས་ཤིག་།མཁྲིས་པ་དང་ཁྲག་རྒྱས་པའི་ནད་དེ་ལས་གཞན་ཡང་ཕྲན་ཚེགས་ཅི་དང་ཅིར་གྱུར་པ་ཡང་རྗེས་བཅད་འཚོ་འཆི་ཅིར་འགྱུར་བ་ནད་བའི་བཞིན་མདོག་ལ་སོགས་པ་ལས་ལྟས་སུ་བལྟ
་བ་ཡང་སྦྱོར་བའི་དཔྱད་གྱིས་ཤིག་།ལུད་པ་ལུ་བ་གློ་ནད་རྣམ་པ་ལྔའི་ནད་དམིགས་བཤད་པར་བྱའོ། །གློ་ན་སྟེ་ལུད་པ་ལུ་བས་ནི་ལུས་ལ་གནོད་པ་མྱུར་དུ་བྱེད་པས་ན་དེའི་ཕྱིར་ལུད་པ་ལུ་བའི་དམིགས་འདིར་བསྟན་པར་བྱའོ། །ལུད་པ་ལུ་བ་དེ་ཡང
་རྣམ་པ་ལྔ་སྟེ་རླུང་དང་མཁྲིས་པ་དང་བད་ཀན་དང་གློ་རྔོལ་བ་དང། ལུས་ཀྱི་སྲོག་ཟུངས་བདུན་ཟད་པར་འགྱུར་བའི་གློ་གཅོད་སྐེམ་བྱེད་དང་ལྔའོ། །གློ་ནད་འདི་ལྔ་ལས་རླུང་ནད་ཀྱི་ལུད་པ་དཀར་ཞིང་ན་བས་ནི་མཁྲིས་པའི་གློ་ནད་ཀྱི་དཀྱེལ་ཆེའོ། །
་མཁྲིས་པའི་གློ་ནད་པས་ནི་བད་ཀན་ལས་གྱུར་པའི་ནད་ཆེའོ། །བད་ཀན་ལས་གྱུར་པའི་ནད་བས་ནི་གློ་འདྲམས་ཏེ་རྡོལ་བའི་ནད་ཆེའོ། །དེ་བས་གློ་གཅོད་སྐེམ་བྱེད་ཀྱི་ནད་ཆེའོ། །གློ་ནད་འདི་རྣམས་གང་ན་ཡང་རུང་ནད་ཐབས་ཀྱི་སྤྱི་ནི་ལུད་པ་ལུ་གྲེ་བའི་ནད་གཡའ།
་ཟས་ཡི་གར་མི་འོང་གྲེ་བའི་ནང་གྲ་མས་གང་བ་བཞིན་དུ་རྩུབ་ལ་ཚ། རླུང་རོ་སྨད་མན་ཆད་དུ་རྒྱུ་ཞིང་འགྲོ་བ་ཞིག་ཡོད་པ་དེ་ཡང་ནད་ཀྱིས་འགྲོར་མ་སྟེར་དེ་འགགས་པས་རླུང་དེ་འཁྱིལ་ནས་ཕྱིར་ལོག་སྟེ། རོ་སྟོད་དུ་སོང་ནས་བྲང་དང་མགུལ་པའི་ནང་ཀུན་དུ་ཞེན་ཏེ་དེ
་ནས་ཀླད་པའི་ནང་དང་སྟོད་ཀྱི་རྩ་ཀུན་གྱི་ནང་དུ་རླུང་དེས་གང་བ་དང། དེའི་ཕྱི་རོལ་རླུང་དེས་ལུས་དང་ཡན་ལག་རྣམས་གྱེན་དུ་བཏེག་ཅིང་སྤར་བ་བཞིན་དུ་གཡེངས་པར་བྱེད་པས་ལུད་པ་ལུ། མིག་ནི་རྡོལ་ཅིང་བྱུང་ལ་ཐུག་པ་ཙམ་དུ་ན། རྒྱབ་དང་བྲང་རྩི་བ་ལོགས་སུ
་ཟུག་ཅིང་ན་བར་བྱས་ནས་རླུང་གྱེན་དུ་ཁར་རྒྱུ་ཞིང་འབྱུང་ངོ། །རླུང་དེ་ལུད་པ་ལུ་ཞིང་འབྱུང་བའི་སྒྲ་ནི་ཁར་བའི་སྣོད་ཆག་པའི་སྐྲ་སྐད་ཟེར་རོ། །དེ་ལྟར་རླུང་ནད་ལས་གློ་ལུ་བ་དེ་ཡང་ནད་གཞིའི་བྱེ་བྲག་ཐ་དད་པས་རླུང་ནད་ཁོང་བ་ནང་དུ་འགགས་ཤིང་ཞེན་པའི་ནད
་ཀྱང་ཐ་དད་པར་གྱུར་ཏེ། དེའི་ཕྱིར་ནད་ཐབས་ཀྱང་མི་འདྲ། ལུད་བ་ལུ་བའི་སྐད་ཀྱང་མི་འདྲ་བར་འབྱུང་ངོ། །དེ་ལ་རླུང་ནད་ལས་གྱུར་པའི་ལུད་བས་བཀར་བའི་ནད་ཐབས་ནི་རླུང་ནད་སློང་ཞིང་ལྡང་བར་འགྱུར་བའི་ཁ་ཟས་ཟོས་པས་བྲང་དང་ཐོང་ཀ་དང་གྲེ་བའི་ནང་ཁ
་སྐམས་སྙིང་ན་རྩི་བ་ལོགས་དང་བྲང་དང་ཀླད་པར་ཟུག་ཅིང་ན་རྨོང་བག་དུ་འགྱུར་རོ། །རླུང་གིས་ལུས་ཐམས་ཅད་ཀྱི་ནད་ཀྲུགས་པ་སྙམ་བྱེད་སྐད་འགགས། ལུད་པ་སྐམ་ལུད་པ་ཤུགས་དྲག་ཏུ་ལུ། ལུ་བའི་ཚེ་ཟུག་ཅིང་ཆེར་ན། ལུ་བའི་སྒྲ་དྲག་ཏུ་འབྱུང། ལུས
་ཀུན་རྩུབ་ལ་རེག་ན་བརྩེ། བད་ཀན་གྱི་བག་ཁོང་ན་བསྐམས་ཏེ་ཟད་པས། ལུད་པ་དྲག་པ་ཡུན་རིང་ཞིག་དུ་ལུ་ལུ་ན། ཡང་བད་ཀན་ཅུང་ཟད་ཙམ་ཞིག་འབྱུང་བ་དེ་ལྟ་བུ་ནི་རླུང་ལས་གྱུར་པའི་ལུད་པ་ལུ་པའི་ནད་ཐབས་ཡིན་ནོ། །དེ་ལ་མཁྲིས་པའི་ནད་ལས་གྱུར་པའི
་ལུད་པ་ལུ་བའི་ནད་ཐབས་ནི་ལུད་པ་ལུ་ན་མཆིལ་མའི་རོ་ཁ། ཁའི་ནང་གི་རོ་བྲོ་བ་ཡང་ཁ་མིག་སེར་རིམས་ཀྱིས་ཐེགས་མགོ་འཁོར་མཁྲིས་པ་དང་ཁྲག་རུ་སློན་པར་བྱེད་བད་ཀན་དང་མཆིལ་མ་དུད་པ་འདྲ་བ་ནག་པོར་འབྱུང་ངོ། །སྐད་འགགས
་སྐོམ་དང་ཆེ་ཁོང་མྱོས་པར་འགྱུར། ལུད་བ་རྟག་པར་དྲག་ཏུ་ལུ་བའི་ཚེ་མིག་ལམ་དུ་སྐར་མངའ་ཁྲོ་བྱེད་པ་ལྟ་བུར་སྣང། ནད་ཐབས་འདི་ལྟ་བུ་ནི་མཁྲིས་པས་བཀར་བའི་ལུས་པ་ཞེས་བྱ་བའོ། །དེ་ལ་བད་ཀན་གྱིས་བཀར་བའི་ལུད་པའི་ནད་ཐབས་བྲང་དུ་ཟུག
་པའི་ནད་ཚབས་ནི་མི་ཆེ་ཀླད་པའི་སྤྱི་བོ་དང་སྙིང་ག་ནི་ལྕི་ལ་མེར་མེར་པོ་གང་བ་སྙམ་བྱེད་གྲེ་བའི་ནང་བད་ཀན་གྱིས་སྐྱེད་ནུལ་དུ་བྱུག་པ་ཙམ་དུ་ཞེན་ལ་འབྱུང་དུ་མི་རུང་ཆམ་པས་འདེབས་སྐྱུག་ཁ་ཟས་ཡི་གར་མི་འོད་བ་སྤུ་དང་ཤའི་ཕགས་པར་རེག་ན
་བརྩེ་ལུད་པ་ལུ་ན་བད་ཀན་དཀར་པོ་དཀར་ལ་སྣུམ་བག་དུ་འབྱུང་ངོ། །ནད་ཐབས་འདི་ལྟ་བུ་ནི་བད་ཀན་གྱིས་བཀར་བའི་ལུད་པ་ལུ་བའི་ནད་ཐབས་ཞེས་བྱ་བའོ། །དེ་ལ་བློ་འགྲམས་ཏེ་རྡོལ་བའི་ནད་ཐབས་ནི་སྟོབས་ལ་སོགས་པ་དྲག་ཤུལ་གྱི་བག་ལྟ་བུར་བྱས
་པ་དང། སྟོབས་ཀྱི་མཚན་གྱིས་མི་ནུས་བཞིན་དུ་ཡང་སྟོབས་སམ་ཁུ་བ་ལྟ་བུ་ཚན་ཆེན་པོ་བྱུང་བས་རླུང་གིས་གློ་བ་རྡོལ་ཏེ་དྲལ་ནས། དེའི་རྗེས་སུ་མཁྲིས་པ་ཡང་ཞུགས་ཏེ་ནད་དཀྱེལ་དུ་གྱུར་པ་ལས་ལུད་པ་ལུ་ནས་ལུད་པ་དེ་ཁར་བད་ཀན་དང་ཁྲག་འབྱུང་བ་ཁ
་དོག་སེར་པོ་ནག་པོ་རྣག་གིས་ཕྱིར་བུ་རིལ་རིལ་པོ་དང། འདྲེས་པ་བད་ཀན་ཅིག་འབྱུང་ངོ། །གྲེ་བའི་ནང་བད་ཀན་རྣག་ཁྲག་འོང་བའི་ཚེ། བྲང་དང་ནུ་མ་མཇིད་དུ་ན་ལ། བྲང་དང་ནུ་མཇིད་དང་ཐོང་ཁ་ཕྱོགས་སུ་གཟེར་བ་བཞིན་དུ་ཟུག་།རུས་པའི་ཚིགས་ཁ་བྱེ་བ
་སྙམ་བྱེད་ལ་རིམས་ནད་ཀྱིས་འདེབས། དབུགས་མི་བདེ་སྐོམ་དང་ཆེ། སྐད་འགགས་ལུས་འདར་རྩི་བ་ལོགས་སུ་ཟུག་ཅིང་ན་སྟེ། འཁུན་ན་ནི་ཕུག་རོན་སྐད་འབྱིན་ཏོ། །དེ་ལྟར་གློ་འགྲམས་ཏེ་རྡོ་བ་ན་པགས་ཀྱིས་ཉམ་སྟོབས་འབྲི། ཁ་ཟས་ཁད་ཀྱིས་ཡི་གར
་མི་འོང་ཕོ་བའི་དྲོད་དང་ཉམས་མཚག་དང་བཞིན་མདོག་དང་འདི་རྣམས་ཀྱང་ཁད་ཀྱིས་འབྲི་བར་འགྱུར་རོ། །ནད་ཐབས་འདི་ལྟར་ནན་གློ་འགྲམས་ཏེ་རྡོལ་བ་ཡིན་ནོ། །དེ་ལ་ལུས་ཀྱི་སྲོག་ཟུངས་བདུན་ཟད་པར་འགྱུར་བའི་བློ་གཅོད་ན་བའི། ནད་ཐབས་ནི་གཅིན་ཁྲག
་དུ་འོང། རྒྱབ་དང་རྐེད་པ་ན་མཆོག་ཏུ་རླུང་ནད་ཀྱིས་ནད་སློང་བར་བྱེད་དེ་བས་ན་ཟད་པར་བྱེད་པའི་ནད་འདི་ནི་ལུས་ཀྱི་ནད་ལ་རྒྱལ་པོ་ལྟར་བྱེད་པས་ན་ནད་ཀྱི་རྒྱལ་པོ་ཟང་བྱེད་ཅེས་བྱའོ། །དེའི་ནད་ཐབས་ཀྱང་ལུད་པ་ལུ་ཞིང་བད་ཀན་དུ་འབྱུང་ངོ། །བད་ཀན་དུ་ལུ་བ
་ལས་ཀྱང་རུལ་ཏེ་རྣག་བཞིན་དུ་འབྱུང་ལ་མདོག་སེར་མནམ། རྩ་སྔོ་ཞིང་དམར་རྩིབ་ལོགས་གཡས་གཡོན་ན་མར་གཞོགས་ཤིང་བཅང་པ་སྙམ་བྱེད། སྙིང་ཐུར་དུ་འཕྱོངས་ཤིང་ལྟུང་བ་སྙམ་བྱེད་དེ་ན། གློ་བུར་དུ་རེས་འགའ་ནི་ཚ་བར་འདོད། རེས་དགའ་
་ནི་བསིལ་ཞིང་གྲང་བར་འདོད། ཁ་ཟས་མང་དུ་ཟ་ཕོད་ལ་ཉམས་མཆོག?་ནི་ཟད་དེ་སྐེམ། ཁ་གདོང་ནི་མདོག་སྣུམ་ལ་གསལ། སོ་དཀར་མིག་བཟང་པོར་སྣང་བ་འདི་ལྟ་བུའི་ཚུལ་དུ་གྱུར་ན་དེའི་རྗེས་ལ་ལུས་ཀྱི་སྲོག་ཟུངས་ཟད་པར་འགྱུར་བའི་ནད་ཀྱི་ཚུལ
་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་བས་ན་ལུས་སྲོག་ཟད་པར་འགྱུར་བའི་ལུད་པས་བཀར་བར་འགྱུར། ལུད་པས་བཀར་ཞིང་ལུ་ལུ་བས་ལུས་ཟད་དེ་མ་རུངས་པར་འགྱུར་རོ། །ནད་པའི་ཉམས་མཚག་ཡོད་ན་ནི་བློ་གཅོང་ཟད་བྱེད་ཀྱི་ནད་དང། གློ་འདྲེས་པའི་ནད
་གཉིས་ཀ་ཡང་དེ་ལས་མི་ངལ་བར་གསོ་བ་ཙམ་དུ་རུང་ངོ། །གློ་འགྲམས་པ་དང། ལུས་ཟད་པ་བསྐམས་པའི་གློ་གཅོང་གཉིས་ཀ་གསར་དུ་འབྱུང་ན་སྨན་དཔྱད་དང། གསོར་རུང་ངོ། །རླུང་ངམ་མཁྲིས་པ་འམ་བད་ཀན་གསུམ་གྱི་ནད་དར་བར་འགྱུར་བའི་གློ་གཅོང
་ཟད་བྱེད་ཀྱི་ནད་ཀྱིས་བཏབ་པ་ཡང་གསོར་རུང་ངོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལྟ་བུ་ལས་གང་ཡང་རུང་སྟེ། ནད་སྣ་གཉིས། འདྲེས་པའི་ནད་དུ་གྱུར་ཏམ་མི་རྒན་པོ་ལྟ་བུ་ལ་གློ་གཅོང་ཟད་བྱེད་ཀྱི་ནད་ཀྱིས་བཏབ་ན་དེ་དག་ཀྱང་ནད་དེ་ལས་མི་འགྱུར
་མི་ཐུ་སླ་བ་ཙམ་དུ་གསོར་རུང་ངོ། །དེ་ལྟ་བས་ན་ལུས་སྲོག་ཟད་པར་བྱེད་པའི་གློ་གཅོང་གི་ནད་གསོ་བ་ཡལ་བར་ཁོར་ན་དང་པོ་ལུད་པ་ལུའོ། །དེ་ནས་དབུགས་མི་བདེ་བ། དབུགས་མི་བདེ་བ་ལས་ལུས་སྲོག་བདུན་པོ་ཟད་པར་འགྱུར་རོ། །དེ་ནས་སློན
་པར་བྱེད། དེ་ནས་སྐད་འགགས་པ་ལ་སོགས་པའི་ནད་རྣམས་འབྱུང་ངོ། །དེ་བས་ན་ཐབས་འདི་ལྟར་འགྱུར་ན་གསོ་བའི་དཔྱད་མྱུར་དུ་གྱིས་ཤིག་།ཁྲག་མཁྲིས་ལས་ལུད་པ་ལུ་བའི་གློ་ནད་རྣམས་ལྔའི་ནད་གཞི་བཤད་པའི་ལེའུ་སྟེ་གསུམ
་པ་རྫོགས་སོ།། །།དབུགས་མི་བདེ་བའི་ནད་དང། སྐྱིགས་བུས་བཏབ་པའི་ནད་གཞི་བཤད་པའི་ལེའུ་བཞི་པ་བཤད་པ་བྱའོ།། །།དེ་ལ་དབུགས་མི་བདེ་བའི་ནད་ནི་ལུད་པས་བཀར་བའི་ནད་དཀྱེལ་ཆེར་སྐྱེས་སམ།
་ཡང་ན་དབུགས་མི་བདེ་བར་འགྱུར་བའི་ཁ་ཟས་མི་འཕྲོད་པ་ཅིག་སྔར་ཟོས་ལ། ནད་བསླང་སྟེ་དབུགས་མི་བདེ་བར་གྱུར་ཏམ། ཡང་ན་ཁ་ཟས་མ་ཞུ་བས་ཚང་པར་འཁྲུས་སམ། ཁ་ཟས་མ་ཞུ་བས་སློན་ཏམ་དུག་འཐུངས་སམ། སྐྱ་སྦབ་ཀྱི
་ནད་ཀྱིས་བཏབ་བམ་རིམས་ཀྱིས་བཏབ་བམ། འདི་ལྟ་བུ་གང་ཡང་རུང་བའི་ནད་གཞི་དབུགས་མི་བདེ་བར་འགྱུར་རོ། །དབུགས་མི་བདེ་བའི་ནད་དེ་ཡང་རྣམ་པ་ལྔ་སྟེ། དབུགས་ཅུང་ཟད་མི་བདེ་བ་དང། དབུགས་མི་བདེ་བ་མུན་པ་བཞིན་སྙིང་རྨུགས་ཀྱིས་བྱེད་དང
་དང། དབུགས་འཆད་པ་དང། དབུགས་དྲག་པོ་མི་བདེ་བ་ཆེར་འབྱུང་བ་དང། དབུགས་ཕྱིར་རྒྱུ་བ་དྲག་ལ་ནང་དུ་རྡུབ་པའི་ཚེ་དབུགས་འཆད་ཏེ། ནང་དུ་མི་རྡུབ་པ་དང་རྣམ་པ་དེ་ལྔའོ། །ཡོང་དབུགས་མི་བདེ་བའི་ནད་ཐམས་ཅད་ནི་དབུགས་ཕྱི་ནང་དུ་རྒྱུའི
་ལ་བད་ཀན་གྱིས་ཆོད་དེ། འགགས་པ་དང་ཟས་སྐོམ་མིང་པའི་གྲེབ་དང་མགུལ་པའི་སྤུ་གུ་དང། སྲོག་ཅེས་བྱ་བའི་རླུང་ཕྱི་ནང་དུ་རྒྱུ་བ་ཞིག་ཡོད་པ་དང་འདི་དག་ལ་བད་ཀན་གྱིས་འགགས་ཏེ་ཆོད་པས་དབུགས་རྒྱུ་བའི་རླུང་འགྲོར་མི་སྟེར་ཅིང་གློ་གཡས་གཡོན
་དུ་འཁྱིལ་ཏེ་འདུག་ལ་རྩ་སྒོ་ཡང་བད་ཀན་གྱི་ནད་ཀྱིས་འགགས་ན་མ་ཞུ་བའི་གནས་ཕོ་བ་ནས་ཕྱི་ནང་དུ་རྒྱུ་བ་དེ་བྱུང་ནས་བྲང་གི་ཐད་ཀར་འདུག་ཅིང་འཁྱིལ་ནས་དབུགས་མི་བདེ་བར་འགྱུར་ཏེ་ནའོ། །དེ་ལྟར་ན་བའི་ཚུལ་ནི་དང་པོར་སྙིང་དང་རྩིབ་ལོགས་ན་སྲོག་གི་དབུགས
་ཀྱི་ནང་དུ་རྒྱུ་བ་ལས་གནོད་དེ་ན་དབུགས་ཀྱིས་གང་དབུས་པའི་ཐབས་སུ་ན། མུར་འགྲམ་གཡས་གཡོན་དུ་ཟུག་སྟེན་པ་འདི་ནི་དབུགས་མི་བདེ་བ་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་དབུགས་ཅུང་ཟད་མི་བདེ་བ་ཞེས་བྱ་བའི་ནད་ཐབས་ནི་སྟོབས་རྩལ་དྲག་ཤུལ་གྱི་བག་བྱས་སམ། ཁ
་ཟས?་ཧ་ཅང་འདྲངས་ཆེས་པར་ཟོས་པ་འདི་ལྟ་བུས་འཕྲལ་དུ་དབུགས་མི་བདེ་སྟེ། རྔམས་པ་དྲག་ཏུ་འབྱུང་བར་བྱེད་དོ། །དབུགས་མི་བདེ་བ་འདི་ནི་ཕྲན་ཚེགས་ཡིན་ཏེ། འདི་རང་ཞི་བར་འགྱུར་བ་ཡིན་ནོ། །དེ་ལ་དབུགས་མི་བདེ་བ་མུན་པ་བཞིན་རྨུགས་ཞེས་བྱ་བའི་ཐབས་ནི་རྣམ་པ
་གཉིས་ཏེ། བད་ཀན་ལས་དབུགས་མི་བདེ་བར་གྱུར་པ་དང། མཁྲིས་པ་ཚ་བའི་ནད་ལས་དབུགས་མི་བདེ་བར་གྱུར་པ་དང་གཉིས་སོ། །དེ་ལ་བད་ཀན་སྐྱེས་ན་དབུགས་ཕྱི་ནང་དུ་རྒྱུ་བའི་རླུང་དེ་འགགས་ཏེ་འཁྱིལ་ནས་ཕྱིར་འབྱུང་དུ་མི་སྟེར་སྤུ་བུ་དང་རྩའི་ནང་ན་མར་དབུགས
་ལོག་པར་ཐུར་དུ་རྒྱུ་པར་བྱེད་ན་ཀླད་པ་དང། མགུལ་བའི་ནང་གི་སྤུ་བུ་ནས། བྲང་དང་རྩིབ་ལོགས་སུ་ཟུག་ཅིང་ནའོ། །ལུད་པ་ལུ་ན་གྲེ་བའི་ནང་དར་ར་ར་ཟེར་སྙིང་མི་དྲན་མོངས་པག་ཏུ་གྱུར་ཁ་ཟས་ཡི་གར་མི་འོང་ངོ། །ཆམ་པས་འདེབས། སྐོམ་དང་ཆེ་སྟེ་དབུགས་མི་བདེ་བའི་ཚེ་ན་རབ་ཏུ
་མི་བདེ་སྟེ། དམིགས་ཀྱིས་ནི་སྲོག་ཅེས་བྱ་བའི་རླུང་ཞིག་ཡོད་དེ། །གློ་སྙིང་གི་ནང་ནས་གྱེན་དུ་ཀླད་པའི་སྤྱི་བོའི་བར་དུ་རྒྱུ་ལ་དེའི་ལས་ནི་སེམས་དང་སྙིང་གསལ་བར་བྱེད་མིག་དང་རྣ་བ་ལ་སོགས་པ་དབང་པོ་རྣམས་དང་ཞིག་གསལ་བར་བྱེད། སེམས་བརྟན་པར་བྱེད་མཆིལ་མ་འདོར་བར་བྱེད
་སྤྲིད་པ་འབྱུང་བར་བྱེད་སྒྲགས་པ་འབྱུང་བར་བྱེད། དབུགས་ཕྱི་ནང་དུ་རྒྱུ་བར་བྱེད། ཁ་ཟས་ཟས་སྐོམ་མིད་པར་བྱེད་པ་དེ་ལྟ་བུའི་རླུང་ཞིག་ཡོད་དེ། བད་ཀན་གྱིས་འགགས་ཏེ་རླུང་རྒྱུར་མི་སྟེར་བ་དང། དབུགས་འགགས་ཏེ་མི་བདེ་བས་དབུགས་ཐུམ་ཐུམ་བྱེད་པས་མུན་པ
་བཞིན་དུ་འགྱུར་རོ། །དེ་ལ་ཁོང་ནས་བད་ཀན་ངན་པ་ཅུང་ཟད་ཙམ་ཕྱུང་ན་སྐད་ཅིག་ཙམ་པ་དེའོ། །ཉལ་བའི་ཚེ་ན་དབུགས་རབ་ཏུ་མི་བདེའོ། །ཙོག་ཙོག་བོར་འདུག་ན་ནི་དབུགས་མི་ཟད་བདེ་བ་བྱེད། དབུགས་མི་བདེ་བའི་ཚེ་མིག་ཧར་ཧར་བོར་འགྱུར
་འཕྲལ་བ་ནི་རྡུལ་འབྱུང་སྟེ་རབ་ཏུ་མི་བདེ་ཁ་སྐམ་དབུགས་མི་བདེ་བས་རྔམས་པ་བསྟུད་པར་འབྱུང་ན་བད་ཀན་ལས་གྱུར་པའི་དབུགས་མི་བདེ་བ་ཡིན་པས་དྲོན་པོའི་བག་འདོད། ཁོང་འདར་ཆར་བ་བབ་པ་འམ། ནམ་ལངས་ཏེ་ཡུལ་གྲང་ངམ། སྔ་དྲོའི་སེར་བུས
་ཕོག་པ་དང། བད་ཀན་སྐྱེས་ནས་དབུགས་མི་བདེ་བའི་ནད་ལས་འགྱུར་ཏེ། དེ་ལྟ་བུ་ལ་སྨན་དཔྱད་ཀྱི་ཆོ་ག་བྱས་ན་ནད་དེ་ལས་དཀྱེལ་མིན་པ་ཙམ་གསོར་རུང་ངོ། །དབུགས་མི་བདེ་བའི་ནད་དེ་ལྟ་བུས་གསེར་དུ་བཏབ་པ་འམ། ནད་པ་ཉམས་མཚག་ཡོད་ན་གསོ
་སླའོ། དེ་ལ་ཚ་བ་མཁྲིས་པའི་བག་གིས་དབུགས་མི་བདེ་བར་གྱུར་ལ། རིམས་རྩ་བས་བཏབ་བམ་མྱོས་ཏེ་དབུགས་མི་བདེ་ན་ནི་སྨན་བསིལ་བག་གིས་ནད་གསོའོ། །དེ་ལ་དབུགས་འཆད་ཅིང་དབུགས་མི་བདེ་བའི་ནད་ཐབས་ནི་དབུགས་མི་བདེ་བའི་རྔམས་པ
་ཤུགས་དྲག་པོ་འབྱུང་བའི་རྗེས་ལ་དབུགས་ཆད་པ་དེ་ལྟ་བུ་བསྟུད་པར་ན་ཏེ། དེའི་ཚེ་སྲོག་གི་གནས་ཡོད་པ་ཀུན་ཀྱང་འཆད་པ་ཙམ་དུ་ན། རྡུལ་འབྱུང་བརྒྱལ། ཁོང་ལྕོ་སྒང་པ་ཚ་གཅིན་འགག་མིག་ཧར་ཧར་པོར་འོག་མིག་ཏུ་ཐུར་དུ་ལྟ་མིག་ཡ
་གཅིག་དམར་པོ་འགྱུར་ཡང་དང་ཡང་མི་དྲན་ཏེ་མོད་མོད་པོར་གྱུར། །བསྐམ་སྨྲ་བའི་ཤུགས་ཏེ་གསང་དམའ། གཟི་མདངས་ཉམས་བཞིན་བླག་བླག་པོར་གྱུར། སྙིང་མི་དྲན་ཏེ་མྱོ་མྱོ་བོ་དེ་ལྟར་བྱེད་དོ། །དེ་ལ་དབུགས་མི་བདེ་བའི་ང་རོ་ཚར་འབྱུང་བའི
་ནད་ཐབས་ནི་དབུགས་མི་བདེ་བའི་ང་རོ་ཉམས་པའི་སྒྲ་ཆེར་འབྱུང་ལ་རྔམ་པ་དྲག་དབུགས་མི་བདེ་བའི་ང་རོ་གཉིད་ཀྱིས་སྡུར་བ་སྒྲ་བཞིན་འབྱུང། དབུགས་མི་བདེ་བའི་དབུགས་དྲག་ཏུ་འབྱུང་བའི་ཚེ་དབྱར་གྱི་གླང་རྒྱགས་ཏེ་འགྱིད་བའི་ང་རོ་སྐད་དྲག་ཏུ
་ཟེར། སྔར་ལོབས་ཤིང་ཤེས་པ་རྣམས་ཀྱང་རྗེད་དེ་མི་དྲན་མིག་གི་མཐོང་ལ་འཁྲུལ་བཞིན་འགྱུར་རོ་སྟོད་དང་དཔུང་མགོ་ཞུམ་པོར་འགྱུར། བཤང་གཅི་འགགས་ཏེ་མི་འབྱུང། སྐད་ཀྱི་གདངས་ཉམས་ཏེ་གཅོམ་ཆུང་གྲེ་བསྐམས། ཡང་དང་ཡང་སྙིང་མི་དྲན་ཏེ་མྱོས། རྣ་བ་དང་མུར
་འགྲམ་དང་ཀླད་པར་ཟུག་སྟེ་ནའོ། །དབུགས་གྱེན་དུ་ཕྱིར་འབྱུང་བ་ཡུན་རིང་དུ་འབྱུང་ལ་ནང་དུ་མི་རྡུབ། འདིའི་ནད་ཐབས་ནི་མགུལ་པ་དང་སྦུ་བུ་དང་རྩ་སྒོ་རྣམས་བད་ཀན་གྱིས་ཆོད་དེ་འགགས་པ་དེ་ལྟར་ནང་དུ་རྡུབ་མི་ནུས་ཏེ་དབུགས་བདེ་ལ་དབུགས་མནམ་པོར་འབྱུང
་མིག་གྱེན་དུ་བལྟ་ལ་མིག་འཁྲུལ་ཅིང་ཕྱོགས་ཀུན་ཏུ་ཡང་བལྟ། གནས་དང་སྲོག་ཆད་ལ་ཐུག་པ་ཙམ་དུ་ཉམས་ཐག་ནས་སྨྲེ་སྔགས་འདོན་ཅིང་ཚིག་མི་འབྱིན། ནད་ཐབས་འདི་ལྟ་བུར་གྱུར་བ་སྣ་གྲངས་ཚང་ན་ནི་གསོར་ཡང་མི་རུང་ངོ། །སྣ་གྲངས་འདི་ལྟར་མ་ཚང་ན་ནི
་གསོར་རུང་ངོ། །དབུགས་མི་བདེ་བའི་ནད་ཐབས་ལྔ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལ་སྐྱིགས་བུས་བཏབ་པའི་ནད་ཀྱང་སྤྱི་ནི་དབུགས་མི་བདེ་བའི་ནད་ཀྱི་གཞི་དང་ནད་ཀྱི་ཐབས་ཀྱིས་ཚུལ་དང་ཡང་འདྲ། ནད་ཀྱི་མིང་གི་རྣམ་གྲངས་དང་མཉམ། རང་བཞིན་ཡང་འདྲ། སྐྱིགས་བུ་དང
་དབུགས་མི་བདེ་བ་ནད་ཀྱང་འདྲའོ། །ལྔ་གང་ཞེ་ན་ཁ་ཟས་ལ་སྐྱིགས་བུ་ཐ་མལ་པ་དང། དྲག་ཤུལ་ལས་གྱུར་ཐའི་སྐྱིགས་བུ་ཕྲ་མོ་དང། སྐྱིགས་བུ་ཟུང་དུ་འབྱུང་བ་དང། སྐྱིགས་ཀྱི་ཆེར་འབྱུང་བ་དང། ཁོང་བའི་གཏིང་ཟབས་ནས་སྐྱིགས་བུ་འབྱུང་བ་དང་ལྔའོ། །དེ་ཁ་ལ
་ཟས་ལས་གྱུར་པའི་སྐྱིགས་བུ་ནི་ཁ་ཟས་རིང་ཐབས་སུ་ཟོས་པ་དང། ཟས་རྩུབ་པ་འམ། ཁ་ཟས་ཚན་པོ་འམ། ཁ་ཟས་སྲ་བ་འམ། ཟས་སྐོམ་སྔ་ན་མ་གོམས་པ་དེ་ལྟ་བུ་དྲག་ཏུ་ཟོས་པས་བཙིར་བར་གྱུར་བའི་རླུང་གིས་ཕུལ་བ་ལས་སྐྱིགས་བུས་བཏབ་སྟེ་ན་འམ་ཡིན་པ
་སྒྲ་མི་དྲག་པར་འབྱུང། སྤྲིད་པས་འདེབས་སོ། །དེ་ལྟ་བུ་ལ་སྔན་ཆད་གོམས་པའི་ཟས་སྐོམ་ཐ་མལ་པ་ཟོས་པས་ཞི་བར་འགྱུར་རོ། །དེ་ལྟ་བུ་ནི་ཟས་ལས་གྱུར་པ་ཞེས་བྱ་བའོ། །དེ་ལ་དྲག་ཤུལ་ལས་གྱུར་པའི་སྐྱིགས་བུ་ཕྲན་ཚེགས་གང་ཞེན་དེ་ནི་དྲག་ཤུལ་ལས་སྟོབས
་རྩལ་གྱིས་བག་བྱས་པས་རླུང་བསྐྱོད་དེ་དེས་སྐྱིགས་བུ་མི་དྲག་པ་མགུལ་བའི་ནང་ནས་བྱུང་སྟེ། ན་བའི་ཤུགས་ཀྱང་མི་དྲག་སྟེ་འཇམ་མོ། །དེ་ཡང་དྲག་ཤུལ་གྱི་བག་བྱས་ན་ནི་སྐྱིགས་བུའི་ནད་ལའོ། །ཁ་ཟས་ཟོས་པ་ཙམ་གྱིས་འཇམ་པར་འགྱུར་རོ། །དེ
་ལ་སྐྱིགས་བུ་ཟུང་དུ་འབྱུང་བའི་ནད་ཐབས་ནི་བསྟུད་པར་ལན་གཉིས་ཙམ་འབྱུང་ལ། དེའི་འོག་ཏུ་ཁ་ལངས་ཙམ་ལས་མི་འབྱུང་ཞིང་དེ་ནས་ལང་བསྟུད་པར་འབྱུང་བ་དེ་ལྟ་བུ་ཡིན་ནོ། །དེ་ནི་ཁ་ཟས་སྐྱིགས་བུས་འདེབས་པར་འགྱུར་རོ། །དེ་ཡང་ཁ་ཟས་འཇུང་ཉེ་བའི་ཚེ་ན
་སྐྱིགས་བུས་དྲག་ཏུ་འདེབས། ཁ་ཟས་ཞུ་ཕན་ཆད་ནི་རང་འབྱུང་ངོ། །སྐྱིགས་བུས་བསྟུད་པར་འདེབས་པའི་ཚེ་ན་ལུས་འདར། ཀླད་པ་དང་མགུལ་བ་ན། ཁོང་ལྦོ་སྒོམ་དང་ཆེ་ཚིག་སྨྲ་བ་མང། སློན་ཚད་པས་འདེབས། མིག་ཧར་བག་ཏུ་ལྟེ་གླལ་འབྱུང་ངོ། །སྐྱིགས་བུ
་ཟུང་དུ་འབྱུང་བ་ནི་འདི་ནང་ཐབས་ཀྱང་དྲག་ལ་ཁ་ཟས་ཞུ་བའི་ཚེ་སྐྱིགས་བུའི་ནད་ཀྱང་ལྡང་ཞིང་མི་བདེ་བར་བྱེད་པ་ཡིན་ནོ། །དེ་ལ་སྐྱིགས་བུ་ཆེར་འབྱུང་བའི་ནད་ཐབས་ནི་སླན་མ་དང་མུར་འགྲམ་གཉིས་མཉམ་མི་གནས་མཆི་མ་འོང། མིག་ཧར་བག་ཏུ་ལྟ་ལུས
་རེངས་བག་ཏུ་བྱེད། ཚིག་འཁྲུལ་དྲན་པ་དང་ཤེས་པ་འཁྲུལ་བག་ཏུ་བྱེད། མིང་པའི་སྦུ་གུ་འགགས་སྲོག་གིས་ནང་གསིག་ཅིང་བསྐྱོད་པར་བྱེད། རྒྱབ་ཏུ་རྒུ་ལུས་ཀྱི་ཁོག་བསྐམས་བག་ཏུ་འགྱུར་བའི་སྐྱིགས་བུ་དྲག་ཏུ་འབྱུང་སྟེ། སྐྱིགས་བུ་དེ་ཁོང
་པའི་ནད་དམའ་བ་ནས་འབྱུང། སྒྲ་ཆེར་འབྱུང་སྐྱིགས་བུ་འབྱུང་བའི་ཚེ་ན་བའི་ཚབས་ཆེ་སྟེ་སྐྱིགས་བུའི་སྟོབས་ཀྱི་ཤུགས་དྲག་པར་འབྱུང་བ་ཡིན་ནོ། །དེ་ལ་ཁོང་པའི་གཏིང་གི་ཟབས་ནས་སྐྱིགས་བུ་འབྱུང་བའི་ནད་ཐབས་ནི་ཁ་ཟས་ཞུ་བའི་གནས
་ལོང་ག་འམ། ལྟེ་བའི་ཐད་ཀ་ཙམ་ནས་སྐྱིགས་བུ་གོང་མ་དང་འདྲ་བར་འབྱུང་སྟེ་ནད་ཐབས་ཀྱང་གོང་མ་དང་འདྲ་བར་བསྟུད་པ་ཡང་དང་ཡང་འབྱུང་ཞིང་ཁ་གླལ། རྐང་ལག་བྱ་རྨྱང་བྱེད་སྐྱིགས་བུ་འབྱུང་བའི་སྒྲ་བྲག་ཅི་ཅན་ཟབ་མོར་འོད་བ་ནི་ནད་ཐབས་དེ་ལྟ
་བུ་ཡིན་ནོ། །ཐ་མ་སྐྱིགས་བུ་ཐོག་མར་རྣམ་པ་གཉིས་པོ་ནི་གསོ་སླའོ། །ཐ་མའི་སྐྱིགས་བུའི་ནད་ཐབས་སུ་གྱུར་པ་ནི་གསོར་མི་རུང་ངོ། །སྐྱིགས་བུའི་ནད་ཐམས་ཅད་ཀྱི་སྣ་གྲངས་ཀྱང་ཚང?་ལ་ནད་ཚབས་ཀྱང་ཚེ་ནད་གཞན་ཀུན་ཀྱང་ཚོགས་ལ་ཕོ་བ་གྲང་སྟེ་ཟས་ཀྱང
་མ་ཞུ་མིན་རྒས་སམ། བུད་མེད་ལ་དྲགས་པར་གྱུར་པ་ལྟ་བུ་ཞིག་གམ། ནད་ཀྱིས་ལུས་ཟད་དེ་གོང་མ་དང་ཁ་ཟས་བཅང་ངམ་མ་ཆུང་ངམ། གློ་འགྲམས་ཏེ་རྡོལ་ཏམ། སྨན་ཚབས་ཆེན་པོར་གྱུར་པ་འདི་རྣམས་གང་ཡང་རུང་བ་ལ་སྐྱིགས་བུ་ཡོད་པ་དེ་ལྟ
་བུས་བཏབ་ན་གསོར་མི་རུང་ངོ། །ཡོད་ནི་ནད་དོ་ཅོག་གིས་ཀྱང། མ་རུངས་པར་ནི་བྱེད་མོད་ཀྱི་སྐྱིགས་བུ་ལྟར་མྱུར་དུ་མ་རུངས་པར་བྱེད་དུ་ཉིད་མ་ཡིན་ནོ། །སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་གཉིས་ནི་ནམ་འཆིད་ཉེ་བའི་ཚེ་ན་འོང་བར་འགྱུར་རོ། །དབུགས་མི་བདེ
་བའི་ནད་ཐབས་དང། སྐྱིགས་བུའི་ནད་ཐབས་བཤད་པའི་ལེའུ་བཞི་པ་རྫོགས་སོ།། །།གློ་གཅོང་ཆེན་པོ་ལུས་ཀྱི་སྲོག་ཟུངས་ཟད་པར་བྱེད་པའི་ནད་བཞིའི་ལེའུ་ལྔ་པ་བཤད་པར་བྱའོ། །ཟད་བྱེད་ཀྱི་ནད་གློ་གཅོང་ཞེས་བྱ་བ་འདི་ཕྱི་བཞིན་ནང་དུ་མི
་འོང་ཞིང་འབྲང་ངོ། །ནད་དབང་པོ་ཀུན་གྱི་ཐོག་མ་འགྲོ་བས་ན་དེའི་ཕྱིར་འདིའི་མིང་ནི་ནད་གནོད་པའི་རྒྱལ་པོ་ཞེས་ཀྱང་བྱ། ལུས་ཟད་པར་བྱེད་པ་ཞེས་ཀྱང་བྱ། ལུས་བསྐམས?་པར་བྱེད་པ་ཞེས་ཀྱང་བྱ་སྟེ། ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། ནད་འདི་གནའ་དང་པོ་ནི
་རྒྱུར་རྣམས་དང་བྲམ་ཟེ་རྣམས་ལ་གློ་གཅོང་གིས་འདེབས་པའི་རྒྱལ་པོར་གྱུར་པས་ན་དེའི་ཕྱིར་ནད་འདི་ལ་མིང་གནོད་པའི་རྒྱལ་པོ་ཞེས་བྱ་བའོ། །སྨན་ཀྱང་ཟད་ལུས་ཀྱང་ཟད་པར་བྱེད་བས་ན་གློ་གཅོང་ཟད་བྱེད་ཅེས་ཀྱང་བྱ། མིའི་བཅུད་དང་ཤ་ཁྲག
་ལ་སོགས་པ་སྐེམ་པར་བྱེད་པས་ན་གློ་གཅོང་སྐེམ་པར་བྱེད་ཅེས་ཀྱང་བྱའོ། །ནད་དེ་དག་གི་རྒྱལ་པོ་ལྟར་གྱུར་པས་ན་རྒྱལ་པོ་ཞེས་བྱའོ། །དེ་ལ་གློ་གཅོང་སྐམ་བྱེད་ཀྱི་ནད་ཀྱང་རྣམ་པ་འདི་བཞི་གང་ཡང་རུང་བ་ལས་ནད་དུ་གྱུར་ཏེ། བཞི་གང་ཞེ་ན། སྟོབས
་ཀྱི་ཚན་གྱིས་མི་ནུས་བཞིན་དུ་ཉམས་མཐུ་གཏུགས་ཏེ། ཆད་ཆད་དུ་དྲག་ཤུལ་བྱས་པ་ལྟ་བུའི་བཤང་གཅི་འོད་བར་གྱུར་ན་མནགས་ཏེ་བསྒགས་བ་འམ་བུད་མེད་ལ་དྲགས་ཏེ་ཁུ་བ་ཟད་བ་དང། མདངས་ཟད་པ་དང། ཁོང་ན་སྣུམ་ཡོད་པ་ཟད་པ
་དང། སྤྱིར་ཁམས་བདུན་པོ་ཟད་པ་དང། ཟས་སྐོམ་སྔོན་མ་ཟོས་པ་ཟ་བའི་ཆོ་ག་བཞིན་དུ་མ་ཟོས་པ་རྣམ་པ་འདི་བཞི་ལྟ་བུ་གང་ཡང་རུང་བ་ལས་ནང་དུ་འགྱུར་རོ། །དེ་ལྟར་ནད་དུ་གྱུར་པའི་རྒྱུ་བཞི་ལྟ་བུའི་རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་བསླང
་ནས་ལུས་ཐམས་ཅད་དང། རུས་པའི་ཚིགས་ཐམས་ཅད་ཀྱི་ནང་དུ་ནད་ཞུགས་ནས་དེ་ནས་རྩ་ཐམས་ཅད་དུ་གྱེས་ཏེ་འཕྲོས་ནས། རྩ་ཆེན་པོ་བཅུའི་ནང་དུ་ཞུགས་ནས་ཡང་ན་ནི་རྩ་དེ་རྣམས་ཀྱི་སྒོ་འགགས་པར་འགྱུར། ཡང་ན་ནི་རྩ་དེ་རྣམས་ཀྱི་སྒོ་འབྱེ
་བར་འགྱུར། དེ་བཞིན་དུ་རོ་སྟོད་དང། རོ་སྨད་དང་རྩི་བ་ལོགས་གཡས་གཡོན་དང། ཁོང་པ་ནང་སོ་སོ་ཀུན་དུ་ནད་ཀྱིས་གང་བར་འགྱུར་རོ། །དེའི་ནད་ཐབས་ནི་ཆམ་པས་འདེབས་སྤྲིད་པ་རབ་ཏུ་དྲག་པོ་མང་དུ་འབྱུང། ཁ་ནས་མཆིལ་མ་དང་བད་ཀན་མང་དུ་འབྱུང
་ཞིང་འདོར། ཁའི་ནད་མངར། ཕོ་བའི་དྲོད་ཉམས་རྫ་མ་དང། གཞོང་པ་དང། སྣོད་སྤྱད་ལ་སོགས་པ་ཀུན་དང། ཟས་སྐོམ་ལ་སོགས་པ་གཙང་བར་འདུག་ཀྱང་བཙོག་ཅིང་ཁ་ཟས་ཀྱི་ནང་དུ་སྦྲང་བུ་དང། རྩཝ་དང་སྐྲ་ལ་སོགས་པ་སོང་བར་མཐོང། སྙིང་ན་སློན
་བྲོ་ཟས་ཡི་གར་མི་འོང། ཁ་ཟས་རྟག་ཏུ་ཟོས་ཀྱང་ཉམས་མཚག་ཟད་ལག་པ་རྟག་ཏུ་ལྟ་ཞིང་ལག་དར་གྱི་མཁྲིག་མར་སྦོམ་ཕྲ་མཇལ་འདོད། རྐང་པ་དང་གདོང་སྐྲང། མིག་དཀར་ཁྲལ་ཁྲལ་བྱེད། ལུས་མཐོང་ན་འཇིགས་སུ་རུང། སྙིང་ལ་བུད་མེད་འདོད།
་ཆང་དང་ཤ་ཡི་གར་འོང་བ་སྙམ་བྱེད། ཟོས་ན་སྐྱུག་བྲོ་ཀླད་པའི་སྤྱི་བོ་རྟག་ཏུ་འགེབས་བར་བྱེད། སེན་མོ་དང་སྐྲ་རབ་ཏུ་རིང། རྨི་ལམ་ན་ཕྱེ་མ་ལེབ་དང། རྩངས་པ་དང། སྡིག་སྦྲུལ་དང། སྤྲེའུ་དང་གཅན་གཟན་དང། བྱ་རྣམས་ཀྱིས་བདག་ལ་འཚེ
་བར་མཐོང། སྐྲ་དང་རུས་པ་དང་ཕུབ་མ་དང་ཐལ་བའི་ཕུང་པོ་ལ་བདག་འཛེག་ཅིང་འགྲོ་བར་རྨི་གྲོང་སྟོང་དང་ཡུལ་སྟོང་དང་ཚུ་བོ་སྐམ་པ་མཐོང་སྐར་མ་ལྟུང་བ་དང། རི་བསྒྱེལ་ཅིང་ལྷུང་བར་རྨི་ལམ་དུ་མཐོང་ལ་ཤིང་སྐྱེས་བ་ཀུན་འབར་བར་མཐོང། གལ་ཏེ་ནད
་རོ་སྟོད་ཡན་ཆད་དུ་རྒྱས་ན་ནི་ཆམ་པས་ཐེབས་དབུགས་མི་བདེ་ལུད་པས་བཀར། ཕྲག་པ་ན། ཀླད་པའི་སྤྱི་བོར་ན། སྐད་འགག་།ཟས་ཡི་གར་མི་འོང་བ་དེ་ལྟ་བུར་འགྱུར་རོ། །གལ་ཏེ་རོ་སྨད་མན་ཆད་དུ་ནད་དཀྱེལ་ཆེ་ན་ནི་ཡང་ན་ཚད་པར་འཁྲུ་ཡང་ན་རྟུག
་སྐམ་ཏུ་གྱུར་ཏེ་འཁྲིན་པས་འདོགས་སོ། །གལ་ཏེ་ནད་གྲོལ་གྱི་ནང་དུ་ནད་དཀྱེལ་ཆེར་གྱུར་ན་ནི་སློན་པར་བྱེད་དོ། །རྩིབ་ལོགས་སུ་ནད་བབས་ན་ནི་གློ་གཡས་གཡོན་དུ་ཐད་ཀར་ཟུག་ཅིང་ནའོ། །རུས་པའི་ཚིགས་ཀྱི་ནང་དུ་ནད་བབས་ན་ནི་རིམས་ནད་དུ་འགྱུར་རོ། །དེ
་ལྟར་ནད་གནོད་བྱེད་ཀྱི་གློ་གཅོང་གི་ནད་ཐབས་རྣམ་པ་བཅུ་གཅིག་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །གློ་གཅོང་གི་ནད་ཐབས་འདི་ལྟ་བུས་བཏབ་པ་ལ་ནད་བརླ་གཉན་གཞན་གྱིས་བཏབ་བ་ནི་སྐད་འཛོད་ཏེ་འགག། གྲེ་བ་སུབས་བྲང་གི་ནུ་མཇིད་གཡས
་གཡོན་དུ་ཟུག་ཅིང་ན། ཁ་གླལ་ལུས་དང་རོ་སྟོད་བརྡུང་བ་སྙམ་བྱེད་དེ་ན་ཁ་ནས་མཆིལ་མ་དང། བད་ཀན་གྱི་བག་འདོར་བ་མང། ཕོ་བའི་དྲོད་ཉམས། ཁ་ནས་རྣག་མནམ་པ་དེ་ལྟ་བུའི་ནད་དུ་འགྱུར་བ་འདི་ནི་བླ་གཉན་གྱི་ནད་ཐབས་ཡིན་ནོ། །དེ་ལ་གློ
་གཅོང་ཟད་བྱེད་ཀྱི་ནད་ཅི་ལས་གྱུར་པའི་བྱེ་བྲག་སོ་སོའི་དམིགས་ཀྱང་བཤད་པར་བྱ་སྟེ། ནད་དེ་ལྟ་བུ་ལ་རླུང་ལས་གྱུར་པའི་ཤས་ཆེ་ན་ཀླད་པ་ན། རྩིབ་ལོགས་སུ་ཟུག་ཅིང་ན། མགུལ་བ་སུབས་ཤིང་སྐད་འགགས་པ་དེ་ལྟ་བུ་འགྱུར་རོ། །དེ་ལ་མཁྲིས་པ
་རྒྱས་ཏེ་ཚ་བའི་ནད་ཀྱི་ཤས་ཆེ་ན་ནི་ལག་མཐིལ་དང་རྐང་མཐིལ་ཚ། ཚད་པ་རབ་ཏུ་འཁྲུ་ཁྲག་ཏུ་སློན། ཁ་མནམ་རིམས་ཀྱིས་འདེབས་སོ། །ནད་དེ་ལ་བད་ཀན་གྱི་ཤས་ཆེ་ན་ནི་ཟས་ཡི་གར་མི་འོང། སློན་ལུད་པས་བཀར་མགོ་དང་ལུས་དང་རྐང་ལག་ལྕི།
་མཆིལ་མ་དང་བད་ཀན་མང་དུ་འོང། ཆིམ་བས་འདེབས་དཔུགས་མི་བདེ་སྐད་འགག། ཕོ་བའི་དྲོད་ཉམས་པ་དེ་ལྟ་བུའི་ནང་དུ་འགྱུར་རོ། །ནད་དེ་ལྟ་བུས་བཏབ་སྟེ། གསོ་དཀའ་བ་དང། སླ་བའི་བྱེ་བྲག་ཏུ་ལྟ་བ་ནི་རླུང་དང་མཁྲིས་པ་དང་བད
་ཀན་གྱི་ནད་ཀུན་ཀྱང་རྒྱས་པ་ཕོ་བའི་དོད་ནི་ཉམས་ཏེ་ཆུང་བད་ཀན་ཆེར་རྒྱས་པས་ཕོ་བའི་ནང་འགགས་ཤིང་ཆོད་དེ་རྩ་ཐམས་ཅད་ཀྱིས་གོ་འགགས་ནས་ལུས་ཀྱི་སྲོག་ཟུངས་བདུན་དང། བཤང་གཅི་དང་རྡུལ་དང་རླུང་དང་མཁྲིས་པ་དང། བད་ཀན་ཡན་ཆད
་ལུས་ལ་ཡོད་པ་རྣམ་པ་བཅུ་གསུམ་གྱི་དྲོད་ཆུང་ངུར་འགྱུར་རོ། །ཕོ་བའི་མོ་དྲོད་དེས་ལོག་པར་ཚ་ཞིང་འཚིག་པར་བྱེད་པས་ཁ་ཟས་ཟོས་པའི་བཅུད་དེ་ཞུ་བར་མ་བྱས་པས་ཁྲག་དང་ཤ་ལ་སོགས་པར་མི་འགྱུར་ལ། ཁ་ཟས་ཟོས་པའི་བཅུད་དེ་བད་ཀན་དུ
་གྱུར་ནས་སླར་ཁར་འབྱུང་བར་བྱེད། ཁ་ཟས་ལྟོ་ན་ཡོད་པ་ཡང་ཞུ་ཞིང་བཅུད་དུ་གྱུར་བ་ནི་མི་བྱེད་ཀྱི་དྲི?་མ་བཤང་གཅི་ཐུར་དུ་འགྲོ་སྟེ། དེ་ལྟ་བས་ན་ཁྲག་དང་ཤ?་ལ་སོགས་པ་ལུས་ཀྱིས་སྲོག་ཟུང་ཉམས་མ་ཚག་ཏུ་ལྟ་བར་མི་འགྱུར་བས། ཁ་ཟས་མ
་ཞུ་བ་བཅུད་དུ་མི་འགྱུར་རོ། །བཅུད་དུ་མི་འགྱུར་ན་ཁྲག་ཏུ་མི་འགྱུར། ཤ་ལ་སོགས་པའི་སྲོག་ཟུངས་སུ་ག་ལ་འགྱུར་ཏེ། ལྟོ་བའི་ནང་ན་བཤང་གཅི་འབབ་ཞིག་ཚོགས་ཀྱིས་ལུས་རྒྱས་ཏེ། དེའི་ཕྱིར་ལུས་ཤ་ཀུན་ནི་མེད་པར་གྱུར་པས་ན་ཟད་བྱེད་ཀྱི་ནད་གློ?
་གཅོད་ཞེས་བྱ་སྟེ། ནད་ཐབས་འདི་ལྟར་སྣ་མ་ཚང་སྟེ། དཀྱིལ་ཆུང་ཡང་ནད་པའི་ཉམས་མ་ཚག་ཆུང་སྟེ། སྨན་བཏང་མི་བཟོད་པ་དང་ན་ནས་ཡུན་རིངས་བ་དེ་ལྟ་བུ་ནི་སྨན་བཏང་མི་བཟོད་དེ་གསོར་མི་རུང་ངོ། །ནད་ཐབས་འདི་ལྟར་ན་ནས་རིང་པོ་མ་ལོན?་གས?
་ཉམས་མཆག་གིས་ཐུབ་སྟེ། སྨན་པ་དང་བཟོད་ན་གསོར་རུའོ། །སྐད་སུ་བཞི་ཤིང་འགགས་པའི་ནད་ཐབས་སྣ་དྲུག་བཤད་པ་སྐད་སུབས་ཤིང་འགགས་པ་ཡང་དུ་རུང་ནད་དམ་མཁྲིས་པ་འམ། བད་ཀན་གྱི་ནད་སྣ་ཐ་དད?་པ་ལས་ཀྱང་གྱུར། ནད?་འདི?
་གསུམ་ཆར་འདུས་པ་ལས་ཀྱང་སྐད་འགགས་པར་འགྱུར། ཡང་ལ་ལས་ནི་ཟད་བྱེད་ཀྱི་ནད་གློ་གཅོད་ལས་ཀྱང་སྐད་འགག། ཚིལ་ལས་གྱུར་པའི་ནད་ཀྱིས་ཀྱང་སྐད་འགག་སྟེ། དེ་ལྟར་སྐད་འགགས་ཏེ་དེ་རྣམས་ལས་འབྱུང་ངོ། །དེ་ལ་རླུང་ནད་ལས་གྱུར་བའི
་སྐད་འགགས་པའི་ནད་ཐབས་ནི། སྐད་ཀྱི་གསང་དམའ་ཞིང་སུབས་བག་ཏུ་ཟེར། ལུས་རྨྱལ་ཁོང་རྩུབ་སྐད་འགྱུར་གྲེ་བའི་ནང་གྲ་མས?་གང་བ་ཙམ་དུ་རྩུབ་སྟེ། མགུལ་བའི་ནད་བད་ཀན་གྱིས་སྐྱང་ནུལ་དུ་འབྱུང་བ་སྙམ་བྱེད་ན་གྲེ་བའི་ནང་ངར?་དང་ཟེར་ཏེ
་སྐད་མི་ཕྱིན་ཅིང་འགག་གོ། རླུང་ནད་དང་མཁྲིས་པ་དང་བད་ཀན་གྱི་ནད་འདི་གསུམ་ཆར་ལས་གྱུར་ཏེ། སྐད་འགག་ན་ནི་ནད་ཐབས་གོང་མ་དང་སྣ་གསུམ་ཚར་ཚང་བར་ན་བསྐད?་སུབས་སོ། །ཟད་བྱེད་ཀྱི་ནད་གློང་གཅོང་ལས་གྱུར་ཏེ། སྐད་འགགས་ན་ནི་གྲེ
་བའི་ནད་ན་རྩུབ་བོས་དྲུང་བ་སྙམ་བྱེད་ལ། གྲེ་བ་ནས་ཤེའུ་རུལ་ལམ། བད་ཀན་དུད་ཁེ་ལྟ་བུ་འབྱུང་ཞིང་རབ་ཏུ་ནའོ། །ཚལ་ནད་ལས་གྱུར་བའི་སྐད་འགགས་པའི་ནད་ཐབས་ནི་བད་ཀན་ལས་གྱུར་བའི་ནད་ཐབས་དང་འདྲའོ། །དེ་ལ་སྐད་འགགས
་པའི་ནད་འདི་རྣམས་ཀྱི་ནང་ན་གོང་མའི་ནད་ལྔ་པོ་གང་ཡང་རུང་སྟེ། ཚིག་གསལ་པར་མི་ཕྱིན་ལ་ལེགས་པར་གསོར་མི་རུང་ཞིང། སྐད་ཕྱིར་སུབ་པ་དེ་དག་གསོ་དཀའ་ཨོ། །ཐ་མའི་ཚོལ?་ནད་ལས་གྱུར་ཏེ་སྐད་སུབས་པ་འདི་ཡང་གསོ་དཀའ་སྟེ་ཐོང
་ཞིག། ཡིག་མཆུས་པའི་ནད་ཐབ་སྣ་ལྔ་བཤད་པ། རླུང་ནད་དམ་མཁྲིས་པའི་ནད་དམ། བད་ཀན་གྱི་ནད། ནད་དམིགས་ཐ་དད་པ་གང་ཡང་རུང་སྟེ། ལྕེ་འམ། ཕོ་བ་ལ་གནས་ན་ཡིག་མཆུས་པར་འགྱུར་རོ། །དེ་ཡང་ཇི་ལྟར་ཞེ་ན། རླུང་ལས་གྱུར
་ན་ཁའི་ནད?་རོ་ཁའོ། །བད་ཀན་ལས་གྱུར་ན་ཁའི་ནད?་རོ་མངར་བར་བྲོ་སྟེ་ཡི་ག་མཆུའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་ལས་གྱུར་ན། དེའི?་ནད་རོ་བྲོ་བ་མེད་དོ། །མྱ་ངན་གྱིས་བཏབ་སྟེ། སྙིང་མི་དགའ་ཞིང་ཡིག་འཆུས་ན་རླུང་ནད་ལས
་གྱུར་པ་ཡིན་ནོ། །ཁྲོ་སྟེ་རྡམ?་པ་ལས་ཡིག་འཆུས་ན། མཁྲིས་པའི་ནད་དུ་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་ཡི་གེ་འཆུས་པའི་ནད་དམིགས་རྣམ་པ་ལྔ་ནི་དེ་ལྟ་བུ་ཡིན་ནོ། །སློན་པའི་ནད་ཐབས་སྣ་ལྔ་པའི་ཤད?་བ། སྐྱུག?་བྲོ་ཞིང་སློན་བར་གྱུར
་པའི་ནད་ཐབས་ནི་རླུང་ངམ་མཁྲིས་པ་འམ་བད་ཀན་གྱི་ནད་ཐ་དད་པ་ལས་སློན་པར་འགྱུར་བ་དང། རླུང་དང་བད་ཀན་མཁྲིས་པའི་ནད་གསུམ་ཆར་འདུས་པ་ལས་སློན་པར་འགྱུར་བ་དང། ཡིད་དུ་མི་འོང་ཞིང་སྐྱུག་བྲོ་བར་གྱུར་པའི་དངོས་པོ་མཐོང་བར?
་ལས་སློན་པར་འགྱུར་བ་དང་དེ་ལྔའོ། །ནད་ཐབས་འདི་ལྟ་བུ་གང་ཡང་རུང་བས་བཏབ་པ་དང། སྟོང་དུ་རྒྱུ་བའི་རླུང་བྲང་དང། ནང་ཆོང་ནི་འདུག་པ་དེས་གྱེན་དུ་སློང་ཞིང་ཕུལ་ཏེ་ཐམས་ཅད་སློན་པར་བྱེད་དོ། །སློན་པའི་ཐབས་ནི་ཁར་མཆིལ་ལ་བྲ་སྟད?་པ
་འབྱུང་ལ། དང་ཀ་མཆུ་ཁའི་ནང་ལན་ཚའི་རོ་བྲོ་ལ་ཡི་ག་རབ་ཏུ་འཆུ་ཞིང་སློན་པར་བྱེད་དོ། །འདི་ནི་སློན་ཏོ་ཅོག་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་རླུང་ནད་ལས་གྱུར་བའི་སློན་པའི་ནད་ཐབས་ནི་ལྟ་བ་དང་རྒྱབ་ཏུ་ཟུག་སྟེ། ན་རྩི་བ་ལོགས་སུ་འང་ཟུག་སྟེ། ཆུང་ཟད?
་ཆུང་ཟད་སྐྱུག་ཅིང་བར་ཆད་ལ། སྐྱུག་པའི་རོ་བསྐ་ཞིང་དབུགས་ཅན་དུ་འབྱུང་སྟེ། སྒྲེགས་པ་དང་བཅས་པ་འོང?། སྐྱུགས་པ་མདོག་གནག་པ་དང། ཁོང་ནས་སློན་པའི་ཚེ་ཁོང་ནས་སློང་ཞིང་ཕུལ་བའི་ཤུགས་དྲག་ལ། སྐྱུགས་པ་མང་པོ་མའི?་བྱུང་བ
་ནི་ལུད་པ་ལུ་བ་ཁ་སྨ།། སྙིང་དང་ཀླད་པ་ན་སྐད་ལ་གནོད་དེ་འགག་ཁོང་སྙོམ་པ་དེ་ལྟ་བུར་གྱུར་ན་རླུང་ནད་ཀྱིས་སློན་པའི་ཐབས་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་སློན་པའི་ནད་ཐབས་ནི་སྐྱུར་པ་ཐལ་ཁུ་བཞིན་རྩ་དམར་ལ་དུད་པ
་ལྟ་བུ་ལྗང་གུ་སྔོ་རྩེ་སེར། སྐྱུགས་པའི་ནད་ན་ཁྲག་ཀྱང་ཡོད་ལ། རོ་སྐྱུར་ལ་སྐྱུགས་པ་ཆེ་སྟེ། དྲོད་ཆེ་སྐོམ་དང་ཆེ་བ་རྒྱལ་ལུས་གྱི་ནང་དུ་ཚ་བའི་ནད་ཐབས་དེ་ལྟ་བུར་སློན་ཏོ། །དེ་ལ་བད་ཀན་ལས་གྱུར་པའི་སློན་པའི
་ནད་ཐབས་ནི་སློན་པའི་སྐྱུགས་པའི་མདོག་སྣུམ་ཞིང་ཁང་བསིལ་བད་ཀན་དུ་སློན་པ་དེ་ན་ལན་མི་བྱེད་དེ་རིང་དུ་དྲང་དུ་རུང་ལ། སྐྱུགས་པའི་ནད་ན་ཆུ་བུའི?་ལྟ་བུའི་??་པོ་ཡོད། སློན་པའི་རོ་མངར་བ་ལན་ཚ་དྲོ?་དོན་མའི?་ཐབས་ཆེ་བ་ཏེ་བ་སྤུ་ལངས་ཏེ། ཤ་དང་སྤུ་བ?་?་སྟེ་རེག་མི
་བཟོད། ཁ་གདོང་སྐྲང་ཁའི་ནང་རོ་མངར་བར་བྲོ། བློང་བློང་བོར་འདུག་སྙིང་གནས་ན?་ཚིལ་མ་མང་དུ་འོང་པའི་ནད་ཐབས་འདི་ལྟ་བུ་ཡིན་ནོ། །རླུང་དང་མཁྲིས་པ་བད་ཀན་གསུམ་ཆར་ལས་གྱུར་བའི་ནད་ཐབས་ནི་ནད་སྣ་གསུམ་གྱི་ནད་ཐབས་ཐམས་ཅད་ཚང་པར་ན་ཞིང
་སློན་ཏོ། །དེ་ལ་ཡིད་དུ་མི་འོང་ཞིང་སྐྱུག་བྲོ་བའི་དངོས་པོ་མཐོང་ན་སློན་པ་ནི་རུལ?་པ་དང་མི་གཙང་བ་དང། གཙོག་པ་དང་སྐྱུག་ཕྲོ?་བར་འགྱུར་བ་དེ་ལྟ་བུ་མཐོང་བ་མཐོས་པས་སྐྱུགས་བྲོ་སྟེ་སློན་པར་བྱེད་དོ། །སློན་པ་འདི་ལྟའི་ནད་ཐབ་མ་གང་ཡང་རུང་སྟེ། འཆི
་བར་འགྱུར་བའི་ལྟས་སམ། མཚོན་མ་ངན་པ་བྱུང་ན་གསོར་མི་རུང་སྟེ། དཔྱད་མ་བྱེད་ཅིག་སྙིང་ན་པ་དང། ལྟོན་སྲིན་བུ་ཡོད་པའི་ནད་ཐབས་དང། སྐོམ་དང་ཆེ་བའི་ནད་ཐབས་དང། ཕོ་བ་ན་བེའུ་སྣབས་ཡོད་པས་མཆིན་པ་ན་བ་ལ་སོགས་པའི་ནད
་ཐབས་བཤད་པའོ། །སྙིང་ན་པའི་ནད་ཐབས་ནི་སྙིང་ན་བ་ཡིན་ནོ། །ཁོང་ན་སྲིན་བུ་ཡོད་ན་ལྷག་པར་ན་སྟེ། སྙིང་ན་བ་དང། སྲིན་བུའི་ཐབས་ཀྱི་ཚུལ་ནད་ཐབས་རྣམ་པ་ལྔ་ཡོད་དོ། །དེ་ལ་རླུང་ནད་ལས་གྱུར་པའི་སྙིང་ན་བའི་ནད་ཐབས་ནི་རབ་ཏུ་ན་ལ་ཟུག་ཅིང་ན
་བ་དེ་ཡང་སོ་སོར་འཕྲོ་བར་བྱེད། བརྡུངས་སམ་བཅོམ་པ་སྙམ་བྱེད། སྙིང་དེ་ནགས་པ་སྣམ?་བྱེད། གཤེར་བག་མེད་ཅིང་སྟོང་པར་གྱུར་བ་སྙམ་བྱེད། བློ་བུར་དུ་སེམས་ཞུམ་པར་བྱེད། སྙིང་མི་དགའ་འཇིགས། སྒྲ་གྲག་ན་མི་བཟོད་འཕར་ཞིང་བ་དང། གཟུགས་པ
་སྙམ་བྱེད། རྨོངས་བག་ཏུ་གྱུར་ཏེ་དབུགས་འཆད། གཉིད་ཆུང། ནད་ཐབས་འདི་ལྟ་བུར་གྱུར་ན་རླུང་ནད་ལས་གྱུར་པའི་སྙིང་ན་བ་ཡིན་ནོ། །མཁྲིས་པའི་ནད་ལས་གྱུར་ཏེ་སྙིང་ན་པའི་ནད་ཐབས་ནི་སྒོམ?་དང་ཆེ། མགོ་འཁོར་བརྒྱལ། ཁོང་ཚ་ལུས་རྡུལ། ཐོད་ཀ་དང་གྲེ
་བ་ནས་ཡས་སྐྱུར་ལུས་སྙོང་ཞིང་སྒྱིང་སྐྱུར་སྐྱུགས་པ་དང་མཁྲིས་པ་དང་རོ་སྐྱུར་པར་བྲོ་ལ་དུད་ཁར་འོང། ཤ་མདོག་སེར་རིམས་ཀྱིས་ཀྱང་འདེབས་སོ། །བད་ཀན་ལས་གྱུར་པའི་སྙིང་ན་བའི་ནད་ཐབས་ནི་སྙིང་རེངས་པ་སྙམ་བྱེད། སྙིང་ན
་རྡོ་བ་ཡོད་པ་སྙམ་བྱེད། ཁུར་ཐོད་ཀར་བླངས་པ་སྙམ་བྱེད་དེ། ལུད་པ་ལུ་ཕོ་བའི་དྲོད་ཉམས་ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འབྱུང། །གཉིད་ཆེ་ཁོང་སྙོམ་ཟས་ཡི་གར་མི་འོང། རིམས་ཀྱིས་འདེབས་པའི་ནད་ཐབས་ནི་འདི་ལྟ་བུ་ཡིན་ནོ། །རླུང་དང་མཁྲིས་པའི
་ནད་དང་བད་ཀན་གྱི་ནད་གསུམ་ཆར་འདུས་པ་ལས་སྙིང་ན་བའི་ནད་ཐབས་ནི་ནད་སྣ་གསུམ་གྱིས་ནད་ཐབས་ཀུན་ཚང་བར་ན་བར་འགྱུར་རོ། །སྲིན་བུ་ཡོད་པའི་ནད་ཐབས་ནི་མིག་སྤྱིར་ཅུང་ཟད་གནག་མུན་པར་ཞུགས་པ་སྙམ་དུ་མི་དྲན། སྙིང་ན་ལུས་སྐམ།
་ལུས་གཡའ་ཁ་ནས་ཆུ་འཛག། མཚན་དོགས་ཐོག་ཐག་ཏུ་སོག་ལེས་དྲུང་བ་སྙམ་དུ་ཚ་བར་བྱེད་ན་སྲིན་བུ་ཡོད་པ་ཡིན་ནོ། །སྲིན་བུའི་ནད་ཐབས་དྲག་པོ་འདི་ལྟ་བུ་ནི་མྱུར་དུ་གནོད་པར་འགྱུར་བ་ཡིན་ནོ། །དཔྱད་མྱུར་དུ་གྱིས་ཤིག། དེ་ལ་སྐོམ་དང
་ལྷག་པར་ཆེ་བར་གྱུར་པའི་ནད་ཐབས་ནི། རླུང་དང་མཁྲིས་པ་བད་ཀན་སོ་སོ་ལ་སྐོམ་དང་ཆེ་བར་གྱུར་པ་དང། གསུམ་འདུས་པ་ལས་གྱུར་པ་དང། རིམས་ནད་ཀྱིས་བཏབ་པ་ལས་སྐོམ་དད་ཆེ་བར་གྱུར་པ་དང། ནད་ཐབས་དྲུག་ཡོད་དོ། །སྐོམ་དང་སྐྱེས་སོ
་ཅོག་ནི་རླུང་དང་མཁྲིས་པ་གཉིས་རྒྱས་པའི་གཞིས་སྲོག་ཟུངས་བདུན་འཕྲོགས་སྙོམས་ཤིང་འདུག་པ་ལས་དཀྲུགས་ཏེ་ནད་བསླངས་ནས། དང་པོ་བསྐམས་པར་བྱས་པས་ལུས་ཐམས་ཅད་འདར། མགོ་འཁོར། ལུས་ཚ། སྐོམ་དང་ཚ། ཁོང་ཚ། རྨོངས
་པར་བྱེད། ལྕེའི་དྲུང་དང། མགུལ་བ་དང། གློ་དང། བད་ཀན་དང་སྐོམ་འཐུངས་བརྩར་འགྲོ་བ་རྣམས་བསྐམས་པ་འདི་ལྟ་བུའི་ནད་གཞི་ལས་སྐོམ་དང་ཆེ་བའི་ནད་དུ་འགྱུར་རོ། །དེ་ལྟར་ནད་སྣ་དྲག་ལས་སྐོམ་དང་ཆེར་སྐྱེས་པའི་ནད་ཐབས་ཀྱི་སྤྱི་ནི།
་ཁ་བསྐམས་ཏེ་སྐོམ་འཐུངས་ཀྱང་མི་ངོམས་ལ་ཟས?་མཐོང་ན་ཁྲོ། །སྐད་འགག། གྲེ་བ་དང་མཆུ་དང་ལྕེ་རྣམས་རྩུབ་བོར་གྱུར་ལ་ལྕེ་འབྱིན་པར་བྱེད། ཁོང་སྙོམ་ཚིག་མང་དུ་སྨྲ་སེམས་མྱོས་པ་ཡིན་ཏེ། སྐོམ་གྱིས་གདུངས་པའི་ནད་དམ། སྐོམ་འགགས་པའི
་ནད་དུ་གྱུར་པ་སྔར་བཤད་པའི་དམིགས་དེ་དང་འདྲ་བར་ནད་དུ་འགྱུར་རོ། །དེ་ལ་རླུང་ནད་ལས་གྱུར་པའི་སྐོམ་དང་ཆེ་བའི་ནད་ཐབས་ནི་ཁོང་རྨྱ་ཉམས་དམན། མུ་འགྲམ་དུ་ཟུག་།ཀླད་པ་འཁོར། སྣས་དྲི་ཅི་བྲོ་བ་མི་ཚོར། ལྕེས་ཀྱང་རོ་ཅི་བྲོ་མི་ཚོར། རྣ་བས་ཀྱང་སྒྲ་མི
་ཐོས། གཉིད་མེད་ཉམས་མཚག་ཟས་ཆུ་གྲང་མོ་འཐུངས་ན་ནད་ལ་ཕན་པར་འགྱུར་རོ། །མཁྲིས་པ་ལས་སྐོམ་དང་དུ་གྱུར་ན་བརྒྱལ་ཁའི་ནང་རོལ་རོ་ཁ་བ་བྲོ། མིག་ལམ་དུ་དམར་བ་མཐོང་རྟག་པར་ཁ་སྐམ། ཁོང་ཆ་དབུགས་མནམ་མོ། །བད་ཀན་ལས་གྱུར་པའི
་སྐོམ་དང་སྐྱེས་པའི་ཐབས་ནི་དང་པོ་བད་ཀན་གྱིས་ནད་དུ་འགགས་ཤིང་ཆོད་པས་རླུང་འགགས་ཏེ་འཁྲུགས་པས་སྐོམ་འཐུངས་པ་རྩར་འགྲོ་བའི་རྩ་སྒོ་དེ་རླུང་དེས་འགགས་ནས་བད་ཀན་འཇིམ་རྫབ་འདྲ་བ་དེ་ཡང་རླུང་གིས་བསྐམས་པ་དང། མགུལ་པའི་ནད
་གྲ་མས་གང་བ་བཞིན་དུ་ཚ་ལ་རྩུབ་གཉིད་ཆེ། །བའི་ནང་རོ་མངར་བར་བྲོ། ལྟོ་ལྦོ་མགོ་བོ་ཡོ་ཡོ་ཕོ་ལ་ཉམས་མཐོང་བག་ཏུ་འགྱུར། སློན་ཁ་ཟས?་ཡི་གར་མི་འོང། ལུས་སྙོམས་ཟས་མི་འཇུའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཀའི་ནད་ལས
་གྱུར་ཏེ། སྐོམ་དང་སྐྱེས་པ་ན་བའི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དམིགས་སོ་སོར་བཤད་པའི་ནད་ཐབས་ཐམས་ཅད་ཀུན་ཚང་བར་ན་བ་ཡིན་ནོ། །ཕོ་བན་བེའུ་སྣབས་ཡོད་པ་ལས་སྐོམ་དང་སྐྱེས་པ་དང། མགུལ་པར་ཁ་ཟས་ཐོགས་ཏེ།
་མིང་དུ་མི་རུང་བ་ཡང་སྐོམ་པའི་ལན་ཡིན་ཏེ། འདི་ཡང་རླུང་དང་མཁྲིས་པའི་ནད་ལས་གྱུར་པ་ཡིན་ནོ། །ཕོ་བའི་མེ་དྲོད་ཧ་ཅང་ཆེ་བ་ལ། སྐོམ་ཧ་ཅང་དྲགས་སམ་མངས་ན་ཡང་སྐོམ་དང་ཀྱི་ནད་དུ་གྱུར་ཏེ། ཟས་སྣུམ་བག་ཟོས་པ་དང། ཟས་ལྕི་བ་དང་སྐྱུར་བག་དང་ལན
་ཚ་ཚ་བ་བག་ཟོས་པ་འདི་ལྟ་བུས་ཀྱང་བད་ཀན་སྐྱེས་པའི་སྐོམ་དད?་ཀྱི་ནད་དུ་འགྱུར་རོ། །བཅུད་དང་ཟས་ཟད་པ་ལས་སྐོམ་དད་དུ་གྱུར་ན་ནི་གློ་གཅོང་ཟད་བྱེད་ཀྱི་ནད་ཐབས་བཤད་པ་དང་འདྲའོ། །རིམས་ནད་ལས་སྐོམ་དང་སྐྱེས་པའི་ནད
་དུ་གྱུར་པ་ནི་ལུས་ཀྱི་ཁོང་བསྐམས་པར་གྱུར་པ་ལྟ་བུ་དང། ཟག་གུར་གྱུར་པ་ལྟ་བུ་དང། རིམས་ལ་སོགས་པ་ནད་ཡུན་རིང་པོར་བཏབ་པའི་ནད་དེ་ལྟ་བུ་གང་ཡང་རུང། ན་བ་ལས་སྐོམ་དད་སྐྱེས་པའི་ནད་དུ་གྱུར་པ་དེ་ནི་རིམས་ནད་ཀྱི་རང་བཞིན་གྱི་ནད
་ཐབས་དང་འདྲ་བར་བཤད་དོ། །ནད་གཞི་བཤད་པའི་ལེའུ་ལྔ་པ་རྫོགས་སོ།། །།ཆང་གི་ཉེས་དམིགས་དང། ནད་ཐབས་ལ་སོགས་པ་བཤད་པའི་ལེའུ་དྲུག་པ་བསྟན་པར་བྱའོ། །ཆང་གི་རང་བཞིན་དང་རོའི་བྱེ་བྲག་ནི་སྤྱིར་རྣམ་པ་བཅུ་སྟེ
་གང་ཞེ་ན། རྣོ་བ་དྲོད་ཆེ་བ་རྩུབ་པ་དྲག་པ་སྐྱུར་བ་བུད་མེད་དང་ཕྲད་པར་འདོད་ལུས་ལ་མྱུར་དུ་ཁྱབ་པར་བྱེད། ལུས་འབར་ཏེ་མདངས་ཅན་དུ་འགྱུར། འཕྲལ་དུ་གསལ་བར་བྱེད་དོ། །མིའི་ཁོང་ན་མདངས་ཞེས་བྱ་བ་ཡོད་པ་དེ་ནི་བྱེ་བྲག་བཅུའི་ཚུལ
་དུ་གནས་ཏེ། ཆང་གི་ཚུལ་འདི་བཅུ་ལས་བཟློག་པར་བལྟའོ། །དྲུག་ཀྱང་རྣོ་བ་ལ་སོགས་པ་རྣམ་པ་འདི་བཅུའི་ཚུལ་དུ་གནས་མོད་ཀྱི་དེ་ནི་ཧ་ཅང་དྲག་ཆེས་པས་སེམས་མ་རུངས་པར་བྱེད། འཆི་བར་བྱེད་དོ། །ཆང་གི་མཐུའི་ཡོན་ཏན་ནི། རྣོ་བ་དང།
་དྲོད་ཆེ་བ་ལ་སོགས་པ་ཡིན་ནོ། །མིའི་ཁོང་ན་མདངས་ཡོད་པའི་ཡོན་ཏན་ནི་རྡུལ་བ་ལ་སོགས་པའི་ཡོན་ཏན་རྣམ་པ་བཅུར་བལྟའོ། །དེ་ལ་ཆང་གི་ཡོན་ཏན་རྣམ་པ་བཅུས་ནི་མིའི་ཁོང་ན་མདངས་ཡོད་པའི་ཡོན་ཏན་རྣམ་པ་བཅུ་གནས་པར
་བྱས་ནས་སེམས་བསྒྱུར་ཏེ། ཁྲིད་པ་དེ་ནི་ར་རོ་བ་ཞེས་བྱའོ། །དེ་ལ་དང་པོ་ཆང་འཐུངས་པས། ཐོག་མ་བཟི་བ་ནི་སྙིང་དགའ་སྟེ། གཏམ་དང་བཞད་གང་བྱེད་པར་འགྱུར་པ་ཡིན་ནོ། །དེ་བས་མང་དུ་འཐུངས་ཏེ་ར་རོ་བ་ནི་རིགས་པ་དང། མི་རིགས་པ་ཅལ
་ཅོལ?་འཕྲེན་པར་བྱེད་པ་དང། བག་མེད་པར་གནས་ལ་རྣམ་པར་རྟོག་པ་ངན་པས་བཅོས་ནས་སེམས་རྨོངས་པ་སྟེ། བདེ་བ་མ་ཡིན་ནོ་སྙམ་དུ་བསམས་ནས་འཁྲུལ་པར་བྱེད་དོ། །དེ་ལྟར་ཆང་གི་འབྲིང་ཙམ་དུ་ར་རོ་བ་དང། གཏུ་ལུམ་ཉིད་དུ་ཁོམ་པར་མ་གྱུར་པའི་བར
་གྱི་ཚེ་ནི་རྡུལ་དང་མུན་པའི་རང་བཞིན་ཞེས་བྱའོ། །དེ་ལ་རྡུལ་གྱི་རང་བཞིན་ནི་ཚིག་ཅལ་ཅོལ་མང་དུ་སྨྲ་བ་ཡིན་ནོ། །ཁྲོ་ང་རྒྱལ་ཆེ་སེར་སྣ་བྱེད་པ་དེ་ལྟ་བུར་འགྱུར་རོ། །དེ་ལ་མུན་པའི་རང་བཞིན་དུ་གྱུར་པ་ཞེས་བྱ་བ་ནི་འཇིགས་པའི་སེམས་མེད་གཉིད་བྲོ་སྙོམ་སྙིང་ལ
་བརྩམས་པ་མེད་པར་སེམས་པ་སྟེ། དེ་ལྟ་བུ་ནི་གླང་པོ་ཆེ་སྨྱོན་པ་འམ་སྤྲུལ་པོ་ཆེ་བཏགས་པ་ལས་ཤོར་བ་དང་འདྲ་སྟེ། ཅི་ལ་ཡང་མི་བྱེད་པ་ཡིན་ནོ། །དེ་ལྟ་བུའི་ཚེ་ནི་དང་ཚུལ་ངན་པའི་རང་བཞིན་ཁ་ན་མ་ཐོ་བ་རྣམས་ཀྱི་གནས་སུ་གྱུར་པས་ཆང་གཅིག་པུ
་ལས་རང་འགྲོའི་ལམ་དུ་མང་པོ་སྟོན་པར་བྱེད་དོ། །གསུམ་པའི་ཚེ་རབ་ཏུ་ར་རོ་བ་ནི་ཤི་བ་བཞིན་ཚོར་བ་མེད་པར་ཉལ་ཏེ་འདུག་གོ། དེ་ནི་ཤི་པ་བཅས་ཀྱང་སྡིག་པའི་རང་བཞིན་དུ་འགྱུར་བ་ཡིན་ཏེ། དེའི་ཚེ་ནི་རབ་ཏུ་སྡིག་པ་ལ། གནས་པ་ཞེས་བྱའོ། །དེ་བས
་ན་ཆང་ལ་ཞུགས་ཤིང་མྱོས་པ་ནི་ཆོས་དང་ཆོས་མ་ཡིན་པ་དང། བདེ་བ་དང་སྡུག་བསྔལ་བ་དང། དོན་དང་དོན་མེད་པ་དང། ཕན་པ་དང་གནོད་པའི་དམིགས་མི་ཤེས་པར་བྱེད་པ་ཡིན་ན་དེ་ལ་ལྟ་མཛངས་པ་སུ་ཞིག་བསྟེན་པར་བྱེད་ཆང་གིས་ནི་མྱོས་པར་བྱེད།
་འཇིགས་པ་དང་མྱ་ངན་དུ་འགྱུར། ཁྲོས་པ་དང་སྲོག་གི་བདུད་དུ་འགྱུར་བ་དེ་ལྟ་བུ་ཡིན་སྨྱོ་བྱེད་ཀྱི་ནད་དང། བརྗེད་བྱེད་ཀྱི་ནད་དང། མྱོས་པ་དང་བརྒྱལ་བར་གྱུར་པ་དང་ནད་ཀྱིས་འདེབས་པར་འགྱུར་རོ། །དེ་ལྟ་བས་ན་ཆང་གཅིག་པུས་དྲན་པ་ཉམས་པར
་བྱས་པ་དེ་ལྟ་བུ་ལས་ཉེས་པ་ཐམས་ཅད་འོང་བར་འགྱུར་ན་ཆང་གི་ཉེས་དམིགས་རྣམ་པ་ལྔ་བོ་ལྟ་བཤད་ཀྱང་མི་དགོས་ཏེ། དེ་ལྟ་བས་ན་ཆང་ལྟ་སྨོས་ཀྱང་མི་དགོས་ཀྱི། ཁ་ཟས་མི་རིགས་པ་ཞིག་ཟོས་ན་ཡང་ནད་དུ་འགྱུར་བའི་ཆི་བར་འགྱུར་བ་ཡིན་ནོ། །ཡང་ཆང་གི་ཉེས
་དམིགས་ནི་མིས་བསྒྲུབ་པའི་མདོ་ནོར་དང། ལོངས་སྤྱོད་དང་ཐར་པའི་ལམ་དོན་དུ་གཉེར་བར་བྱ་བ་དང། འདི་གསུམ་དང་བྲོ་དང་བསྟན་པར་བྱ་བ་དང། ཁྲེལ་དང་ངོ་ཚ་ཤེས་པར་བྱ་བ་ལ་སོགས་པ་འདི་ལྟ་བུ་ཡང་མེད་པར་བྱེད་དོ། །དེ་ལ་ཆང་ལ་སྲ་སྟེ།
་ཆང་འཐུངས་ཀྱང་ཧ་ཅང་ར་རོ་བར་མི་འགྱུར་བ་ནི་ཉམས་མཚག་ཡོད་དེ་ཚོར་བ་དང། སྔར་ཁ་ཟས་ཟོས་པ་དང། ཁ་ཟས་ཆེར་ཟ་བ་ཕོད་པ་དང། རྟག་ཏུ་ཁ་ཟས་སྣུམ་བག་ཟ་བ་དང། སྙིང་སྟོབས་ཆེ་བའི་མི་དང། ན་ཚོད་དར་ལ་བབ་སྟེ་གཞོན་པ་དང།
་རྟག་ཏུ་ཆང་མི་འཆད་པར་འཐུང་བ་ལྟ་བུ་དང། ཕ་མའི་རྒྱུད་ཀྱིས་རྟག་ཏུ་ཆང་འཐུང་འཐུང་བར་གྱུར་པ་དང། ལུས་ཚིལ་དང་བད་ཀན་གྱིས་ཤས་ཆེ་ལ། རླུང་དང་མཁྲིས་པའི་ཤས་ནི་ཆུང། ཕོ་བའི་མེ་དྲོད་ནི་ཆེ་ཞིང་བརྟན་པར་ཡང་ཡོད་པ་དེ
་ལྟ་བུ་ནི་ཆང་ལ་སྲ་སྟེ། འོད་འདོར་ར་རོ་བར་མི་འགྱུར་རོ། །དེ་ལ་ཆང་ལ་སྙི་སྟེར་རོ་ཞིང་མྱོས་པར་འགྱུར་བའི་མི་ནི་ཆང་ལ་སྲ་བའི་དམིགས་སྣ་རེ་རེ་ནས་བཤད་པ་དེ་ལས་བཟློག་ན། ཆང་ལ་སྙི་ཞིང་ར་རོ་བར་འགྱུར། ཆང་ལ་བརྐམ་ཞིམ་དྲག་དུ་འཐུངས་པ་དང། སྤྲོ་ཐུང
་ཞིང་ཁྲོ་བ་ལྟ་བུ་ནི་ཆང་ལ་སྙི་ཞིང་མྱུར་དུ་ར་རོ་བར་འགྱུར་རོ། །དེ་ལ་ཆང་གི་ནང་ན་མྱུར་དུ་ར་རོ་བར་འགྱུར་བ་ནི་ཆང་སར་སྐྱུར་ཞིང་སྐྱུར་བ་ལྟ་བུ་མང་དུ་འཐུངས་ན་མྱུར་དུ་ར་རོ་བར་བྱེད། དེ་ལ་ཆང་ནད་ཀྱི་ཐབས་ཀྱང་རྣམ་པ་བཞི་སྟེ། རླུང་ནད་དང་མཁྲིས་པའི་ནད་དང
་བད་ཀན་གྱི་ནད་དང། འདུས་བའི་ནད་རྣམ་པ་བཞི་ལས་འབྱུང་ངོ། །ཡོད་ནི་ཆང་ལས་ནད་དུ་གྱུར་ན་ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀུན་ཚོགས་པར་འབྱུང་མོད་ཀྱི། མིང་ནི་རླུང་ལས་གྱུར་པ་ཞེ་འམ་མཁྲིས་པའི་ནད་ལས་གྱུར་པ་ཞེས
་སོ་སོ་འདེགས་སོ། །དེ་ལ་ཆང་ནད་དོ་ཅོག་སྤྱིའི་ནད་ཐབས་ནི་རབ་ཏུ་རྨོངས་པར་འགྱུར། སྙིང་མི་དགའ་ཚད་པར་འཁྲུ་རྟག་ཏུ་སྐོམ་གྲང་བའི་རིམས་སམ་ཚ་བའི་རིམས་ཀྱིས་འདེབས་ཀླད་པ་ན། རྩིབ་ལོགས་ཀྱི་རུས་པ་ཟུག་ཅིང་ན། ལུས་དང་རྐང་ལག་འདར།
་ལུས་ཀྱི་སྲོག་གི་གནད་ཀུན་བཅད་དམ་བརྡུངས་པ་སྙམ་བྱེད་རྐང་པ་ན་བརླ་ན་མིག་རབ་རིབ་ཁྱེར། ལུད་བས་བཀར་དབུགས་མི་བདེ། མཚན་མོ་གཉིད་མེད་ལུས་རྡུལ་བཤད་པ་ཐུར་དུ་འཐུང་བ་འདྲ་བར་འོང། ལུས་སྐྲང་སེམས་རྨོང་བག་ཏུ་བྱེད་དེ
་འདིས?་འཆད་ནང་དོ་ཅོག་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལས་ཆང་ལས་རླུང་ནད་དུ་གྱུར་པའི་ནད་ཐབས་ནི། ནད་ཐབས་གཞན་ནི་གོང་མ་དང་འདྲ་ལ་དེ་ལས་ལྷག་པར་གཉིད་མི་འོང་ངོ། །དབུགས་མི་བདེ་ཀླད་པའི་སྤྱི་བོ་ལོགས་སུ་ན། རྨི་ལམ་ཕན
་ཚུན་དུ་འགྲོ་བ་གནམ་ལ་འཕུར། གཤིན་ངོགས་ལྟ་བུ་དང། ལྷན་ཅིག་གཏམ་ཟེར་བ་དེ་ལྟ་བུ་ཡིན་ནོ། །ཆང་ལས་མཁྲིས་པའི་ནད་དུ་གྱུར་པའི་ནད་ཐབས་ན། ཚ་བའི་རིམས་ཀྱིས་འདེབས་སོ། །ལུས་རྡུལ་རྨོང་བག་ཏུ་འདུག་།ཚད
་པས་འཁྲུ་སྐོམ་དང་ཆེ། མགོ་བོ་འཁོར། མིག་རྩ་དམར་ཞིང་རྩ་སེར་མཁུར་ཙོས་དམར་པོར་འགྱུར་རོ། །ཆང་ལས་བད་ཀན་གྱི་ནད་དུ་འགྱུར་བའི་ནད་ཐབས་ནི་སློན་སྙིང་ན་ཞིང་མི་དགའ་། གཉིད་ཆེ་ལུས་དང་རྐང་ལག་འདར
་ཁོང་ལྕིའོ། །ཆང་ལས་འདུས་པའི་ནད་དུ་གྱུར་པའི་ནད་ཐབས་ནི་ནད་སྣ་གསུམ་གྱི་ནད་ཀུན་ཚོགས་པར་ན་བར་འགྱུར་རོ། །ཆང་རྟག་ཏུ་འཐུང་སྟེ་གོམས་པར་གྱུར་བ་ལྟ་བུ་ལས་ཆང་ཅིག་ཅར་བཅད་དེ་ཕྱིན་ཆད་མི་འཐུང་བ་དེ
་ཡང་ནད་རྣམ་གཉིས་སུ་འགྱུར་ཏེ་འཇོམས་བྱེད་ཅེས་བྱ་བའི་ནད་དང། ལུས་བསྐམས་བའི་ནད་དང་རྣམ་པ་གཉིས་སུ་འགྱུར་རོ་།ཅི་ལྟ་ཞེ་ན་ཆང་བཅད་པས་རླུང་ནད་དྲག་ཏུ་གཡོ་བ་དང་ཉམས་ཚགས་ལྷག་པར་དྲག་ཏུ་འབྲི་བར་གྱུར་པ
་ལས་མཆིལ་མ་དང། བད་ཀན་ཕྱིར་འདོར་བས་མགུལ་སྐམ་གཉིད་རབ་ཏུ་ཆེ་སྟེ། སྒྲ་རྣམས་དྲག་པ་མི་བཟོད་པ་དང་བླང་བག་ཏུ་གྱུར་བ་དེ་ནི་འཇོམས་བྱེད་ཀྱི་ནད་ཅེས་བྱའོ། །དེ་ལ་བསྐམ་པར་འགྱུར་བའི་ནད་ཐབས་ནི་དཔུང་བ་དང་ཀླད
་པ་ན་སྙིང་དང་མགུལ་བ་ན་མོང་མོང་པོར་འགྱུར་ལུད་པ་དཀར་སྐོམ་དང་ཆེ་སྐྱུགས་པ་མི་འབྱུང་བཞིན་དུ་སྐམ་སྐྱིགས་བུས་ཕུལ་ཞིང་སྐྱུག་།རིམས་ཀྱིས་འདེབས་པ་དེ་ལྟ་བུའི་ནད་དུ་འགྱུར་རོ། །ས་ཡང་རུང་བག་ཆང
་བཅད་དེ་ཐུབ་པ་དེ་ནི་ཉེས་དམིགས་ཀུན་ཐུབ་པའི་རང་བཞིན་ཅན་ཡིན། བློ་དང་སེམས་སྔོན་གྱི་སར་ཆུད་དེ། དྲན་ཞིང་གསལ་བ་ཡིན་ནོ། །ལུས་དང་སེམས་ཀྱི་སྤྱོད་པ་འཁྲུལ་པ་ནམ་ཡང་མི་འབྱུང་བ་ཡིན་ནོ། །ཡང་ཆུང་འཐུངས་ཏེ་ར་རོ་བ
་རྡུལ་གྱི་སྐྱོན་ལས་ནད་དུ་གྱུར་པ་དང་མུན་བའི་སྐྱོན་ལས་ནད་དུ་གྱུར་པ་དང། ཁ་ཟས་མི་འཕྲོད་ཅིང་གནོད་པར་ཟོས་པས་བཅུད་དངས་མ་རྒྱུ་བའི་རྩ་དང་ཁྲག་རྒྱུ་བའི་རྩ་རྣམས། སེམས་འཇུག་པའི་རྩ་རྣམས་འགགས་པ་ལས་ནད
་རྣམ་པ་གསུམ་དུ་འགྱུར་རོ། །གང་ཞེ་ན་མྱོས་པ་དང་བརྒྱལ་བ་དང་ནད་འདི་རྣམ་པ་གསུམ་ལྟ་བུར་གྱུར་ཏེ་ནད་དཀྱེལ་ཡང་གོ་རིམ་བཞིན་ཆེའོ། །དེ་ཡང་མྱོས་བར་འགྱུར་བའི་ནད་གཞི་ནི་རླུང་དང་མཁྲིས་པ་དང། བད་ཀན་གྱི་ནད
་ལ་མྱོས་བར་འགྱུར་བ་དང། རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པ་མྱོས་པར་འགྱུར་བ་དང། ཁྲག་ནད་ལས་མྱོས་པར་འགྱུར་བ་དང་ཆང་ལས་མྱོས་བར་འགྱུར་བ་དང། དུག་གིས་ཀྱང་མྱོས་པར་འགྱུར་བ་དེ་ལྟ་བུའི
་ནད་དུ་འགྱུར་རོ། །དེ་ལ་རླུང་ནད་ཀྱིས་མྱོས་བར་འགྱུར་བའི་ནད་ཐབས་ཀྱི་ཚུལ་ནི་མང་དུ་སྨྲ་བ་ལ་ཆགས། མང་དུ་སྨྲ་ཚིག་བརྐམ་པར་སྨྲ། ལུས་ཀྱི་བྱེད་པ་རྣམས་འཁྲུལ་ཅིང་གཡོ་བའི་བག་ཡོད། ལུས་རྩུབ་ལ་མདོག་གནག་རྩ་དམར། འདི
་ལྟ་བུ་ནི་རླུང་ནད་ཀྱིས་མྱོས་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་མཁྲིས་པའི་ནད་ཀྱིས་མྱོས་པའི་ཐབས་ནི་ཁྲོ་བཞིན་མདོག་དམར་ལ་སེར་བར་སྣང་ཚིག་ཅུང་ཟད་ཙམ་གྱི་ཕྱིར་ཡང་འཐབ་པར་དགའ་བ་དེ་ལྟ་བུ་ཡིན་ནོ། །བད་ཀན་གྱིས་མྱོས་བའི་ནད
་ཐབས་ནི་བཞིན་མདོག་རྩ་དཀར་ཅི་ཡང་མི་སྨྲ་མི་བྱེད་པར་འདུག་ཅིང་ལེ་ལོ་ཆེ་བར་གྱུར་བ་དེ་ལྟ་བུ་ཡིན་ནོ། །རླུང་དང་བད་ཀན་དང་མཁྲིས་པ་གསུམ་ཆར་འདུས་པ་ལས་མྱོས་པའི་ནད་ཀྱི་ཐབས་ནི་རླུང་ལ་སོགས་པ་རྣམ་པ་གསུམ་ཀའི་མྱོས་པ
་དང་འདྲའོ། །ཁྲག་ནད་ཀྱིས་མྱོས་པའི་ཐབས་ནི་ལུས་ཀྱི་ཡན་ལག་རེངས་ཏེ་རྐྱང་བསྐུམ་མི་ནུས་མིག་ཀྱང་ཕྱེ་བཙུམས་མི་ནུས་ཏེ་ཧང་བག་ཏུ་འདུག་ལ་མཁྲིས་པའི་ནད་ཀྱིས་མྱོས་པའི་ཚུལ་དང་ཡང་འདྲ་བར་བལྟའོ། །ཆང་གིས་ར་རོ་སྟེ་མྱོས
་པའི་ཐབས་ནི་སྐད་ཀྱི་གདངས་དང། ཚིག་དང་ལུས་འགྱུར་ཚིག་གི་སྨྲ་བ་དང་ལུས་བྱེད་པ་རྣམས་འཁྲུལ་བར་བྱེད་དོ། །དུག་གིས་མྱོས་པའི་ནད་ཐབས་ནི་ལུས་འདར་གཉིད་རབ་ཏུ་ཆེ་གོང་མའི་ནད་ཐབས་ཀུན་ལས་ལྷག་པ་ནད་ཆེ་བ་དེ
་ལྟ་བུ་ཡིན་ནོ། །དེ་ལ་རླུང་ལ་སོགས་པ་རྣམ་པ་བདུན་གྱིས་མྱོས་བའི་ནད་ཀྱིས་འདེབས་པར་ཤེས་པར་བྱའོ། །དེ་ལ་རླུང་ལ་སོགས་པ་རྣམ་པ་དེ་བདུན་གྱིས་སྙིང་སྟོར་ཟ་བརྒྱལ་བར་འགྱུར་པའི་ནད་ཐབས་ཀྱི་དམིགས་ནི་རླུང་དང་མཁྲིས
་པ་ལ་སོགས་པ་ལྟ་བུ་སོ་སོའི་ནད་ཐབས་ཀྱི་རྟགས་གང་ཆེ་བ་ལས། སོ་སོའི་ནད་དམིགས་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཁྲག་རྒྱས་པ་དང། ཆང་ནད་དང་དུག་གིས་ཕོག་སྟེ་བརྒྱལ་བ་ཡང་དེ་བཞིན་ཤེས་པར་བྱའོ། །དེ་ལ
་རླུང་ནད་ཀྱིས་བརྒྱལ་བར་གྱུར་བའི་ནད་ཐབས་ནི་ནམ་མཁའ་ལ་མིག་ལམ་དུ་སྔོ་དམར་རམ་ནག་པོ་མཐོང་ལ་དེ་ནས་མུན་ཐིབས་ཞེས་བྱེད་དེ་བརྒྱལ། དེ་ནས་མྱུར་དུ་སངས་པར་འགྱུར་བའི་འོག་ཏུ་སྙིང་འདར། ཀླད་པ་འཁོར་ལུས་ཤ་སྐེམ་བཞིན
་མདོག་གནག་ལ་རྩ་དམར་ཏེ་སྤྱིར་རྨུག་པ་འདི་ལྟ་བུར་གྱུར་ན་རླུང་གི་རང་བཞིན་ལས་གྱུར་པའི་བརྒྱལ་བའི་ནད་ཐབས་ཞེས་བྱའོ། །དེ་ལ་མཁྲིས་པའི་ནད་ལས་བརྒྱལ་བར་གྱུར་པའི་ནད་ཐབས་ནི་གྱེན་དུ་ནམ་མཁའ་ལ་རྨི
་ལམ་དུ་དམར་པོ་འམ། སེར་པོར་མཐོང་ནས་མུན་ཐབས་ཞེས་བྱེད་དེ་བརྒྱལ་ལོ། །དེ་ནས་སངས་ནས་ཀྱང། ལུས་རྡུལ་ཁོང་ཚ་སྐོམ་ཕྱི་རོལ་གྱི་ཤ་ཐང་ཚ་བས་གདུངས། ཚད་པའི་མདོག་སེར་པོ་འམ་སྔོན་པོར་འཁྲུ་།མིག
་ལམ་དུ་དམར་པོ་དང་སེར་པོ་ལོང་ལོང་པོར་སྣང་བའི་ནད་ཐབས་འདི་ནི་མཁྲིས་པ་ལས་བརྒྱལ་བ་ཞེས་བྱའོ། །དེ་ལ་བད་ཀན་གྱི་ནད་ཀྱིས་བརྒྱལ་བར་འགྱུར་བའི་ནད་ཐབས་ནི། རྨི་ལམ་ན་སྤྲིན་འདྲ་བར་དཀར་པོའི་བག་མཐོང་ནས། མུན་ཐིབས་ཞེས་བྱེད་དེ
་བརྒྱལ་ནས་ཡུན་རིང་དུ་ལོན་པ་དང། གདོད་སངས་ཏེ་སངས་ནས་ཀྱང། སྙིང་ན་ཁ་ནས་མཆིལ་མ་དང། ཁ་ཆུ་མང་དུ་འབྱུང། ཁ་མིག་ཐོམ་བག་ཏུ་འགྱུར་ལ་ལུས་དང་རྐང་ལག་པགས་རློན་གྱིས་དཀྲིས་པ་བཞིན་དུ་ལྕི་བ་ལྟ་བུ་ནི་བད་ཀན་གྱིས་བརྒྱལ
་བའི་ནད་ཐབས་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གྱིས་བརྒྱལ་བའི་ནད་ཐབས་ནི་བརྗེད་བྱེད་ཀྱི་གདོན་ནད་ཀྱིས་བཏབ་བའི་ནད་ཐབས་དང་འདྲ་ལ་ལུས་མྱུར་དུས་ལ་འགྱེལ་ཏེ། བརྒྱལ་ཞིང་མི་དྲན་ཏེ་དེའི་ཚེ་སྔར་མི་སྡུག་ཅིང་འཇིགས་པའི་ཚུལ་དུ་བྱེད
་པ་འམ། ངན་སྐྱུགས་ལ་སོགས་པ་འབྱུང་བ་ནི་མེད་དེ། ནད་ཐབས་གཞན་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱིས་བརྒྱལ་བའི་ཐབས་དང་འདྲའོ། །དེ་ལྟར་སྙིང་སྟོར་བརྒྱལ་ནད་རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པས་མྱོས་པ
་དང་བརྒྱལ་བར་འགྱུར་ཏེ། ནད་ཚབས་ཆེ་ཡང་སྨན་དཔྱད་བྱ་མི་དགོས་པར་ནད་དུ་བཅིང་རང་ཞི་བར་འགྱུར་རོ། །ནད་ཀྱིས་བཏབ་པ་ནི་སྨན་དཔྱད་མ་བྱས་པར་རང་དུབ་ཅིང་འཚོར་མི་རུང་ངོ། །དེ་ལ་ནད་ནི་ལུས་དང་ངག་ཡིད་ཀྱི་ལས་བྱེད་པ་དང་འདི
་བཞིན་ལ། རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དཀྱེལ་ཆེར་ཞེན་ཏེ་ནད་ཀྱི་མཐུ་ཆེར་གྱུར་པ་དང། རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་རྣམས་འདུས་ནས་སྲོག་ལ་བབ་སྟེ་དེར་གནས་ཤིང་བརྟེན་པར་གྱུར་བ་དང། ནད་དེས་མི་དེ་ཤི་བ་དང
་འདྲ་བར་བྱས་ཏེ་ཤི་བ་བཞིན་དུ་འདུག་པ་དེ་ནི་འདུས་ནད་ཀུན་ཏུ་ཞུགས་པ་ཞེས་བྱ་སྟེ། ནད་འདི་ནི་འདུས་པའི་རིམས་ནད་ཀྱིས་བཏབ་པའི་རྗེས་ལ་འབྱུང་བ་ཞེས་བྱ་སྟེ། ནད་འདི་ལ་མྱུར་དུ་རེངས་པར་དཔྱད་མ་བྱས་ན། དཔེར་ན་མཚོ་གཏིང་ཟབ་མོའི་ནད་དུ་ཆུ་སྲིན་འདུག་པ་དེ་ལྟ་བུའི་དྲུང།
་གང་གའི་གཡངས་ན་ལྷུང་ལ་ཐུག་པ་དང་འདྲ་བར་འདུས་ནད་ཀུན་དུ་ཞུགས་པས་བཏབ་པ་ཡང་དེ་དང་འདྲ་སྟེ་དེ་ལྟ་བུའི་ནད་པ་ལ་དཔྱད་མྱུར་དུ་གྱིས་ཏེ་གསོས་ཤིག་།ཆང་ནད་དང་རླུང་དང་མཁྲིས་པ་དང། བད་ཀན་གྱི་ནད་ཀྱིས་མྱོས་པ་དང། སྙིང་སྟོར་བརྒྱལ་ནད་དང། འདུས་ནད
་ཀྱིས་ཤི་བ་དང་འདྲ་བར་ན་བའི་ཐབས་བཤད་པ་སྟེ་ལེའུ་དྲུག་པ་རྫོགས་སོ།། །།གཞང་འབྲུམ་གྱི་ནད་གཞི་བཤད་པའི་ལེའུ་སྟེ་བདུན་པ་བཤད་པར་བྱའོ།། །།གཞང་འབྲུམ་གྱི་ནད་དུ་གྱུར་རོ་ཅོག་གི་གཞི་ནི་ཟས་གནོད་པས་རླུང་དང་མཁྲིས་པ་དང། བད་ཀན་གྱི
་ནད་ལས་ལངས་ཏེ་ཤ་དང་པགས་པ་དང། ཚིལ་ལས་ཞུགས་པ་དང་གནོད་པ་བྱས་ནས། གཞང་འབྲུམ་གྱི་ནད་སྣ་ཚོགས་སུ་འགྱུར་རོ། །གཞང་འབྲུམ་གྱི་ནད་ནི་ཟས་མི་འཕྲོད་པ་ལས་ལྡང་བར་འགྱུར་རོ། །དེ་ལ་གཞང་འབྲུམ་གྱི་ནད་དེ་ཡང་མདོ་རྣམ་གཉིས་ཏེ། དང་པོ་བཙས་པ་ནས
་ནད་དང་ལྷན་ཅིག་འབྱུང་བ་དང། ཕྱིས་གཞང་འབྲུམ་གྱི་ནད་འབྱུང་བ་ཡིན་ནོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། གཞང་འབྲུམ་དཀར་པོ་དང། གཞང་འབྲུམ་ཁྲག་ཏུ་ཟག་པའོ། །གཞང་ནི་རྒྱུ་མ་སྦོམ་པོ་ལ་བརྟེན་ཅིང་འདུག་གོ་།དེ་ལ་གཞང་འབྲུམ་གྱི་ནད་འབྱུང་བ་ནི་བཞང
་དཀར་པོར་ཕྱེད་དང་ལྔ་མན་ཆད་ཀྱི་ནང་ན་གཉེར་མ་རིམ་པ་གསུམ་ཡོད་པ་གཉེར་མ་རེ་རེ་ལ་སོར་ཕྱེད་དང་གཉིས་གཉིས་ཏེ། དེ་ལྟར་གཉེར་མའི་རིམ་པ་གསུམ་པོ་དེ་ལ་སོར་ཕྱེད་དང་ལྔ་ཡོད་པར་འགྱུར་རོ། །དེ་ལ་ཕུགས་གཉེར་མའི་མིང་ནི་ཕྱིར་ཕུལ་བ་ཞེས་བྱ་བར་གྱི་གཉེར་མའི་མིང་ནི་ཕྱིར་སེར་བ་ཞེས་བྱ།
་གཞང་ཁའི་གཉེར་མ་ནི་འཛུམས་པ་ཞེས་བྱ་བ་གཞང་ཁའི་ཕྱི་རོལ་སོར་གཅིག་ཚུན་ཆད་ཀྱི་ནང་དུ་འབྲུམ་བུ་འབྱུང་བ་ལ་ཡང་གཞང་འབྲུམ་ཡིན་ནོ། །གཞང་ཁོར་ཡུག་སོར་གཅིག་པོ་མ་གཏོགས་པ། ནས་ཀྱི་སྲིད་ཕྱེད་དང་གཉིས་ཀྱི་ཁྱོན་ཁོ་ར་ཁོར་ཡུག་མ
་གཏོགས་པ་ཕན་ཆད་ནི་སྦུ་སྐྱེ་སྟེ། སྦུ་བྱུང་བྱུང་བ་དེ་ཕན་ཆད་དུ་བྱུང་བ་ནི་མཚན་པར་རྡོལ་གྱི་ནད་ཅེས་བྱའོ། །དེ་ལ་དང་པོ་བཙས་པ་ནས་གཞང་འབྲུམ་གྱི་ནད་དང་ལྷན་ཅིག་འབྱུང་ཞེས་བྱ་བ་ནི། ཐོག་མར་ཕ་དང་མ་ཁ་ཟས་མི་འཕྲོད
་པ་ཟོས་པ་ལས་ས་བོན་ནད་ཅན་དུ་གྱུར་བ་དེ་ལྟ་བུས་བུ་བྱུང་ན་གཞང་འབྲུམ་གྱི་ནད་དུ་འགྱུར་བ་ཡང་ཡོད། ལ་ལ་ནི་སྔོན་གྱིས་སྡིག་པའི་ལས་ནད་དུ་འགྱུར་བ་ཡང་ཡོད་དོ། །ནད་དམིགས་འདི་ལྟ་བུ་རྣམ་གཉིས་ལས་ནད་བསླངས་ཏེ་ནད་གཞི་འདི་གཉིས
་འདུས་པའི་གཞང་འབྲུམ་དུ་གྱུར་པ་དང། ནད་དམིགས་གཞན་ལས་གཞང་འབྲུམ་གྱི་ནད་དུ་གྱུར་ཀྱང་རུང་སྟེ། མདོར་ན་ཕ་མའི་རིགས་ལས་གྱུར་པའི་ནད་ཐམས་ཅད་དང། དང་པོ་བཙས་པ་ནད་གཞང་འབྲུམ་གྱི་ནད་ཅན་དུ་གྱུར་པ་འདི་ནི་ལྷག་པར་གསོ
་དཀའ་ཨོ། །ཡང་གཞང་འབྲུམ་རྩུབ་པོར་འདུག་པ་དང། གཞང་འབྲུམ་ཕུགས་སུ་བྱུང་སྟེ། བལྟ་དཀའ་བ་འདི་ཡང་གསོ་དཀའ་ཨོ། །ཡང་གཞང་འབྲུམ་མདོག་དཀར་པོ་བྱུང་བ་དང། གཞང་འབྲུམ་བྱུང་བ་ལས་ནད་ཐམས་ཅད་དུ་གྱུར་ཏེ། ནད་གཞན་ཡང་གཞང་འབྲུམ
་གྱི་ནད་རྣམ་པ་དྲུག་ཡོད་དེ། གང་ཞེ་ན། རླུང་དང་མཁྲིས་པ་དང། བད་ཀན་གསུམ་གྱི་གཞང་འབྲུམ་སོ་སོར་འབྱུང་བ་དང། རླུང་དང་བད་ཀན་གྱི་ནད་སྣ་གཉིས་ལས་གཞང་འབྲུམ་དུ་གྱུར་པ་དང། ཀུན་འདུས་པ་ལས་གྱུར་པ་ཡང་སྨོས་སོ། །དྲི་མ་བརྩགས
་པ་ལས་གཞང་འབྲུམ་དུ་འགྱུར་བ་དང། ཁྲག་ནད་ལས་གཞང་འབྲུམ་དུ་འགྱུར་པ་དེ་དང་དྲུག་གོ། དེ་ལ་རླུང་དང་བད་ཀན་ལས་གཞང་འབྲུམ་དུ་གྱུར་པ་ནི་གཞང་འབྲུམ་དཀར་པོའི་ཁྲག་དང། མཁྲིས་པ་གཉིས་ལས་གཞང་འབྲུམ་དུ་གྱུར་པ
་ནི་གཞང་འབྲུམ་རློན་པ་ཞེས་བྱ་སྟེ། ཁྲག་ཚད་དུ་འགྱུར་རོ། །གཞང་འབྲུམ་གྱི་ནད་གཞི་སྔར་བཤད་པ་འདི་ལྟ་བུས་ནད་བརླང་ནས་ཁོང་པ་ནང་གི་ཕོ་བའི་དྲོད་བྲིས་སྟེ་ཉམས་པ་དང། དེ་ནས་གཞང་འབྲུམ་གྱི་ནད་དཀྱེལ་དུ་གསོགས་ཤིང་འདུག
་པ་ལ་དེའི་སྟེང་དུ་བུད་མེད་ལ་ཧ་ཅང་དྲགས་པ་ལྟ་བུ་དང། བཞོན་པ་མི་བདེ་བས་ཁོང་འཁྲུགས་པ་དང། སྟན་མཐོ་དམན་ཅན་མི་བདེ་བ་དང། ?་སྲབ་ལ་རྐུབ་སྟེན་ཅོག་བུར་བཅས་པ་དང། ལྒང་བའི་གཅེའུ་ནས་སྨན་མས་བཏང་བ་དང། བཤང་བའི་འོག་ཏུ་ཇོ་བ་འམ་ཕག
་དུམ་མམ། བོད་པ་འམ་ལག་པའི་ཐལ་མོ་འམ་ར་སྟ་འམ་འདི་ལྟ་བུས་ཕྱིས་དྲགས་ཏེ་གཞང་ཁ་སྣད་པ་དང། ཆུ་བར་དུ་གྲང་བས་རྐུབ་བཀྲུས་ཏེ། གྲང་བ་ཁོང་དུ་ཞེན་པ་དང། རྟུག་སྐམ་ཁ་སྲབ་ཧ་ཅང་བཙིར་དྲགས་ཏེ་གཞང་སྣང་པ་དང་ཐུར་དུ་དབུགས
་བྱུང་བ་དང། གཅིན་སྙོམ་པ་དང། བཤང་བ་འོང་བ་ལ་མནགས་ཤིང་མ་བཙལ་བ་དང། འདི་རྣམས་མི་འོང་བཞིན་ནན་གྱིས་བཙིར་བ་དང། རིམས་ཀྱིས་བཏབ་པ་དང། སྐྲ་ནད་ཚད་བར་རབ་ཏུ་ཁྲུས་པ་དང། ཕོ་བར་བེའུ་སྣབས་ཆགས་པ་དང། འོར་ནང
་དང་སྐྱ་རྦབ་ཀྱི་ནད་དང། རིང་དེ་སྐེམ་པར་གྱུར་པ་དང་ལུས་ལ་གནོད་པར་འགྱུར་བའི་དཔྱད་དམ། ལུས་ཀྱི་ལས་སུ་འགྱུར་བའི་གནོད་པར་འགྱུར་བའི་བག་བྱས་པ་དང་འདི་རྣམས་ལྟ་བུ་ལས་གཞང་འབྲུམ་གྱི་ནད་དུ་འགྱུར་རོ། །ཡང་བུད་མེད་ལ
་གཞང་འབྲུམ་འབྱུང་བར་འགྱུར་བའི་དམིགས་ནི་བྱིས་པ་ཟླ་གྲངས་མ་ཚང་བར་རུམ་ནས་འཕྱིལ་ཏེ་བྱུང་བ་ལྟ་བུ་དང། ཟླ་གྲངས་ཚད་སྟེ་བུ་ཆ་བར་གྱུར་བའི་བུ་ནད་ཀྱིས་གཟིར་བ་འམ། འབྱུང་བའི་དུས་ལ་ཡོལ་བར་གྱུར་པས་གཟིར་ཏེ་ནད་དུ
་གྱུར་པ་ལྟ་བུ་འམ། གཞང་གནང་ན་ཐུར་དུ་སལ་བ་ཞེས་བྱ་བའི་རླུང་ཞིག་ཡོད་པ་དེས་རླུང་ངམ། མཁྲིས་པ་འམ། བད་ཀན་གྱི་ནད་བསླང་ནས་གཞང་གནང་ན་གཉེར་མ་གསུམ་ཡོད་པའི་ཕྲག་ཏུ་ཞེན་ཏམ། ཡང་ན་རླུང་ངེས་ཐུར་དུ་བཤད
་བའི་དྲི་མ་གཉེར་མ་ནི་ཕྲག་ཏུ་སོང་བར་བྱས་པ་དེ་ལས་གཞང་འབྲུམ་དུ་གྱུར་ཏེ་ཁྲག་ཚང་དུ་འོང་ངོ། །དེ་ལ་གཞང་འབྲུམ་གྱི་ནང་འོང་བར་གྱུར་ན། སྔར་ན་བའི་ནད་ཐབས་ནི་པོ་བའི་དྲོད་ཉམས་ཏེ་བྲི་དྲི་མ་ཐུར་དུ་བྱུང་བ་སྲེ་སྟེ། སྐམ་བག་ཏུ་འོང།
་བརླན་བྱིན་པའི་ཉན་མགོ་འཁོར། ལག་ངར་ན་མིག་སྐྲང་ཡང་ན་ནི་ཐུར་དུ་ཚེད་པར་འཁྲུ། ཡང་ན་ནི་སྲི་སྟེ་འོད་དུ་མི་རུང་ངོ། །ལྟེ་བའི་འོག་ན་རླུང་ཆེ་སྟེ། ཁོང་ན་ཁྲུ་ལུ་ལུ་ཟེར། རླུང་དེ་དག་ཀྱང་ཕལ་ཆེར་ལྟེ་བའི་འོག་མན་ཆད་དུ་རྒྱུ
་ཞིང་ཟུག་སྟེ་ན་ལ། རྒྱུ་མ་དང་གཞང་གི་ནང་ན་བཅད་པ་སྙམ་བྱེད་རླུང་ཐུར་དུ་འབྱུང། །གསལ་པོར་འབྱུང་བ་ཡང་སྒྲ་ཅན་དུ་འབྱུང། །རྒྱུ་མའི་ནང་ན་སྒྲ་ཁྲུ་ལུ་ལུ་ཟེར་ལ་ལྟོ་ལྦོ། །ཁོང་རྨྱ་ཞིང་སྒྲེགས་པ་སྒྲ་ཅན་དུ་ཆེར་འོ། གཅིན་ནི་རབ་ཏུ་མང
་བཤང་བའི་དྲི་མ་ནི་བབས་ཆུང་ངུ་འོང། ཁ་ཟས་ཡི་གར་མི་འོང། སྐྱུགས་པ་དུང་ཀ་ལ་རོ་སྐྱུར་བར་འོང། ཀླད་པ་དང་བྲང་རྒྱབ་ཏུ་ཟུག་ཅིང་ན་ཁང་སྙོམས་བཞིན་མདོག་མི་སྡུག་པར་འགྱུར། །ཉམས་གློ་བག་ཏུ་འགྱུར། དབང་པོ་རྣམས
་ཉམས་ཤིང་མི་གསལ་ལ་ཁྲོ་བར་འགྱུར། ཕན་པའི་དཔྱད་བསྟན་ཅིང་བསྒོ་ན་བཀའ་བློ་མི་བདེ་སྟེ། ནད་ཐབས་འདི་ལྟ་བུར་གྱུར་པ་ལ་སྨན་པ་ཐེ་ཚོམ་ཟོས་ཏེ་མཚིན་ཆད་རྙིང་ལྡང་དུབ་ཏུ་འཁྲུ་བའི་ནད་དམ། འོར་ནད་དམ། སྐྱ་རྦབ་ཀྱི་ནད་དམ།
་སྐྲན་ནམ་དམུ་རྫིང་ལྟ་བུའི་ནད་དམིགས་ལྟ་བུ་གང་ཡིན་མི་ཤེས་ན། ནད་ཐབས་རྣམ་པ་དེ་སྙེད་དུ་ན་བ་དེ་ཉིན་ཅིག་ནད་ལྡང་ཞིང་ཚབས་ཆེ་བར་གྱུར་ན་གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་རོ། །ནད་ཐབས་འདི་ལྟ་བུས་བཏབ་པའི་རྗེས་ལ་གཞང
་འབྲུམ་གྱི་ནད་འབྱུང་བར་འགྱུར་ཏེ། གཞང་གི་ནང་ན་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ཞིག་ཡོད་དེ་ཕྱིར་ལོག་སྟེ་གྱེན་དུ་འཁྱིལ་ནས་དྲི་མ་བཤང་པ་འགགས་ཏེ་འབྱུང་དུ་མི་རུང་བར་འགྱུར་རོ། །བཤད་པ་འགགས་པས་ཁོར་པའི་ནད་ན་རླུང
་གཞན་ཡོད་པས་དབང་པོ་རྣམས་དང་ལུས་ཀྱི་ནད་ཐམས་ཅད་དཀྲུགས་ཏེ་ནད་བསླངས་དེ་བཞིན་དུ་བཤང་གཅི་དང་མཁྲིས་པ་དང་བད་ཀན་ཁོང་ན་ཡོད་པ་དང། ལུས་ཀྱི་སྲོག་ཟུངས་བདུན་དང། འདི་རྣམས་ཀྱང་དཀྲུགས་ཏེ་བསླང་ན་ཐོ་བའི་མ
་དྲོད་ཀྱང་ཉམས་ཏེ་ཆུང་ངུ་གྱུར་ནས། གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་བ་ཡིན་ཏེ། དེ་ལྟར་གཞང་འབྲུམ་གྱི་ནད་འབྱུང་སྟེ། ལུས་རབ་ཏུ་སྐེམ། ཅི་བྱེད་ཀྱང་མི་ནུས་ཏེ་བསྐྱོད་པ་འམ་བྱ་བའི་བསམ་པ་མེད། ཉམས་ཆུང་ཁོང་རྨྱ་བཞིན་མདངས་མེད
་པར་འགྱུར། ལུས་ཞིག་ཅིང་ཁོང་ལྷོང་བཞིན་གྱི་མདོག་ཉམས་སོ་ཤིང་གི་སྡོང་པོ་ལ་སྲིན་བུ་ཞུགས་ཏེ། མ་རུངས་པ་བཞིན་དུ་ནད་ཀྱི་སྣ་གྲངས་གོང་དུ་བཤད་པ་དེ་སྙེད་ཀྱིས་སྲོག་གི་ནད་ལ་གནང་དུ་བགས་པས་ལུས་ལ་གནོད་པར་གྱུར་ཏེ། ནད
་གཞན་ཡང་དེའི་སྟེང་དུ་བྱུང་བ་ནི། ལུད་པས་བཀར་སྐོམ་དང་ཆེ། ཁ་ཟས་རོ་བྲོ་བར་མི་ཚོར་དབུགས་མི་བདེ། ཆམ་པས་འདེབས་སྒྱིད་སྐྱུར་ལུས་དང་རྐང་ལག་ཆག་གྲུགས་སུ་གྱུར་པ་བཞིན་ན། སློན་སྤྲིད་པ་འབྱུང། ལུས་སྐྲང་རིམས་ཀྱིས
་འདེབས་ཁུ་ཆུ་དང་ཁྲག་ཟད་རྣ་བ་འོན། མིག་རབ་རིབ་ཁུ་བ་ལས་བསྡུས་ཏེ་རྡེའུར་ཆགས་པ་དང། དྲི་མ་སྙིགས་པ་ལ་རྡེའུར་ཆགས་ཏེ་ཆུ་སྲི། ལུས་ཞིག་སྟེ་ཁོང་རྨྱ་ལ་སྐད་འགགས་ཡང་དང་ཡང་སེམས་ཁོང་དུ་ཆུད་ཅིང་མཆིལ་མ་འདེར།
་ཡི་ག་འཆུས་རུས་པའི་ཚིགས་རྣམས་དང་སྙིང་དང་ལྟེ་བ་དང། གཞང་གི་ནད་དང་ཆུས་སོ་གཡས་གཡོན་དུ་ཟུག་ཅིང་ན། ཚད་པ་ཐུར་དུ་སླ་མོ་འབྱར་བག་སྲན་ཁུ་ལྟ་བུར་འཁྲུ་སྟེ། དེ་ཡང་རེས་འགའ་ནི་སྲི་རེས་འགའ་ནི་མི་སྲི་བར་འོང། རེས་འགའ་ནི
་རྟུག་སྐམ། རེས་འགའ་སླ་མོར་འཁྲུ། རེས་འགའ་ནི་མ་ཞུ་བ་ཙམ་པར་འཁྲུ་རེས་འགའ་ནི་ཁུ་བར་འཁྲུ། ཆད་པའི་སྤུ་མདོག་ཀྱང་སྐྱ་བོ་སེར་པོ་སྔོན་པོ་དང། ཁྲག་བག་སྤྱི་ཞིང་འཁྱིལ་པའི་བག་ཏུ་འཁྲུའོ། །འདི་ལྟ་བུ་ནི་གཞང་འབྲུམ་མོ
་ཅོག་གི་སྤྱིའི་ནད་ཐབས་ཡིན་ནོ། །རླུང་ནད་ཀྱི་དཀྱེལ་ཆེ་བ་ལས་གཞང་འབྲུམ་དུ་གྱུར་ན་གཞང་འབྲུམ་བག་སྐམ་ལ་ཆུང་ཟུག་ཅིང་ན་སྟེ། ཚེ་རབ་རབ་བྱེད། གཞང་འབྲུམ་དེ་རྙི་རྙི་པོ་རྩ་གན་གཅིང་དམར་བག?་ཡོད་དེ་སྤྱིར་སྨུག་ལ་ལ་ནི་སྲ་ལ་རྩུག
་ཆེ་ཆུང་ཡོད་རྩེ་མོ་ཕྲ་ལ་ཐོར་ཏོ་རྡོལ། གཞང་འབྲུམ་ཆེ་ཆུང་ཡོད་ལ། ནང་མི་མཐུན། མེ་ཏོག་ཀ་དམཔ་དང། སྐུ་བའི་མེ་ཏོག་འདྲ་ཀེ་རི་ཀ་འདྲ། ལ་ལ་ནི་རྒྱ་ཤུག་གི་འབྲས་བུ་འདྲ། ལ་ལ་ནི་ཚ་གོ་འདྲ། ལ་ལ་ནི་ཤིང་ཏོག་བི་བི
་འདྲ། ལ་ལ་ནི་རས་བལ་ཀ་ར་སའི་འབྲས་བུ་འདྲ། ལ་ལ་ནི་མེ་ཏོག་ཀ་དམཔའི་འབྲས་བུ་འདྲ། གཞང་འབྲུམ་ལ་ལ་ནི་ཡུངས་ཀར་ལྟར་འདུག་སྟེ། གཞང་འབྲུམ་ཚུལ་དེ་ལྟ་བུ་བྱུང་ན་ཀླད་པ་དང་རྩི་བ་ལོགས་དང། ཕྲག་པ་དང་རྐེད་པ་དང
་བརླ་དང་ཆུ་སོ་གཡས་གཡོན་དང་འདི་རྣམས་སུ་ལྷག་པར་ཟུག་ཅིང་ན། སྒྲེགས་པ་དང་སྤྲིད་པ་མང། ཐུར་དུ་བཤད་བའི་དྲི་མ་སྲི་སྙིང་ན་ཁ་ཟས་ཡི་ག་འཆུ་ལུད་པ་དཀར། དབུགས་མི་བདེ་ཕོ་བའི་དྲོད་མི་སྙོམས། རྣ་བ་སྒྲ་འབྱུང་བ་སྟེ
་འབོར་མགོ་འཁོར་དེ་རྣམས་ཀྱིས་བཏབ་སྟེ་ན་བ་དང། རྟུག་སྐམ་དུ་འབྱུང་བའི་ཚེ་མཁྲེག་ཅིང་ན་ན་འབྱུང་བའི་ཚེ་སྒྲ་ཅན་དུ་འབྱུང་ཞིང་སྤྱི་བག་དང་སྐམ་བག་ཏུ་འདྲེས་པ་ཐུར་དུ་འབྱུང། པགས་པའི་མདོག་དང་སེན་མོ་དང་མིག
་དང་ཁ་གདོང་དང་བཤང་གཅི་འདི་རྣམས་ཀྱིས་མདོག་ནག་པོར་སྣང་རླུང་ནད་ཀྱིས་གཞང་འབྲུམ་བྱུང་ན་ཁོང་དུ་སྐྲན་འབྱུང། མཆེར་པ་ན་དམུ་རྫིང་ལྟ་བུ་དང། གློ་གཡས་གཡོན་ལྟ་བུར་དབབ་པ་ལྟ་བུ་འབྱུང་བར་འགྱུར་ཏེ། འདི
་ནི་རླུང་ནད་ལས་གྱུར་པའི་གཞང་འབྲུམ་གྱི་ནད་ཐབས་ཤེས་པར་བྱའོ། །མཁྲིས་པ་རྒྱས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་གཞང་འབྲུམ་གྱི་མདོག་སྨུག་ནག་རྩ་སེར་ལ་ཐོར་ཏེ་སྔོ་ཐུར་དུ་ཁྲག་སླ་མོར་འབྱུང་སྟེ
་རུལ་ཅིང་མནམ་ལ་གཞང་འབྲུམ་ཉིད་ནི་འཇམ་ལ་ཁོང་ལྷོང་གཞང་འབྲུམ་གྱི་དབྱིབས་ནི་ཚོའི་ཆུ་དང། སྲིན་བུ་པདྨའི་ཆུ་འདྲོ་ལ་གཞང་འབྲུམ་དེ་ཚ་ཞིང་རུལ་བག་ཏུ་འདུག་།ལུས་ལ་རིམས་ནད་འབྱུང་ལུས་རྡུལ་སྐོམ་བརྒྱལ་ལུས་ཚ
་ཡི་ག་འཆུས་མྱོ་མྱོ་པོར་འགྱུར། དྲི་མ་བཤད་བ་ཐུར་དུ་འབྱུང་བ་ནི་སྲི། བག་ལ་དྲོན་པོ་ཆེ་བར་འོང་ངོ། །སྤུ་མདོག་སྔོ་ཞིང་སེར་ལ་ཁྲག་དང་བེའུ་སྣབས་སུ་འདྲེས་པ་དང། ནས་རུལ་པའི་ནང་འདྲ་བར་འོང། པགས་པ་དང་སེན་མོ་དང་བཞིན
་མདོག་ཀྱང་ལྗང་སྔོན་རྩ་སེར་བག་ཏུ་སྣང་སྟེ། འདི་ལྟ་བུ་ནི་མཁྲིས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ཡིན་ནོ། །དེ་ལ་བད་ཀན་རྒྱས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་གཞང་འབྲུམ་དེ་དྲུང་སྦོམ་པོ་སྟུག་ན
་ཆུང། མྱུག་མྱུག་པོར་འབྱུང་བར་སྣང་ལ། གཞང་འབྲུམ་གྱི་ཤ་ཆེ་ལ་འཇམ། རེང་རེང་པོར་ཟླུམ་ལ་ལྕི། གཞང་འབྲུམ་བརྟན་པོར་འདུག་།གཞང་འབྲུམ་དེ་འབྱིལ་ཞིང་འབྱར་བག་ཡོད
་སྲ་ལ་འཇམ། འབྲུམ་བུ་དེ་རྟག་ཏུ་གཡབ། རེག་ན་དགའ་། གཞང་འབྲུམ་གྱི་དབྱིབས་ནི་ཤིང་ཏོག་ཀ་རི་ར་དང། པ་ན་སའི་འབྲས་བུའི་རུས་པ་དང། བའི་ནུ་མའི་དབྱིབས་འདྲ
་ཆུ་སོ་གཡས་གཡོན་དུ་ཟུག་ཅིང་དཔོའོ། །ལྟེ་བ་དང་ཆུ་སོ་དང་གཞང་གི་ནད་ན་དྲི་མ་བཤད་བ་ཡོད་པ་འདི་དག་བཅད་པ་སྙམ་བྱེད་ཅིང་ན། ལུད་པ་དཀར་དབུགས་མི་བདེ་སྙིང
་ན། ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འདོར། ཡི་ག་འཆུས་ཆམ་པས་འདེབས་མོང་མོང་པོར་བྱེད། ཀླད་པ་ཚབས་ཆེར་ན། ཏོམ་བག་ཏུ་འདུག་།གྲང
་པའི་རིམས་ཀྱིས་འདེབས་པར་འགྱུར་ཁུ་བ་དང་ཁྲག་ཟག་ཕོ་བའི་དྲོད་ཉམས་སློན་རྟག་ཏུ་ཁ་ཟས་མ་ཞུ་བ་དང་བེའུ་སྣབས་སུ་འཁྲུ། བད་ཀན་ལྟ་བུ་དང་ཚད་པས་འདེབས་ཏེ་འཁྲུ། ཡང་གཞང་འབྲུམ་དེ་ནི
་མི་རྡོལ་མི་ཟག་གོ་།ལུས་ཀྱི་པགས་པ་དང་སེན་མོ་ལ་སོགས་པའི་མདོག་ནི་དཀར་ལ་འཇམ་མོ། །བད་ཀན་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་དེ་ལྟ་བུ་ཡིན་ནོ། །དེ་ལ་ནད་སྣ་གཉིས་འདྲེས་པའི་གཞང་འབྲུམ་གྱི
་ནད་དམ། རླུང་དང་བད་ཀན་འདྲེས་པའི་གཞང་འབྲུམ་གྱི་ནད་དམ། མཁྲིས་པ་དང་བད་ཀན་དུ་འདྲེས་པའི་ནད་གང་ཡང་རུང། ནད་སྣ་གཉིས་འདྲེས་པའི་ནད་ཐབས་དེ་ནི་གཞང་འབྲུམ་གྱི་ནད་ཐབས་འདྲེས་པ་ཞེས་བྱའོ། །དེ་ལ་འདུས་པའི
་གཞང་འབྲུམ་གྱི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་གཞང་འབྲུམ་གྱི་ནད་དཀྱེལ་དུ་གསོགས་གསོགས་པ་ལས། གཞང་འབྲུམ་གྱི་ནད་འབྱུང་སྟེ་ནད་སྣ་གསུམ་གྱི་ནད་ཐབས་སྣ་ཚང་བར་ན་བ་དེ་ནི་འདུས་པའི་གཞང
་འབྲུམ་གྱི་ནད་ཐབས་ཞེས་བྱའོ། །དེ་ལ་ཁྲག་ནད་རྒྱས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་གཞང་གི་ནང་དུ་འབྲུམ་བུ་བྱུང་བ་འདི་དབྱིབས་ནི་ཤིང་བ་ཏའི་ལོ་མ་ཁ་འབུས་པ་འདྲ། མདོག་ནི་འོ་མ་སེའི་འབྲས་བུ་དང། བྱུ
་རུའི་མདོག་འདྲའོ། །གཞང་འབྲུམ་དེ་ནས་ཁྲག་གིས་བརྒྱལ་ལ། དྲོ་ཞིང་ཚ་བར་འདུག་པ་དེ་མཁྲིས་པ་ལས་གྱུར་པའི་གཞང་འབྲུམ་དེ་དྲི་མ་ཐུར་དུ་འབྱུང་བའི་ཤུགས་ཀྱིས་བཙིར་བ་དང། འཕྲལ་དུ་ཁྲག་ངན་པ་ཚན་པོར་འབྱུང་ཞིང་འཁྲུ
་བར་འགྱུར་རོ། །ནད་དང་ཁྲག་ཟད་པས་མདོག་དང་ཉམས་མཚག་ཀྱང་ཉམས་ཏེ། མདོག་ཉམས་པའི་དཔེ་ནི་སྤལ་པ་སེར་པོ་འདྲ་ལ་མདངས་ཉམས། དབང་པོ་རྣམས་མི་གསལ་བར་གྱུར་པ་འདི་ནི་ཁྲག་ནད་ལས་གྱུར་པའི་གཞང་འབྲུམ་ཞེས
་བྱའོ། །གཞང་འབྲུམ་གྱི་ནད་ལས་གཞང་གི་ནད་ནས་གྱེན་དུ་སློང་ཞིང་འཁྱིལ་བ་ཞེས་བྱ་བ་ནི་ནད་སློང་བའི་ཁ་ཟས་མོན་སན་རྡེའུ་མུ་དགའ་བ་དང། ཀོ་དྲ་བ་དང་ཛུརྣ་དང་ཀ་རི་ཀ་དང། མོན་སྲན་ཙ་ལ་སོགས་པ་ཁ་ཟས་རྩུབ་མོ་དྲེ་མ་ཐུར་དུ་བཤད
་བ་མི་འབྱུང་ཞིང་སྲི་བར་བྱེད་པ་དེ་ལྟ་བུས་རླུང་ཉིད་ཀྱི་རང་གི་གནས་སུ་ནད་བསླངས་ཏེ་དཀྱེལ་དུ་གྱུར་ནས་དྲི་མ་བཤང་གཅི་ཐུར་དུ་རྒྱུ་བའི་སྤུ་བུ་རྣམས་རླུང་གིས་འགགས་ནས། བཤང་གཅི་དང་དབུགས་ཐུར་དུ་འབྱུང་བ་རྣམས་རླུང་གིས་བསྐམས་ཏེ། འགགས
་ནས་འབྱུང་དུ་མི་རུང་བ་དང། རབ་ཏུ་ན་བར་འགྱུར་ཏེ། ཁོད་པའི་ནང་ན་རྒྱབ་དང་སྙིང་དང་རྩིབ་ལོགས་དང་འདི་རྣམས་སུ་ནད་འགྲོ་ཞིང་ཟུག་ལ་ལྟོ་ལྦོ། རྒྱུ་མའི་ནང་བསྐོར་ཞིང་བཅུས་པ་སྙམ་བྱེད་སྙིང་ན། སྙིང་དང་ཆུ་སོའི་ཐད་ཀ་ལྒང་པ་གཉིས་གཞོགས་ཤིང
་བཅད་པ་སྙམ་བྱེད་ལ་རབ་ཏུ་ན། ཐོར་བུ་འབྱུང་སྐྲང་བར་འགྱུར། རླུང་དེ་རོ་སྟོད་ཡན་ཆད་ཀྱི་ནད་དུ་སོང་ན་དེའི་གཞིས་སློན་པ་དང། ཡི་ག་འཆུ་བ་དང་རིམས་ནད་དུ་འགྱུར་སྙིང་ན་ཚད་སྙིང་སོགས་ཤིང་འཁྲུ་བའི་ནད་དང་ཆུ་སྲི་བ་དང་ཚད་པ་མཁྲག་ཅིང་འཁྲུ་བ
་དང། རྣ་བས་མི་ཐོས་པ་དང། མིག་རབ་རིབ་ཁྱེར་བ་དང། དབུགས་མི་བདེ་བ་དང། ཀླད་པ་ན་བ་དང། ལུད་པ་དཀར་བ་དང། ཆམ་པས་འདེབས་པ་དང། སེམས་འགྱུར་བ་དང་སྐོམ་དང་ཆེ་བ་དང། ཁྲག་དང་མཁྲིས་པའི་ནད་དང། སྐྲན་ནད་དང། དབུ་རྫིང
་ལ་སོགས་པའི་རླུང་ནད་ཡང་བ་མི་བཟོད་པ་རྣམས་པ་དེ་སྙེད་འབྱུང་བར་འགྱུར་ཏེ་འདི་ནི་གཞང་འབྲུམ་མིང་ངན་གྱེན་དུ་འཁྱིལ་བ་ཞེས་བྱ་སྟེ། ནད་འདི་ནི་རབ་ཏུ་གནོད་པ་ཡིན་ཏེ། ཁོད་པའི་ནང་དུ་རླུང་ནད་ཀྱི་དཀྱེལ་ཆེར་ཞུགས་ལ། གཞང་འབྲུམ་གྱིས
་མ་བཏབ་པར་ཡང། བཤང་གཅིའི་ནད་གྱེན་དུ་འཁྱིལ་བ་འདི་ལྟ་བུར་འགྱུར་རོ། །གཞང་འབྲུམ་གྱི་ནད་དེ་སྙེད་ཀྱི་ནང་ན་གསོ་དཀའ་བ་ནི་དང་པོ་བཙས་པ་ནས་ལྷན་ཅིག་ཏུ་བྱུང་བའི་གཞང་འབྲུམ་གྱི་ནད་དང། འདུས་པའི་གཞང་འབྲུམ་གྱི་ནད་དང་གཉེར་མ
་ཕུག་ན་ཡོད་པའི་གཞང་འབྲུམ་གྱི་ནད་འདི་རྣམས་ནི་གསོ་དཀའ་ཨོ། །གཞང་འབྲུམ་གྱི་ནད་དེ་ལྟ་བུས་བཏབ་ཀྱང་ཕོ་བའི་དྲོད་ཆེ་སྟེ། ཁ་ཟས་འཇུ་བ་དང་ཉམས་མཚག་དང་ལྡན་པ་ལ་སོགས་པ་དང། རླུང་ངམ་མཁྲིས་པ་ལྟ་བུ་གང་ཡང་རུང་བ་སྣ་གཉིས
་ལས་གཞང་འབྲུམ་དུ་གྱུར་པ་དང། གཞང་གི་གཉེར་མ་གཉིས་མན་ཆད་ཀྱི་ནང་ན་གཞང་འབྲུམ་ཡོད་པ་དང། འདི་ལྟ་བུ་ནི་ནད་རྩེ་ཞིལ་ཙམ་དུ་གསོར་རུང་ངོ། །གཞང་འབྲུམ་གྱི་ནད་བྱུང་ནས་ལོ་གཅིག་ལྷག་ལོན་པ་ནི
་རབ་ཏུ་གསོ་དཀའ་ཨོ། །གཞང་གི་ནང་ན་གཉེར་མ་ཐ་མར་གཞང་འབྲུམ་འབྱུང་བ་དང། རླུང་ངམ་མཁྲིས་པ་ལྟ་བུ་གང་ཡང་རུང་བའི་ནད་སྣ་གཅིག་ལས་གཞང་འབྲུམ་དུ་གྱུར་པ་དང། གཞང་དུ་གསར་དུ་བྱུང་མ་ཐག་པ་དང། པོ་མཚན་ལས
་བྱུང་བ་དང་ལྟེ་བར་བྱུང་བ་དང། རྣ་བའམ་སྣའི་ནང་དུ་ཐོར་བུ་ལྟ་བུ་འབྱུང་བ་འཁྱིལ་ཞིང་འཇམ་པ་ཞིག་བྱུང་སྟེ། དེ་ནི་སྙིང་ལ་གནས་པའི་རླུང་ཁྱབ་བྱེད་ཅེས་བྱ་བ་ཞིག་ཡོད་པ་དེས་བད་ཀན་གྱི་ནང་བྱས་ཏེ་པགས་པའི་ཕྱི་རོལ་དུ་འཇེར་བ
་འདྲ་བའི་ཐོར་བུ་འབྱུང་བར་བྱེད་དོ། །པགས་པ་ལ་སྲ་རྩུབ་པ་བྱུང་བ་ནི་མཛེར་པ་ཞེས་བྱ་སྟེ། རླུང་ནད་ཀྱི་པགས་པ་ལ་ཟུག་ཅིང་རྩུབ། མཁྲིས་པ་ལས་གྱུར་ན་གནག་ལ་རྩ་དམར་རོ། །བད་ཀན་ལས་གྱུར་ན་འཇམ་ལ་འཛེར་བ་དེ་མདོག་མི
་སྡུག་པ་ཡང་མ་ཡིན་ནོ། །དེ་ལྟར་གཞང་འབྲུམ་གྱི་ནད་ལ་དཔྱད་མྱུར་དུ་མ་བྱས་མཐུར་དུ་བཤང་གཅིའི་དྲི་མ་རྣམས། གཞང་ཁར་མྱུར་དུ་འགགས་ནས་བཤད་བས་མྱུར་དུ་གང་སྟེ། གསོ་དཀའ་བར་འགྱུར་གྱིས་མྱུར་དུ་གསོས་ཤིག་།
་གཞང་འབྲུམ་གྱི་ནད་ཐབས་སྣ་ཚོགས་བཤད་པ་སྟེ་ལེའུ་བདུན་པ་རྫོགས་སོ།། །།ཚད་པར་འཁྲུ་བ་དང་ཕོ་བའི་གྲང་བ་ལས་ཚད་བ་སྙིང་དུ་འཁྲུ་བའི་གཞི་བསྟན་པའི་ལེའུ་བརྒྱད་པ་བཤད་པར་བྱའོ། །།ཚད་པར་འཁྲུ་བའི
་ནད་གཞི་ནི་དྲུག་སྟེ། རླུང་དང་མཁྲིས་པ་དང། བད་ཀན་གསུམ་གྱི་ནད་འདུས་པ་ལས་ཀྱང་ཚད་པར་འགྱུར་རོ། །འཇིགས་པ་དང་མྱ་ངན་ལས་ཀྱང་ཆད་པར་འགྱུར་ཏེ། ནད་གཞི་འདི་དག་གིས་ཚད་པར་རབ་ཏུ་འཁྲུལ། ཚད་བ་ལ་གནོད་པ
་ནི་ཆུ་རབ་ཏུ་འཐུངས་པ་དང། ཤ་རིང་ཤ་བསྐམས་པ་དང། ཁ་ཟས་མ་ལོབས་པ་གནོད་པ་ཟོས་པ་དང། ཏིལ་ཁུར་དང་ནས་ལ་སོགས་པ་འབྲུ་མ་སྨིན་པ་ཟོས་པ་དང། ཆད་འཐུངས་པ་དང། ཁ་ཟས་རྩུབ་པོ་དང། ཁ་ཟས་ཆོད་མ་ཟིན་ཏེ་དྲགས་པ་དང།
་གཞང་འབྲུམ་གྱི་ནད་དང། ཟས་སྣུམ་བག་དྲགས་པ་དང། ཁོང་ན་སྲིན་བུ་ཡོད་པ་དང། བཤད་བ་འོང་བར་གྱུར་ན་མ་ནག་པ་དང། དེའི་དྲ་བ་གནོད་པར་འགྱུར་བ་བསྟེན་པས་རླུང་ནད་ལངས་ཏེ་རླུང་ནད་དེས་བད་ཀན་གྱི་ནད་ལངས་ཏེ། ཁོང་པའི་ཁ
་ཟས་ནད་གྲོལ་དང། བཤད་བ་ཀུན་ཀྱང་དེས་ཁྱབ་ནས་མེའི་དྲོད་ཉམས་ཏེ་ཆད་པར་ཐུར་དུ་ཁྲུའོ། །ཚད་པར་རབ་ཏུ་འཁྲུ་བ་ནི་བཤད་བ་སླ་བར་བྱུང་བ་ནི་ཚད་པའོ། །ཚད་པར་འགྱུར་བའི་ནད་ཐབས་ནི། སྙིང་དང་ཁོང་པའི་ནད་དང། གཞང་གི་ནད་དུ
་ཟུག་ཅིང་ན། ལུས་ཞིག་དྲི་མ་བཤད་པ་ཐུར་དུ་མི་འབྱུང་སྟེ་སྲི། ལྟོ་ལྦོ། ཁ་ཟས་མི་འཇུའོ། །དེ་ལ་རླུང་ནད་ལས་གྱུར་པའི་ཚད་པ་ནི་བཤད་བ་ཆུ་སླ་མོ་དང་འདྲེས་པ་ཉུང་ཤས་ཉུང་ཤས་སུ་འབྱུང་བའི་ཚེ། སྒྲ་དང་བཅས་པར་འབྱུང་ལ། འཁྲུ་བའི་ཚེ
་རྒྱུ་ཞབས་སུ་ཟུག་ཅིང་ན། ཚད་པ་བབ་ཆེར་མི་འོང། ཉུང་ཤས་སུ་སྲི་ཞིང་འོང་ཚད་པའི་སྤུ་མདོག་ནི་རྩུབ་པོ་དབུ་བ་ཅན་དང། བར་ཡང་དང་ཡང་དུ་འཁྲུ་བ་དང། ཡང་ན་རིལ་རིལ་པོ་དང་འདྲེས་པས་ཡང་དང་ཡང་དུ་འཁྲུ་སྟེ། བུ་རམ་ཚིག་པ་འདྲ་བར
་སྣང་བ་དང། སྤྱི་བོ་འབྱར་བག་ཏུ་འདྲེས་ཤིང་ཚད་པར་འབྱུང། ཚད་པ་འབྱུང་བའི་ཚེ་གཞོགས་ཤིང་བཅད་པ་སྙམ་བྱེད་ལ་སྐམ། གཞང་གི་ནད་ཉམས་ཏེ་ཕྱིར་འབྱུང་བར་བྱེད། བ་སྤུ་ལངས་ཚད་པ་མཁྲེག་ཅིང་འཁྲུ་བ་འདི་ནི་རླུང་ལས་གྱུར་པའི་ཚད་པ
་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་ཚད་པའི་ནད་ཐབས་དང། སྤུ་མདོག་སེར་ལ་གནག་སེར་ལ་ལྗང་སྔོན་དུ་ཡང་སྣང། ཁྲག་དང་འདྲེས་པ་དྲི་རབ་ཏུ་མནམ། སྐོམ་བརྒྱལ་ལུས་རྡུལ་ཁོང་ཚ་རྒྱུ་མར་ཟུག་ཅིང་གཞང་གི་ནད་ཚ། གཞང་གི་ནང་ན་ཕོར་བུ་འབྱུང
་བ་དེ་ནི་མཁྲིས་པའི་ནད་ལས་གྱུར་པའི་ཚད་བ་ཡིན་ནོ། །དེ་ལ་བད་ཀན་གྱི་ནད་ལས་ཆོད་པར་གྱུར་པའི་ཚད་པའི་སྤུ་མདོག་དང་ནད་ཐབས་ནི་ཚད་པ་གར་བ་འབྱར་འབྱར་པོ་འབྱིལ་བའི་བག་དང། ནལ་ནལ་པོར་འོང། སྤུ་མདོག
་སྐྱ་ལ་འདམ་བེའུ་སྣབས་དང་བད་ཀན་དུ་འཁྲུ་ཡང་དང་ཡང་ངོ། །ཆད་པ་ཉིད་ལྕི་མན་མ་ཚད་པ་ལ་ཕལ་ཆེར་མི་འོད་ཟུག་པའི་ནད་ཚ་བས་མི་ཆེ་གཉིད་ཆེ་ཁོང་སྙོམ་ཁ་ཟས་མཐོང། ཡིག་འཆུ། ཚང་བ་དང་བཤང་བར་འདྲིས་པ་ཉུང་ཤས
་ཉུང་ཤས་སུ་འགྱུར་ཞིང་ཅུང་ཟད་ཙམ་མ་དྲག་།བ་སྤུ་རྣམས་གྱེན་དུ་ལངས་ཤིང་སློན་ཆུ་སོ་དང་ལྟོ་བ་དང། གཞང་དང་འདི་རྣམས་ལྕི་ཚད་པར་འཁྲུ་ཞིང་བཤད་ཀྱང་མ་འཁྲུས་པ་སྙམ་བྱེད་པ་འདི་ལྟ་བུ་ནི་བད་ཀན་ལས་གྱུར་པའི་ཚད་བ་ཞེས
་བྱའོ། །འདུས་པ་ལས་གྱུར་པའི་ཚད་པའི་ནད་ཐབས་ནི་རླུང་དང་མཁིས་པ་དང་བད་ཀན་གསུམ་གྱི་ཚང་བའི་སྤུ་མདོག་དང་ནད་ཐབས་ཚང་བར་ན་བ་ཡིན་ནོ། །འཇིགས་སྐྲག་པ་ལས་ཚད་པར་འགྱུར་བ་ནི་འཇིགས་པས་སེམས་འགྲུགས་པ་དང
་མཁྲིས་པ་གཡོས་ཏེ། །བོད་ན་བཤང་བ་ཡོད་པ་སྨྲ་པོར་བྱས་ནས་རླུང་གིས་ཕྱི་རོལ་དུ་འཁྲུ་བར་བྱེད་དོ། །དེ་ནི་ཁོང་ན་བཤང་བ་ཡོང་བས་མྱུར་དུ་ཚ་ཞིང་སླ་བ་ནུར་ནུར་པོར་བྱས་པས་ཚད་པར་གྱུར་པ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པའི་ཚད་པའི
་ཚུལ་དང་འདྲའོ། །མྱ་ངན་ལས་གྱུར་པའི་ཚད་པ་ཚུལ་དེ་དང་འདྲའོ། །མདོར་ན་ཚད་པ་ནི་རྣམ་པ་གཉིས་ཏེ། ཟས་མ་ཞུ་བ་ཅན་དུ་འཁྲུ་བ་དང། མ་ཞུ་བ་མེད་པར་འཁྲུ་བ་འམ། ཁྲག་མེད་པར་འཁྲུ་བའོ། །དེ་ལ་ཟས་མ་ཞུ་བ་ཅན་དུ་འཁྲུ་པ་ནི་ཚད་པ་དེ
་ཆུའི་ནིང་དུ་བོར་ན་འབྱིང། རབ་ཏུ་མན་མོ། ཚང་པ་འདི་ལྟ་བུར་འཁྲུ་བར་འགྱུར་ན་སྔར་ལྟོ་ལོ་ཅུག་སྐམ་དུ་འགྱུར། ཟུག་ཅིང་ན་ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འདོད་ཏེ། འདི་ལྟར་བྱེད་ན་བསམ་ཞུ་བའི་ཚད་པའི་འཁྲུ་བ་ཡིན་ནོ། །ཁ་ཟས་མ
་ཞུ་བ་མེད་པའི་ཚད་པར་འཁྲུ་བ་ནི་ནད་ཐབས་དང་ཚད་པའི་ཚུལ་འདི་རྣམས་དང་མི་འདྲ་སྟེ་བཟློག་པར་ཤེས་པར་བྱའོ། །ཡང་བད་ཀན་ལས་ཚད་པར་གྱུར་ན་ནི་ཁ་ཟས་ཞུ་བར་རྒྱུ་མ་ཁྱད་ཚད་པ་ཆུའི་ནང་དུ་འབྱིང་བར་འགྱུར་རོ། །ཚད་པ་གསར་བ་གསོ་བའི
་དཔྱད་མྱུར་དུ་མ་བྱས་ན་ཕ་བགྲང་སྟེ་ཟས་མ་ཞུ་བ་ཁོང་དུ་གསོགས་ཤིང་འཁྲུ་བའི་ཚད་སྙིང་གི་ནང་དུ་འགྱུར་རོ། །དེ་ལ་ཚད་པར་རབ་ཏུ་འཁྲུ་ཞེས་བྱ་བ་ནི་ཁོང་ཡིན་དྲོད་ཉམས་པར་གྱུར་བའི་ཁ་ཟས་བསིལ་བའི་ཤ་དག་ཟོས་པས། ཟས་མ་ཞུ་ཞིང
་བེའུ་སྣ་བས་ཅན་དུ་འཁྲུ་པ་དེ་ནི་ནད་རྙིང་ཞེས་བྱའོ། །བེའུ་རྣམས་མིང་ཀྱང་རུང་ཞུ་ནས་འཁྲུ་བར་བྱེད་པ་དེ་ནི་ཚད་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་རང་བཞིན་གྱིས་མྱུར་དུ་མདུངས་པར་བྱེད་པའོ། །དེ་ཡང་ཁ་ཟས་མ་ཞུ་སྟེ་བས་རྗེན་པ་དང། བེའུ་རྣབས་སུ་འདྲེས་པ
་མངོན་གསོགས་གསོགས་ཤིང། འཁྲུ་འམ་ཡང་ན་ཞུན་ཡང་རླུང་གིས་འགགས་ཏེ་འོང་དུ་མི་རུང། རེས་འགའ་ནི་ཚང་བ་སློ་མོར་ཡང་དང་ཡང་འཁྲུ་སྟེ་ཚད་རྙིང་འདི་ལྟ་བུའི་ནི་དེ་ནི་ཕོ་བགྲང་སྟེ། ཟས་མ་ཞུ་བ་ཁོང་བ་གསོགས་གསོགས་ཤིང། སྐམས་སྐམས་སུ་འཁྲུ
་བ་འདི་ནི་??་ཡུན་རིང་དུ་ན་བར་བྱེད་པ་ཡིན་ཏེ། དེ་ཡང་རྣམ་པ་བཞི་ལས་ཚད་རྙིང་གི་ནང་དུ་འགྱུར་རོ། །བཞི་གང་ཞེ་ན། རླུང་དང་བད་ཀན་དང་མཁྲིས་པ་སྣ་རེ་རེ་ལས་ཚང་རྙིང་དུ་འགྱུར་བ་དང། ནད་འདུལ་པ་ལས་ཚད་རྙིང་དུ་གྱུར་པ་དང་བཞིའོ། །དེ་ལ
་ཕོ?་བ་གྲང་བའི་ཚད་རྙིང་གི་ནང་དུ་གྱུར་ན་དེའི་ནང་ཐབས་སྔར་འབྱུང་བ་ནི་ཕོ་བའི་ནང་ཀྱི་དྲོད་ཉམས་ཟས་ཡུན་རིང་དུ་མི་འཇུ། ཁ་ཟས་ཟོས་བས་གྲི་བསྐྱུར་བར་འགྱུར། ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འདོག། བར་རོ་ཅི་བྲོ་བ་མི་ཚོར་ཁ་ཟས་ཡི་གར
་མི་བསྐོམ་ཞིང་ཁོང་སྙོམས་རླད་པ་འཁོར་ལྟོ་ལྦོ་སློན་བརྣོ་བ་ནང་སྒྲ་ཙི་རི་རི་ཟེར། རྒྱུ་མའི་ནང་ན་སྒྲ་ཁྲུལ་ལུ་ལུ་ཟེར། སྒྲོགས་པ་མནམ་པོར་འབྱུང། དབུགས་མི་བདེ། རིམས་ཀྱིས་འདེབས་བརྒྱལ་ཀླད་པ་ན། བཤད་པ་ཐུར་དུ་བྱུང་དུ་མི་ཟུང་སྟེ་སྲི། རྐང་ལག
་སྐྲད་པའི་ཐབས་འདི་ལྟ་བུ་སྔར་བྱུང་ན་ཕོ་བ་གྲང་ཞིང་འཁྲུ་བའི་ཚད་རྙིང་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་རླུང་ནད་ལས་གྱུར་བའི་ཚད་རྙིང་དུ་འཁྲུ་བའི་ནད་ཐབས་ནི་རྐན་སྐམས་མིག་རབ་རིབ་ཟ། རྣ་བ་གཉིས་ནས་སྒྲ་འབྱུང། རྩིབ་ལོགས
་དང་བརླ་དང་ཆུ་སོ་གཡས་གཡོན་དང། མགུལ་བ་འདི་རྣམས་མ་ཡང་དང་ཡང་ཁོང་སྤོ་ཞིང་བཙུར། ཁ་ཟས་ཀྱི་རོ་བྲོ་བ་ཀུན་ལ་ཆགས། ཁ་ཟས་ཞུར་ཉེན་ཁོང་སྤོ་ཞུན་བཀྲེས་ཤིང་སྐོམ། ཁ་ཟས་ཟོས་ན་བདེ་བར་འགྱུར། རླུང་ནད་དེ་ལས་སྙིང་ནང་དང།
་སྐྲན་དང་གཞང་འབྲུམ་མཆེར་བ་ན་བ་དང། སྐྱ་རྦབ་ཀྱི་ནད་འདི་རྣམས་འབྱུང་བའི་ཚུལ་དུ་འགྱུར། ཚད་པས་འཁྲུ་བའི་ཚེ་འགགས། སྐམ་པོ་ཡང་སྦ་བ་ཞིག་འབྱུང་སྟེ། དེ་ཡང་མྱུར་དུ་འོད་དུ་མི་རུང་ཞིང་སྲི་སྟེ་འབྱུང་དཀའ་། ཚད་བར་འབྱུང་བའི་ཚེ་ན་སྒྲ
་ཅན་མ་ཞུ་བའི་བེའུ་སྣབས་སུ་འབྱུང། གཞང་ན་དབུགས་མི་བདེ་ལུད་པ་དཀར། ནད་ཐབས་འདི་རྣམས་ལྟ་བུ་ན་ཞིང་འཁྲུ་བའི་ཚད་རྙིང་ནི་རླུང་ལ་ཕོ་བགྲང་བའི་ཚད་རྙིང་འཁྲུ་བ་ཞེས་བྱ་སྟེ། འདི་རླུང་ནད་ལས་གྱུར་བའི་ཚད་རྙིང་གི་ནད་ཐབས་ཡིན་ནོ། །
་དེ་ལ་མཁྲིས་པ་ལས་གྱུར་པའི་ཚད་རྙིང་གི་མདོག་དང་ནད་ཐབས་ནི་ལུས་ཀྱི་ཤ་མདོག་སྔོ་ལ་སེར་པོར་འདུག། ཚད་པ་སླ་མོ་སེར་པོར་འཁྲུ། སྒྲེགས་པ་མནམ་ཞིང་སྐྱུར་བར་འབྱུང། སྙིང་དང་གྲེ་བ་ན་ཞིང་ཚ་ཡི་ག་འཆུ། །སྐོམ་པས་གདུངས་པ
་འདི་ལྟ་བུ་ནི་མཁྲིས་པ་ལས་གྱུར་པའི་ཚད་རྙིང་གི་རླུང་ནད་ལ་པོ་བགྲང་བའི་ཚད་རྙིང་གི་ནད་ཐབས་ཞེས་བྱའོ། །དེ་ལས་བད་ཀན་ལས་གྱུར་བའི་ཚད་རྙིང་གི་ནད་ཐབས་ནི་བད་ཀན་ཆེ་བས་ཁ་ཟས་འཇུ་དཀའ་སྨོན། ཁ་ཟས་ཡི་གར་མི་འོང།
་ཁའི་ནང་ན་ཡང་བད་ཀན་གྱིས་གང་སྟེ་ཁ་ནས་བད་ཀན་དང་མཆིལ་མང་དུ་འོང་ཞིང་འདོར། ལུང་པ་དཀར་ཆམ་པས་འདེབས་དང་ཀན་ལྕི་བ་མེར་མེར་པོར་བྱེད། ལྟོ་བ་ཡང་སྲ་ལ་ལྕི། སྒྲེགས་པ་མནམ་པོར་འབྱུང། ཁོང་པའི་ཕོ་བ་དྲོད
་ཉམས། གུད་མེད་ལ་དགའ་བར་བྱེད། ཚད་པ་བེའུ་རྣབས་ལྟ་བུ་དང། བད་ཀན་འདྲེས་པར་འཁྲུ་ལ། བཤང་བ་ཐུར་དུ་འབྱུང་བ་ལྕི། རིད་ཅིང་སྐམ་པ་མ་ཡིན་ཡང། ཉམས་སྟོབས་ཆུང་ཏེ་ཞེ་ན། འདི་ལྟ་བུའི་ནད་ཐབས་ནི་བད་ཀན་ལས་གྱུར་པའི་ཚད་རྙིང
་ཞེས་བྱའོ། །དེ་ལ་འདུས་པ་ལས་གྱུར་པའི་ཚད་རྙིང་གི་ནད་ཐབ་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཚར་གྱི་ཚད་རྙིང་ནད་ཐབས་ཀུན་དང་མཐུན་པ་ཡིན་ནོ། །ཕོ་བའི་ནང་གི་མེ་དྲོད་མ་སྙོམས་པ་རྣམ་པ་གསུམ་ལ་སོགས་པ་རྟག་ཏུ
་བཤད་པ་ལྟར་གྱུར་ན་ཕོ་བགྲང་བ་ལས་མ་ཞུ་བའི་ཚད་རྙིང་གི་ནད་དུ་འགྱུར་རོ། །ཕོ་བའི་ནང་གི་མེ་དྲོད་སྙོམས་པར་གྱུར་ན། བདེ་ཞིང་ནད་མེད་པར་འགྱུར་བའི་གཞི་ཡང་དེ་ཡིན་ཏེ། ཚད་རྙིང་གི་ནད་དུ་མི་འགྱུར་རོ། །ནད་ཀྱི་ནང་ན་དཀྱེལ
་ཆེ་བ་གསོ་དཀའ་བ་ནི་རྣམ་པ་བརྒྱད་ཡོད་དོ། །གང་ཞེ་ན་རླུང་ནད་དང་ཆུ་སོ་ན་རྡེའུ་ཡོད་པ་དང། མཛེ་ནད་དང་ཟ་གུ་དང་དམུ་རྫིང་དང། མཚན་པར་རྡོལ་བའི་ནད་དང་གཞང་འབྲུམ་དང། ཕོ་བ་གང་ནས་ཚད་རྙིང་དུ་གྱུར་པའི་ནད་ཐབས་དང
་རྣམ་པ་འདི་བརྒྱད་ཡིན་ནོ། །ཚད་པ་དང་ཕོ་བགྲང་བའི་ཚད་རྙིང་དུ་འཁྲུ་བའི་ནད་ཐབས་བཤད་པའི་ལེའུ་བརྒྱད་པ་རྫོགས་སོ།། །།གཅིན་འགགས་པ་དང་གཅིན་སྙི་བ་ཟ་གུའི་ནད་དམིགས་བསྟན་པའི་ལེའུ་དགུ་བ་བཤད་པར
་བྱའོ། །དེ་ལ་ལྒང་བ་དང་ལྒང་བའི་མགོ་དང། ཕོ་མཚན་དང་རྐེད་པ་དང། ཕོ་མཚན་གྱི་འབྲས་བུ་གཉིས་དང། གཞང་དང་འདི་རྣམས་ནི་གཞང་གི་རུས་པའི་ནང་དུ་བརྟེན་ཅིང་གཅིག་ཏུ་འབྲེལ་བར་བཤད་དོ། །ལྒང་བ་དེ་ཁ་སྦུབ་དུ་ཐུར
་དུ་བལྟས་ཀྱང། ལྒང་བ་དེའི་རྩའི་སྦུ་བུའི་ཁ་གཡས་གཡོན་ནས། གཅིན་གྱི་རྒྱུན་གྲེ་རྩ་རྒྱུན་མི་ཆད་པར་ཟག་པས་ལྒང་བའི་ནང་དུ་འགག་པར་བྱེད་དོ། །གཅིན་རྩ་སྒོ་ནས་རྒྱུ་སྟེ་ལྒང་བར་ཞུགས་ཤིང་གསོགས་པ་དེ་ལས་གཅིན་ནང་ཆུས་བསྒགས་པའི
་ནད་དང་ཟ་གུའི་ནད་སྤྱིར་སྣ་ཉི་ཤུར་འགྱུར་རོ། །གཅིན་སྣོད་ལྒང་པ་དེ་ཡང་སྲོག་གི་གནས་ལ་བརྟེན་པས་ནད་ཆེ་སྟེ། དེ་ལ་རླུང་ནད་ལས་གྱུར་ཏེ་ཆུས་འགགས་ན་ལྒང་པ་དང་ཆུ་སོ་གཡས་གཡོན་དང། ཕོ་མཚན་འདི་རྣམས་རབ
་ཏུ་ན་སྟེ་གཅིན་འགགས་ནས། གཅིན་ཅུང་ཟད་ཅིག་ཡང་དང་ཡང་སྲི་ཞིང་འབྱུང་ངོ། །མཁྲིས་པའི་ནད་ལས་གྱུར་ཏེ་གཅིན་འགག་ན་གཅིན་གྱི་མདོག་སེར་རམ་དམར་ལ་ཚ་ཞིང་ནའོ། །བད་ཀན་ལས་གྱུར་ཏེ་གཅིན་འགགས་པ་ནི་ལྒང་པ་དང་ཕོ་མཚན
་ལྕི་བར་འགྱུར་ལ་སྐྲངས། གཅིན་གར་ལ་སྤྱི་བོ་ནལ་ནལ་པོ་ཞིག་དལ་གྱིས་འབྱུང་སྟེ་ཐོགས་ཤིང་སྲི་བའི་ཚུལ་དུ་འོང་ངོ། །འདུས་པའི་ནད་ལས་ཀྱང་གྱུར་ཏེ་གཅིན་འགགས་ན་ནད་ཐབས་གོང་མ་སྣ་གསུམ་ལྟར་ན་ཡང་ཆུ་སྲི་བར་བྱེད་དོ། །དེ་ལ་ཆུ་སོར
་རྡེའུ་ཆགས་པའི་ཚུལ་དང་ནད་ཐབས་ནི་ནམ་ལྒང་པའི་ཁ་རླུང་གིས་མཆོད་པ་དང། ཆུ་སོ་གཅིན་ནམ་མཁྲིས་པ་འམ། བད་ཀན་ནམ་ཁུ་ཆུ་གང་ཡོད་པ་དེ་སྐམས་པར་བྱས་ནས་དེ་ལས་རྡེའུ་ཆགས་ཏེ། བགས་ཀྱིས་རྡེའུ་ནད་དཀྱེལ་དུ་སྐྱེས་པ་ནི་དཔེར་ན
་གྲང་གི་གི་ཝང་ཚིགས་ཏེ་ཆེར་སྐྱེས་པ་དང་འདྲའོ། །ཆུ་སོར་རྡེའུ་ཆགས་པར་གྱུར་ན་ནད་ཀྱིས་འདེབས་པའི་ནད་ཐབས་ཀྱི་ཚུལ་ནི་ལྒང་པ་སྤོ་ལྒང་པའི་དྲུང་ཉེན་ཀོར་ཀུན་ན། ལྒང་པ་དང་གཅིན་དབྲེ་ལ་མནམ། གཅིན་འགགས་རིམས་ཀྱི་འདེབས། ཁ་ཟས
་ཡི་ག་འཆུ་ལྟེ་བ་དང། ཕོ་མཚན་གྱི་འབྲས་བུའི་བསྲུབས་ཐོག་ཐག་དང། ལྒང་པ་ཆུ་སོའི་ཀླད་འདི་རྣམས་སུ་ཟག་ཅིང་ན། གཅིན་སྲི་ཞིང་འབྱུང་བའི་ཚེ་གཅིན་གྱི་སྦུ་བུ་སུབས་ཤིང་འགགས་པས་གཅིན་འབྱུང་བའི་ཚེ། གཅིན་གྱི་རྒྱུན་ཞིག་སྟེ་ཐིགས་པ
་གྲུལ་གྲུལ་པོར་འབྱུང། གཅིན་དེ་ལྟ་བུ་ཕྱིན་ན་གདོད་བདེའོ། །གཅིག་འབྱུང་བའི་མདོག་ནི་བ་ལང་གི་ཚིལ་འདྲ་བར་སྣང་ངོ། །དེ་ལྟ་བུ་ལ་རེས་འགའ་ལུས་འགུལ་ཞིང་བསྐྱོད་པ་ལྟ་བྱས་པས་ལྒང་པ་ནང་ཆུ་སོའི་ནང་འཁྲུགས་ཏེ་སྣ་ན་རབ་ཏུ་ན། ཞིང
་མི་བདེའོ། །ནད་འདི་ལྟ་བུ་ནི་ཆུ་སོར་རྡེའུ་ཆགས་པའི་སྤྱིའི་ནད་ཐབས་ལྔར་འབྱུང་བ་ཡིན་ནོ། །དེ་ལ་རླུང་ནད་ལས་རྡེའུར་ཆགས་པའི་ནད་ཐབས་ནི། ནད་ཚབས་རབ་ཏུ་ཆེ་ལ་སོ་འཐམས་པར་སྡོམས། ལུས་འདར་ཕོ་མཚན་ནས་ཟིན་ཏེ། ལག་པར་ཉིད
་ལྟེ་བར་ཟུག་ཅིང་ན། རབ་ཏུ་འཁུན་ཅིང་འགགས་ཏེ་འོང་དུ་མི་རུང་བའི་ཚེ། འཕྱེན་དང་བཤད་བར་བཅས་ཏེ་འབྱུང། གཅིན་ནི་ཐིགས་པར་ཉུང་ཤས་ཡང་དང་ཡང་འོང། ཆུ་སོའི་ནང་ན་རྡེའུ་ཡོད་པ་ནི་གནག་ཅིང་རྩུབ་སྟེ། ཉམས་ལ་ཆུ་སོའི
་ནང་ན་ཚེར་མ་བསགས་པ་གང་བ་སྙམ་བྱེད། མཁྲིས་པ་ལས་རྡེའུར་ཆགས་པའི་ནད་ཐབས་ནི་མཁྲིས་པ་ཚ་བ་དྲོད་ཀྱིས་ལྒང་པ་དེ་བཙོས་པ་བཞིན་དུ་ཚ། རྡེའུ་ཡི་དབྱིངས་ནི་ག་བོའི་འབྲས་བུའི་རུས་པ་འདྲ། མདོག་ནི་དམར་ཞིང་སེར་ལ་རྩ་གནག་གོ། ལྒང
་པའི་ནང་དུ་ཟུག་ཅིང་ནའོ། །བད་ཀན་གྱི་ནད་ལས་རྡེའུར་ཆགས་ན་རྡེའུ་བསིལ་ཞིང་ལྕི་བ་བོ་དས་ཆེ་འཇམ། རྡེའུ་ཡི་མདོག་ནི་སྦྲང་རྩི་ལྟ་བུ་འམ་དཀར་པོར་འདུག་གོ་།རྡེའུ་ནང་འདི་རྣམས་ལྟ་བུ་ནི་བྱིས་པ་ཆུང་ངུ་ལྟ་བུ་ལ་ཕལ་ཆེར་འབྱུང་བར་འགྱུར་ཏེ། ལུས་ལ
་ཤ་ཕྱུང་བས་རྡེའུ་ཡང་མི་ཆེའོ། །རྡེའུ་ནད་འདི་ལྟ་བུ་ལ་དྲལ་ཞིང་རྡེའུ་འབྱིན་པའི་ཚེ་བདེ་བར་འཆོ་བར་འགྱུར་རོ། །མི་ཆེན་པོ་ལྟ་བུ་ལ་ཆུ་སོར་རྡེའུ་ཆགས་པའི་ནང་ནི་ཁུ་བ་ལས་གྱུར་ཏེ། དེ་ཡང་ཁུ་བ་གནས་འཕགས་ལ་ཕྱིར་མ་བྱུང་མ་བཏང་སྟེ། ཕོ
་མཚན་གྱི་འབྲས་བུའི་བར་དུ་རླུང་གིས་བསྐམས་ཏེ། ཁུ་བ་བསྡུས་པར་གྱུར་པ་དེ་ནི་ཁུ་བ་ལས་རྡེའུར་ཆགས་པ་ཞེས་བྱའོ། །དེའི་ནང་ཐབས་ནི་ལྒང་པ་དང་ཆུ་སོར་ཟུག་ཅིང་ན་གཅིན་འགགས་ཕོ་མཚན་གྱི་འབྲས་བུ་སྐྲང་ངོ། །ཁུ་བ་ལས་རྡེའུ་ཆགས་མ་ཐག
་ཏུ་ཁུ་བ་ཞུ་སྟེ། སླ་མོར་འགྱུར་ན་ཞིང་ཟུག་པའི་ཚེ། རྡེའུ་ཆགས་པ་དེར་ལག་གིས་མནམ་ཞིང་མཉེས་ན་རྡོ་བ་བཞིན་དུ་རབ་ཏུ་སྲ་ཞིང་འཕྲད་དོ། །ཁུ་བ་ལས་དེ་ལྟར་རྡེའུ་ཆགས་པ་དེ་ཡང་རླུང་གི་ཕྱེ་མར་དཀྲུགས་ནས་ཞིབ་མོ་དེ་གཅིན་དང་ལྷན་ཅིག་ཏུར
་དུ་ཐ་མལ་པར་འབྱུང་བ་ཡང་ཡོད་དེ། དེ་ནི་ཚུལ་བཞིན་འབྱུང་བ་ཞེས་བྱའོ། །དེ་ལ་རྡེའུ་ཕྱེ་མར་མི་འཁྲུགས་པ་ནི་གཅིན་འགག་པར་བྱེད་དེ་དེ་ཡང་ལྒང་པའི་ཁ་འགགས་ནས་ན་ཞིང་གཅིན་འགགས་ཏེ་འོད་དུ་མི་རུང་བར་བྱེད་དོ།།
་དེ་ལྟར་ཆུ་སོ་ན་རྡེའུ་ཆགས་པ་དེས་ན་ལ་གཡའ་བར་བྱེད་དོ། །གལ་ཏེ་རླུང་ནད་ཀྱི་ལྒང་པ་དེ་རང་གི་གནས་ནས་རབ་ཏུ་སྤགས་ཏེ་བསྐྱོད་ནས་ལྒང་པ་དེ་རྒྱས་ཤིང་གང་སྟེ་ཆེ་ཞིང་སྦོམ་དུ་གྱུར་ནས། ལྒང་པ་རྒྱས་ཏེ་ལོག་པར་འདུག་པར་གྱུར་ན་ན་ཚ་གཡོ
་ཞིང་འཕར་བཅུས་པ་སྙམ་བྱེད། གཅིན་ཡང་འགགས་པར་བྱེད་ཐིགས་པ་ཐིགས་ཙམ་དུ་འོང་སྟེ། དེ་ལྟ་བུ་ལ་ལྒང་པ་བཙིར་ཏེ་གཅིན་ཕྱུང་ཞིག་།དེ་བས་ན་གོང་མ་ལྟར་ལྒང་པའི་ཁ་རླུང་གིས་ཆོད་དེ་འགགས་པ་དང། ལྒང་པ་ལོག་པ་འདི་རྣམས
་གཉིས་ནི་རླུང་ལས་གྱུར་པའི་ལྒང་པའི་ནད་ཅེས་བྱ་སྟེ། གསོ་དཀའ་བ་དང། གསོ་རབ་ཏུ་དཀའ་བ་ཞེས་བྱའོ། །ཡང་གཞང་དང་ལྒང་པ་གཉིས་ཀྱི་བར་ན་རླུང་རབ་ཏུ་མཐུ་ཆེ་བ་ཞིག་ཡོད་པ་དེ་རྡོ་བའི་རྟུན་བུ་དང་འདྲ་བར་སྲ་ཞིང་སྟུག་པ་ཞིག་ཡོད
་པ་དེས་ལྒང་པ་མདུང་པ་བོར་ཏེ། མི་གཡོ་བ་མཐོན་པར་འཇོག་པར་བྱེད་དེ་ལྟར་གྱུར་ན་ཆུ་སོའི་ཐད་ཀར་དབོས་ཤིང་བཤང་གཅི་གཉི་ག་རླུང་གི་ཐོགས་ཏེ་འགགས་པར་བྱེད་དོ། །ནད་འདི་ནི་རྡོ་བའི་རྟུན་བུའི་རླུང་ནད་ཀྱི་གཅིན་འགགས་པ་ཞེས
་བྱའོ། །ཡང་ཆུ་འགས་པའི་ནད་དང། རླུང་ནད་ཀྱི་འཁྱིལ་བར་བྱེད་པ་ཞེས་བྱ་བ་ཞིག་ཡོད་པ་དེས་ནི་ལྒང་པ་རབ་ཏུ་ན་བར་བྱེད་ཅིང་གཅིན་གྱི་ནང་དུ་རླུང་དེ་ཞུགས་ནས་གཅིན་འཁྱིལ་ཞིང་འཁོར། རེམ་རེམ་པོར་གྱུར། གཅུ་པ་སྙམ་བྱེད། ལྕི་གཅིན
་སྲི་སྟེ་ཉུང་ཤས་ཙམ་འབྱུང། ཡང་ན་གཅིན་དང་བཤད་བ་གཉིས་ལྷན་ཅིག་ཏུ་འབྱུང་བར་བྱེད་དེ། ནད་འདི་ནི་རླུང་ནད་ཀྱིས་འཁྱིལ་པར་བྱེད་པའི་ཆུས་འགགས་པ་ཞེས་བྱའོ། །ཡང་ཆུས་འགགས་པའི་ནད་རྣམ་ཅིག་ནི་རླུང་ནད་ལྟ་བུའི་ནད་བཞི
་མེད་པར་གཅིན་རང་འགགས་ཏེ་ཡུན་རིང་དུ་མ་བྱུང་ངམ། ཡང་ཆུ་ཅུང་ཟད་འགགས་ཏེ་ཡུན་རིངས་དུ་མ་བྱུང་ངམ། ཡང་ན་ཆུ་ཅུང་ཟད་འགགས་པ་ལས་འཇུག་ཏུ་གཅིན་འབྱུང་བར་འགྱུར་ན། དེ་ནི་ནད་མི་ཆེ་བ་ཞེས་བྱ་བ་ཡིན་ནོ། །ཡང་ལྟོ་བར
་གཅིན་འགག་པ་ཞེས་བྱ་བའི་ནད་ཡོད་དེ། དེ་ནི་གཅིན་སྙོམས་པ་ལས་རྣགས་ཏེ་འགགས་པ་ལས། ལྟེ་བའི་འོག་ལྟོ་བའི་ནད་ལྒང་པར་གཅིན་གྱིས་གང་བ་དང། དེའི་ཚེ་རླུང་གི་ཐོགས་ནས་བསྡུས་ཏེ་སྐམས་པ་དང། དེའི་ཚེ་རབ་ཏུ་ན་ཆུ་སོར་དབོ། །ཁ
་ཟས་མི་འཇུ་བཤང་གཅི་གཉིས་ག་འགགས་སོ། །ཆུས་འགགས་པའི་ནང་འདི་ནི་ལྟོ་བར་གཅིན། རྣགས་པའི་ནད་ཅེས་བྱའོ། །ཡང་ཆུས་འགགས་པའི་ནད་སྣ་གཅིག་ནི་གཅིན་འབྱུང་བའི་སྤུ་བུ་འཆུས་ཤིང་ལོག་གམ། ཡང་ན་གཅིན་སྣོད་ལྒང་པ་འམ།
་ཡང་ན་གཅིན་འབྱུང་བའི་ནང་ངམ། ཡང་ན་ཕོ་མཚན་གྱི་ནང་རླུང་གིས་འགགས་ན་གཅིན་ཉུང་ཤས་སམ་སྲི་ཤིང་འབྱུང་བའི་རྗེས་ལ་ན་ཡང་རུང་མིན་ཡང་རུང། གཅིན་འགག་ཅིང་སྐབས་སྐབས་སུ་འབྱུང་ལ་ལྷག་མ་ཡང་ལུས་ཏེ་ཆུས་འགགས
་པའི་ནད་འདི་ནི་ཕོ་མཚན་ལྕི་བར་བྱེད་པ་ཞེས་བྱའོ། །ཡང་ཆུས་འགགས་པའི་ནད་གཅིན་གྱི་མདུད་པ་ཞེས་བྱ་བ་ཞིག་ཡོད་པ་དེའི་ནད་ཐབས་ནི་ལྒང་པའི་ཁའི་ནང་ཟླུམ་པོ་ཆུང་ངུ་སྲ་བ་ཞིག་ཏུ་འཕྲལ་དུ་གྱུར་པ་དང། ཚུ་སོར་རྡེའུ་ཆགས་པའི་ནད
་དང་འདྲ་སྟེ། ནད་ཚབས་ཆེ་ལ་གཅིན་གྱི་ཕུར་མདུད་པ་བཅས་ཏེ་ནད་འདི་ནི་གཅིན་གྱི་མདུད་པ་ཞེས་བྱ་བ། ཡང་གཅིན་སྙོམས་པ་ལས་གཅིན་མ་གཅིས་པར། བུད་མེད་ལ་ཉལ་པོ་བྱས་ནས་དེའི་རྗེས་གཅིན་གཅིས་པ་ནི་ཡང་ན་ནི་གཅིན་སྔར་འབྱུང།
་ཡང་ན་ནི་ཁུ་བ་སྔར་བྱུང་སྟེ་དེ་ནི་གཅིན་དང་ཁུ་བ་འདྲེས་པ་ཞེས་བྱ་བ་ཡིན་ནོ། །ཡང་ན་བཤང་བ་སྲི་ཞིང་འགག་བད་ཀན་གྱི་ཆུ་སྲི་ཞིང་འགག་པར་འགྱུར། ནད་ཐབས་ནི་ལུས་ཀྱི་ཁོང་རྩུབ་ལ་ཉམ་ཆུང་བས་རླུང་ནད་སྐྱེས་ཏེ། བཤད་བ་ཐུར་དུ་མི་འབྱུང་ཞིང
་ནམ་སྲི་ལ་འགག་པའི་ཚེ་ན། གཅིན་འབྱུང་བའི་སྤུ་གའི་ནད་དུ་བཤད་པ་དེ་སོང་སྟེ་འདྲེས་པས་གཅིན་འབྱུང་བའི་དྲི་མ་མནམ་པོར་བཤང་བའི་དྲི་དང་འདྲ་བར་བྱུང་བ་དེ་ནི་བཤང་བ་འགགས་པའི་གཅིན་ནད་ཅེས་བྱའོ། །ཡང
་གཅིན་ནད་རྣམ་པ་གཅིག་ནི་ལུས་ཀྱི་ལས་དྲག་ཤུལ་ལ་སོགས་པ་ལྟ་བུ་བྱས་པ་དང། ཁ་ཟས་རོ་ཚ་བ་དང། དྲོད་ཆེ་བ་ལྟ་བུའི་བག་ཟོས་པ་དང། ལམ་བགྲོད་དེ་ཆད་ཅིང་ཉི་མཚན་ལ་སོགས་པས་གདུངས་པ་དང། མཁྲིས་པའི་ནད་ཆེར་སྐྱེས་ལ
་དེའི་སྟེང་དུ་རླུང་ནད་ཀྱི་ལྒང་པ་དང། ལྒང་བའི་ཆུ་སོ་གཡས་གཡོན་གྱི་ནང་དུ་ཞུགས་ནན་ཞིང་ཚ་བར་འགྱུར། གཅིན་གཅིས་ན་མདོག་ཡང་ན་སེར།། །།ཡང་ན་ཁྲག་འདྲེ། ཡང་ན་ཁྲག་དངོས་སུ་འབྱུང་སྟེ། འདི་འདྲ་བའི་གཅིན་ཆེན་པོ
་ཉུང་ཤས་སུ་སྲི་ཞིང་འབྱུང་ངོ། །དེ་ནི་ཚ་བ་དང་རླུང་ལས་གྱུར་པའི་གཅིན་སྲི་པའི་ནད་ཅེས་བྱའོ། །ཡང་ལུས་ཀྱི་ཁོད་རྩུབ་ལ་ཁོང་དུ་བཅིང་རྨྱ་བར་འགྱུར་བ་དེས་ལྒང་པའི་དྲུང་ན་མཁྲིས་པའི་ནང་ཚ་བ་དང། རླུང་ཡོད་པ་གཉིས་གཉིས་གཅིན
་བསྐམས་ན། ཟད་པ་དང་ན་ཞིང་ཚ་བ་ལ་སོགས་པ་དང་སྲི་བར་གྱུར་ཏེ། ནད་འདི་ཡང་ལྷག་མ་དང་གཅིག་གོ་།ཡང་ཆུ་སྲི་པའི་ནད་སྣ་གཅིག་ནི་མཁྲིས་པ་དང་བད་ཀན་གཉིས་ཀྱི་ནད་ལྒང་བའི་ས་ན་ཡོད་པའི་སྟེང་དུ། གལ་ཏེ་རླུང་ནད་ཀྱིས་ཀྱང
་བསྣན་ནས་གཅིན་འགག་པར་འགྱུར་རོ། །གཅིན་ཅུང་ཟད་འབྱུང་བའི་ཁ་དོག་ཀྱང་སེར་དམར་དཀར་བར་གར?་པོ་འབྱུང་ལ་ཚ་བར་འོང། ཡང་ན་གྷི་ཝང་གི་ཁ་དོག་འདྲ། ཡང་ན་དུང་ཕྱེ་མར་ཞིབ་ཏུ་བཏགས་བཏགས་པ་འདྲ་བ་སྐམ་པོ་འབྱུང།
་ཡང་ན་ནག་པོ་དང་དཀར་པོ་དང་དམར་པོ་གསུམ་འདྲེས་པའི་ཁ་དོག་འདི་ལྟ་བུའི་གཅིན་འབྱུང་སྟེ། འདི་ནི་གཅིན་ཉམས་པའི་ནད་ཅེས་བྱའོ།། །།ཆུས་འགགས་པ་ནད་དམིགས་ཞིབ་ཏུ་བསྟན་པའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།གཅིན་འགགས
་པ་དང་གཅིན་སྙི་བ་ཟ་ཁུའི་ནད་དམིགས་བསྟན་པའི་ལེའུ་བཅུ་པ་བཤད་པར་བྱའོ། །དེ་ལ་གཅིན་སྲི་ལ་ཟ་གུར་གྱུར་པའི་ནད་ནི་རྣམ་པ་གཉིས་སུ་ཡོད་དེ། དེ་ལ་བད་ཀན་ལས་ནད་ཟ་གུར་གྱུར་པའི་ནད་ནི་བཅུ་ཡོད་དོ། །མཁྲིས་པ་ལས་ཟ
་གུར་གྱུར་པའི་ནད་ནི་དྲུག་ཡོད་དོ། །གཅིན་སྙི་ཞིང་ཟ་གུར་གྱུར་པའི་ནད་དེ་ནི་ཁ་ཟས་བད་ཀན་དང། ཚིལ་དང་གཅིན་དུ་འགྱུར་བ་དེ་ལྟ་བུ་ལས་ཟ་གུའི་ནད་དུ་འགྱུར་རོ། །དེ་ཡང་ཇི་ལྟ་ཞེ་ན་ཁ་ཟས་རོ་མངར་བ་དང་སྐྱུར་བ་དང་ལན་ཚ་དང་ཟས་སྣུམ
་བག་དང་འཇུ་དཀའ་ཞིང་ལྕི་བ་དང། ཟས་འབྱིལ་བག་དང། བསིལ་བའི་བག་དང། འབྲུ་སར་པའི་ཆང་དང། ཡུལ་སེར་ཆེ་བ་ནས་བྱུང་བའི་བྱ་ན་ལྟ་བུ་དང། བུ་རམ་དང། བུ་རམ་ཤིང་དང། དར་བ་དང། ཁ་ཟས་འདི་ལྟ་བུའི་བག་ཟ་ཞིང་འཐུང
་བ་དང། གནས་གཅིག་ནས་སྟན་གཅིག་གི་ཐོག་ཏུ་རྟག་པར་འདུག་པ་དང། སྔོན་དང་མི་འདྲ་བར་མལ་མི་བདེ་བར་ལུས་མི་བདེ་བར་ཉལ་བ་དང། འདི་རྣམས་ལྟ་བུས་ལྒང་བར་ནད་ཆགས་ཏེ། ཟ་གུར་འགྱུར་རོ། །དེ་ཡང་ཇི་ལྟར་ཞེ་ན་ཁ་ཟས་གནོད་པ་དེ་ལྟ་བུ་ལ
་སོགས་པ་བད་ཀན་ལ་གནོད་པར་བྱེད་དོ། །བད་ཀན་ལ་གནོད་པ་བྱས་པས་གཅིན་སྒོ་ལྒང་པའི་འཁོར་དང་ལུས་ཀྱི་ནང་གི་རུལ་བ་དང། རྡུལ་བ་དང། ཚིལ་དང། གཅུད་དང། ས་མ་དང། བྱ་ན་ཤ་ཟས་པ་འདི་རྣམས་ལ་ཡང་གནོད་པ་བྱས་པ། མཁྲིས་པ་དང
་ཁྲག་ལ་ཡང་གནོད་པར་བྱེད་དེ། དེ་ལྟ་བུས་བད་ཀན་དེ་ལུས་ཀྱི་རུལ་བ་དང། རྡུལ་བ་ལ་སོགས་པ་གཅིན་གྱི་གཞིར་གྱུར་པ་འདི་རྣམས་གཅིན་ཟ་གུར་འོད་པས་ཟད་པ་དང། ལུས་ཀྱི་སྲོག་ཟུངས་བདུན་པོ་ཡང་རླུང་གི་ལྒང་བའི་ནད་དུ་འཁུས་ཤིང་དྲངས
་ཏེ་ཟད་པར་བྱེད་དོ། །ཁ་ཟས་དེ་ལྟ་བུ་ལས་གཅིན་སྙི་བ་ཟ་གུའི་ནད་དུ་གྱུར་ན་གསོར་མི་སོས་པའི་ནད་དང། གསོར་རུང་བའི་ནད་དང་མི་ཐུལ་བ་ཙམ་དུ་འགྱུར་བར་བྱ་བ་དང། རྣམ་པ་འདི་གསུམ་ཡོད་དོ། །དེ་ལ་གསོར་རུང་བར་བྱ་བའི་དཔྱད་དང་རྣམ་པ
་གསུམ་སྟེ། ལེགས་པར་མཐུན་པར་བྱ་བ་དང་མི་མཐུན་པར་བྱ་བའི་དཔྱད་དང། ནད་དམིགས་ཆེན་པོ་ལ་དཔྱད་དུ་བྱ་བ་དང་གསོ་བའི་ཐབས་འདི་ལྟར་བྱའོ། །དེ་ལ་གཅིན་སྙི་བ་ཟ་ཁུ་སྤྱིའི་ནད་ཐབས་ནི་གཅིན་རབ་ཏུ་མང་ལ
་དུལ་དུལ་བོར་འོང་ངོ། །དེ་ལ་རླུང་དང་མཁྲིས་པ་དང་བད་ཀན་དང་གསུམ་གྱི་སྲོག་ཟུངས་བདུན་ལ་གནོད་པར་བྱེད་པའི་བྱེ་བྲག་དང། རླུང་དང་མཁྲིས་པ་དང་བད་ཀན་དང། སྲོག་ཟུངས་བདུན་དུ་འདྲེས་པས་གཅིན་གྱི་ཁ་དོག་ལ་སོགས་པ་བརྟག་པར
་བྱ་བའི་དམིགས་ནི་གཅིན་སྙི་བ་ཟ་གུའི་བྱེ་བྲག་ལས་ཤེས་པར་བྱའོ། །དེ་ལ་གཅིན་མང་གཅིན་མདོག་གསལ་ལ་དཀར། བསིལ་དྲི་མི་ཞིམ་པ་མེད་ལ་ཆུ་ལྟ་བུར་འདུག་ན། དེ་ནི་མིང་ཆུའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་ཐབས་རྣམ་གཅིག་ནི།
་ཅུང་ཟད་རྙོག་རྙོག་པའི་བག་ཡོད་ལ། འབྱིལ་བག་ཏུ་འདུག་བུ་རམ་ཤིང་གི་ཁུ་བ་དང་འདྲ་བར་རོ་རབ་ཏུ་མངར་ཏེ་ནད་འདིའི་མིང་ནི་བུ་རམ་ཤིང་གི་ཁུ་བ་ལྟ་བུའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་དཀའ་བར་འབྱུང་ལ། ཞག
་ལོན་ན་ཡང་གར་པོར་འདུག་པ་འདི་ནི་གར་པོའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བ་ཆད་དང་འདྲ་ལ། སྟེང་རིམ་དང། ཞབས་ནི་གར་ཕོར་འདུག་སྟེ། འདི་ནི་ཆང་གི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་བ་སྤུ
་འང་ལངས་ཤིང་འགྲེ་བར་འགྱུར་བ་གཅིན་འབྱུང་བ་ཡང་འབྲས་བཏགས་པའི་ཕྱེ་བཞིན་གར་ལ་མདོག་སྐྱ་བར་འབྱུང་བ་འདི་ནི་འབྲས་ཕྱི་ལྟར་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བ་ཁུ་ཆུ་དང་འདྲ་འམ།
་ཡང་ན་ཁུ་ཆུ་དང་འདྲེས་པར་འབྱུང་སྟེ། འདི་ནི་ཁུ་ཆུའི་ཟ་གུ་ཞེས་བྱའོ། །ཡང་བ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་ནད་ན་རྡུལ་ལྟར་ཙིག་ཙིག་པོར་བྱེ་མ་ལྟ་བུར་འབྱུང་སྟེ་འདི་ནི་བྱེ་མའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་གཅིན་བབས
་ཆེད?་ཡང་དང་ཡང་དུ་འབྱུང་ལ། གཅིན་རབ་ཏུ་བསིལ་ཏེ་འདི་ནི་གྲང་ཞིང་བསིལ་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་རྣམ་པ་གཅིག་ནི་གཅིན་དལ?་གྱིས་གཅིན་འབྱུང་བ་དང་ཉུང་ཤེས་ཉུང་ཤས་སུ་གཅིན་འབྱུང་སྟེ། འདིའི་མིང་ནི་པགས་ཀྱིས་འབྱུང་བའི
་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བ་འམ་གཅིན་ཟ་གུར་འབྱུང་བ་དེ་ཁ་ཆུ་བཞིན་ནལ་ནལ་པོ་འབྱིལ་བག་ཏུ་འབྱུང་འདིའི་མིང་ནི་ཁ་ཆུ་ལྟར་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་པ་གཅིག་ནི་གཅིན་གྱི
་མདོག་ནས་ཚིག་འཁུས་པའི་ཚ་ཡ་བཀྵར་དང་འདྲ་བའི་མདོག་དང། རོ་དང་དྲི་ཡང་འདྲ་ལ་རེག་པ་ཡང་དེ་དང་འདྲ་སྟེ། འདི་ནི་ནས་ཚིག་གི་ཚ་ཡ་བཀྵར་དང་འདྲ་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བའི་མདོག་སྔོན
་པོར་འོང་སྟེ་འདི་ནི་གཅིན་སྔོན་པོའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམས་གཅིག་ནི་གཅིན་སྣག་ཚ་བཞིན་ནག་པོར་འོད་སྟེ། འདི་ནི་ཟ་གུ་ནག་པོ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་མདོག་སྐྱེར་བ་འམ། ཡུང་བའི་ཁ་དོག་བཞིན
་མདོག་སེར་ལ་རབ་ཏུ་ཚ་སྟེ། ནད་དུ་བསྲེགས་པ་བཞིན་དུ་འོང་སྟེ། འདི་ནི་ཟ་གུ་སེར་པོར་འོང་བ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་མདོག་བཙོང་ཁུ་བཞིན་དམར་པོ་མནམ་པོར་འོད་བ་འདིའི་མིང་ནི། བཙོང་ཁུ་ལྟ་བུའི་ཟ་གུ་ཞེས་བྱའོ།།
་ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་མདོག་ཁྲག་འདྲ་བ་ཚ་བ་མནམ་པོ་ལན་ཚ་བྲོ་བར་འབྱུང་ན་འདིའི་མིང་ནི་ཁྲག་གི་ཟ་ཁུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་དང་ཞག་ཏུ་འདྲེས་པ་འམ། ཞག་དངོས་པོ་ཡང་དང་ཡང་འབྱུང
་བ་འདིའི་མིང་ནི་གཅིན་ཞག་ཏུ་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་དང་རྐང་དུ་འདྲེས་པ་ཡང་དང་ཡང་འབྱུང་ངམ་རྐང་རྔོས་སུ་ཡང་དང་ཡང་འབྱུང་བ་འདིའི་མིང་ནི་རྐང་དུ་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ
་གཅིག་ནི་གླང་པོ་ཆེ་སྨྱོན་པ་སྨྱོས་པ་དང་འདྲ་བར་གཅིན་གྱི་རྒྱུན་མི་དྲག་པར་དལ་བུས་རྒྱུན་མི་འཆད་པར་འབྱུང་ལ། གཅིན་ནི་ཆུ་སེར་དུ་འོད་སྟེ། ཆུ་སེར་གྱི་ནང་ན་སྲུ་སྲུས་པོ་འམ། ཙིག་ཙིག་པོ་འབྱུང་སྟེ། འདི་ནི་གླང་པོ་ཆེ
་མྱོས་པ་ལྟར་གཅིན་སི་བ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་སྦྲང་རྩི་དང་འདྲ་བར་འབྱུང་བ་འདིའི་མིང་ནི་ཟ་གུ་སྦྲང་རྩི་ལྟར་འབྱུང་བ་ཞེས་བྱ་སྟེ། དེ་ལ་ཡང་རྣམ་པ་གཉིས་ཤིག་ཡོད་ཅེས་ཟེར་ཏེ། གཅིག་ནི་སྲོག་ཟུངས་བདུན་ལྟ
་བུ་ཟད་པ་ལས་ཟ་གུར་འགྱུར་རོ། །ཡང་རྣམ་པ་གཅིག་ནི་རླུང་དང་མཁྲིས་པ་འམ། བད་ཀན་ལྟ་བུའི་ནད་ཀྱིས་ལྒང་པ་ནས་གཅིན་འབྱུང་བའི་སྤུ་གུ་ཁ་འགགས་སམ། ཡང་ན་རླུང་གིས་འགགས་པར་གྱུར་ན་དེ་ལྟ་བུ་ལས་གཅིན་སྦྲང་རྩི་ལྟར
་འབྱུང་བའི་ཟ་གུར་འགྱུར་རོ། །ང་ལ་མཁྲིས་པ་འམ་རླུང་ནད་དང། བད་ཀན་གྱི་ནད་ཀྱིས་ལྒང་པ་སྐད་ཅིག་ཏུ་སྟོང་པར་འགྱུར། སྐད་ཅིག་ཅིང་གཅིན་གྱིས་གང་བར་འགྱུར་ཏེ། ནད་ཐབས་འདི་ལྟ་བུ་ནི་གསོ་དཀའ་བ་ཡིན་ཏེ། དཔྱད་མི་བྱེད་པར་ཡུན
་རིང་པོར་ཡལ་བར་བོར་ན་ནད་འདི་ལྟ་བུ་ནི་ཟ་གུའི་ནད་གཅིན་སྦྲང་རྩི་ལྟ་བུར་འབྱུང་བར་འགྱུར་རོ། །གཅིན་ཟ་གུ་སྦྲང་རྩི་ལྟར་འབྱུང་ཞེས་བྱ་བ་ནི་སྦྲང་རྩི་ལྟར་འབྱུང་བ་ཕལ་ཆེར་རོ་མངར་པོར་འབྱུང་བའོ། །དེ་བས་ན་གཅིན་གྱི་རོ་མངར་པོར་འབྱུང
་བ་ཀུན་ནི་ལུས་ཀྱིས་རོ་ཡང་མངར་པོར་འགྱུར་བ་ཡིན་ནོ། །གཅིན་ཟ་གུ་མངར་པོ་སྦྲང་རྩི་ལྟར་འགྱུར་ན་དེའི་ནད་གླ་ཐབས་ཀྱང་ཁ་ཟས་མི་འཇུ་ཟས་ཡི་གར་མི་འོང། སློན་གཉིད་ཆེ་ལུད་པ་དཀར། ཆམ་པས་འདེབས་ཏེ་ནད་འདི་ལྟ་བུ་ནི་བད་ཀན་ལས
་གྱུར་པའི་ཟ་གུའི་ནད་ཐབས་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་ནད་ཐབས་ནི་ཐ?་མཚན་གྱི་འབྲས་བུར་ཟུག་ཅིང་ན་ལ་གཞིག་ཅིང་བཅད་པ་སྙམ་བྱེད་རིམས་ཀྱིས་འདེབས། ཚ་ལ་སྐོམ་དང་ཆེ་སྐྱུར། བརྒྱལ་ཚད་པར་འཁྲུ་བ་འདི་ལྟ་བུ་ནི་མཁྲིས་པ
་ལས་གྱུར་པའི་ཟ་གུའི་ནད་ཐབས་ཡིན་ནོ། །རླུང་ལས་གྱུར་པའི་ཟ་གུའི་ནད་ཐབས་ནི་བཤད་པ་སྲི་སྟེ་འོད་དུ་མི་རུང། ལུས་འདར་སྙིང་ན་ཁ་ཟས་མིང་གི་འདོད་པ་སྙམ་བྱེད་ལ་ཟུག་ཅད་ན་གཉིད་མེད་བ་སྐམ། ལུད་པ་དཀར་དབུགས་མི་བདེ་བ་འདི་ལྟར
་འགྱུར་རོ། །དེ་ལྟར་གཅིང་སྙི་སྟེ་ཟ་གུའི་ནད་ཀྱིས་བཏབ་པ་ལས། སྨན་དཔྱད་ཀྱིས་མི་གསོ་བར་ཡལ་བར་བོར་ན་འབྲས་དང་ཕོལ་མིག་དང། མེ་དཔལ་དང། མདོག་འབྲུམ་བུ་དང། ཤུར་བུ་ལ་སོགས་པ་ནད་ཀྱི་ཉེན་རྣམ་པ་བཅུར་འགྱུར་རོ། །འབྲས་དང
་འབྲུམ་བུ་ལ་སོགས་པ་རྐང་ལག་གི་རུས་ཚིགས་དང་སྲོག་གི་གནང་དང་ཤ་སྣད་གར་ཆའོ། །ཆོག་གི་དམིགས་སུ་འབྱུང་བར་འགྱུར་རོ། །དེ་ལ་འབྲས་ནད་དཔེ་ཚེ་ཆེན་པོ་ཙམ་ཁམ་ཕོར་ཤ་རིའི་དབྱིབས་ལྟ་བུའི་ནད་འབྲས་འབྱུང་བའི་དབྱིབས་ནི། མཛའ་
་ནི་མཐོ་ལ་དབུས་ནི་དམའ། མདོག་ནི་རྩ་གནག་ནད་རུལ་ན་སྟེ། དབྱིབས་ནི་འབྲས་ནད་ཁམ་པོར་ཤར་བ་འདྲ་བས་ན་དེའི་ཕྱིར་འབྲས་ནད་ཁམ་པོར་ཤར་བ་ལྟ་བུ་ཞེས་བྱའོ། །དེ་ལས་འབྲས་ནད་རུས་སྦལ་ལྟ་བུའི་དབྱིབས་ཞེས་བྱ་བ་ནི། ནད་དུ་ཟུག
་ཅིང་ན་ལ་ཉེན་ཀོར་ཆེར་མཆེད་ཅིང། རུས་སྦལ་གྱིས་རྒྱབ་འདྲ་བར་སྒུར་སྒུར་པོ་འཇམ་པོ་སྐྲངས་པ་འདི་ནི་རུས་སྦལ་ལྟ་བུའི་འབྲས་ནད་ཅེས་བྱའོ། །ཡང་འབྲས་བྱེར་བ་རྒྱ་མོ་ལྟ་བུ་ཞེས་བྱ་བ་ནི། རྩ་རྣམས་ནི་སྔ?་ཞིང་རེངས་པར་འགྱུར། འབྲུམ
་བུ་རྒྱ་མོ་ལྟ་བུར་འབྱུང་བ་ནི་འཇམ་ལ་ན་ཞིང་ཟུག་།འབྲུམ་བུ་ཕྲ་མོ་མང་པོ་ཤེ་དག་འབྱུང་སྟེ། རྡོལ་ཅིང་ཟག་ལ་ལུས་ཀུན་ལ་ཁྱབ་པར་བྱེད་དེ། འདི་ནི་རྒྱ་མོ་ལྟ་བུ་འབྲས་མཆེད་པ་ཞེས་བྱའོ། །བི་ན་ཏ་ཞེས་བྱ་བ་ནི། ལྟོ་འམ་རྒྱབ་ཏུ་འབྲས་འདྲ་བ
་ཚིལ་མདོག་སྔོ་བ་ཞིག་བྱུང་ནས། ཁོང་དུ་ཟུག་ཅིང་ན། རུལ་ཅིང་རྣགས་པར་བྱེད་དེ་འབྲས་འདྲ་བར་འབྱུང་བ་དེ་འབུར་པོ་མཐོན་པོར་མི་འབྱུང་སྟེ། འདི་ནི་ཉེན་འཁོར་ཆེར་ཕེབས་པ་སྟེ། འབྲས་ནད་ལུས་སྒུར་བོར་བྱེད་པའི་ནད་བྱིན་ཏེ་ཞེས
་བྱའོ། །མེ་དབལ་ཕྲ་མོ་ནི་འབྲུབ་བུ་ཐོག་མ་བྱུང་བ་ན། ཤ་མཐར་གི་པགས་པ་ཚིག་པར་བྱེད་ལ། ལུས་ཀུན་ལ་མི་བཟད་ཅིང་རབ་ཏུ་ཚ་བའི་མེ་དབལ་གྱིས་ཁྱབ་ཅིང་མཆེད་མེ་དབལ་གྱི་འབྲུམ་བུ་བྱུང་བའི་མདོག་ནི
་དམར་ལ་གནག་ལུས་ཚ་ཞིང་སྨྱོས་རིམས་ཀྱིས་འདེབས་ཏེ། ནད་ཐབས་འདི་ལྟ་བུ་ནི་མེ་དཔལ་ཕྲ་མོ་ཞེས་བྱའོ། །འབྲུམ་བུའི་དབྱིབས་དང། ཚད་སྲན་ཆུད་ལྟ་བུ་ཞེས་བྱ་བ་ནི། འཕྲུམ་བུ་ཆེ་ཆུང་གི་ཚད་དང་དབྱིབས་སྲན་ཆུང་དང་འདྲ་བས
་ན་དེའི་འབྲུམ་བུ་སྲན་ཆུང་ལྟ་བུ་ཞེས་བྱའོ། །དེ་ལ་འབྲུམ་ཕྲན་ཤུར་བུའི་དབྱིབས་དང་ཚད་འབྲུམ་ཕྲན་ཡུངས་ཀར་ལྟ་བུ་ཞེས་བྱ་བ་ནི་འབྲུམ་ཕྲན་ཤར་བུར་བྱུང་བའི་དབྱིབས་དང་ཚད་ཡུངས་ཀར་ཙམ་དུ་འབྱུང་སྟེ། ནད་ཚབས་ཀྱང་ཆེ་ལ་མྱུར
་དུ་སྨིན་པར་འགྱུར་འབྲུམ་ཕྲན་ཡུངས་ཀར་ལྟ་བུ་བྱུང་ན་དེའི་འཁོར་ཀྱང་འབྲུམ་ཕྲན་ཡུངས་ཀར་ལྟ་བུས་གང་ཞིང་འཁོར་བར་འབྱུང་སྟེ། འདི་ནི་འབྲུམ་ཕྲན་ཤུར་བུ་ཡུངས་ཀར་ལྟ་བུ་ཞེས་བྱའོ། །དེ་ལ་འབྲུམ་ཕྲན་བུ་དང་བཅས་པའི་འབྱུང
་བ་ནི་འབྲུམ་བུ་ཆེན་པོ་མང་དུ་འབྱུང་བའི་ཉེར་ཀོར་ན་འབྲུམ་བུ་རབ་ཏུ་ཕྲ་མོས་གང་བར་འབྱུང་བ་དེ་ནི་འབྲུམ་ཕྲན་བུ་དང་བཅས་པ་ཞེས་བྱའོ། །དེ་ལ་ལྡུམ་བུ་བི་ད་རིའི་རྩ་བ་དང་འདྲ་བ་ཞེས་བྱ་བ་ནི། ཐོར་བུ་བྱུང་བའི་དབྱིབས་ནི་མཐོ་ཞིང་རིང་བ
་མྱུག་མྱུག་པོ་ལྡུམ་བུ་བི་ད་རི་དང་ལ་ཕུག་གི་དབྱིབས་དང་འདྲ་ལ་སྲ་སྟེ་འདི་ནི་ལྡུམ་བུ་བི་ད་ར་ཞེས་བྱའོ། །དེ་ལ་ཁོང་འབྲས་བྱུང་བ་ནི་ནད་དཀྱེལ་ཆེ་སྟེ། ཕྱི་ནས་ལོགས་ཤིག་ཏུ་ཞིབ་ཏུ་བསྟན་ཏོ། །དེ་ལྟར་ནད་རྣམ་པ་དེ་?་ནད་ན་དང་པོ
་གསུམ་དང་འབྲུམ་བུ་དང་བཅས་པ་ཞེས་བྱ་བ་དང། ལྡུམ་བུ་བི་ད་རིའི་རྩ་བ་འདྲ་བའི་འབྲུམ་བུ་དང། འདི་རྣམ་པ་ལྔ་ནི་ཚིལ་ཆེས་པ་ལས་གྱུར་ཏེ་ནད་དཀྱེལ་ཆེ་བས། བཟོད་པར་ཡང་དཀའ་ལ། དཔྱད་ཀྱང་དཀའ་ཨོ། །མཁྲིས་པའི་ནད་ཆེ་བ་ལས
་ནད་དེ་ལྟ་བུ་བྱུང་བ་ནི་ནད་ཚབས་ཀྱང་མི་ཆེ་སྟེ། མནགས་སུ་རུང་ལ་གསོ་སླའོ། །ཚིག་ཆུང་བ་ལས་ཀྱང་ནད་འདི་ལྟ་བུ་འབྱུང་བ་ཡང་ཡོད། ཡང་འབྲས་དང་ཕོལ་མིག་དང་འབྲུམ་བུ་དེ་ལྟ་བུ་ན་གཅིན་སྙི་སྟེ་ཟ་གུར་གྱུར་པ་དེའི་སྟེང་དུ་རླུང་དང་མཁྲིས
་པ་དང་བད་ཀན་གྱི་ནད་གང་ཆེ་བར་གྱུར་པ་ལས་དེ་བཞིན་དུ་འབྲས་དང་འབྲུམ་བུ་དང་མེ་དབལ་ལ་སོགས་པ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །ལ་ལ་ནི་གཅིན་སྙི་བ་ཟ་གུའི་ནད་མེད་ཀྱང་ཚིལ་ཆེ་བ་ལས་རླུང་ངམ་མཁྲིས་པ་ལ་སོགས་པའི་ནད
་ཞུགས་པར་གྱུར། འབྲས་དང་འབྲུམ་བུ་ལ་སོགས་པའི་ནད་དེ་ལྟ་བུར་གྱུར་པ་ཡང་ཡོད་ནི་འབྲས་དང་འབྲུམ་བུ་ལ་སོགས་པའི་ནད་གང་ཡིན་པ་དངོས་སུ་མ་བྱུང་གི་བར་དུ། ནད་ཐབས་ཉི་ཚེ་གང་ཡིན་པ་ཐོག་ཏུ་མི་ཕེབས་སོ། །གཅིན་སྙི་ལ
་ཟ་གུའི་ནད་ཐབས་སུ་གྱུར་པ་མེད་པར་གཅིན་གྱི་མདོག་སེར་པོ་འམ་དམར་པོ་བྱུང་བ་དེ་ནི་ཟ་གུའི་ནད་ཅེས་མི་བྱ་སྟེ། ཁྲག་དང་མཁྲིས་པའི་ནད་ལས་གྱུར་པར་ཤེས་པར་བྱའོ། །གཅིན་སྙི་བ་ཟ་གུར་གྱུར་པའི་ནད་ཐབས་ནི། ལུས་རྡུལ་ལུས
་དང་རྐང་ལག་དྲི་མི་ཞིམ་པ་དང་ཁོང་ལྷོད་པར་འགྱུར། སྟན་གྱི་ཐོག་ན་འདུག་པ་དང། མལ་ན་ཉལ་ན་བདེ་བ་སྙམ་བྱེད་ཅིང་འདུག་ཉལ་བ་ལ་ཆགས། སྙིང་དང་མིག་དང་ལྕེ་དང་རྣ་བ་དང་འདི་རྣམས་ཀུན་ལ་བད་ཀན་གྱིས་སྟུག་པོ་ལྗིན་བག་ཏུ
་ཕྱུགས་ཤིང་ཡོག་པ་སྙམ་བྱེད། སྐྲ་དང་སེན་མོ་ལྷག་པར་རིང་པོར་འགྱུར། ལུས་ཀྱི་ཉམས་བསིལ་བ་དགའ་། གྲེ་བ་དང་རྐན་ནི་སྐམ་ཁའི་ནང་གི་རོ་མངར་བར་བྲོ། །རྐང་མཐིལ་དང་ལག་མཐིལ་ཚ། གཅིན་གར་གཅིས་པར་གྲོག་མ་ཀུན་འདུ
་བར་འགྱུར་ཏེ། ནད་ཀྱི་ཚུལ་འདི་འདྲ་བ་ནི་ཟ་གུ་ཐམས་ཅད་ཀྱི་ནྣད་ཐབས་ཡིན་ནོ། །ཟ་གུའི་ནད་དམིགས་གང་ཡིན་པ་སོ་སོར་དབྱེ་བ་ནི་རྣམ་པ་གཉིས་ཡོད་དེ། གཅིན་ཟ་གུར་བྱུང་བ་སྦྲང་རྩིའི་མདོག་འདྲ་ལ། འཁྱིལ་ཞིང་གཅིན་གྱི་རོ་ཡང་མངར་ལུས
་ཀྱི་ཤ་ཡང་གང་ཞིང་རྒྱས་ན་དེ་ནི་བད་ཀན་ལས་གྱུར་པའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུར་གྱུར་པ་ལ་ལུས་ཀྱང་སྐེམ་སྟེ་ཟད་ན་དེ་ནི་ཁ་བདུན་ཟད་པ་དང་ཞེས་བྱ་སྟེ་རླུང་ལས་གྱུར་པའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུར་གྱུར
་པའི་ནད་ཐབས་སྔར་ནི་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ཚུལ་ཡིན་ལ། ཕྱིས་ཆགས་ཀྱི་རླུང་ནད་ཀྱི་ཟ་གུར་གྱུར་པའི་ནད་འདི་ནི་གསོ་སླ་བ་ཡིན་ནོ། །མཁྲིས་པའི་ནད་ལས་ཟ་གུར་གྱུར་པ་ནི་དཀྱེལ་མི་སྐྱེ་མི་ལ་བར་གསོར་རུང་ངོ། །ཚིལ
་ལ་རླུང་ངམ་མཁྲིས་པ་འམ། བད་ཀན་གྱི་ནད་མི་ཞུ་བ་ལྟ་བུའི་ཟ་གུ་ནི་གསོར་རུང་ངོ། །གཅིན་སྙི་བ་ཟ་གུའི་ནད་ཀྱི་བྱེ་བྲག་བཤད་པ་དང། ཟ་གུའི་ནད་ཀྱི་ཉེན་གཞན་དུ་འགྱུར་བ་བཤད་པའི་ལེའུ་བཅུ་པ་རྫོགས་སོ།། །།འབྲས་ནད་དང།
་རྒྱུ་རླུབས་དང། སྐྲན་ནད་དང། ནད་སྣ་འདི་གསུམ་གྱི་ནད་གཞི་བཤད་པའི་ལེའུ་སྟེ་བཅུ་གཅིག་པ་བཤད་པར་བྱའོ། །དེ་ལ་ཁོང་འབྲས་སུ་གྱུར་པའི་ནད་ཀྱི་གཞི་ནི། ཁ་ཟས་ཁོང་དུ་ཞགས་ལོན་པ་དང། ཁ་ཟས་ཧ་ཅང་ཚ་ཆེས་པ་དང། ཁ
་ཟས་རྩུབ་པ་དང། ཁ་ཟས་སྐམ་བག་དང། ཁ་ཟས་ཚ་བར་འགྱུར་བ་འདི་རྣམས་ལྟ་བུ་ཟས་པ་དང། རྐང་ལག་བསྐུམས་ཏེ་མི་བདེ་བཞིན་དུ་ཉལ་བ་དང། ཁྲག་ནད་རྒྱས་པར་འགྱུར་བའི་བག་བྱས་པས་ལུས་ཀྱི་པགས་པ་དང། ཤ་དང་ཚིལ་དང
་རུས་པ་དང་ཁྲག་དང་ཆུ་བ་བྲེའུ་དང་ཆུ་བ་ཆེན་པོ་རྣམས་དང་འདི་ཀུན་ཀྱང་ཁྲག་ནད་དུ་གྱུར་པའི་ནད་ཀྱི་ནང་དུ་ཞེན་པ་དང། དེ་ལས་ཕྱི་ནང་གཉིས་ཀར་སྐྲངས་ཏེ། ཁོང་འབྲས་ཀྱི་རྩ་བ་ཁོང་དུ་རིང་དུ་ཟུག་ལ་ནད་ཚབས་ཆེ་སྟེ། ཁོང་འབྲས་ཀྱི་དབྱིབས
་ནི་ཟླུམ་པོ་འམ་མཇིད་བ་རིང་པོར་འབྱུང་ངོ། །དེ་ཡང་ནད་གཞི་ཐ་དད་པའི་བྱེ་བྲག་གི་ནད་སྣ་དྲུག་ཡོད་དོ། །གང་ཞེ་ན་རླུང་དང། མཁྲིས་པ་དང། བད་ཀན་དང་གསུམ་ལས་ཁོང་འབྲས་ནད་སྣ་རེ་རེ་འབྱུང་བ་དང། འདུས་པ་ལས་ཁོང་འབྲས་སུ་གྱུར་པ
་དང། ཁྲག་ནད་རྒྱས་པ་ལས་ནང་དུ་འགྱུར་བ་དང། སྨས་ཏེ་རྨ་བྱུང་བ་ལས་ཁོང་འབྲས་སུ་གྱུར་པ་དང་རྣམ་པ་དྲུག་གོ་།དེ་དག་ལའང་རྣམ་པ་གཉིས་ཡོད་དེ། ཕྱི་རོལ་ཏུ་འབྱུང་བ་དང། ནང་དུ་འབྱུང་བ་དང། རྣམ་པ་གཉིས་སོ། །དེ་ལ་ཕྱི་རོལ་ཏུ་འབྱུང་བ་ནི་ལུས་ཀྱི
་ཡན་ལག་དེ་དག་ཏུ་མི་བཟད་པའི་ནད་རྡོག་རྡོག་པར་བརྒྱུས་པ་འདྲ་བ་མཐོན་པོར་འབྱུང་ངོ། །དེ་ལ་ནད་ནང་དུ་འབྱུང་བ་ནི་ནང་གི་ཟབས་སུ་སྐྲན་དང་འདྲ་བ་འཁྲང་བ་མི་བཟད་པར་འབྱུང་ངོ། །དེ་འབྱུང་བའི་དབྱིབས་ནི་གྲོག་མའི་ས་ཕུང་སྤངས་པ་མཐོན
་པོར་འདུག་པ་དེ་ལྟ་བུ། ལྟེ་བ་དང་མཆུ་དང་མཆིན་པ་དང། མཆེར་བ་དང། ཀློ་བ་དང་སྙིང་དང་ལྟོ་བ་དང་ཆུ་སོ་གཡས་གཡོན་དང། མཁལ་མ་གཡས་གཡོན་དང། གཞང་ཁ་དང་འདི་རྣམས་ཀྱི་སར་འབྱུང་སྟེ། དེ་ནི་མེ་དང་མཚོན་གྱིས་ཕོག་པ
་བཞིན་མྱུར་དུ་འཆི་བར་བྱེད་དོ། །དེ་ལ་རླུང་ནད་ལས་གྱུར་པའི་ནད་ཐབས་ནི་མདོག་སྨུག་པར་འདུག་ལ་མྱུར་དུ་འབྱུང་དུ་མི་རུང་སྟེ་རིང་དུ་ཐོགས། མགོ་སློན་ཅིང་སྣགས་པ་ཡང་མི་སྙོམས་ལ་ན་ཞིང་ཚ་མགོ་འཁོར། ཉམ་ཆུང་ཕལ་བྱེད་ཅིང་སྒྲ་ཡང
་ཡོད་དེ་འདི་ནི་རླུང་ལས་གྱུར་པ་ཞེས་བྱའོ། །དེ་ལ་མཁྲིས་པ་ལས་གྱུར་པའི་ནད་ཐབས་ནི་སྐོམ་དང་ཆེ་མོང་བག་ཏུ་འགྱུར། ཁོང་ཚ་རིམས་ཀྱིས་འདེབས་ནང་འབྱུང་བའི་མདོག་ནི་ཟངས་ཀྱི་མདོག་བཞིན་དམར་ལ་རྩ་ནག་དམིགས་མྱུར་དུ་འབྱུང
་ཞིང་མྱུར་དུ་རྣགས་པར་འགྱུར་རོ། །འདི་ལྟ་བུ་ནི་མཁྲིས་པ་ལས་གྱུར་པ་ཡིན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་ནད་ནི་ཁོང་བསིལ་ཞིང་གྱེན་དུ་སློན། ཁ་གླལ་ལུས་ལྕི་ཟས་ཡི་གར་མི་འོང། ནད་དམིགས་གར་བྱུང་བ་དེར་སྲ་ལ་མདོག་སྐྱ། གཡའ
་མིག་མྱུར་དུ་འབྱུང་དུ་མི་རུང། ནད་དམིགས་ཀྱི་ཉེ་འཁོར་ཚ་བ་འདི་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། དེ་ལ་འདུས་པའི་ནད་ལས་གྱུར་པའི་ནད་ཐབས་ནི་ནད་དམིགས་ཀྱི་ཚུལ་ལས། ནད་ཕྱི་རོལ་ཏུ་འབྱུང་ངམ་ནང་དུ་འབྱུང་བ་ཤེས་པར་བྱ་སྟེ་ནང་བྱུང
་བའི་འབྲུམ་བུ་ནག་པོས་ཁེབས་པར་བྱུང་ལ། འབྲུམ་བུ་ནག་པོ་དེ་རབ་ཚལ་ན། རིམས་ཀྱིས་ཀྱང་འདེབས་སོ། །དེ་ལ་ཁྲག་ནད་ལས་གྱུར་པའི་ནད་ནི་མཁྲིས་པ་ལས་གྱུར་པའི་ནད་ཐབས་དང་འདྲ་སྟེ་ཁྲག་ལས་ནང་དུ་གྱུར་ན་ཕྱི
་རོལ་གྱི་ཤ་དང་པགས་པ་ལས་འབྱུང་བར་འགྱུར་རོ། །བུད་མེད་རྣམས་ལ་ནི་ནང་དུ་འབྱུང་བར་འགྱུར་རོ། །མཚོན་ལ་སོགས་པས་རྨས་ཏེ་རྨ་བྱུང་བ་ལས་མི་འཕྲོད་པས་རྨ་རེད་དེ། རྨ་ཁ་ཚ་བ་རླུང་གི་ཕུལ་ནས་ཁྲག་དང་མཁྲིས་པ་མཆེད་དེ་ཁྲག་དང
་མཁྲིས་པ་དེ་ལས་ནད་བླ་ཐབས་རྣེའུ་ལྷགས་ཤིང་དེ་དག་ཏུ་ན་བར་འགྱུར་རོ། །ནད་གནས་ཐ་དད་པ་སོ་སོར་བྱུང་ན་ནད་ཀྱི་བྱེ་བྲག་ནི་ལྟེ་བར་བྱུང་ན་སྐྱིགས་བུས་འདེབས་སོ། །ཆུ་སོར་བྱུང་ན་ཆུ་འགགས་པ་དང། གཅིན་རྣག་ཏུ་འབྱུང་བར་འགྱུར་རོ། །མཆིན
་པ་ལ་བྱུང་ན་དབུགས་མི་བདེའོ། །མཆེར་བ་ལ་བྱུང་ན་རྔམ་པ་དྲག་ཏུ་འཕུལ་ཞིང་དབུགས་མི་བདེའོ། །གློ་བ་ལ་བྱུང་ན་ལྐོག་མ་དང་མགུལ་པ་ན་ཞིས་སྐོམ་དང་ཆེའོ། །སྙིང་ལ་བྱུང་ན་ལུས་དང་ལུས་ཀྱི་ཡན་ལག་ཐམས་ཅད་རབ་ཏུ་གཟིར་བ་སྙམ
་བྱེད་དོ། །མཆིན་དོགས་ཀྱི་ནང་དུ་འབྱུང་ན་ལུད་པས་ལུ། སྙིང་གར་གཡོགས་པ་སྙམ་བྱེད། མྱོས་སྙིང་མུག་མུག་ཅིང་མུན་སྲོས་པ་བཞིན་དུ་འགྱུར་རོ། །རྩིབས་ལོགས་ཀྱི་ནང་དུ་བྱུང་ན་ཕྲག་པ་ན་ལྟོ་བ་སྐྲང་ངོ། །ཆུ་སོ་གཡས་གཡོན་འདོམས
་ཕྲག་དུ་བྱུང་ན། བརླ་ཐོག་ཐག་ན་བར་འགྱུར་རོ། །མཁལ་མ་ལ་བྱུང་ན་རྐེད་པ་དང་རྒྱབ་དང་རྩིབ་ལོགས་སུ་ན་བར་འགྱུར་རོ། །གཞང་ལ་བྱུང་ན་བཤང་བ་དང་དབུགས་ཐུར་དུ་འབྱུང་བ་འགགས་པར་འགྱུར་རོ། །མ་ཞུ་བའི་གནས་ཕོ་བ་དང། ཞུ་བའི
་གནས་ཕོ་བ་དང། ཞུ་བའི་གནས་ལོང་ག་དང་ཕྱེད་མ་ཞུར་གནས་པ་ནད་གྲོལ་འདི་དག་གི་ཐོག་དུ་བྱུང་ན་དེ་དག་གི་འོར་ནད་དང་འདྲའོ། །དེ་ལ་ཁོང་དུ་ལྟེ་བ་ཡན་ཆད་དུ་བྱུང་ན་ནི་རྣག་ཁར་འོང་བར་འགྱུར་རོ། །རོ་སྨད་ལྟེ་བའི་འོག་མན་ཆད་ཁོང་དུ
་བྱུང་ན། རྐུབ་ཏུ་རྣག་ཟག་པར་འགྱུར་རོ། །ལྟེ་བའི་ནང་དུ་བྱུང་ན་སྟོད་སྨད་གཉིས་ཀ་ནས་རྣག་ཟག་པར་འགྱུར་རོ། །དེ་ལྟར་རྣམ་དྲུག་ལྟ་བུའི་ཕྱི་འམ་ནང་དུ་འབྱུང་ན། རླུང་དང་མཁྲིས་པ་དང་བད་ཀན་དང་ཁྲག་རྒྱས་པ་དང། རྨ་རེང་པའི་རྨེན་བུ་ལ་གསོགས་པ་སོ
་སོའི་ནད་དམིགས་བཞིན་དུ་གསོ་བའི་དཔྱད་བྱའོ། །འདུས་པའི་ནད་ལས་འབྱུང་བར་འགྱུར་བ་ནི་གསོ་དཀའ་ཏེ་མ་གཏོགས་སོ། །དེ་ལ་རྙིང་དང་ལྟེ་བ་དང་ལྒང་པ་ཆུ་སོ་འདི་དག་ཏུ་ཕྱི་རོལ་ཏུ་འབྱུང་ཡང་རུང། ནང་དུ་འབྱུང་ཡང་རུང་སྟེ། སྨིན་དེ་རྣག་ཟག་པར་གྱུར
་ཀྱང་མི་འཚོའོ། །ཁོང་དུ་འབྱུང་སྟེ། སྨིན་ནས་རྣག་ཁ་ནས་ཟག་ཅིང་འོང་ཡང་ནད་པའི་ཉམ་ཆུང་ལ་ནད་བླ་ཐབས་ན་བ་གཞན་ཡང་ཡོད་ན། དེ་ལྟ་བཱུང་མི་འཚོའོ། །དེ་དང་འདྲ་བར་བུད་མེད་ཀྱི་ནུ་མ་ལ་བྱུང་ཡང་རྩ་སྒོ་ཁ་བྱེ་བ་ཡིན་པས་གསོ་དཀའ་སྟེ་མི
་འཚོའོ། །བུད་མེད་ལ་བུ་བཙས་པ་དང། སྦྲུམ་མ་དང། ནུ་ཞོ་ཡོད་པ་དང། ནུ་ཞོ་མེད་པ་ལྟ་བུ་ལ་བྱུང་བ་ནི་ཕྱི་རོལ་དུ་བྱུང་བ་ཞེས་བྱ་སྟེ། འོར་ནད་དང་འདྲ་བར་རྟུག་པོར་སྐྲངས་པ་སྲ་སྟེ། འདི་ཡང་དེ་བཞིན་དུ་གསོ་དཀའ་ཨོ། །བུ་མོ་ཆུང་ངུའི་ནུ་མའི་རྩ
་པའི་སྤུ་གུ་རྣམས་ནི་ཕྲ་བས་ན་དེ་ལྟ་བུ་ལ་ནི་མི་འབྱུང་ངོ། །རྒྱུ་རླུགས་ཀྱི་ནད་གཞི་བཤད་པ་རྒྱུ་རླུགས་ཀྱི་ནད་ནི་རྒྱུ་མའི་ནང་གི་རླུང་ཡན་མན་རྒྱུ་བ་འགགས་ཏེ། ཐོགས་པ་དང་ནད་དུ་གྱུར་ནས་ན་ཞིང་སྐྲངས་ཏེ་རྒྱུ་མ་ཐུར་དུ་རྣུ་ཞིང་ཆུ་སོ་ནས
་ཕོ་མཚན་གྱི་འབྲས་བུའི་ནད་དུ་སོན་པ་དང། ཕོ་མཚན་དང་ཕོ་མཚན་གྱི་པགས་པའི་རྩ་ཡང་རྒྱུ་མ་རླུགས་པས་བཙིར་ནས། ཕོ་མཚན་གྱི་པགས་པ་ཡང་ཆེར་སྐྱེ་བར་བྱེད་དོ། །རླིག་རླུགས་ཀྱི་ནད་དེ་ཡང་རྣམ་པ་བདུན་ཏེ། རླུང་དང་མཁྲིས་པ་དང
་བད་ཀན་གྱི་ནད་སྐྱེས་པ་དང། ཁྲག་ནད་སྐྱེ་སྟེ་ལུད་པ་དང། ཚིལ་ནད་དུ་གྱུར་བ་དང། ལྒང་པ་སྐྱེས་པ་དང་རྒྱུ་མ་སྐྱེས་པའི་ནང་དང་རྣམ་པ་འདི་བདུན་ནོ། །དེ་ལ་ལྒང་པ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་འདི་གཉིས་ཀྱང་རླུང་ནད་ཀྱིས་སྐྱེ་བར་འགྱུར་ཏེ།
་རླིག་རླུགས་ཀྱི་ནད་ཀྱི་རྒྱུ་ནི་ཐ་དད་དོ། །དེ་ལ་རླུང་ནད་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ཐབས་ནི། རྐྱལ་པ་རླུང་གིས་གང་བ་འདྲ་ལ། རླུང་ལས་གྱུར་པས་ན་ན་བར་གྱུར་པའི་གཞི་མེད་པ་བཞིན་དུ་ནའོ། །མཁྲིས་པ་ལས་གྱུར་པའི
་རླིག་རླུགས་ནི་རླིག་པའི་མདོག་ཤིང་ཨུ་དུམྦ་རའི་འབྲས་བུ་འདྲ་བར་དམར་པོར་སྣང་ལ་དྲོད་ཆ་ཞིང་ཚ་ལ་འདྲུལ་བ་དེ་ལྟ་བུ་ཡིན་ནོ། །བད་ཀན་ལས་རླིག་རླུགས་སུ་གྱུར་པ་ནི་གྲང་ལ་ལྕི་འཇམ་ལ་གཡའ། སྲ་ལ་ནད་ཚབས་མི་ཆེ་བ་དེ་ལྟ་བུ་ཡིན་ནོ།།
་ཁྲག་ནད་རྒྱས་པ་ལས་རྒྱུ་རླུགས་སུ་གྱུར་པ་ནི་འབྲུམ་བུ་ནག་པོར་གང་བ་ཡོད་དེ། ཚུལ་གཞན་ནི་མཁྲིས་པ་ལས་རྒྱུ་རླུགས་ཀྱི་ནད་དུ་གྱུར་པ་དང་འདྲའོ། །ཚིལ་ནད་ལས་རྒྱུ་མ་སྐྱེས་ཏེ་རྒྱུ་རླུགས་ཀྱི་ནད་དུ་གྱུར་པའི་ནད་ཐབས་ནི་སྤྱི་བད་ཀན་དང
་འདྲ་སྟེ། འཇམ་ལ་རླིག་པའི་དབྱིབས་ནི་ཤིང་ཏཱ་ལའི་འབྲས་བུ་ལྟར་འདུག་གོ་།གཅིན་སྙོམས་ན་མནགས་པ་ཤ་དག་བྱེད་པ་ངེས་གཅིན་གསོགས་ཤིང་ལྒང་པ་ཆེར་སྐྱེས་པ་ལས་རླིག་རླུགས་སུ་གྱུར་ན་རྐྱལ་པ་ཆུས་གང་བ་བཞིན་རྙོག་རྙོག་ཟེར་ལ
་ན། རླིག་པའི་པགས་པ་འཇམ། ཆུ་འགགས་པར་བྱེད། ཕོ་མཚན་གྱི་འོག་པགས་པའི་བར་དུ་གློ་གློ་བོར་འབྱུང་ངོ། །རྒྱུ་མ་ནར་ཏེ་རླིག་རླུགས་སུ་གྱུར་པའི་ནད་ཐབས་ནི་རླུང་ནད་སློང་བར་གྱུར་པའི་ཁ་ཟས་དང། ཟས་བསིལ་བའི་བག
་དང་ཆུའི་ནད་དུ་རྐྱལ་བ་དང། བཤང་གཅི་སྙོམས་ན་ནན་གྱིས་མནགས་པ་དང། མི་བོ་བཞིན་བཙིར་བ་དང། ཁུར་དང་ལམ་གྱིས་དུབ་པ་དང། ལུས་ཀྱི་ཡན་ལག་ལོག་པར་བཅུ་ཞིང། སྐྱོད་གསིག་སྟེ། རྒྱུ་མའི་ནད་འཁྲུགས་པར་འགྱུར
་དེ་ལྟ་བུའི་བག་བྱས་པས། དེའི་ཚེ་རྒྱུ་མ་ཕྲེའུ་ཁ་ཅིག་རང་གི་གནས་ནས་རླུང་གི་ཐུར་དུ་ལོག་པར་ཕུལ་ཏེ། ཆུ་སོ་དང་འདོམས་ཀྱི་ཕྲག་ཏུ་ཕྱིན་པར་བྱས་ནས་མདུང་པ་ལྟར་གློ་བོ་ཞིག་ཏུ་དེའི་ཚེ་སྐྲང་ངོ། །འདི་ལྟར་གྱུར་ཀྱང་ཡལ་བར་བོར་ཏེ་སྨན
་དཔྱད?་མི་བྱེད་ན་རླིག་རླུགས་ཆེར་སྐྱེས་ཏེ། ཁོང་སྤོ་ན་རེམ་རེམ་པོར་བྱེད་ལ་ནང་དུ་རླུང་གིས་རབ་ཏུ་གཟིར་བ་དང། རྒྱུ་མ་སྒྲ་ཅན་ཁོ་ལུ་ལུ་ཟེར་ཞིང་རླིག་པའི་ནང་དུ་གང་བར་བྱེད་རྒྱུ་མ་ཁོང་བའི་ནང་དུ་སླར་ཕུལ་ཏེ་བཏང་ནས་ཡང་སླར་བཞིན་སྔ་ན
་མཁོ་བ་བཞིན་གང་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུ་མ་ནར་ཞིང་སྐྱེས་པའི་རླིག་རླུགས་འདི་ནི་གསོ་དཀའ་སྟེ། རླུང་ནད་ལས་རླིག་རླུགས་སུ་གྱུར་པ་དང་འདྲ་ལ་རྩ་ཕྲ་མོ་དྲ་བ་སྐར་ཁུང་རིས་ལྟར་འདུག་པ་རྩ་ཀུན་རྩུབ་ལ་སྨུག་གོ་།སྐྲན་ནད་རྣམ་པ
་བརྒྱད་ཀྱི་ནད་གཞི་དང་ནད་ཐབས་བཤད་པ་སྐྲན་རྣམ་པ་བརྒྱད་ཡོད་དོ། །རླུང་དང་མཁྲིས་པ་དང་བད་ཀན་རེ་རེའི་སྐྲན་དང་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལས་གཉིས་གཉིས་སུ་འདྲེས་པ་ལས། སྐྲན་རྣམ་གསུམ་དུ་གྱུར་པ་དང།
་བུད་མེད་ཟླ་མཚན་མངལ་དུ་བྱུང་ན་ནད་དང་མཁྲིས་པ་འམ་བད་ཀན་གྱི་ནད་ཀྱིས་འགགས་ཏེ་སྐྲན་དུ་གྱུར་པ་དང། སྐྲན་རྣམ་པ་དེ་བརྒྱད་དོ། །སྐྲན་ནད་དུ་གྱུར་པའི་ནད་གཞི་ནི། རིམས་ཀྱིས་བཏབ་པ་དང། སློན་པ་དང། ཆེད་པ་ལ་སོགས
་བར་འཁྲུ་བ་དང། སྐྱུགས་སྨན་དང། བཀྲུ་སྨན་ལ་སོགས་པ་བཏང་བས། ལུས་ཀྱི་ཤ་དེ་སྐམ་པོར་གྱུར་པས། ལུས་རླུང་ཅན་དུ་གྱུར་པའི་སྟེང་དུ་བཀྲེས་པ་ལས་ཆུ་གྲངས་འཐུངས་པ་དང། ཟས་བཅད་དེ་སྨྱུང་བ་བྱས་པ་དང། ཧ་ཅང་དྲག
་ཆེས་པ་ལས་ཆུའི་ནང་དུ་རྐྱལ་བ་ལ་སོགས་ཏེ་ལུས་ལ་གནོད་ཅིང་རླུང་ནད་སློང་བར་འགྱུར་བ་དེ་ལྟ་བུའི་བག་རྟེན་པ་དང། ཡང་ན་སློན་མི་བྲོ་ཞིང། ནན་གྱིས་བཀུགས་པ་དང། ཡང་ན་སློན་ན་མནགས་ཏེ། མ་སློན་པ་དང། བཤང་གཅི་དང
་དབུགས་ཐུར་དུ་འབྱུང་བ་སྙོམས་ཞིང་འོང་ན་ཡང་མནགས་པ་དང། འདི་དག་མི་འོང་བཞིན་དུ་ནན་གྱིས་བཙིར་བ་དང། སྐྱུགས་སྨན་དང་བཀྲུ་སྨན་ཞིག་གཏོང་ན་མངར་སྨན་མར་གྱི་དཔྱད་དང། དུག་གི་ཆོ་ག་མ་བྱས་པར་སྐྱུགས་སྨན་དང
་བཀྲུ་སྨན་བཏང་བ་དང། ཡང་ན་ཆོ་ག་བཞིན་དུ་སྐྱུགས་སྨན་དང་བཀྲུ་སྨན་བཏང་བའི་རྗེས་ལ་ཁ་ཟས་དྲོད་པོ་ཆེ་ཚ་བའི་ནད་མྱུར་དུ་ལྡང་བ་རྣམས་ཟོས་པ་འམ། ཡང་ན་བད་ཀན་སྐྱེ་བར་འགྱུར་བའི་ཁ་ཟས་འབྱིལ་བག་དེ
་ལྟ་བུ་ཟོས་པ་ལས་ནད་དཀྱེལ་དུ་འགྱུར་རོ། །དེ་ལྟར་རླུང་ནད་ཆེར་སྐྱེས་པས་རླུང་དང་མཁྲིས་པ་དང། བད་ཀན་གྱི་ནད་སོ་སོ་ན་འདེམས་པར་གྱུར་ཏམ། ཡང་ན་ནད་སྣ་གཉིས་སུ་གྱུར་ཏམ། ཡང་ན་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་དུ་གྱུར་ཏམ
་ཡང་ན་ཁྲག་ནད་དང་འདྲེས་པ་དེ་ལྟ་བུས་ལུས་ཀྱི་རྩ་ཆེན་པོ་བཅུའི་ནང་དུ་ནད་ཞུགས་པ་དང། ལུས་ཀྱི་སྟོད་སྨད་ཁ་ཟས་དང་བཤང་གཅི་རྒྱུ་ཞིང་འབྱུང་བའི་ལམ་སྲང་ཡང་ནད་ཀྱིས་ཆོད་དེ་འགགས་ནས་ན་ཞིང་མི་བདེ་བའི་ས་བོན་གྱི་ལུས་ཀྱི་ཤ་བྲི་སྟེ
་སྐམ་པར་གྱུར་པས་བད་ཀན་དང་མཁྲིས་པ་དང། བཤང་གཅི་དྲི་མས་རྩ་སྒོ་དང། བཤང་གཅི་རྒྱུ་བའི་སྲང་འགགས་སམ། ཁོང་པ་ནད་གྲོལ་ཕྱི་ནང་དུ་རླུང་ཞེན་ཏེ། ལུས་ཀྱི་ནང་རྩུབ་ཅིང་སྲ་བར་གྱུར་པས་རླུང་དང་མཁྲིས་པ་དང་བད་ཀན་གསུམ
་གྱི་རང་གི་གནས་སུ་སྐྲན་ཞུགས་ན་དེའི་མིང་ནི་སྐྲན་ནད་རང་དབང་ཅན་ཞེས་བྱའོ། །རླུང་དང་མཁྲིས་པ་བད་ཀན་གྱི་སྐྲན་དེ་མཁྲིས་པའི་སར་རླུང་གི་སྐྲན་ཞུགས་སམ་བད་ཀན་གྱི་སར་མཁྲིས་པའི་སྐྲན་ཞུགས་སམ་རླུང་གི་སར་བད་ཀན་གྱི་སྐྲན
་ཞུགས་སམ་རླུང་གི་སར་མཁྲིས་པའི་སྐྲན་ཞུགས་པ་དེ་ལྟ་བུ་ནི་གཞན་གྱི་སར་སྐྲན་ཞུགས་པ་ཞེས་བྱའོ། །དེ་ལྟར་ནད་དཀྱེལ་འདུས་པ་ལས་ནད་དེ་གོང་གོང་པོར་གྱུར་པས་ནད་དེ་གཟུགས་ཡོད་པ་མ་ཡིན་ཡང་གཟུགས་སུ་གྱུར་ནས། སྐྲན་རིལ
་རིལ་པོ་ལག་གིས་མྱང་དུ་ཡོད་པ་རྡོག་རྡོག་པོ་མདུང་པ་ལྟར་འདུག་པ་འདིའི་མིང་ནི་སྐྲན་ནད་ཅེས་བྱའོ། །དེ་ལ་རླུང་ནད་ལས་གྱུར་པའི་སྐྲན་གྱི་ནད་ཐབས་ནི། ལྒང་པའི་ཆུ་སོ་དང་ལྟེ་བ་དང་སྙིང་ག་དང། རྩིབ་ལོགས་གཡས་གཡོན། འདི
་རྣམས་གང་ཡང་རུང་བར་སྐྲན་གནས་ཤིང་འདུག་སྟེ། རླུང་སྐྲན་དེ་དག་ཏུ་བྱུང་བས་མཇིད་བ་དང་ཀླད་པ་ནས། རིམས་ཀྱིས་འདེབས། མཆེར་པ་ན་རྒྱུ་མའི་ནད་སྒྲ་ཁྲོ་ལུ་ལུ་ཟེར། ན་ཞིང་ཟུག་ཐུར་དུ་བཤད་པ་སྲི་ཞིང་འགག་།དབུགས་མི་བདེ་སྟེ། དབུགས
་ཕྱིས་ཡང་དང་ཡང་འབྱུང་བ་མི་ཕྱིན་ལུས་སྲ་བར་རེངས་བག་ཏུ་འགྱུར་ལ། ཁ་སྐམ་ལུས་རིང་ཅིང་སྐོམ་ཕོ་བའི་མེ་དྲོད་མི་སྙོམ། ལུས་ཀྱི་པགས་པ་ཤ་མདག?་གནག་ལ་རྩུབ་པ་དེ་ལྟ་བུ་ནི་རླུང་སྐྲན་གྱི་ནད་ཐབས་ཡིན་ཏེ། རླུང་སྐྲན་དེ་ཁོང་པ་ནང
་ན་དབྱིབས་ཚུལ་ཇི་ལྟ་བུ་ཞིག་ཏུ་འདུག་པ་དང། རླུང་སྐྲན་དེ་གང་ན་འདུག་པ་རྟག་ཏུ་མི་མངོན་ལ། རླུང་སྐྲན་དེ་རེས་འགའ་ནི་སྐྱེ། རེས་འགའ་ནི་དབྲི་ཞིང་ན་སྟེ། ཉམས་ལ་རླུང་སྐྲན་དེ་སྲོག་ཆགས་གྲོག་མ་ཞིག་གིས་གང་བ་སྙམ་དུ་པྲཱ་པྲཱ་བྱེད་པ
་ཟུག་ཅིང་ན་བ་འདི་ལྟ་བུ་ནི་རླུང་སྐྲན་གྱི་ནད་ཐབས་ཡིན་ནོ། །དེ་ལ་མཁྲིས་པ་ལས་སྐྲན་ནད་དུ་གྱུར་པའི་ནད་ཐབས་ནི། ལུས་ཆ་སྒྲེགས་པ་སྐྱུར་པོར་འོང་ངོ། །བརྒྱལ་ཐུར་དུ་འཁྲུ་ལུས་རྡུལ་སྐོམ་རིམས་ནད་ཀྱིས་འདེབས་བཞིན་མདོག་དང་ལུས
་ཀྱི་མདོག་དང། སེན་མོ་རྣམས་སེར་པོར་སྣང་མཁྲིས་པའི་སྐྲན་དེ་ལག་པས་རག་ན་མི་བཟོད། སྐྲན་དེ་རབ་རབ་བྱེད་ཅིང་མེ་བཞིན་འབར། སྐྲན་ཡོད་པའི་འཁོར་མེས་བསྲེགས་པ་བཞིན་ཆའོ། །ནད་ཐབས་འདི་ལྟ་བུ་ནི་མཁྲིས་པའི་སྐྲན་ནད་ཅེས
་བྱའོ། །དེ་ལ་བད་ཀན་ལས་སྐྲན་དུ་གྱུར་པའི་ནད་ཐབས་ནི་བློ་བག་ཏུ་གྱུར་ལ་ཁ་ཟས་ཡི་གར་མི་འོང། ཕོ་བའི་དྲོད་ཆུང་གྲང་བའི་རིམས་ནད་དང་ཆམ་པས་འདེབས་ཁོང་སྙོམས་པ་དང། དང་ཀ་མེར་མེར་པོར་བྱེད། ལུད་པ་དཀར། བཞིན
་མདོག་དང། སེན་མོ་དང། ཤ་མཐང་གི་མདོག་དཀར་བོར་འདུག་།བད་ཀན་ལས་སྐྲན་དུ་གྱུར་པ་ཉིད་ནི། ཁོད་པའི་ནང་གི་ཕུགས་ན་སྐྲན་སྲ་ཞིང་ལྕི་ལ། འཕོ་ཞིང་འགུལ་བ་དང། སྐྱེད་དབྲི་མེད་དེ་མལ་གཅིག་ན་བརྟེན་པར་འདུག་ལ།
་སྐྲན་བེམ་བེམ་པོར་འདུག། བད་ཀན་གྱི་སྐྲན་རང་གི་གནས་སུ་འདུག་པ་དེ་ན་བ་ནི་བད་ཀན་གྱི་ནད་ཀྱི་དུས་དུས་སུ་ལྡང་ཞིང་ནའོ། །དེ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གང་ཡང་རུང་བ་ལས། རླུང་དང་མཁྲིས
་བ་ལྟ་བུ་ནད་སྣ་གཉིས་ལས་སྐྲན་དུ་གྱུར་བ་ནི་སྐྲན་ན་བའི་ནད་ཐབས་ཀྱང་ནད་སྣ་གཉིས་འདྲེས་པའི་ནད་ཐབས་སུ་འགྱུར་རོ། །རླུང་དང་མཁྲིས་པ་དང། བད་ཀན་གསུམ་ལས་སྐྲན་དུ་འགྱུར་བའི་ནད་ཐབས་ནི། རབ་ཏུ་ན་ལ་ཚ་སྐྲན་དེ
་སྟུག་ཅིང་སྲ་ལ་འབུར་འབུར་པོ་འཐར་འགྱུར། །སྐྲན་དེ་མྱུར་དུ་སྨིན་པར་འགྱུར་རོ། །ནད་འདུས་པ་ཚང་བའི་ནད་འདི་ནི་གསོར་མི་རུང་ངོ། །དེ་ལ་ཁྲག་སྐྲན་ནི་བུད་མེད་འབའ་ཞིག་ལ་འབྱུང་སྟེ། ཟླ་མཚན་ཟག་གམ་གསར་དུ་བུ་བཙས་སཾ།
་འོན་ཏེ་མངལ་གྱི་ནད་དང། ཅིག་ཡོད་པ་ལས་ཁ་ཟས་རླུང་ནད་དུ་འགྱུར་བའི་བག་ཟོས་པ་དང། རླུང་ནད་སློང་བར་འགྱུར་བའི་བག་བསྟེན་པས་རླུང་ནད་ལངས་ནས་ཟླ་མཚན་ཟླ་རེ་ཞིང་དུས་སུ་འོང་བ་ནད་དུ་འགགས་ཏེ། ལྟོ་བ་ཆེར་སྐྱེས་ཏེ།
་རུམ་ན་བུ་ཆགས་པ་འདྲ་བར་སྣང་སྙིང་ན། ཁ་ཟས་ཀྱི་རོ་ཁ་ཅིག་ཡིད་ལ་འདོད་པ་སྙམ་བྱེད་ནུ་ཞོ་ཡང་ཆང་ཆུད་སྣང་ཁོང་རྨ་སྟེ། དེ་ལྟ་བུ་ལས་བགས་ཀྱིས་རླུང་ནད་དང་སྐྲན་དེ་མཁྲིས་པའི་གནས་སུ་ཞེན་ནས་ཁྲག་སྐྲན་ཏེ། རླུང་དང
་མཁྲིས་པ་ལས་འབྱུང་བ་ན་ལ་ཁོང་བའི་ནད་སྲ་བ་མེར་མེར་པའི་བག་དང་ཁོང་ཚ་དང་ཆད་པས་འཁྲུ་སྐོམ་རིམས་ནད་ཀྱིས་འདབས་འདི་ལྟ་བུའི་ནད་བླ་ཐབས་སུ་ཡང་འགྱུར་རོ། །ཡང་ནི་མངལ་གྱི་ནད་ན་ཁྲག་ཡོད་པ་བས་ནང་ཚ་བས་རབ
་ཏུ་ཆེའོ། །མངལ་གྱི་ནད་ནས་ཀྱང་ཟག་ལ་དྲི་མི་ཞིམ་པ་དང། ཟུག་བའི་ནད་ཐབས་དང། ན་ལ་གཡོ་ཞིང་འཕར་བ་ཡང། དེ་ནི་མངལ་དུ་ཆགས་པ་ཞེས་མི་བྱའི་སྐྲན་མངལ་དུ་ཆགས་པ་ཡིན་ཏེ། སྐྲན་དེ་ལ་པྲཝ་པྲཝ་བྱེད་སྐྲན་དེ་ཉིད་གོང་བུར
་འགྱུར་ཏེ་འདུག་ཀྱང་གལ་ཏེ་ཚིགས་རིང་ཞིག་ལོན་ཞིང་འགུལ་ཏེ་པར་པར་བྱེད་ན་ཡང་དེ་ལྟ་བུ་ཡང་རུམ་ན་བུ་ཡོད་ཅེས་མི་བྱའི་མངལ་དུ་སྐྲན་དེ་ཉིད་ཆེར་སྐྱེས་ཞེས་བྱའོ། །ཡང་ནི་སྐྲན་ནོ་ཅོག་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་ནད་ཀྱི
་གནས་ལ་བརྟེན་ཏེ་སྐྲན་དུ་གྱུར་པ་དང། འདུས་པའི་སྐྲན་དུ་གྱུར་པ་དེ་དག་ནི་གལ་ཏེ་ཡུན་རིང་པོ་ཞིག་ན་སྐྲན་སྨིན་ཏེ། རྡོལ་བར་འགྱུར་རོ། །ཡང་ན་ནི་སྨིན་ཅིང་རྡོལ་ཏུ་མི་རུང་ངོ། །ཁོང་འབྲས་ཀྱི་ནད་བྱུང་བ་ནི་སྐྲན་དང་མི་འདྲ་སྟེ། དེ་ནད་ཁྲག
་ངན་པ་ལ་བརྟོན་པས། མྱུར་དུ་སྨིན་ཅིང་རྡོལ་བར་འགྱུར་རོ། །དེ་བས་ན་དེ་ནི་མྱུར་དུ་ཚ་བར་བྱེད་པས་ན་དེའི་ཕྱིར་ཞེས་བྱའོ། །དེ་ལ་སྐྲན་གྱི་ཕྱི་ནང་གི་བད་ན་ཡོད་པའི་ནད་ཐབས་ནི་ཆུ་སོ་དང། ལྟོ་བ་དང། སྙིང་དང། མཆེར་པ་དང། ཁོང་པའི
་དྲོད་ཆུང་ཞིང་མདོག་ཉམས། ཉམས་མཚག་བྲི་བཤད་གཅི་སྲི་ཞིང་འགག་།ཕྱི་རོལ་དུ་སྐྲན་འབྱུང་བ་ནི་ནད་ཐབས་འདི་དང་མི་འདྲའོ། །ནང་གྲོལ་གྱི་མཛའ་མ་ན་སྐྲན་ཡོད་པ་ནི། ནད་ཆབས་མི་ཆེའོ། །སྐྲན་འདུག་པ་དེའི་འཁོར་ན་ཤ
་མདོག་ཀྱང་འགྱུར་ལ་ཕྱི་རོལ་ཏུ་གློ་གློ་བོར་ཆེར་སྣང་ངོ་དེ་ལ་རླུང་ནད་ལས་ཧེན་ཀྱིར་འགྱུར་བ་ཡང་ཡོད་དེ། དེ་ནི་རླུང་གྱེན་དུ་རྒྱུ་བ་དང། ཐུར་དུ་རྒྱུ་བ་རྣམས་འགྱེལ་ཏེ་འགགས་པས་ལྟོ་བ་རབ་ཏུ་ཆེར་གྱུར་ལ་ཧེན་གྱིས་བྱུང་སྟེ། ཤིན་ཏུ་ན་བ
་དེ་ནི་རླུང་ནད་ཀྱིས་ཧེན་ཀྱིར་གྱུར་པ་ཞེས་བྱའོ། །དེ་ཡང་རྡོ་བའི་རྟུན་བུ་འཇོད?་པོ་ལྟར་ལྟ་བ་ནས་ཡར་གྱེན་དུ་སྲི་ཞིང་མཁྲད་བ་སྟུག་པོ་མདུད་པ་ཅན་རྡོ་བའི་རྟུན་བུ་འཇོད་འཇོད་པོ་ལྟར་ཕྱིར་འབུར་ཞིང་གློ་བར་འབྱུང་བ་དེ་ནི་ཧེན་གྱི་གྱེན་དུ་བྱུང
་བ་ཞེས་བྱའོ། །ཧེན་གྱི་ལྟོ་བ་ནས་དྲང་པོར་འདུག་པ་ནི་ཧན་གྱི་ཐད་དཀར་འདུག་པ་ཞེས་བྱའོ། །ལོང་ཀ་ནས་རྒྱུ་ཞགས་གཞང་དང། རྒྱུ་དོའི་བར་དུ་ཐུར་དུ་ཟུག་ཅིང་གསང་ལ་བར་དུ་ན་བ་དེ་ནི་ཐུར་དུ་ཟུག་པའི་རླུང་ནད་ཅེས་བྱའོ། །ནད་ཐབས་དེ་ལས
་བཟློག་སྟེ་ཆུལ་དེ་འདྲ་བ་ལས་ཐད་ཀར་ཟུག་སྟེ་ན་འམ་གྱེན་དུ་ཟུག་སྟེ་ན་བ་དེ་ནི་གྱེན་དུ་ཟུག་པའི་རླུང་ནད་ཅེས་བྱའོ། །སྒྲེགས་པ་རབ་ཏུ་མང་བ་དང། བཤང་བ་འོད་དུ་མི་རུང་སྟེ། འགག་པ་དང་ཁ་ཟས་འདྲངས་ཤིང་ཆིམ
་པར་ཟ་བའི་ནུས་པ་དང། རྒྱུ་མའི་ནད་ན་སྒྲ་ཁྲུལ་ལུ་ལུ་ཟེར་ཞིང་དྲོད་ཆུང་སྟེ། ཟས་མི་འཇུ་བ་དང། ཧེན་གྱིས་འབུར་འབུར་བོར་བྱུང་ན། དེ་ལྟ་བུའི་སྐྲན་ཉེ་བར་འོངས་པའི་ནད་ཐབས་ཡིན་ཞེས་ཟེར་རོ། །འབྲས་ནད་དང་རྒྱུ་རླུགས་དང། སྐྲན
་ནད་དང། འདི་སྣ་གསུམ་གྱི་ནད་གཞི་བཤད་པ་སྟེ་ལེའུ་བཅུ་གཅིག་པ་རྫོགས་སོ།། །།དམུ་རྫིང་གི་ནད་བཞི་བཤད་པའི་ལེའུ་བཅུ་གཉིས་པ་བཤད་པར་བྱའོ། །ཡོད་ནི་ནད་དོ་ཅོག་ཐམས་ཅད་ཀྱང་ཕོ་བའི་མེ་དྲང་ཆུང་བ
་ལས་ནད་དུ་འགྱུར་རོ། །ཕོ་བའི་མེ་དྲོད་ཆུང་ན་དམུ་རྫིང་གི་ནད་དུ་འགྱུར་རོ། །དེ་ལ་དམུ་རྫིད་གི་ནད་དུ་གྱུར་པའི་ནད་གཞི་ནི་ཟས་མ་ཞུ་བ་དང། ཁ་ཟས་མི་འཕྲོད་པའི་བག་དང། ཁ་ཟས་རྩུབ་མོ་ཁེངས་བུ་ཞག་ལོན་པ་དང། ཟས་ཀྱི་རོ
་དང་མདོག་འགྱུར་བ་དང། བུད་མེད་ཀྱི་སྐྲ་དང། སེན་མོ་དང། ཤིང་ཚེར་ལྟ་བུས་རྒྱུ་མ་བརྟོལ་བ་དང། དི?་མ་ལྟོར་སོང་བ་དང། རླུང་དང་མཁྲིས་པ་ལ་སོགས་པ་དང། བཤང་གཅི་ལྟ་བུའི་དྲི་མ་འདི་རྣམས་ལོང་དུ་བསགས་པས་ལུས
་ཀྱི་སྲོག་ཟུངས་བདུན་སྟོད་སྨད་དུ་རྒྱུ་བ་དང། བད་ཀན་རྒྱུ་བའི་རྩ་རྣམས་འགགས་ཏེ། ལུས་ཁོང་ན་ཡང་པའི་རླུང་སྲོག་ཅེས་བྱ་བ་དང། བོ་བའི་དྲོད་ཀྱི་མེ་དང་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་འདི་རྣམས་ལ་གནོད་པ་བྱས་པ་དང།
་ཤ་མཐངས་ཀྱི་བར་དུ་ཡང་ནད་ཞུགས་ནས་གསུས་པ་ཆེར་སྐྱེས་པ་དེ་ནི་དམུ་རྫིད་གི་ནད་ཅེས་བྱའོ། །དེ་ལ་ཡང་རྣམ་པ་བརྒྱད་དེ། རླུང་གི་དམུ་རྫིད་དང། ཁྲིས་པའི་དམུ་རྫིད་དང། བད་ཀན་གྱི་དམུ་རྫིང་དང། འདུས་པའི་དམུ་རྫིང་དང།
་མཛེད་བ་ལས་དམུ་རྫིད་དུ་གྱུར་པ་དང། སྤུ་དང་སྐྲ་དང་རྟ་རྔའི་བག་ལྟ་བུ་དང། ཁ་ཟས་འདྲེས་པ་ཟོས་པ་དང། རྒྱུ་མའི་ནང་དུ་མཁྲིས་ཏེ་བཤད་པ་འགགས་ནས། བཤད?་བ་དེ་མང་དུ་མཁྱིལ་པ་ལས་དམུ་རྫིད་དུ་གྱུར་པ་དང། ཁ་ཟས་ཀྱི
་ནང་དུ་རུས་པ་དང། གྲ་མ་དང་ཉའི་གྲ་མ་དང་རྩ་དང་ཤིང་བུ་དང། གསེག་མ་རྣོན་པོའི་བག་ལྟོར་སོང་བ་དེས་རྒྱུ་མ་རྡོལ་ཏེ་བུ་བྱུང་ངམ་ཧ་ཅང་འདྲངས་ཆེས་བ་ཞེས་བས་གླལ་དབུགས་ནང་རྡུབས་དྲགས་པས་རྒྱུ་མ་གལ་ཏེ་ལྟོ་བའི་ནང་དུ
་ཟག་ཅིང་འཁྱིལ་བས་དམུ་རྫིད་ཆགས་པ་དང། ཟས་མ་ཞུ་སྟེ་ཕོ་བར་བེའུ་སྣབས་ཆགས་པའི་སྟེང་དུ་སྣུམ་བག་དང། འཚལ་ནན་དུ་ཆུའི་བག་འཐུངས་པ་དང། འཚལ་ནན་དུ་ཆུ་ཧ་ཅང་མང་དུ་འཐུངས་པ་དང། ཕོ་བའི་དྲོད་ཆུང་བསམ
་ཞུ་བ་འམ། ཡང་ན་ཧ་ཅང་བཀྲེན་པོར་གྱུར་པ་དེ་ལྟ་བུ་ལས་དྲོད་ཆུང་ཞིང་གྲང་ནང་རླུང་སྐྱེས་པས་ཁ་ཟས་ཟོས་པའི་བཅུད་དངས་མ་རྩ་སོ་སོར་འགྲོ་བའི་རྩ་སྒོ་ཡང་འགགས་ལ་བད་ཀན་གྱིས་ཀྱང་ཆོད་ལ་བད་ཀན་དང་དམུ་ཆུར་འདྲེས་ནས་སྐྱེས་བ
་དེ་ནི་དམུ་རྫིད་ཞེས་བྱའོ། །དེ་ལྟར་དམུ་རྫིད་རྣམ་པ་དེ་བརྒྱད་གང་ལྟར་གྱུར་ཀྱང་རུང་སྟེ་དམུ་རྫིད་དུ་གྱུར་བའི་ནད་ཐབས་ནི། རྐན་དང་མཆུ་སྐམ། རྐང་ལག་དང་ལྟོ་བ་སྐྲངས་སེམས་དྲན་པ་དང་ཉམས་མཆག་དང་ཁ་ཟས་འདི་རྣམ་ལྔ་ལས་བྲི་སྟེ།
་ཉམས་ལས་ཤ་རིང་དེ་སྐེམ། གསུམ་པ་ཆེར་སྐྱེ་སྟེ་ལུས་གཟུགས་སྤྱིར་བརྟས་ན་དམུ་རྫིད་གིས་བཏབ་བའི་མི་དེ་ཡི་དགས་འདྲའོ། །དེ་ལྟར་དམུ་རྫིད་གི་ནད་དུ་གྱུར་པ་དེ་བཀྲེས་ཏེ་ཁ་ཁ་བྱེད་བ་ཡང་ཉམས་ཏེ་མེད། ཁ་ཟས་ཟོས་ན་ཡང་ཡུན་རིང་དུ་
་མི་འཇུལ་འཇུ་བའི་ཚེ་ན་ཡང་དང་ཀ་ཚ་ཞིང་སྐྱུར་བཞིན་དུ་འཇུ་ཁ་ཟས་ཞུ་འམ། མ་ཞུ་བའི་དྲོད་ཀྱང་མ་ཟིན་ལ་འདྲངས་པར་མི་ནུས། ཉམ་བཅགས་ཀྱང་ཉིན་གཅིག་པས་ཉིན་གཅིག་གཅིག་བྲི་ལ་ཅུང་ཟད་གཅིག་ལ་བྱས་པས་སྐྱེད་ནད་ཡང་དབུགས་མི
་བདེ་སྟེ་རྔམ་བ་དྲུག་ཏུ་འབྱུང་བཤད་པ་ཁོང་དུ་གསོགས་ཤིང་སྲི་ལ་རྐང་བ་ཅུང་ཟད་སྐྲད་ཆུ་སོའི་མཚམས་སུ་ནང་ཞིང་གང་སྟེ་རྒྱས་ཁ་ཟས་ཡང་བ་ཅུང་ཟད་ཟོས་ཀྱང་སྤོས་པ་བཞིན་དུ་འགྱུར་ཏེ། གསུས་པའི་གཉེན་མ་ནི
་རངས། རྩ་ནི་རྒྱས་དམུ་རྫིད་དུ་གྱུར་པའི་ནད་ཐམས་ཅད་འདྲ་སྟེ་མྱོས་ཤིང་སློང་བག་ཏུ་འགྱུར་ལ་ཁོང་པའི་དྲོད་ནི་དྲོ་བཤད་པའི་དྲི་མ་སྲི་ཞིང་འགགས་ན་དྲོང་ཆུང་བར་འགྱུར་རོ། །ལུས་ནི་ཚ་ཞིང་སྐྲང་ལ་གསུས་པ་ཆེར་སྐྱེས་ཏེ། འཇུག་ཏུ་ལྟོ་བའི
་ནང་དུ་འབྱུང་བར་འགྱུར་རོ། །དེ་ལ་དམུ་རྫིང་གི་ནད་རླུང་ལས་གྱུར་པའི་ཤས་ཆེན་ཤ་མདོག་སྨུག་སྐྲང་བ་མེད། གསུས་པ་ཁུར་ཐོགས་པ་བཞིན་ལྕི་བ་ཡིན་རྩ་མང་པོའི་དྲ་བ་སྐར་ཁུང་རིས་བཞིན་དུ་གསུངས་པ་བཀྲ། ལྟོ་བའི་ནང་ན་རྟག་པར
་སྒྲ་འུར་རུ་རུ་ཟེར། ལྟེ་བ་དང་རྒྱུ་མར་ཟུག་ཅིང་རབ་ཏུ་ན། རླུང་ནད་ལས་གྱུར་ན་སྙིང་དང་རྐེད་བ་དང་ལྟེ་བ་དང་གཞད་དང་ཆུ་སོ་གཡས་གཡོན་དུ་ཟུག་ཅིང་ན། དབུགས་ཐོར་དུ་སྒྲ་ཅན་དུ་འབྱུང། གཅིན་སྲི་སྟེ་ཅུང་ཟད་ཙམ་དུ་འབྱུང། ཕོ་བའི་དྲོད་ཧ་ཅང
་ཆེ་བ་ཡང་མ་ཡིན་ཏེ། ཁར་རོ་མི་བྲོ་བ་ཡང་མ་ཡིན་ཏེ། ཟས་ཡི་གར་འོང་ཞིང་འདོད་པ་ཡང་ཡོད་དེ་འདི་ལྟ་བུ་ནི་རླུང་ནད་ཀྱི་ཤས་ཆེ་བ་ལས་དམུ་རྫིད་དུ་གྱུར་པ་ཞེས་བྱའོ། །དེ་ལ་རླུང་ནད་ཀྱི་དམུ་རྫིད་ནི་ལག་པ་དང། གཞང་དང་ཕོ་མཚན་གྱི་འབྲས་བུ
་དང་ལྟོ་བ་འདི་རྣམས་སྤངས། ལྟོ་བའི་སྟོད་དང་ལྟོ་བའི་སྨད་དང་རྩི་བ་ལོགས་དང་རྐེད་པ་དང་རྒྱབ་དང། འདི་རྣམས་སུ་ན། རུས་པའི་ཚིགས་བྱེ་བ་སྙམ་བྱེད་ལུང་པ་རྐམ་ལུད་ཀྱིས་བཀར། ལུས་ཀྱི་ཡན་ལག་ན་རོ་སྨད་ལྕི། བཤད་བ་སྲི་ཞིང་འགག།
་ལུས་ཀྱི་པགས་པའི་ཤ། མདོག་དང། སྐྲ་དང་སེན་མོ་ལ་སོགས་པ་གནག་ལ་རྩ་དམར། གསུས་པ་བློ་བུར་དུ་རེས་འགའ་སྐྱེ། རེས་འགའ་ནི་འབྲི་གསུས་པ་ཟུག་ཅིང་ན། རྩ་ཕྲ་མོ་ཟུག་ཅིང་རྒྱས། གུས་པ་རྐྱལ་པ་བུས་པ་བཞིན་དུ་རྒྱས་ཏེ། གསུས་པ
་རྒྱས་ན་རྐྱལ?་པ་བུས་བ་རྡབས་པ་སྐད་ཟེར་ལ་ལྟོ་བའི་ནང་ཕན་ཚུན་ཡན་མན་ཀུན་དུ་རླུང་རྒྱུ་ལ་ན་ཞིང་ཟུག། དེ་ལ་མཁྲིས་པ་ལས་དམུ་རྫིང་དུ་གྱུར་པའི་ནད?་ཐབས་ནི། རིམས་ཀྱིས་འདེབས་བརྒྱལ་ཁོང་ཚ་སྐོམ་དང་ཆེ། ཁའི་ནང་ཚ་མགོ་འཁོར་ཚང་པར་རབ་ཏུ་འཁྲུ།
་པགས་པའི་ཤ་མདོག་དང་སེན་མོ་ལ་སོགས་པ་སེར་པོར་སྣང། གསུས་པའི་མདོག་ཀྱང་སེར་ལ། ལྟོ་པའི་རྩ་རྣམས་ཀྱི་མདོག་ཀྱང་སེར་ལ་ཟངས་ཀྱི་ཁ་དོག་བཞིན་དམར་ལུས་རྡུལ་ལ། ཚ་ཞིང་བསྲེགས་པ་སྙམ་བྱེད་ལ་ལུས་ཀྱི་དད་པར་འགྱུར་རེག་ན་འཇམ་མྱུར
་དུ་སྨིན་ཅིང་སྣགས་ཏེ་ཟག་པར་འགྱུར་རོ། །བད་ཀན་ལས་དམུ་རྫིད་དུ་གྱུར་པའི་ནད་ཐབས་ནི། རྐང་ལག་གི་ལྷུ་ཚིགས་ན། རྐང་ལག་ཚོར་པའི་བག་མེད་དེ་པེམ?་པོར་འདུག། གསུས་པ་སྐྲད་ལ་ལྕི་གཉིད་ཆེ་རྟག་ཏུ་སློན་ཟས་ཡི་གར་མི་འོང་དབུགས་མི་ཐད་དེ་ལུང་པ
་ལུ་པགས་པ་དང་སེན་མོ་ལ་སོགས་པ་མདོག་སྐྱ་བོར་འགྱུར། དམུ་རྫིད་སྐྱེས་པའི་ལྟོ་བ་སྲ་ཞིང་མཁྲད་ལ་འཇམ། གསུས་པའི་སྟེང་དུ་རྩ་དཀར་པོ་ཆེན་པོས་གང། གསུས་པ་བགས་ཀྱིས་ཆེར་སྐྱེས་ཏེ་སྲ་ཞིང་ཁྲང་ལག་བས་མྱངས་ན་གྲངས་གསུས་པ་ལྕི། རླུང་དང
་མཁྲིས་པ་དང་བད་ཀན་གསུམ་ཚར་འདུས་པ་ལས་དམུ་རྫིད་དུ་གྱུར་པའི་ནད་ཐབས་ནི། རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་དམུ་རྫིད་གི་ནད་ཐབས་བཤད་པ་སྟེ། དེ་ལྟ་བུའི་ནད་སྣ་ཚང་བའི་དམུ་རྫིད་དེ་ནི་འདུས་པའི་དམུ་རྫིད་ཞེས་ཀྱང་བྱ་སྟེ། འདུས་པའི
་དམུ་རྫིད་གི་ནང་དུ་གྱུར་པ་ནི་བུད་མེད་ཀྱི་ཁ་ཟས་ཀྱི་ནང་དུ་སྐྲ་དང། སེན་མོ་དང་དྲི་མ་དང། གནོད་པར་གྱུར་པའི་དབྱིག་དུག་དང། དུག་ལ་སོགས་པས་ཁོང་པ་ནད་དུ་ཁྲག་དང་ནད་རྣམས་བསགས་པས། གསུས་པ་ཡང་དམུ་རྫིད་ལྟར་སྐྱེས་ལ་ཁ་སྐམས་མགོ
་འཁོར་བརྒྱལ་བའི་ནད་ཐབས་ནི་འདུས་པའི་དམུ་རྫིད་གི་ནད་ཐབས་ཡིན་ཏེ། གྲང་ལྷགས་དང། རླུང་དང་ནམ་དམུས་ཙ?་ནད་ན་བར་འགྱུར། མྱུར་དུ་སྨིན་ཅིང་སྣགས་ཏེ་མི་ཟད་པས་ན་བར་འགྱུར་རོ། །དེ་ལས་མཆེར་བ་ལས་དམུ་རྫིད་དུ་གྱུར་བ་ནི་ཁ་ཟས་ཧ?
་ཅང་ཆེར་ཟོས་པས་ནང་དུ་འཁྲུགས་ཏེ་མི་བདེ་བ་དང། ཕན་ཚུན་དུ་སོང་ཞིང་དྲག་ཤུལ་ཆེར་བསྐྱོད་པ་བྱས་པས་བུད་མེད་ལ་ཧ་ཅང་དྲག་པ་དང། ལས་ཆེམ་པོས་དུབ་པ་དང། བཀྲུ་སྨན་དང་སྐྱུགས་སྨན་ལྟ་བུ་དྲག་པ་ལས་ལུས
་སྐ་སྟེ་མཆེར་པ་གློ་གཡོན་འདུག་པ་ཐུར་དུ་ལྷུར་ནས་མཆེར་པ་སྐྲངས་པ་འམ། ཁྲག་གིས་རྒྱས་སམ་ཡང་ན་ཟས་ཀྱི་བཅུད་ཁུ་བ་མ་ཞུ་བ་ཆེར་སྐྲངས་པ་རྡོ་བའི་ཏུན་བུ་བཞིན་སྲ་བར་འགྱུར་ཏེ། རུས་སྦལ་གྱི་རྒྱབ་བཞིན་དུ་སྔར་མཁྲང་བར
་གྱུར་པ་ལས་བགས་ཀྱིས་ཆེར་སྐྱེས་ནས་ལྟོ་བར་དམུ་རྫིད་ལྟར་ཆགས་པ་དང། ན་བའི་ཐབས་ནི་དབུགས་མི་བདེ། ལུད་པ་ལུ་སྐོམ་དང་ཆེ་ཁ་ཟས་ཁར་རོ་ཅི་བྲོ་མི་ཚོར་ལྟོ་བ་ཆེར་རྒྱས་ལ་ན་རིམས་ཀྱིས་འདབས། ཁ་དོག་གི་ཤ་མདོག་སྐྱ་བོ་རྦབ་རྦབ
་བོར་འདུག། བརྒྱལ་སློན་ཁོང་ཆེ་ཞིང་མྱོས་པ་དེ་ལྟ་བུར་འགྱུར་རོ། །རྩ་རྣམས་ནི་དམར་ཞིང་སྨུག་པ་འམ། སྔོ་ཞིང་སེར་ལ་མི་སྡུག་པ་དེ་ལྟ་བུར་འགྱུར་རོ། །བཤད་བ་ཐུར་དུ་འོད་དུ་མི་རུང་སྟེ། འགག་ཅིང་ན་གསུས་པ་ཆེར་སྐྱེས་པ་དང། མོང་མོང
་འོད་གྱུར་པ་དང། སྐོམ་དང་སྐྱེས་པ་དང། ཁོང་ཚ་ཞིང་རིམས་ཀྱིས་འདེབས་པ་དང། ལུས་ལྕི་ཞིང་ཟས་ཡི་གར་མི་འོང་བ་དང། གསུས་པ་རྒྱས་ཏེ་སྲ་བར་འགྱུར་བ་དང། འདི་ལྟ་བུའི་བྱེ་བྲག་ལས་མཆེར་པའི་དམུ་རྫིད་དེ་རླུང་དང་མཁྲིས་པ་འམ་བད་ཀན
་གྱི་ནད་གང་ཆེ་བ་ལས་མཚེར་པའི་དམུ་རྫིད་དང་འདྲ་བར་གློ་གཡས་ན་མཆིན་པ་འདུག་པ་དེ་ཡང་ཁ་ཟས་ཧ་ཅང་ཆེར་ཟོས་པས་ནང་དུ་འཁྲུགས་ཏེ་མི་བདེ་བ་དང། ཕན་ཚུན་དུ་སོང་ཞིང་དྲག་ཤུལ་ཆེར་བསྐྱོད་པ་བྱས་པ་དང། བུད་མེད་ལ་ཧ་ཅང
་དྲགས་པ་དང། ལས་ཆེན་པོས་དུབ་པ་དང། ལམ་རིངས་ཀྱིས་དུབ་པ་དང། བཀྲུ་སྨན་དང་སྐྱུགས་སྨན་ལྟ་བུ་དྲགས་པས་ལུས་ཤ་སྐེ་སྟེ། མཚན་པ་གཡས་ན་འདུག་པ་དེ་ཐུར་དུ་ལྷུང་ནས་མཆེད་པ་བཞིན་སྐྲངས་ཏེ་དམུ་རྫིད་དུ་འགྱུར་རོ། །དེ་ལ་བྱ་སྒྲོ
་དང་སྐྲ་དང་རྟ་རྔ་ལ་སོགས་པ་ཁ་ཟས་དང་འདྲེས་ཏེ། ཟོས་པ་དེས། རྒྱུ་མའི་ནང་མཁྲིས་ཏེ་འཁུམས་པས་བཤད་བ་ཀུན་ནང་དུ་འཁྱིལ་ཅིང་འགགས་པ་དང། གཞང་འབྲུམ་གྱི་ནད་ཀྱི་བཏབ་བམ། བཤང?་བ་འགགས་ཏེ་འབྱུང་དུ་མི་རུང་བ་འམ་ཁ་ཟས
་ཀྱིས་རྒྱུ་མའི་ནང་གི་ངོས་ལ་ཆགས་པས་མཁྲིས་པ་དང། བད་ཀན་དང་བཤང་གཅི་རྣམས་འགགས་ཏེ། འཁྱིལ་པས་རླུང་ཐུར་དུ་སེལ་བ་ཞེས་བྱ་བ་ཞིག་ལྟོ་ན་གནས་པ་དེ་འགགས་ཤིང་འཁྱིལ་བས་ནང་དུ་གྱུར་ཏེ། རླུང་ལུས་ཀྱི་ཁོང་ཚ་རིམས་ནད་ཀྱིས
་འདེབས་སྐོམ་བྲིད་པ་འབྱུང། ལུང་པ་ལུ་དབུགས་མི་བདེ་བླ་ན་ཀླང་པ་ན་སྙིང་ན་ལྟེ་བ་ན། གཞང་དང་འདི་རྣམས་ན་བས་བཤད་བ་འགག་ཅིང་འཁྱིལ་ཟས་ཡི་གར་མི་འོང། སློན་ལྟོ་བའི་ནང་དུ་རླུང་སྒྲ་འུར་རུ་རུ་ཟེར། རྩ་ཀུན་རྒྱས་ཏེ་སྔོ་ལ་སྨུག་།ལྟེ་བའི
་གོང་དུ་བ་མཇུག་འདྲ་བཤུར་ཤུར་པོ་སྣང་བའི་ཧེན་གྱི་འབྱུང་བ་འདི་ནི། སྐྲ་དང་རྟ་རྔ་ལ་སོགས་པ་རྒྱུ་མའི་ནང་དུ་མཁྲིས་པའི་དམུ་རྫིད་ཞེས་བྱའོ། །དེ་ལ་རྒྱུ་མ་རལ་པ་ལས་དམུ་རྫིད་དུ་གྱུར་པ་ནི་རྣམ་པ་གཉིས་ཏེ། ཁ་ཟས་དང་རུས་པ་རྣོན་པོས་སམ།
་གསེག་མ་རྣོད་པོའི་བག་དང་འདྲེས་པས་རྒྱུ་མ་རྡོལ་བ་འམ། ཧ་ཅང་མ་འོང་བར་དྲགས་ཆེས་པས་རྒྱུ་མ་གས་པར་གྱུར་པ་དེ་ལྟ་བུ་ལས་ཁོང་པའི་ནད་དུ་ཡང་ཁ་ཀྱི་སྙགས་སྙིགས་དང། བེའུ་རྣབས་སུ་བཅས་ཏེ་ལུག་པར་གྱུར་པ་དང། ཐུར་དུ་ཡང་བཤང
་བ་ཉུང་ཤས་ཉུང་ཤས་མནམ་པོ་ཤེའུ་རུལ་ལྟ་བུ་སྤྱི་བག་ཏུ་འབྱུང་བ་མདོག་དམར་སེར་ཅན་དུ་འབྱུང་སྟེ། དེ་ལྟ་བུས་ལྟོ་བའི་ནང་ཡང་གང། ཐུར་དུ་ཡང་འདི་བཞིན་དུ་འབྱུང་སྟེ། ལྟེ་བ་མན་ཆད་ལྟེ་བ་ཆུས་གང་བ་བཞིན་ཆེར་སྐྱེ་ལ་ལུས་ཀུན་ཁྱབ།
་དབུགས་མི་བདེ་སྐོམ་དང་ཆེ། མགོ་འཁོར་བ་འདི་ལྟ་བུའི་ནད་ཐབས་ནི་རྒྱུ་མ་རྡོལ་བའི་དམུ་རྫིད་ཞེས་བྱའོ། །ཡང་ཁ་ཅིག་ན་རེ་ནད་དེ་ལྟ་བུ་ལ་རྒྱུ་མ་ཟག་པའི་དམུ་རྫིད་ཞེས་ཀྱང་ཟེར་རོ། །དེ་ལ་དམུ་ཆུའི་དམུ་རྫིད་ཞེས་བྱ་བ་ནི། སྣུམ་བག་ལ་སོགས་པ་རྟག་ཏུ་འཐུང
་བ་ལ་ཞུགས་པ་དང། འཕྲལ་དུ་ཆུ་མང་དུ་འཐུངས་པ་དང། ཧ་ཅང་ཆུ་མ་འོས་པར་དྲག་ཏུ་འཐུངས་པ་དང། འདི་ལྟ་བུས་ཁོང་པའི་དྲོད་བྲི་སྟེ་ཕོ་བའི་དྲོད་ཆུང་བ་དང་ཡང་ན་ཧ་ཅང་སྐོམ་པར་གྱུར་པ་འམ། འདི་ལྟ་བུའི་ཁོང་གྲང
་ཞིང་རླུང་བག་ཆེར་སྐྱེས་པས་བད་ཀན་དང་ཆུ་འདྲེས་པ་འཁྱིལ་ཏེ་རྫིངས་པ་ལས་ཇེ་ཆེ་ཇེ་ཚར་སྐྱེས་པ་དེ་ཉིད་དམུ་རྫིང་ཞེས་བྱའོ། །དེ་ལྟ་དམུ་རྫིང་དུ་གྱུར་པ་དང། སྐོམ་དང་ཆེ། རྐུབ་ཏུ་ཆུ་ཟག་ཅིང་ན། ལུད་པས་བཀར་དབུགས་མི་བདེ་ཟས་ཡི
་གར་མ་འོང། རྩ་རྣམས་མདོག་སྣ་ཚོགས་སུ་བཀྲ་ལ་རྒྱས་ཤིང་གང། གསུས་པ་ལ་མྱངས་ཤིང་ལྟས་ནི་རྒྱལ་པ་ཆུས་གང་བ་བཞིན་འདུག་ལ། བསྐྱོད་ན་ཁོང་ན་སྐྱོག་སྐྱོག་ཟེར་ལུས་འདར། དེ་ལྟར་གསུས་པ་དང་དམུ་རྫིང་དུ་གྱུར་ན་ཆེ་ལ་འཇམ
་སྲ་ལྟེ་བའི་ཐར་ཀར་ཟླུམ། ནད་འདི་ལྟ་བུ་ལ་དཔྱད་མི་བྱེད་ཅིང་མི་གསོ་བར་ཡལ་བར་བོས་ན་དཀྱེལ་སྐྱེས་ཏེ། ཁོང་དུ་རུལ་ཏེ་སྣགས་ན་རྣག་སླ་མོར་ཟག་ལ་རུས་པའི་ཚིགས་དང་རྩ་ཀུན་གྱི་ནང་དུ་ཡང་འགྲོ། ཁར་ཡང་འབྱུང་ལུས་ཀྱི་རྡུལ་དུ
་ཡང་འབྱུང་ངོ། །ཡང་དབུ་རྫིང་དེ་གལ་ཏེ་ཐུར་དུ་འབྱུང་དུ་མི་རུང་ཞིང་འགགས་ན་རྒྱུ་མའི་ནད་དུ་འཁྱིལ་ཏེ། ལྟོ་བ་གཡས་གཡོན་དུ་ཐད་ཀར་གང་ཞིང་འདུག་གོ་།དེ་ལྟར་གྱུར་ན་གསུས་པ་ལྕི་ལ་སྲ་ཞིང་ཟླུམ་།བརྡབས་ན་སྒྲ་འབྱུང་གསུས
་པ་མདོག་འཇམ་གསུས་པའི་རྩ་མི་སྣང་སྟེ་ལྟེ་བའི་ཐད་ཀར་བསྐུལ་ན་མེར་མེར་བྱེད་དེ་འདི་ལྟ་བུའི་ནད་ནི་ཆུའི་དམུ་རྫིང་ཞེས་བྱའོ། །དེ་ལྟར་དམུ་རྫིང་གི་ནད་རྣམ་པ་དེ་སྙེད་ལ་གསོ་དཀའ་སླའི་བྱེ་བྲག་ནི། རླུང་ལས་དམུ་རྫིང་དུ་གྱུར་པ་དང།
་མཁྲིས་པ་ལས་དམུ་རྫིང་དུ་གྱུར་པ་དང། དེ་བཞིན་དུ་བད་ཀན་ལས་དམུ་རྫིང་དུ་གྱུ་པ་དང། འདུས་པ་ལས་གྱུར་པ་དང། མཆེར་པ་ལས་གྱུར་པ་དང། ཆུ་ལས་དམུ་རྫིང་དུ་གྱུར་པ་དང། འདི་རྣམས་ནི་གོང་མ་བས་འོག་མ་རིམ་བཞིན་དུ
་གསོ་དཀའ་ཨོ། །དེ་ལྟར་དམུ་རྫིང་ངོ་ཅོག་གི་ནང་ནི། ཟླ་བ་ཕྱེད་ལོན་ཕན་ཆད་དམུ་རྫིང་གི་ནད་ཡིན་པར་རྟོགས་པར་འགྱུར་རོ། །འདུས་པའི་དམུ་རྫིང་དང་ལྟོ་བར་ཆུ་འཁྱིལ་བའི་དམུ་རྫིང་དང། དམུ་རྫིང་ལྟ་བར་གྱུར་པ་ལས་ནད་བརླ་བརྙན་ལྟ་བུས
་བཏབ་པ་དང། དམུ་རྫིང་གི་ནད་གང་ཡང་རུང་མི་འཚོ་བར་འགྱུར་བའི་འཆི་ལྟས་བྱུང་བ་དང། དང་པོ་སྐྱེས་པ་ནས་དམུ་རྫིང་དུ་གྱུར་པའི་འདི་རྣམས་ལྟ་བུ་ནི་གསོ་དཀའ་ཨོ། །དེ་ལ་གསོ་སླ་བ་ནི་དམུ་རྫིང་གསར་དུ་བྱུང་བ་དང། ཆུའི་དམུ་རྫིང་ལྟ་བུར
་གྱུར་པ་དང། ནད་པའི་ཉམས་བཙག་གིས་ཐུབ་པ་དང། གསོས་དང་སྨན་དཔྱད་དུ་ཡང་རུང་བ་འདི་རྣམས་ལྟ་བུ་ནི་གསོ་སླའོ། །དམུ་རྫིང་རྣམ་པ་བརྒྱད་བཤད་པ་སྟེ། ལེའུ་བཅུ་གཉིས་པ་རྫོགས་སོ།། །།སྐྱ་རྦབ་དང། འོར་ནད་དང། མེ་དཔལ
་གྱི་ནད་གཞི་བསྟན་པ་སྟེ་ལེའུ་བཅུ་གསུམ་པ་བཤད་པར་བྱའོ། །དེ་ལ་སྐྱ་རྦབ་ཀྱི་ནང་གི་སྔར་ཇི་སྐད་བཤད་པ། ཁ་ཟས་ཚ་བ་དང། སྐྱུར་བ་དང། ལན་ཚ་ལ་སོགས་པ་དེ་ལྟ་བུས་མཁྲིས་པའི་ནད་ལྷག་པར་སློང་བར་བྱེད་པས་མཁྲིས་པའི་ནད་ཆེར
་ལངས་པ་དང། མཁྲིས་པ་སྙིང་ལ་གནས་པ་དེ་རླུང་གི་སྟོབས་ཀྱིས་རྩ་ཆེན་པོ་བཅུའི་ནང་དུ་བཀྲམ་ཏེ་གྱེས་ནས་ལུས་ཐམས་ཅད་དུ་ཕྱེ་བ་སྟེ། བད་ཀན་དང། པགས་པ་དང། ཁྲག་དང། ཤ་རྣམས་ཀྱི་ནང་དུ་ཞུགས་ཏེ་གནོད་པའི་ནང་དུ་གྱུར་ན། མཁྲིས
་པ་དང་ཤ་པགས་པའི་ནང་ན་བརྟེན་ཅིང་འདུག་པ་དེས་པགས་པའི་མདོག་ཀྱང་འགྱུར་ཏེ་སྐྱ་བ་སེར་བ་ལྗང་སྔོན་གྱི་བག་ཡོད་པ་དེ་ནི་སྐྱ་རྦབ་ཀྱི་ནད་ཅེས་བྱ་སྟེ། ཁ་དོག་དེ་གསུམ་གྱི་ནང་ནས་སྐྱ་བའི་ཤས་ཆེ་བས་དེའི་ཕྱིར་སྐྱ་རྦབ་ཀྱི་ནད་ཅེས་བྱ་བའོ།།
་དེའི་ཕྱིར་ནད་དེས་ལུས་ལྕི་བ་དང། སྲོག་ཟུངས་ཀྱི་ཁམས་རྣམས་ལྷོད་པ་དང། མདངས་དང་ཡོན་ཏན་ཡང་ཟད་པས། ཁྲག་དང་ཚིལ་རྣམས་ཀྱང་བྲི་སྟེ། ཆུང་གུ་གྱུར་ལུས་ཀྱི་སྙིང་པོ་ཡང་མེད། དབང་པོ་རྣམས་ཀྱང་ལྷོད་ལུས་ཀྱི་ཡན་ལག་ཀྱང་བརྡུང
་བརྡུང་བ་སྙམ་བྱེད། ནད་པ་དེ་ཉམས་ལ་སྙིང་ག་ན་ཟག་པ་སྙམ་བྱེད། མིག་དང་མིག་ཕུགས་སྐྲངས། ཉམས་ལ་བྱིང་བ་སྙམ་བྱེད་ཅིང་ན། མཆིལ་མ་མང། གཅོམ་ཆུང་སྟེ་མང་དུ་སྨྲ་མི་ཕོད་ཁ་ཟས་ལ་ཆིག་པ་ཟ་ཞིང་མི
་འདོད། གྲང་བའི་བག་མི་བཟོད། བ་སྤུ་རྣམས་ཀྱི་ཕོ་བའི་དྲོད་ཉམས། དབྱི་མན་ཆད་རོ་སྨད་ཐུར་དུ་བྱིང་བ་སྙམ་བྱེད་དེ་ལྕི། རིམས་ཀྱི་འདེབས་དབུགས་མི་བདེ། རྣ་བ་འབོད་ཅིང་སྒྲ་ཙིར་རི་རི་ཟེར། ཁོང་ངལ་མགོ་འཁོར་ཏེ། སྐྱ་རྦབ་ཀྱི་ནད
་ཐབས་སྤྱི་ནི་དེ་ལྟ་བུ་ཡིན་ནོ། །སྐྱ་རྦབ་ཀྱི་ནད་དེ་ཡང་རྣམ་པ་ལྔ་སྟེ། རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་པ་དང། ས་ཞག་ལྟ་བུ་ཟོས་པ་ལས་སྐྱ་རྦབ་གྱུར་པ་རྣམ་པ་དེ
་ལྔའོ། །སྐྱ་རྦབ་ཀྱི་ཐོག་མའི་ནད་ཐབས་ནི་སྙིང་འཕར། པགས་པའི་ཤ་མདངས་རྩུབ་ཡིག་འཆུས་གཅིན་གྱི་མདོག་སེར་རྡུལ་མེད་ཁོང་པའི་ཕོ་བའི་དྲོད་ཆུང་ཉམས་བྱིངས་སྟེ་ཁོང་ངལ་ལོ། །རླུང་ནད་ལས་གྱུར་པ་སྐྱ་རྦབ་ཀྱི་ནད་ཐབས་ནི
་ལུས་ཀུན་ན་ཞིང་ཟུག་ལ་འདར། མདོག་གནག་ཅིང་རྩུབ། རྩ་རྣམས་དང་སེན་མོ་དང་མིག་བཤང་གཅིག་རྣམས་ཀྱི་མདོག་སྣུག་ལུས་ནི་སྲང། ལྟོ་བ་ནི་ཞིང་སྦོ། ཁ་རོ་བྲོ་བ་མི་ཚོར། རྟུག་སྐམ་དུ་འབྱུང། རྩིབས་ལོགས་དང། ཀླད་པའི་སྤྱི
་བོར་ཟུག་ཅིང་ན་བ་དེ་ལྟ་བུ་ཡིན་ནོ། །མཁྲིས་པ་ལས་སྐྱ་རྦབ་ཏུ་གྱུར་པའི་ནད་ཐབས་ནི་རྩ་དང་སེན་མོ་དང་མིག་ལ་སོགས་པའི་མདོག་ལྗང་སྔོན་ལས་རྩ་སེར་པོར་སྣང། རིམས་ནད་ཀྱིས་འདེབས་དབུགས་མི་བདེ་སྟེ་མུན་པ་བཞིན་མུགས་ཤེས
་བྱེད་པ་དང། སྐོམ་དང་སྐྱེ་ལུས་རྡུལ། བརྒྱལ་ཉམས་ལ་བསིལ་པའི་བག་འདོད་ལུས་མནམ་སྟེ་དྲི་མི་ཞིམ། ཁའི་ནང་ཚ། ཐུར་དུ་འཁྲུ་སྒྲེགས་པ་སྐྱུར་ལ་ཚ་བར་འབྱུང་བ་འདི་ལྟ་བུ་ཡིན་ནོ། །བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ཐབས་ནི་རྩ་དང
་སེན་མོ་ལ་སོགས་པའི་མདོག་དཀར་པོར་སྣང། ཉམས་གློ་བག་ཏུ་འདུག་།ཁའི་ནང་ལན་ཚའི་རོ་བྲོ། བ་སྤུ་རྣམས་ལངས་ཏེ་བརྩེ། སྐད་འགག་ལུད་པ་དཀར་སློན་པར་བྱེད་དོ། །འདུས་ལ་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ཐབས་ནི་རླུང་དང་མཁྲིས་པ་དང
་བད་ཀན་གསུམ་གྱི་སྐྱ་རྦབ་ཀྱི་ཐབས་ཀྱི་སྣ་གྲངས་འདྲེས་པར་ན་ལ་ཚབས་ཆེ་སྟེ་མནག་པར་དཀའ་བ་དེ་ལྟ་བུ་ཡིན་ནོ། །ས་ཞག་སྦྱིན་པོ་ཟོས་པ་ལས་སྐྱ་རྦབ་ཀྱི་ནད་ཐབས་སུ་གྱུར་པ་ནི། ས་ཞག་རོ་བསྐ་བ་ཟོས་ན། རླུང་ནད་ཀྱི་སྐྱ་རྦབ་ཏུ་འགྱུར་རོ།།
་ཚ་པྲོ་བའི་ས་ཞག་ཟག་ཟོས་ན། མཁྲིས་པའི་ནད་ཀྱི་སྐྱ་རྦབ་ཏུ་འགྱུར་རོ། །ས་ཞག་རོ་མདར་བ་ཟོས་ན་བད་ཀན་གྱི་ནད་ཀྱི་སྐྱ་རྦབ་ཏུ་འགྱུར་རོ། །དེ་ལྟར་ས་དེ་ལྟ་བུའི་བག་ཟོས་པས་ལུས་ཀྱི་སྲོག་ཟུངས་རྣམས་ལ་གནོད་པའི་ནད་འགྱུར་བར་བྱེད་དོ། །ཁམ
་པའི་ས་ཞག་རྩུབ་མོ་ཟོས་ན་ལུས་ཀྱང་རྩུབ་པར་འགྱུར་ལ། ནང་གི་རྒྱུ་མ་ཡང་བཙོས་པ་སྙམ་བྱེད་ཅིང་གང་ལ། ཁོང་པ་ནང་དུ་འགགས་ཏེ་ནང་ཐབས་ནི་གོང་མ་དང་འདྲའོ། །དེ་ལྟར་ཁམ་པའི་ས་ཞག་ཟོས་པས་རྐང་པ་དང། ལྟེ་བ་དང། ཁ་དང་པོ་མཚན་རྣམས
་སྐྲད། བཤང་བ་ཐུར་དུ་སྲིན་བུ་ཅན་དུ་འབྱུང་ཞིང། བཀྲུ་བག་དང་འདྲ་བར་འོད། ཁར་བད་ཀན་དང་ཁྲག་ཏུ་འདྲེས་པར་འོང་ངོ། །སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པའི་ནད་དེ་ལ་།མཁྲིས་པས་སྐྱེ་བར་འགྱུར་བའི་ཁ་ཟས་བསྟེན་ན་མཁྲིས་པའི་ནད་ཆེར་སྐྱེས
་པས་།ཁོང་བའི་ནད་གྲོལ་དང། ལུས་ཀྱི་ཡན་ལག་གི་ཤ་ཁྲག་རྣམས་མཁྲིས་པ་ལས་བསྲེགས་ནས། མིག་སེར་གྱི་ནང་དུ་འགྱུར་ཏེ་མིག་དང་གཅིན་དང། པགས་པ་དང། སེན་མོ་དང། ཁ་གདོང་དང། བཤད་པ་རྣམས་ཀྱིས་མདོག་སེར་པོར་སྣང། ལུས
་ཚལ་ཟས་མི་འཇུ་སྐོམ་དང་ཆེ། ལུས་ཀྱི་མདོག་ནི་སྦལ་པ་བཞིན་སེར་པོར་སྣང། དབང་པོ་རྣམས་ཉམས་པ་འདི་ལྟ་བུ་ཡིན་ནོ། །མཁྲིས་པའི་ནད་རྒྱུས་ན། །སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པར་མིག་སེར་གྱི་ནད་ཀྱིས་འདེབས་སོ། །འོར་ནད་ཀྱིས་བཏབ་པ་ཞིག་ལ་དཔྱད
་མི་བྱེད་པར་ཡལ་བར་བོར་ན་ལུས་ཕྱོགས་སུ་ཆེར་སྐྲང་སྟེ། ནད་གསོ་དཀའ་བ་མིག་སེར་འོར་ཐབས་ཞེས་བྱ་བ་དེ་ལྟ་བུར་འགྱུར་རོ། །མིག་སེར་འོར་ཐབས་ཀྱི་ནད་དེ་ལ་དཔྱད་འཕྱིས་ན། ནད་ཧ་ལི་མ་ཞེས་བྱ་བར་འགྱུར་ཏེ། དེའི་ནད
་ཐབས་ནི་གདོང་པ་དང། ཤ་མདོག་ལྗང་ནག་སེར་བར་སྣང་སྟེ། རླུང་དང་མཁྲིས་པ་གཉིས་ཀྱི་ནད་ཀྱིས་མགོ་འཁོར། སྐོམ་དང་ཆེ་བུད་མེད་ལ་འདོད་པའི་བག་མེད། རིམས་ནད་ཀྱིས་ཅུང་ཟད་འདེབས་ཁོང་སྙོམ། །ཉམ་ཆུང་ཕོ་བའི་དྲོད་བྲི། ཁྲག
་ངན་པ་ནད་ཁྲག་ཏུ་འགྱུར། ཟས་མ་ཞུ་བའི་ཚུལ་དུ་དབོ་ལ། མི་སློན་མི་འཁྲུ་བ་དེའི་ཚེ་ན། ནད་དེ་ནི་ཧ་ལི་མ་ཀ་ཞེས་བྱ་སྟེ། མིག་སེར་གྱིས་ནད་འདི་རྣམས་ཀྱང། སྐྱ་རྦབ་ཀྱི་ནད་ལས་དཔྱད་འཕྱིས་པའི་བརླ་བརྙན་དང་མིག་སེར་གྱི་ནད་རྣམས་ལྟ་བུར
་འགྱུར་རོ། །མིག་སེར་གྱི་ནད་དེ་ལྟ་བུ་ལས་དཔྱད་འཕྱིས་ཏེ། བྱིང་ན་མིག་སེར་གྱི་ནད་དེ་དག་གི་བརླ་བརྙན་གྱི་ནང་ན་གཙོར་ནི་འོར་ནད་དུ་འགྱུར་བའི་ནད་མང་བས་དེའི་ཕྱིར་འདིའི་རྗེས་ལ་འོར་ནད་ཀྱི་དམིགས་བསྟན་ཅིང་བཤད་དེ། འོར་ནད་དེ་ཡང
་ཇི་ལྟ་བུ་ལས་འབྱུང་ཞེ་ན། མཁྲིས་པ་དང་ཁྲག་དང། བད་ཀན་ལས་རླུང་གི་ནད་བསླང་སྟེ། འདུས་པའི་ནད་དཀྱེལ་དུ་བསགས་པ་དེ་ཡང། རླུང་ནད་ཀྱིས་རྩ་རྣམས་ཀྱི་ནད་འཕྲོས་ཏེ། གྲམ་པ་ལས་རྩ་འགགས་ནས་ཤ་དང་པགས་པའི་ནང་དུ
་ཞུགས་ཏེ། སྒྲང་ལ་འཁྲད་བར་འགྱུར་པ་དེ་ནི་འོར་ནད་ཐམས་ཅད་ཀྱི་ཚུལ་ཡིན་ནོ། །འོར་ནད་དེ་ཡང་ནད་བཞིའི་བྱེ་བྲག་དང། ནད་ཐབས་ཀྱི་བྱེ་བྲག་ལས། འོར་ནད་རྣམ་པ་དགུར་ཡང་བཤད་དེ། དེ་ནི་རླུང་དང་མཁྲིས་པ་དང། བད་ཀན་ལས་གྱུར་པའི
་འོར་ནད་སྣ་གསུམ་དང། རླུང་དང་མཁྲིས་པ་དང་བད་ཀན་ནང་གཉིས་གཉིས་སུ་འདྲེས་པའི་འོར་ནད་སྣ་གསུམ་དང། འདུས་པའི་འོར་ནད་དང་དུག་གིས་ཕྱོག་པའི་འོར་ནད་རྣམ་པ་དགུའོ། །ཡང་ན་རྟག་ཏུ་འོར་ནང་དུ་སྐྲང་བ་དང། བློ་བུར་དུ་འོར
་ཐབས་སུ་སྐྲང་བ་དང་གཉིས་སོ། །ཡང་ལུས་ཐམས་ཅད་འོར་ཐབས་སུ་སྐྲང་བའི་ནད་དང། ཡན་ལག་རྐང་ལག་བསྐྲང་བའི་འོར་ནད་རྣམ་གཉིས་སོ། །ཡང་འོར་ནད་རྣམ་པ་གསུམ་ཡོད་དེ། ཕྱོགས་སུ་རྒྱས་པར་ཁྱབ་པའི་འོར་ནད་དང། མི་ན་བར་གློ་བུར་སྐྲང
་བའི་འོར་ནད་དང། མདུད་པ་བཞིན་འབར་འབུར་དུ་སྐྲང་བའི་འོར་ནད་ཀྱི་བྱེ་བྲག་རྣམ་པ་གསུམ་མོ། །དེ་ལྟར་སྣ་ཚོགས་རྣམ་པ་འདི་ནི་འོར་ནད་དོ་ཅོག་གི་སྤྱིའི་ནད་དུ་འགྱུར་བའི་གཞི་ལས་འབྱུང་ངོ། །དེ་ལ་འོར་ནད་སོ་སོའི་ནད་གཞིའི་རྒྱུ་ཐ་དད་པ
་ཡིས། །འོར་ནད་སོ་སོར་འགྱུར་བ་ནི་འོར་ནད་དུ་འགྱུར་བའི་ནད་ཀྱིས་བཏབ་པ་དང། ལས་དང། ཟས་སྨྱུང་བ་ལ་སོགས་པ་བྱས་པ་དང། རིང་ཅིང་ཉམ་ཆུང་ལ། ཟས་སླ་བག་ཟོས་པ་དང། ཟས་ཀྱི་ཆོད་ཧ་ཅང་དྲགས་པ་དང། ཡང་ཟས་སྤྱི་པག་དང། སྐྱུར་བག་དང
་སྣུམ་བག་དང། བསིལ་བག་དང། ལན་ཚ་ཆེས་པ་དང། ཐལ་སྨན་རྣོན་པོ་ཀྵར་ལྟ་བུ་བཏང་བ་དང། ཟས་ཚ་བག་ཧ་ཅང་དྲོད་ཆེས་པ་དང། མྱ་ངན་གྱིས་བཏབ་པ་དང། ཆུ་མང་དུ་འཐུངས་པ་དང། ཉིན་པར་ཉལ་ཞིང་མཚན་མོ་མི་ཉལ་བ་དང།
་ཁམས་སྦྱིན་པོ་ཟོས་པ་དང། གྲོང་ཁྲོད་ན་གནས་པ་བྱ་ཕག་ལ་སོགས་པའི་ཤ་ཟ་བ་དང། ཤ་སྐམ་ཟ་བ་དང། ཟས་མ་ཞུ་བ་དང། ཁོང་ངལ་བ་དང། བུད་མེད་ལ་དྲགས་པ་དང། རྐང་པས་ལམ་རིང་པོར་སོང་སོང་པ་དང། རྟ་མི་བདེ་བ་ལས
་ལུས་གསོགས་པ་དང། དབུགས་མི་བདེ་བ་དང། ལུད་པས་བཀར་བ་དང་ཚད་པས་བཏབ་པ་དང། གཞང་འབྲུམ་གྱི་ནད་དང། ལྟོ་བའི་ནད་དང། མངལ་ནས་ཁྲག་ཟག་པ་དང། རིམས་ནད་ཀྱིས་བཏབ་སྤོས་ཏེ་ཟུག་པ་དང། སྤོས་ཏེ་འཁྱིལ་ནས
་མི་སློན་མི་འཁྲུ་བ་དང། སློན་པ་དྲགས་པ་དང། བུད་མེད་སྤྲུམ་པ་དང། མེ་དཔལ་གྱི་ནད་ཀྱིས་བཏབ་པ་དང་སྐྱ་རྦབ་ཀྱི་ནད་དང། འདི་ལྟ་བུའི་བག་གཞན་ཡང་ལུས་ལ་གནོད་པར་གྱུར་བ་ལོག་པར་བསྟེན་པ་བྱས་པས་འོར་ནད་ཀྱི་དཀྱེལ་འབྲས
་བུ་འདུས་ཤིང་བབས་ན། རོ་སྟོད་ཡན་ཆད་འོར་ནད་སྐྲང་ངོ། །རོ་སྨད་དུ་ཆུ་སོར་ནད་བབས་ཏེ་དཀྱེལ་དུ་ཞུགས་ན། རོ་སྨད་མན་ཆད་སྐྲང་ངོ། །རྐེད་པར་བབས་ན་ལུས་ཀྱི་བར་རྐེད་པའི་འཁོར་སྐྲང་ངོ། །འོར་ནད་ལུས་ཀུན་དུ
་ཞུགས་ན་ལུས་ཐམས་ཅད་སྐྲང་ངོ། །ལུས་ཀྱི་ཡན་ལག་རྐང་པ་འམ་ལག་པ་ལ་བབས་ན་ཡན་ལག་ཏུ་སྐྲང་ངོ། །དེ་ལྟར་འོར་ནད་ཀྱིས་འདེབས་ན་ནད་ཐབས་སྔར་རྩ་རྣམས་ཚ། ལུས་དང་རྐང་ལག་ལྕི་བ་དེ་བ་རྣམས་ལྟར་བྱེད་?། དེ་ལས
་གྱུར་པའི་འོར་ཐབས་ནི་སྐྲང་པ་མལ་གཅིག་ཏུ་མི་སྐྲང་བར་ཕན་ཚུན་དུ་འཕོ་ལ་ལུས་དང་བ་སྤུ་རྩུབ་ཤ་མདོག་རྩ་གནག་ལ་དམར། ལུས་ཀྱི་པགས་པ་འཁུམ་རྐང་ལག་འདར། བ་སྤུ་རྩེ་ཞིང་?་མཐང་ལ་རེག་ན་ན་ཞིང་མི་བདེ་གླུག?་ལ
་རུས་པ་ཀུན་ཁ་བྱེ་བ་འམ་ཆག་པ་ཙམ་དུ་ན་ཤ་མདངས་བེམ་བེམ་པོར་འགྱུར་ཏེ་རེག་པ་མི་ཚོར། ནད་མྱུར་དུ་ལྡང་ཞིང་མྱུར་དུ་ནི། སྐྲངས་པའི་སྟེང་དུ་མནན་ཅིང་བཙིར་ན་ཁུང་བུ་དོར་ཞེས་འབྱུང། ཏིལ་གྱི་འབྲུ་མར་རམ། འབྲི་མར་ལྟ་བུ
་རྦོན་པོར་བྱས་ཏེ། བསྐུ་ཞིང་མཉེས་ན་ཞི་བར་འགྱུར་རོ། །མཚན་མོ་སྐྲང་པ་ནི་བྲི་ཉིན་པར་ནི་སྐྲང། པགས་པའི་ཤ་མདངས་ཡུངས་མར་ཕྱིས་བསྐུས་པ་བཞིན་ཚ་བར་བྱེད་ཤ་མདངས་ཀྱི་མདོག་ནི་རྩ་སེར་དམར་གྱི་མདོག་ལ་ནག་པོར་སྣང
་ངོ། །མཁྲིས་པ་ལས་འོར་ནད་དུ་གྱུར་པའི་ནད་ཐབས་ནི་པགས་པ་དང་བ་སྤུ་ཟངས་མདོག་ཏུ་སྣང། སྐྲང་བ་མྱུར་དུ་ལུས་ལ་མཆེད་ཅིང་མྱུར་དུ་ཞན། སྔར་ལུས་ཀྱི་རྐེད་པར་འོར་ནད་འབྱུང། སྐོམ་དང་ཆེ། ལུས་ཚ་རིམས་ནད་ཀྱིས་འདེབས་ལུས་རྡུལ། ལུས་རྡུལ
་བག་ཏུ་མནམ། མྱོས་བག་ལ་མིག་འཁོར། གྲང་ཞིང་བསིལ་བའི་བག་འདོད། ཚད་པར་ཐུར་དུ་འཁྲུ་ཞིང་མནམ། ཤ་མཐང་ལ་རེག་ན་མི་བཟོད་ལ་མདོག་འཇམ་མོ། །བད་ཀན་ལས་འོར་ནད་དུ་གྱུར་པའི་ནད་ཟབས་ཀྱི་ལུས་གཡའ། ཤ་མཐང་དང། བ་སྤུ
་རྣམས་མདོག་དཀར། ཤ་མཐང་ཁོང་མཁྲང་ཞིང་གྲང་ལ་ལྕི། མདོག་སྣུམ་འཇམ། ན་བ་ལ་ལྡང་དུབ་མེད་པར་རྟག་།བློང་པག་ཏུ་འདུག་ལ་གཉིད་ཆེ། སློན་པོ་པའི་མེ་དྲོད་ཉམས། སྐྲངས་པའི་སྟེང་དུ་མནན་ན་ཁུང་བུ་ལྕོངས་ཤེས་བྱེད། བད་ཀན་གྱི་འོར
་ནད་འདི་འབྱུང་བ་ཡང་དཀོན་བྱུང་ན་ཡང་གསོ་དཀའ་མཚན་མོ་ནི་ཚབས་ཆེར་སྐྲང། བད་ཀན་གྱི་འོར་ནད་ལ་གཏར་ཀ་བཏབ་ན་ཡང། ཁྲག་མྱུར་དུ་མི་ཕྱིན་དྲོ་ཞིང་ཚ་བའི་བག་རེག་ན་དགའ་ཨོ། །རླུང་དང་མཁྲིས་པ་དང། བད་ཀན་ལྟ་བུ་གཉིས་གཉིས་སུ་འདྲེས
་པའི་ནད་ཐབས་ནི་བད་ཀན་དང། མཁྲིས་པའི་འོར་ན་སྣ་གཉིས་ཀྱི་ནད་ཐབས་སུ་ན་བ་ཡིན་ནོ། །འདུས་པའི་འོར་ནད་ཀྱི་ནད་ཐབས་ནི་རླུང་དང་མཁྲིས་པ་དང། བད་ཀན་གྱི་འོར་ནད་སྣ་གསུམ་གྱི་ནད་སྣ་ཚང་བའི་ནད་ཐབས་སུ་ན་བ་ཡིན་ན། དེ་ལ་སྣུད་པའི
་འོར་ནད་ཀྱིས་ནད་ཐབས་ནི་མཚོན་ལ་སོགས་པས་ཆོད་དམ་དྲལ་ཏམ། རྨས་སམ་ལྷགས་པ་འམ་ཁ་བས་རུལ་ཏམ་མེས་ཚིག་གམ། མཚོར་ཞུགས་ཏེ་ལུས་སྐྲངས་སམ། བསེ་རྩིའི་འབྲས་བུ་གོ་བེ་འམ། སྨན་ཀ་བི་ཀ་རྩུ་འམ། གྲམ་ལ་སོགས་པས
་རེག་ཅིག་ཕོག་ན་སྐྲང་བ་མཆེད་པར་འགྱུར་ཏེ། མདོག་དམར་པོར་སྣང་ལ་རབ་ཏུ་ཚ་སྟེ། འདི་ལྟ་བུ་སྣང་བའི་རྣམས་ནི་ཚང་མ་མཁྲིས་པའི་བག་ཏུ་གཏོགས་སོ། །དུག་གིས་ཕོག་པའི་འོར་ཅེས་བྱ་བ་ནི་སྲོག་ཆགས་གདུག་པའི་བག་ལུས་ལ་སོང་བའི་གཅིན
་གྱིས་ཕོག་པ་དང། སོ་དང་མཆེ་བ་དང། སེན་མོས་ཟུག་ཅིང་སྐྲངས་པ་དང། སྲོག་ཆགས་གདུག་པའི་བག་མ་ཡིན་ཡང་རྟུག་གཅིན་དང་ཁུ་བ་ལྟ་བུའི་དྲི་མ་བོག་པ་དང། དུག་གི་ཤིང་གི་རླུང་ཁར་བབས་པ་དང། དབྱིག་དུག་གམ་དུག་སྦྱར་མའི་ཕྱེ
་མ་རེག་པ་འདི་ལྟ་བུ་ལས་འོར་ནད་དུ་འགྱུར་རོ། །དེ་ལ་འོར་ནད་གསོ་བ་ནི། སྐྲང་བ་ན་ཚུན་དུ་འཕོ་བ་མི་མཁྲང་སྟེ་སྙི། ལུས་མྱུར་དུ་ཚ་ཞིང་རྩེ་འཇིལ། འོར་གསར་དུ་བྱུང་མ་ཐག་ལ་དེའི་སྟེང་དུ་ན་བརླ་བརྙན་གྱི་བག་མེད་པ་དེ་ལྟ་བུ་ནི་གསོ་སླའོ།།
་འོར་ནད་གསོ་དཀའ་པ་ནི་སྔར་ལོགས་ཤིག་ཏུ་བཤད་པ་ཡིན་ནོ། །དེ་ལ་མེ་དབལ་གྱི་ནད་ཐབས་ནི་རྣམ་པ་གཉིས་ཏེ། མཚོན་དང་རྡོ་དབྱུག་གིས་སྣང་པ་ལས་མེ་དབལ་གྱི་ནད་དུ་འགྱུར་བ་དང། རླུང་ངམ་མཁྲིས་པ་འམ་བད
་ཀན་གྱིས་ནད་བསླང་སྟེ། མེ་དབལ་དུ་འགྱུར་བ་ནི་འོར་ནད་ཀྱི་ནད་གཞི་ལས་ནད་འོར་ནད་དུ་གྱུར་བ་དང་འདྲའོ། །མེ་དཔལ་དེ་ཡང་རྣམ་པ་གསུམ་སྟེ། ཕྱི་རོལ་ན་གནས་པ་དང། ནད་ན་གནས་པ་དང། གཉི་ག་ན་གནས་པ་དང་གསུམ་མོ།།
་འདི་གསུམ་ལ་གསོ་ཀ་སླ་ཡང་རིམ་བཞིན་ཏེ། ཕྱིའི་མེ་དབལ་ནི་གསོ་སླ། ནད་གི་མེད་དབལ་ནི་གསོ་དཀའ་། ཕྱི་ནང་གཉིས་ཀའི་མེ་དབལ་ནི་དེ་བས་ཀྱང་གསོ་དཀའ་ཨོ། །ཡོད་ནི་མེ་དཔལ་གྱི་ནད་ཀྱང་རླུང་དང་མཁྲིས་པ་དང། བད་ཀན་གྱི་ནད
་སློང་བར་འགྱུར་བའི་ནད་ལངས་ཏེ། མེ་དབལ་གྱི་ནད་དུ་འགྱུར་མོད་ཀྱི། ལྷག་པར་ནི་ཚ་བའི་བག་གིས་ནད་བསླང་སྟེ། ལུས་ཀུན་ལ་མེ་དབལ་གྱིས་ཁྱབ་པ་བྱེད་དེ། ནང་གི་མེ་དབལ་ནང་ན་གནས། ཕྱིའི་མེ
་དབལ་ཕྱི་ན་གནས། ཕྱི་ནང་གཉིས་ཀའི་མེ་དབལ་ཡང་ཕྱི་ནང་གི་བར་ན་གནས་ཏེ། ནད་དེ་ལུས་ཀྱི་ནད་རྣམས་ལ་ཚ་བས་གདུང་ལ་མྱོང་བག་ཏུ་བྱེད། རྩ་རྣམས་ཀྱི་སྒོ་འགག་སྐོམ་དང་ལྷག་པར་དུ་ཆེ། བཤང་གཅི་རེས་འགའ་ནི་མང་དུ་འོད། རེས
་འགའ་ནི་འགག་བར་བྱེད་ཅིང་སྲི། ཕོ་བའི་དྲོད་དང་ཉམས་བཙག་མྱུར་དུ་ཉམས་ཏེ། བྲི་བ་ཡིན་ཏེ། ནད་ཐབས་འདི་ལྟ་བུ་ནི་ནང་གི་མེ་དབལ་ཞེས་བྱའོ། །ཕྱིའི་མེ་དབལ་ནི་ནད་ཐབས་འདི་རྣམས་ལྟ་བུ་ལས་ཚུལ་བཟློག་སྟེ་ཤེས་པར་བྱའོ། །ཕྱི་ནང
་གཉིས་ཀའི་མེ་དབལ་ནི་ནད་ཐབས་འདི་རྣམས་ལྟ་བུ་ལས་ཚུལ་བཟློག་སྟེ། ཤེས་པར་བྱའོ། །ཕྱི་ནང་གཉིས་ཀའི་མེ་དབལ་ནི་ནད་ཐབས་དེ་རྣམ་གཉིས་ལྟར་ནའོ། །མེ་དབལ་གྱི་ནད་ཐབས་སྤྱི་ནི་དེ་ལྟ་བུར་ལྟའོ། །རླུང་ནད་ལས་མེ་དབལ་དུ་གྱུར་པའི
་ནད་ཐབས་ནི། རླུང་ནད་ལས་རིམས་སུ་གྱུར་པའི་ནད་ཐབས་དང་འདྲ་སྟེ། ཚ་བའི་ནད་ལུས་ཀུན་ཏུ་མཆེད་ལ་བསྐྲང། ཟུག་ཅིང་ཕྲ་ཕྲ་བྱེད། ལུས་དང་ཡན་ལག་རྣམས་བརྡུང་བརྡུང་བ་སྙམ་བྱེད། བ་སྤུ་རྣམས་ལངས་ཤིང་བརྩེ་བ་འདི་ལྟ་བུར་བྱེད་དོ། །མཁྲིས་པ
་ལས་མེ་དབལ་དུ་གྱུར་བའི་ནད་ཐབས་ནི་ལུས་ཀུན་ཏུ་མེ་དབལ་གྱི་ནད་མྱུར་དུ་མཆེད་ཅིང་འགྲོ་།སྤྱི་ནི་མཁྲིས་པ་ལས་རིམས་ཚ་བར་གྱུར་པ་དང་ཐབས་གཅིག་སྟེ། ལུས་དང་གཞི་མདོག་རབ་ཏུ་དམར་རོ། །བད་ཀན་ལས་མེ་དབལ་དུ་གྱུར་པའི་ནད་ཐབས་ནི་མེ
་དབལ་གྱི་འབྲུམ་བུའི་འཁོར་གཡའ་ལ་པགས་པ་འཇམ་སྟེ། ནད་ཐབས་སྤྱི་ནི་བད་ཀན་གྱི་རིམས་དང་འདྲའོ། །དེ་ལྟར་མེ་དབལ་དང་འབྲས་ལ་སོགས་པ་བྱུང་ན་སྨན་དང་དཔྱད་མི་བྱེད་པར་ཡལ་བར་བཞག་ན་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི
་ནད་ཀྱི་ཚུལ་ལས་བསགས་པ་སྨིན་ཏེ་རྡོལ་བ་དང་རྨའི་ཚུལ་ལ་སོ་སོའི་ནད་གང་ཡིན་པ་གསལ་བར་ཤེས་པར་འགྱུར་རོ། །དེ་ལ་རླུང་དང་མཁྲིས་པ་སྣ་གཉིས་འདྲེས་པ་ལས་མེ་དབལ་དུ་གྱུར་པའི་ནད་ཐབས་ནི་རིམས་ནད་ཀྱིས་འདེབས་སློན་བརྒྱལ
་ཚད་བར་རབ་ཏུ་འཁྲུ་སྐོམ་དང་ཆེ་མགོ་འཁོར། ལྷུ་ཚིགས་ཀྱི་རུས་པ་ཆག་པ་སྙམ་བྱེད་ཕོ་བའི་མེ་དྲོད་ཉམས། དབུགས་མི་བདེ། སྙིང་མུག་མུག་བྱེད་ཅིང་མུན་ཐིབ་ཐིབ་བྱེད་པ་བཞིན་དུ་མི་དྲན་ཁ་ཟས་ཡི་གར་མི་འོང། ལུས་དང་ཡན་ལག་ཐམས་ཅད
་རྒྱ་སོལ་གྱི་མེ་འབར་བ་དང་འདྲ་བར་རབ་ཏུ་ཚ། ལུས་དང་ཡན་ལག་ལ་མེ་དབལ་མཆེད་དོ་ཅོག་མེ་དབལ་གྱི་ནད་རྒྱ་སོལ་གྱི་མེ་མདག་འབར་བ་བཞིན་དུ་ཚ་ལ་ཤ་མདོག་གནག་ལ་སྔོ། །ཡང་ཁྲག་ནག་རྒྱས་པའི་དཀྱིལ་དུ་ཡང་གསོགས་ཤིང་མེ
་དབལ་གྱི་འབྲུམ་བུ་དེ་མེས་ཚིག་པ་འདྲ་བ་ཞིག་ཡོད་དེ། དེས་ལུས་ཐོག་ཐག་ཏུ་མྱུར་དུ་མཆེད་དེ་ཁྱབ་པ་དང་གནད་ཀུན་གྱི་ནང་དུ་ཡང་འཇུག་ཅིང་འགྲོ་ལ་ཆུ་སེར་ལྟ་བུའི་བག་ཟག་གོ་།གལ་ཏེ་མེ་དབལ་རླུང་ནད་ཀྱིས་ཤས་ཆེ་ན། ལུས་དང་ཡན་ལག
་རབ་ཏུ་ན་ལ། མི་དྲན་ཏེ་མྱོས། གཉིད་ཆེ། དབུགས་མི་བདེ། དབུགས་ཀྱི་རྡམ་པ་དྲག་ཏུ་འབྱུང། སྐྱིགས་བུས་འདེབས་ནད་ཐབས་འདི་ལྟ་བུར་གྱུར་ན། ནད་པ་དེ་སྔས་གར་བོར་ཡང་དགའ་བ་དང་བདེ་བ་མེད་དོ། །སྐབས་སྐབས
་སུ་རྐང་ལག་བརྐྱང་ཞིང་བྱ་རྨྱང་བྱས་ན་ཡང། ལུས་དང་སེམས་མི་བདེ་ཞིང་ཁོང་ངལ་བར་འགྱུར། སེམས་མོད་བག་གི་གསལ་ཏེ་གོ་དཀའ་། གཉིད་ཆེ་བ་དེ་ལྟ་བུ་ནི་མེ་དང་འདྲ་བར་མེ་དབལ་ཞེས་བྱའོ། །དེ་ལ་མཛེར་པ་འདྲ་བར་འབྱུང་བ་ལས
་མེ་དབལ་འགྱུར་བའི་ནད་ཐབས་ནི། བད་ཀན་ཆེར་སྐྱེས་པས་རླུང་མཁྲིལ་ཅིང་འགག་སྟེ། རླུང་འགགས་ཤིང་འཁྲིལ་བ་དེས། བད་ཀན་རྡོལ་དེ་རླུང་དེ་བྲག་གི་ནད་དུ་ཞུགས་ཏེ། ཁྲག་ནད་བསླང་ནས་པགས་པ་དང། རྩ་བྲན་དང། ཆུ་བ་དང། ཤ་ཀུན་གྱི་ནང
་དུ་ཁྲག་ནད་ཞུགས་ནས་ཐོར་བུ་ཕྲ་མོ་རིང་པོ་དང། ཐོར་བུ་སྦོམ་པོ་སྲ་བ་མཛེར་པ་དང་འདྲ་བར་འབྱུང་སྟེ། མང་པོ་ཕྲེང་བ་བཞིན་དུ་ཆགས་ཏེ་མདོག་དམར་པོར་འདུག་པ་དེ་ལྟ་བུར་བྱུང་ན་རབ་ཏུ་ན། རིམས་ཀྱིས་འདེབས། དབུགས་མི་བདེ་ལུད་པས
་དཀར། ཚང་བར་རབ་ཏུ་འཁྲུ་ཁ་སྐམ། སྐྱིགས་བུས་འདེབས། སློན་མགོ་འཁོར་མོང་བག་ཏུ་འགྱུར། པགས་པའི་མདོག་མི་སྡུག་བརྒྱལ་ལུས་དང་ཡན་ལག་ཀུན་བརྡུང་བརྡུང་བ་སྙམ་བྱེད། ཕོ་བའི་མེ་དྲོད་ཉམས་པར་གྱུར་པའི་ནད་ཐབས་འདི་ལྟར
་བུ་ནི་མཛེར་བ་ལྟ་བུའི་མེ་དབལ་གྱི་ནད་བད་ཀན་དང་རླུང་གཉིས་ཀྱིས་སློང་སྟེ་བད་ཀན་དང་མཁྲིས་པ་ལས་ནི་རིམས་སུ་འགྱུར་རོ། །བད་ཀན་གྱིས་ནི་ལུས་དང་ཡན་ལག་རེངས་པའི་བག་ལ་གཉིད་ཆེ། གློ་བག་ཏུ་འདུག་།ཀླད་པ་ན། ལུས་ཀྱི་ཡན་ལག
་ན་ཞིང་བརྐྱང་བསྐུམ་བྱེད་འདོད། ཚིག་མང་དུ་སྨྲ། ཟས་ཡི་གར་མི་འོང། མགོ་འཁོར། བརྒྱལ་ཕོ་བའི་མེ་དྲོད་ཉམས། རྐང་ལག་གི་རུས་པ་རྣམས་ཆག་པ་སྙམ་བྱེད། སྐོམ་དང་ཆེ། དབང་པོ་རྣམས་མི་གསལ་ལ་ལྕི། ཚད་པ་བེའུ་སྣབས་སུ་འཁྲུ
་དང་ཀ་འཛིངས་ཤིང་གང་བ་སྙམ་བྱེད་དེ་ནས་རྩ་ཆེན་པོ་ཀུན་གྱི་ནད་དུ་ཞུགས་ཤིང་འགྲོ་ལ། ཕལ་ཆེར་ནི་ཕོ་བའི་ནང་དུ་ནད་ཞུགས་ནས། ལུས་ཀྱི་ཕྱོགས་གར་ན་བ་ནི་མ་ཡིན་གྱི། ལུས་ཀུན་ཏུ་ན་ཏེ། དེས་ན་ཐོར་བུ་སེར་པོ་དང། དམར་པོ་དང། དཀར་པོས
་གང་བས་ན། ནོར་བུ་སྐར་ཕྲན་ལྟར་སྣང་སྟེ། ལུས་མདོག་གནག་ལ་འཇམ། དྲི་མ་ཅན་དུ་འགྱུར། འོར་ཐབས་སུ་སྐྲང། ལུས་ལྕི། ཐོར་བུ་སྣགས་པའི་ཟབས་ཆེ། རབ་ཏུ་དྲོད་ཆེ་སྟེ་ཚལ་རུལ་ཅིང་སྣགས། ཤ་ཀུན་ཀྱང་རུལ་ཅིང་སྣགས་ཞིག་ནས། རྩ་རྒྱུས
་ཉི་རྩེ་གསལ་བར་སྣང་སྟེ། ལུས་མི་རོ་ལྟར་གྱུར་པ་འདི་ནི་འདམ་འདྲ་བའི་མེ་དབལ་གྱི་ནད་ཅེས་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པའི་མེ་དབལ་གྱི་ནད་ནི། མེ་དབལ་གྱི་ནད་ཐབས་ཐམས་ཅད་ཚང་བར་ན་སྟེ། འདུས་པའི་མེ་དབལ་གྱི་ནད
་དེས། ལུས་ཀྱི་སྲོག་ཟུངས་བདུན་ལ་མྱུར་དུ་ཁྱབ་པར་བྱེད་དོ། །མཚོན་གྱིས་རྨས་པ་ལས་ཁྲག་ནད་ལངས་ཏེ། ཆུ་སེར་དང་ཚ་བ་སྐྱེས་ན་མེ་དབལ་གྱི་ནད་ཐབས་སུ་འགྱུར་ཏེ། དེ་ལ་རླུང་ནད་ཀྱིས་ཀྱང་མཆེད་ནས། མོན་སྲན་དཀར་རུ་འདྲ་བར་འབྱུང་སྟེ།
་སྐྲང་པ་རིམས་ནད་ལྟ་བུར་འགྱུར་རོ། །ཚ་ལ་དམར་སྨུག་ཏུ་འགྱུར་རོ། །མེ་དབལ་གྱི་ནད་དེ་ལ་གསོ་དཀའ་སླའི་བྱེ་བྲག་གི་རླུང་དང་མཁྲིས་པ་དང་བད་ཀན་སྣ་རེའི་མེ་དབལ་ནི་གསོ་སླའོ། །རླུང་དང་མཁྲིས་པ་ལྟ་བུ་སྣ་གཉིས་ལས་མེ་དབལ་དུ་གྱུར་ལ
་ནད་བརླ་བརྙན་གྱིས་བཏབ་ན་ཡང་གསོ་སླའོ། །མེ་དབལ་གྱི་ནད་དེ་ལ་གསོ་དཀའ་བ་ནི། རླུང་དང་མཁྲིས་པ་ལྟ་བུ་སྣ་གཉིས་ལས་མེ་དབལ་དུ་གྱུར་པ་མཚོན་གྱིས་རྨས་ཏེ་རྨ་རེད་པའི་མེ་དབལ་དང། ནད་ཐམས་ཅད་འཇུས་པའི་མེ་དབལ་གྱིས་ལུས
་ཀྱི་གནས་ཀུན་དུ་ཁྱབ་པ་དང། རྩ་དང་ཆུ་བ་དང། ཤ་དང་འདི་རྣམས་ཀུན་རུལ་ཏེ། རོ་བཞིན་མནམ་པོར་གྱུར་པ་འདི་ལྟ་བུའི་མེ་དབལ་ནི་གསོ་དཀའ་འོ། །སྐྱ་རྦབ་དང། འོར་ནད་དང། མེ་དབལ་གྱི་ནད་གཞི་བཤད་པ་སྟེ། ལེའུ་བཅུ་གསུམ་པ་རྫོགས་སོ།། །།
་མཛེ་ནད་དང། ལྟོར་སྲིན་བུ་འཇུག་པའི་ནད་གཞི་བཤད་པ་སྟེ། ལེའུ་བཅུ་བཞི་པ་བཤད་པར་བྱའོ།། །།དེ་ལ་མཛེ་ནད་ཀྱིས་འདེབས་པའི་ནད་གཞི་ནི། ཁ་ཟས་མི་འཕྲོད་པ་གནོད་པ་ལྟ་བུ་ལ་སོགས་པ
་ཟོས་པ་དང་ལུས་ཀྱི་བྱ་བ་བསྐྱོད་པ་དང། འདུག་པ་དང། ཉལ་བ་ལ་སོགས་པ་གནོད་པ་མི་འཕྲོད་པར་འགྱུར་བའི་བག་བྱས་པ་དང། དགེ་བའི་མི་དམ་པ་ལ་སྨོད་པ་དང། སྲོག་གཅོད་པ་དང། གཞན་གྱི་ནོར་འཕྲོག་པ་ལ་སོགས་སྡིག
་པའི་ལས་ལ་བརྟེན་པ་དང། འདི་ལྟ་བུ་སྔོན་གྱི་ཚེ་བྱས་སམ། ད་ལྟར་འཕྲལ་དུ་བྱས་པའི་སྡིག་གིས། ཁད་ནས་ནད་བསླང་ནད་ངན་རྩ་ཀུན་གྱི་ནད་དུ་གྲམ་སྟེ་ཞུགས་ནས། ཤ་དང་པགས་པ་དང། ཁྲག་དང་ཆུ་སེར་གྱི་ནད་ལངས་ཏེ་ནང་གི
་ཤ་རྣམས་ཀྱང་ཁོང་སླ་བར་གྱུར་ནས། མཛེ་ནད་ལུས་ཀྱི་ཕྱིར་འབྱུང་ངོ། །མཛེ་ནད་འབྱུང་བའི་ཐབས་ནི་མཛེ་ནད་ངན་པས་པགས་པའི་མདོག་མི་སྡུག་པར་བྱེད་དོ། །མཛེ་ནད་ཀྱིས་ཐེབས་པ་ལས་སྨན་དཔྱད་མི་བྱེད་པར་ཡལ་བར་བོར
་ན?། ལུས་ཐམས་ཅད་མ་རུངས་པར་གྱུར་ནས། ལུས་ཀྱི་ནད་གི་སྲོག་ཟུངས་བདུན་ཡང་མཛེ་ནད་ཀྱིས་བརྒྱས་ཏེ། ནད་ཐམས་ཅད་རུལ་བར་འགྱུར་བ་དང། ལུས་ཀྱི་ཕྱི་ཡང་རུལ་ཏེ་སྣགས་ཤིང་རུལ་ནས་དེའི་ནད་དུ་འབུ་ཕྲ་མོ་ཞུགས་ནས
་ལུས་ཀྱི་སྤུ་དང་པགས་པ་དང། ཆུ་བ་ཕྲ་མོ་དང། རྩ་ཆེན་པོ་དང་རུས་པ་ལ་སོགས་པ་ཀུན་གྱི་ནད་དུ་ཞུགས་ཏེ། ལུས་ལ་ཟ་བར་བྱེད་པ་འདི་ནི་མཛེ་ནད་ཅེས་བྱའོ། །ཤ་བཀྲ་གཟི་གུའི་ནད་ནི་གོང་མ་ལྟ་བུའི་ནད་དེ་མ་ཡིན་ཏེ། ཕྱི་རོལ་གྱི
་ནད་ཅེས་བྱའོ། །ཡོད་ནི་མཛེ་ནད་གསོ་དཀའ་བ་རྣམ་པ་བདུན་ཡོད་དེ། རླུང་མཁྲིས་པ་དང་བད་ཀན་སྣ་རེའི་མཛེ་ནད་རྣམ་གསུམ་དང། རླུང་དང་མཁྲིས་པ་ལ་སོགས་པ་གཉིས་གཉིས་ནད་འདྲེས་པའི་མཛེ་ནད་རྣམ་གསུམ་དང་འདུས
་པའི་མཛེ་ནད་དང་བདུན་ནོ། །མཛེ་ནད་གང་གིས་བཏབ་ཀྱང་རུང། རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལས་འགྱུར་ཏེ། དེ་གསུམ་ལ་རླུང་ངམ་མཁྲིས་པ་ལྟ་བུ་ལ་སོགས་པ་ཤས་གང་ཆེ་བ་ལས་མཛེ་ནད་ཀྱི་མིང་དུ་འདོགས་སོ། །དེ་ལ་རླུང་ནད
་ལས་མཛེར་གྱུར་པའི་མི་ནི་ཐོད་པ་ལྟ་བུ་ཞེས་བྱའོ། །ཤིང་ཨུ་དུམྦ་རའི་འབྲས་བུ་སྨིན་པ་འདྲའོ། །བད་ཀན་ལས་གྱུར་པའི་མཛེ་ནད་དང། རྐང་ཤུ་གཉིས་ནི་ཟླུམ་པོ་ཀོར་ཀོར་བར་འབྱུང་ངོ། །མཛེ་རི་ཤ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་གཉིས་ལས
་འབྱུང་ངོ། །མཛེ་ནད་པགས་པ་གཅིག་པ་དང། མཛེ་ནད་དུ་གཏོགས་པ་འབྲུམ་བུ་ཕྲ་མོ་དང། ཤ་བཀྲ་དང་འབྲས་བྱེར་བ་དང། འདི་རྣམས་ནི་རླུང་དང་བད་ཀན་གཉིས་ལས་འབྱུང་ངོ། །ཤུ་བ་དང་ཤ་ཏ་རུ་ཤིང་དང། བུ་ན་ཏ་ཀི་ར་དང། འབྲུམ་བུ
་ཙག་ཙག་པོར་འབྱུང་བ་དང། གཡན་པ་དང། ཙར་མ་ད་ལ་དང། འདི་རྣམས་ནི་བད་ཀན་དང་མཁྲིས་པ་གཉིས་ལས་འབྱུང་ངོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པ་ལས་མཛེར་གྱུར་པ་ནི་ཀ་ཀ་ན་ཞེས་བྱའོ། །དེ་ལ་མཛེ་དང་ཐོར་བུ་ལྟ
་བུ་དང་ཤིང་ཐོག་ཨུ་དུམྦ་ར་སྨིན་པ་ལྟ་བུ་དང། ཟླུམ་པོ་ཀོར་ཀོར་པོར་འབྱུང་བ་དང། གསུམ་མཛེ་ཀ་ཀ་ན་དང། པུ་ཏ་རི་ཀ་འདྲ་བ་དང། ཨ་རི་ཤྱའི་ལྕེ་འདྲ་བ་དང། འདི་བདུན་ནི་མཛེ་ནད་ཆེན་པོ་ཞེས་བྱ་སྟེ། གསོ་དཀའ་བ་ཡིན་ནོ། །མཛེ་ནད་འདི་ལྟ
་བུ་འབྱུང་ན། སྔར་ན་བའི་ནད་ཐབས་ནི་ཤ་མཐང་རབ་ཏུ་འཇམ། ཡང་ན་རེག་ན་རབ་ཏུ་རྩུབ། ཡང་ན་ནི་ལུས་རབ་ཏུ་རྡུལ། ཡང་ན་ནི་རྡུལ་མེད། པགས་པའི་ཤ་མདོག་མི་སྡུག་ལུས་ཚ། ཕྱོགས་སུ་གཡའ། ཡང་ལུས་ཀྱི་ཤ་མཐང་བེམ་བེམ་པོར
་གྱུར་ཏེ་ཚོར་བའི་བག་མེར། ཁོང་དུ་ཟུག་ཅིང་ན། ཁོང་དུ་ཐོར་བུ་ལས་རྨར་གྱུར་པ་ཀུན་ལྷག་པར་རབ་ཏུ་ན། མཛེ་ནད་མྱུར་དུ་འབྱུང་ལ་ནད་མི་འབྱང་སྟེ། ཡུན་རིང་དུ་ན། མཛེ་ནད་བྱུང་ཏེ་ཆེར་སྐྱེས་པའི་ཉེན་ཀོར་གྱི་པགས་པ་རྩུབ། ནད་ལྡང་བའི་གཞི་ཆུང
་ཅུང་ཟད་ཙམ་གྱིས་ཀྱང་ནད་ཆེ་བར་འགྱུར་བ་སྤུ་ལངས་ཤིང་འགྲེང་ལ་རེག་ན་བརྩེ་མདོག་གནག་ལ་འདི་ལྟ་བུར་གྱུར་ན་མཛེ་ནད་གང་ཡང་རུང་བ་དང་པོ་འོང་བའི་ནད་ཐབས་ནི་ནའོ། །ད་ལ་མི་ཐོད་ལྟ་བུར་འབྱུང་པའི་ནད་ཐབས
་ནི་ཤ་མདོག་སྨུག། པགས་པའི་མདོག་ནི་རྩུབ། བེབ་བེམ་པོར་གྱུར་ཏེ་ཚོར་བའི་བག་མེད་ལུས་རྩུབ། ལུས་ཐོག་ཐག་ཀུན་ཏུ་མཛེ་ནད་ཀྱིས་ཁྱབ་པར་གང། ལུས་ཀུན་གྱི་བ་སྤུ་ལངས་ཤིང་བརྩེ། ཟུག་ཅིང་ན་བའི་ཚབས་ཆེ། ལུས་ཕྱོགས་སུ
་གཡའ་བ་ནི་ཆུང་ལ། མཛེ་ནད་ཀྱིས་མྱུར་དུ་མཆེད་ཅིང་ཁྱབ་པར་འགྱུར་བའི་ནད་ཐབས་ནི་ཐོད་པ་ལྟ་བུ་ཞེས་བྱའོ། །མཛེ་ནད་ཤིང་ཏོག་ཨུ་དུམ་བ་ར་ལྟ་བུ་འབྱུང་བའི་ནད་ཐབས་ནི། བ་སྤུ་པགས་པའི་མདོག་ནི་ཟངས་བཞིན་དམར་རྩ
་རྣམས་ནི་སྐྱ་བོར་གྱུར། ལུས་ཀྱི་ཤ་ཁྲག་རུལ། ལུས་ཚ་ལ་ན་བའི་ཚབས་ཆེ། མཛེ་ནད་མྱུར་དུ་འབྱུང་བ་ལུས་འཇིག་ཅིང་འདྲུལ། འབུ་སྲིན་གྱིས་གང་བའི་ནད་ཐབས་འདི་ལྟ་བུ་ནི། མཛེ་ནད་ཤིང་ཨུ་དུམ་བ་རའི་འབྲས་བུ་སྨིན་པ་ལྟ་བུ་ཞེས
་བྱའོ། །མཛེ་ནད་ཟླུམ་པོ་ཀོར་ཀོར་འབྱུང་བའི་ནད་ཐབས་ནི་ནད་ཐབས་ཕན་ཚུན་དུ་མི་འཕྲོ་བར་མལ་གཅིག་ན་འདུག་།ཉམས་ཤིག་ཤིག་པོ་སློང་བག་ཏུ་འདུག་ལ། ལུས་ལྕི་ལུས་ཀྱི་ཤ་འཇམ། ཤ་མདོག་དཀར་ལ་རྩ་དམར་མཛེ་ནད་ལུས
་ཀུན་དུ་མྱུར་དུ་འཆེད་ཅིང་འགྲོ་བ་མ་ཡིན། མཛེ་ནད་ཐོར་བུ་འདྲ་བར་འབྱུང་བ་དེ་དང་ཕན་ཚུན་འདབ་འབྲེལ་ཅིང་འབྱར་ལ། མཛེའི་ཤུ་བ་གློ་ཞིང་འབུར། ལུས་ཕྱོགས་སུ་གཡའ། རྣག་དང་ཆུ་སེར་ཟག་།ནད་འབུས་གང། ཤུ་བའི་མཛའ་མ་ཀུན
་འཇམ་ལ་སེར་པོར་སྣང་བ་ཟླུམ་པ་ཀོར་ཀོར་པོ་ཤ་དག་ཏུ་འདུག་པའི་ནད་ཐབ་འདི་ལྟ་བུ་ནི་བད་ཀན་གྱི་མཛེ་ནད་ཟླུམ་པོ་ཀོར་ཀོར་བོར་འབྱུང་བའི་ནད་ཐབས་ཞེས་བྱའོ། །གཡའ་ལ་ཐོར་བུ་རྩ་ནག་པ་ཞིག་བྱུང་བ་དེ་ལས་ཆུ་སེར་ཟད
་པ་ནི་གླང་ཤུ་བའི་རྩར་རྩི་ཞེས་བྱའོ། །མཛེ་ནད་རི་ཤྱའི་ལྕེ་འདྲ་བའི་ནད་ཐབས་ནི་ལུས་རྩུབ་ལ་ཤུ་བ་འདྲ་བར་འབྱུང་བའི་མཛའ་དམའ། ནད་གནག་དབུས་གློ་ལ་མཐོ། ཟུག་ཅིང་ན། ལུས་ཚ། སྣགས་ཏེ་ལུས་ཚ། ལུས་ཀུན་ན་ཞིང་རྩུབ་པས་གང་ལ།
་འབུ་ཡང་མང་དུ་ཞུགས་པ་འདི་ནི་རི་ཤྱ་ལ་ལི་འདྲ་བའི་མཛེ་ནད་ཅེས་བྱའོ། །མཛེ་ནད་པགས་པ་གཅིག་བུ་ཞེས་བྱ་བ་ནི་པགས་པ་གླང་པོ་ཆེའི་ཀོ་བ་འདྲ་བར་རེག་ཅིང་ཉམས་སྲ་ལ་སྡུག་པ་འདི་ནི་མཛེ་ནད་བཞི་ཆར་འོང་བ་གང་ཡིན་ཏེ། ལུས
་ལ་རྡུལ་མི་འབྱུང། མདོག་ནི་ཉ་ལྤགས་འདྲའོ། །འབྲུམ་བུ་ཕྲ་མོ་ཙིག་ཙིག་པོ་བྱུང་བའི་ནད་ཐབས་ནི་ལུས་ཀྱི་ཤ་མཐང་རྩུབ་ལ་ལུས་ལ་ཐུག་ཐུག་པོར་བྱུང་ན་མྱངས་ན་སྲ། གཡའ་ཞིང་རྩུབ་ལ་པགས་པའི་མདོག་ནག་པོ། ཤ་བཀྲ་ནི་ནད
་རྩུབ་ལ་ཕྱི་རོལ་འཇམ། ཕུགས་ན་གློག་པ་འབྱུང། ཤེག་ན་འཇམ་ལ་པགས་པའི་མདོག་དཀར། ལ་ལ་ནི་ཟངས་ལྟར་དམར་བ་ཡང་ཡོད། ཁ་དོག་ནི་ཤིང་ཀཱ་ནའི་མེ་ཏོག་འདྲ། ཤ་བཀྲའི?་ནད་འདི་ནི་རོ་སྟོང་དུ་ཕལ་ཆེར་འབྱུང་ངོ། །འབྲས་བྱུང་སྟེ
་དེ་ནས་གཡའ་ཞིང་དམར་པོར་གྱུར་པ་དེ་ནི་མིག་འབྱེར་བའི་འབྲས་ཞེས་བྱའོ། །ཞིག་སྟེ་རབ་ཏུ་ནལ་ཆེད་པོ་མི་གཡའ་བར། ཐོར་བུ་འདྲ་བའི་ཕོལ་མིག་དམར་པོས་གང་བ་འདི་ནི་རྐང་ལག་བཞི་པ་ཞེས་བྱའོ། །ཤུ་བའི་ནད་ཐབས་ནི་རིང་ལ་མཆེད་པ།
་པགས་པའི་མདོག་ནི་རྩ་དུར་བའི་འདབ་མ་ལྟར་ལྗང་སྔོན་ནམ། ཟར་མའི་མེ་ཏོག་ལྟར་རྩ་སྔོ་ལ། ཤུ་བ་ཀོར་ཀོར་པོ་འབུར་ལ་ལིང་ལིང་པོར་འབྱུང། ཅུང་ཟད་གཡའ་བ་ནི་ཤུ་བ་ཞེས་བྱའོ། །རྨ་ཁ་བརྒྱ་པའི་མཛེ་ནད་ནི་ལྷུ་ཚིགས་ལ་འབྱུང
་སྟེ། སྔར་ལུས་ཚ་ཞིང་ན། མཛེ་འབྱུང་བའི་དྲུང་གི་འཁོར་སྦོམ་ལ་ནད་དུ་ནི་གནག་།རྨ་ཁ་མང་དུ་འབྱུང། སྣགས་ཤིང་རུལ་ཏེ། འབུ་འཇུག་པའི་ནད་འདི་ནི་རྨ་ཁ་བརྒྱ་བའི་མཛེ་ནད་ཅེས་བྱའོ། །མཛེ་ནད་པདྨ་པུཎྜ་རི་ཀ་འདྲ་བ་འབྱུང་བའི་ནད
་ཐབས་ནི་ལུས་གཡའ་ལ་ཚ་ཞིང། འབུར་འབུར་བོར་སྐྲང་བའི་མཛའ་དམར་དབུས་དཀར་ཁྲག་གིས་རྒྱས་ཏེ། མེ་ཏོག་པདྨའི་འདབ་མ་ལྟར་རྒྱས་ལ་སྟུག་པོ་དེ་རྡོལ་ཏེ་ཁྲག་དང་ཆུ་སེར་འཛག་པ་འདི་ནི་པུཎྜ་རཱི་ཀ་ལྟ་བུའི་མཛེ
་ནད་ཅེས་བྱའོ། །མཛེ་ནད་འབྲུམ་བུ་ལྟ་བུའི་ནད་ཐབས་ནི་ལུས་ཀྱི་ཤ་མཐང་འབྲུམ་བུ་བཀར་བོ་དང། སྨུག་བོས་གང་བ་འདི་ནི་མཛེ་ནད་འབྲུམ་པོ་ལྟ་བུ་ཞེས་བྱའོ། །མཛེ་ནད་གཡན་པའི་ཕོལ་མིག་ལྟ་བུ་ཕྲ་མོ་གནག་ལ་རྩ་སྨུག་པོ་ཕྲ་མོ་མང
་པོ་ཤ་དག་བྱུང་བ་རབ་ཏུ་གཡའ་ཞིང་ན་ལ་རྣག་ཞུགས་པ་ལྟ་བུ་ནི་རྐུབ་རྩོས་དང། སྒུ་དོ་དང། ལག་སོར་གྱི་བར་དང། གྲུ་མོར་འགྱུར་བ་འདི་ནི་མཛེ་ནད་གཡན་པ་ཞེས་བྱའོ། །མཛེ་ནད་ཁྲག་གིས་པགས་པ་མྱགས་བ་ཞེས་བྱ་བ་ནི།
་ལུས་གཡའ་རབ་རབ་ཏུ་དྲོ་ཞིང་ཚ། ཐོར་བུ་རེག་མི་བཟོད་པ་དེ་ལྟ་བུ་བྱུང་བ་ལས་ཁྲག་གི་རྒྱས་ན་པགས་པ་ཕྱོགས་སུ་མྱགས་པ་འདི་ནི་པགས་པ་མྱགས་པའི་མཛེ་ནད་ཅེས་བྱའོ། །འབྲས་བུ་ཀ་ཀ་ནནྟི་ལྟ་བུའི་མཛེ་ནད་ནི་སྔར་ནི་མདོག
་དམར་ལ་གནག་།དེའི་རྗེས་ལ་རབ་ཏུ་ཚ་ཞིང་ན་ནས་མཛེ་ནད་ཐམས་ཅད་ནི་ཚུལ་དང་ལྡན་པ་དེ་ཤ་མདོག་ཀྱང་སྣ་གཅིག་ཏུ་མ་ཟད་དེ། རྣམ་པ་སྣ་ཚོགས་སུ་བཀྲ་བར་སྣང་བ་འདི་ནི་མཛེ་ནད་ཀ་ཀ་ནནྟའི་འབྲས་བུ་ཞེས་བྱའོ། །ཡོང་མཛེ
་ནད་ཐམས་ཅད་ཀྱི་ནད་དམིགས་གང་ཡིན་པའི་བྱེ་བྲག་ནི་གོང་དུ་རླུང་དང་མཁྲིས་པ་ལ་སོགས་པ་ནད་གཞི་ཐ་དད་པ་ལས་མཛེ་ནད་དུ་གྱུར་པའི་དམིགས་བསྟན་པ་དང། མཛེ་ནད་ཀྱི་དབྱིབས་དང། མདོག་ཇི་འདྲ་བ་དང། ཇི་ལྟར་ན
་བའི་དམིགས་དང། རླུང་དང་མཁྲིས་པ་ལ་སོགས་པ་ཤས་གང་ཆེ་བ་ད་ལྟ་བུ་ལས་མཛེའི་ནད་དམིགས་ཤེས་པར་གྱིས་ཤིག་།དེ་ལ་མཛེ་ནད་གསོར་མི་རུང་བའི་ནད་ནི་རླུང་དང་མཁྲིས་པ་དང་བད་ཀན་འདུས་པའི་ནད་གཞི་ཆེན་པོར
་གྱུར་ལ། མི་མཚོ་བའི་མཚན་མ་དང། ལྟས་ངན་བ་ཡང་བྱུང་བ་དང། མཛེ་རུས་པའི་ནང་དུ་ཞེན་པ་དང། རྐང་པ་ལ་ཞེན་པ་དང་ཁུ་བ་ལ་ཞེན་པ་དང། འདི་རྣམས་ལྟ་བུ་ནི་གསོ་དཀའ་སྟེ་མི་འཚོའོ། །དེ་ལ་ཚིལ་གྱི་ནང་དུ་ཞུགས་པའི་མཛེ་ནད་ནི། ནད
་དེ་ལས་མི་ལ་མི་སྐྱེ་བ་ཙམ་དུ་གསོར་རུང་ངོ། །མཁྲིས་པའི་ནད་ལས་མཛེར་གྱུར་པ་དང། རླུང་དང་མཁྲིས་པ་ལྟ་བུ་གང་ཡང་རུང་སྣ་གཉིས་འདྲེས་པ་ལས་མཛེར་གྱུར་པ་དང། ཁྲག་དང་ཤ་ལ་མཛེ་ཞུགས་པ་འདི་ལྟ་བུ་ནི་གསོ་དཀའ་བ་ཞེས
་བྱའོ། །བད་ཀན་དང་རླུང་ནད་ཤས་ཆེ་བའི་མཛེ་ནད་དང། པགས་པ་ཉེ་ཙེ་ལ་མཛེ་ནད་བྱུང་བ་དང། རླུང་ངམ་མཁྲིས་པ་འམ་བད་ཀན་གང་ཡང་རུང་བ་སྣ་གཅིག་ལས་མཛེ་ནད་དུ་གྱུར་པ་འདི་རྣམས་ལྟ་བུའི་མཛེ་ནད་ནི་གསོ་དཀའ་བ་མ་ཡིན་ནོ། །
་དེ་ལ་མཛེ་པགས་པ་ཉེ་ཚེ་ལ་བྱུང་བ་ནི་ཟུག་ཐབས་སུ་ན། པགས་པའི་མདོག་མི་སྡུག། པགས་པའི་མདོག་རྩུབ་པ་ཡིན་ནོ། །མཛེ་ནད་ཁྲག་ལ་བབ་བར་གྱུར་ན་ལུས་རྡུལ་ཆེ། གཉིད་ཆེ་སྐང་པ་ཡིན་ནོ། །མཛེ་ནད་ཤ་ལ་བྱུང་ན་རྐང་པ་དང། ལག་པ
་དང། རྐང་ལག་གི་ཚིགས་སུ་འབྲུམ་ཙིག་ཙིག་པོ་འབྱུང་ཞིང་སྣགས་ཏེ་རྐང་ལག་གི་ཚིགས་སུ་ནད་ཚབས་ལྷག་པར་ཆེའོ། །མཛེ་ནད་ཚིལ་ལ་བབས་པར་གྱུར་ན་ལག་པ་ན། འགྲོ་མི་ནུས། རྐང་པ་འམ། ལག་པ་སྣགས་ཏེ་ཞིག་བར་འགྱུར་རོ། །མཛེ
་ནད་རུས་པ་རྐང་པ་ལས་བབས་པར་གྱུར་ན་སྣའི་རུས་པ་ཞོམ། མིག་དམར་སྐད་འགགས། མཛེ་ནད་རྡོལ་བའི་རྨ་ཁར་འབྲུ་འཇུག་གོ། མཛེ་ནད་ཁུ་བ་ལ་བབས་པར་གྱུར་ན། ཆུད་མ་དང་བུ་ལ་ཡང་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན་མདོར་ན་ལུས
་ཀྱི་སྲོག་ཟུངས་དྲུག་པོ་ཁྲག་དང་ཤ་དང། ཚིལ་ལ་སོགས་པ་མཛེ་ནད་གང་ལ་བྱུང་ཡང་རུང་མཛེ་ནད་ཀྱི་ནད་ཐབས་རིམ་པ་བདུན་དུ་ཤེས་པར་གྱིས་ཤིག། ཤ་བཀྲ་གཟི་གུར་འདུག་པ་ནི་མཛེ་ནད་གཅིག་པ་ལས་འོངས་ཏེ། དེའི་ནང་ན་ཡང་ཤ་བཀྲ
་གཟི་གུ་ཚབས་ཆེན་པོ་མི་སྡུག་པར་གྱུར་པ་ནི་བསལ་བའི་དཔྱད་དཀའ་སྟེ། ཤ་བཀྲ་སྐམ་པོ་རྣག་ཁྲག་མི་ཟག་པ་ནི་ཁྲག་དང་ཤ་དང། ཚིལ་ལས་འབྱུང་བར་འགྱུར་རོ། །རླུང་ལས་ཤ་བཀྲར་གྱུར་པ་ནི། ཤ་མདོག་རྩུབ་ལ
་དམར་པའོ། །མཁྲིས་པ་ལས་ཤ་བཀྲར་གྱུར་པ་ནི་ཟངས་མདོག་དང། པདྨའི་མདོག་ལྟར་རྩ་དམར། ལུས་ཚ་སྤུ་ཀུན་འབྱིའོ། །བད་ཀན་ལས་ཤ་བཀྲར་གྱུར་པ་ནི་མདོག་དཀར་ལ་སྟུག་ལུས་ལྕི་ཞིང། གཡའ་བ་ཡིན་ནོ། །ནད་ཁྲག་དང། ཤ་དང།
་ཚིལ་དང། འདི་གསུམ་ལས་ཤ་བཀྲ་གཟི་གུར་གྱུར་པའི་ཤ་མདོག་སོ་སོར་བསྟན་པ་དེ་ལ་ཤ་བཀྲའི་ནད་རྣམ་གཉིས་གཅིག་ཏུ་གྱུར་པ་ནི་གསོ་དཀའ་ཨོ། །རླུང་གི་ཤ་བཀྲ་བས་མཁྲིས་པའི་ཤ་བཀྲ་གསོ་དཀའ་ཨོ། །མཁྲིས་པའི་ཤ་བཀྲ་བས
་བད་ཀན་གྱི་ཤ་བཀྲ་གསོ་དཀའ་ཨོ། །ཤ་བཀྲ་དཀར་པོ་མ་ཡིན་པ་དང། བ་སྤུ་མ་བྱི་ཏེ། ཕལ་ཆེ་བ་དང། ཤ་བཀྲ་ནང་འདབ་མ་འདྲེས་ཏེ། སོ་སོ་ན་འདུག་པ་དང། གསར་དུ་བྱུང་མ་ཐག་པ་དང། མེ་འམ་སྨན་གྱིས་བསྲེགས་པ་འདི་ལྟ་བུ་གསོ
་སླའོ། །འདི་ལྟ་བུ་མ་ཡིན་པ་གཞན་ནི་གསོ་དཀའ་ཨོ། །འདོམས་དང་ལག་པ་དང། ཆུར་བྱུང་ན་གསར་དུ་ཡང་རུང་སྟེ། སྨན་དཔྱད་ཀྱིས་བསལ་དཀའ་ཨོ། །མཛེ་ནད་འདི་ལྟ་བུས་བཏབ་པའི་མི་ལ་ལུས་རེག་གམ། ཟན་གཅིག་ཟ་འམ། མལ
་གཅིག་གམ་སྟན་གཅིག་ལ་འདུག་པ་ལ་སོགས་པ་འདི་ལྟ་བུ་ཀུན་གྱིས་འོག་བར་འགྱུར་ཏེ། ལྷག་པར་མིག་ནད་དང། མཛེ་དང་ཤ་བཀྲ་ལ་སོགས་པའི་ནད་ནི་འགོ་ཞེས་བྱའོ། །མཛེ་ནད་རྣམ་པ་བཅོ་བརྒྱད་བཤད་པ་རྫོགས་སོ།། །།
་ལུས་ཀྱི་སྲིན་བུ་སྣ་ཚོགས་བཤང་པ། མིའི་ལུས་ལ་སྲིན་བུ་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་སྲིན་བུའོ། །དེ་ལ་ཕྱི་རོལ་གྱི་སྲིན་བུ་ནི་དྲི་མ་དང་བད་ཀན་ཁྲག་ལ་སོགས་པ་ལས་འབྱུང་ཞིང་གནས་ཏེ། དེ་ལ་ཡང་མདོར་རྣམ་བཞིའོ། །མིང
་གི་བྱེ་བྲག་དུ་དབྱེ་ན་རྣམ་པ་ཉི་ཤུ་ཡོད་དེ། དེ་ལ་ཁྲག་ལས་བྱུང་བ་ནི། ཕྱི་རོལ་གྱི་སྲིན་བུ་སྟེ། དབྱིབས་དང། མདོག་ཀྱང་ཏིལ་འབྲུ་ཙམ་སྐྲ་དང་ལུས་ལ་གནས་པའི་སྲོ་ཤིག་རྣམ་གཉིས་ཡིན་ནོ། །སྲོ་ཤིག་གི་ཀྱང་ལུས་ལ་ཐོར་བུ་དང
་འབྲུམ་པ་དང་གཡན་པར་བྱེད་དོ། །ནང་གི་སྲིན་བུ་ནི་བད་ཀན་ལས་གྱུར་ཏེ། དེ་ཡང་མཛེ་ནད་འབྱུང་བའི་རྒྱུར་འགྱུར་རོ། །ནང་གི་སྲིན་བུ་དག་ནི་གཞན་པས་ལྷག་པར་མཛེ་ནད་ཀྱི་གཞིར་རོ། །སྲིན་བུ་དེ་དག་གི་ཟས་ནི་བུ་རམ་དང། འོ་མ་ལ་སོགས་པ་མངར་བག་དང།
་ཞོ་དང་ཚ་ལ་སོགས་པ་སྐྱུར་བག་དང། འབྲས་ཅན་ལ་སོགས་པ་གསེར་བག་དང་ཉ་ལ་སོགས་པ་བད་ཀན་དུ་འགྱུར་བའི་ཟས་ལ་དགའ་ཨོ། །མི་གཙང་བའི་བཤང་གཅིའི་ནང་ན་གནས་པའི་སྲིན་བུའི་ཟས་འབྲུ་བག་དང། ཚོད་མ་ལོ་མ་བཏབ་པ་ལ་སོགས
་པའི་བག་ལ་དགའ་ཨོ། །བད་ཀན་ཕོ་བའི་ནང་ནས་བྱུང་བའི་སྲིན་བུ་ནི་ཆེར་སྐྱེས་པ་དང། ཁོང་པའི་ནང་ན་ཕོ་བའི་ནད་དང། ལོང་གའི་ནད་ཀུན་ཏུ་འགྲོའོ། །སྲིན་བུ་ལ་ལ་ལྕགས་འདྲ་བ་ཕྲ་མོ་རིང་པོར་འདུག་གོ་།ལ་ལ་ནི་སྲིན་བུ་གྲོལ་མ་འདྲ་བ་འདུག་གོ
་སྲིན་བུ་ཁ་ཅིག་ནི་མྱུ་གུ་ཁ་འབུས་པ་འདྲ་བ་གྲོལ་མ་དཀར་དུ་ཡོད་དོ། །སྲིན་བུ་ཁ་ཅིག་ནི་སྐུད་པ་ཕྲ་མོ་རིང་པོ་འདྲ་བར་ཡོད་དོ། །སྲིན་བུ་ཁ་ཅིག་ནི་ཐུང་ལ་རབ་ཏུ་ཕྲ་བ་ཡོད་དེ། དེ་དག་ལ་ལ་ནི་དཀར། ལ་ལ་ནི་རྩ་དམར་བ་ཡོད་དོ། །སྲིན་བུ་དེ་རྣམས
་ཀྱི་མིང་སྤྱིར་ནི་རྣམ་པ་བདུན་ཡོད་དེ། རྒྱུ་མ་ཟ་བ་ཞེས་བྱ་བ་དང། ལྟོ་བའི་ནད་ན་འཁྲུལ་བ་ཞེས་བྱ་བ་དང་སྙིང་ལ་ཟ་བ་ཞེས་བྱ་བ་དང། ཡ་མཚན་ཆེན་པོ་ཞེས་བྱ་བ་དང། མི་མངོན་པར་བརྐུ་བ་དང། རྩ་དར་བའི་མེ་ཏོག་ཅེས་བྱ་བ་དང། དྲི་ཞིམ
་པོ་ཞེས་བྱ་བ་དང། སྲིན་བུ་འདི་རྣམས་ནི་སྙིང་ལ་ཟ་ཞིང་ཁ་ནས་ཆུ་ཟག་པར་བྱེད། ཟས་མི་འཇུ་པར་བྱེད། ཁ་ཟས་ཡི་གར་མི་འོང་བར་བྱེད། བརྒྱལ་ཞིང་མི་དྲན་པར་བྱེད་སློན་པར་བྱེད། རིམས་ནད་ཀྱིས་འདེབས། གསུས་པ་ཆེར་སྐྱེ། ལུས་སྐེམ་ཞིང
་རིང། སྤྲིང་པ་རྟག་པར་འོང། ཆམ་པས་འདེབས། དེ་ལ་ཁྲག་རྒྱུ་བའི་རྩའི་ནང་ནས་ཁྲག་ལས་བྱུང་བའི་སྲིན་བུ་ཕྲ་མོ་ཁྲག་གི་ནད་ན་གནས་ཏེ། ལུས་ཟུངས་ཟླུམ་རྐང་ལག་མེད། མདོག་ཟངས་ཁ་ལྟར་དམར་ལ
་རབ་ཏུ་ཕྲ་བ་ཁ་ཅིག་ནི་ལྟར་ཡང་མི་མངོན་ཏེ་སྲིན་བུ་དེ་དག་གི་མིང་ནི་སྐྲའི་རྩ་བ་ཟ་བ་དང། ལུས་སྤུ་བྱི་བར་བྱེད་པ་དང། སྤུ་ལིང་ཆགས་པ་དང། ཨུ་དུམྦ་རའི་འབྲས་བུ་འདྲ་བ་དང། ཞགས་པ་དང་བཅས་པ་ཞེས་བྱ་བ་དང། སྲིན་བུ
་མཐོང་དཀར་ཞེས་པ་དང། སྲིན་བུ་འདི་དྲུག་གིས་ནི་ལུས་ཀྱི་པགས་པ་ལ་མཛེ་ནད་ཐབས་བཞིན་དུ་མཛེ་ལྟར་འབྱུང་བར་བྱེད་དོ། །ཟས་ཞུ་བའི་གནས་ལོང་ཀའི་ནང་ན་མི་བཙང་བ་ལས་བྱུང་བའི་སྲིན་བུ་ཡོད་དེ། དེ་ཆེར་སྐྱེས་ན་ཐུར་དུ་བཤད
་བ་དང་ལྷན་ཅིག་འབྱུང་བར་འགྱུར་རོ། །གལ་ཏེ་སྲིན་བུ་དེ་ཆེན་པོར་སྐྱེས་ན་ཕོ་བའི་ནང་དུ་འཇུག་པར་འགྱུར་ཏེ། ཕོ་བའི་ནང་དུ་འོངས་ན་དེའི་ཚེ་སྒྲེགས་པ་འབྱུང་བ་དང། དབུགས་འབྱུང་དྲི་མི་ཞིམ་ཏེ་ཕྱིས་བཞིན་དུ་མནམ་པར་འགྱུར་རོ།།
་ཡང་གཞང་གི་ནང་མི་གཙང་བའི་དྲོད་ན་གནས་པའི་སྲིན་བུ་ལྔ་ཡོད་དེ་སྲིན་བུ་ཁམ་གྱི་ཟ་བ་ཞེས་བྱ་བ་དང། ངལ་གྱིས་འགྲོ་བ་ཞེས་བྱ་བ་དང། མྱང་བར་བྱེད་ཅེས་བྱ་བ་དང། བརྐམ་པ་ཞེས་བྱ་བ་དང། ལུས་ལ་གནོད་པ་ཞེས་བྱ་བ་དང།
་འདི་ལྔ་ཡོད་དེ། དེ་དག་གི་ལུས་དབྱིབས་དང་ཁ་དོག་ནི་ཆེན་པོ་དང་ཟླུམ་པོ་དང། ཕྲ་མོ་དང། སྦོམ་པོ་དང། སྨུག་པོ་དང། སེར་པོ་དང། དཀར་པོ་དང། དམར་པོར་འདུག་གོ་།སྲིན་བུ་དེ་དག་ནི་ཐུར་དུ་འཁྲུ་བར་བྱེད་དེ། རྟུག་སྐམ་གྱིས་འདེབས
་ཤིང་སྲི་བར་བྱེད་ལུས་སྐེམ་པོར་འགྱུར། ལུས་ཁོང་རྩུབ་སྐྱ་བོ་སྦབ་སྦབ་པོར་འགྱུར་རོ། །བ་སྤུ་ལངས་ཤིང་འགྲེང་སྟེ་ཕོ་བའི་དྲོད་ཉམས། གཞང་གི་ནད་གཡའ། གཞང་ཕྱིར་འབྱུང་བར་བྱེད་དོ། །མཛེ་ནད་དང་སྲིན་བུ་འབྱུང་བའི་ནད་གཞི
་བཤད་པ་དེ་ལེའུ་བཅུ་བཞི་བ་རྫོགས་སོ།། །།རླུང་ནད?་དུ་གྱུར་པའི་ནད་གཞི་བསྟན་པ་སྟེ། ལེའུ་བཅོ་ལྔ་པ་བཤད་པར་བྱའོ། །རླུང་ནི་མིའོ་ཅོག་གི་སྲོག་དང། རྩི་ཤིང་ཐམས་ཅད་ལ་ཕན་པར་འགྱུར་བ་དང། གནོད་པར་འགྱུར་བའི་རྒྱུ་ཡིན
་ཏེ། དེ་བས་ན་ནད་དུ་གྱུར་པའི་རླུང་དང། ནད་དུ་གྱུར་པ་མ་ཡིན་པའི་རླུང་དང། ལུས་ཀྱི་ཁྱད་པར་དུ་འགྱུར་པ་ཞེས་བྱའོ། །དེ་ལྟ་བས་ན་རླུང་འདི་ནི་ལས་ཐམས་ཅད་པ་ཞེས་བྱའོ། །ཐམས་ཅད་ཀྱི་རང་བཞིན་པ་ཞེས་བྱའོ། །ཐམས་ཅད་ཀྱི་མཚན་ཉིད་ཅེས
་བྱའོ། །ཇི་ལ་ཡང་དབང་བྱེད་པས་ན་སྐྱེ་དགུའི་བདག་ཅེས་བྱའོ། །ཇི་ཡང་འབྱིན་པར་བྱེད་པ་འཛིན་པར་བྱེད་པ། ཐམས་ཅད་དུ་འགྲོ་བ། ཁྱབ་པར་འཇུག་པ་ཐམས་ཅད་དུ་འགྲོ་བས་ཁྱབ་པར་འཇུག་པ་ཀུན་ནས་སྡུད་པ་འཆི་བདག་ཏུ་གྱུར་པ། གཤིན་རྗེར་གྱུར
་པ་ལྟ་བུ་ཞེས་བྱའོ། །དེ་བས་ན་ནད་སློང་བའི་རླུང་ནད་ངན་པར་མི་འགྱུར་བར་ནན་ཏན་གྱིས་ཤིག། དེ་ཡང་ནད་དམིགས་ཤེས་པར་བྱ་བའི་ལེའུ་ལས་རླུང་གི་བྱེ་བྲག་མདོ་དང། ཞིབ་ཏུ་བསྟན་པ་ནི་ན་བ་མེད་ཅིང་ཐ་མལ་པར་གནས་པའི་ཚེ། རླུང་གི་རང
་བཞིན་ལས་གང་དང་གང་བྱེད་པ་དང། རླུང་དེར་གྱུར་ན་ནད་ཅི་དང་ཅི་སློང་བ་བཤད་པ་དང། ཡང་ལྷག་པའི་ནད་དམིགས་ཀྱི་བྱེ་བྲག་བཤད་པའི་ནད་ནས་རླུང་གི་མིང་སོ་སོར་བཏགས་པ་དང། རླུང་གང་དང་གང་ན་གནས་པ་དང། ལུས་ལ་རླུང་ཐ
་དད་པ་རྣམ་ལྔ་ཡོད་པ་གང་ནས་གང་དུ་རྒྱུ་བ་དང། རླུང་རྣམ་པ་ལྔ་ལས། ཅི་དང་ཅི་བཤད་པ་རྣམས་ཀྱང་ཤེས་པར་གྱིས་ཤིག་།སྐབས་འདིར་ནི་རླུང་ནད?་དུ་གྱུར་པ་ནད་སློང་བར་བྱེད་པའི་སློང་པའི་གཞི་དང་མཚན་ཉིད་དུ་དབྱེ་བ་ནི་འདིར་བསྟན
་པར་བྱའོ། །དེ་ལ་རླུང་ནད་ནི་རླུང་ནད་དུ་གྱུར་པའི་བག་བྱས་པའི་ལུས་ཀྱི་སྲོག་ཟུང་ཟད་པར་བྱེད་པའི་རླུང་ནད་ལངས་ནས། ནད་གྲོལ་གྱི་སྤུ་བུ་དང། རྩ་ཆེན་པོའི་ནད་དུ་རླུང་ནད་ཕན་གནོད་གཞན་ཞིག་གིས་ཁོང་བའི་ནད་གང་བར་འགྱུར་བ་དེ་ལྟ་བུས།
་ནད་དེའི་ཐོག་ཏུ་བསན་ཏེ། ཡོག་ཅིང་ཁེབས་ནས་རླུང་ནད་དུ་འགྱུར་རོ། །དེ་ལ་རླུང་ནད་ཞུ་བའི་གནས་ཕོ་བ་མན་ཆད་དུ་ཞུགས་ཏེ་ནན། ལྟོ་སྤོ་ཞིང་ན། རྒྱུ་མའི་ནད་ཁྲོ་ལུ་ལུ་ཟེར་ཐུར་དུ་བཤད་བ་འོད་དུ་མི་བཏུབ། ཆུ་སོར
་རྡེའུ་ཆགས་ཏེ་རྡེའུ་སྐྱེ། གཞང་འབྲུམ་སྐྱེ། རྒྱབ་ན་ཞིང་རྐང་པ་ན། རོ་སྨད་མན་ཆད་དུ་དམིགས་སུ་རབ་ཏུ་ཟུག་ཅིང་ནའོ། །ཟས་མ་ཞུ་བའི་གནས་ཕོ་བ་ཡན་ཆད་དུ་ཞུགས་ཏེ་ན་ན་སྐོམ་དང་ཆེ། སློན་བྲོ། དབུགས་མི་བདེ་ལུད་པ་ལུ། སྦོ་ཞིང་འཁྲུ། མགུལ་བ་དང
་གྲེ་བ་མི་བདེ། སྒྲེགས་པ་མང་ཞིང་ཟས་མ་ཞུ་བའི་སྒྲེགས་པ་འབྱུང་ངོ། །དེ་ལྟར་ལྟོ་བ་ཡན་ཆད་དུ་རླུང་ནད་ལངས་ཏེ་ན་ན་རྣ་བ་ལ་སོགས་པ་དབང་པོ་རྣམས་མི་བདེ་ལ་མི་གསལ་ཞིང་རྟུལ་ལོ། །པགས་པ་ལ་རླུང་ཞུགས་ན་པགས་པ
་འགགས་ཤིང་རྩུབ་པོ། ཁྲག་ལ་རླུང་ནད་ཞུགས་ན་རབ་ཏུ་ན་གཉིད་ཆེ། ཤ་མདོག་དམར་ལ་ཁ་དོག་མི་སྡུག་པར་འགྱུར། ཐོར་བུ་འབྱུང། ཁ་ཟས་ཟོས་པ་རྣམས་ལྟོ་ན་རེམ་རེམ་པོར་འདུག། ཡི་ག་འཆུ། སྐེམ་པོར་འགྱུར། མགོ་འཁོར།
་ཚིལ་དང། ཤ་ལ་རླུང་ཞུགས་ན་སྨེན་བུ་ལྟ་བུར་གྱུར། རབ་ཏུ་ཟུག་ཅིང་ན། རྩུབ་ཅིང་ངལ་སྐྱེན། ལུས་ལྕི། ལུས་ཀྱི་ལྷུ་ཚིགས་ཡན་ལག་རངས། ཁུ་ཚུར་དང་དབྱིགས་པས་ཕོག་པ་རྣམ་བྱེད་དོ། །རུས་པ་ལ་རླུང་ནད་ཞུགས་ན་བརླ་དང་བྱིན་པ་རྗེ་དར་ཏུ་རྒང
་ཟུག་ཕྱོགས་སུ་ན། རུས་པའི་ཚིགས་སུ་ན། ཉམས་སྟོབས་རབ་ཏུ་ཟད་པར་བྱེད་དོ། །རྐང་ལ་ཞུགས་ན། རུས་པའི་ནད་སྟོངས་པར་འགྱུར། གཉིད་མེད་རྒྱུན་ཏུ་ནའོ། །ཁུ་བ་ལ་རླུང་ནད་ཞུགས་ན་ཡང་ན་ཁུ་བ་མྱུར་དུ་འབྱུང་བར་འགྱུར་རོ། །ཡང་ན་ཁུ
་བ་འབྱུང་དུ་མི་རུང་བ་འམ། ཁུ་བའི་མདོག་གཞན་དུ་འགྱུར་བར་བྱེད་དོ། །དེ་དང་འདྲ་བར་བུད་མེད་ཀྱི་མངལ་དུ་ཁུ་བ་གནས་པ་ཡང་དེ་དང་འདྲ་བར་འགྱུར་རོ། །རྩ་ལ་རླུང་ཞུགས་ན་རྩ་སྦོ་བ་དང། ནད་སྟོང་པར་འགྱུར་རོ། །ཆུ་བ་ལ་རླུང་ཞུགས
་ན་དཔྱི་ནས་སླར་ཟུག་ཅིང་ན་བ་དང། གླང་ཆངས་པ་དང། ངས་སྐན་གྱི་ནང་དུ་འགྱུར་རོ། །རུས་པའི་ཚིགས་སུ་རླུང་ནད་ཞུགས་ན། མྱངས་པ་ན་རྐྱལ་བ་རླུང་གིས་གང་བཞིན་དུ་སྐྲང་བརྐྱང་བསྐུམས་བྱས་ན་ནའོ། །ལུས་ཐམས་ཅད་ལ་རླུང་ནད་ཞུགས
་ན་ཟུག་ཅིང་ན་ལ་ཆག་པ་སྙམ་བྱེད། རེངས་ཤིང་རྐང་ལག་ཕྱིར་གཡབ་པར་འདོད། ཚོར་བའི་བག་མེད་བེམ་བག་ཏུ་འགྱུར། ཚིགས་འཁུམས་པ་དང། འདར་བར་འགྱུར་རོ། །ནམ་རྩོད་ཆེན་པོའི་ནད་ཀུན་ཏུ་རླུང་ནད་ཡང་དང་ཡང་ཞུགས་ཏེ་འགྲོ་བ་ན
་ལུས་འགུལ་ཞིང་འདར་ལ་ནད་འཇུག་པར་བྱེད་དེ། དེ་ལ་མིང་ནི་ལུས་ལ་ནད་འཇུག་པ་ཞེས་བྱའོ། །རོ་སྨད་མན་ཆད་དུ་རླུང་ནད་འགགས་པ་དང། གྱེན་དུ་སོང་ན་སྙིང་ལ་གནས་ཏེ། སྦུ་བུར་ཞུགས་ནས་སྙིང་དང། ཀླད་པ་དང། མུར་འགྲམ་དུ་ཟུག་ཅིང
་ན། དེ་བཞིན་དུ་ལུས་ཐམས་ཅད་གཞུ་ལྟར་གུག་ཏེ། སྒུར་པོར་འགྱུར། དབུགས་དང་རྔམ་པ་མི་བདེ་བར་འཐོན། ཧར་མིག་ཏུ་ལྟ་ཞིང་འབྱེད་འཛུམ་མི་ཤེས། ཕུག་རོན་བཞིན་དུ་འཁུན། དྲན་པ་ཉམས་པར་འགྱུར་ཏེ། དེའི་མིང་ནི་གཞན་དབང་ཅན
་ཞེས་བྱའོ། །སློ་དཔོན་གཞན་དག་ན་རེ། ནད་དེའི་མིང་ཨ་བ་ད་ན་ཀ་ཞེས་བྱའོ། །ཞེའོ་གལ་ཏེ་རླུང་ནད་གཞན་དབང་ཅན་དེ་སྙིང་གི་གནས་དང། རེ་ཞིག་བྲལ་བར་ལྟ་ན་ནི། སྐད་ཅིག་ནད་མེད་ཅིང་བདེ་ལ། རླུང་དེ་སླར་སྙིང་ལ་ཞུགས་ན། ཡང་ནད་སྔ་མ
་ལྡང་བར་འགྱུར་རོ། །བུད་མེད་བུ་བྱུང་བའི་འོག་ཏུ་ཁྲག་ཤས་ཆེར་འབྱུང་བའི་རྗེས་སུ་རླུང་ནད་གཞན་དབང་གི་ནད་བྱུང་བ་འམ། ཡང་ན་སྣད་པའི་དབང་གིས་རླུང་ནད་བྱུང་ན་ནི་གསོ་དཀའ་བ་ཡིན་ནོ། །མགྲིན་པའི་གཡས་གཡོན་གྱི་ཕར་རྩ་གཉིས
་ཀྱི་ནང་དུ་རླུང་ཞུགས་ན་ནི་ན་མ་ཚོད་ཡན་ཆད་གུག་ཅིང་རྩ་རེངས་ཏེ་གཡོ་བར་གྱུར་པ་དང། དེ་བཞིན་དུ་རྩ་ཆེན་པོ་གཞན་རྣམས་སུ་ཞུགས་ཏེ་ལུས་ཐམས་ཅད་ཁྱབ་པ་དེའི་ཚེ་ནི་ལུས་ཐམས་ཅད་ཀྱང་གཞུ་ལྟར་འཁུམས་པར་འགྱུར་རོ། །རླུང་ནད
་དེའི་ཤུགས་དྲག་ཏུ་སྐྱེ་ན་ནི། ཡན་ལག་ཆག་པ་སྙམ་བྱེད་ཅིང་ན། ཧར་མིག་ཏུ་ལྟ་ཞིང་འབྱེད་འཛུམ་མི་ཤེས། གླལ་བདེ་བར་མ་ཕྱིན། སོ་འཁྲིག་སྟོང་དུ་སྐྱུག་།རྩིབ་ལོགས་གཉིས་སུ་ཟུག་ཅིང་ན། སྐད་གསལ་བོར་མི་ཕྱིན
་འགྲམ་པ་དང། རྒྱབ་ཀྱི་སྒལ་ཚིགས་དང་མགོ་བོ་རྣམས་རེངས་ཤིང། བསྒུལ་དཀའ་བ་ཡིན་ཏེ། རླུང་དེའི་མིང་ནི་ད་སྒན་ལུས་ནང་དུ་གུག་པ་ཞེས་བྱའོ། །དེ་ལ་ད་སྒན་ཕྱིར་དགྱེ་བའི་རླུང་གི་མཚན་མ་ཡང་འདྲ་སྟེ། ཁྱད་པར་ལུས་ཕྱིར་དགྱེད
་ཅིང་རླུང་གི་མགོ་རྒྱབ་ཏུ་འདྲེན་ལ། བྲང་མདུན་དུ་འབུར། གཉའ་བ་སོས་འབྲད་པ་སྙམ་སེམས། བཞིན་མདོག་འགྱུར། ཚ་བས་ཆེར་རྡུལ་འབྱུང། ཡན་ལག་ཐམས་ཅད་ལྷོད་པར་གྱུར་པ་དེ་ནི། ད་སྒན་གྱི་ནད་ལུས་ཕྱིར་དགྱེ་བ་ཞེས་བྱའོ།།
་སློབ་དཔོན་ཁ་ཅིག་ན་རེ་རླུང་དེའི་མིང་ནི་གཞུ་ལྟར་རེངས་པ་ཞེས་བྱའོ་ཞེའོ། །ཡང་སློབ་དཔོན་ཁ་ཅིག་ན་རེ་དེའི་མིང་ནི་རླུང་ནང་ཤུགས་དྲག་པོ་ཞེས་བྱའོ་ཞེས་ཟེར་རོ་གནད་ཀྱི་སྟེང་དུ་རྨ་འབྱུང་སྟེ་དེར་རླུང་ལ་སོགས་པའི་ནད་གཞི་གཞན
་དག་རླུང་གི་ཕུལ་ཏེ། རྐང་པ་ཡན་ཆད་མགོ་བོ་མན་ཆད་ལུས་ཀུན་ནད་ཀྱིས་ཁྱབ་པར་བྱས་ཏེ་དེ་ཡང་སྦོམ་པ་དང། ལུས་སྐྱ་བོ་སྦབ་སྦབ་པོར་གྱུར་པ་ནི་རྨའི་ད་སྒན་ཞེས་བྱའོ། །སྤང་བར་བྱའོ། །གོང་དུ་བཤད་པའི་རླུང་ནང་ལྔ་བོ་དེ་དག
་ཐམས་ཅད་ཀྱང་རླུང་གི་ཤུགས་དང་བྲལ་བ་ན་ནི་ནད་མེད་ཅིང་བདེ་བར་འགྱུར་རོ། །ལྕེ་ལ་སོ་ཤིང་ལ་སོགས་པས་གཞར་གྲགས་པ་དང། བཅའ་སྐམ་པོ་སྲབ་བཅས་པ་དང། ཁུ་ཚུར་དང་རྡོ་བ་ལ་སོགས་པས་སྣང་བའི་དབང་གིས་འགྲམ
་པའི་རྩ་བའི་རླུང་འཁྲུགས་ཏེ། འགྲམ་པ་གཡས་གཡོན་གཉིས་ཀྱི་རྩ་བ་ནས་བསྐྱོད་ཅིང་ཉམས་པར་བྱས་ཏེ། ཁ་རྟག་ཏུ་གདངས་པ་འམ་ཡང་ན་འཛུམ་པར་བྱེད་དེ། བཟའ་བ་དང། སྨྲ་བ་ཐམས་ཅད་ཀྱང་ཤིན་ཏུ་དགའ་བ་དེ་ནི་འགྲམ་པ་རང
་གི་གནས་ནས་ཉམས་པ་ཞེས་བྱ་བའི་རླུང་ནང་ཅེས་བྱའོ། །ལྕེའི་རྩེ་མོ་ན་སྨྲ་བར་བྱེད་པའི་རྩ་ཡོད་དེ། དེའི་ནང་དུ་རླུང་ཞུགས་ནས། ལྕེ་ལྡིབས་ཤིང་ལྐུགས་པར་འགྱུར་ཏེ་བཟའ་བ་དང་བཏུང་བའི་རོ་ཡང་མི་ཚོར། སྨྲ་ཡང་མི་ནུས་པ་དེ་ནི་ལྕེ་ལྡིབས
་པ་ཞེས་བྱ་བའི་རླུང་ནད་ཅེས་བྱའོ། །རླུང་ནད་ཀླད་པའི་གཞོག་ཕྱེད་ན་བ་ཞེས་པ་ནི། མགོས་ཁུར་ཆེན་པོ་ཁྱེར་བ། རྒོད་དྲགས་པ་དང། ཚིག་དྲག་ཏུ་སྨྲ་བ་དང། དེ་བཞིན་དུ་སྡངས་པ་དང། གདེང་ཡོན་པོར་བཅུས་ནས་སྤྲིད་པ་གཏོང་བ་དང།
་གཞུ་སྲ་སྟེ་མ་འདྲེས་པ་དང། མལ་སྟ་ན་མཐོན་དམན་མི་སྙོམས་པ་ལ་ཉལ་བ་དང། བཅའ་བ་སྐམ་པོ་སྲན་ཏེ་མ་འཆའ་བ་དང། དེ་བཞིན་དུ་རླུང་ནད་སྐྱེད་པའི་བབ་བསྟེན་པས་རླུང་འཕེལ་ཏེ། རོ་སྟོད་དུ་ཞུགས་ནས་ཁ་གདོང་གི་གཞོགས་ཕྱེད་ཡོན
་བོར་བྱས་ཏེ། དེ་སྨྲ་བ་དང། རྒོད་པ་དང། ལྟ་བ་རྣམས་ཀྱང་ཡོ་བར་བྱེད་དེ། དེས་ན་ནད་པའི་མགོ་བོ་ཡང་འགུལ་ཞིང་དམ་པར་བྱེད་དོ། །དེ་བཞིན་དུ་སྐད་མི་ཕྱིན་པ་དང། ཧར་མིག་ཏུ་ལྟ་ཞིང་འབྱེད་འཛུམ་མི་ཤེས་པ་དང། སོ་འགུལ་བ་དང། སྐད
་འཛེར་བ་དང། སྒྲ་མི་ཐོས་པ་དང། སྤྲིད་པ་མི་ཐོན་པ་དང། མི་ཚོར་བ་དང། དྲན་པ་ཉམས་པ་དང། རྨོངས་པ་དང། གཉིད་ཀྱི་ནང་དུ་སྡངས་པ་དང། མཆིལ་མ་གཡོན་ཕྱོགས་སུ་འདོར་བ་དང། ལྟ་བ་ཡང་མིག་ཡ་གཅིག་པ་ལྟ་ཞིང་འཛུམ་པ་དང། ནམ
་ཚོངས་ཡན་ཆད་མི་བཟད་པར་ན་བ་ཡིན་ནོ། །སློབ་དཔོན་ཁ་ཅིག་ན་རེ་ལུས་ཀྱི་རོ་སྨད་ཀྱི་གཞོགས་བྱེད་ཀྱང་དེ་ལྟར་ན་བ་ཡོད་ཅེས་ཟེར་རོ། །ཡང་གཞན་དག་ན་རེ་ད་སྒན་ཕྱོགས་ཅིག་ཏུ་གྱུར་པ་ཡང་དེའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཞེའོ། །རླུང
་ནང་ཁྲག་ལ་བརྟེན་ཏེ། སྐེ་རྩའི་ནང་དུ་ཞུགས་ནས་དེས་རྩ་རྣམས་རྩུབ་པ་དང། ནད་དང་བཅས་པ་དང། མདོག་གནག་པར་བྱེད་དེ། དེ་ནི་རྩ་འཛིན་པའི་རླུང་ནད་ཅེས་བྱ་སྟེ། གསོར་མི་རུང་ངོ། །རླུང་གིས་ལུས་ཀྱི་གཞོགས་ཕྱེད་བཟུང་སྟེ་དེས་རྩ་དང
་རྒྱུས་པ་བསྐམས་པར་བྱས་ནས། གཞོགས་ཕྱེད་གང་ཡང་རུང་བ་ལ་གནོད་པ་བྱེད་དོ། །ཚིགས་ཀྱི་བོག་ས་རེ་ཡང་བྱེ་ཞིང་ལྷོང། གཞོགས་ཕྱེད་ཀྱི་ལས་ལ་སྦྱོར་མི་ནུས། ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ
་ཡིན་ཏེ། དེ་ནི་སྨན་པ་ཁ་ཅིག་ན་རེ། ཡན་ལག་ཕྱོགས་གཅིག་གི་ནད་ཅེས་བྱའོ་ཞེས་ཟེར་རོ། །ཡང་སྨན་པ་གཞན་དག་ན་རེ་གཞོགས་ཕྱེད་བསྐམས་པ་ཞེས་ཟེར་རོ། །ལུས་ཐམས་ཅད་ལ་བརྟེན་པའི་རླུང་ནད་ཀྱང་ལུས་ལ་ཚོར་བ་མེད
་པ་ལ་སོགས་པ་མཚན་མ་གོང་མ་དང་འདྲ་སྟེ། དེ་ནི་ཡན་ལག་ཐམས་ཅད་ཀྱི་ནད་ཅེས་བྱའོ། །ཞེས་པས་དེ་རླུང་ནད་ཉི་ཚེ་གཞོགས་ཕྱེད་སྐམ་པ་ནི་གསོ་དཀའ་བ་ཡིན་ནོ། །ནད་གཞི་གཞན་དང་འདྲེས་པས་གཞོགས་ཕྱེད་སྐམ་པ་ནི
་ཤིན་ཏུ་དཀའ་བས་གསོར་མི་རུང་ངོ། །གློ་གཅོང་ཟད་བྱེད་ཀྱི་གཞོགས་ཕྱེད་བསྐམས་པ་ནི་སྤང་བར་བྱའོ། །རླུང་ནད་མ་ཞུ་བ་དང། བད་ཀན་དང་འདྲེས་ནས་རྩའི་རྒྱུན་སྲད་ཆོད་དེ། དེས་ལུས་ཐམས་ཅད་ཤིང་བཞིན་དུ་རེངས་པར་བྱས་ནས། བརྐྱང
་བསྐུམ་མི་ནུས་པ་ནི་ཤིང་ལྟར་རེངས་པའི་རླུང་ནད་ཅེས་བྱའོ། །རླུང་ནད་ཕྲག་པའི་རྩ་ལ་ཞུགས་པ་ནི་ཕྲག་པའི་རྩ་འཁུམས་ཏེ་ལག་དར་མི་ཐེག་ཅིང། འགལ་སྐྱོང་མི་ནུས་ཏེ། དེའི་མིང་ནི་དཔུང་པ་འཇམ་པའི་རླུང་ནད་ཅེས་བྱའོ། །རླུང་གི་ལག
་པའི་མཐིལ་ཕྱོགས་སོར་མོ་དང་འབྲེལ་པའི་ཆུ་བ་རྣམ་པར་འཁུམས་ཏེ། ན་བས་ཉམ་ཐག་ཅིང་ལག་པ་གཡོ་བ་ལ་སོགས་མི་ཤེས་པ་སྟེ། དེའི་མིང་ནི་རླུང་ནད་ནི་ཤ་སི་ཞེས་བྱའོ། །གང་གི་ཚེ་རླུང་སྐྱེད་པའི་ནང་དུ་རྟེན་ཏེ་བརླའི་ཆུ་བའི་ནང
་དུ་ཞུགས་ནས་འཐེང་བར་འགྱུར་བ་དེ་ནི་རླུང་ནད་ཐེང་པོར་ཞེས་བྱའོ། །དེ་ལྟར་རླུང་དེ་བརླའི་ཆུ་བ་གཉིས་ཀ་ལ་ཞུགས་པ་ནི་འཕྱེ་བར་འགྱུར་ཏེ། དེའི་མིང་ནི་རླུང་ནད་འཕྱེའོ་ཞེས་བྱའོ། །ཡང་རླུང་འགྲོ་བར་རྩོམ་པ་མི་བརྟན་ཞིང་འདར་བ་དང།
་འཐེང་བ་ལྟར་འགྲོ་བ་དེ་ནི་ཚིགས་ཀྱི་འབྱོར་མཚམས་བྱེ་བ་ཡིན་ཏེ། དེ་ནི་སྲན་མ་ལྟར་མཐེང་བ་ཞེས་བྱ་བའི་རླུང་ནད་ཅེས་བྱའོ། །ཅུང་ཟད་མ་ཞུ་བ་དང་ཅུང་ཟད་ཞུ་བའི་སྟེང་དུ་ཟས་ཟོས་པ་དང། དྲོ་གྲང་འདྲེས་པར་ཟོས་པ་དང། སྐམ་དང་སློན་པ
་འདྲེས་མར་བསྟེན་པ་དང། དེ་བཞིན་དུ་ཁ་ཟས་ལྕི་བ་དང། སྣུམ་ཆེས་པ་བསྟེན་པ་དང། འདུག་གནས་མི་བདེ་བ་ལ་འདུག་པ་དང། མི་ནུས་བཞིན་ལས་རྩོམ་པ་དང། ཉིན་པར་ཉལ་བ་དང། མཚན་མོ་གཉིད་མི་ལོག་པ་དང། རྒྱུ་དེ་དག་གིས
་བད་ཀན་དང། ཚིལ་གཉིས་རླུང་དང། མཁྲིས་པ་གང་ཡང་རུང་བ་དང། བཅས་པར་འཁྲུགས་ནས་མ་ཞུ་བ་ཚབ་ཆེར་གསོགས་ཏེ། དེས་སུས་ཉམས་ཐག་ཅིང་བད་ཀན་ཚོར་བ་མེད་པའི་བརླ་རུས་པའི་ནང་དུ་ཞུགས་ནས་བརླ་རེངས་ཤིང་འདེགས
་མི་ནུས་ལ་གྲང་བ་དང། ཚོར་བ་མེད་པ་དང། གཞན་གྱི་བརླ་བརྙན་སེམས་པ་དང་ལྕི་བ་དང། མི་ཟད་པར་ན་བ་དང། འགྲོ་མི་ནུས་པ་དང་ཡན་ལག་བརྡུངས་པ་སྙམ་སེམས་པ་དང། བོང་བག་དུ་འདུག་པ་དང། སྙོམ་བག་ཏུ་སྐྱུག་བྲོ་བ་དང། ཡི
་ག་འཆུས་པ་དང་རིམས་ཀྱིས་འདེབས་པ་དང། རྐང་པ་སྒྱིད་ཞན་ཅིང་ཞིག་པ་སྙམ་སེམས་པ་དང། རྐང་པ་འདེགས་པ་དཀའ་བ་དང། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང། མཚན་མ་དེ་དག་དང་ལྡན་པའི་རླུང་ནད་ནི་བརླ་རེངས་པ་ཞེས
་བྱའོ་ཞེས་བཤད་དོ། །སྨན་པའི་སློབ་དཔོན་གཞན་དག་ན་རེ་ཕྱུག་པོའི་རླུང་ནད་ཅེས་བྱའོ་ཞེས་ཟེར་རོ། །པུས་མོའི་དབུས་སུ་རླུང་དང་ཁྲག་འདྲེས་ཏེ་ཞུགས་ནས་བུས་མོའི་སྟེངས་དུ་སྐྲངས་ཏེ་ཟུག་ཟེར་ཆེ་བ་ཅེ་སྤྱང་གི་མགོ་ལྟ་སྦོམ་པར་གྱུར་པ
་ནི་རླུང་ནད་ཅེ་སྤྱང་གི་མགོ་ལྟ་བུ་ཞེས་བྱའོ། །རྐང་པ་བབ་ཅོལ་དུ་བོར་བ་འམ། ཡང་ན་ཆད་ཅིང་ངལ་བ་ལས་རླུང་སྐྱེས་ཏེ་རབ་ཏུ་ཟུག་ཅིང་ན་ལ་ལོང་མོ་ལ་བརྟེན་པ་ནི་རླུང་ནད་ཚེར་མ་ལྟ་བུ་ཞེས་བྱའོ། །རྐང་པའི་རྟིང་པ་དང་སོར་མོར་འབྲེལ་བའི་ཆུ
་བ་ལ་རླུང་གིས་གནོད་ཅིང་ཉམ་ཐག་པར་བྱས་ཏེ་བརླ་ནས་ཡར་འཇུག་ཅིང་འགྲོ་བ་དེ་ནི་རླུང་ནད་གྲི་ཏྲ་སི་ཞེས་བྱའོ། །ཞེས་བཤད་དོ། །གོང་དུ་སྨོས་པའི་རླུང་ནད་ཙི་ཤ་སི་ཞེས་བྱ་བ་ལག་དར་གྱི་ནད་དང། དྲི་སྲ་སི་ཞེས་ཕྱ
་བའི་བརླའི་ནད་དེ་གཉིས་ཀ་ཡང་ཟུག་གཟེར་ཤིན་ཏུ་དྲག་པ་ཡིན་ཏེ། དེ་གཉིས་ཀྱི་མིང་ནི་རླུང་ནད་ཁལླི་ཏི་ཞེས་བྱའོ། །རྐང་པ་གཉིས་རྩེ་སྟེ་ཚོར་བ་བེམ་བེམ་པོར་གྱུར་པ་ནི། བད་ཀན་དང་རླུང་འཁྲུགས་པ་ཡིན་ཏེ། དེ་ནི་རྐང་པ་བརྩེ་བའི
་རླུང་ནད་ཅེས་བྱའོ། །གང་གི་རྐང་པ་དང་མཁྲིས་པ་དང་རླུང་འཁྲུགས་པས་རྐང་པ་ཚ་འུར་འུར་པོར་འདུག་པ་དང། འཆག་པ་དང་འགྲོ་བའི་དུས་སུ་ཆེར་ཚ་བ་དེ་ནི་རླུང་ནད་རྐང་པ་ཚ་བ་ཞེས་བྱའོ། །རླུང་གི་ནད་གཞི་བཤད་པའི་ལེའུ་སྟེ་བཅོ
་ལྔ་པ་རྫོགས་སོ།། །།དེ་ནས་དྲེག་ནད་ཀྱི་ནད་གཞི་བཤད་པའི་ལེའུ་བརྗོད་པར་བྱ་སྟེ། དེ་ལ་ཁྲག་འཁྲུགས་པར་བྱེད་ཅིང་ཚ་བ་བསྐྱེད་པའི་ཟས་དང། སྲོག་ཆགས་ཆུ་ན་སྤྱོད་པའི་ཤ་དང། རྒྱ་སྲན་དང། མོན་སྲན་སྡེའུ་དང། འབྲས་ནི་ས
་པ་དང། སྐྱུར་དང། ཆང་དང། དར་བསྐྱུར་པོ་དང། ཞོ་སྐྱུར་པོ་ལ་སོགས་པ་བསྟན་པ་དང། གང་ཡང་མི་མཐུན་པའི་རྫས་ཡུལ་སེར་ཚ་བ་ནས་བྱུང་བའི་ཤ་དང། མོན་སྲན་གྲེའུ་དང། སྦྲང་རྩི་ལྷན་ཅིག་ཟོས་པ་དང། འོ་མ་དང་འབྲུའི་མྱུ
་གུ་ལྷན་ཅིག་ཟོས་པ་དང། སྦྱོར་བ་དེ་དག་ལོག་པར་བརྟེན་པ་དང། འདི་བཞིན་ཉིན་པར་གཉིད་ལོག་པ་དང། མཚན་མོ་གཉིད་མི་ལོག་པ་དང། ཉལ་པོ་དྲག་པོ་དང། སྐྱིད་དེ་པ་འགྲོ་བ་ལ་སོགས་པ་དྲག་ཤུལ་མ་མྱོང་བ་དང། ལུས་སྨད་པ
་དང་ལུས་མ་དག་པ་དག་།སྐྱོན་དེ་རྣམས་ཀྱིས་མི་དག་གི་ཁྲག་འཁྲུགས་པ་དང། གཞན་ཡང་རླུང་སྐྱེ་བའི་ཟས་བརྟེན་པས་རླུང་ངམ་གཞན་དུ་སོང་སྟེ་ཁྲག་དང་རླུང་གཉིས་གཅིག་ལ་གཅིག་གནོད་པར་བྱེད་ཅིང་མི་བདེ་བ་སྐྱེས་པ་ཡིན་ཏེ།
་དེའི་མིང་ནི་ཕྱུག་པོའི་ནད་ཅེས་ཀྱང་བྱ། ?་བའི་ནད་ཅེས་ཀྱང་བྱ་བ་ལས་ཞེས་ཀྱང་བྱ། རླུང་དང་ཁྲག་འདྲེས་པའི་དྲེག་ནད་ཅེས་ཀྱང་བྱ་སྟེ། དེ་དག་ནི་མིང་གི་རྣམ་གྲངས་སོ། །ནད་དེ་ཡང་ཐོག་མར་རྐང་པ་གཉིས་སུ་རྒྱུག་སྟེ། ཁྱད་པར་དུ་རྟ་ལ་སོགས་པ
་ལ་ཞོན་པའི་རྐང་པ་འཕྱང་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་དྲེག་ནད་ཐོག་མར་འབྱུང་བ་དང། གཉིད་དང། དེ་རྣམས་དགག་པ་དང། ཁུར་ལྕི་བ་ཁུར་བ་དང། དུ་དྲགས་པ་དང། རྒོད་དྲགས་པ་ལ་སོགས་པའི་རྒྱུས་རླུང་འཁྲུགས་ཏེ།
་མགུལ་པ་འགགས་པ་དང། སེམས་ཉམས་པ་དང། སྐྱུག་པ་དང་ཁ་ཟས་ཡི་གར་མི་འོང་བ་དང། ཆམ་པས་བཏབ་པ་དང། དེ་བཞིན་དུ་མགུལ་པའི་ལྦ་བ་ལ་སོགས་པ་ནམ་ཚོད་ཡན་ཆད་ཀྱི་ནད་དེ་དང་དེ་ལ་སོགས་པ་སྐྱེད་པར་བྱེད་དོ། །
་ཁྱབ་བྱེད་ཅེས་བྱ་བའི་རླུང་ནད་ནི་འགྲོ་དྲགས་པས་རང་གི་གནས་ཉམས་པ་དང། རྩེད་མོ་ཤིན་ཏུ་དྲག་པ་མི་ཟད་པ་བྱེད་པ་དང། ཁ་ཟས་མི་མཐུན་པ་དང། རྩུབ་པ་བརྟེན་པ་དང་འཇིགས་པ་དང་དགའ་བ་ཆེས་པ་དང། ཡི་བསད་པ་ལ་སོགས་པའི
་རྒྱུས་ཁྱབ་བྱེད་ཀྱི་རླུང་འཁྲུགས་ཏེ། རྒ་བ་དང་ཉམས་སྟོབས་འཇིག་པར་བྱེད་ཅིང། ལུས་བསྐྲང་བ་དང། སེམས་གཡེངས་པ་དང་རིམས་ཀྱིས་འདེབས་པ་དང། ཡན་ལག་ཐམས་ཅད་ན་ཞིང་ཟུགས་དང་སྤུ་ཟིང་ཞེས་བྱེད་པ་དང། ལུས་ཚོར་བ་མེད
་ཅིང་བེམ་བེམ་པོར་གྱུར་པ་དང། མཛེ་ནད་དང་ཤུ་བ་མཆེད་པ་དང། གཞན་ཡང་ལུས་ཐམས་ཅད་དུ་འགྲོ་བའི་ནད་སྐྱེད་པར་བྱེད་དོ། །དེ་ལ་མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་ནི་ཟས་མ་སྙོམས་པ་དང། སྔ་མ་མ་ཞུ་བར་ཟ་བ་དང།
་ཟས་རྙིང་པ་ཟ་བ་དང། དུས་མ་ཡིན་པར་གཉིད་ལོག་པ་དང། མཚན་མོ་གཉིད་མ་ལོག་པ་དང། རྒྱུ་དེ་དག་གིས་འཁྲུག་པར་བྱེད་དེ། །གཟེར་བ་དང། སྐྲན་དང། ཕོ་བའི་ནད་དང། ཞུ་བ་དང། མ་ཞུ་བའི་གནས་སུ་ནད་རྣམས་སྐྱེད་པར་བྱེད་དོ།།
་ཐུར་དུ་སེལ་བའི་རླུང་ཞེས་བྱ་བ་ནི་ཁ་ཟས་རྩུབ་པ་དང། འཇུ་དགའ་བ་ཟོས་པ་དང། རྟ་ལ་སོགས་པ་བཞོན་པའི་སྟེང་ནས་ལྷུང་བ་དང། བཞོན་པ་ལ་རྟག་ཏུ་བརྟེན་པ་དང་གནས་ཅིག་ཏུ་ཡུན་རིངས་པ་དང། འགྲོ་བ
་ལ་རྟག་པ་དང། རྒྱུ་དེ་དག་གིས་ནད་འཁྲུགས་ཏེ། མ་ཞུ་བའི་གནས་ལ་བརྟེན་ནས་གཅིན་ནད་དང། ཁུ་ཆུའི་ནད་གཞང་འབྲུམ་དང་གཞང་ཕྱིར་བྱུང་བ་ལ་སོགས་པའི་ནད་གསོ་དཀའ་པ་མང་དུ་སྐྱེད་དོ། །སྲོག་ཅེས་བྱ་བ་ལ་སོགས་པའི་རླུང
་ལྔ་པོ་དེ་དག་གང་ཡང་རུང་བ་མ་ཞུ་བ་དང། ལྷན་ཅིག་ལྡན་ན་ནི་ལུས་སྙོམས་པ་དང། མགུལ་མི་ཤེས་པ་དང། ཁོང་ལྕི་བ་དང། སྣུམ་པ་དང། ཁ་ཟས་ཡི་གར་མི་འོང་བ་དང། སྒྱིད་ཞན་པ་དང། གྲང་བ་དང། སྐྲང་བ་དང། མེའི་དྲོད་ཉམས་པ་དང
་ཚ་བ་དང་རྩུབ་པ་ལ་མངོན་པར་ཆགས་པ་དང། དེ་ཉིད་ཟོས་པས་བདེ་བ་དང། རྟགས་འདི་དག་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །མ་ཞུ་བ་དང་མི་ལྡན་པ་ནི་རྟགས་དེ་དག་དང་ལྡན་པ་མ་ཡིན་པར་ཤེས་པར་བྱའོ། །རླུང་དེ་མཁྲིས་པ
་ལ་སོགས་པ་ནད་གཞན་དང་ལྡན་པ་ཡིན་ན་ཡང་དེའི་དབྱེ་བ་དམིགས་ཀྱིས་བཤད་པར་བྱ་སྟེ། དེ་ལ་རླུང་ནད་མཁྲིས་པ་དང་ལྡན་པའི་རྟགས་ནི་ལུས་ཚ་བ་འུར་འུར་པོར་འདུག་པ་དང། སྐོམ་དད་ཆེ་བ་དང། གཟུགས་གཟེར་ཆེ་བ་དང། མགོ
་འཁོར་བ་དང། མུན་འཐིབས་ཞེས་བྱེད་པ་དང། ཁ་ཟས་ཚ་བ་དང། དྲོ་བ་དང་སྐྱུར་བ་དང། ལན་ཚ་རྣམས་ཟོས་ན་ལུས་ཚ་བ་སྐྱེད་པ་དང། བསིལ་བ་འདོད་པ་རྣམས་ཡིན་ནོ། །རླུང་དང་བད་ཀན་དང་ལྡན་པའི་རྟགས་ནི་ལུས་བསིལ་བ་དང། ཁོང
་གྲང་བ་དང། ཟུག་གཟར་ཆེ་བ་དང། ཁ་ཟས་ཚ་བ་དང། དྲོ་བ་ཟོས་ན་ལྷག་པར་བདེ་བ་དང། སྨྱུང་བ་དང། རྩོལ་བ་དང། ཁ་ཟས་རྩུབ་པ་དང། དྲོ་བ་དང་འདི་རྣམས་འདོད་པ་ཡིན་ནོ། །རླུང་ཁྲག་དང་བཅས་པའི་རྟགས་ནི་ཤ་དང་པགས་པའི་ནང
་དུ་ཚ་ཤས་ཆེ་ཞིང་ཟུག་པ་དང། མདོག་དམར་པོར་སྐྲང་བ་དང། ལུས་ལ་ཐིག་ལེ་དམར་པོ་འབྱུང་བ་ཡིན་ནོ། །རླུང་ཤ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་སྐྲང་ཤིང་མཁྲང་བ་དང་མདོག་འགྱུར་བ་དང། དེ་བཞིན་དུ་འབྲུམ་བུ་ཕྲ་མོ་འབྱུང་བ
་ཞེས་མཁྲང་ལ་མདོག་འགྱུར་བ་དང། ལུས་རྩེ་བ་དང། ལུས་ལ་གྲོག་མ་རྒྱུ་བ་སྙམ་བྱེད་པ་ཡིན་ནོ། །རླུང་དེ་ཚིལ་དང་ལྡན་པར་འཁྲུགས་པ་ཡིན་ན་ནི་ལུས་སྐྲང་ཞིང་མི་བརྟན་པ་དང། སྣུམ་པ་དང། རེག་ན་འཇམ་པ་དང། གྲང་བ་དང། ཟས་ཡི
་གར་མི་འོང་བ་དེ་ནི་གསོ་དཀའ་བའི་ཕྱུག་པོའི་ནད་ཅེས་བྱའོ། །དེ་རླུང་རུལ་པ་དང་ལྡན་པར་འཁྲུགས་ན་ནི་རེག་ན་ཤིན་ཏུ་ཚ་བ་དང། བཙིར་ན་མངོན་པར་དགའ་བ་དང་ཁབ་ཀྱི་བཙགས་པ་སྙམ་བྱེད་པ་དང། ཡན་ལག་རྣམས་ན་ཞིང་ཟུག་པ་ཡིན་ནོ།།
་རླུང་ནད་རྐང་དང་ལྷན་ཅིག་འཁྲུགས་པ་ནི་ལུས་རྒུ་བ་དང། ཡང་ནས་ཡང་དུ་གླལ་འབྱུང་བ་དང། འདུས་པའི་ཚུལ་ནི་ཤིན་དུ་རྩུབ་པ་དང། ཡང་ན་ཤིན་ཏུ་འཇམ་པ་དང། རབ་ཏུ་བརྟུལ་བ་འམ། ཡང་ན་ལུས་ཀྱི་མདོག་འགྱུར་བ་ལ་སོགས་པ
་མཛེའི་ནད་ཐོག་མ་འབྱུང་བའི་ཚུལ་དང་འདྲ་བར་འབྱུང་ངོ། །དེ་བཞིན་དུ་ལུས་ཤིན་ཏུ་མ་རུངས་པ་དང། ཡན་ལག་ལྷོད་པ་དང། པུས་མོ་དང་བྱིན་པ་དང་བརླ་དང། རྐེད་པ་དང། ཕྲག་གོང་དང། ལག་པ་དང། རྐང་པ་ལ་སོགས་པའི་ཚིགས་རྣམས་སུ
་གཡའ་བ་དང། འགུལ་བ་དང། ན་བ་དང། ཆག་སྙམ་བྱེད་པ་དང། ལུས་ལྕི་བ་དང། ཚོར་བ་ཆུང་བ་དང། ནད་ཡང་དང་ཡང་ལྡང་དུབ་བྱེད་པ་རྣམས་ཡིན་ནོ། །དྲེག་དེ་ཡང་རྐང་ལག་གཉིས་ལ་གནས་པ་འམ་ཡང་ན་ལག་པ་གཉིས་ལ་གནས་པ་ཡང
་ཡོད་དེ། དེ་གཉིས་གང་ཡང་རུང་པ་ལས་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་སྟེ། ཅི་ལྟར་བྱི་བ་ཁྲོས་པའི་མཆེ་བའི་དུག་གིས་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་བཞིན་ནོ། །དེ་ཡང་དང་པོ་ཤ་དང་པགས་པའི་ཕྱིར་རིམས་ཐམས་ཅད་དུ་ཁྱབ
་པར་འགྲོ་སྟེ། དེའི་མིང་ནི་རྟོགས་པར་སླ་བ་ཞེས་བྱའོ། །དེ་ནས་རིམས་ཀྱིས་ཐ་མར་ལུས་ཟུངས་ཐམས་ཅད་དུ་ཡང་ཁྱབ་པར་འགྲོ་སྟེ། དེ་ནི་རྟོགས་པར་དཀའ་བའི་དྲེག་ནད་ཅེས་བྱའོ། །དེ་ལ་རྟོགས་པ་སླ་བའི་དྲེག་ནད་ནི་གོང
་གི་གཡའ་བ་ལ་སོགས་པའི་མཚན་མ་ལྡན་པ་དང། གཞན་ཡང་པགས་པར་བྱེད་པ་དང། མདོག་སྨུག་ནག་དུ་འདུག་པ་དང། དམར་བ་དང། བྱ་རྨྱང་དང་བཅས་པ་དང། རབ་ཏུ་ཚ་བ་འུར་འུར་པོར་དྲོ་བ་རྣམས་ཡིན་ནོ། །དེ་ལ་རྟོགས་པར
་དཀའ་བའི་དྲག་ནད་ནི་གོང་མ་བས་ཤས་ཆེར་ན་ཞིང་ཟུག་པ་དང། སྐྲང་བ་དང། མཁྲང་བ་དང། ཚོས་པ་སྙམ་བྱེད་པ་དང། རླུང་ཚིགས་དང། རུས་པ་དང། རྐང་གི་ནད་དུ་ཞུགས་ཏེ། བཅད་པ་སྙམ་སེམས་ཞིང་ནད་དུ་རྒྱུ་ཞིང་ཤུགས་དྲགས
་པའི་ཚེ་ལུས་རྒུར་བ་དང། ཞ་བ་དང། འཐེང་བར་བྱེད་ལུས་ཐབས་སུ་རྒྱུ་བ་ཡིན་ནོ། །དེ་ལ་རླུང་ཤས་ཆེས་པའི་དྲེག་ནད་ནི་ཟུག་གཟེར་བ་དང། བར་པར་བྱེད་པ་དང་ན་བ་དང། ལུས་སྐྲང་ཞིང་རྩུབ་པ་དང། མདོག་གནག་པ་དང། སྔོ་བསངས་སུ
་འདུག་པ་དང། ཡང་དང་ཡང་ན་ཞིང་ཞི་བར་བྱེད་པ་དང། རྩ་ཆེན་པོ་དང་ཚིགས་དང་སོར་མོ་རྣམས་འཁུམས་པ་དང། ལུས་བཅིངས་པ་སྙམ་བྱེད་ཅིང་ཤིན་ཏུ་ན་བ་དང། གྲང་བ་ལ་ཞེ་སྡང་བ་དང། ལུས་ལ་གྲངས་པས་རེག་ན་བདེ་བ་དང
་རེངས་པ་དང། ལུས་ལ་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་རྣམས་ཡིན་ནོ། །ཁྲག་གི་ཤས་ཆེ་བའི་དྲེག་ནད་ནི་རབ་ཏུ་སྐྲང་བ་དང། ཟུག་ཅིང་ན་བ་དང། ཟངས་མའི་མདོག་འདྲ་བ་དང། ལུས་བེམ་བེམ་པོར་ཡུངས་ཀར་འདའ་གུས་བསྐུས
་པ་བཞིན་ཆེ་ཙེག་ཙེག་སེམས་པ་དང། སྣུམ་པ་དང་རྩུབ་པས་ཞི་བར་མི་འགྱུར་བ་དང། གཡའ་བ་དང་རུལ་བ་དང་ལྡན་པ་ཡིན་ནོ། །མཁྲིས་པ་ཤས་ཆེ་བའི་དྲེག་ནད་ལ་ཚ་བ་འུར་འུར་པོར་འདུག་པ་དང། རྨོང་བག་དུ་འདུག་པ་དང། རྡུལ
་ཆེ་བ་དང། །བརྒྱལ་བ་དང། མྱོས་པ་དང། སྐོམ་དད་ཆེ་བ་དང། རེག་མ་བཟོད་པ་དང། ན་བ་དང། མདོག་དམར་བ་དང། སྐྲང་བ་དང། ཚོས་པ་དང། རབ་ཏུ་དྲོ་བ་རྣམས་ཡིན་ནོ། །བད་ཀན་ཤས་ཆེ་བའི་དྲེག་ནད་ནི་ལུས་འགུལ་མི་ཤེས་པ་དང། ལུས་ལྕི་བ་དང། ཚོར་བ་མེད་ཅིང
་བེམ་བེམ་པོར་འདུག་དང། མདོག་སྣུམ་པ་དང། ལུས་གྲང་བ་དང། གཡའ་བ་དང་ཅུང་ཟད་ན་བ་རྣམས་ཡིན་ནོ། །དྲེག་ནད་ཉེས་པ་འདྲེས་པ་ལས་གཉིས་ལྡན་པའམ། གསུམ་འདུས་པའི་མཚན་མ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལས་ནད་གཅིག་ཤས་ཆེ
་བ་འམ་གསར་དུ་བྱུང་བ་ནི་གསོར་རུང་ངོ། །ནད་གཞི་གཉིས་དང་ལྡན་པ་ནི་མི་ལ་ཙམ་དུ་གསོར་ནུས་སོ། །ནད་བཞི་གསུམ་གྱི་དྲེག་ནད་ཆུ་སེར་འཛག་པ་དང། རེངས་པ་དང་ཐོར་བུ་འཕྱང་བ་དེ་ནི་སྤང་བར་བྱའོ། །རྐང་ལག་གི་ཚིགས་རྣམས་སུ་ཁྲག་རྒྱུ་བའི་རྩ་རླུང་གིས
་བསྐགས་ན་རླུང་དང་ཁྲག་ཕན་ཚུན་ཕྲད་ནས་ཟུག་ཟེར་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ནི་མྱུར་དུ་སྲོག་འདོར་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་རླུང་གི་བདག་ཉིད་རྣམ་པ་ལྔ་ལས། །སྲོག་ཅེས་བྱ་བའི་རླུང་ནི་ཁ་ཟས་རྩུབ་པ་དང། རྩོལ་བ་དྲགས་པ་དང། སྨྱུང་བར་འདུག་པ་དང
་ཁ་ཟས་དྲགས་པ་དང། འདྲངས་ཆེས་པ་དང། སྣང་བ་དང། ལམ་གྱིས་དུབ་པ་དང་ཤུགས་དྲག་ཏུ་སྨྲ་བ་དང། འབྱུང་བའི་ཤུགས་འགགས་པ་དང། རྒྱུ་དེ་དག་གིས་རླུང་འཁྲུགས་ཏེ། མིག་ལ་སོགས་པ་དབང་པོ་རྣམས་ལ་གནོད་པར་བྱས་ཏེ། སྣ་ཆུ་འཛག་པ་དང།
་ཉམ་ཐག་པར་ན་བ་དང། སྐོམ་དང་ཆེ་བ་དང། ལུད་པ་དང་དབུགས་མི་བདེ་བ་ལ་སོགས་པ་རྣམས་བསྐྱེད་དོ། །དེ་ལ་སྟོང་དུ་རྒྱུ་བའི་རླུང་ཞེས་བྱ་བ་ནི་སྤྲིད་པ་དང། སྒྲེགས་པ་དང། སྐྱུག་གཅུས་པ་སྙམ་བྱེད་པ་དང། ལུས་རབ་ཏུ་ན་བ་དང། ལག་པ་གཉིས
་ཀྱིས་བཙིར་ཞིང་མཉེས་ན་བདེ་བར་འགྱུར་བ་ཡིན་ནོ། །རླུང་ཁུ་བ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི། ཁུ་བ་ཤུགས་དྲག་ཏུ་འབྱུང་བ་དང། ཡང་ན་ས་བོན་གྱི་བྱ་བ་བྱེད་མི་ནུས་པ་ཡིན་ནོ། །རླུང་ཟས་དང་ལྷན་ཅིག་འདྲེས་པ་ཏེ་འཁྲུགས་ན་ནི་ཟས་དེ་ཁོང་པར
་ཇི་སྲིད་གནས་ཀྱི་བར་དུ་ནི་ན་ལ། དེ་ཞུ་བ་ཙམ་གྱི་ཚོད་ན་ནི་བདེ་བ་ཡིན་ནོ། །རླུང་དེ་གཅིན་དང་ལྷན་ཅིག་འཁྲུགས་པར་གྱུར་པ་ཡིན་ན་ནི་གཅིན་སྲི་ཞིང་འགག་ལ་ཆུ་སོར་རླུང་གིས་གང་བ་ཡིན་ནོ། །ཕྱི་ས་དེ་བཤང་བ་དང
་ལྡན་ཏེ་འཁྲུགས་པ་ཡིན་ན་ནི། ཕྱི་ས་ཐུར་དུ་འབྱུང་བ་འགགས་ལ་རང་གི་གནས་སུ་ཐོགས་ཏེ་འབྱུང་དུ་མི་རུང་བ་དང། སྣུམ་བག་ཟོས་ན་མྱུར་དུ་འབྱུང་ལ་ཁོང་སྤོ་བར་ཡང་འགྱུར་ལ། ཟས་དེ་ཁོང་དུ་ཕུལ་ཏེ་འབྱུང་བ་ཡང་ཤིན་ཏུ་དཀའ་བས་ཐོགས་ཏེ།
་འབྱུང་བ་ཡིན་ནོ། །རླུང་དེ་ལུས་ཟུངས་ཐམས་ཅད་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་བརླ་དང་ཆུ་སོའི་བར་དང། རྒྱབ་ཀྱི་སྒལ་ཚིགས་ན་བ་དང། རླུང་ལུགས་སུ་མི་འབྱུང་སྟེ། པར་སོང་བ་དང། སྙིང་མི་བདེ་ཞིང་རབ་ཏུ་ན་བ་རྣམས་ཡིན་ནོ། །
་སྲོག་ཅེས་བྱ་བའི་རླུང་དེ་མཁྲིས་པ་དང་ལྷན་ཅིག་འཁྲུག་པ་ཡིན་ན་ནི་མགོ་འཁོར་བ་དང། བརྒྱལ་བ་དང། ཟུག་པ་དང། ཚ་བ་འུར་འུར་བོར་འདུག་པ་དང། ཟས་ཕྱེད་ཙམ་ཞུ་སྟེ་སྐྱུར་པོར་འགྱུར་ཙམ་ན་སློན་པ་ཡིན་ནོ། །སྟོང་དུ་རྒྱུ་བའི་རླུང
་མཁྲིས་པ་དང་འདྲེས་ཏེ་འཁྲུགས་ན་ནི་མགོ་འཁོར་བ་ལ་སོགས་པ་གོང་མའི་མཚན་ཉིད་དང་ལྡན་པའི་སྟེང་དུ་ཁོང་ཚ་བ་འུར་འུར་པོར་འདུག་ཅིང་ཉམས་སྟོབས་ཟད་པ་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་མཁྲིས་པ་དང་འདྲེས་ཏེ་འཁྲུགས་པ་ཡིན་ན་ནི
་ལུས་ཐམས་ཅད་ཚ་བ་དང། ངལ་བ་དང་ལུས་ཀྱི་སྤྱོད་པ་མི་ནུས་ཤིང་ལྡོག་པ་དང། ལུས་ཚ་ཞིང་ནད་དང་བཅས་པ་ཡིན་ནོ། །མེ་དང་སྙམ་དུ་གནས་པའི་རླུང་དང་མཁྲིས་པ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི། ཁོང་པའི་མེ་དྲོད་ཉམས་པར་བྱེད
་ཅིང་ལྷག་པར་ཆེ་བ་དང། སྙིང་མི་དགའ་བ་དང། སྐོམ་དང་ཆེ་ཞིང་ཚ་བ་དང་བཅས་པ་ཡིན་ནོ། །ཐུར་དུ་སེལ་བའི་རླུང་མཁྲིས་པ་དང། ལྷན་ཅིག་འཁྲུགས་ན་ནི་ཕྱི་སའི་མདོག་སེར་པོར་འབྱུང་ཞིང། ཟླ་མཚན་ཤས་ཆེར་འཛག་པ་དང། བུད་མེད
་ཀྱི་མོ་མཚན་དང་ཕོ་མཚན་དང། རྐུབ་རྣམས་སུ་ཚ་བ་ཆེ་བ་རྣམས་ཡིན་ནོ། །སྲོག་ཅེས་བྱ་བའི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་ན་ནི་ལུས་ལ་གནོད་པའི་སྙོམས་པ་དང། ཁ་ཟས་ཡི་གར་མི་འོང་བ་དང། སྐྱུག་བྲོ་བ་དང་མཆིལ་མ་མང་བ་དང།
་སྤྲིད་པ་དང་སྒྲེགས་པ་དང། དབུགས་འབྱུང་རྡུབ་འགགས་པ་ཡིན་ནོ། །སྟོང་དུ་རྒྱུ་བའི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་ལུས་ལྕི་བ་དང། ཁ་ཟས་ཡི་གར་མི་འོང་བ་དང། ཚིག་དང་སྐྲ་འཚུབས་ཤིང་འགགས་པ་དང། ཉམས་སྟོབས
་རྣམས་འཇོམས་པར་བྱེད་པ་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་བད་ཀན་དང་ལྷན་ཅིག་འཁྲུག་པ་ཡིན་ན་ནི་རུས་པའི་ཚིགས་རྣམས་བརྐྱང་བསྐུམ་མི་ཤེས་པ་དང། ཡན་ལག་ཐམས་ཅད་ལྕི་བ་དང། འགྲོ་བ་བརྟན་ཞིང་འབྱོར་འགྲོ་བ་ཡིན་ནོ། །མེ་དང་མཉམ་དུ
་གནས་པའི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་ལུས་ཀུན་གྲང་ཞིང་རྡུལ་མེད་ལ་མེ་དྲོད་ཆུང་བ་ཡིན་ནོ། །ཐུར་དུ་སེལ་བའི་རླུང་བད་ཀན་དང་འདྲེས་པ་ཡིན་ན་ནི་བཤང་གཅི་མི་བྱུང་ཞིང་འགགས་པ་ཡིན་ནོ། །དེ་ལྟར་རླུང་ནད་ཀྱི་དབྱེ་བ
་གཞན་ཡང་འབྲེལ་པ་ཉི་ཤུ་གཉིས་སུ་ཤེས་པར་བྱའོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་ལྔ་པོ་གང་ཡང་རུང་བ་རླུང་ནང་ལྷག་མ་བཞི་ལ་ལྡན་པ་ཞེས་བྱ་སྟེ། དེ་བཞིན་དུ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་སྟེ་ཉི་ཤུར་འགྱུར་རོ། །དེ་ལ་སྲོག་ཅེས་བྱ
་བའི་རླུང་བད་ཀན་དང་འགྱུར་བའི་རླུང་དང་ལྷན་ཅིག་འཁྲུགས་ན། དེའི་རྟགས་ནི་དབུགས་འབྱུང་རྡུབ་དཀའ་བ་དང། ཆམ་པས་འདེབས་པ་དང། མགོ་བསྒྱུར་དཀའ་བ་དང། གློ་སྙིང་ན་བ་དང། ཁའི་ནང་སྐམ་པ་རྣམས་ཡིན་ནོ། །སྟོང་དུ་རྒྱུ་བའི་རླུང་སྲོག
་ཅེས་བྱ་བའི་རླུང་དང། ལྷན་ཅིག་འཁྲུགས་པ་ན་ནི་མདོག་དང་ཉམས་སྟོབས་ཟད་པར་བྱེད་དོ། །འདི་ལ་ཇི་ལྟར་སྦྱར་བ་བཞིན་དུ་རླུང་ནད་ལྷག་མ་རྣམས་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །རླུང་རྣམ་པ་ལྔ་པོ་དེ་དག་གི་གནས་ནི་ནད་གི་ཞེ་གསུམ་གང་དང
་གང་ན་གནས་པ་དང། ནད་དམིགས་ཅིར་འགྱུར་བའི་ལེའུ་ལས་བལྟ་བར་བྱའོ། །རླུང་ནད་དེ་དག་གི་ལས་དང། ཤས་ཆེ་ཆུང་ཡང་དེ་ལས་ལྟོས་ཤིག་།སྲོག་ཅེས་བྱ་བ་ལ་སོགས་པ་རྣམ་པ་ལྔ་དང་གང་ཡང་རུང་བ་ནད
་འདྲེས་པའི་སྟེང་དུ་ནད་གཞན་གྱིས་འདྲེས་པ་འམ། རླུང་ནད་ཉི་ཚེ་དང་ལྡན་པ་གང་ཡིན་པ་རྣམས་ཀྱིས་ལེགས་པར་རྟོགས་ཤིག་།མཁྲིས་པ་དང་བད་ཀན་གཉིས་ལ་རླུང་རྣམ་པ་ལྔ་པོ་དང། རེ་རེར་སྦྱར་བའི་རྣམ་པ་བཅུ་དང། བད་ཀན་དང
་མཁྲིས་པ་བཤང་གཅི་གཉིས་དང་ལྡན་པ་དང་བཅུ་གཉིས་པོ་དེ་དག་ཀྱང་བརྟག་གོ་།དེ་ལས་བཟློག་པ་བཅུ་གཉིས་ཏེ་ཅི་རིགས་སུ་རྟོགས་པར་བྱའོ། །བད་ཀན་དང་མཁྲིས་པ་གཉིས་ཀྱི་རླུང་ནང་ལྔ་པོ་རེ་རེ་ལ་ཡང་འདྲེས་པར་རྟོགས་ཤིག་།དེ
་ལྟར་རླུང་རྣམ་པ་ལྔ་དང་མཁྲིས་པ་དང་བད་ཀན་ནད་ཕན་ཚུན་འདྲེས་པར་བྱས་ནས་ནི་དུ་མར་འགྱུར་ཏེ་དེ་དག་རེ་རེ་ལ་ཡང་དབྱེ་ན་རྩིས་ཀྱིས་མི་ལང་སྟེ་གྲངས་མེད་པར་འགྱུར་རོ། །དེ་བས་ན་འདྲེས་པའི་ནད་དེ་ནི་ཤིན་ཏུ་རྟོགས་པར
་དཀའ་བ་ཡིན་པས་སྨན་པ་མཁས་པ་གཞན་གྱི་ནད་རིག་པ་དག་གིས་རང་རང་གི་ནད་གཞིའི་སྐྱེ་བ་དང་འབྲི་བའི་ཚུལ་བཟང་བ་དང། བཏུང་བ་དང་སྤྱོད་ལམ་ལ་སོགས་པ་གང་གིས་སློང་བ་ཡང་དང་ཡང་དུ་བརྟག་ཅིང་ཤེས་པར་བྱའོ། །རླུང
་ལྔ་པོ་དེ་དག་ལས་ཀྱང་ཁྱད་པར་དུ་སྲོག་ཅེས་བྱ་བའི་རླུང་དེ་ནི་སྐྱེ་དགུ་རྣམས་ཀྱི་འཚོ་བ་ཡིན་ལ་སྟོང་དུ་རྒྱུ་བའི་རླུང་ནི་ཉམས་སྟོབས་ཡིན་པར་བརྗོད་དོ། །རླུང་གཉིས་པོ་དང་ཉམས་ཤིང་གནོད་པར་གྱུར་ན་ནི་ཚེ་དང་སྟོབས་ཀྱང་ཟད་པར
་འགྱུར་རོ། །རླུང་རྣམ་པ་ལྔ་པོ་དེ་དག་གཅིག་ལ་གཅིག་འདྲེས་ཏེ་ལྡན་པ་འམ་ཡང་ན་མཁྲིས་པ་ལ་སོགས་པ་ནད་གཞན་དུ་མ་དང་འདྲེས་ཤིང་ལྡན་པ་ཡང་རུང་སྟེ། ནད་ཀྱི་མཚན་ཉིད་ཤེས་པ་ཡིན་ན་ནི་ལོ་གཅིག་མ་ལོན་ཀྱང་རུང
་སྟེ། དེ་ཡང་ཤིན་ཏུ་གསོ་དཀའ་ཨོ། །ནད་ཀྱི་མཚན་ཉིད་མ་ཤེས་ཏེ་ལོ་གཅིག་འདས་པ་ཡན?་ཆད་ནི་གསོ་དཀའ་བ་མེད་དོ། །དེ་ལྟར་འདྲེས་པའི་ནད་དེ་དག་གསོ་བ་མ་བྱས་ཏེ་ཡལ་བར་བོར་ན་ཁོང་འབྲས་དང། མཆེར་བའི་ནད་དང། སྙིང་ནད་དང། སྐྲན
་དང། མེ་དྲོད་ཉམས་པ་སོགས་པ་བླ་གཉན་འབྱུང་བར་འགྱུར་རོ། །དྲེག་ནད་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།སྨན་པའི་བདག་པོ་སེང་གེ་སྤས་པའི་བུ་སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས། ཡན་ལག་བརྒྱད་པའི
་སྙིང་པོ་མཛད?་པ་ལས་ནད་གཞིའི་གནས་ཞེས་བྱ་བ་བཅུ་དྲུག་པ་རྫོགས་ཏེ། ཡན་ལག་བརྒྱད་པའི་སྙིང་པོའི་གནས་གསུམ་པའོ། །བནདེ་ཤཱཀྱ་བནདེ་དང་རྒྱལ་ཚུལ་གྱིས་ཞུས་ཏེ་དག་གོ་།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས། གསོ་བའི་དཔྱད
་ཉི་ཤུ་རྩ་གཉིས་ཞེས་བྱ་བ། རིམས་ནད་གསོ་བའི་ལེའུ་དང་པོ་བཤད་པར་བྱ་སྟེ། དེ་ཡང་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ་རིམས་ནི་ཁ་ཟས་མ་ཞུ་བའི་གནས་སུ་ཞུགས་ནས་རླུང་ལ་སོགས་པ་དང་ལྷན་ཅིག་གནས
་ཏེ། མེ་དྲོད་ཉམས་པར་བྱས་ནས་ནང་གི་རྩའི་ལམ་བཀག་སྟེ། རིམས་ནད་སྐྱེད་པ་ཡིན་ནོ། །དེ་ལ་ཐོག་མར་རིམས་མི་སྨིན་པ་ལ་ནི་སྨྱུང་བ་བྱས་ལ། ཉམས་སྟོབས་སྲུང་བ་ལ་འབད་དོ། །ཉམས་སྟོབས་དང་ལྡན་ན་ནི་ནད་མེད་པ་ཡིན་པས་ཐོག
་མར་གསོ་བའི་ཆོ་ག་འདི་དག་བྱའོ། །དང་པོ་སྨྱུང་བ་བྱས་པས་ནི་ཉེས་པ་རྣམས་ཟད་པར་བྱེད་དེ། མེ་དྲོད་སྐྱེད་ཅིང་ལུས་ཡང་ལ་ནད་མེད་པ་དང། བཀྲེས་པ་དང། སྐོམ་པ་དང། ཟས་ཡི་གར་འོང་ཞིང་ཁ་ཟས་འཇུ་ལ་ཉམས་སྟོབས་དང་གཟི་མདངས
་རྣམས་སྐྱེ་བར་འགྱུར་རོ། །དེ་ལ་བད་ཀན་ཚབས་ཆེ་སྟེ། རང་གི་གནས་ལས་ལུས་ནས་བད་ཀན་ཕྱི་རོལ་ཏུ་འབྱུང་ཞིང་དེ་ཡང་གཉིད་ནད་དང། ཆམ་པ་དང། ཡི་ག་འཆུས་པ་དང། ལུད་པ་དང། གསུང་པ་དང། ལྷན་ཅིག་འབྱུང་ཞིང་ཟས་ཟོས་མ
་ཐག་ལྡང་བའི་རིམས་ནད་མ་ཞུ་བ་དང་བཅས་པ་དེ་ལ་ནི་སྐྱུག་སྨན་བཏང་བར་འོས་ཏེ་སློན་བྱའོ། །རིམས་ནད་གཞན་ལ་སྐྱུག་སྨན་བཏང་ན་ནི་དབུགས་མི་བདེ་བ་དང། འཁྲུ་བ་དང། རྨོངས་པ་དང། སྙིང་ནད་དང། རིམས
་མི་ཟད་པ་རྣམས་ཀྱིས་འདེབས་སོ། །པོ་སོན་འཆའ་དང། དུག་མོ་ཡུངས་དང། ཤིང་མངར་གང་ཡང་རུང་བ་དང། པི་པི་ལིང་དང་ལྷན་ཅིག་གམ། ཡང་ན་ཆུ་དྲོན་པོ་དང་སྤྲང་རྩི་ལན་ཚ་དང་བཅས་པ་བླུད་ལ་སྐྱུག་ཏུ་གཞུག་གོ་།ཡང་ན་པ
་ཏོལ་དང། ནིམྦ་དང། ག་གོན་དང། སྦ་དང། འདི་རྣམས་ཀྱི་ལོ་མ་གང་ཡང་རུང་བ་སྐོལ་བའི་ཁུ་བ་དང། འབྲས་ཡོས་ཀྱི་སྐྱོམ་དང། བུ་རམ་ཤིང་གི་ཁུ་བ་དང། ཆང་དང་དེ་དག་གང་ཡང་རུང་བའི་ནང་དུ་པོ་སོན་འཆའི་ཕྱེ་མས་བཏབ
་པ་བླུད་དོ། །ཡང་ན་ཉམས་སྟོབས་དང། དུས་ཀྱི་བྱེ་བྲག་ཤེས་པའི་སྨན་པས་ཆོ་ག་གྲུབ་པའི་ནང་དུ་བཤད་པའི་སྐྱུག་སྨན་བཏང་བར་བྱའོ། །གོང་མའི་སྐྱུག་སྨན་བྱས་ཀྱང་རུང་མ་བྱས་ཀྱང་རུང། རིམས་ནད་ཅན་གྱི་སྐྱེས་བུ་ལ་ནི་ཉེས་པ
་རྣམས་རང་གི་གནས་ལས་ཉམས་ཤིང་དྲོད་སྐྱེད་པས་ནད་སྨིན་པ་དང་ཞི་བར་བྱ་བའི་ཕྱིར་ཁྱད་པར་དུ་སྨྱུང་བ་བྱས་པ་ཕན་ནོ། །དཔེར་ན་ཕྱི་རོལ་གྱི་མེ་མདག་ལ་ཐལ་བས་གཡོགས་ན། ཁ་ཟས་ལ་སོགས་པ་འཚོད་མི་ནུས་པ་དང་འདྲ་བར།
་ཁོང་པའི་རླུང་ལ་སོགས་པའི་ཉེས་པས་གཡོགས་ན་ཁ་ཟས་འཇུ་མི་ནུས་ཏེ། དེ་བས་ན་སློན་བྱས་པའི་འོག་ཏུ་སྨིན་པར་གྱུར་པའི་ཕྱིར་སྨྱུང་བ་ལ་སོགས་པ་བྱའོ། །བད་ཀན་དང་རླུང་ལས་གྱུར་པའི་རིམས་སྐོམ་དང་ཆེ་བ་ལ་ནི། ཆུ་དྲོན
་པོ་ཉུང་ངུ་ཉུང་ངུ་བྱིན་ན། བད་ཀན་སྐམ་པོ་སླ་བར་བྱ་སྟེ། སྐོམ་དང་མྱུར་དུ་འཇིལ་བར་བྱེད་ན་མེ་དྲོད་དང་རྩའི་རྒྱུན་སྲང་ཡང་འཇམ་ཞིང་དག་པ་དང། མཁྲིས་པ་དང། རླུང་དང། རྡུལ་དང། ཕྱི་ས?་དང། གཅིན་དང། འདི་རྣམས་ཀྱང་ལེགས
་པར་འབྱུང་བར་བྱེད་ལ་གཉིད་དང། རྨོངས་བག་དང། ཡི་ག་འཆུས་པ་རྣམས་འཕྲོག་ཅིང་སྲོག་འཛིན་པར་བྱེད་དོ། །གལ་ཏེ་ཆུ་གྲང་འཐུངས་ན་ཕན་ཡོན་གོང་མ་ལོག་པར་འགྱུར་ཏེ། ནད་ཀྱི་ཚོགས་སྐྱེད་པར་བྱེད་དོ། །ཆུ་དྲོན་པོ་འཐུངས་ན་ཕན
་ཡོན་གོང་མ་ལྟར་ཡོད་ན་ཡང་གཅིག་ཏུ་མཁྲིས་པ་ཅན་ལ་མ་ཡིན་ཏེ། དེ་ཡང་མཁྲིས་པར་ཤས་ཆེ་བ་དང། མིག་ལ་སོགས་པ་དབང་པོའི་ནད་དང། ལུས་ཚ་བ་དང། རྨོང་བག་ཏུ་འདུག་པ་དང། འཁྲུ་བ་དུག་དང་ཆང་ལས་གྱུར་པའི་རིམས
་དང། སོས་ཀ་ཚ་བའི་དུས་དང། ལུས་ཟད་ཅིང་སྐེམ་པ་དང། མཁྲིས་པ་དང་ཁྲག་ལ་ནི་ཆུ་དྲོན་པོ་མི་སྦྱོར་རོ། །གླ་སྒང་དང། ཙན་དན་དང། བཅའ་སྒ་དང། པརྤ་ཏ་དང། བུ་ཤེལ་ཙི་དང། བ་ལ་ཀ་དང། འདི་རྣམས་གང་ཡང་རུང་བ་བསྐོལ་བའི
་ཁུ་བ་མཁྲིས་པ་ལས་གྱུར་པའི་རིམས་ནད་ཀྱི་སྐོམ་དང་ཅན་ལ་སྦྱར་ན་ཁ་ཟས་འཇུ་བར་བྱེད་ཅིང་སྐོམ་དང་འཇོམས་སོ། །མཁྲིས་པ་མེད་ན་དྲོད་མེད། དྲོད་མེད་ན་རིམས་མེད་དེ། དེ་བས་ན་མཁྲིས་པ་དང་མི་མཐུན་པའི་བཟའ་བ་དང། སྤྱོད་ལམ་ཐམས
་ཅད་ཤས་ཆེར་སྤང་བར་བྱའོ། །མདོར་ན་རིམས་ནད་ཐམས་ཅད་ལ་སྨྱུང་བ་མ་གཏོགས་པར་ལུས་ཀྱི་ཁྲུས་དང། བསྐུ་བ་ལ་སོགས་པའི་བྱ་བ་ཐམས་ཅད་སྤང་ངོ། །རིམས་མ་སྨིན་པ་མི་ཟད་པར་ན་བ་ལ་ནི་སྨན་གྱི་ཁུ་བ་དང་ལྡེ་གུ་ལ་སོགས
་པ་མི་བླུད་དེ་ཇི་ལྟར་མ་ཞུ་བ་ལ་ཟུགས་ཟེར་འཇོམས་པའི་སྨན་མི་བླུད་པ་དང་འདྲའོ། །ཏེ་བླུད་པར་གྱུར་ན་ནི་ཕྱིར་ཞིང་ནད་སྐྱེད་པར་བྱེད་དེ། སྤྲུལ་ལ་འོ་མ་བླུད་པ་བཞིན་ནོ། །བད་ཀན་དང་རླུང་ལས་གྱུར་པའི་རིམས་སྙོམས་པ་དང། སྣ་ཆུ
་འཛག་པ་དང། དབུགས་མི་བདེ་བ་དང། རྗེ་དར་དང་དུས་ཚིགས་སུ་ཟུག་ཅིང་ན་བ་ལ་ནི་དུག་བྱ་བར་རབ་ཏུ་སྔགས་ཏེ། རྡུལ་དང། བཤང་གཅི་དང། ཕྱེན་བདེ་བར་འབྱུང་སྟེ། མེའི་དྲོད་ཀྱང་སྐྱེད་པར་བྱེད་དོ། །སྣུམ་ཆོས་ཀྱི་ཆོ་གར་བཤད་པའི་ནང་དུ
་ཆུ་དྲོན་ལས་བྱས་པའི་དུག་ཐམས་ཅད་འདིར་སྤྱད་པར་བྱའོ། །རིགས་གསར་པ་ལ་ནི་ཐོག་མར་སྨྱུང་བ་དང། དུག་འབའ་ཞིག་བྱའོ། །དེ་ནས་ཞག་དྲུག་གི་བར་དུ་སྨིན་པར་བྱ་བའི་ཆོ་ག་ལ་སོགས་པ་ཐམས་ཅད་སྤང
་ངོ། །ཞག་བདུན་པ་ནས་ནི་མ་སྨིན་པར་བྱ་བའི་ཕྱིར། ནས་ཐུག་དང་ཏཀྟིའི་ཁུ་བ་བླུད་དེ། གནས་སྐབས་ཇི་ལྟ་བ་བཞིན་དུ་གསོའོ། །རླུང་ཉི་ཚེ་རིམས་དང། ལུས་ཟད་པ་འམ། གློ་བུར་ལས་གྱུར་པའི་རིམས་དང། རིམས་རྙིང་པ་རྣམས་ལ
་སྨྱུང་བ་མི་བྱ་སྟེ། དེ་ལ་ནི་ཉམས་སྟོབས་སྐྱེད་པའི་ཆོ་ག་ཐམས་ཅད་སྦྱར་རོ། །དེ་ལ་ཐོག་མར་རིམས་སྨིན་པ་དང། མ་སྨིན་པའི་རང་བཞིན་ཤེས་པར་བྱ་སྟེ། དེ་ཡང་ཉམས་བརྟ་བ་དང། སྤང་བར་བྱ་བའི་ལེའུ་ལ་བལྟས་ནས་སྨྱུང་བ་བྱས་ལ
་ལེགས་པར་འགྱུར་ན་ལུས་རྫུད་པར་སྣང་སྟེ་དེ་ལ་ནི་ཐུག་པ་རྐྱང་རྐྱང་ལ་སོགས་པ་ནད་གཞི་སོ་སོ་དང་མཐུན་པའི་སྨན་སྦྱར་ལ་རིམས་ཀྱིས་བཏང་ངོ། །དེ་ནས་ཐུག་པའི་ཁུ་བ་བླུད་པ་ནི་སྨན་པ་མཁས་པས་ཇི་སྲིད་དུ་རིམས་རྩེ
་ཞིལ་ནས་སམ། ཞགས་དྲུག་ལོན་པའི་འོག་ཏུ་བླུད་པར་བྱའོ། །ཐུག་པའི་རིམས་པ་དེ་ལྟར་བྱས་ན། ཕོ་བའི་མེ་དྲོད་སྐྱེད་པར་བྱེད་དོ། །ཇི་ལྟར་བུད་ཤིང་ལ་མེ་བཞིན་ནོ། །ཐུག་པའི་ཆུ་བ་དྲོ་བའི་ཕྱིར་རྡུལ་འབྱིན་པར་བྱེད་དོ། །སྨན་དང
་སྦྱར་བ་ཡང་བྱ་བའི་ཕྱིར་དང་མེ་དྲོད་སྐྱེད་པའི་ཕྱིར་དང། ཁུ་བ་ཡིན་པའི་ཕྱིར་སྐོམ་པ་ཞི་བར་བྱེད་དོ། །ཁ་ཟས་ཡིན་པའི་ཕྱིར་ཉམས་སྟོབས་སྐྱེད་པར་བྱེད་དོ། །རྩར་མྱུར་དུ་འགྲོ་བའི་ཕྱིར་ཡང་བ་ཉིད་དོ། །རིམས་ལ་ཕན་པར་བྱེད་པའི
་ཕྱིར་རིམས་འཇོམས་སོ། །དེ་བས་ན་ཐོག་མར་ཐུག་པས་རིམས་གསོ་བར་བྱའོ་ཞེས་ཟེར་རོ། །དེ་ལ་ཐུག་པ་ནི་ཐོག་མ་འབྲས་ཡོས་ཀྱི་ཐུག་པ་དང། དེའི་འོག་ཏུ་འབྲས་བརྡོས་པ་བཏགས་པའི་ཐུག་པའི་ནང་དུ་སྤོད་བཅའ་སྒ་དང། འུ་སུ་དང
་པི་པི་ལིང་དང། རྒྱམ་ཚས་བཏབ་པ་བླུད་དོ། །གལ་ཏེ་སྐྱུར་ལ་གོམས་པ་ཡིན་ན། སེའུ་འབྲུ་བཏབ་ཏེ་ལྷན་ཅིག་བླུད་དོ། མཁྲིས་པ་ཤས་ཆེ་སྟེ། ཕྱིས་བླ་བར་འབྱུང་བ་ལ་ནི་ཐུག་པ་བཅའ་སྒས་བཏབ་སྟེ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་དོ། །ཆུ
་སོ་དང། རྩིབ་ལོགས་དང། མགོ་བོ་རྣམས་སུ་ཟུག་ཅིང་ན་བ་ལ་ནི་ཀཎྜ་ཀ་རི་དང། གཟེ་མ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །པྲིཥྞ་པརྞི་དང། བ་ལ་དང། བིལྦ་དང། དོང་གྲ་དང། ཨུཏཔ་ལ་དང། འུ་སུ་དང། འདི་རྣམས་ལས་གཞི་བླངས་པའི་ཐུག
་པ་སྒྱུར་གྱིས་བཏབ་པ་བླུད་ན་རིམས་དང་འཁྲུ་བ་ལ་ཕན་ཏེ། མེའི་དྲོད་སྐྱེད་ཅིང་སྨིན་པར་བྱེད་དོ། །དབུགས་མི་བདེ་བ་དང། སྐྱིགས་བུ་དང། གཟེར་བ་དང། ལུད་པ་ལ་ནི་རྩ་བ་ལྔ་པ་ཆུང་ངུ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །རིམས་ནད་བད
་ཀན་ཤས་ཆེ་བས་ཉམ་ཐག་པ་ལ་ནི་རྩ་བ་ཆེན་པོ་ལྔ་པ་དང། ནས་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །རིམས་རྟུག་པ་འགགས་པ་ནི་པི་པི་ལིང་དང་སྐྱུ་རུ་ར་ལས་གཞི་བླངས་པའི་ནས་ཐུག་གི་ནང་དུ་མར་བསྐོལ་བ་བཅུག་སྟེ། འཐུངས
་ན་དྲི་མ་འགགས་པ་ཚུལ་བཞིན་འབྱུང་ངོ། །ཁོང་པར་འཁྱིལ་ཞིང་ཟུག་གཟེར་དང་བཅས་པ་ལ་ནི་དབྱི་མོད་དང། པི་པི་ལིང་གི་རྩ་བ་དང། རྒུན་འབྲུམ་དང། སྐྱུ་རུ་ར་དང། དོང་ཀྲ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །ཁོང་པ་འཁྲོག་པ་ལ
་ནི་རྒྱ་ཤུག་དང། ད་ཏྲི་ཀ་དང། ས་ལ་པརྞི་དང། ཀྲིཥྞ་པརྞི་དང། བིལྦ་དང། བ་ལ་དང། དེ་རྣམས་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །རྡུལ་དང་གཉིད་མེད་ཅིང་སྐོམ་པས་གདུངས་པ་ལ་ནི་ཁ་ར་དཀར་པོ་དང། སྐྱུ་རུ་ར་དང། དོང་ཀྲ་ལས་གཞི
་བླངས་པའི་ཟུག་པ་བླུད་དོ། །སྐོམ་དང་ཆེ་བ་དང། སྐྱུག་བྲོ་བ་ལས་ཁྱབ་པའི་རིམས་ནད་ལ་ནི་ཁ་ར་དཀར་པོ་དང། རྒྱ་ཤུགས་དང། རྒུན་འབྲུམ་དང། ཐལ་ཏྲེས་དང། གླ་སྒང་དང། ཙན་དན་དཀར་པོ་དང། འདི་རྣམས་ལས་བཞི་བླངས་པའི་ཐུག
་པ་ལ་སྦྲང་རྩིས་བཏབ་པ་བླུད་དོ། །གོང་གི་ཐུག་པ་ལས་སྨོས་པའི་སྨན་རྣམས་དང་ཤ་ཁུ་དང། སྲན་མུ་ག་ལ་སོགས་པའི་ཁུ་བཅུད་ལ་སོགས་པ་ཡང་ཅི་རིགས་པར་སྦྱར་རོ། །དེ་ལ་ཐུག་པ་བླུད་དུ་མི་རུང་བ་ནི་ཆང་ལས་རིམས་སུ
་གྱུར་པ་དང། ཆང་རྟག་ཏུ་འཐུངས་པ་དང། སོ་ག་ཚ་བའི་དུས་དང། མཁྲིས་པའི་གནས་སུ་བད་ཀན་ཞུགས་ཏེ། ལྷག་པར་ཤས་ཆེར་ན་བ་དང། སྐོམ་དང་ཆེ་བ་དང། སྐྱུག་བྲོ་བ་དང། ལུས་ཚ་བ་དང། སྟོད་དུ་ཁྲག་ལུད་པ་རྣམས་ལ་ནི་ཐུག་པ་མི
་བླུད་དེ། དེ་ལ་ནི་རིམས་འཇོམས་པའི་ཤིང་རྟོག་རྒུན་འབྲུམ་ལ་སོགས་པའི་ཁུ་བ་དང་འབྲས་ཡོས་བཏགས་པའི་ཕྱིའི་སྐྱོ་མ་སྦྲང་རྩི་དང་ཁར་དང་ལྡན་པར་བླུད་དོ། །སྨན་དེ་དག་ཞུ་བའི་ཚོད་ཙམ་ན། ནས་ཐུག་དང། འབྲས་བརྡོས་པའི་ཆན་དང
་ཁྱིམ་བྱ་ལ་སོགས་པ་མཆུས་ཟས་ཚོལ་བའི་ཤ་ཁུ་དང། སྲན་མུ་ཁའི་འུ་ཤ་དང། བཅས་པ་སྦྱིན་ནོ། །དེ་ལྟར་ཐུག་པ་ལ་སོགས་པའི་རིམ་པ་གོང་དུ་བསྟན་པ་དེ་དག་ཀྱང་ཉམས་སྟོབས་བྲི་བ་དང། བསྲུང་བ་དང། ནད་གཞི་རྣམས་མི
་འོང་བར་བྱ་བའི་ཕྱིར་ཞག་དྲུག་གི་བར་དུ་སྤྱད་དོ། །དེའི་འོག་ཏུ་རིམས་སྨིན་པ་དང། སྨྱུང་བ་ལ་སོགས་པ་རབ་ཏུ་བསྔགས་ཏེ། ཉེས་པའི་ལྷག་མ་ལུས་པ་ལ་ནི་སྨིན་པ་དང། ཞི་བར་བྱ་བའི་ཕྱིར་སྨན་བསྐོལ་བའི་ཁུ་བ་དྲོན་པོ་དེ་ཉིད་གྲང་མོར་བྱས
་པ་དང། སྨན་རང་གི་ལུ་བ་དང། ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་སྐྱོ་མ་ལ་སོགས་པའི་ནད་གཞི་ཇི་ལྟ་བ་བཞིན་དུ་བླུད་དོ། །མཁྲིས་པ་ལས་གྱུར་པའི་རིམས་ནད་ལ་ནི་ཁྱད་པར་དུ་ཁ་བའི་སྨན་སྦྱར་ཏེ། བད་ཀན་ལས་གྱུར་པའི་རིམས་ལ་ཡང
་སྨན་ཁ་བ་དང་ཚ་བ་རྣམས་སྦྱར་རོ། །མཁྲིས་པ་དང་བད་ཀན་ལས་གྱུར་པའི་རིམས་ལ་ནི། རོ་བསྐ་བ་།ཕན་མོད་ཀྱི་རིམས་སར་བ་ལ་ནི་མི་བསྔགས་སོ། །ཇི་ལྟར་ཞེ་ན་རོ་བསྐ་བས་ནི་རྟུག་པ་འགགས་པ་དང། རིམས་མི་ཟད་པ་དང། བྲང་ཚ་ཞིང
་བ་ནས་ཆུ་སྐྱུར་འབྱུང་བ་དང། ལྟོ་སྦོ་བ་ལ་སོགས་པ་སྐྱེད་དོ། །འདིར་སྨན་པ་ཁ་ཅིག་ན་རེ་ཞག་དྲུག་ཕན་ཆད་རིམས་འཇོམས་པའི་སྨན། གླ་སྐང་དང། ལྡུམ་བུ་སྐྲ་བཟངས་ལ་སོགས་པ་གཟོད་བཏང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་ཞག་བཅུ་ཕན
་ཆད་སྨན་དཔྱད་གཟོད་བྱའོ་ཞེས་ཟེར་རོ། །ཡང་སྨན་པ་ཁ་ཅིག་ན་རེ་ཟས་ཡང་བ་ཐུག་པ་ལ་སོགས་པ་ཞག་དྲུག་གི་བར་བྱིན་ལ། དེ་ཕན་ཆད་སྨན་དཔྱད་གཟོད་བྱའོ་ཞེས་ཟེར་རོ། །ཡང་ན་གཞན་དག་ན་རེ་གོང་མ་དེ་དག་ནི་ངེས་པ་ཡིན་ཏེ། ནད
་ཀྱི་གནས་སྐབས་ལས་བལྟོས་ཏེ། སྨན་དཔྱད་བྱའོ་ཞེས་ཟེར་རོ། །རིམས་མ་སྨིན་པ་ནི་ཞག་བཅུ་ལོན་ཡང་སྨན་དཔྱད་མི་བྱ་སྟེ། ཟླ་བ་ཕྱེད་གཉིས་ཀྱི་བར་དུ་ཡང་དག་གོ་།གང་གི་ཕྱིར་ནད་གཞི་ཤུགས་དྲགས་པས་རིམས་མ་སྨིན་ཏེ། ཤས
་ཆེད་ན་བ?་ལ་སྨན་བཏང་ན་ཕྱིར་ཞིང་ཐུ་བར་བྱེད་དོ། །གཞན་ཡང་རིམས་སར་པ་ན་ཞིང་སྙོམས་ལ་རྨོད་བག་ཏུ་འདུག་པ་ལ་སྨན་བྱིན་ན་ཡང། རིམས་མཚད་པར་བྱེད་དོ། །དུས་གང་དག་གི་ཚེ་སྨན་བྱིན་ཞེ་ན། དྲག་པོའི་ཟུག་གཟེར་ལྷོད་པ་དང།
་ལུས་ཡང་བ་དང། དྲི་མ་རྣམས་བསྐྱོད་པར་གྱུར་ན་དེའི་ཚེ་ཞག་དྲུག་ལ་སོགས་པ་མ་ལོན་ཏེ། ཡུན་རིང་བ་ཡིན་ན་ཡང་སྨན་བླུད་པ་ལ་སོགས་པ་བྱའོ། །དེ་ལྟར་ནད་གཞི་སོ་སོའི་བྱེ་བྲག་ཤེས་པར་བྱས་ནས་སྨིན་པར་བྱ་བའི་སྨན་ཀྲོ་ལོ
་དང། བཅའ་སྒ་དང། བྱི་ཙེར་བ་དང། དེ་གསུམ་གང་ཡང་རུང་བ་གླ་སྒང་དང་ལྡན་པར་བསྐོལ་བའི་ཁུ་བ་འམ། ཡང་ན་བ་ཐ་དང། པུ་ཤེལ་ཙི་དང། བ་ལ་ཀ་འདི་གསུམ་བསྐོལ་བའི་ཁུ་བ་གྲང་མོ་འམ། ཡང་ན་ཏིཀྟ་དང། སླེ་ཏྲེས་དང།
་གླ་སྒང་དང། དོང་ཀྲ་དང། འདི་རྣམས་བསྐོལ་བའི་ཁུ་བ་གྲང་མོ་བླུད་དོ། །འདིར་སྨན་བསྐོལ་བའི་ཚད་ནི་སྨན་སྲང་གཅིག་ཆུ་སྲང་བཅུ་དྲུག་དང་བསྐོལ་ཏེ། བཞི་ཆ་སྲང་བཞི་ལུས་པར་བྱའོ། །བསྒྲངས་པ་ཞེས་སྨོས་པ་ནི་ཆུ་བསྐོལ་བ་སྲང
་དྲུག་གི་ནང་དུ་སྨན་སྲང་གཅིག་བཅུག་པའོ། །འདི་ལྟར་ཇི་ལྟར་རིགས་པ་བཞིན་སྦྱར་བས་བླུད་ན། ནད་རྣམས་སྨིན་པར་བྱེད་པ་ཡིན་ཏེ། རིམས་དང། ཡི་ག་འཆུས་པ་དང། སྐོམ་དང་ཆེ་བ་དང། ཟ་ཟས་ཀྱི་རོ་མི་ཚོར་བ་དང།
་མ་ཞུ་བ་རྣམས་འཇོམས་སོ། །དུག་མེ་ཉུང་དང། བ་ཏོ་ལའི་ལོ་མ་དང། པུ་ཙ་ཤེལ་དང། འདི་རྣམས་བསྐོལ་བའི་ཁུ་བ་བླུད་ན་རྒྱུན་གྱིས་རིམས་ལ་ཕན་ནོ། །ཕ་ཏོ་ལ་དང། ཐལ་ཏྲོས་དང། གླ་སྒང་དང། པ་ཐ་དང། པུ་ཙོ་ཤེལ་དང། འདི་རྣམས་བསྐོལ་བ་བླུད
་ན་རྟག་པའི་རིམས་ལ་ཕན་ནོ། །པ་ཏ་ལ་དང། ནིམྦ་དང། འབྲས་བུ་གསུམ་དང། རྒུན་འཐུམ་དང། དུག་མོ་ཡུངས་ཀྱི་ཤུན་ལྤགས་དང་འདི་རྣམས་བསྐོལ་བའི་ཁུ་བ་བླུད་ན། ཉིན་གཅིག་པའི་རིམས་ལ་ཕན་ནོ། །ཏིཀྟ་དང། སླེ་ཏྲེས་དང། ཙན་དན་དཀར
་པོ་དང། བཅའ་སྒ་དང། འདི་རྣམས་བསྐོལ་བའི་ཁུ་བ་བླུད་ན་ཉིན་གསུམ་པའི་རིམས་ལ་ཕན་ནོ། །ཀྱུ་རུ་ར་དང། གླང་སྒང་དང། སླེ་ཏྲེས་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་བཏབ་སྟེ་བླུད་ན་ཉིན་བཞི་པའི་རིམས་ཞི་བར་བྱེད་དོ། །དེ་ལ་རླུང་ལས
་གྱུར་པའི་རིམས་ལ་ནི། བྱི་ཚེར་བ་དང། སླེ་ཏྲེས་དང། བཅའ་སྒ་དང། དོང་སྐྲ་རྣམས་བསྐོལ་བའི་ཁུ་བ་འམ། ཡང་ན་པི་པི་ལིང་གི་རྩ་བ་དང། སླེ་ཏྲེས་དང། བཅའ་སྒ་རྣམས་ལྷན་གཅིག་བསྐོལ་བ་འམ། ཡང་ན་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཁུ་བ
་བླུད་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་དུག་མོ་ཡུངས་དང། གླ་སྒང་དང། པུ་ཙེ་ཤེལ་བསྐོལ་བའི་ཁུ་བ་གྲང་མོའི་ནང་དུ་སྦྲང་རྩི་བཏབ་པ་བླུད་པ་འམ། ཡང་ན་གླ་སྒང་དང། སྲོ་ལོ་དང། བྱི་ཚེར་བ་དང། ཏིཀྟ་རྣམས་བསྐོལ་བའི
་ཁུ་བ་བླུད་ན་ཕན་ནོ། །བད་ཀན་ལས་གྱུར་པའི་རིམས་ལ་ནི་དུག་མོ་ཡུངས་ཀྱི་སྡེ་མཚན་བསྐོལ་བ་འམ། ཡང་ན་བ་ཤ་ཀ་དང། གླ་སྒང་དང། བཅའ་སྒ་དང། བྱི་ཆེར་བ་རྣམས་བསྐོལ་བའི་ཁུ་བ་བཏང་ན་ཕན་ནོ། །རླུང་དང་བད་ཀན་དུ་འདྲེས་པའི
་རིམས་ལ་ནི་མེ་དྲོད་སྐྱེད་པ་དང། སྨིན་པར་བྱ་བའི་སྨན་ཨ་རུ་ར་དང། པི་པི་ལིང་གི་རྩ་བ་དང། དོང་ཀ་དང། པུ་ཙེ་ཤེལ་རྣམས་བསྐོལ་བ་བླུད་དོ། །རླུང་དང་མཁྲིས་པ་འདེས་པའི་རིམས་ལ་ནི་རྒུན་འབྲུམ་དང། ཤིང་མངར་དང། ཤིང་རྟོག་མ་རུ་ཀ་དང། སེང
་ཕྲོམ་དང། ཏང་པལ་དང། ཐལ་ཏྲེས་དང། གླ་སྒང་དང། སྐྱུ་རུ་ར་དང། བ་ལ་ཀ་དང། པདྨ་གེ་སར་དང། ཤུག་པ་དང། པདྨའི་རྩ་བ་དང། ཙན་དན་དང། པུ་ཤེལ་ཙེ་དང། ཨུཏཔལ་ལ་སྔོན་པོ་དང། པ་རུ་ཤ་ཀ་དང། འདི་རྣམས་ཕྱེ་མར་བཏགས་པ
་ཆུ་དང་བསྐོལ་བ་སྐན་ཏེར་གྱུར་པ་འམ། ཡང་ན་བསྐོལ་བའི་ཁུ་བ་བསྒྲངས་ནས་མེ་ཏོག་ཀུ་སུ་མའི་དྲིས་བསྒོས་ལ་སྦྲང་རྩི་དང། ཁར་དཀར་པོ་དང། འབྲས་ཡོས་བཏགས་པའི་ཕྱེ་མ་བཏབ་པ་འཐུངས་ན་མྱུར་དུ་ཞི་བར་བྱེད་དེ། དེ་བཞིན་དུ་རིམས
་དང། ཆང་ནད་དང། སྐྱུགས་བྲོ་བ་དང། བརྒྱལ་བ་དང། ལུས་ཚ་བ་དང། མགོ་འཁོར་བ་དང། ཁྲག་སྟོང་དུ་ལུད་པ་དང། མིག་སེར་རྣམས་འཇོམས་སོ། །པུ་ཙེ་ཤེལ་བཏགས་པའི་ཕྱེ་མ་ཆུ་དང་དོག་ལེ་སར་པ་གཙང་མའི་ནང་དུ་བསྐོལ་ལ། རས་དང
་བཙགས་ཏེ། ཚིགས་མ་བོར་ལ། ཁུ་བ་དངས་མའི་ནང་དུ་མར་གྱིས་བཏབ་པའི་ཁུ་བ་དེ་འཐུངས་ན་རིམས་དང་ལུས་ཚ་བ་རྣམས་འཇོམས་སོ། །བད་ཀན་དང་རླུང་མ་དྲེས་པའི་རིམས་ལ་ནི་ཤུ་དག་དང། པུ་ཙེ་ཤེལ་དང། པ་ཐ་དང། དོང་ཀ་དང། དུག་མོ
་ཉུང་གྱི་ཤུན་པ་རྣམས་བསྐོལ་བ་བླུད་དོ། །ཡང་སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་གི་ཕྱེ་མས་བཏབ་པ་འཐུངས་ན་ཡང་ཕན་ནོ། །ཡང་ཀཎྜ་ཀཱ་རི་དང། བཅའ་སྒ་དང། སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་གི་ཕྱེ་མས་བཏབ་པ
་འཐུངས་ན་རླུང་དང་བད་ཀན་ལས་གྱུར་པའི་རིམས་དང། ལུད་པ་དང། དབུགས་མི་བདེ་བ་དང། སྣ་ཆུ་འཛག་པ་དང། ཟུག་གཟེར་རྣམས་འཇོམས་སོ། ། རུ་ར་དང། འུ་སུ་དང། གླ་སྒང་དང། བཅའ་སྒ་དང། བུ་ཏི་ཀ་དང། པརྤ་ཏེ་ཞེས་བྱ་བ་སྲོ་ལོ
་དང། ཀཏཔ་ལི་དང། ཤུ་དག་དང། ག་པྲའི་རྩ་བ་དང། ཐབ་ཤིང་དང། འདི་རྣམས་བསྐོལ་བའི་ནང་དུ་ཤིང་ཀུན་དང། སྦྲང་རྩི་དང་ལྡན་པར་བྱས་ཏེ་འཐུངས་ན། རླུང་དང་བད་ཀན་གྱི་རིམས་དང། ལྟོ་བ་དང། སྙིང་དང།
་རྩིབ་ལོགས་སུ་ཟུག་ཅིང་ན་བ་དང། ལྐོག་མ་དང། ལུད་པ་དང། དབུགས་མི་བདེ་བ་རྣམས་སེལ་ཏོ། །བད་ཀན་དང་མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་དོང་ཀའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །ཡང་ན་པུ་ཙེ་ཤེལ་དང
་བ་ཤ་ཀ་དང། པུ་ཤེལ་ཙི་དང། འབྲས་བུ་གསུམ་དང། སླེ་ཏྲེས་དང། པ་ཏོ་ལ་དང་བོང་ང་དཀར་པོ་དང། ནིམྦ་དང། མུརྦ་དང་བྱི་ཚེར་བ་རྣམས་བསྐོལ་བའི་ནང་དུ་སྦྲང་རྩིས་བཏབ་པ་འཐུངས་ན་ཡང་བད་ཀན་དང། མཁྲིས་པའི་རིམས་ལ་ཕན་ནོ།
་འདུས་པ་ལས་གྱུར་པའི་རིམས་ལ་ནི། །ཀནྟ་ཀ་རི་དང། ཐང་ཤིང་དང། སྐྱེར་པ་དང། གླ་སྒང་དང། དེ་རྣམས་བསྐོལ་བའི་ནང་དུ་པ་ཏོ་ལ་དང། ནིམྦ་དང། འབྲས་བུ་གསུམ་དང། པུ་ཙེ་ཤེལ་རྣམས་བཏགས་པའི་ཕྱེ་མས་བཏབ་པ་བླུད་དོ། །འདུས
་པའི་རིམས་དང་རླུང་དང་བད་ཀན་ཤས་ཕྱེ་བ་དང། ལུད་པ་དང་དབུགས་མི་བདེ་བ་དང། རྩིབ་ལོགས་ན་བ་རྣམས་ལ་ནི་དོང་གྲ་དང། མ་ནུ་དང། སླེ་ཏྲེས་དང། ཀནྟ་ཀ་རི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །མ་དུ་ཀའི་མོ་ཏོག་དང། རྒུན་འབྲུམ
་དང། ཀྱི་ལྕེ་བ་དང། པ་རུ་ཤ་ཀ་དང། པུ་ཤེལ་ཙི་དང། པུ་ཙེ་ཤེལ་དང། འབྲས་བུ་གསུམ་ཏམ་པལ་དང། འདི་རྣམས་ཆོ་ག་བཞིན་དུ་བསྐོལ་ཏེ་བསྒྲངས་པ་དུས་སུ་འཐུངས་ན། འདུས་པ་དང་ལྡན་པའི་རིམས་ཐམས་ཅད་སེལ་ཏོ། །ཛཱ
་ཏི་ཞེས་བྱ་བ་སུ་མ་ནིའི་མེ་ཏོག་དང། སྐྱུ་རུ་ར་དང། གླ་སྒང་དང། བྱི་ཚེར་བ་གོང་མ་བཞིན་བསྐོལ་བ་དུས་སུ་འཐུངས་ན་རིམས་ནད་ཐམས་ཅད་སེལ་ཏོ། །རིམས་ནད་རྟུག་པ་འགགས་པ་ལ་ནི། པུ་ཙེ་ཤེལ་དང། རྒུན་འབྲུམ་དང། ཀྱི
་ལྕེ་བ་དང། འབྲས་བུ་གསུམ་བསྐོལ་བའི་ནང་དུ་བུ་རམ་བཏབ་པ་འཐུངས་ན་ཕན་ནོ། །སྨན་དེ་དག་ཞུ་བའི་ཚོད་ཙམ་ན། ཟས་སུ་ཐུག་པ་ལ་སོགས་པའི་རིམ་པ་སྨན་དང་ལྡན་པར་སྦྱིན་ནོ། །རིམས་ནད་བད་ཀན་ཅན་ལ་ནི་ཐུག་པ་ལ་སོགས
་པ་མི་བླུད་དོ། །ཇི་ལྟར་རྡུལ་གྱི་སྟེང་དུ་ཆར་འབབ་ན། འདམ་དུ་འགྱུར་བ་དང་འདྲ་བར་བད་ཀན་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་བད་ཀན་ལས་གྱུར་པའི་རིམས་ལ་ཐོག་མར་སྨྱུང་བ་ལེགས་པའི་མཚན་མ་སྣང་ན། དང་པོ་ཐུག་པ
་ལ་སོགས་པ་མི་བླུད་པར་རྒྱ་སྲན་དང་མོ་སྲན་ཙ་ན་ཀ་དང། མོ་སྲན་ལས་བྱས་པའི་ཁུ་བཅུད་ཡང་བ་ཉུང་བ་སྣུམ་མེད་པ་སྨན་ཁ་བ་དང་བཅས་པ་ཡི་གར་འོང་བ་ཚྭ་དང་ལྡན་པ་སྦྱིན་ནོ། །ཁ་ཟས་ནི་འབྲས་དམར་པོ་ལ་སོགས་པ་རྙིང་པ
་དང། འབྲས་དྲུག་ཅུ་པ་ལ་སོགས་པ་ཕན་ནོ། །བད་ཀན་ཤས་ཆེ་བའི་རིམས་ལ་ནི་བད་ཀན་འཇོམས་པའི་མཐུ་དང་ལྡན་པའི་སྨན་བསྐོལ་བའི་ནང་དུ་གོང་དུ་སྨོས་པའི་འབྲས་དམར་པོ་འམ། ནས་ཕུབ་མ་མེད་པར་བྱས་པ་ལན
་གཉིས་གསུམ་བསྒྲུས་ལ་ནང་དང་མཐུན་པར་འབྲས་ཆན་དང། ནས་ཆན་དུ་བྱས་ཏེ་བཟའ་ཨོ། །སྲན་མུངྒ་དང། སྲན་ཆུང་དང། རྒྱ་སྲན་ལ་སོགས་པ་ཡང་ཞིང་ཉུང་བའི་ཁུ་བཅུད་ནང་ནད་པ་གང་ལ་གོམས་པ་འཐུངས་ན་རིམས་འཇོམས
་སོ། །ཚོད་མར་ནི་ཀ་ར་ཝེལ་ལ་དང། རྒྱལ་མོ་ག་གོན་དང། ལ་ཕུག་གཞོན་ནུ་དང། པརྤ་ཏ་དང། བརྟ་ཀ་དང། ནིམྦ་དང། ཀུ་སུ་མ་དང། པ་ཏོ་ལའི་འབྲས་བུ་དང། ལོ་མ་དང་འདི་རྣམས་གང་དརྙེད་པ་ལ་ཚོད་མར་བྱའོ། །ཤ་ཁུ་ནི་ཤ
་ཡང་བ་རྣམས་དང། སྲོག་ཆགས་ཐང་ལ་གནས་པ་སྲེག་པ་ལ་སོགས་པ་ཤ་ཁུ་ཀནྟ་ཀ་རི་དང། པ་རུ་ཤ་ཀ་དང། ཨགནི་མ་ན་ཐ་དང། རྒུན་འབྲུམ་དང། སྐྱུ་རུ་ར་དང། སེའུ་འབྲུ་དང། པི་པི་ལིང་དང། བཅའ་སྒ་དང། འུ་སུ་དང། ཟི་ར་དང།།
་རྒྱམ་ཚ་རྣམས་དང། ཁར་དཀར་པོ་དང། སྦྲང་རྩི་དང། འདི་རྣམས་གླུམ་དང། གླུམ་མེད་ན་ཡང་རུང་སྟེ། ལེགས་པར་སྦྱང་བ་བཏང་ངོ། །ཚོད་མའི་ནང་དུ་སྦྱར་བ་ནི་བར་བ་ཧ་ཅང་མི་སྐྱུར?་བ་ཡི་གར་འོང་བའི་དངས་མ་མེ་མི་ཆེ་བ
་བཏང་བ་སྐོལ་ཏེ། ཟས་ཀྱི་འོག་ཏུ་བཏང་ངོ། །ཡང་ན་སྨན་བསྐོལ་བའི་ཆུ་བསྒྲངས?་པ་འམ། གལ་ཏེ་ཆང?་ལ་གོམས་པ་ཡིན་ན་ནི། ཆང་སྐོམ་དུ་བླུད་དོ། །རིམས་བྱང་བ་འམ། མ་བྱང་ཡང་རུང་སྟེ། ཉི་མ་ནུབ་པའི་དུས་སུ་བད་ཀན་ཟད་ཅིང་མེའི་དྲོད
་ཆེ་བའི་དུས་ཡིན་པས་དེའི་ཚེ་ན་ཟས་ཡང་བ་བཟའ་ཨོ། །ཡང་ན་ནད་དང་རྗེས་སུ་མཐུན་པར་ཟས་བཟའ་སྟེ། དེ་ཡང་བད་ཀན་ལ་སྔ་དྲོ། མཁྲིས་པ་ལ་ཉི་མ་ཕྱེད་རླུང་ལ་ཕྱི་དྲོ་སྦྱིན་ནོ། །ནད་པ་དེ་མེ་དྲོད་ཆུང་བ་ལ་སྔ་དྲོ་ཟས་བྱིན་ན་དེ་ནི་ནང་ཕྱིར་ནད་ཐུབ་པར
་འགྱུར་རོ། །སྨན་བསྐོལ་བའི་ཁུ་བ་དང། ཕན་པའི་ཟས་ལུས་ཡང་བར་འགྱུར་ཏེ། བད་ཀན་དང་མེ་དྲོད་ཆུང་སྟེ། མཁྲིས་པ་དང་རླུང་ཤས་ཆེ་ན་ཞག་བཅུ་པ་ཡན་ཆད་མར་སྦྱིན་ནོ། །རིམས་སྨིན་པ་ལ་མར་བཏང་ན་ནི་བདུད་རྩི་དང་འདྲའོ། །མ་སྨིན་པ
་ཡིན་ན་ནི་ཞག་བཅུ་པ་ལས་འདས་པ་ཡིན་ན་ཡང་ལུད་པ་དང། ཡིག་འཆུས་པ་ལ་སོགས་པ་ཉེས་པ་སྣ་ཚོགས་སྐྱེད་དོ། །བད་ཀན་ཤས་ཆེ་བའི་རིམས་ལ་ནི། དང་པོ་སྨྱུང་བ་དང་སྨན་ཁ་བའི་ཁུ་བ་ལ་སོགས་པས་བད་ཀན་ཟད་པར་བྱའོ།།
་ལུས་ཟུངས་དང་ཉམས་སྟོབས་འཕེལ་བའི་ཕྱིར་རིམས་རྙིང་པ་སྲུང་བར་བྱའོ། །གང་གི་ཕྱིར་མཁྲིས་པ་མེའི་རང་བཞིན་སྨིན་པར་བྱེད་པ་ནི་རྩུབ་པ་དང་གཤེར་བག་སྤངས་པ་ཡིན་ཏེ། དེས་མཁྲིས་པ་སྐྱེས་པ་དེ་ལས་ནི་སློན་ན་དུག་དང་བསྐོལ
་བའི་ཆུ་དང། རོ་བསྐ་བ་དང། ཡང་བའི་ཟས་ཀྱིས་ལུས་ཤས་ཆེར་རྩུབ་སྟེ། རླུང་སྟོབས་ཆེ་བ་འཁྲུགས་པར་བྱས་པ་དེ་ལ་ནི་མར་མཆོག་ཏུ་ཕན་ཏེ། ཁང་པའི་ནང་དུ་མེ་འབར་བ་ལ་ནུས་བསད་པ་དང་འདྲའོ། །མར་ནི་རླུང་དང་མཁྲིས་པ་སེལ་བའི
་མཆོག་ཡིན་ཏེ། རང་རང་དང་མཐུན་པའི་སྨན་དང་སྦྱར་ན་ནི་ཀུན་ལ་ཡང་ཕན་ནོ། །མར་བསིལ་བའི་སྨན་དང་སྦྱར་ན་ནི་རིམས་ཚ་བ་འཇོམས་ལ། དྲོ་བའི་སྨན་དང་སྦྱར་ན་ནི་གྲང་བའི་རིམས་སེལ་ཏོ། །རྩུབ་པའི་སྨན་དང་སྦྱར་ན་ནི་བད་ཀན་ཞི་བ?་བྱེད
་དོ། །དེ་ལྟ་བས་ན་གོང་དུ་སྨོས་པའི་སྐྲ་ལོ་དང། གླ་སྒང་བསྐོལ་བའི་ཁུ་བ་ལ་སོགས་པ་ནད་བཞི་སོ་སོར་དང་མཐུན་པའི་སྨན་མར་དང་ཅི་རིགས་སུ་སྦྱར་ཏེ་བཏང་ངོ། །འབྲས་བུ་གསུམ་དང། ནིམཔའི་ཤུན་པགས་དང། ཤིང་མངར་དང། བྲི་ཧ་ཏི་རྣམ?
་གཉིས་སྤྱིར་སྲང་གཅིག་དང། སྲན་ཆུང་སྲང་གཅིག་དང། དེ་རྣམས་བསྐོལ་བའི་ནང་དུ་མར་སྲང་ཕྱེད་བཅུག་སྟེ་འཐུངས་ན་རིམས་དང་ལུད་པ་ལ་ཕན་ནོ། །ཞེས་སྨན་པ་རྒན་པོ་རྣམས་འཆད་དོ། །པི་པི་ལིང་དང། དུག་མོ་ཡུངས་དང། བ་ནི་ཞེས
་བྱ་བ་ཀཎྜ་ཀཱ་རི་དང། པུ་ཙེ་ཤེལ་དང། ཐལ་ཏྲེས་དང། སྐྱུ་རུ་ར་དང། ཏ་མལྐ?་དང། བིལྤ་དང། གླ་སྒང་དང། ཙན་དན་དང། པ་ལ་ནི་ཞེས་བྱ་བ་ཀྱི་ལྕེ་བ་དང། པུ་ཤེལ་ཙི་དང། རྒུན་འབྲུམ་དང། བོང་ང་དཀར་པོ་དང། སེ་ལ་པརྞི་དང། འདི་རྣམས
་མར་དང་མར་གྱི་བཞི་འགྱུར་གྱི་ཆུ་དང་ལྡན་ཅིག་བསྐོལ་བ་ལས་རན་པར་འཐུངས་ན་རིམས་དང་མེའི་དྲོད་མ་སྙོམས་པ་དང། ཧ་ལི་མ་ཀ་ཞེས་བྱ་བའི་ནང། ཡིག་འཆུས་པ་དང། ཚ་བ་ཤས་ཆེ་བ་དང། སཾ་ཤ་ཡ་དང། སློན་པ་དང། རྩིབ
་ལོགས་དང། མགོན་བ་དང། ཟད་བྱེད་ཀྱི་ནང་མྱུར་དུ་འཇོམས་སོ། །རླུང་ལས་གྱུར་པའི་རིམས་ལ་ནི་རླུང་ནང་གསོ་བའི་སྐབས་སུ་བཤད་པའི་སེང་ཕྲོམ་གྱི་སྨན་མར་ལས་དུར་བྱིང་མ་གཏོགས་པ་ལྷག་མ་སྦྱར་བར་བྱའོ། །མཁྲིས་པ་ལས
་གྱུར་པའི་རིམས་ལ་ནི་ཏིཀྟའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང། བ་ཤ་ཀ་སྨན་མར་ཁྲག་མཁྲིས་ཀྱི་སྐབས་སུ་བཤད་པ་དང། ཀྱི་ལྕེ་བའི་སྨན་མར་ཁོང་འབྲས་ཀྱི་ནང་དུ་སྨོས་པ་དང་སྦྱར་ན་ཕན་ནོ། །བད་ཀན་ལས་གྱུར་པའི
་རིམས་སྙིང་པ་ལ་ནི་བྱི་དང་ག་དང། ཁ་རུ་ཚ་དང། དབྱི་མོ་དང། པ་ཐ་དང། ཚ་བ་གསུམ་དང། ཙི་ཏྲ་ཀ་དང། རྒྱམ་ཚ་དང། ནས་ཚིག་འཁུས་པའི་ཐལ་བ་དང། འདི་སྲང་རེ་རེ་དང། མར་སྲང་སུམ་ཅུ་རྩ་གཉིས་དང། དེ་དང་མཉམ་པའི་འོ་མ
་དང། ཆུ་སྲང་དགུ་ཅུ་རྩ་དྲུག་དང། བསྐོལ་ཏེ་ད་ལས་རན་པར་འཐུངས་ན་བད་ཀན་ལས་གྱུར་པའི་རིམས་གཉིས་པ་འཇོམས་སོ། །སླེ་ཏྲེས་ཆམ་ཚོམ་བརྡུངས་ལ་བསྐོལ་ཏེ། བཞི་ཆ་ལུས་པ་དང་དེ་ཉིད་ཀྱི་ཕྱེ་མ་བཏབ་སྟེ། སྨན་གྱི་བཞི་འགྱུར་གྱི?་མར་
་དང་ཡང་བསྐོལ་ཏེ། བཟའ་བ་འམ། དེ་བཞིན་དུ་འབྲུམ་བུ་གསུམ་དང། བ་ཤ་ཀ་དང། རྒུན་འབྲུམ་དང། བ་ལ་རྣམས་རེ་དེ་ནས་གོང་མ་སླེ་ཏྲེས་ཀྱི་སྦྱོར་བ་ལྟར་འཐུངས་ན་རིམས་གཅོད་པར་འགྱུར་རོ། །གོང་གི་མར་དེ་ཞུ་བའི་ཚད་ཙམ་ན། ཤ་འཇམ་པའི
་ཁུ་བ་དང་ལྷན་ཅིག་ཟན་ཟོས་ན་སྟོབས་བསྐྱེད་དེ། དེས་ན་ཉེས་པ་འཇོམས་པའི་མཆོག་ཡིན་ནོ། །སྲན་མུདྒ་དང། ཀ་ར་བཱི་ར་ལ་སོགས་པའི་ཁུ་བཅུད་ནི་བད་ཀན་དང་མཁྲིས་པ་འཇོམས་ཏེ། ཤས་ཆེར་བྱིན་ན་ནི་རླུང་ལས་གྱུར་པའི་རིམས་རྙིང་པ་ལ
་མི་ཕན་ཏེ། ཟུག་གཟེང་དང་ལྟོ་བ་སྲ་བར་བྱེད་ཅིང་རིམས་འཕེལ་བར་བྱེད་དོ། །གལ་ཏེ་གོང་དུ་སྨོས་པའི་སྦྱོར་བ་ད་དག་གིས་ཀྱང་རིམས་མ་ཞི་ན་གོང་དུ་སྨོས་པའི་སློན་དང་འོག་ནས་སྨོས་པའི་བཀྲུ་སྨན་གྱིས་ལུས་དག་པར་བྱ་སྟེ། སྦྲུམ་མ་དང། མེ་དྲོད
་ཆུང་པ་དང། ལུས་རྩུབ་པ་རྣམས་ལ་ནི་མི་བྱའོ། །ཕོ་བའི་ནང་དུ་བད་ཀན་ཞུགས་པའི་ནད་གཞི་སྟོབས་ཆེ་བ་ལ་ནི་སྨན་པས་ནང་པའི་ཉམས་སྟོབས་བསྲུང་བར་བྱའོ། །རིམས་སྨིན་ཏེ་རང་རང་གི་གནས་ནས་བསྐྱོད་པ་དང། རིམས་མི་ཟད་པ་མ་གཏོགས
་པ་གཞན་ལ་བཀྲུ་སྨན་གཏང་སྟེ། འབྲས་བུ་གསུམ་དང། ཤ་མ་དུར་བྱིང་དང། པི་པི་ལིང་དང། ནཱ་ག་གེ་སར་དང། ཁར་དཀར་པོ་དང། འདི་རྣམས་བཏགས་པ་སྦྲང་རྩི་དང་རི་ལུར་བྱས་པ་བཏང་པ་འམ། ཡང་ན་དྲི་སྣ་གསུམ་ལ་སོགས་པ་ཚ་བ
་གསུམ་གྱི་བཀྲུ་སྨན་ཚིག་གྲུབ་པའི་གནས་སུ་བསྟན་པ་བཏང་བ་འམ། ཡང་ན་རྐུན་འབྲུམ་སྐྱུ་རུ་རའི་ཁུ་བ་དང་སྦྱར་བ་འམ། ཡང་རྒུན་འབྲུམ་དང། ཨ་རུ་ར་སྦྱར་བ་འམ། ཡང་ན་སྐྱུ་རུ་ར་རང་གི་ཁུ་བའི་ནང་དུ་མར་བརྔས་པ་བླུད་ན་ཡང་རིམས་འཇོམས
་སོ།?་།ཡང་ན་སྐྱུ་རུ་རའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་ལྡག་པ་འམ་དང་ཀ་འོ་མ་འམ་རྒུན་འབྲུའི་ཁུ་བ་བཏུང་བ་འམ། ཡང་ན་འབྲས་བུ་གསུམ་མམ། ཀྱི་ལྕེ་བ་འོ་མ་དང་སྦྱར་བ་རིམས་ནད་ཅན་ལ་བླུད་དོ། །དེ་ལྟར་ཁྲུས་དང་སྨན་བྱས་པའི་འོག་ཏུ
་ཆུ?་ཡ?་རྐྱང་སྐྱེད་པ་ལ་སོགས་པ་རིམ་པས་བླུད་དོ། །རིམས་རང་གི་གནས་ནས་བསྐྱོད་དེ་གང་འོག་གཉིས་སུ་འཁྲུ་སྟེ་འབྱུང་བར་འགྱུར་ན། སྨིན་པ་ཡིན་ན་ཡང་མི་བཅད་པར་བཞག་གོ་།གལ་ཏེ་བཅད་ན་ནི་ཁོད་པའི་ནང་དུ་སྣད་དོ་ངེས་པར་གནོད་པར
་བྱེད་དོ། །རིམས་སྨིན་ཏེ་ཚ་བས་ཆེར་འཁྲུ་བ་ལ་ནི་བཅད་པར་བྱའོ། །མ་ཞུ་བར་རང་འཁྲུ་སྟེ། ཚབས་ཆེ་བར་འབྱུང་བ་ལ་ནི། མདོའི་གནས་ནད་གཞི་གསུམ་གྱི་མཚན་ཉིད་བསྟན་པ་ནས་འབྱུང་བ་བཞིན་དུ་བྱའོ། མ་སྨིན་པའི་རིམས་དང་འཁྲུ་བ་ཡིན་ན
་ནི་བཅད་ད?། གལ་ཏེ་སྨན་གྱིས་བཅད་པར་གྱུར་ན་ནད་སྐྱེད་དོ། །གལ་ཏེ་སྨན་པ་རྨོངས་པ་མི་མཁས་པས་རིམས་ནད་མ་སྨིན་པ་ལ་བཀྲུ་སྨན་གཏོང་བ་ནི་རང་ཉིད་ཕུང་བར་བྱེད་པ་ཡིན་ཏེ། ཇི་ལྟར་སྦྲུལ་ནག་པ་གཉིད་ལོག་པ་ལ་ལག་པའི་རྩེ་མོས
་ཉུག་པ་དང་འདྲའོ། །རིམས་ནད་ལུས་ཟད་པ་ལ་ནི་སློན་ཁྲུས་མི་ཕན་ཏེ། གལ་ཏེ་སྨན་དང་འབྱོར་པ་ཡིན་ན་འོ་མའི་བཏུང་བ་ཅི་འདོད་པ་དང། ནི་རུ་ཧ་བཏང་སྟེ་འཁྲུ་བ་ཞི་བར་བྱའོ། །ནད་པ་འོ་མ་ལ་གོམས་ཤིང་བད་ཀན་ཟད་པ་དང། ལུས་ཆེ་བ་དང།
་སྐོམ་དང་ཆེ་བ་དང། རླུང་དང་མཁྲིས་པས་ཉམ་ཐག་པ་ལ་ནི་འོ་མ་རབ་ཏུ་ཕན་ཏེ། འཁྲུ་བ་ལ་ཡང་ཕན་ནོ། །སྨྱུང་བས་ཉམ་ཐག་པ་ལ་ནི་འོ་མ་མཆོག་ཏུ་བཟང་སྟེ། ནགས་མེས་ཚིག་པ་ལ་ནི་ཆར་བབ་ན་ས་བོན་ཆེར་འཕེལ་བ་དང་འདྲ་བར་རིམས
་མྱུར་དུ་ཞི་བར་བྱེད་དོ། །འོ་མ་དེ་ཡང་སོ་སོའི་སྨན་དང་ལེགས་པར་སྦྱར་ཏེ། དྲོ་བ་དང་གྲང་བ་དང། བཞོས་མ་ཐག་པ་ལ་སོགས་པ་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། ཅི་རིགས་པར་བླུང་ན་ཕན་ནོ། །ལོག་པར་བྱས་ན་ནི་མ་ཡིན་ནོ།
་འོ་མ་དེ་བཅའ་སྒ་དང་བྲ་གོ་དང། རྒུམ་འབྲུམ་དང། ཤ་ཁ་ར་དང་མར་དང་ལྷན་ཅིག་བསྐོལ་ཏ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ལྡན་པར་འཐུངས་ན་སྐོམ་དད་ཆེ་བ་དང་ལུས་ཚ་པ་དང་རིམས་འཇོམས་སོ། །སྦྱོར་བ་གོང་མའི་སྟེང་དུ་རྒུན་འབྲུམ་དང། བ་ལ
་དང། ཤིང་མངར་དང། ཐལ་ཏྲེས་དང། པི་པི་ལིང་དང། ཙན་དན་རྣམས་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་བརྩི་བཏབ་པ་བླུང་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་འོ་མ་ཉི་ཚེ་འོ་མའི་བཞི་འགྱུར་གྱི་ཆུ་དང་བསྐོལ་བ་བླུང་པ་འམ། །ཡང
་ན་པི་པི་ལིང་དང། འོ་མ་བསྐོལ་བ་བླུད་དོ། །ཡང་ན་འོ་མ་རྩ་བ་ལྔ་དང། བསྐོལ་བ་འཐུངས་ན་ལུད་པ་དང། དབུགས་མི་བདེ་བ་དང། མགོན་པ་དང། རྩིབ་ལོགས་སུ་ཟུག་པ་དང། རིམས་རྙིང་པ་རྣམས་སེལ་བར་བྱེད་དོ། །ཡང་ན་ཨེ་རཎྚའི་རྩ་བ
་དང། བ་ལ་དང། བིལྤ་གང་ཡང་རུང་བ་བསྐོལ་པའི་ཁུ་བ་འོ་མ་བཞོས་མ་ཐག་པའི་དྲོན་པོ་དང་ལྷན་ཅིག་འཐུངས་ན་རིམས་ནད་ལས་གྲོལ་བར་བྱེད་དོ། །ཁྱད་པར་དུ་རླུང་གི་ཕྱིས་འགགས་པ་དང། བེའུ་སྣབས་ཁྲག་དང་བཅས་པར་འབྱུང་བ་དང
་སྐོམ་པ་དང། ཟུག་གཟེང་དང། པྲ་བ་ཧི་ཀ་ལ་ནིའི་ནང་ལས་གྲོལ་བར་བྱེད་དོ། །ཡང་ན་བཅའ་སྒ་དང། བ་ལ་དང། ཀཎྚ་ཀཱ་རི་དང། གཟེ་མ་དང། བུ་རམ་དང། འོ་མ་སྦྱར་བ་འཐུངས་ན་སྐྲང་བ་དང། ཕྱི་ས་དང། གཅིན་དང་ཕྱེན་འགགས་པ་དང།
་རིམས་ལས་རྒྱལ་བར་བྱེད་དོ། །བ་སྤུ་པ་མེ་ཏོག་དཀར་པོ་ཅན་དང། བ་བལྦི་དང། བད?་ཤ་བྷུ་ཞེས་བྱ་བ་བ་སྤུ་བ་མེ་ཏོག་དམར་པོ་ཅན་རྣམས་འོ་མ་དང་བསྐོལ་པ་འཐུངས་ན་རིམས་དང་སྐྲང་བ་སེལ་ཏོ། །ཤིང་ཤ་པའི་སྙིང་པོ་དང། འོ་མ་སྦྱར
་བ་འཐུངས་ན་ཡང་རིམས་མྱུར་དུ་འཇོམས་སོ། །རིམས་ཁུ་བའི་གནས་སུ་ཞུགས་ནས་ནི་རུ་ཧ་བཏང?་བར་གྱུར་ན་མྱུར་དུ་མེའི་སྟོབས་སྐྱེད་པ་དང། རིམས་དང་བྲལ་བ་དང། དགའ་བར་བྱེད་པ་དང། ཟས་ཡི་གར་འོང་བར་བྱེད་དོ། །མཁྲིས་པ་ལས
་གྱུར་པའི་རིམས་སམ། མཁྲིས་པ་དང། བད་ཀན་ལས་གྱུར་པའི་རིམས་ཁུ་བའི་གནས་སུ་ཞུགས་པ་ལ་ནི་བཀྲུ་སྨན་བཏང་ངོ། །ནད་གཞི་གསུམ་ཆར་སྨིན་པའི་གནས་སུ་སོང་བ་ལ་ནི་འཇམ་རྩིས་ཞི་བར་བྱའོ། །བད་ཀན་དང་མཁྲིས་པ་ཟད་པའི་ནད
་ལ་འཇུག་དོ་དང། རྒྱབ་དང། རྐེད་པ་ན་བ་དང། མེ་དྲོད་ཆེ་བ་དང། རྟུག་པ་འགགས་པ་ལ་ནི་འཇམ་རྩི་མས་བཏང་བར་བྱའོ། །པོ་ཏོ་ལ་དང། ནིམཔའི་ལོ་མ་དང། པུ་ཙེ་ཤེལ་དང། དོང་ཀ་དང། ཏིར་དང། བ་ལ་དང། གཟེ་མ་དང། པོ་སོན་ཆ་དང།
་བུ་ཤེལ་ཙི་དང། བ་ལ་ཀ་དང། འདི་རྣམས་ཆུ་དང། སྨན་སྤྱི་དང། མཉམ་པའི་འོ་མ་དང་ལྷན་ཅིག་བསྐོལ་ལ། འོ་མ་ལུས་པའི་ནང་དུ་གླ་སྒང་དང། པོ་སོན་ཆ་དང། པི་པི་ལིང་དང། ཤིང་མངར་དང། དུག་མོ་ཉུངས་ཀྱི་ཤུན་ལྤགས་རྣམས་ཀྱི་ཕྱི་མ
་བཏབ་སྟེ། མར་དང་སྦྲང་རྩིས་བསྲེས་པ་བསྡུས་པའི་འཇམ་རྩིམས་བཏང་ན་རིམས་འཇོམས་པར་བྱེད་དོ། །ཡང་ན་དོང་ག་དང། པུ་ཤེལ་རྩེ་དང། ཤིང་མངར་དང། པོ་སོན་ཆ་དང། འདབ་མ་རྣམ་བཞི་དང། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ།
་བྲི་ཡཾ་ཀུ་དང། པོ་སོན་ཆ་དང། གླ་སྒང་དང། ཉེའུ་ཤིང་དང། ཤིང་མངར་དང། འདི་རྣམས་ཀྱི་ཕྱེ་མ་བཏབ་ལ། མར་དང་བསྐོལ་ཏེ་སྨན་གཏོར་བར?་བུ་རམ་དང་སྦྲང་རྩི་བཏབ་ཏེ་མས་བཏང་ན་རིམས་སེལ་ཏོ། །ཡང་ན་ཛི་བནྟི་དང། ཤིང་མངར
་དང། མིང་དང། པི་པི་ལིང་དང། པོ་སོན་ཆ་དང། ཤུ་དག་དང། རིང་ཏི་དང། ར་སྣ་དང། བ་ལ་དང། བིལྤ་དང། ཤུ་ཏི་དང། ཉེད་དུ?་ཤིང་རྣམས་བཏགས་ལ་སྨན་སྤྱིའི་བཞི་འགྱུར་གྱི་མར་དང་ཏིལ་མར་བསྲེས་པ་དང། མར་གྱི་བཞི་འགྱུར་གྱི་འོ་མར
་ཆུ་ཉིས་འགྱུར་དང་བསྐོལ་བ་ནད་གཞི་ཇི་ལྟ་བ་བཞིན་འཇམ་རྩི་མས་བཏང་ན་རིམས་འཇོམས་སོ། །གཞན་ཡང་ཆོ་ག་གྲུབ་པའི་སྐབས་སུ་བཤད་པའི་འཇམ་རྩི་ཡང་འདིར་རིམས་ནད་ལ་སྦྱར་རོ། །རིམས་རྙིང་པ་ལས་སྨན་བཏང
་ན་ཡིག་འབྱེད་པ་དང། མགོ་ནད་དང། ལུས་ལྕི་བ་དང། བད་ཀན་འཕྲོག་ལ་དབང་པོ་བསལ་བར་བྱེད་དོ། །སྣུམ་དང་བཅས་པའི་སྣ་སྨན་བཏང་ན་ནི་མགོ་སྟོང་པ་སྙམ་པ་བྱེད་པ་དང། ལུས་ཚ་བ་དང། མཁྲིས་པ་རྣམས་འཇོམས་སོ།
་གཞན་ཡང་ཆམ་པ་དང། མགོ་དང། མགུལ་བའི་ནད་དང། ལྕེ་ཡིས་རོ་མི་ཚོར་བ་རྣམས་ལ་ནི་དུད་པ་རྡུབ་པ་དང། སྨན་ཁུས་མཁུར་བ་བཀང་སྟེ་མི་བསྐྱོད་པར་བཞག་པ་དང། གཡས་གཡོན་སྤོང་བའི་སྨན་ཁུ་བཅད་པ་རྣམས
་མདོའི་གནས་སུ་ཇི་ལྟར་བསྟན་པ་རྣམས་ནད་གཞི་དང་སྦྱར་ཏེ་བཏང་ངོ། །རིམས་རྙིང་པ་ཟས་ཡི་གར་མི་འོང་བ་ལ་ནི་ཁ་ལུང་གི་གེ་སར་མར་དང། རྒྱམ་ཚར་བཅས་པའི་ལྡེ་གུ་འམ། ཡང་ན་རྒུན་འབྲུམ་དང། །བར་དཀར་པོ་དང་སྐྱུ
་རུ་རའི་ཁུ་བ་བཅངས་ན་ཕན་ནོ། །པགས་པ་ལ་བརྟེན་པའི་རིམས་རྙིང་པ་ལ་ནི་ཇི་ལྟར་རིགས་པ་བཞིན་དུ་དྲོ་བ་དང་གྲང་བའི་སྨན་བསྐོལ་བའི་བསྐུ་བ་དང། བྱུག་པ་དང། བླུགས་པ་ལ་སོགས་པ་བྱའོ། །དེ་བཞིན་དུ་མིག་སྨན་དང
་དུད་པ་རྡུབ་པ་ལ་སོགས་པ་བྱ་སྟེ། གློ་བུར་དུ་བྱུང་བའི་རིམས་ལ་ཡང་ཚུལ་དེ་ལྟར་བྱའོ། །རིམས་རྙིང་པ་ལུས་ཚ་བ་ལ་ནི་མར་ལན་སྟོང་གི་བར་དུ་ཆུ་གྲང་མོར་བཅུག་ལ་ཡང་བཞུ་ཡང་བཅུག་བྱས་པའི་མར་བསྐུས་ན་ཚ་བའི་རིམས་ཞི
་བར་བྱེད་དོ། །ཡོད་ན་མདོའི་གནས་སུ་བསྟན་པའི་མངར?་བའི་སྡེ་ཚན་གསེར་ལ་སོགས་པ་འམ། ཡང་ན་སྐྱུར་བའི་སྡེ་ཚན་སྐྱུ་རུ་ར་ལ་སོགས་པ་འམ། བསྐ་བའི་སྡེ་ཚན་ཨ་རུ་ར་ལ་སོགས་པ་འམ། རྩཝ་དུར་པའི་སྡེ་ཚན་ནམ། མཁྲིས་པ
་འཇོམས་པའི་སྡེ་ཚན་ཉ་ད་ལ་སོགས་པ་འམ། ཤུག་པའི་སྡེ་ཚན་ནམ། སྨན་གྱི་སྡེ་མཚན་དེ་དག་གང་ཡང་རུང་བ་འོ་མ་དང། ཏིལ་མར་དང། བསྐོལ་བ་ཡང་རུང་མ་བསྐོལ་པ་ཡང་རུང་སྟེ། ལྡེ་གུ་དང་སྨན་མར་གྱི་བསྐུ་བ་ལ་སོགས་པ
་ཆོག་?་ལྟ་པ་བཞིན་དུ་བྱས་ན་དེ་མ་ཐག་པའི་རིམས་འཇོམས་སོ། །ཡང་ན་གོང་གི་སྨན་གྱི་སྦྱོར་བ་དེ་ཉིད་ཅུང་རྩིད་ཙམ་དུ་བཏགས་པའི་ལྡེ་གུས་ལུས་བསྐུ་བར་བྱའོ། །གལ་ཏེ་ཞི་བ་དྲག་ན་ནི་ཆ་བ་ཕྱིར་མི་འབྱུང་སྟེ། སླར་ཁོང་དུ་ཞུགས་ནས
་ཚ་བ་སྐྱེ་བའི་ཕྱིར་རོ། །གོང་མའི་སྨན་དེ་ཉིད་བསྐོལ་བའི་ནང་དུ་ལུས་གཞུག་པ་འམ་བླུགས་པར་ཡང་བྱའོ། །དེ་བཞིན་དུ་རྩབ་མོ་དང། ཆང་སྐྱུར་དང། འོ་མ་དང། མར་དང། ཆུ་ལ་སོགས་པའི་ནང་དུ་བླུགས་པ་དང། ལུས་བཅིང་བར་བྱའོ།
་?་པཏྟི་དང། ཁ་ལུ་དང། ཨ་མྲ་དང། བི་ད་རི་དང། སེང་ཕྲོམ་དང། རྒྱ་ཤུག་གི་མྱུ་གུ་དང། འདི་རྣམས་ཨ་རིཥྚ་ཡི་ནང་དུ་བྱས་ལ་དེའི་ལྦུ་བས་ལུས་བསྐུས་ན་ལུས་ཚ་བ་དང། ན་བ་དང། རྨོད་བག་ཏུ་འདུག་པ་དང། སྐོམ་དང་ཆེ་བ་རྣམས
་ཞི་བར་བྱེད་དོ། །དེ་བཞིན་དུ་མཁྲིས་པས་ལུས་འགྱུར་བ་བསྟན་པའི་ལེའུ་ལས་འབྱུང་བའི་གསོ་བ་འདིར་བྱས་ན། ཚ་བའི་རིམས་མྱུར་དུ་སེལ་ཏོ། །དྲོ་བའི་ནུས་པ་དང་རེག་པ་དང་ལྡན་པའི་སྨན་རྒྱ་སྤོས་དང། ཨ་ཀ་རུ་དང། རུ་རྟ་དང།
་སྟོ་ན་དང། རྔོ་དྲེག་དང། ཀོ་ཉོན་རྩེ་དང། ཐང་ཤིང་དང། ཆུ་སྲིན་སེན་མོ་དང། ར་སྣ་དང། གུ་གུལ་དང། ཤུ་དག་དང། ཙ་རོང་དང། སུག་སྨེལ་རྣམ་གཉིས་དང། ཙན་དན་དང། སི་བ་དང། ཤིང་ཀྲུ་དང། བྱིའུ་རུག་པ་དང། སྤང་སྤོས་དང། བྱ
་མ་ཀ་དང། ཡུངས་ཀར་དང། སླེ་ཏྲེས་དང། ཨེ་རཎྚ?་རྣམ་གཉིས་དང། པ་ཏཱུ?་ར་དང། རོ་ཧི་ཤ་དང། ཏ་མ་ལའི་ལོ་མ་དང། པཱུ་ཏི་ཀ་དང། སི་ལ་ཀ་དང། འུ་སུ་དང། ཏིདམུ?་ས་དང། ཤུ་ཏི་དང། རྒྱ་སྲན་དང། མོན་སྲན་མོ་ཤ་དང། ཀྲུ་ཏྲུག་ངེས?་དང། བུ་ཏི
་ཀ་རཉྫ་དང། ན་གུ་ལ་རྣམ་གཉིས་དང། གཞན་ཡང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་རྣམས་ཞིབ་ཏུ་བཏགས་ཏེ་ཆང་དང་རྩ་བས་སྐྱུར་པོ་དང་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ། དྲོ་འཇམ་ཙམ་བྱས་པས་བསྐུ
་བ་འམ། ཡང་ན་ཞིབ་ཏུ་བཏགས་པའི་ལྔ་གུས་བྱུག་པ་བྱས་ན། རིམས་གྲང་བ་ཞི་བར་བྱེད་དོ། །ཡང་ན་རྒྱ་སྤོས་ལ་སོགས་པ་གོང་གི་སྦྱོར་བ་ཉིད་ཀྱིས་བླུགས་པ་དང། ལུས་བཅིང་བ་ལ་སོགས་པ་བྱའོ། །དེ་བཞི་དུ་ཆང་སྐུར་དང། བ་གཅིན་དང།
་ཞོག་ཆུ་ལ་སོགས་པ་སྨན་མེད་པའི་ཉེ་ཆོ་བླུགས་པ་ལ་སོགས་པ་བྱའོ། །ཡང་ན་དོད་ཀ་ལ་སོགས་པའི་སྡེ་ཚན་གྱིས་བཏུང་བ་དང། བསྐུ་བ་དང་བྱུག་པ་ལ་ཡང་སྦྱར་རོ། ། ཀ་རུའི་དུད་པ་དང། བལ་ཀའི་དུད་པ་འོག་ནས་སྨོས་པ
་གང་ཡིན་པ་ཡང་རིམས་གྲང་མོ་འདི་ལ་སྦྱར་རོ། །མེའི་དྲོད་བསྐྱེད་པར་བྱ་བའི་ཕྱིར་དུགས་ཀྱི་ཆོ་ག་བསྟན་པར་བྱའོ། །དེ་བཞིན་དུ་རླུང་མེད་པའི་ཁང་པར་འདུག་པ་དང། རྩོལ་བ་དང། གོས་ལྕི་བ་བགོ་བ་ལ་སོགས་པ་ཡང་བྱའོ།།
་རྡུལ་འབྱུང་བར་བྱ་བའི་ཕྱིར་མཁྲིས་པ་སྐྱེད་པར་བྱེད་པའི་སྨན་བཟའ་བར་སྦྱར་བར་སྟེ། རྒྱ་སྲན་ཀུ་ལ་ཐ་དང། མ་ཤ་དང། ནིས་པ་ལྤས་ཞེས་བྱ་བའི་ཟས་དང། ཤ་རྣམས་སྦྱར་རོ། །གནས་ནི་ཁང་པའི་དབུས་དང། ས་ཁང་གི་ནང་དུ་རྩཝ
་ཀུ་ཤ་དང། ཀླམ་དང། ར་ལ་ཀ་ཞེས་བྱ་བའི་སྟན་བྱ་སྟེ། ཁང་པ་དེའི་ནང་དུ་མདག་མ་དུད་པ་མེད་ཅིང་དམར་རུ་གེ་བ་ཞུགས་ལིང་གི་ནང་དུ་བཅུག་སྟེ་བསྲོ་བར་བྱའོ། །གྲང་བའི་དབང་གིས་ཤིན་ཏུ་འདར་བར་གྱུར་པ་ལ་ནི་ཆང་ངམ་དར་བ་འམ།
་རྒྱ་སྲན་དང། ཁྲ་དགོང་ལ་སོགས་པ་འབྲུའི་ཁུ་བའི་ནང་དུ་ཆེ་བ་གསུམ་བཏབ་པ་འམ། གཞན་ཡང་མཁྲིས་པ་བསྐྱེད་པའི་སྨན་རྣམས་བསྟེན་པར་བྱའོ། །དེ་བཞིན་དུ་བུད་མེད་ཤིན་ཏུ་ནུམ་མཛེས་ཤིང་ཤ་རྒྱས་ལ་ལུས་ལ་བྱུག་པ་དང།
་རྒྱན་ཐམས་ཅད་ཀྱི་བརྒྱད་པ་ལང་ཚོར་བབ་པ། ཆང་གིས་ཤིན་ཏུ་དྲེགས་པ་ཡིད་དུ་འོང་ཞིང་ཤིན་ཏུ་འགྱིང་བག་དང་ལྡན་པའི་བུད་མེད་དང། ཐང་སྦྱར་བའི་དུགས་བྱ་སྟེ། ནམ་གྲང་བར་གྱུར་པའི་དུས་ན་བུད་མེད་དེ་སྤང་བར་བྱའོ། །འདུས་པ
་ལས་གྱུར་པའི་རིམས་ལ་ནི་ཉེས་པ་གཅིག་ཤས་ཆུང་ཞིང་གཉིས་ཤས་ཆེ་ན་ནི་གཉིས་ཟད་པར་བྱ་ཞིང། གཅིག་གསོ་བར་བྱའོ། །གཉིས་ཤས་ཆེ་ཞིང་གཅིག་ཤས་ཆུང་ན་ནི་གཉིས་བྲི་ཞིང་གཅིག་བསྐྱེད་པར་བྱའོ། །ཉེས་པ་གསུམ་ཆ
་མཉམ་ན་ནི་དང་པོ་བད་ཀན་གསོ་ཞིང་དེ་ནས་རླུང་དང་མཁྲིས་པ་རིམས་བཞིན་གསོ། །འདུས་པ་ལས་བྱུང་བའི་རིམས་ནད་ཀྱིས་ལུས་ཟད་ཅིང་སྣ་རྩ་གཉིས་སུ་ཤིན་ཏུ་མི་ཟད་པར་ན་བ་སྐྲངས་པར་གྱུར་པ་ནི་འཚོ་བར་དཀའ་སྟེ། ཕལ་ཆར་འཆི
་བར་འགྱུར་བས་དེ་ལ་མྱུར་དུ་ཁྲག་གཏར་བ་དང། མར་བླུད་པ་དང། བད་ཀན་དང་མཁྲིས་པ་འཇོམས་པའི་སྨན་གྱི། བྱུག་པ་དང། པས་ན་ནས་བཏང་པའི་སྨན་དང། མཁུར་བར་བཅད་པ་རྣམས་བྱས་ན་ཕན་ནོ། །ལུས་ཟུངས་རྣམས་ལ་བརྟེན་པའི
་རིམས་གྲང་བ་དང། དྲོ་བ་དང། སྣུམ་པ་དང། རྩུབ་པ་ལ་སོགས་པའི་ཆོ་ག་བྱས་ཀྱང་མ་ཞིན་དེ་ལ་ནི་ལག་པ་གཉིས་ལས་རིམས་ཀྱིས་ཁྲག་དབྱུང་བར་བྱའོ། །རིམས་མི་བཟད་པ་ལ་ཆོ་ག་གོང་མ་དེ་དག་ཀྱང་ཞིར་མི་འདོད་ན་ནད་གཞི་ཇི
་ལྟ་བ་པ་མིན་དུ། རླུང་ལ་སོགས་པའི་ནད་གང་ཤས་ཆེ་བ་བརྟགས་ཏེ། སོ་སོའི་བྱ་བ་བཞིན་དུ་སྤང་བར་བྱ་ཞིང་འོག་ནས་སྨོས་པ་བཞིན་དུ་གསོ་བར་བྱ་སྟེ། དེ་ཡང་པ་ཏོ་ལ་དང། པུ་ཙེ་ཤེལ་དང། གླ་སྒང་དང། ཨ་རུ་ར་དང། ཤིང་མངར
་དང། འདི་རྣམས་ལན་བཞི་ལྔ་བསྐོལ་བའི་རྗེས་བླུང་ན་རིམས་མི་བཟད་པ་རྣམས་སེལ་བར་བྱེད་དོ། །འབྲས་བུ་གསུམ་དང། ཨ་རུ་ར་དང། སླེ་ཏྲེས་དང། པི་པི་ལིང་དང། འདི་རྣམས་གང་ཡང་རུང་བའི་ཁུ་བ་དང། བསྐོལ་བ་དྲོན་པོ་འམ་གྲང
་མོ་ཡང་རུང་སྟེ། དེ་བཞིན་དུ་མར་དང། ལྡེ་གུ་དང། ཕྱེ་མ་དང། རི་ལུ་ལ་སོགས་པ་རེ་རེའི་སྦྱོར་བ་བཅུད་ཀྱི་ལེན་གྱི་ཆོ་ག་བཞིན་དུ་བྱ་བ་འམ་ཡང་ན་གོ་བྱེ་གཉིས་དང་སྦྱར་བ་བྱིན་ན་ནི་རིམས་མི་ཟད་པ་ཞི་བར་བྱེད
་དོ། །ཉི་མ་གང་ལ་ཉིན་བཞི་པའི་རིམས་ལ་སོགས་པས་བཏབ་པའི་དུས་སུ་ནད་གཞི་རྣམས་བརྟགས་ཏེ། ལུས་འཕེལ་བར་བྱ་བའི་ཆོ་ག་ཚུལ་བཞིན་དུ་བྱའོ། །སྒག?་སྐྱའི་ཏིལ་མར་དང་བཅས་པ་ཐོ་རངས་སམ་ཁ་ཟས་ཀྱི་གོང་དུ་བཏུང་བ
་འམ་དེ་བཞིན་དུ་མར་རྙིང་པ་དང། ཞོ་དང། འོ་མ་དང། དར་བ་དང། སྲང་དྲུག་པ་ཞེས་བྱ་བའི་མར་གཅོད་ཆེན་པོའི་སྐབས་སུ་བཤད་པ་དང། དགེ་པའི་སྨན་མར་སྨྱོ་བྱེད་ཀྱི་སྐབས་སུ་འབྱུང་བ་དང། བའི་སྨན་ལྔའི་སྨན་མར་བརྗེད
་བྱེད་ཀྱི་སྐབས་སུ་འབྱུང་བ་དང། ཏིཀྟའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང། བ་ཤ་ཀའི་སྨན་མར་ཁྲག་མཁྲིས་ཀྱི་ནད་ནས་འབྱུང་བ་འམ། འདི་རྣམས་གང་ཡང་རུང་བ་ནད་པར་རམ་ཟས་ཀྱི་གོང་དུ་རིམས་མི་ཟད་པ་ལ་སྦྱར
་པར་བྱའོ། །འབྲུ་གསུམ་དང། རྒྱ་ཤུག་དང། ཨགནི་མནྠ་དང། འདི་རྣམས་བསྐོལ་བའི་ནང་དུ་མར་དང་མར་གྱི་ཉིས་འགྱུར་གྱི་ཞོ་དང། མར་གྱི་བཞི་ཆའི་སེང?་ཕྲོམ་གྱི་ཤུན་པགས་ཀྱི་ཕྱེ་མ་བཏབ་སྟེ། ཡང་བསྐོལ་བའི་མར་ལས་རན
་པར་འཐུངས་ན་རིམས་མི་བཟད་པ་འཇོམས་པའི་མཆོག་ཡིན་ནོ། །འབྲས་བུའི་ཆད་དང། འབྲུའི་ཆང་ལེགས་པར་སྨིན་པ་དང། རྨ་བྱ་དང། སྲེག་པ་དང། ཁྱིམ་བྱའི་ཤ་གཙང་བྱ་དྲོ་བའི་ནུས་པ་དང་ལྡན་པ་ཟས་དང་ལྷན་ཅིག་ཙི་འདོད་པ
་ཚིམ་ཚང་དུ་ཟོས་ལ། ཞག་དེ་ཉིད་ལ་གཉིད་ལོག་པ་འམ། ཡང་ན་སློན་དུ་གཞུག་གོ་།ཡང་ན་སྨན་མར་ཐུན་ཚད་ཆེན་པོ་འཐུངས་ལ་དེའི་འོག་ཏུ་སྐྱུག་སྨན་བྱའོ། །ཐོག་མར་སྣུམ་ཆོས་དང་དུགས་བྱས་ལ། དེ་ནས་ནི་ལི་ནི་དང། ཨ་ཛ་གནད་དང
་དུང་བྱིད་དང། བུ་ཙེ་ཤེལ་དང། འདི་རྣམས་བཏགས་པའི་ཕྱི་མཆུ་དང་བསྐྱོས་ཏེ། རིམས་ཀྱིས་བཏབ་པའི་ཞག་གཏུང་ངོ། །ལྡོང་རོས་དང། རྒྱམ་ཚ་དང། པི་པི་ལིང་དང། ཏིལ་མར་ལྷན་ཅིག་སྦྱར་བའི་མིག་སྨན་ཡང་གཞུག་གོ་།ཤིང་ཀུན་དང། སྟག་གི
་ཚིལ་ཆ་མཉམ་པ་རྒྱམ་ཚ་དང་སྦྱར་བའི་སྣ་སྨན་བཏང་ངོ། །ཡང་ན་མར་རྙིང་པ་གཅིག་པུ་འམ། ཡང་ན་སེངྒེའི་ཚིལ་རྒྱམ་ཚ་དང་སྦྱར་ཏེ་སྣ་སྨན་བཏང་ངོ། །ཡང་ན་པ་ལ་ཀ་ཤ་དང། ནིམ་པའི་ལོ་མ་དང། ཤུ་དག་དང། རུ་རྟ་དང། ཨ་རུ་ར་དང། ཡུངས་ཀར་དང
་ནས་དང་མར་དང་སྦྱར་བས་བདུག་པར་བྱས་ན་རིམས་མ་རུངས་པ་སེལ་ཏོ། །ཡང་ན་བྱི་ལའི་རྟུག་པའི་བདུག་པ་ཡང་དེ་བཞིན་དུ་བྱའོ། །བྱ་མ་ཀ་དང། ཤུ་དག་དང། སྲ་རྩི་པོག་དང། ནིམཔ་དང། ཨ་ཀ་དང། ཨ་ཀ་རུ་དང། ཐང་ཤིང་དང། འདི
་རྣམས་སྦྱར་བའི་དུང་བ་ནི་གཞན་གྱིས་མི་ཐུབ་པའི་བདུག་པ་ཞེས་བྱ་སྟེ། རིམས་ཐམས་ཅད་ལ་སྦྱར་རོ། །གཞན་ཡང་འཇིགས་པ་ལས་རིམས་སུ་གྱུར་པ་དང་སེམས་སྒྱུར་པ་ལས་རིམས་སུ་གྱུར་པ་དང། འབྱུང་པོ་དང་སྨྱོ་བྱེད་དང་བརྗེད་བྱེད་ཀྱི་ནང
་དུ་བཤད་པའི་བདུག་པ་དང། སྣ་སྨན་དང་མིག་སྨན་དུ་བཤད་པ་རྣམས་སྐབས་འདིར་རིམས་ཐམས་ཅད་ལ་སྦྱར་རོ། །གཞན་ཡང་ལྷ་བསྟེན་པ་དང། ནོར་བུ་བཅད་པ་དང། སྔགས་དང། གཏོར་མ་བཏང་བ་དང། ལྷ་མཆོད་པ་དང། སྦྱིན་སྲེག་དང།
་ཉེ་བར་གསོ་སྦྱོང་བྱ་བ་དང། བདེ་ལེགས་དང་ཕྱག་འཚལ་བ་ལ་སོགས་པ་བྱས་ན། རིམས་ནད་ཐམས་ཅད་སེལ་ཏོ། །གློ་བུར་དུ་བྱུང་བའི་རིམས་མི་བཟད་པ་ནི་ཕལ་ཆེར་གདོན་ལས་གྱུར་པ་སྟེ། དེ་ལ་ནི་ལྟ་ལ་བསྙེན་ཅིང་མཆོད་ན་དེ་ཉིད་སྨན
་ཡིན་ནོ། །རིམས་མི་ཟད་པ་ལ་གྲང་བ་དང། དྲོ་བ་ལ་སོགས་པར་རང་རང་གྱི་གསོ་བ་རྣམ་པ་ཐམས་ཅད་བྱས་ཀྱང་མ་ཞི་ན། ཁྲག་གཏར་བར་བྱའོ། །རླུང་དང་མེ་དབལ་དང། འབྲུམ་བུ་ལས་གྱུར་པའི་རིམས་ནད་ལ་ནི་སྨན་མར་དང། བྱུག་པ་གྲང་མེ་དང
་བླུགས་པ་དང། ཤ་ཁུ་དང། བཟའ་བ་དང། ཁྲག་དུ་བྱུང་བ་ལ་སོགས་པ་རང་རང་གི་གསོ་བ་བཞིན་དུ་བྱའོ། །ཞག་གསུམ་པའི་རིམས་ནམ་ཚོང་གི་རྩ་ལས་གཏར་རོ། །ཞག་བཞི་པ་ལ་ནི་རྒྱབ་ཀྱི་ནམ་ཚོང་གི
་དྲང་ཐད་ཀྱི་རྩ་ལས་གཏར་རོ། །དངས་མའི་རིམས་མ་རུངས་པ་ཞུགས་པ་ལ་ནི་སྨྱུང་བ་དང་སྐྱུགས་སྨན་བཏང་ངོ། །རིམས་དེ་ཁྲག་གི་ནང་དུ་ཞུགས་ན་ནི་ཁྲག་ལ་ཕན་པའི་སྨན་བསྐོལ་བའི་ཆུས་ལུས་ལ་གཏོར་བ་དང། བསྐུ་བ་དང
་གཏར་ཀ་རྣམས་བྱའོ། །རིམས་དེ་ཤ་ལ་གནས་ན་ནི་བཀྲུ་སྨན་རྣོན་པོ་བཏང་ངོ། །ཚིལ་ལ་གནས་ན་ནི་ཚིལ་དབྲི་བའི་སྨན་བྱའོ། །རིམས་དེ་རུས་པ་དང་རྐང་ལ་གནས་ན་ནི་དུགས་དང་མཉེ་བ་དང་བསྐུ་བྱུག་དང། རླུང་ནད་ཞི་བའི་སྨན
་རྣམས་བྱ་སྟེ། ཁྱད་པར་འཇམ་རྩི་མས་བཏང་ན་ཕན་ནོ། །འབྱུང་པོའི་གདོན་ལས་གྱུར་པའི་རིམས་ལ་ནི་སྔགས་དང་གཏོར་མ་ལ་སོགས་པའི་ཆོ་ག་བྱས་ན་ཕན་ནོ། །སྨན་བདུག་པའི་དྲིས་ཕོག་པ་ལས་རིམས་སུ་གྱུར་པ་ལ་ནི་མཁྲིས་པ
་ཞི་བར་བྱེད་པའི་སྨན་རྣམས་བྱིན་ན་ཕན་ནོ། །དུག་གིས་ཕོག་པ་ལས་རིམས་སུ་གྱུར་པ་ལ་ནི་དུག་གསོ་བའི་དཔྱད་བྱའོ། །ཁྲོས་པ་ལས་གྱུར་པའི་རིམས་ལ་ནི་གང་ལ་དགའ་བའི་ནོར་སྦྱིན་པ་དང། སྙིང་དགའ་བའི་གཏམ་བྱའོ། །དེས
་མ་ཞིན་ཕན་པའི་ཟས་དང་སྨན་བསྟེན་པར་བྱའོ། །དེས་ཀྱང་མ་ཞིན་མི་ཕན་པའི་ཟས་དང་སྨན་གྱིས་གསོའོ། །དེ་དག་གིས་མ་ཕན་ན་བཀྲུ་སྨན་བཏང་ན་ཕན་ནོ། །ཁྲོ་བ་ལས་རིམས་བྱུང་བ་ལ་ནི་འདོད་པ་བསྟེན་པས་ཞི་བར་འགྱུར་རོ། །འདོད
་པ་ལ་ཆགས་པ་ལས་རིམས་སུ་གྱུར་པ་ལ་ནི་ཁྲོ་བ་བསྐྱེད་པས་ཞི་བར་འགྱུར་རོ། །མྱ་ངན་དང་འཇིགས་པ་ལས་རིམས་སུ་གྱུར་པ་ལ་ཁྲོ་བ་དང་སྙིང་དུ་སྡུག་པ་དང་གཉི་ག་བསྟེན་པས་ཞི་བར་འགྱུར་རོ། །དམོད་པ་དང་དྲག་སྔགས་ཀྱི་ལས
་ལས་རིམས་སུ་གྱུར་པ་ལ་ནི་སྲིད་སྲུང་གི་རིག་བྱེད་ཀྱི་ཆོ་ག་འམ། ལྷ་ལ་སོགས་པ་ལ་མཆོད་པ་བྱས་ན་ཞི་བར་འགྱུར་རོ། །གློ་བུར་དུ་བྱུང་བའི་རིམས་དེ་རྣམས་ཐོག་མ་ནི་གཅིག་པུ་བྱུང་བ་ཡིན་ན་ཕྱིས་ནི་ནད་གཞི་འདྲས་ནས་བྱུང་བ་ཡིན་ཏེ། དེ
་བས་ན་གློ་བུར་དུ་བྱུང་བའི་རིམས་ལ་ནི་སྨན་དཔྱད་ནད་གཞི་དང་ཇི་ལྟར་མཐུན་པར་གསོའོ། །རིམས་དེ་རླུང་ལ་སོགས་པའི་ནད་གཞི་མི་ལྡན་གྱི་བར་དུ་ནི། གཏིང་ཟུག་པར་མི་འགྱུར་རོ། །རིམས་ལྡང་བའི་དུས་སུ་སེམས་པ་ལས་རིམས་སུ་གྱུར
་པ་ལ་ནི་ཡུལ་ཡིད་དུ་འོང་བ་སྣ་ཚོགས་མངོན་དུ་བྱས་ན་དྲན་པ་ཞི་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཡིད་དགའ་བར་བྱ་སྟེ། སྙིང་རྗེས་སེམས་བརླན་པར་གྱུར་ན་རིམས་འཇོམས་སོ། །སྐྱེས་བུ་རིམས་དང་བྲལ་ཞིང་ཉམས་སྟོབས
་མ་སྐྱེས་པ་ལ་ནི་ལུས་ཀྱི་རྩོལ་པ་དང། མཁྲིས་པ་དང། དེ་བཞིན་དུ་ཁ་ཟས་ལྕི་བ་དང། མ་གོམས་པ་དང། ཚ་བ་བསྐྱེད་པ་དང། གཞན་རིམས་སྐྱེ་བའི་རྒྱུ་ཐམས་ཅད་སྤང་བར་བྱའོ། །རིམས་ལས་བྱང་བ་ཡིན་ན་ཡང་ཁ་ཟས་ཐམས
་ཅད་འཚོལ་བར་མང་དུ་མི་བཟའ་སྟེ། ཉམས་ཆུང་པས་ཁ་ཟས་འཚོལ་བར་ཟོས་ན་ནད་བྱང་བ་ཡིན་ན་ཡང་ཕྱིར་ལྡོག་པར་བྱེད་དོ། །དེ་བས་ན་བག་མ་བྱས་པའི་ཟས་དང་སྤྱོད་ལམ་བསྟེན་པ་ལས་ནི་སྲོག་འཕྲལ་འཕྲོགས་པར་བྱེད་པ
་ཡིན་པས་ཁྱད་པར་དུ་ནད་ཀྱི་སྐབས་ལ་བརྟགས་ཏེ། སྨྱུང་བ་དང། དུགས་དང། ནས་ཀྱི་ཐུག་པ་དང། ཏིཀྟའི་ཁུ་བ་དང། སྨིན་པར་བྱེད་པའི་སྨན་དང། འོ་མ་དང་མར་ལ་སོགས་པ་གསོ་བ་ཐམས་ཅད་སྦྱར་བར་བྱའོ། །ལྷ་ཁྱབ་འཇུག་གིས
་བཏང་བའི་རིམས་ཤིན་ཏུ་དྲག་པོ་ལ་ནི་སྨན་དང། ནོར་བུ་དང། སྔགས་རྣམས་མགོ་ལ་གདགས་སོ། །གཞན་ཡང་ཕམ་ལ་སོགས་པ་དམ་པ་རྣམས་དང། བླ་མ་དང། བྲམ་ཟེ་དང། ལྷ་རྣམས་ལ་མཆོད་པ་དང། ཡིད་དགའ་བར་བྱེད་པའི
་ཡུལ་རྣམས་བསྟེན་པར་བྱས་པས་ཀྱང་རིམས་རྣམས་ཞི་བར་འགྱུར་རོ། །གསོ་བའི་གནས་ལས་རིམས་ནད་གསོ་པའི་ལེའུ་སྟེ་དང་པོ་རྫོགས་སོ།། །།དེ་ནས་ཁྲག་མཁྲིས་གསོ་བའི་ལེའུ་གཉིས་པ་བཤད་པར་བྱ་སྟེ།
་སྐྱེས་བུ་སྟོབས་དང་ལྡན་ཞིང་ཁྲག་སྟོང་དུ་ཤུགས་མི་དྲག་པར་འབྱུང་བ་དེ་ཡང་གསར་དུ་དགུན་ནམ་གྲང་བའི་དུས་སུ་བརླ་གཉན་མེད་པར་འབྱུང་ན། མདོའི་གནས་ནད་མེད་པར་འགྱུར་བའི་ཚུལ་བསྟན་པའི་ལེའུ་ལས་ཁྲག་མཁྲིས་ཤས་ཚེ་བར་འགྱུར་པའི
་གསོ་བ་འདིར་སྦྱར་རོ། །ཁྲག་མཁྲིས་ཐུར་དུ་བྱུང་བ་དང། ནད་གཞི་གཉིས་འདྲེས་པ་ལས་བྱུང་བ་དང། ལྡང་དུབ་བྱེད་པ་དང། སྟོད་དུ་བྱུང་བའི་ཁྲག་ཁ་དང་སྣ་དང། མིག་དང། རྣ་བའི་བུ་གར་འཕོ་ཞིང་འབྱུང་བ་དང། སྨད་དུ་བྱུང་བའི་ཁྲག་པོ
་མཚན་དང། རྐུབ་ནས་འབྱུང་བ་དང། ཡང་ན་ཁྲག་བསྟོད་སྨད་དུ་ཕྱིན་ཅི་ལོག་ཏུ་འབྱུང་བ་རྣམས་ལ་ནི་རིམས་པས། ཁྱད་ཀྱིས་བརྡལ་ལ་གསོའོ། །སྟོད་སྨད་གཉིས་ཀ་ལས་ཁྲག་ཚར་འབྱུང་ཞིང་མེ་དྲོད་ཆུང་བ་དང། ནད་གཞི་གསུམ་ལས་གྱུར
་པ་དང། སྟོད་སྨད་གང་ཡང་རུང་བ་ལས་ཚབས་ཆེར་འབྱུང་བ་རྣམས་ནི་སྤང་བར་བྱའོ། །དེ་ལ་ནད་གཞི་དང། ཉི་མ་རིང་ཐུང་ནུར་བའི་དུས་དང། ཁྲག་མཁྲིས་དེ་ནད་གཞི་གང་དང་འབྲེལ་ནས་སྟོབས་ཆེ་ཆུང་དུ་སོང་བ་དང། ཡུལ་དང་དུས་ལ
་སོགས་པ་བརྟགས་ནས་ཁྲག་གོང་འོག་གང་ནས་བྱུང་བ་ལ་སོགས་པ་བྱེ་བྲག་ཤེས་པར་བྱས་ནས་དེའི་འོག་ཏུ་སྨྱུང་བ་འམ། ལུས་འཕེལ་ཞིང་རྒྱས་པར་བྱ་བ་འམ། ལུས་སྦྱང་བ་འམ། སྨན་གྱིས་ཞི་བར་བྱ་བ་རྣམས་གང་རིགས་པར་བྱའོ།།
་ཁ་ཟས་དྲོ་བ་དང། རྣོ་བ་ལ་སོགས་པས་མཁྲིས་པའི་ནད་སྐྱེས་པ་དེ་ཡང། ནད་གཞི་མང་པོ་དང་འདྲེས་ཏེ་ཉོམས་སྟོབས་དང་ལྡན་ལ་ཁྲག་སྟོད་དུ་བྱུང་བ་ལ་ནི་བཀྲུ་སྨན་བཏང་ལ། སྨད་དུ་བྱུང་བ་ལ་ནི་སྐྱུག་སྨན་བཏང་ངོ། །ལུས་འཕེལ་ཞིང
་ཉམ་སྟོབས་དང་ལྡན་ན་ནི་སྨྱུང་བ་བྱའོ། །གལ་ཏེ་ལུས་སྨྱུང་བ་བྱས་པ་དང། རིང་བ་ཡིན་ན་ནི་ཉམས་སྟོབས་སྐྱེད་པའི་ཆོ་ག་བྱའོ། །ཁྲག་སྟོད་དུ་བྱུང་བ་ལ་ནི་ཁ་བ་དང། བསྐ་བའི་སྨན་གྱི་ཁུ་བས་ཞི་བར་བྱའོ། །སྨྱུང་བ་བྱས་པ་ལ་ནི་བཅའ་སྒ་མ
་གཏོགས་པའི་ཡན་ལག་དྲུག་པའི་སྨན་བསྐོལ་བའི་ཁུ་བ་བླུད་དོ། །ཁྲག་ཐུར་དུ་བྱུང་བ་ལ་ནི་མངར་བའི་ཁུ་བཅུད་ཀྱིས་ཞི་བར་བྱའོ། །ཁྲག་སྟོད་དུ་བྱུང་བ་ལ་ནི་ཐོག་མར་སྐྱོ་མ་བླུད་དོ། །སྨད་དུ་བྱུང་བ་ལ་ནི་སྨན་ཐུག་བླུད་དོ། །ཁྲག་མཁྲིས་ཅན་ཉམས
་སྟོབས་ཡོད་ཅིང་ཤ་མ་ཟད་པ་ལ་ཟས་ཟ་ནུས་པ་དེ་ནི་སྐྱོན་གྱི་ཁྲག་བྱུང་དུ་ཟིན་ཀྱང་དང་པོར་ཁྲག་བཅད་དུ་མི་རུང་ངོ། །བཅད་སྔས་ན་ནད་མང་དུ་སྐྱེད་དོ། །གཞན་དུ་ན་ཉམས་ཟད་ཅིང་ཟས་ཟ་མི་ནུས་ཏེ། ཉེས་པ་དག་ཅིང་ཁྲག་མང་དུ་འབྱུང་བ་ལ་ནི་ཁྲག་མ་བཅད་ན་མེས་ཚིག་པ་བཞིན་དུ་མྱུར་དུ
་མྱུར་དུ་འཆི་བར་བྱེད་དོ། །དུར་བྱིད་དང། ཤ་མ་དུར་བྱིད་གཉིས་བསྐོལ་བའི་ཁུ་བའི་ནང་དུ་ཡང་དེ་གཉིས་བརྟགས་པའི་ཕྱེ་མ་དང། ཤ་ཁ་རའི་ཕྱེ་མ་དང་སྦྱར་བ་ལག་པའི་མཐིལ་དུ་བཞག་སྟེ་བ་ལྡག་གོ་།དུར་བྱིད་དང། ཤ་མ་དུར་བྱིད་དང། འབྲས
་བུ་གསུམ་དང། པི་པི་ལིང་དང། ཤ་ཁ་ར་དང། སྦྱར་བའི་རི་ལུ་བྱས་ཏེ་དེ་ལས་རན་པར་ཟོས་ན། འདུས་པ་ལས་གྱུར་པའི་ཁྲག་སྟོང་དུ་ལུས་པ་དང། སྐྲང་བ་དང། རིམས་རྣམས་འཇོམས་སོ། །ཡང་ན་དུར་བྱིང་དང་ཤ་ཁ་ར་ཆ་སྙམས་ཏེ། ཁ་རའི་བཞི
་ཆའི་པི་པི་ལིང་དང། དེ་རྣམས་སྦྲང་རྩི་དང། རི་ལུར་བྱས་ཏེ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཁྲག་ཐུར་དུ་འབྱུང་བ་ལ་ནི་ཀྱུག་སྨན་བཏང་སྟེ། ཆུ་དང་སྐྱོ་མ་སྦྱར་བའི་ནང་དུ། པོ་སོན་ཆ་དང། སྦྲང་རྩི་དང། ཁ་རས་བཏབ་པ་དང། ཡང་ན
་པོ་སོན་ཆ་དང། ཁ་ར་དང། སྦྲང་རྩི་དང། ཆུ་དང་སྦྱར་བ་བཏང་བ་འམ། ཡང་ན་ཤིང་མངར་བསྐོལ་བའི་ཁུ་བའི་ནང་དུ་པོ་སོན་ཆ་བཏབ་པ་འམ། ཡང་ན་བུ་རམ་ཆུ་པོ་སོན་ཆ་དང་སྦྱར་བ་འམ། སྦྱོར་བ་དེ་དག་ལས་གང་ཡང་རུང་བ་བྱས་ན་སྐྱུག་པར
་འགྱུར་རོ། །ཐུར་དུ་འབྱུང་བའི་ཁྲག་མཁྲིས་ལ་བསྔགས་སོ། །དེ་ལྟར་སློན་ཁྲུས་ཀྱིས་ལུས་ངག་པར་བྱས་ནས། ཉམས་སྟོབས་བསྲུང་བར་བྱ་བའི་ཕྱིར། རང་རང་གི་གསོ་བ་སྐྱོ་མ་དང། ཐུག་པ་ལ་སོགས་པའི་རིམས་བཞིན
་དུ་སྦྱར་རོ། །དེ་ལ་སྐྱོ་མ་ནི་རིམས་ནད་གསོ་བའི་ནང་ནས་འབྱུང་བའི་རྒུན་འབྲུམ་འམ། ཤིང་ཏོག་མ་དུ་ཀ་ལ་སོགས་པའི་སྐྱོ་མ་འམ། ཡང་ན་མཁྲིས་པ་འཇོམས་པའི་འབྲས་བུའི་རིགས་རྒུན་འབྲུ་དང། སྐྱུ་རུ་ར་ལ་སོགས་པའི་སྐྱོ་མ
་བླུད་དོ། །ཡང་ན་བྲ་གོ་དང། རྒུན་འབྲུ་དང། མ་དུ་ཀ་དང། བ་རུ་ཤ་ཀ་དང། འདི་རྣམས་ཁ་ར་དང་སྦྱར་བ་ནི་སྙིང་པོ་ལྔའི་སྐྱོ་མ་ཞེས་བྱ་སྟེ། བླུད་པ་འམ། ཡང་ན་སྙིང་པོ་ལྔའི་སྨན་ཁུའི་ནང་དུ་མར་དང། སྦྲང་རྩི་དང། འབྲས་ཡོས་ཀྱི་ཕྱེ་མ
་དང་འདི་རྣམས་ཆུ་དང་སྦྱར་བའི་སྐྱོ་མ་བླུད་དོ། །གལ་ཏེ་སྐྱུ་རུ་ར་ལ་དགའ་ཞིང་མེ་དྲོད་ཆུང་བ་ཡིན་ན་ནི་སྐྱུ་རུ་ར་དང། སེའུ་འབྲུ་ལྟ་བུར་གདབ་པོ། །དེ་ལ་ཐུག་པ་ནི་པདྨ་གེ་སར་དང། ཨུཏཔ་ལའི་གེ་སར་དང། པྲིཥྞ་པརྞི་དང། པྲི་ཡངཀུ་རྣམས
་བསྐོལ་བའི་ཐུག་པ་འམ། ཡང་ན་པུ་ཤེལ་ཅི་འམ། སེང་ཕྲོམ་དཀར་པོ་དང་ཙན་དན་དང། འདི་རྣམས་བསྐོལ་བའི་ཐུག་པའི་ནང་དུ་བཅའ་སྒ་བཏབ་པ་འམ། ཡང་ན་བ་ལ་ཀ་དང། ཏ་ཀའི་མེ་ཏོག་དང། བིལྦའི་རྐང་དང། བྱི་ཙེར་བ་དང
་འདི་རྣམས་སྦྱར་བའི་ཐུག་པ་འམ། ཡང་ན་ཏིཀྟ་དང། པུ་ཤེལ་ཙེ་དང། གླ་སྒང་དང། འདི་རྣམས་སྦྱར་བའི་ཐུག་པ་འམ། ཡང་ན་སྲན་ཆུང་དང། པྲིཥྞ་པརྞི་སྦྱར་བ་འམ། ཡང་ན་ས་ལ་པརྞི་སྦྱར་བ་འམ། ཡང་ན་ས་ལ་པརྞི་དང། མོན་རྡེའུ་དང
་སྦྱར་བའི་ཐུག་པ་འམ། ཡང་ན་བ་ལ་དང། ཨ་རི་ནུ་ཀ་དང། མར་དང་སྦྱར་བ་འམ། གོང་གི་ཐུག་པའི་སྦྱོར་བ་དེ་རྣམས་བསིལ་བའི་དུས་པ་དང་ལྡན་པ་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་ལས་གཞི་བླངས་པའི་ཐུག་པ་གྲང་མོའི་ནང་དུ
་སྦྲང་རྩི་དང་ཁ་ར་བཏབ་སྟེ། སྦྱར་བར་རེ་ནས་དེ་ལྟར་སྦྱར་རོ། །དེ་བཞིན་བསིལ་བའི་ནུས་པ་དང་ལྡན་པའི་ཤ་ཁུའི་ནང་དུ་མངར་ལ་དད་པ་ཡིན་ན་མར་དང་བསྔོས་ལ་ཤ་ཁ་ར་དང་ལྡན་པར་སྦྱིན་ནོ། །སྐྱུར་ལ་དད་པ་ཡིན་ན་ནི་སྐྱུར་ལ་བཏབ་པ་བླུད་དོ།།
་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པའི་ལེའུ་ལས་ཡང་ཞིང་བསིལ་བའི་ཁ་ཟས་གྲང་བ་དང། གང་བུ་ལས་སྐྱེས་པའི་འབྲུ་དང་ཚོད་མ་ཡང་ས་བསིལ་པའི་ནུས་པ་ཅན། ཁྲག་མཁྲིས་ལ་རབ་ཏུ་བསྔགས་སོ། །བཏུང་བ་ནི་གོང་དུ་སྨོས་པའི་ཡན་ལག
་དྲུག་པའི་སྨན་ལས་དོང་ཀྲ་སྤངས་པའི་བཏུང་བ་འམ། ཡང་ན་རྩ་བ་ཆུང་ངུ་ལྔ་བསྐོལ་བ་འམ། ཡང་ན་ཆུ་བསྐོལ་བ་བསྒྲངས་པ་འམ། ཡང་ན་སྦྲང་རྩིའི་ཆུ་འམ། ཡང་ན་མཁྲིས་པ་འཇོམས་པའི་འབྲས་བུ་རྒུན་འབྲུ་འམ། བྲ་གོ་ལ་སོགས་པའི
་ཆུ་བླུད་དོ། །རྟུགས་པ་འགགས་པ་ལ་ནི་རྒྱ་སྣེའུ་དང། རི་བོང་གི་ཤ་སྦྱར་བ་ཕན་ནོ། །རླུང་ཤས་ཆེ་བའི་རྟུག་པ་འགགས་པ་ལ་ནི་སྲེག་པའི་ཤ་དང་ཨུ་དུམཔར་བསྐོལ་བ་བླུད་པ་འམ། ཡང་ན་ཤིང་པལཀཤ་བསྐོལ་བའི་ནང་དུ་རྨ་བྱའི་ཤ་སྦྱར་བ
་འམ། ཡང་ན་ནྱ་གྲོ་དྷ་དང་ཁྱིམ་བྱའི་ཤ་དང། བསྐོལ་བ་བླུད་དོ། །མདོར་ན་ཁྲག་དང་མཁྲིས་པ་སྐྱེ་བའི་རྒྱུ་དྲོ་བ་དང་རྣོ་བ་ཐམས་ཅད་སྤང་བར་བྱའོ། །བ་ཤ་ཀ་བསྐོལ་བའི་ཁུ་བའི་ནང་དུ་པྲི་ཡངཀུ་དང་ས་ནག་པོ་དང། སྐྱེར་ཁནཊ་དང། སེར་ཕྲོམ
་དང། སྦྲང་རྩི་སྦྱར་བ་འཐུངས་ན་ཁྲག་མཁྲིས་འཇོམས་སོ། །ཡང་ན་བ་ཤ་ཀ་ཉི་ཆེ་བསྐོལ་བའི་ཁུ་བ་འམ། ཡང་ན་བ་ཤ་ཀ་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང། ཁ་རས་བཏབ་པ་འཐུངས་ན་དེ་མ་ཐག་ཁྲག་མཁྲིས་འཇོམས་སོ། །ཁྲག་མཁྲིས་ལ་ནི
་བ་ཤ་ཀ་འདི་ལས་ལྷག་པ་མེད་དོ། །པ་ཏོལ་དང། སུ་མ་ན་དང། ཙན་དན་རྣམ་གཉིས་དང། ནིནབ་དང། ཤུག་པ་དང། དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་སེང་ཕྲོམ་དང། བ་ཤ་ཀ་དང། མོན་སྣེའུ་མེ་རུ་དང། ས་ནག་པོ་དང། མ་དུ་ཡ་ན་ཏི་ཀ
་ཞེས་བྱ་བ་སེན་རྩེ་རྣམས་སྦྱར་བ་འམ་ཡང་ན་ཉེའུ་ཤིང་དང་ཐལ་ཏྲེས་དང། རམ་ཉེ་བ་རྣམ་གཉིས་དང་ཤིང་མངར་དང་འདི་རྣམས་སྦྱར་བ་འམ། སྦྱོར་བ་དེ་གསུམ་གང་ཡང་རུང་བ་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར
་དང། སྦྲང་རྩི་དང་ལྡན་པ་འཐུངས་ན། ཁྲག་མཁྲིས་འཇོམས་སོ། །ཡང་ན་རྒྱ་སྐྱེག་ཤིང་གི་ཤུན་པ་བསྐོལ་བའི་ནང་དུ་ཀ་རས་བཏབ་པ་འཐུངས་ན་ཡང་ཕན་ནོ། །ཡང་ན་བ་གླང་གི་ལྕི་བ་དང། རྟ་རྟུག་བཙིར་བའི་ཁུ་བའི་ནང་དུ
་སྦྲང་རྩི་དང་མར་བཏབ་པ་བཏུང་ངོ། །ཁྲག་བསྐ་བར་བྱུང་བ་ལ་ནི་བྱ་ཕུག་རོན་གྱི་རྟུག་པ་སྦྲང་རྩི་དང་སྦྱར་ཏེ་བལྡག་གོ་།ཁྲག་ཤས་ཆེར་འབྱུང་བ་ལ་ནི་སྐམས་ན་གནས་པའི་བྱ་དང། རི་དགས་ཀྱི་ཁྲག་སྦྲང་རྩི་དང་བཅས་པ་བཏུང་ངོ།།
་ཡང་ན་རའི་མཚན་མ་མཁྲིས་པ་དང་བཅས་པ་བཙོས་པ་འམ་མ་བཙོས་པ་ཡང་རུང་ཟོས་ན་ཕན་ནོ། །ཡང་ན་སྨན་པ་ལ་ནི་བསྐོལ་བའི་ཁུ་བ་སྲང་དྲུག་ཙམ་གྱི་ནང་དུ་ཙན་དན་དང། བུ་ཤེལ་ཙི་དང། གླ་སྒང་དང། འབྲས་ཡོས
་དང། མུངྒ་དང། པི་པི་ལིང་དང། ནས་དང། འདི་རྣམས་བཏགས་པའི་ཕྱེ་མ་བཅུག་ལ་སྤངས་ཏེ། ནང་པར་བཙགས་ལ་ཚིགས་མ་བོར་ཏེ། དངས་མ་བླུད་ན་ཁྲག་མཁྲིས་འཇོམས་སོ། །ཙན་དན་དང། པདྨ་དང། པུ་ཤེལ་ཙེ་དང། དེ
་གསུམ་གྱི་བུ་བའི་ནང་དུ་བར་བ་བསྲེགས་པ་དམར་པོར་གྱུར་པ་བཅུག་སྟེ། སྤངས་པའི་དང་མ་བསྒྲངས་པའི་དང་དུ་སྦྲང་རྩི་དང་ཁ་རས་བཏབ་པ་བླུད་ན་ཁྲག་མཁྲིས་ཤས་ཆེ་བ་ལས་རྒྱལ་ལོ། །བུ་རམ་ཤིང་གི་ཚིགས་མ་བརྡུངས་བ
་ཆུ་དང་མཉེས་པའི་ཁུ་བ་རྫ་བསྣོད་གསར་བའི་ནང་དུ་བཅུག་ལ། ཁང་པའི་ཕྱི་རོལ་དུ་བཞག་སྟེ་བསྲུངས་ལ་ཐོ་རངས་རས་ལ་བཙགས་ཏེ། ཚིགས་མ་བོར་བར་དངས་མ་སྦྲང་རྩི་དང་བཅས་པ་མེ་ཏོག་པདྨ་ཁ་ཕྱེ་བའི་དྲིས་བསྒོས་པ
་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །མཁྲིས་པའི་རིམས་འཇོམས་པའི་སྨན་དུག་མོ་ཡུངས་ལ་སོགས་པའི་སྨན་ཐམས་ཅད་ཀྱང་ཁྲག་མཁྲིས་ལ་སྦྱར་བར་བྱའོ། །གོང་མའི་སྨན་ཁུ་བའི་སྦྱོར་བ་དེ་དག་གིས་མེ་དྲོད་སྐྱེས་ཏེ། བད་ཀན་ཟད
་པ་དང། ཁྲག་མཁྲིས་ད་རུང་མ་ཞི་ཞིང། རླུང་དང་འདྲེས་ནས་འཁྲུག་པ་ལ་ནི་འོ་མ་འམ། བའི་རྣམ་ལྔ་ཆུ་ལྔ་འགྱུར་དང་བསྐོལ་ལ་ཆུ་དུ་བ་དང་བླུད་ན་ཕན་ནོ། །ཡང་ན་རྩ་བ་ལྔ་པ་ཆུ་ངུ་དང། བའི་རྣམ་ལྔ་དང། རའི་འོ་མ་བསྐོལ་བ་སྦྲང་རྩི་དང།
་ཁ་རས་བཏབ་པ་བཏུང་ངོ། །ཡང་ན་རྒུན་འབྲུ་དང། བཅའ་སྒ་དང། བ་ལ་དང། གཟེ་མ་དང། ཛཱི་བ་ཀ་ན་དང། ཟངས་རྩི་བ་དང། དེ་རྣམས་རེ་རེ་ཡང་ཆུ་དང་བསྐོལ་བའི་ནང་དུ་འོ་མ་དང་མར་བཏབ་ལ་སྦྱར་ཏེ་བཏང་ངོ། །ཡང་ན་འོ་མ་དང་ཁ་ར་དང་བསྐོལ་ཏེ
་མར་དང་སྦྱར་ལ་བཏང་ངོ། །གཟེ་མ་དང་ཉེའུ་ཤིང་འོ་མ་དང་བསྐོལ་བ་འམ། ཡང་ན་འདབ་མ་རྣམ་བཞི་འོ་མ་དང་བསྐོལ་བ་འཐུངས་ན། ཁྲག་ནད་མྱུར་དུ་ཞི་བར་འགྱུར་ཞིང་ཁྱད་པར་དུ་གཅིན་འོང་བའི་བུ་གནས་ཁྲག་འབྱུང་བ་ལ་ཕན་ནོ། །ཁྲག་རྐུབ
་ནས་འབྱུང་བ་ལ་ནི་ཆུ་ཤིང་གི་ཁུ་བ་དང་འོ་མ་སྦྱར་བ་བླུད་ན་ཕན་ནོ། །ཡང་ན་ནྱ་གྲོ་དྷའི་མྱུ་གུ་དང་འོ་མ་བསྐོལ་བ་འམ། ཡང་ན་བཅའ་སྒ་དང། ཨུ་དི་ཙ་དང། ཨུཏཔལ་དང་འོ་མ་བསྐོལ་བ་བླུད་ན་ཕན་ནོ། །ཡང་ན་ཁྲག་ཏུ་འཁྲུ་བའི་གསོ་བ་དང། གཞང
་འབྲུམ་ཁྲག་ཆོད་ཅན་གྱི་གསོ་བ་ཇི་སྙེད་པ་འང་འདིར་སྦྱར་རོ། །སྨན་ཁུ་འཐུངས་པའི་འོག་ཏུ་བཟའ་ཡང་གོང་མའི་འོ་མ་བསྐོལ་བ་དང་སྦྱར་རོ། །ཡང་ན་གོང་གི་སྦྱོར་བ་དེ་དག་མར་དང་སྦྱར་བ་བཏང་ངོ། །བ་ཤ་ཀའི་ལོ་མ་དང། སྡོང་བུ་དང། རྩ་བ་དང
་བཅས་པ་སྲང་སུམ་ཅུ་རྩ་གཉིས་དང་དེའི་བརྒྱད་འགྱུར་གྱི་ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ། བརྒྱད་ཆ་ལུས་པ་དང། ཚིགས་མ་བོར་བའི་ནང་དུ་མར་སྲང་བརྒྱད་དང། བ་ཤ་ཀའི་མེ་ཏོག་སྲང་གཉིས་ཕྱེ་མར་བྱ་སྟེ་བཏབ་པ་ཡང་བསྐོལ
་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ལྡན་པར་འཐུངས་ན། ཁྲག་མཁྲིས་དང། མཁྲིས་པའི་སྐྲན་དང་རིམས་དང། དབུགས་མི་བདེ་བ་དང། ལུད་པ་དང། སྙིང་ནད་དང། མིག་སེར་དང་རབ་རིབ་དང། མགོ་འཁོར་བ་དང། མེ་དཔལ་དང
་སྐད་འགག་པ་རྣམས་འཇོམས་སོ། །རྒྱ་སྐྱེགས་ཤིང་གི་ལོ་མ་བཙིར་བའི་ཁུ་བ་དང། དེའི་བཞི་ཆའི་མར་དང་བསྐོལ་བའི་ནང་དུ་མར་གྱི་བཞི་ཆ་བླཀཤ་རྒྱ་སྐྱེགས་ཤིང་གི་ལོ་མ་དང། སྦྲང་རྩི་བཏབ་ཏེ་འཐུངས་ན་ཁྲག་མཁྲིས་འཇོམས་སོ། །དེ་བཞིན་དུ
་བྱི?་ལྕེ་བའི་ལོ་མ་ལ་ཡང་སྦྱོར་བ་དེ་ལྟར་བྱས་ན་ཕན་ཡོན་དེ་དང་འདྲའོ། །མགུལ་པ་ནས་ཁྲག་དབུ་བ་ཅན་བད་ཀན་དང་བཅས་པ་སྐ་བར་འབྱུང་བ་ལ་ནི་ཨུཏཔ་ལའི་སྡོང་བུ་བསྲེགས་པའི་ཐལ་བ་དང། མར་དང་སྦྲང་རྩི་རྣམས་ལྡེ་གུར་བྱས་ཏེ་སྦྱིན
་ནོ། །ཡང་ན་ཨུཏཔ་ལ་དང། པདྨ་དང། པྲི་ཡངཀུ་དང། ཤིང་མ་དུ་ཀ་དང། དེ་རྣམས་རེ་རེ་ཐལ་སྦྱོར་གོང་མ་དང་བྱས་ན་ཡང་ཕན་ནོ། །རྐུབ་ན་མར་ཁྲག་ཤས་ཆེར་འབྱུང་བ་ལ་ནི་རུ་ཧ་དང། ཁྲག་མཁྲིས་འཇོམས་པའི་སྨན་གྱི་འཇམ་རྩི་བྱའོ།།
་སྣ་ནས་ཁྲག་སྐྱོན་མེད་པར་འབྱུང་བ་ལ་ནི། །སྣ་ནས་གཞུག་པ་དང་བླུགས་པའི་སྨན་བྱ་སྟེ། དེ་ཡང་གོང་གི་སྦྱར་སྨན་བསྐོལ་བའི་ཁུ་བའི་ནང་དུ་འོ་མ་དང། བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་དང་བསྲེས་ཏེ་བླུགས་པར་བྱའོ། །ཡང་ན་འོ
་མ་ལ་སོགས་པ་དེ་དག་ཁ་ར་དང་སྦྱར་བ་འམ། ཡང་ན་ཆུ་ཉེ་ཆེ་བླུགས་ན་ཕན་ནོ། །ཡང་ན་སོའུ་འི་མེ་ཏོག་དང་ཨ་མྲ་དང། ཤར་དུ་ལ། དེ་གསུམ་གང་ཡང་རུང་བའི་སྣ་སྨན་བཏང་ངོ། །ཡང་ན་སྨན་བསིལ་བའི་སྨན་རྩཝ་དུར་བ་དང། བྱི་ཙེར་བ་ལ
་སོགས་པ་ལུས་བྱུགས་པ་དང། བསྐུ་མཉེ་དང། རྒྱུན་བླུགས་དང། སྨན་ཁུ་གྲང་མོའི་ནང་དུ་ལུས་འཇུག་པ་ལ་སོགས་པ་ཡང་བྱའོ། །མཁྲིས་པའི་རིམས་ཀྱི་ནང་དུ་བཤད་པའི་ལུས་ཀྱི་ནང་དང། ཕྱི་རོལ་ནས་སྨན་དུ་བྱ་བ་ཐམས་ཅད་དང། གློ
་འདྲམས་པ་དང། ཟས་བྱེད་ཀྱིས་གོས་པ་ཐམས་ཅད་ཀྱང་ཁྲག་མཁྲིས་འདི་ལ་ཕན་པ་ཡིན་པར་སྦྱར་རོ། །གསོ་བའི་གནས་ལས་ཁྲག་མཁྲིས་གསོ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་ལུད་པ་དང་གློ་ནད་གསོ་བའི་ལེའུ་བཤད་པར་བྱ
་སྟེ། དེ་ལ་རླུང་འབའ་ཞིག་ལས་གྱུར་པའི་ལུད་པའི་ནད་ལ་ནི། ཐོག་མར་རླུང་ལ་ཕན་པའི་སྨན་སྣ་ཚོགས་དང་སྦྱར་བའི་སྣུམ་གྱི་ཆོ་ག་སྤྱད་པར་བྱ་སྟེ། དེ་ཡང་སྣུམ་དང་སྦྱར་བའི་ཐུག་པ་དང། ཁུ་བཅུད་བཏང་བ་དང། ལྷག་པ་དང། བསྐུ་བ་དང། དུགས་དང།
་དུད་པས་བདུག་པ་དང། དེ་བཞིན་དུ་བཟའ་བ་དང། བཏུང་བ་དང། ཐམས་ཅད་སྣུམ་དང་བཅས་པར་བྱའོ། །གཞན་རྟུག་པ་འགགས་པ་ལ་ནི་འཇམ་རྩི་མས་བཏང་བས་བསལ་བར་བྱའོ། །རླུང་ལས་གྱུར་པའི་ལུད་པ་དེ་མཁྲིས་པ་དང་བཅས་པར་གྱུར
་ན། ཐོག་མར་ཟས་ཟོས་ལ་དེའི་འོག་ཏུ་མར་དང་འོ་མ་ཉལ་ཁར་བཏུང་ངོ། །རླུང་ལས་གྱུར་པའི་ལུད་པ་བད་ཀན་དང་བཅས་པ་ཡིན་ན་ནི་སྣུམ་དང་བཅས་པའི་བཀྲུ་སྨན་གཏང་བར་བྱའོ། །དེ་ལ་རླུང་ལ་ཕན་པའི་སྨན་ནི་སླེ་ཏྲེས་དང། ཀནྟ་ཀ་རི་གཉིས
་སྲང་སུམ་ཅུ་བསྐོལ་བའི་ཁུ་བའི་ནང་དུ་མར་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ། ཆུ་ནི་དུ་མར་ལུས་པ་དང་དེ་ནས་བླུད་ན་རླུང་ལས་གྱུར་པའི་ལུད་པ་སེལ་ཅིང་མེའི་དྲོད་སྐྱེད་པ་བྱེད་དོ། །ཡ་བཀྵ་དང། ར་སྣ་དང། ཤུ་དག་དང། ཤིང་ཀུན་དང། པཱ་ཐཱ་དང།
་ཤིང་མངར་དང། འུ་སུ་དང། ཆ་བ་རྣམ་ལྔ་དང། དེ་རྣམས་ཞོ་རེ་རེ་དང། མར་ཁུ་བྲེ་གང་དང། རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་དང་ལྷན་ཅིག་བསྐོལ་ལ། མར་ལུས་པ་དང། དེ་ལས་ཅི་རན་ཙམ་འཐུངས་པའི་རྗེས་ལ་འབྲས་ཐུག་བླུད་ན། ལུད
་བ་ལུ་བ་དང། དབུགས་མི་བདེ་བ་དང། སྙིང་ན་བ་དང། རྩིབ་ལོགས་ན་བ་དང། ཕོ་བའི་ནད་དང། སྐྲན་ལ་སོགས་པ་སེལ་བར་བྱེད་དོ། །ཡང་ན་རྭ་སྣ་དང། རྩ་བ་བཅུ་པ་དང། ཉེའུ་ཤིང་དང། འདི་རྣམས་སྲང་བཅུ་གཉིས་བཅུ་གཉིས་དང། རྒྱ་སྲན་དང། རྒྱ
་ཤུག་དང། ནས་འདི་རྣམས་སྲང་བརྒྱད་བརྒྱད་དང། རྭ་ཤ་སྲང་བཅུ་དང། ཆུ་སྲང་ལྔ་དང། འདི་རྣམས་ལྷན་ཅིག་བསྐོལ་ཏེ་བཞི་ཆ་ལུས་པ་དང། དེ་དང་མཉམ་པའི་མར་དང། མར་གྱི་ཚད་ཀྱི་འོ་མ་དང། ཛི་བནཧིའི་སྡེ་ཚན
་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་དང། དེ་ལ་བཏུད་པ་དང། སྣར་བླུགས་པ་དང། འཇམ་རྩི་མས་བཏང་བ་ལ་སོགས་པ་བྱས་ན། རླུང་ལས་གྱུར་པ་ལ་སོགས་པའི་ལུད་པ་རྣམ་ལྔ་དང། མགོ་མདར་བ་དང་མོ་མཚན་དང། བརླ་དབྲག་གི་ནད
་དང། ལུས་དང་ཡན་ལག་གང་ཡང་རུང་བ་ལ་རླུང་ནད་བྱུང་སྟེ་ན་བ་དང། མཆིན་པ་ན་བ་དང། རོ་སྟོད་མན་ཆད་ཀྱི་རླུང་ནད་སེལ་ཏོ། །ཡང་ན་བི་དཱ་རིའི་སྡེ་ཚན་ཆུ་དང་ཚུལ་བཞིན་དུ་བསྐོལ་བ་བཞི་ཆ་ལུས་པ་དང། ཁུ་བའི་བཞི་ཆའི་མར
་དང་ལྷན་ཅིག་བསྐོལ་ལ། མར་ལུས་པ་དང། བི་ད་རིའི་ཕྱེ་མ་ཉུང་ཟད་བཏབ་སྟེ། དེ་ལས་རན་པར་ཟོས་ན་ལུད་པའི་ནད་སེལ་ཏོ། །ཡང་ན་ཤིང་ཨ་ཤོ་ཀའི་ས་བོན་དང། ཤིང་མངར་དང། བི་དང་ཀ་དང། སྐྱེར་ཁཎྚ་དང། ཤུག་པ་དང། ལན་ཚ
་གྱི?་དང། ཁ་རུ་ཚ་དང་བཅས་པ་འདི་རྣམས་མར་དང་ཚུལ་བཞིན་དུ་སྦྱར་བ་འམ། ཡང་ན་སྨན་དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་བའི་ལྡེ་གུ་སྦྱིན་ཞིང་དེའི་འོག་ཏུ་འོ་མ་བླུད་པས་ནད་ཞི་བར་བྱེད་དོ། །ཡང་ན་བི་དང་ཀ་དང། དོང་ཀྲ་དང། ར་སྣ་དང
་པི་པི་ལིང་དང། ཤིང་ཀུན་དང་ལྕེ་མྱང་ཚ་དང། བར་གྱི་ཞེས་བྱ་བ་ག་བྲའི་རྩ་བ་དང། ཡ་བཀྵ་ར་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་འམ། ཡང་ན་མར་ཅི་རན་ཙམ་དང་སྦྱར་བ་འཐུངས་ན། རླུང་དང་བད་ཀན་ལས་གྱུར་པའི་ལུད་པ
་དང། དབུགས་མི་བདེ་བ་དང། སྐྱིགས་བུ་དང། མེའི་དྲོད་ཆུང་བ་རྣམས་ཞི་བར་བྱེད་དོ། །ཡང་ན་རླུང་ལས་གྱུར་པའི་ལུད་པ་ལ་ནི་བྱི་ཚེར་བ་དང། སྲིང་ག་བི་ར་ཞེས་བྱ་བ་བཅའ་སྒ་དང། ཟུར་བ་དཀར་པོ་དང། རྒུན་འབྲུམ་དང། ཁ་ར་དཀར
་པོ་དང། སྲིཾ་ག་ཏ་ཀ་དང། འདི་རྣམས་ཏིལ་མར་དང་སྦྱར་བའི་ལྡེ་གུ་བྱིན་ན། རླུང་ལས་གྱུར་པའི་རླུང་ནད་སེལ་ཏོ། །ཡང་ན་དུས་པ་ར་ཤ་ཞེས་བྱ་བ་བྱི་ཚེར་བ་དང། པི་པི་ལིང་དང། མུ་ཏ་ཞེས་བྱ་བ་གླ་སྒང་དང། ག་བྲའི་རྩ་བ་དང། ཀརྐ་ཏི་སྲིཾ་གི་ནི
་དང། ཥ་ཊི་ཞེས་བྱ་བ་ཟུར་བ་དཀར་པོ་དང། འདི་རྣམས་ཀྱི་ཕྱེ་མ་བུ་རམ་རྙིང་པ་དང། ཏིལ་མར་དང་སྦྱར་བའི་ལྡེ་གུ་བྱིན་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །པི་པི་ལིང་དང། བཅའ་སྒ་དང། ཀརྐ་ཏ་སྲིང་ཀ་དང། འདི་རྣམས་ཀྱི་ཕྱེ་མ་བུ་རམ
་རྙིང་པ་དང་ཏིལ་མར་དང་སྦྱར་བའི་ལྡེ་གུ་བྱིན་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །པི་པི་ལིང་དང། སེནད་པ་གཉིས་ཀྱི་ཕྱེ་མ་ཆུ་དྲོན་པོ་དང་སྦྱར་བ་རླུང་ལས་གྱུར་པའི་ལུད་པ་ཅན་ལ་སྦྱིན་ནོ། །ཡང་ན་བཅའ་སྒ་དང། ཁ་ར་དཀར་པོའི་ཕྱེ་མ་ཞོ
་ག་ཆུའི་ནང་དུ་བཏབ་སྟེ་བླུད་པ་འམ། ཡང་ན་པི་པི་ལིང་དང། ལྕེ་མྱང་ཚ་གཉིས་ཀྱི་ཕྱེ་མ་ཆུ་དང་བསྐོལ་བའི་ཁུ་བའི་ནད་མར་ཁོལ་མ་ཐག་ཆད་པ་ཅུང་ཞིག་བླུགས་ཏེ། ཆང་ངམ་ཞོ་ག་ཆུ་གང་ཡང་རུང་བ་དང་བསྲེས་པ་བླུད་ན། རླུང་ལས
་གྱུར་པའི་ལུད་པ་སེལ་ཏོ། །ལུད་པ་དང་བཅས་པའི་ཆམ་བ་ལ་ནི་ཐོག་མར་འོ་མ་དང་ཤ་ཁུ་དང་བཅས་པའི་བཟའ་བ་སྦྱིན་ལ། དེའི་འོག་ཏུ་སྣུམ་དང་བཅས་པའི་དུད་པའི་ཆོ་ག་གོང་དུ་བསྟན་པ་རྣམས་བྱའོ། །གཞན་ཡང་སྐྱིགས་བུ་དང
་དབུགས་མི་བདེ་བའི་ནད་ལ་དུད་པ་བཏང་བའི་ཆོ་ག་འོག་ནས་བསྟན་པ་རྣམས་ལ་ལུད་པའི་ཆམ་པ་བཞིན་དུ། ཐོག་མར་འོ་མ་དང་ཤ་ཁུའི་བཅུད་བྱིན་ལ་དེའི་འོག་ཏུ་དུད་པ་བཏང་བར་བྱའོ། །ཁ་ཟས་ནི་དྲོ་བ་དང། ཐང་དང་ཆུ་ལ་གནས
་པའི་སྲོག་ཆགས་ཀྱི་ཤ་ཁུ་དང། མོན་སྲན་གྲེའུ་དང། ཨཏྨ་ཀུཔཏ་ཞེས་བྱ་བ་ཁ་སྲལ་ཕྲེའུའི་ཁུ་བ་གང་ཡང་རུང་བ་འབྲས་སཱ་ལུ་དང། ནས་དང་གྲོ་དང། ཞག་དྲུག་བཅུ་པའི་ཟས་གང་ཡང་རུང་བ་དང་སྦྱར་བའི་ཟས་བྱིན་ན། རླུང་ལས་གྱུར་པའི
་ལུད་པ་སེལ་ཏོ། །ཡང་ན་ལ་ལ་བུད་དང། པི་པི་ལིང་དང། བིལྤའི་རྐང་དང། དོང་ཀྲ་དག་ཙི་ཏྲ་ཀ་དང། ར་སྣ་དང། ཨ་ཛ་ཛི་ཞེས་བྱ་བ་ཟི་ར་དང། པྲིཥྞ་པརྞི་དང། བླཀྵ་དང། ཟུར་བ་དང། མ་ནུ་དང། འདི་རྣམས
་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་ཐུག་པའི་ནང་དུ་སྣུམ་དང་སྐྱུར་དང་ལན་ཚར་བཏབ་པ་བླུད་ན། རྐེད་པ་ན་བ་དང། སྙིང་བ་དང། རྩིབ་ལོགས་ན་བ་དང། ལྟོ་ན་བ་དང། དབུགས་མི་བདེ་བ་དང། སྐྱིགས་བུ་རྣམས་སེལ་ཏོ།།
་ལྷག་པར་ཡང་རླུང་ལས་གྱུར་པའི་ལུད་པ་རྣམས་སྦྱོང་ངོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་ཐུག་པའི་ནང་དུ་ཚ་བ་ལྔའི་ཕྱེ་མ་དང། བུ་རམ་བཏབ་སྟེ་བླུད་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་ཏིལ
་དང། འབྲས་སཱ་ལུ་དང། སྐྱུར་དང། སྣུམ་དང་བཅས་པའི་ཐུག་པ་འམ། ཡང་ན་འབྲས་ཀྱི་འོ་ཐུག་རྒྱམ་ཚས་བཏབ་པ་བླུད་ན། རླུང་གི་ལུད་པ་ལ་ཕན་ནོ། །གོང་དུ་སྨོས་པའི་རྐེད་པ་ལ་སོགས་པའི་ནང་རྣམས་ཞི་བར་བྱེད་དོ། །ཉ་དང
་ཁྱིམ་བྱ་དང། ཕག་དང། འདི་གསུམ་གང་ཡང་རུང་བའི་ཤ་ཁུ་ལས་གཞི་བླངས་པའི་ཐུག་པ་མར་དང། རྒྱམ་ཚ་དང་ལྡན་པར་བླུད་ན་ཕན་ཡོན་གོང་དང་འདྲའོ། །གཞན་ཡང་བ་སྤྲུ་ཀ་དང། བ་སྤུ་སི་ཞེས་བྱ་བ་མོན་སྣེའུ་མི་?
་དང། ཀས་གྷ་ན་ནྟི་དང། ཀཎྜ་ཀཱ་རིའི་ལོ་མ་དང། འབྲས་བུ་དང། ལ་བུག་གཞོན་ནུ་དང། སྐམ་པོ་དང། འདི་རྣམས་ལ་གཡོས་སུ་བྱས་པའི་ཚོད་མ་རླུང་ལས་གྱུར་པའི་ལུད་པ་ཅན་ལ་སྦྱར་རོ། །ཟས་ནི་སྣུམ་ཆེན་པོ་བཞི་དང།
་འོ་མ་དང། བུ་རམ་ཤིང་གི་ཁུ་བ་དང། བུ་རམ་ལས་སྦྱར་བའི་བཏུང་བ་གོ་དྷི་ཀ་ཞེས་བྱ་བ་དང། དེ་རྣམས་དང་ལྷན་ཅིག་སྦྱར་བ་བཟའ་ཨོ། །སྐོམ་དུ་ནི་ཞོ་ག་ཆུ་དང། རྩ་བ་མོ་དང། སེའུ་འབྲུའི་བཏུང་བ་ཆུ་དང་སྦྱར་བ་ལ་སོགས
་པ་དང། ཆང་དང་སྐོམ་འདི་རྣམས་རླུང་ལས་གྱུར་པའི་ལུད་པ་ཅན་ལ་བླུད་དོ། །མཁྲིས་པ་དང་བད་ཀན་ལས་གྱུར་པ་ལ་ནི་སྣུམ་དང་བཅས་པའི་སྐྱུགས་སྨན་བཏང་ན་ཕན་ཏེ། དེ་བཞིན་དུ་པོ་སོན་ཆ་དང། ཏཾ་པི་ལ་དང། ཤིང་མངར་དང། འདི
་གསུམ་ཆུ་དང་བསྐོལ་བའི་ཁུ་བ་བླུད་དོ། །སློན་པར་བྱས་ན་ཕན་ནོ། །ཡང་ན་པོ་སོན་ཆ་དང། ཤིང་མངར་གྱི་ཕྱེ་མ་བུ་རམ་ཤིང་གི་ཁུ་བ་འམ། བི་ད་རིའི་ཁུ་བ་གང་ཡང་རུང་བའི་ནང་དུ་བཏབ་སྟེ་བླུད་ན་སྐྱུག་པར་འགྱུར་ཏེ། མཁྲིས་པ་དང་བད
་ཀན་ལས་གྱུར་པའི་ལུད་པ་སེལ་ཏེ། མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་ཤས་ཆུང་ན་ནི། ཤིང་ཉེ་རོང་གཅིག་པུ་རྒྱུ་མ་འབྲུམ་ལ་སོགས་པའི་མངར་བག་དང་སྦྱར་བའི་བཀྲུ་སྨན་བཏང་ངོ། །ཅི་སྟེ་བད་ཀན་གྱི་ཤས་ཆེ་ན་ནི་ཤིང
་ཉེ་ཡོད་སྨན་ཁ་བའི་བག་དང་སྦྱར་ལ་བཏང་ངོ། །དེ་ལྟར་སློན་ཁྲུས་ཀྱིས་ནད་དག་པར་བྱས་ནས། ཐུག་པའི་རིམ་པ་སྦྱར་བར་བྱ་སྟེ། དེ་ཡང་མཁྲིས་པ་ཤས་ཆེ་ཞིང་བད་ཀན་ཤས་ཆུང་བའི་ལུད་པའི་ནད་ལ་ནི་མངར་བག་དང་སྣུམ་བག་དང
་སྦྱར་བའི་ཐུག་པ་གྲང་མོ་བླུད་དོ། །བད་ཀན་ཤས་ཆེ་ཞིང་མཁྲིས་པ་ཤས་ཆུང་བའི་ལུད་པ་ལ་ནི་སྨན་ཁ་བ་དང། རྩུབ་པ་དང་སྦྱར་བའི་ཐུག་པ་གྲང་མོ་བླུད་དོ། །མཁྲིས་པ་ཉེ་ཚེ་ལས་གྱུར་པའི་ལུད་པ་ལ་ནི་སི་ད་ཞེས་བྱ་བའི་ཁར་དཀར་པོ
་དང། ཨུཏཔ་ལ་དང་འདི་རྣམས་སྦྲང་རྩི་དང་ལྡེ་གུར་བྱས་ནས་བྱིན་ན་ཞི་བར་འགྱུར་རོ། །བད་མཁྲིས་དང་བཅས་པའི་ལུད་པ་ལ་ནི་གོང་མའི་སྨན་གྱི་སྟེང་དུ་གླ་སྒང་ན་ལེ་ཤམ་གྱིས་བཏབ་སྟེ་སྦྱིན་ནོ། །མཁྲིས་པ་དང་རླུང་ལས་གྱུར་པའི་ལུད་པ་ལ
་ནི་གླ་སྒང་དང་ན་ལེ་ཤམ་མ་གཏོགས་པ་གོང་མའི་སྦྱོར་བ་སྨན་གྱི་སྟེང་དུ་མར་གྱིས་བཏབ་པའི་ལྡེ་གུ་ལྡག་དུ་བཅུག་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ལུད་པ་ལ་ནི་གླ་སྒང་དང་ན་ལ་ཤམ་མ་གཏོགས་པ་གོང་མའི་སྦྱོར་བའི་སྨན་གྱི
་སྟེང་དུ་མར་གྱིས་བཏབ་པའི་ལྡེ་གུ་ལྡོག་ཏུ་བཅུག་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ལུད་པ་ལ་ནི་རྒུན་འབྲུ་ལྔ་བཅུ་པ་དང། ཀ་ན་ལི་ཞེས་བྱ་བ་པི་པི་ལིང་སུམ་ཅུ་དང། ཤ་ཁ་ར་སྲང་གཅིག་དང། འདི
་གསུམ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་སྦྱིན་ནོ། །ཡང་ན་བེའུ་རྩཝ་མ་ཟོས་པའི་མཚན་བུའི་ཁུ་བ་བཙིར་བ་དང། སྦྲང་རྩིར་སྦྱར་བ་ཟོས་ན་མཁྲིས་པ་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་རྟག་ཞེས་བྱ་བའི་ཤིང་ཆ་དང། རྒུན་འབྲུ་དང། པི་པི
་ལིང་གི་རྩ་བ་དང། མ་ནུ་དང། འབྲས་ཡོས་དང། གླ་སྒང་དང། ཟུར་བ་དཀར་པོ་དང། ར་སྣ་དང། སྐྱུ་རུ་ར་དང། ཤ་ཁ་ར་འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་སྙིང་ནད་དང། ལུད་པའི་ནད་སེལ་ཏོ། །ཡང་ན་སྲོག
་ཆགས་ཐང་ལ་གནས་པའི་མངར་བའི་ཤ་དང། ཁྲེད་ནག་དགོད་ཀྱི་བཟའ་བ་དང། མོན་སྲན་རྡེའུ་ལ་སོགས་པའི་ཁུ་བ་དང། ཚོད་མ་ཁ་བར་སྦྱར་བཟོས་ན། མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་ཤས་ཆེ་བ་ལ་ནི་སྨན་ཁ་བ་དང་སྦྲང
་རྩི་སྦྱར་ལྡེ་གུ་སྦྱིན་ནོ། །བད་ཀན་གྱི་ཤས་ཆུང་བ་ལ་ནི་འབྲས་དྲུག་ཅུ་པའི་ཚན་འོ་མ་ལ་སོགས་པའི་ཁུ་བ་དང་ལྷན་ཅིག་སྦྱིན་ནོ། །བཏུང་བ་ནི་ཤ་ཁ་ར་དང་སྦྱར་བ་འམ། ཡང་ན་རྒུན་ཆཱུམ། བུ་རམ་ཤིང་གི་ཁུ་བ་འམ། འོ་མ་བསྐོལ
་ལ་བསྒྲང་བ་བླུད་པར་བྱའོ། །ཀ་ཀོ་ལི་ཞེས་བྱ་བ་རམ་ཉེའུ་པ་རྣམ་གཉིས་དང། མེ་ད་རྣམ་གཉིས་དང། པྲི་ཧ་ཏཱི་རྣམ་གཉིས་དང་བྲི་ཤ་ཞེས་བྱ་བ་རྣམ་གཉིས་དང། བ་ཤ་ཀ་དང། དོང་ཀྲ་དང། འདི་རྣམས་ཞིབ་ཏུ་བཏགས་ཏེ། ཤ་ཁཱུམ
་འོ་མ་འམ། ཐུག་པ་གང་ཡང་རུང་བ་འུ་ཤར་སྦྱར་ཏེ་བླུད་ན། མཁྲིས་པ་ལས་གྱུར་པའི་ལུད་པ་སེལ་ཏོ། །རྒུན་འབྲུ་དང། པི་པི་ལིང་དང་རྩའི་རྩ་བ་ལྔ་ཆུ་བསྐོལ་བའི་ཁུ་བ་དང། འོ་མ་དང་ཡང་བསྐོལ་ལ་ཚུ་ན་འོ་མ་ལུས་པ་དང།
་བསྒྲངས་པའི་སྟེང་དུ་སྦྲང་རྩི་དང་ཤ་ཁ་ར་བཏབ་པ་འཐུངས་ན། མཁྲིས་པ་ལས་གྱུར་པའི་ལུད་པ་ཞི་བར་བྱེད་དོ། །ཡང་ན་གོང་མའི་སྨན་ཁུ་བ་ལས་གཞི་བླངས་པའི་ཐུག་པ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་པ་འམ། ཡང་ན་ཟུར་པ་འམ། ཧྲི
་བོར་ཞེས་བྱ་བ་ཨུདྡི་ཅ་དང། བྲི་ཧ་ཏཱི་དང། རྩའི་རྩ་བ་ལྔ་ཆུ་དང་བསྐོལ་བའི་ཁུ་བ་དང། འོ་མ་དང་ཡང་བསྐོལ་ལ་ཆུ་ནི་དུ་འོ་མ་ལུས་པ་དང། བསྒྲངས་པའི་སྟེང་དུ་སྦྲང་རྩི་དང་ཤ་ཁ་ར་བཏབ་པ་འཐུངས་ན་མཁྲིས་པ་ལས་གྱུར་པའི་ལུད་པ་ཞི་བར
་བྱེད་དོ། །ཡང་ན་གོང་མའི་སྨན་ཁུ་ལས་གཞི་བླངས་པའི་ཐུག་པ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་པ་འམ། ཡང་ན་ཟུར་བ་འམ། ཧྲི་བ་ར་ཞེས་བྱ་བ་ཨུ་ཏི་ཙ་དང། པྲི་ཧྭ་ཏཱི་དང། ཤ་ཁ་ར་དང། བི་ཤ་བེ་ཤ་རྩ་ཞེས་བྱ་བ་བཅའ་སྒ་དང། འདི
་རྣམས་ཆུངས་སུ་བྱས་ཏེ། རས་ལས་བཙགས་ལ་ཚིགས་མ་བོར་བའི་ཁུ་བའི་ནང་དུ་མར་གྱིས་བསྲེས་ཏེ་འཐུངས་ན། མཁྲིས་པ་ལས་གྱུར་པའི་ལུད་པའི་ནད་ཞི་བར་བྱེད་དོ། །ཤ་ཁ་ར་དང། ཛི་བ་ཀ་ར་དང། མུཏཀ་ར་དང། མ་ཤ་པརྞི་དང། དུརྦ་ལ་ཞེས
་བྱ་བ་བྱི་ཙེར་བ་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་ཆུ་དང་ལྷན་ཅིག་བསྐོལ་ཏེ། མར་ཉི་ཚེ་ལུས་པ་དང། དེ་ལས་བཏུང་བ་དང། བཟའ་བ་དང་བསྐུ་བ་ལ་སོགས་པ་བྱས་ན་མཁྲིས་པ་ལས་གྱུར་པའི་ལུད་པ་ལས
་རྒྱལ་ལོ། །ཡང་ན་སྨན་གོང་མ་དེ་རྣམས་ཀྱིས་ཕྱི་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་བསྐོལ་བའི་ཁུ་བ་བསྒྲངས་པ་འཐུངས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་ལུད་པའི་ནད་ལ་ཐོག་མར་ལྷ་ཤིག་ཞེས་བྱ་བ་ཐང་ཤིང་དང་མར་བསྐོལ་ལ་མར
་ལུས་པའི་ནང་དུ། ཚ་བ་གསུམ་དང། ནས་ཚིག་འཁུས་པའི་ཐལ་བའི་ཕྱེ་མ་བཏབ་པའི་མར་གྱི་སྣུམ་གྱི་ཆོ་ག་བྱ་སྟེ། དེའི་འོག་ཏུ་སྐྱུགས་སྨན་དང། བཀྲུ་སྨན་དང། སྣ་སྨན་ལ་སོགས་པ་གོང་མའི་མར་ལས་གཞི་བླངས་ཏེ། ཉམས་དང་སྦྱར་བ་ཅི་རིགས
་པར་བཏང་ངོ། །ནད་པ་ཉམས་སྟོབས་ཆུང་བ་ལ་ནི་སློན་ཁྲུས་དང། སྣ་སྨན་དྲག་པོ་མི་བཏང་ངོ། །དེ་ལྟར་སློན་ཁྲུས་བྱས་པའི་རྗེས་ལ། ནས་དང། མོན་སྲན་རྡེའུ་དང། རྒྱ་སྲན་ལ་སོགས་པ་རྩུབ་པ་དང། ན་ལེ་ཤམ་ལ
་སོགས་པ་ཚ་བའི་སྨན་སྦྱར་བའི་ཐུག་པ་དྲོན་པོ་བླུད་དོ། །ཀ་ས་མར་དང། བྲཧ་ག་ཞེས་བྱ་བ་དང། བྱ་གྲི་ཞེས་བྱ་བ་ཀཎྚ་ཀཱ་རི་དང། དེ་རྣམས་ཀྱི་ཚོད་མ་ཡ་བཀྵ་ར་དང། པི་པི་ལིང་དང་ལྡན་པར་བྱས་ལ་སྦྱིན་ནོ། །སྲོག་ཆགས་ཐང་ལ་གནས
་པ་དང། ཁུང་ན་གནས་པའི་ཤ་ཁུ་ཏིལ་དང། ཡུངས་ཀར་དང། བིལྦ་དང། དེ་རྣམས་གང་ཡང་རུང་བ་མར་དང་སྦྱར་བའི་ཁུ་བ་སྦྱིན་ནོ། །སྐེམ་དུ་ནི་རྩ་བ་བཅུ་པ་བསྐོལ་བའི་ཆུ་འམ། ཆུ་བསྐོལ་བ་འམ། ཡང་ན་རྟག་ཏུ་ཆང་འཐུང་བ་ཡིན་ན
་ཡང་ཆང་ངམ། སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་མ་ནུའི་རྩ་བ་དང། དོང་ཀའི་རྩ་བ་དང། པ་ཏོ་ལའི་རྩ་བ་དང། དེ་རྣམས་ཆམ་ཆོམ་བརྡུངས་ལ་ཆུ་དང་ནུབ་གཅིག་སྤྲངས་ཏེ། དེའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འཚལ་ནན་དུ་བླུད་ན་བད
་ཀན་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། སྲི་ཁ་བེ་ར་ཞེས་བྱ་བ་བཅའ་སྒ་དང། བ་རུ་ར་འདི་རྣམས་སྦྲང་རྩི་དང། ལྡེ་གུར་བྱས་པ་བྱིན་ན་བད་ཀན་གྱི་ལུད་པ་འཕྲོག་གོ་།ཡང་ན་རྨ་བྱ་དང།
་ཁྱིམ་བྱའི་སྒྲོ་ཞིག་ཁ་བག་ཅན་གྱི་ནང་དུ་བཅུག་སྟེ་བསྲེས་ལ། སྣག་ཚ་བཞིན་དུ་དག་པོར་སོང་བ་དང། ནང་ཚིག་འཁུས་པའི་ཐལ་བ་དང་བསྲེས་ལ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན། བད་ཀན་ལས་གྱུར་པའི་ལུས་པ་ཞི་བར
་བྱེད་དོ། །ཡང་ན་བི་ཤ་ལ་ཞེས་བྱ་བ་ཤིང་ཉེ་རོང་དང། ཨིནད་བ་རུ་ནི་དང། པི་པི་ལིང་དང། གླ་སྒང་དང། དྲི་བི་རྩ་ཞེས་བྱ་བ་ཤིང་ཉེ་རོང་དང། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བླུད་པ་འམ། ཡང་ན་ན་ལེ་ཤམ་དང། སྦྲང་རྩི་སྦྱར་བའི
་ལྡེ་གུ་འམ། ཡང་ན་ཛོང་ག་ཀ་ཞེས་བྱ་བ་ཨ་ཀ་རུ་དང། སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ཀཎྜ་ཀཱ་རི་དང། སྦྲང་རྩི་སྦྱར་བ་འམ། ཡང་ན་པརྤ་ཏ་དང། སྦྲང་རྩི་སྦྱར་བ་འམ། ཡང་ན་པྲི་ཀ་ར་ཛ་དང། སྦྲང་རྩི་སྦྱར་བ་འམ། ཡང་ན་ཀ་ས་ག་ན་དང།
་སྦྲང་རྩིར་སྦྱར་བ་འམ། ཡང་ན་སྟག་པོའི་རྟུག་པ་བཙིར་བའི་ཁུ་བ་དང་སྦྲང་རྩི་སྦྱར་བ་འམ། སྦྱོར་བ་འདི་རྣམས་གང་ཡང་རུང་བ་ཟོས་ན། བད་ཀན་ལས་གྱུར་པའི་ལུད་པ་ཞི་བར་བྱེད་དོ། །ཐང་ཤིང་དང། གྲུར་པ་དང། །རྟ་ཀ་ཤྲི་གི་དང། བྱི་ཚེར
་བ་དང། འདི་རྣམས་ཏིལ་མར་དང་སྦྲང་རྩི་དང་སྦྱར་བ་ཟོས་ན། བད་ཀན་དང་རླུང་ལས་གྱུར་པའི་ལུད་པ་ཞི་བར་བྱེད་དོ། །ཡང་ན་པི་པི་ལིང་དང། དོང་གྲ་དང། གླ་སྒང་དང། ཨ་རུ་ར་དང། སྐྱུ་རུ་ར་དང། ཁ་ར་དཀར་པོ་དང། འདི་རྣམས་སྦྲང
་རྩི་དང། ཏིལ་མར་དང། སྦྱར་བ་དང། ཡང་ན་འབྲས་ཡོས་དང། ཁ་ར་དཀར་པོ་དང། སྐྱུ་རུ་རའི་ཤིང་གི་མྱུ་གུ་དང། འདི་རྣམས་མར་དང་སྦྲང་རྩི་དང་སྦྱར་བའི་སྦྱོར་བ་གསུམ་པོ་དེ་དག་གང་ཡང་རུང་བ་ཟོས་ན། རླུང་དང་བད་ཀན་ལས
་གྱུར་པའི་ལུང་པ་སེལ་ཏོ། །ཡང་ན་སེའུ་འབྲུ་སྲང་གཉིས་དང། བུ་རམ་སྲང་བརྒྱད་དང། ཚ་བ་གསུམ་སྲང་རེ་རེ་དང། འདི་རྣམས་ཀྱི་ཕྱེ་མ་ཟོས་ན་ཡང་ཡི་ག་འབྱེ་ཞིང་མེའི་དྲོད་སྐྱེད་པ་དང། སྐད་སྙན་པར་འགྱུར་བ་དང། ཆམ་པ
་དང། དབུགས་མི་བདེ་བ་དང། ལུང་པ་ལས་རྒྱལ་བར་འགྱུར་རོ། །ཡང་ན་བུ་རམ་སྲང་གཉིས་དང། ནས་ཚིག་འཁུས་པའི་ཐལ་བ་ཞོ་གཅིག་དང། པི་པི་ལིང་དང་ན་ལེ་ཤམ་ཞོ་གཉིས་དང། སེའུ་འབྲུ་སྲང་ཕྱེད་དང། འདི་རྣམས་ཀྱི་ཕྱེ
་མ་ཟོས་ན། ལུད་པ་དང། དབུགས་མི་བདེ་བ་སེལ་ཏོ། ཡང་ན་སེམས་ནད་གསོ་བའི་སྐབས་སུ། ཨ་རུར་ལ་སོགས་པའི་སྦྱར་སྨན་བསྟན་པའི་ནང་དུ་ཀརྐ་ཏ་ཤྲིམ་གི་བསྟན་ལ་བསྐོལ་བའི་ཁུ་བ་བླུད་ན་ལུད་པ་ལ་རབ་ཏུ་ཕན་ནོ། །ཡང་ན་དྷི་སྱ
་ཞེས་བྱ་བ་ལ་ལ་བུད་དང། དུར་བྱེད་དང། བི་ཤ་ལ་དང། གླ་སྒང་དང། པུཥྐ་ར་མཱུ་ལ་དང། ངོ་པི་ལིང་དང། འདི་རྣམས་བ་གཅིན་རྣམ་ཚབ་གང་ཡང་རུང་བ་དང་བསྐོལ་བའི་ཁུ་བ་འཐུངས་ན་བད་ཀན་ལས་གྱུར་པའི
་ལུད་པ་ཞི་བར་འགྱུར་རོ། །ཡང་ན་པི་པི་ལིང་ཞོ་གཉིས་དང། ཁ་ར་དཀར་པོ་ཞོ་གཉིས་ཀྱི་ཕྱེ་མ་དང། ཏིལ་མར་ཞོ་བཞི་དང། བསྐོལ་བས་རི་ལུར་བྱས་ལ། རྒྱ་སྲན་བསྐོལ་བའི་ཁུ་བའི་ནང་དུ་མཉེས་ཏེ་འཐུངས་ན་བད་ཀན་ལས་གྱུར
་བའི་ལུད་པ་འཇོམས་སོ། །ཡང་ན་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང། པུཥྐ་ར་མཱུ་ལ་དང། ཟུར་པ་དང། བིལྦ་དང། བྱིའུ་རུག་པ་དང། ཚ་བ་གསུམ་དང། ཤིང་ཀུན
་དང། འདི་རྣམས་ཞོ་གཉིས་གཉིས་དང་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང། ཐོག་མར་ཐུག་པ་བླུད་ལ་དེ་ལས་རན་པར་འཐུངས་ན། རླུང་དང་བད་ཀན་གྱི་ནད་ཐམས་ཅད་འཇོམས་སོ། །ཡང་ན་ནི་དགུ་ན་ཐིག་ལེ་ཞེས་བྱ་བ་ཤེས
་པ་ལིའི་ལོ་མ་བསྐོལ་བའི་ཁུ་བའི་བཞི་འགྱུར་གྱི་མར་དང་བསྐོལ་ཏེ་མར་ལུས་པ་འཐུངས་ན་ལུང་པ་འཇོམས་སོ། །ཡང་ན་བྱི་ཐང་ཀ་བསྐོལ་བའི་ཁུ་བའི་ནང་དུ་མར་དང་ཚ་བ་གསུམ་བསྐོལ་བའི་ཁུ་བ་འཐུངས་ན། ལུད་པ
་བཞི་བར་བྱེད་དོ། །ཡང་ན་བ་སྒྲུ་བ་མེ་ཏོག་དམར་པོ་ཅན་དང་བྱིའུ་རུག་པ་དང། ཀ་ས་མརྡ་དང། ཨ་རུ་ར་དང། པ་ཏོ་ལ་དང། བྲི་ཧ་ཏི་དང། ཕ་ནི་ཛ་ཀ་དང། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་མར་དང། འོ་མ་དང། ཚ་བ
་གསུམ་དང། ཡང་ལེགས་པར་བསྐོལ་ནས་མར་ལུས་པ་དང། དེ་ལས་རན་པར་འཐུངས་ན་ལུས་པ་ལུ་པ་དང། རིམས་མི་ཟད་པ་དང། ཟད་བྱེད་ཀྱི་ནང་དང། གཞང་འབྲུམ་ལ་སོགས་པ་ལས་ཐར་བར་བྱེད་དོ། །ཡང་ན་ཀཎྚ་ཀཱ་རིའི
་རྩ་བ་དང། འོ་མ་དང་བཅས་པ་ཆུ་དང་ཚུལ་བཞིན་དུ་བསྐོལ་བའི་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང། སྨན་པ་ལ་དང། ཚ་བ་གསུམ་དང། བི་དང་ཀ་དང། བྲུར་བ་དང། བལ་པོ་སེའུ་དང། སེའུ་རྩ་བ་ཞེས
་བྱ་བ་ཁ་རུ་ཚ་དང། ཡ་བཀྵ་ར་ཞེས་བྱ་བ་ནས་ཚིག་འཁུས་པའི་ཐལ་བ་དང། མ་ནུའི་རྩ་བ་དང། བྲི་ཀྵི་བ་ཞེས་བྱ་བ་ལ་སྤྲུ་བ་དང། པྲི་ཧ་སྟི་རང། ཨ་རུ་ར་དང། ལ་ལ་ཕུད་དང། ཀྲུ་ཏྲུག་ཏྲེས་དང། རྒུན་འབྲུམ་དང། དབྱི་མོ་དང། པུ་ན་རྣ་བ་མེ་ཏོ།
་དམར་པོ་ཅན་དང། བྱི་ཚེར་བ་དང། ཨ་མ་ལ་པོ་ཏ་ས་ཞེས་བྱ་བ་སྟར་བུ་དང། ཀརྐ་ཏ་ཤྲིཾ་གི་ནི་དང། ཏ་མ་ལ་ཀི་དང། བྷར་གི་ཞེས་བྱ་བ་ག་བྲའི་རྩ་བ་དང། ར་སྣ་དང། གཟི་མ་དང། འདི་རྣམས་ཆམ་ཆོམ་བརྡུངས་པ་དང། འདི་རྣམས
་ལྷན་ཅིག་བསྐོལ་ཏེ། མར་ལུས་པའི་མིང་ནི་ཀཎྜ་ཀཱ་རིའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། ལུད་པའི་ནད་རྣམ་པ་ལྔ་དང། དབུགས་མི་བདེ་བའི་ནང་རྣམ་པ་ལྔ་དང། སྐྱིགས་བུའི་ནད་རྣམ་པ་ལྔ་པོ་རྣམས་ལ་རབ་ཏུ
་བསྔགས་ཏེ། བད་ཀན་འཇོམས་པར་བྱེད་པ་ཡང་ཡིན་ནོ། །ཡང་ན་ཀཎྚ་ཀཱ་རི་སྲིད་བརྒྱད་བཏགས་པའི་ཕྱེ་མ་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང་བསྐོལ་ཏེ། སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་མར་སྲང་བཅུ་དྲུག་དང། ཁ
་ར་དཀར་པོ་སྲང་བཞི་བཅུ་དང། ཚ་བ་གསུམ་དང། ར་སྣ་དང། སླེ་ཏྲེས་དང། ཀྲུ་ཏྲུག་ཏྲེས་དང། ཀརྐ་ཏ་ཤྲི་གི་དང། ག་བྲའི་རྩ་བ་དང། གླ་སྒང་དང་པི་པི་ལིང་མཱུ་ལ་དང། ད་ནཝ་ཡ་ཞེས་བྱ་བ་བྱི་ཚེར་བ་དང། འདི་རྣམས་སྲང་ཕྱེད་ཕྱེད་ཞིབ་ཏུ
་བཏགས་པ་བླུགས་ལ་ལྷན་ཅིག་བསྐོལ་ཏེ། ཁུ་བ་དུ་ཞིང་མར་ལུས་ཏེ། དྲིལ་དུ་བཏུབ་པ་དང། ཕྱིར་ཕྱུང་སྟེ་སྣོད་ཀྱི་ནང་དུ་བསྒྲངས་པ་དང། པི་པི་ལིང་སྲང་བརྒྱད་དང། སྨྱུག་རྐང་སྲང་བརྒྱད་དང། སྦྲང་རྩི་རྙིང་པ་སྲང་བཅུ་དྲུག་དང། འདི
་རྣམས་མཉེས་ཏེ་ལྡེ་གུར་བྱས་ནས། རན་པར་ཟོས་ན། སྐྲན་དང། སྙིང་ནད་དང། སྐྲངས་པ་དང། གཞང་འབྲུམ་དང། དབུགས་མི་བདེ་བ་དང། ལུད་པ་ཐམས་ཅད་ངེས་པར་རྒྱལ་བར་འགྱུར་རོ། །བད་ཀན་ལས་གྱུར
་པའི་ལུད་པ་རྟག་ཏུ་འབྱུང་བ་ལ་ནི། དུད་པ་ཁ་ནས་རྡུབ་པའི་ཆོ་ག་བྱ་བ་དང། ཡང་ན་བཀྲུ་སྨན་བཏང་ན་ཞི་བར་འགྱུར་རོ། །ཡང་ན་ལྡོང་རོས་དང། བ་བླ་དང། ཤིང་མངར་དང། གནད་མནསི་ཞེས་བྱ་བ་སྤང་སྤོས་དང། གླ་སྒང་དང།
་ཤིང་ཨིངྒུ་དའི་ཤུན་ལྤགས་དང། འདི་རྣམས་དང་དུད་པ་རྡུབ་པའི་ཆོ་ག་མདོའི་གནས་སུ་བསྟན་པ་བཞིན་དུ་ཇི་སྲིད་ལུད་པ་སོ་སོ་ཀྱི་བར་དུ་བྱའོ། །དེའི་འོག་ཏུ་བུ་རམ་དང། འོ་མ་དྲོ་འཇམ་ཙམ་དུ་སྦྱར་བ་སྐོམ་དུ་བླུད་ན་ལུད
་པ་རྩ་བ་ནས་འཇོམས་སོ། །རླུང་དང་བད་ཀན་ལས་གྱུར་པའི་ལུད་པ་ནི་སྨན་ཁོང་པའི་དུད་པ་རྡུབ་པ་བྱས་ན། རྒྱུན་གྱི་ལུད་པ་དང་འཕྲལ་གྱི་ལུད་པ་འཇོམས་སོ། །བད་ཀན་གྱི་ལུད་པ་བར་བར་དུ་མུན་པ་བཞིན་སྣང
་ན་ནི་མཁྲིས་པ་དང་འབྲེལ་པ་ཡིན་པས། དེ་ལ་ནི་མཁྲིས་པ་དང། བད་ཀན་གསོ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །བད་ཀན་དང་རླུང་འདྲེས་པའི་ལུད་པའི་ནང་ལ་ནི་དང་པོ་བད་ཀན་འབའ་ཞིག་གི་གསོ་བའི་དཔྱད་གོང་དུ་བསྟན
་པ་བཞིན་དུ་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་འདུས་པའི་ལུད་པ་ནི་ཐོག་མར་མཁྲིས་པ་གསོ་བར་བྱའོ། །རླུང་དང་བད་ཀན་གྱི་ལུད་པ་སྐམ་པོ་འབྱུང་སྟེ། རླུང་ཤས་ཆེ་བ་ལ་ནི་སྣུམ་གྱི་ཆོ་ག་བྱའོ། །དེ་ཉིད་ཕྱིས
་སླ་བར་འབྱུང་སྟེ། བད་ཀན་གྱི་ཤས་ཆེ་བ་ལ་ནི་རྩུབ་པའི་ཆོ་ག་བྱའོ། །མཁྲིས་པའི་ཤས་ཆེན་ནི་ཁ་བའི་བག་བསྟེན་པར་བྱའོ། །གློ་འགྲམས་ཏེ་ཁྲག་དང་བཅས་པའི་ལུད་པ་འབྱུང་བ་ལ་ནི་དེ་མ་ཐག་རྒྱ་སྐྱེགས་དང་སྦྲང་རྩི་དང་འོ་མ
་དང་འདི་གསུམ་སྦྱར་བ་བླུད་དོ། །དེ་ཞུ་བའི་ཚོད་ཙམ་ན་འབྲས་ཆེན་འོ་མ་དང་ཤ་ཁ་ར་དང་བཅས་པ་སྦྱིན་ནོ། །ལུད་པ་ལུ་བའི་ཚེ་རྩིབ་ལོགས་གཉིས་དང། ཆུ་སོར་ཟུག་གཟེར་བྱེད་ཅིང་མཁྲིས་པའི་མེ་དྲོད་ཆུང་བ་ལ་ནི་རྒྱ་སྐྱེགས་ཚང་དང་སྦྱར
་བ་བླུད་དོ། །ལུད་པ་ལུ་ཞིང་ཕྱིས་སླ་བར་འབྱུང་བ་ལ་ནི་མེ་དྲོད་ཉམས་ཆུང་ན་དེ་ལ་ནི་རྒྱ་སྐྱེགས་དང། གླ་སྒང་དང། བོ་ད་དཀར་པོ་དང། པ་ཅ་དང། དུག་མོ་ཉུང་གི་ཤིང་ཤུན་དང། འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དང་སྦྱར་བ་བླུད་དོ། །ལུད་པ
་ལུ་ཞིང་མེ་དྲོད་ཚབས་ཆེར་སྐྱེས་པ་ལ་ནི་རྒྱ་སྐྱེགས་དང། མར་དང་སྤྲ་ཚིལ་དང། སྨན་འཚོ་བྱེད་ཀྱི་སྡེ་ཚན་དང། མིག་རྐང་དང་འདི་རྣམས་ཆ་བསྙམས་ཏེ་འོ་མ་བསྐོལ་བ་བླུད་ན་ཕན་ནོ། །གློ་འགྲམས་ཏེ་ཁྲག་མཆོད་པ་ལ་ནི། ཨ་ཏིའི་ཀ་དང།
་པདྨའི་རྩ་བའི་ཚིགས་དང། པདྨ་གེ་སར་དང། ཙན་དན་དཀར་པོ་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། འོ་མ་དང་བསྐོལ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་འཐུངས་ན་ཁྲག་ཆོད་པར་བྱེད་དོ། །ཡང་ན་ནས་རྫིན་བཏགས་པའི་འོ་མ་དང
་བསྐོལ་བའི་ཐུག་པ་མར་དང་སྦྱར་བ་འམ། ཡང་ན་ཁ་ར་དཀར་པོའི་ཕྱེ་མ་དང། འོ་མ་སྦྲང་རྩི་དང་སྦྱར་བའི་ཐུག་པ་བླུད་ན། གློ་འགྲམས་པའི་ནད་དང་རིམས་སེལ་ཏོ། །ཟད་བྱེད་ཀྱི་ལུད་པ་ལ་ནི་མངར་བའི་སྨན་རྒུན་འབྲུ་དང། ཤིང་མངར
་ལ་སོགས་པ་སྦྱར་བའི་མར་བྱིན་ན་ཕན་ནོ། །ཡང་ན་བུ་རམ་ཆུ་བསྐོལ་བ་དང་བསྒྲངས་པའི་ནང་དུ་ན་ལེ་ཤམ་དང་སྦྲང་རྩི་བཏབ་པ་བླུད་པ་འམ། ཡང་ན་སྐྱུ་རུ་རའི་ཕྱེ་མ་དང་འོ་མ་དང་བསྐོལ་བ་མར་དང་ལྡན་པར་བླུད་པ་འམ། ཡང་ན་བཅུད
་ཀྱིས་ལེན་གྱི་སྐབས་སུ་པི་པི་ལིང་གི་ཆོ་ག་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །ལུད་པ་ལུ་བ་དང། ཚིགས་དང་རུས་པར་ཟུག་ཅིང་ན་བ་ལ་ནི་སྦྲང་རྩི་དང། ཤིང་མངར་དང། ཤིང་ཏོག་མ་དུ་ཀ་དང། རྒུན་འབྲུ་དང། ཏུ་ཀ་ཤྐརི་ར་ཞེས་བྱ་བའི་སྨྱིག
་རྐང་དང། བ་ལ་དང། པི་པི་ལིང་འདི་རྣམས་མར་དང་སྦྱར་བ་སྦྱིན་ན་ཕན་ནོ། །ཡང་ན་ཏྲི་ཛ་ཏྲ་ཞེས་བྱ་བ་དྲི་སྣ་གསུམ་ཞོ་རེ་རེ་དང། པི་པི་ལིང་སྲད་ཕྱེད་དང། ཁ་ར་དཀར་པོ་དང། ཤིང་ཏོག་མ་དུ་ཀ་དང། ཁརྫུ་ར་ཞེས་བྱ་བ་བྲ་གོ
་དང་འདི་རྣམས་ཞོ་རེ་རེ་ཞིབ་ཏུ་བཏགས་ལ་སྦྲང་རྩི་དང་རི་ལུར་བྱས་པ་ནི་སུག་སྨེལ་གྱི་རི་ལུ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་རོ་རྩ་བར་བྱེད་དེ། ཁྲག་དང་མཁྲིས་པ་དང། ལུད་པ་དང། དབུགས་མི་བདེ་བ་དང། ཡི་ག་འཆུས་པ་དང
་སྐྱུག་པ་དང། བརྒྱལ་བ་དང། སྐྱུགས་བུ་དང། རྨོངས་པ་དོང་མགོ་འཁོར་བ་དང། གློ་གཅོང་ཟད་བྱེད་ཀྱི་ནད་དང། གློ་འགྲམས་པའི་ནད་དང། སྐད་ཉམས་པ་དང། མཆིན་པ་ན་བ་དང། སྐེམ་བྱེད་དང། དྲེག་དང། ལུད་པ་ཁྲག་དུ་འབྱུང་བ་དང།
་སྙིང་དང། རྩིབ་ལོགས་ན་བ་དང། སྐོམ་དད་ཆེ་བ་དང། རིམས་སྣ་ཚོགས་ལ་ཡང་ཕན་ནོ། །ལུད་པ་ཁྲག་དུ་འབྱུང་བ་ལ་ནི་བ་སྤྲུ་བ་མེ་ཏོག་དམར་པོ་ཅན་དང། ཤ་ཁ་ར་དང། འབྲས་ཐུག་པོ་ཆེ་དང་སཱ་ལུ་དམར་པོའི་ཕྱེ་མ་རྒུན་ཆུ་དང། འོ་མ
་དང་ཆུ་བཞིན་དུ་བསྐོལ་བའི་ནང་དུ་མར་བཏབ་པ་བླུད་དོ། །ཡང་ན་ཤིང་མངར་དང། ཤིང་ཏོག་མ་དུ་ཀ་དང། འབྲས་ཐུག་པོ་ཆེ་དང། འོ་མར་སྦྱར་བའི་ཐུག་པ་བླུད་ན་ཕན་ནོ། །གློ་འགྲམས་ཏེ་ཁ་དང་སྣ་ལ་སོགས་པ་ལས་ཁྲག་མང་པོ་ལུད་པ་ལ
་ནི་ཁྲག་དང་མཁྲིས་པའི་གསོ་ཐབས་ཐམས་ཅད་བྱའོ། །བློ་འགྲམས་པའི་ལུད་པ་རླུང་གསིལ་ལམ་གཞན་དུ་སོང་སྟེ། ལུད་པ་མ་ཐོན་ཞིང་འགགས་པ་ལ་ནི། རའི་ཚིལ་རན་པར་བཞུས་ལ་ཆང་གིས་ནང་དུ་རྒྱ་ཚར་ལྡན་པར་བྱ་སྟེ་བླུད་ན་ཕན
་ནོ། །གློ་འགྲམས་པ་དང། ཉམས་སྟོབས་ཆུང་བ་དང། གློ་གཅོང་ཟད་བྱེད་དང། གཉིད་མི་འོང་བ་དང། མེ་དྲོད་རྣོ་ཆེས་པ་ལ་ནི་འོ་མ་བསྐོལ་ཏེ། སྤྲིས་པ་སྐ་བར་གྱུར་པའི་ནང་དུ་ཤ་ཁ་ར་དང་སྦྲང་རྩི་དང། མར་དང་སྦྱར་བའི་བཟའ་བ་སྦྱིན་ནོ།།
་ཡང་ན་ཤ་ཁ་ར་དང། ནས་དང། གྲོ་དང་ཛི་བ་ཀ་དང། ཟངས་རྩི་བ་དང། འདི་རྣམས་ཀྱི་ཕྱི་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ་འོ་མ་སྦྱར་བའི་བཏུང་བ་སྦྱིན་ནོ། །ཁྲག་དང་ཤ་ཟད་པའི་ནད་ལ་ནི་སྲོག་ཆགས་ཤ་ཟའི་ཤ་བསྐོལ་བའི་ཁུ་བའི་ནང་དུ་མར་ཁུ
་དང། སྦྲང་རྩི་དང་པི་པི་ལིང་སྦྱར་བ་ཟོས་ན་ཤ་ཁྲག་སྐྱེ་བར་བྱེད་དོ། །གློ་འགྲམས་པ་དང། གློ་གཅོད་ཟད་བྱེད་དང། ས་བོན་དང། དབང་པོ་རྣམས་ཉམས་པ་ལ་ནི་ནྱ་གྲོ་དྷ་དང། ཨུ་དུམྦ་ར་དང། ཤིང་ཨ་ཤྭཏྠ་དང། པལཀྵ་དང། ཤ་ས་ལ་དང། གནདྷ
་པྲི་ཡངཀུ་དང། ཤིང་ཏ་ལའི་རྩེ་མོ་དང། ཤིང་འཛམྦུའི་ཤུན་པ་དང། ཤིང་པི་ཡ་ལི་དང། ཤུག་པ་དང། ཤིང་ཨ་ཤྭ་ཀརྞ་དང། འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བའི་ཁུ་བ་དང། མར་དང་འབྲས་ཆན་དང་བཅས་པ་ཟོས་ན་ཕན་ནོ། །རླུང
་དང་མཁྲིས་པ་ལས་གྱུར་པའི་གློ་འགྲམས་པའི་ནད་བཙུགས་པ་ལྟར་ན་བ་ལ་ནི་ལུས་ལ་མར་གྱིས་བསྐུ་བྱུག་བྱའོ། །རླུང་ལས་གྱུར་པའི་གློ་འགྲམས་ཤིང་བཙུགས་པ་སྙམ་བྱེད་པའི་ནད་ལ་ནི། རླུང་འཇོམས་པའི་སྨན་སྣ་ཚོགས་དང།
་ཏིལ་མར་དུ་སྦྱར་བས་བསྐུ་བྱུག་བྱའོ། །སྙིང་དང་རྩིབ་ལོགས་སུ་ཟུག་པའི་ནད་ལ་ནི་སྨན་འཚེ་བྱེད་སྣ་བཅུ་བསྐོལ་བའི་ཁུ་བ་མར་དང། ཡང་བསྐོལ་ལ་མར་འབའ་ཞིག་ལུད་པ་བླུད་དོ། །ཡང་ན་སྙིང་དང་རྩིབ་ལོགས་སུ་ཟུག་པ་ན་རླུང་དང་མཁྲིས
་པ་དང་ཁྲག་གང་ལས་གྱུར་པ་ལེགས་པར་བརྟགས་ཏེ། སོ་སོ་དང་མཐུན་པའི་སྨན་བཏང་བར་བྱའོ། །ཤིང་མངར་དང། ན་ག་བ་ལ་དང། འདི་གཉིས་བསྐོལ་བའི་ཁུ་བའི་བཞི་ཆ་ལུས་པའི་ནང་དུ་སྨན་ཁུའི་ཕྱེད་ཀྱི་མར་དང་དེ་དང་མཉམ
་པའི་འོ་མ་བཏབ་པ་དང་བ་ཡསསྱ་དང། པི་པི་ལིང་སྨིག་རྐང་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། ལྷན་ཅིག་བསྐོལ་ལ་མར་འབའ་ཞིག་ལུས་པ་དང། དེ་ལས་རན་པར་འཐུངས་ན་གློ་འགྲམས་པའི་ནད་ཞི་བར་བྱེད་དོ། །སྨན་ཛི་བནྟིའི་སྡེ་ཚན
་བཅའ་སྒ་དང། ཉའུ་ཤིང་དང། བ་རི་ཞེས་བྱ་བ་འམ་ཉེ་བ་དང། བ་སྤྲུ་བ་རྣམ་གཉིས་དང། ག་བྲའི་རྩེ་བ་དང། རི་དི་དང། ཁ་སྲེལ་པྲེའུ་དང། ཟུར་པ་དང། ཏ་མ་ལི་ཀ་དང། ཤྲིཾ་ག་ཏྲ་ཀ་དང། པ་ཡསསྱ་དང། རྩ་བ
་ཆུང་ངུ་ལྔ་དང། རྒུན་འབྲུ་དང་ཨ་ཤོད་ཞེས་བྱ་བ་སྟར་ཀ་ལ་སོགས་པའི་འབྲས་བུ་མངར་ཞིང་སྣུམ་པ་དང། ཉམས་སྟོབས་སྐྱེད་པའི་སྨན་དེ་རྣམས་ཞོ་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་དང
་?་བཙིར་བའི་ཁུ་བ་དང་ཁིང?་རི་བཙིར་བའི་ཁུ་བ་དཔར་ཤ་དང་འདི་བཞི་སྲང་སུམ་ཅུ་རྩ་གཉིས་གཉིས་དང་ཆུ་སྲང་བརྒྱ་དྲུག་ཅུ་དང། འདི་རྣམས་ཚུལ་བཞིན་དུ་བསྐོལ་ཏེ། མར་འབའ་ཞིག་ལུས་པ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བཅུ་དྲུག་དང།
་ཤ། བ་ར་སྲང་བཅུ་དྲུག་གི་ཕྱེ་མ་དང། ན་ལེ་ཤམ་དང། སུག་སྨེལ་དང། ཤིང་ཚ་དང། གནད་བ་ཏྲ་དང། ནཱ་ག་གེ་སར་དང། འདི་ལྔ་སྲོང་ཕྱེད་ཕྱེད་ཀྱི་ཕྱེ་མ་དང། འདི་རྣམས་ལྡེ་གུར་བྱས་ཏེ། དེ་ལས་འཇུ་སྟོབས་ཆེ་ཆུང་དང་སྦྱར་ཏེ
་བསྟེན་ན་ཇི་ལྟར་ལྷ་རྣམས་དང། ཀླུའི་མཆོག་རྣམས་ལ་བདུད་རྩི་བསྟེན་ན་མི་འཆི་བ་བཞིན་དུ་སྨན་མར་འདི་ཡིད་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་མི་རྣམས་ལ་བདུད་རྩི་དང་འདྲ་བར་བཤད་དེ། དེ་ལས་ཅི་རན་པར
་འཐུངས་ན། ས་བོན་ཉམས་དང། གློ་གཅོང་དང། གློ་འགྲམས་པ་དང། ནད་མ་རུངས་པ་རྣམས་ཀྱིས་ལུས་ཉམས་ཆུང་བ་དང། ཉལ་པོ་མི་ནུས་པ་དང། མདོག་དང་སྐད་ཉམས་པ་འཕེལ་བ་དང། ལུད་པ་དང། སྐྱིགས་བུ་དང།
་རིམས་དང་དབུགས་མི་བདེ་བ་དང། ལུས་ཚ་བ་དང། སྐོམ་དང་ཆེ་བ་དང། ཁྲག་དང་མཁྲིས་པ་སེལ་བར་བྱེད་དོ། །གཞན་ཡང་བུ་བཟང་པོ་སྟེར་བ་དང། སྐྱུག་པ་དང། བརྒྱལ་བ་དང། སྙིང་ན་བ་དང། མངལ་ན་བ་དང། གཅིན
་ནད་ལ་སོགས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །གཟེ་མ་དང་པུ་ཤེལ་ཅི་དང། བཙོད་དང། བ་ལ་དང། ཀ་མ་ལི་ཞེས་བྱ་བ་ཏཾ་བ་ལ་དང། བྷུ་ཏི་ཀ་དང། རྩ་དུརྦའི་རྩ་བ་དང། ཀྲིཥྞ་བརྞི་དང། པལཀཤའི་རྩ་བ་དང། ཐལ་ཏྲེས་དང། ས
་ལ་པཌཎི་དང། སྨན་དེ་རྣམས་སྲང་རེ་རེ་དང། ཆུ་སྲང་བརྒྱ་བདུན་ཅུ་རྩ་དྲུག་དང་བསྐོལ་ཏེ། ཁུ་བ་སྲང་བཞི་བཅུ་རྩ་བཞི་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང། བའི་འོ་མ་སྲང་བརྒྱ་བདུན་ཅུ་རྩ་དྲུག་གི་ནང་དུ། ཨཏྨ
་ཀུཔཀ་དང། ཛཱི་བནྟི་དང། མེ་དེ་རྣམ་གཉིས་དང། བྲངས་རྩི་བ་དང། ཛི་བ་ཀ་དང། རདྡྷི་དང། རྒུན་འབྲུ་རྣམ་གཉིས་དང། ཤ་ཁ་ར་དང། སྲ་མ་ན་དང། པདྨའི་རྩ་བ་དང། འདི་རྣམས་ཞོ་དྲུག་ཆམ་ཆོམ་བརྡུངས་ཏེ་ལྷན་ཅིག་བསྐོལ་ཏེ། མར
་སྲང་སུམ་ཅུ་རྩ་གཉིས་ལུས་པ་དང་དེ་ལས་རན་པར་འཐུངས་ན། རླུང་དང་མཁྲིས་པ་དང། སྙིང་འཛག་ཅིང་ན་བ་ལ་ཕན་ནོ། །གཞན་ཡང་གཅིན་སྲི་བ་དང། གཅིན་ནད་དང། གཞང་འབྲུམ་དང། ལུད་པ་དང། ལུས་སྐོམ་པ་དང། ཟང
་བྱང་རྣམས་ལ་ཕན་ཏེ་གཞུ་འདྲེན་པས་དུབ་པ་དང། བུད་མེད་ཀྱིས་དུབ་པ་དང། ཁུར་ཆེན་པོས་དུབ་པ་དང། ཆང་གིས་དུབ་པ་དང། ལམ་གྱིས་དུབ་པ་རྣམས་ལ་ཕན་ཏེ་སྟོབས་དང་ཤ་སྐྱེད་པར་བྱེད་དོ། །ཤིང་མངར་སྲང་བརྒྱད་དང།
་རྒུན་འབྲུམ་སྲང་བཅུ་དྲུག་དང། ཆུ་སྲང་སུམ་བརྒྱ་བརྒྱད་ཅུ་རྩ་དྲུག་དང། བསྐོལ་ཏེ་སྲང་དགུ་ཅུ་རྩ་བདུན་ལུས་བའི་ཁུ་བའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་ཚུལ་བཞིན་དུ་བསྐོལ་ཏེ། མར་ཉི་ཆེ་ལུས་པའི་ནང་དུ་པི་པི
་ལིང་སྲང་བརྒྱད་དང་ནས་ཀྱི་ཕྱེ་སྲང་ཉི་ཤུ་རྩ་གཉིས་དང། ཤ་ཁ་ར་དང། སྦྲང་རྩི་སྲང་བརྒྱད་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མས་བཏབ་སྟེ་ལྡེ་གུར་བྱས་ནས་དེ་ལས་རན་པས་ཟོས་ན་གློ་གཅོང་ཟད་བྱེད་དང། གློ་འགྲམས་པ་དང། ཁྲག
་སྐྲན་དང་དེ་རྣམས་ལ་ཕན་ནོ། །ཡང་ནང་དྲི་ཞེས་བྱ་བ་སྐྱུ་རུ་རའི་འབྲས་བུ་དང། བི་ད་རི་དང། བུ་རམ་ཤིང་དང། སྨན་འཚོ་བྱོད་སྣ་བཅུ་དང་བ་འདི་རྣམས་སྲང་སུམ་ཅུ་རྩ་གཉིས་གཉིས་དང། བསྐོལ་བའི་ཁུ་བའི་ནང
་དུ་མར་དང། པའི་འོ་མ་བྲི་རེ་རེ་དང་འདི་རྣམས་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང། ཕྱིར་ཕྱུང་སྟེ་བཙགས་ལ་བསྒྲངས་པའི་ནང་དུ་ཁ་ར་དཀར་པོ་དང། སྦྲང་རྩི་བྲེ་རེ་རེ་བཏབ་སྟེ་དེ་ལས་རན་བར་འཐུངས་ན། གཅོང་ཆེན
་པོའི་ནད་དང། མཁྲིས་པ་དང། ཁྲག་དང་ལུད་པ་དང། སྐེམ་བྱེད་དང། ཟང་བྱེད་རྣམས་ལ་ཕན་ཏེ། གཞན་ཡང་ཚེ་རིང་བ་དང། ན་ཚེད་བརྟན་པ་དང། ཤ་དང། བུ་ཆུ་དང། སྟོབས་འཕེལ་བར་བྱེད་དོ། །གཞན་ཡང་སྨན་པར་གྱི་ལྡེ་གུ་དེས་ནི
་རླུང་དང་མཁྲིས་པའི་ཤས་ཆེ་བ་ཡིན་ན། ཡང་སྨན་མར་ཉུང་དུས་ཞི་བར་བྱེད་ཅིང་ཟིལ་གྱིས་གནོན་པར་འགྱུར་རོ། །གོང་དུ་བཤད་པའི་སྨན་མར་གསུམ་པོ་སུག་སྨན་མར་དང། བདུད་རྩིའི་སྨན་མར་དང། སྐྱུ་རུ་རའི་སྨན་མར་འདི
་གསུམ་གྱི་ཕན་ཡོན་གྱི་དམིགས་ནི་ལུས་ཉམས་ཆུང་བ་དང། རིང་པ་དང་ཟད་བྱེད་རྣམས་ལ་ཕན་ནོ། །གཞན་ཡང་ཟང་བྱེད་དང། ཉམས་ཆུང་བ་དང། རིང་བ་རྣམས་ལ་ནི་ཅུ་ཝང་དང། པི་པི་ལིང་དང། འབྲས་ཡོས་རྣམས་བཏགས་པའི་ཕྱེ
་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་ཕན་ནོ། །དེའི་འོག་ཏུ་མར་དང་བུ་རམ་སྦྱར་པའི་བཏུང་བ་བླུད་ན། རོ་ཙ་བར་བྱེད་ཅིང་བུད་མེད་ལ་ཕོང་པ་དང། ཉམས་སྟོབས་དང་ལྡན་ཞིང་ལུས་མྱུར་དུ་རྒྱས་པར་བྱེད་དོ། །ཡང་ན་ཀུན་སྨན་དེའི
་ཕྱི་ཤུན་དང། སྙིང་པོ་པོར་པའི་ལྷག་མ་སྲང་བརྒྱ་རླངས་པའི་ནང་བཙོས་ཏེ། ཚོས་པ་དང་ཕྱིར་ཕྱུང་ལ། མར་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་ཡང་བསྐོལ་ལ་དཀྲུག་ཅིང་སྦྲང་རྩི་དང་འདྲ་བར་གྱུར་པ་དང། དེའི་ནང་དུ་ཧྭགས་སྲང་བརྒྱ་དང།
་པི་པི་ལིང་དང། བཅའ་སྒ་དང། ཐལ་ཝེ་དང། འདི་གསུམ་སྲང་གསུམ་གསུམ་དང། དྲི་སྣ་གསུམ་དང། དྷ་རྣ་ཡ་ཞེས་བྱ་བ་འུ་སུ་དང། ན་ལེ་ཤམ་འདི་རྣམས་སྲང་ཕྱེད་ཕྱེད་ཀྱི་ཕྱེ་མས་བཏབ་པ་ཕྱིར་ཕྱུང་སྟེ། སྣོད་སྣུམ་ཅན་གྱི་ནང་དུ་བཅུག་ལ་བསྒྲངས
་ཏེ། སྦྲང་རྩི་སྲང་བཅུ་དྲུག་དང་བསྲེས་ལ་དཀྲུགས་ཏེ། ལྡེ་གུ་སྣོད་ཀྱི་ནང་དུ་བཞག་པ་ནི་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ཀྱིས་བཤད་པ། ཀུན་མནད་ཞེས་བྱ་བའི་བཅུད་ཀྱི་ལེན་ཡིན་ཏེ། དེ་ལས་རན་པར་ཟོས་ན། ལུད་པ་དང། སྐྱིགས་བུ་དང། རིམས
་དང། དབུགས་མི་བདེ་བ་དང། ཁྲག་དང་མཁྲིས་པ་དང། གློ་གཅོང་ཟད་བྱེད་དང། གློ་འགྲམས་པ་སེལ་ཏོ། །བློ་དང་དྲན་པ་སྟོབས་སྐྱེད་པར་བྱེད་དོ། །མཧཱ་བ་ལ་ཞོ་གཅིག་འོ་མ་དང་ཤ་སྦྱར་བ་དང་པོའི་ཞག་ལ་ཞོ་གཅིག་ཟའོ། །དེ་ནས་ཞག་བརྒྱད་ཀྱི་བར
་དུ་ཞོ་རེ་རེའི་སྐྱེད་དེ་སྲང་གཅིག་ཏུ་གྱུར་པ་དང། དེ་ལ་ཞག་བརྒྱད་ཀྱི་བར་དུ་ཞོ་རེ་རེས་མར་ཕྲི་ལ། དེ་ནས་ཞག་དྲུག་གི་བར་དུ་ཞོ་རེ་རེས་ཡར་བསྐྱེད་དེ། དེ་ལྟར་ཞག་ཉི་ཤུ་རྩ་གཉིས་ཀྱི་བར་དུ་ཆོ་ག་དེ་ལྟར་བྱས་ཏེ། ཁ་ཟས་གཞན་མི་བཟའ་བར་སྦྱོར
་བ་དེ་དང། བྱས་ན་ལུས་ཀྱི་ཉམས་སྟོབས་དང་ཚེ་དང་མདོག་གསལ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་མུཏཀ་པརྞའི་ལོ་མའམ། ཤིང་མངར་དང་བཅའ་སྒ་འདི་གསུམ་གང་ཡང་རུང་བའི་ཆོ་ག་གོང་མ་ལྟར་བྱས་ན་ཕན་ཡོན་གོང་དང་འདྲ
་བར་ཤེས་པར་བྱའོ། །མཧཱ་བ་ལ་སྲང་བརྒྱ། ཆུ་སྲང་བརྒྱ་ལྔ་བཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་ཏེ་ཁུ་བ་བཞི་ཆ་ལུས་པ་དང། དེའི་ནང་དུ་ཁུ་བ་དང་མཉམ་པའི་མར་དང། དེ་དང་མཉམ་པའི་འོ་མ་དང། བ་ལ་དང། ཨི་ཏ་བ་ལ་དང། ཤིང་མངར་དང།
་བ་སྤྲུ་བ་དང། པྲ་པུ་ཥྚ་རཱི་ཀ་དང། ཏཾ་པ་ལ་དང། པ་ཡ་ལ་དང། ཁ་སྲན་ཕྲིའུ་དང། ཨ་ཤཱ་གནད་དང། ཁ་ར་དཀར་པོ་དང། ཟངས་རྩི་བ་དང། མེ་ད་རྣམ་གཉིས་དང། གཟེ་མ་དང། ར་མཉེ་བ་རྣམ་གཉིས་དང། པ་ཡསསྱ་དང། ཟི་ར་རྣམ་གཉིས་དང། པདྨའི
་རྩ་བ་དང། པདྨའི་རྩ་ལག་དང། བྲ་གོ་དང། ཤྲིཾ་ག་ཏ་ཀ་དང། ཀ་ཤེ་རུ་དང། འདི་རྣམས་སྲང་ཕྱེད་ཕྱེད་ཆམ་ཆོམ་བརྡུངས་ཏེ་བསྲེས་ལ་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ནི་མཧཱ་བ་ལའི་མར་ཞེས་ཏེ། དེ་ལས་རན་པར
་འཐུངས་ན། ཁྲག་དང་མཁྲིས་པ་དང་གློ་གཙང་ཟད་བྱེད་དང། གློ་འགྲམས་པ་ལས་རྒྱལ་པར་བྱེད་དོ། །དེ་བཞིན་དུ་སྐོམ་དད་ཆེ་བ་དང། མགོ་འཁོར་བ་དང། ལུས་ཚ་བ་དང། ལུས་ཤ་རྒྱས་ཤིང་ཉམས་སྟོབས་འཕེལ་བའི་མཆོག་ཡིན་ནོ། །གཞན་ཡང་ཚེ
་རིང་བར་འགྱུར་བ་དང། མདངས་བཟང་བར་འགྱུར་བ་དང། མདོག་སྡུག་པར་འགྱུར་བ་དང། གཉེར་མ་དང། སྐྲ་དཀར་འཇོམས་པར་བྱེད་པ་ཡིན་ལ། ཟླ་བ་དྲུག་གི་བར་དུ་བསྟེན་ན་རྒན་པོ་ཡང་གཞོན་ནུར་འགྱུར། །གོང་དུ་སྨོས་པའི་སྨན་མ་རིང
་དག་ནི་ཉམས་སྟོབས་ཆེ་ཞིང་མེ་དྲོད་ཆེ་བ་ལ་བཏང་བ་ཡིན་གྱི། ཉམས་སྟོབས་ཆུང་བ་དང་མེ་དྲོད་ཆུང་བ་ལ་ནི་མ་ཡིན་ཏེ། དེ་ལྟར་དྲོད་ཆུང་བ་ལ་ནི་ཕྱི་ས་སླ་བར་འབྱུང་བ་ཡིན་ཏེ། དེ་ལ་ནི་གཅོད་ཆེན་པོ་རྣམས་གསོ་བའི་ཆོག་རྣམས་བྱའོ།
་རྩ་བ་བཅུ་པ་དང། སྲན་མ་ཨཏྨ་ཀུཔཏ་དང། ཤང་ཀ་པུ་ཤུ་པ་དང། ཟུར་བ་དང། བ་ལ་དང་ཧ་སྟི་པི་པི་ལིང་དང། ཨ་པ་མརྒ་དང། པི་པི་ལིང་གི་རྩ་བ་དང། ཀྲུག་ཏྲུག་ཏྲེས་དང། ག་བྲའི་རྩ་བ་དང། མ་ནུའི་རྩ་བ། འདི་རྣམས་སྲང
་གཉིས་གཉིས་ཆམ་ཆོམ་བརྡུངས་པ་དང། ནས་སྲང་དྲུག་ཅུ་རྩ་བཞི་དང། ཨ་རུ་ར་བཟང་པོ་རྡོག་མ་བརྒྱ་དང། ཆུ་སྲང་སུམ་བརྒྱ་ཉི་ཤུ་དང། འདི་རྣམས་ལྷན་ཅིག་བསྐོལ་ལ། ནས་ཚེས་པ་དང་ཕྱིར་ཕྱུང་ལ་བཙགས་ཏེ། ཨ་རུ་ར་མ
་གཏོགས་པ་ཚིགས་མ་བོར་ཏེ། ཨ་རུ་ར་བཅོས་པ་དེ་ཉིད་སྨན་ཁུ་དང། བུ་རམ་སྲང་བརྒྱད་དང། ཏིལ་མར་སྲང་བརྒྱད་དང། པི་པི་ལིང་སྲང་བཞི་དང། འདི་རྣམས་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བརྒྱད་བཏབ་པ་ནི། དྲང་སྲོང
་རི་ཥིའི?་ལྡེ་གུ་ཞེས་བྱ་སྟེ། དེ་ལས་རྟག་ཏུ་ཨ་རུ་ར་རྡོག་མ་གཉིས་དང་བཅས་པའི་ལྡེ་གུ་ཟོས་ན་བཅུད་ཀྱིས་ལེན་དུ་འགྱུར་ཏེ། གཉེར་མ་རངས་པ་དང་སྐྲ་དཀར་མེད་ཅིང་དོག་དང་ཚེ་དང་སྟོབས་ཀྱང་འཕེལ་བར་བྱེད་དོ། །གཞན་ཡང་ལུད་པ་རྣམ་པ
་ལྔ་དང། ཟད་བྱེད་ཀྱི་ནང་དང། དབུགས་མི་བདེ་བ་སྐྱགས་བུ་དང། རིམས་མི་ཟད་པ་དང། སྐྲན་དང། གཅིན་ནད་དང། ཕོ་བའི་ནད་དང། གཞང་འབྲུམ་དང། སྙིང་ནད་དང། ཡི་ག་ཆུས་པ་དང། ཆམ་པ་རྣམས་ལ་ཕན་ཏེ། དཔལ་བསྐྱེད་ཅིང
་བཅུད་ཀྱིས་ལེན་གྱི་མཆོག་ཏུ་དྲང་སྲོང་ཆེན་པོ་རི་ཥིས་བཤད་པ་ཡིན་ནོ། །རྩ་བ་བཅུ་པ་དང། བ་ལ་དང། མུརྤ་དང། སེར་པོ་རྣམ་གཉིས་དང། པི་པི་ལིང་དང། ཧ་སྟི་པི་པི་ལིང་དང། པ་ཐ་དང། ཨ་ཤྭོ་གྷནདྷ་དང། ཨ་པ་མརྒ་དང། བ་སྲལ་ཕྲེའུ་དང།
་བོང་ང་དཀར་པོ་དང། སླེ་ཏྲེས་དང། བ་ལ་དང། བིལྦ་དང། ཏྲི་བི་ཏ་ཞེས་བྱ་བ་ཤིང་ཉེ་རོང་དང། དནྟི་དང། ཙི་ཏྲ་ཀའི་རྩ་བ་དང། ལོ་མར་བཅས་པ་དང། པ་ཡསསྱ་ཞེས་བྱ་བ་ཀྵི་རི་ནི་དང། དུག་མོ་ཉུངས་དང། སྤང་སྤོས་དང། བིས་ཀ་ཞེས་བྱ་བ་ཨ
་ས་ནའི་ཤིང་གི་སྙིང་པོ་དང། ལོ་མར་བཅས་པ་དང། བྲ་ཡསྠ་བིར་ཞེས་བྱ་བའི་ཤིང་དང། གོ་བྱེ་དང། བི་དང་ཀ་དང། ཉེའུ་ཤིང་དང། བུ་ཏི་ཀ་རཉྫ་དང། ཤ་མྱ་ཀ་ཞེས་བྱ་བ་དོང་ཀ་དང། ཙན་ཏྲ་མ་ཀ་དང། ས་ཧ་ར་ཙ་ཞེས་བྱ་བ་པ་སྤྲུ་བ་དང། ཤིང་ཀུ
་དང། ནིམཔའི་ཤུན་པགས་དང། བུ་རམ་ཤིང་གི་ཁུ་བ་དང། འདི་རྣམས་སྲང་རེ་རེ་དང། ཨ་རུ་ར་སྟོང་ཚིག་བརྒྱ་དང། ནས་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། སྨན་དེ་རྣམས་ཀྱི་བརྒྱད་འགྱུར་ཆུ་དང་བསྐོལ་བ་གོང་མ་ལྟར་ནས་ཚོས་པ་དང་ཕྱུང་སྟེ། ཁུ་བ
་བཙིར་ཨ་རུ་ར་མ་གཏོགས་པའི་སྙིགས་མ་བོར་ཏེ། ཡང?་ཨ་རུ་ར་ཚོས་པ་དེ་དང། བུ་རམ་རྙིང་པ་སྲང་བརྒྱད་དང། ཏིལ་མར་དང། མར་དང། སྐྱུ་རུ་རའི་ཁུ་བ་དང། འདི་རྣམས་སྲང་སུམ་ཅུ་རྩ་གཉིས་གཉིས་དང། མེ་མི་ཆེ་བ་དང་ཡང་བསྐོལ་ཏེ། དྲིལ
་བུ་འདོད་པ་ཙམ་ན་གྱུར་སྟེ། བསྒྲངས་ནས་དེའི་ནང་དུ་སྦྲང་རྩི་སྲང་དྲུག་ཅུ་རྩ་བཞི་དང། པི་པི་ལིང་སྐམ་པོ་སྲང་བཞི་དང། དྲི་སྣ་གསུམ་སྲང་རེ་རེ་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ། དེ་རྣམས་ལེགས་པར་བསྲེས
་ནས་དཀྲུགས་ཏེ། སྣོད་རྫ་མ་རྙིང་པའི་ནང་དུ་བཅུག་ནས་ཟླ་བ་གཅིག་གི་བར་དུ་ནས་ཀྱི་ཕུང་པོའི་ནང་དུ་བཞག་སྟེ། དེ་ནས་གོང་མ་བཞིན་དུ་ཨ་རུ་ར་གཉིས་གཉིས་ལྡེ་གུ་དང་བཅས་པར་ཟོས་ན། དྲང་སྲོང་ཆེན་པོ་གནས་མཆོག་གིས
་བཤད་པའི་བཅུད་ཀྱིས་ལེན་གྱི་ལྡེ་གུ་ཞེས་བྱ་སྟེ། གོང་དུ་སྨོས་པའི་ལྡེ་གུ་ཐམས་ཅད་པས་ཁྱད་པར་དུ་ཡང་ཕན་ཡོན་ལྷག་པ་ཡིན་ནོ། །ནད་མེད་པ་རྣམས་ལ་ཡང་ཆོ་ག་བསྲུང་མི་དགོས་པར་དུས་ཐམས་ཅད་དུ་སྔགས་སོ་ལྕེ་མྱང
་ཚ་དང། བཅའ་སྒ་སྲང་རེ་རེ་དང། ཁ་རུ་ཚ་སྲང་རེ་གཉིས་དང། ད་ཏྲིག་དང། སེའུ་འབྲུ་དང། ཨརྫ་ག་ཞེས་བྱ་བ་ཟི་མ་ཐིག་ལེ་དང། དེ་རྣམས་སྲང་བརྒྱད་བརྒྱད་དང། ན་ལེ་ཤམ་དང། གོ་སྙོད་ཞོ་རེ་རེ་དང། འུ་སུ་ཞོ་གཉིས་དང། འདི་རྣམས
་ཞིབ་ཏུ་བཏགས་ཏེ་བཟའ་བ་དང། བཏུང་བའི་ནང་དུ་བཏབ་སྟེ་ཟོས་ན། ཡི་ག་འཆུས་པ་དང། མེ་དྲོད་ཉམས་པ་དང། རྩིབ་ལོགས་ན་བ་དང། དབུགས་མི་བདེ་བ་དང། ལུད་པ་རྣམས་ལ་ཕན་ནོ། །འུ་སུ་ཞེ་གཉིས་དང་གོ་སྙོད་དང། ལ
་ལ་བུད་དང། བལ་པོ་སེའུ་དང། ད་ཏྲིག་དང། འདི་རྣམས་དང་སྲང་ཕྱེད་ཕྱེད་དང། ཁ་རུ་ཚ་སྲང་གཉིས་དང། བཅའ་སྒ་ཞོ་གཉིས་དང། ཀ་པིཏྟ་དང། ཨ་རུ་ར་སྲང་ཕྱེད་དང་གསུམ་གསུམ་དང། ཤ་ཁར་སྲང་བཅུ་དྲུག་བསྲེས་པ་ནི་ཀ
་པིཏྟ་རོ་དྲུག་པའི་ཕྱེ་མ་ཞེས་བྱ་སྟེ། བཟའ་བ་དང་བཏུང་བ་དང་ལྷན་ཅིག་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །གློ་གཅོད་ཟར་བྱེད་ལ་ནི། གཅོང་ཆེན་པོ་གསོ་བའི་ཆོ་ག་ཇི་ལྟར་བཤད་པ་བཞིན་དུ་བྱའོ། །གོང་དུ་བསྟན་པའི་སྨན་གྱི་སྦྱོར་བ
་དེ་དག་གིས་གློ་གཅོད་ཟད་བྱེད་ཀྱི་ནད་ཞི་སྟེ། ཉམས་སྟོབས་དང་ལྡན་ཞིང་བད་ཀན་སྐྱེད་པར་གྱུར་ན། དེའི་རྟགས་ནི་མགོ་བོ་དང། བྲང་ན་བར་གྱུར་བདེ་ལ་ནི་དུད་པ་རྡུབ་པའི་ཆོ་ག་རྣམས་བྱ་སྟེ། དེ་ཡང་མེད་རྣམ་གཉིས་དང། བ་ལ་རྣམ
་གཉིས་པ། ཤིང་མངར་དང། བཅོ་མའི་ཤུན་པགས་དང། འདི་རྣམས་ཆུ་དགས་སུ་བྱ་སྟེ། རེང་བུར་བྱས་ནས་བསྐམས་ཏེ་མེ་ལ་བསྲེགས་ཏེ་དུད་པས་རྡུབ་པོ། །དེའི་འོག་ཏུ་ཛི་བནདའི་སྡེ་ཚན་གྱི་སྨན་མར་འུ་ཤ་དང་ལྷན་གཅིག་བཏུང་ངོ།
་ཡང་ན་ལྡོང་རོས་དང། ཤིང་པལཀྵ་དང། ཨ་ཛ་གནད་དང། ཅུ་གང་དང། དོང་ཀྲ་དང། འདི་རྣམས་ཡང་བཙོ་མའི་ཤུན་ལྤགས་དང། ཆུ་དགས་སུ་བྱ་སྟེ། རེང་པུའི་དུད་པ་རྡུབ་པར་བྱས་ནས་དེའི་འོག་ཏུ་ཤ་ཁ་རའི་ཆུ་འམ། བུ་རམ་ཤིང་གི་ཁུ
་བ་འམ། བུ་རམ་གྱི་ཆུ་གང་ཡང་རུང་བ་བླུད་དོ། །ཡང་ན་ལྡོང་རོས་དང། ནྱ་གྲོ་དྷའི་མྱུ་གུ་རློན་པ་ཆ་བསྙམས་ཏེ་བཏགས་ལ་མར་དང་སྦྱར་ནས། རེང་བུ་བྱས་ཏེ་དུད་པ་རྡུབ་བོ། །དེའི་འོག་ཏུ་སྲེག་པའི་ཤ་ཁུ་དང་བཟའ་བ་དང་བཏུང་བ་སྦྱར་ལ
་སྦྱིན་ནོ། །ཟད་བྱེད་ཀྱི་ལུད་བ་ལ་ནི་ཐོག་མ་ཉམས་སྟོབས་དང་མེ་དྲོད་སྐྱེད་པར་བྱའོ། །ནད་གཞི་མང་པོ་ལས་གྱུར་པའི་ལུད་པ་ནི། དང་པོ་སྣུམ་ཆོས་བྱ་ཞིང་འཇམ་པའི་བཀྲུ་སྨན་བཏང་སྟེ། དེ་ཡང་དོང་ཀ་དང། དུར་བྱིས་དང། འདི་གཉིས
་རྒུན་ཆུ་དང། མར་དང་སྦྱར་བ་འམ། ཡང་ན་སེང་ཕྲོམ་བསྐོལ་བའི་ཁུ་བ་མར་དང་སྦྱར་བ་འམ། བི་ད་རིའི་རང་གི་ཁུ་བ་རང་གི་མར་དང་སྦྱར་བ་འམ། འདི་གསུམ་གང་ཡང་རུང་བ་ལུས་ཟད་བྱེད་དང་ཉམ་ཆུང་བ་དག་པར་བྱ་བའི་ཕྱིར་བཀྲུ་སྨན
་དེ་དག་བཤད་དོ། །མཁྲིས་པ་དང། བད་ཀན་དང། ལུས་ཟུངས་བདུན་ཟད་པ་དང། ཟད་བྱེད་ཀྱི་ནད་དང། ལུད་པ་ཟད་བྱེད་དེ་ལ་ནི། ཀརྐ་ཏ་སྲིང་གི་དང། བ་ལ་རྣམ་གཉིས་ཆམ་ཆོམ་བརྡུངས་ཏེ། མར་བཞི་འགྱུར་གྱི་འོ་མ་དང་བསྐོལ་ཏེ་བླུད་དོ།
་གཅིན་སྲི་ཞིང་མདོག་སྣ་ཚོགས་སུ་སྣང་བ་ལ་ནི་བི་ད་རི་དང་ཀ་དམ་པ་གཉིས་འོ་མ་དང་སྦྱར་བ་འམ། ཡང་ན་ཤིང་ཏ་ལའི་འབྲས་བུ་མར་དང་འོ་མ་དང་སྦྱར་བ་བླུད་དོ། །ཕོ་མཚན་དང། རྐུབ་དང། ཆུ་སོ
་དང། བརླ་དབྲག་སྐྲང་ཞིང་ནད་དང་བཅས་པ་ལ་ནི་མར་གྱི་སྙིང་ཁུ་འམ་ཡང་ན་མར་དང། ཏིལ་མར་བསྲེས་པ་གང་ཡང་རུང་བའི་འཇམ་རྩིམས་བཏང་ངོ། །དེའི་འོག་ཏུ་སྲོག་ཆགས་སྐམ་ལ་གནས་པའི་ཤ་དང། བྱིའུ་ཅོ
་གའི་ཤ་དང། སྲོག་ཆགས་ཁུང་ན་གནས་པའི་ཤ་དང། ཤ་སར་པ་ཟ་བའི་སྲོག་ཆགས་ཀྱི་ཤ་དང། ཤ་ཟའི་སྲོག་ཆགས་ཐམས་ཅད་ཀྱི་ཤ་དང། འདི་རྣམས་ཡས་ཀྱིས་ག་རིམ་བཞིན་བཟའ་ཨོ། །ཐང་ལ་གནས་པའི་སྲོག་ཆགས་དེ
་དག་ཐམས་ཅད་ཀྱི་ཤ་ནི་དྲོ་ཞིང་རྩའི་རྒྱུན་དག་པ་ནས་འཇུག་སྟེ། འདིས་ལུས་རྒྱས་ཤིང་འཕེལ་བར་འགྱུར་རོ། །ཞེས་དྲང་སྲོང་ཆེན་པོ་སྒྲ་གྲག་གིས་བུས་བཤད་དོ། །དབྱི་མོ་དང་འབྲས་བུ་གསུམ་དང། ག་བྲའི་རྩ་བ་དང། རྩ་བ
་བཅུ་དང། ཙི་དྲ་ཀ་དང། ཀུ་ལ་ཐ་ཞེས་བྱ་བ་རྒྱ་སྲན་དང། པི་པི་ལིང་གི་རྩ་བ་དང། པ་ཐ་དང། རྒྱ་ཤུག་སྐྱུར་པོ་དང། ནད་དང། དེ་རྣམས་ཆམ་ཆོམ་བརྡུངས་ཏེ་ཆུ་དང་བསྐོལ་བའི་ནང་དུ། དོང་ཀྲ་དང། བྱི་ཚེར་བ་དང། པི་པི
་ལིང་དང། ཟུར་པ་དང། མ་ནུ་དང། ཀར་ཀྟ་སྲི་གི་དང། འདི་རྣམས་ཞིབ་ཏུ་བཏགས་པའི་བྱེ་མ་དང། མར་དང་སྲད་གི་ཆ་བསྙམས་ཏེ། ཚུལ་བཞིན་དུ་བསྐོལ་ལ་མར་འབའ་ཞིག་ལུས་པའི་ནང་དུ། ཡ་བཀྵར་དང། ས་རྩི་ཀའི་ཐལ
་བ་དང། ལན་ཚ་རྣམ་ལྔ་དང། འདི་རྣམས་བཏགས་ཏེ་དེ་ལས་ཙི་རན་པར་འཐུངས་ན། ཟད་བྱེད་དང་ལུད་པ་ཉམས་ཐག་པ་སེལ་ཏེ། ཀ་ས་མར་དང། པ་ཏ་དང། ཀཏཔ་པ་དང། དོང་ཀྲ་དང། པི་པི་ལིང་དང། པུ་ཙེ་ཤེལ་དང། ཏཾ་པལ་དང་འདི་རྣམས་ཞོ
་གཉིས་གཉིས་ཚུལ་བཞིན་དུ་བསྐོལ་བའི་ཁུ་བའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་དང། རྒུན་འབྲུ་སྲང་དྲུག་ཅུ་རྩ་བཞི་བཞི་དང། བསྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན་སྐྲངས་པ་དང། རིམས་དང།
་མཆིན་པ་ན་བ་དང། ལུད་པ་ཐམས་ཅད་འཕྲོག་ཅིང་ཞི་བར་བྱེད་དོ། །བྲི་ཤི་ཞེས་བྱ་བ་ཤ་ཀ་དང། ཀཎྜ་ཀཱ་རི་དང། སླེ་ཏྲེས་དང་དེ་གསུམ་གྱི་རྩ་བ་དང། འབྲས་བུ་དང། མྱུ་གུ་དང། ལོ་མ་རྣམས་ཆམ་ཆོམ་བརྡུངས་པའི་ཁུ་བ་དང། མར་དུ
་བསྐོལ་ཏེ། མར་འབའ་ཞིག་ལུས་པ་འཐུངས་ན། ལུད་པ་དང་ཡི་ག་འཆུས་པ་རྣམས་སེལ་ཏེ། ཡང་ན་སེའུ་འབྲུའི་ཁུ་བ་མར་ཅི་ཙམ་པའི་ཉིས་འགྱུར་དུ་བསྐོལ་ཏེ། མར་ལུས་པ་དང། དེའི་ནང་དུ་ཚ་བ་གསུམ་གྱི་ཕྱེ་མ་བཏབ་སྟེ་བླུད་ན་ཕན
་ཡོན་གོང་མ་དང་འདྲའོ། །ཡང་ན་ཡ་བཀྵ་ར་དང་མར་སྦྱར་བ་ཟས་ཟོས་པའི་འོག་ཏུ་བླུད་དོ། །ཡང་ན་པི་པི་ལིང་དང། བུ་རམ་དང། མར་གྱི་བཞི་འགྱུར་གྱི་རའི་འོ་མ་དང་འཐུངས་ན་ཕན་ཡོན་གོང་མ་དང་མཐུན་ནོ། །སྨན་མར་དེ་དག་གི་ཕན
་ཡོན་ནི་མེ་དྲོད་བསྐྱེད་ཅིང་ཟད་བྱེད་ཀྱི་ནང་དང། ལུད་པའི་ནད་ཐམས་ཅད་དང། བྲང་དང། རྒྱུན་སྲང་དང་གྲེ་བར་ནད་གཞིས་ལུད་པ་བསྒགས་པ་རྣམས་སྦྱོད་བར་བྱེད་དོ། །ནས་སྲང་སུམ་ཅུ་རྩ་གཉིས་དང། ཨ་རུ་ར་རྣམ་པར་རྒྱལ་བ་རྡོག་མ་ཉི
་ཤུ་དང། ཆུ་དང་ཚུལ་བཞིན་དུ་བསྐོལ་ཏེ་ནས་ཚོས་པ་དང། ཨ་རུ་ར་ཕྱིར་ཕྱུང་སྟེ་མཉེས་ལ་གོང་གི་ནས་ཁུ་བའི་ནང་དུ་ཨ་རུ་ར་དེ་ཉིད་དང། བུ་རམ་རྙིང་པ་དྲུག་དང། ལྡོང་རོས་ཞོ་གཉིས་དང། སྐྱེར་ཁཎྜ་ཞོ་གཉིས་དང། འདི་རྣམས་དང་ལྷན་ཅིག་ཏུ
་སྦྱར་ཏེ་ལྡེ་གུ་ཟོས་ན་ལུད་པ་དང་དབུགས་མི་བདེ་བ་སེལ་ཏོ། །སྲོག་ཆགས་སྭ་བི་ད་ཞེས་བྱ་བ་ལ་མོད་འདྲ་བའི་སྤུ་ཡོད་དེ། དེ་བསྲེགས་པའི་ཐལ་བ་མར་དང་སྦྲང་རྩི་དང་ཤ་ཁ་ར་ར་སྦྱར་བའམ། རྨ་བྱའི་ཀང་པ་བསྲེག་པའི་ཐལ་བ་མར་དང་སྦྲང་རྩི་དང་སྦྱར
་བའི་ལེ་གུ་ཟོས་ན་ལུད་པ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་ཨེ་རཎྜའི་ལོ་མ་བསྲེགས་པའི་ཐལ་བ་དང། ཚ་བ་གསུམ་དང་ཏིལ་མར་དང་བུ་རམ་བཅས་པར་སྦྱར་བའི་ལྡེ་གུའི་ཡང་ན་ཨེ་རཎྜ་དང། བྱིའུ་རུག
་པའི་ལམ་བསྲེགས་པའི་ཐལ་བ་དང། ཚ་བ་གསུམ་དང། ཏིལ་མར་དང། བུ་རམ་དང་སྦྱར་བའི་ལྡེ་གུ་ཟོས་ན། ཟད་བྱེད་ཀྱི་ལུད་པ་འཇོམས་སོ། །ཡང་ན་ཚ་བ་གསུམ་གྱི་ཕྱེ་མ་དང། བུ་རམ་རྙིང་པ་དང། མར་སྦྱར་བའི་ལྡེ་གུ་ཟོས་ན་ཕན
་ཡོན་གོང་མ་དང་འདྲའོ། །ཡང་ཤུག་པ་དང། འབྲས་བུ་གསུམ་དང། ཚ་བ་གསུམ་དང། པི་དང་ག་དང། ཐང་ཤིང་གི་འབྲས་བུ་དང། བ་ལ་དང། རྭ་སྣ་དང། འདི་རྣམས་ཀྱི་ཕྱེ་མ་དང། ཕྱེ་མ་སྤྱི་དང་མཉམ་པའི་ཤ་ཁ་ར་དང། སྦྱར་བ་འམ།
་ཡང་ན་ཕྱེ་མ་དེ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན། ལུད་པ་སེལ་བའི་མཆོག་ཡིན་ནོ། །དེ་བཞིན་དུ་ན་ལ་ཤམ་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཨ་རུ་ར་དང། བཅའ་
་སྒ་དང། གྷན་ཞེས་བྱ་བ་གླ་སྒང་དང། འདི་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ་མུར་ན། ལུད་པའི་ནད་ཐམས་ཅད་དང་དབུགས་མི་བདེ་བའི་ནད་ཐམས་ཅད་ལ་ཕན་ནོ། །ཡང་ན་བ་རུ་ར་གཅིག་པུ་མུར་ན་ཡང་ཕན་ཡོན་གོང་དང
་འདྲའོ། །སེང་ཕྲོམ་དང་ཤ་ཁ་ར་བཏགས་པའི་ཕྱེ་མ་མར་དང་བསྐོལ་བ་དང་བསྲེས་ཏེ་ཐུག་པའི་ནང་དུ་བཏབ་ནས་བཏུང་བ་འམ། ཡང་ན་ནས་སཾ་གྲོ་རྗེན་བཏགས་གྲངས་ཟན་ཐབས་སུ་སྦྱར་བའི་ནང་དུ་སྨན་གོང་མ་མར་དང་བཅས
་པ་ཟོས་ན། སྐྱུག་པ་དང། སྐོམ་དང་ཆེ་བ་དང། ལུད་པ་དང་འཁྲུ་བ་རྣམས་སེལ་ཏོ། །ཡང་ན་ཀཎྜ་ཀཱ་རི་བསྐོལ་བའི་ཁུ་བའི་ནང་དུ་མོན་སྲན་རྡེའུ་དང། སྐྱུ་རུ་ར་དང། སེའུ་འབྲུ་ལ་སོགས་པའི་སྐྱུར་དང། ལེགས་པར་སྦྱར་བའི་ཡུ་ཤ་བྱིན་ན་ལུད་པ
་ཐམས་ཅད་ཀྱི་སྨན་དུ་བསྔགས་སོ། །ཡང་ན་རླུང་ལ་ཕན་པའི་སྨན་སྣ་ཚོགས་དང་འོ་མ་དང་མར་སྦྱར་བ་འམ། ཡང་ན་སྲོག་ཆགས་པི་ཀ་རེ་ལ་སོགས་པ་དང། པརྒུ་ངོ་ཞེས་བྱ་བ་ཤང་ཤང་དེའུ་ལ་སོགས་པ་དང། བེ་ལ་ཞེས་བྱ་བ་ཁུང་ན་གནས་པའི་སྲོག
་ཆགས་སྤྲུལ་ལ་སོགས་པ་འདི་རྣམས་ཀྱི་ཤ་ཁཱུམ། ཡུ་ཤ་བླུད་ན་ཟད་བྱེད་ཀྱི་ལུད་པ་འཇོམས་སོ། །གློ་གཅོད་ཟད་བྱེད་ཀྱི་ལུད་པ་ལ་ནི་དུད་པ་བཏང་བའི་ཆོ་གའི་སྐབས་སུ་འབྱུང་བའི་བཟའ་བ་འམ། བཏུང་བ་སྦྱར་བ་འམ། ཡང་ན་འོར་ནད་གཅོང་ཆེན་པོ་གསོ
་བའི་སྐབས་སུ་བསྟན་པའི་བཟའ་བཏུང་ཐམས་ཅད་འདིར་སྦྱར་རོ། །མདོར་ན་ཉམས་སྟོབས་དང། མེའི་དྲོད་སྐྱེད་པ་དང། རྒྱུན་སྲང་སྦྱོར་བར་བྱེད་པའི་སྨན་ཐམས་ཅད་ནི་ཟད་བྱེད་ཀྱི་ལུད་པ་གསོ་བ་སྟོབས་ཆེ་མཆོག་ཏུ་བསྔགས་སོ། །འདུས་པ་ལས་གྱུར་པའི་ཟད
་བྱེད་ཀྱི་ལུད་པ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། དེ་ལ་ནི་ཐོག་མར་ཉེས་པ་གང་གི་ཤས་ཆེ་བ་བཏགས་ནས་སོ་སོ་དང་མཐུན་པའི་སྨན་བསྟེན་པར་བྱའོ། །ལུད་པ་གསོ་བའི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི
་ལེའུ་བཤད་པར་བྱ་སྟེ། དེ་ལ་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་གཞི་གཅིག་ཏུ་བསྟན་པས་གསོ་བའི་དཔྱད་ཀྱང་འདྲ་སྟེ་གཅིག་ཏུ་བསྟན་པ་ཡིན་ནོ། །ཐོག་མ་སྐྱིགས་བུ་དང་དབུགས་མི་བདེ་བ་འབྱུང་བའི་རྒྱུ་ནི་རྩའི་རྒྱུན་སྲང་རྣམས་སུ་བད་ཀན་རྒྱུ་བ་རླུང་གི
་བསྒོངས?་ཤིང་འགགས་པ་ལས་སྐྱིགས་བུ་འབྱུང་སྟེ། དེ་ལ་ནི་ཐོག་མ་སྣུམ་པའི་སྨན་དང། ལན་ཚེ་དང་ཏིལ་མར་དུ་བཅས་པའི་སྣུམ་དུགས་ལེགས་པར་བྱས་ན་བད་ཀན་འགགས་པ་དེ་ཞུ་ཞིང་སླན་ཏེ་བྱ་སྟེ། ཕྱིར་ཁོད་པའི་ནང་དུ་ལོག་ནས་ཁ་ལ་སོགས
་པ་ལས་ཕྱིར་ཕྱུང་སྟེ། དེ་འབྱུང་བ་དང་རླུང་ལེགས་པར་རྒྱུ་ཞིང་དབུགས་ཀྱང་ཚུལ་བཞིན་དུ་འབྱུང་ངོ། །དེ་ལྟར་དུགས་བྱས་པའི་འོག་ཏུ་སྣུམ་དང་ཐང་ལ་གནས་པའི་ཤ་དང་བཅས་པའི་བཟའ་བ་སྦྱིན་ནོ། །ཡང་ན་སྣུམ་མ་འབྱོར་ན་ཞོའི་སྤྲིས་དང་བཅས
་པ་སྦྱིན་ནོ། །དེའི་འོག་ཏུ་སྐྱིགས་བུ་དང། དབུགས་མི་བདེ་བའི་ནད་པ་ལ་སྐྱུག་སྨན་འཇམ་པོ་བཏང་སྟེ། ཁྱད་པར་དུ་ལུད་པ་དང། སྙིང་ནད་དང། བྲང་ལ་ཕན་པའི་སྨན་བཏང་ན་བཟང་ངོ། །དེ་ཡང་པི་པི་ལིང་དང། ལྕེ་མྱང་ཚ
་དང། སྦྲང་རྩི་སྦྱར་བ་ཟོས་ན་སྐྱུག་པར་འགྱུར་རོ། །རླུང་ལ་ཕན་པའི་སྨན་རྣམས་ཀྱང་སྦྱར་རོ། །དེ་ལྟར་བད་ཀན་རླུང་གིས་འཁྲུགས་པ་དེ་སྨན་གྱིས་ཕྱིར་ཕྱུང་ན་ནད་མེད་ཅིང་བདེ་བ་ཐོབ་བོ། །དེ་བས་ན་སྐྱུག་སྨན་གྱི་སློན་དེ་བད་ཀན་ཕྱུང་ན་རྒྱུན
་སྲད་དག་སྟེ་དབུགས་ལེགས་པར་འབྱུང་བར་འགྱུར་རོ། །དབུགས་མི་བདེ་ཞིང་རྟུག་པ་འགགས་ཏེ། མི་དྲན་པ་ལྟར་བྱེད་པ་ནི་མུན་འཐིབས་ཞེས་བྱ་བའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཡིན་ཏེ། དེ་ལ་ནི་མ་དུ་ལུད་ཀ་དང། སྟར་བུ
་དང། ཤིང་ཀུན་དང། པི་ལུ་དང། བི་ད་ཁ་རུ་ཚ་དང་བཅས་པའི་ཟས་བྱིན་ན་དབུགས་ཚུལ་བཞིན་དུ་འབྱུང་ངོ། །ཡང་ན་མ་དུ་ལུད་ག་ལ་སོགས་པའི་ཤིང་ཏོག་སྐྱུར་བ་རྣམས་དང། རྒྱམ་ཚ་དང་སྦྱར་བའི་བཀྲུ་སྨན་དྲོ་འཇམ་ཙམ་བཏང་སྟེ།
་དེ་ལྟར་བད་ཀན་བསྒོངས་པ་ལས་རླུང་འཁྲུགས་ཏེ། སྐྱིགས་བུ་དང་དབུགས་མི་བདེ་བ་འབྱུང་བ་གང་ཡིན་པས་སློན་ཁྲུས་གཉིས་ཀྱི་རྒྱུན་སྲང་དག་པར་བྱ་སྟེ། ཇི་ལྟར་ཞེ་ན། དཔེར་ན་ཆུའི་རྒྱུན་འབབ་པ་ལ་ཆུ་ལོན་གྱིས་བཀག་ན་ཆུ་ལམ
་གཞན་ནས་འགྲོ་བ་དང་འདྲ་བར་རླུང་རྒྱུ་བ་བད་ཀན་གྱིས་བཀག་པ་ཡང་དེ་དང་འདྲ་བས། སློན་ཁྲུས་གཉིས་ཀྱི་གོང་འོག་ཏུ་དག་པར་བྱ་ཅེས་སོ། །ཆོ་ག་དེ་ལྟར་བྱས་ཀྱང་མ་ཞི་སྟེ། ནང་དུ་ཅུང་ཞིག་ལུས་པ་ལྟ་ན་དུད་པ་རྡུབ་པའི་ཆོ་གས་ཞི་བར་བྱ
་སྟེ། དེ་ཡང་ཡུང་བ་དང། ཨེ་རཎྚའི་འོ་མ་དང། རྩ་བ་དང། རྒྱ་སྐྱེགས་དང། ལྡོང་རོ་ས་དང། ཐང་ཤིང་དང། བ་བླ་དང། སྤང་སྤོས་དང། འདི་རྣམས་ཞིབ་ཏུ་བཏགས་པ་མར་དང་སྦྱར་བའི་རེང་བུར་བསྲེགས་པའི་དུད་པ་རྡུབ་པ་འམ། ཡང་ན་ནས་ཞིབ་ཏུ
་བཏགས་པ་མར་དང་སྦྱར་བའི་རེང་བུ་བསྲེགས་པའི་དུད་པ་རྡུབ་པ་འམ། ཡང་ན་པྲ་ཚིལ་དང། སྲ་རྩི་པོག་དང། མར་དང་སྦྱར་བའི་རེང་བུའི་དུད་པ་རྡུབ་པ་འམ། ཡང་ན་ཨ་ག་རུ་དང། མར་དང་སྦྱར་བའི་དུད་པ་རྡུབ་པ་འམ། ཙན་དན་བསྲེགས་པའི་དུད་པ
་རྡུབ་པ་འམ། ཡང་ན་གླང་གི་རྭ་དང་དང། བ་ལ་དང། རྭ་སྣ་དང། འདི་གསུམ་གྱི་དུད་པ་རྡུབ་པ་འམ། ཡང་ན་སྲོག་ཆགས་རི་ཤ་དང། གྷོ་དྷ་དང། ཀུ་རཾ་ག་རི་དགས་དང། འདི་རྣམས་གང་ཡང་རུང་བའི་པགས་པ་དང། རྨིགས་པ་དང། རྭའི་དུད་པ
་འམ་ཡང་ན་གུ་གུལ་ལམ། ལྡོང་རོས་དང། ཤིང་ཐ་ལའི་ཐང་ཆུ་དེ་རྣམས་གང་ཡང་རུང་བའི་དུད་པ་རྡུབ་པ་འམ། ཡང་ན་སྲ་རྩི་པོག་དང། ཨ་ག་རུ་དང། ཤུག་པ་དང། དེ་རྣམས་མར་དང་སྦྱར་བའི་དུད་པ་རྡུབ་པོ། །དེ་ལ་གོང་དུ་དུག་ཞེས་སྨོས
་པ་ཡང་དུགས་བྱར་མི་རུང་བའི་གནས་སུ་ནི་དུགས་སྤང་པ་ཡིན་ལ། བྱར་རུང་བའི་གནས་སུ་ནི་ངེས་པར་དུགས་བྱ་སྟེ། དེ་གང་ཞེ་ན། ཁ་ར་དཀར་པོ་དང། འོ་མ་དྲོ་འཇམ་ཙམ་དང་སྨན་སྣུམ་བག་ཅན་བཏགས་པའི་ཕྱེ་མ་དང་བསྲེས་པས་བླུགས་པའི
་དུགས་བྱའོ། །གཞན་ཡང་བླུགས་པའི་དུགས་དང། གླན་པའི་དུགས་ཀྱི་སྐབས་སུ་བསྟན་པའི་སྨན་རྣམས་ཀྱང་འདིར་སྦྱར་རོ། །གློ་གཅོང་ཟད་བྱེད་དང། མགྲིན་པ་ཟད་བྱེད་ལ་ཡང་ཆོ་ག་འདི་ལྟར་སྦྱར་རོ། །སྐྱིགས་བུ་དང་དབུགས་མི་བདེ་བ་མ་ཞུ
་བ་དང་བཅས་པ་ལ་ནི་མ་ཞུ་བའི་ཆོ་ག་སྨྱུང་བ་ལ་སོགས་པ་བྱའོ། །ཇི་སྟེ་དུགས་དང་སྐྱུགས་སྨན་དང་བཀྲུ་སྨན་ལ་སོགས་པ་དྲགས་ཏེ། རླུང་ཚར་འཁྲུགས་པ་མཐོང་ན་དེ་ལ་ནི་རླུང་འཇོམས་པའི་སྨན་སྣ་ཚོགས་དང། སྣུམ་དང་བཅུད་ལ་སོགས
་བ་དྲོ་འཇམ་ཙམ་དུ་སྦྱར་ལ། དེ་ལས་བཟའ་བ་དང་བཏུང་བ་དང། བསྐུ་བ་ལ་སོགས་པ་བྱས་ན་ཞི་བར་བྱེད་དོ། །ཛི་སྟེ་བད་ཀན་ཟད་དམ་དུགས་བྱར་མི་རུང་བའི་གནས་སུ་དུགས་བྱམས་ཉམས་ཆུང་བ་ལ་སློན་ཁྲུས་བྱས་ན། རླུང་རྣམས་འཁྲུགས
་ཞིང་གནད་རྣམས་བསྐམས་ཏེ། མྱུར་དུ་སྲོག་འཕྲོག་པར་བྱེད་དོ། །དེ་ལ་ནི་རླུང་འཇོམས་པའི་སྨན་གྱི་ཁུ་བ་དང། སྨན་དང་ལེ་གུ་ལ་སོགས་པ་སྦྱར་ན། སྐྱིགས་བུ་དང། དབུགས་མི་བདེ་བ་ཞི་བར་འགྱུར་རོ། །ཁམས
་ཟད་ཅིང་ལུས་སྐེམ་པ་དང། ཚད་པས་འཁྲུ་བ་དང། མཁྲིས་པ་དང། ཚ་བ་འདི་རྣམས་དང་ལྷན་ཅིག་དུ་སྐྱིགས་བུ་དང་དབུགས་མི་བདེ་བ་དང་འདྲེས་པར་གྱུར་པ་ལ་ནི་སྨན་མངར་བའི་བག་དང། སྣུམ་པ་དང་བསིལ་བ་ལ་སོགས་པས་གསོ་བར
་བྱའོ། །སྲོག་ཆགས་ཐང་ལ་གནས་པའི་ཤ་དང་རྒྱ་སྲན་དང། རྩ་བ་བཅུ་པ་འདི་རྣམས་ལྷན་ཅིག་བསྐོལ་བའི་ཁུ་བ་བླུད་ན། སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་ན་ལེ་ཤམ་དཀར་པོ་དང། བརྡ་ཀ་དང། ཀ་སགན་དང། བ་ཤ་ཀ
་དང། ལ་ཕུག་སྐམ་པོ་དང། འདི་རྣམས་བསྐོལ་བའི་ཡུ་ཤ་བྱིན་ན་ཡང་སེལ་ཏོ། །ཡང་ན་ནིམྦའི་ལོ་མ་དང། ཀུ་ལ་ཀ་དང། བྲི་ཧ་ཏི་དང། ཁ་ལུད་དང་འདི་རྣམས་ཡུ་ཤར་སྦྱར་བ་བླུད་པ་འམ། ཡང་ན་ཀཎྜ་ཀཱ་རི་དང། བྱི་ཚེར་བ་དང། བིལྦའི
་རྐང་དང། ཀརྐ་ཏ་སྲིང་གེ་དང། གཟེ་མ་དང། སླེ་ཏྲེས་དང། ཙི་ཏྲ་ཀ་དང། རྒྱ་སྲན་དང་འདི་རྣམས་ཆུ་དང་ལྷན་ཅིག་བསྐོལ་བ་འམ། བཏུང་བ་འམ། ཡང་ན་རྭ་སྣ་དང། རྩ་བ་ཆུང་ངུ་དང། མོ་སྲན་སྡེའུ་དང། ཙི་ཏྲ་ཀ་དང། འདི་རྣམས་བསྐོལ
་བའི་ཡུ་ཤ་བླུད་པ་འམ། སྦྱོར་བ་དེ་རྣམས་ལས་གང་ཡང་རུང་བ་བླུད་ན་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཀྲུ་ཏྲུག་ཏྲེས་དང། གོ་སྙོང་དང། ཀརྐ་ཏ་སྲིཾ་གི་དང། ཁ་རུ་ཆ་དང། དེ་རྣམས་ལས་གཞི་བླངས་པའི་ཐུག་པ་སྦྱིན་པ
་འམ་ཡང་ན་རྩ་བ་བཅུ་པ་དང་སྦྱར་བའི་ཐུག་པ་བླུད་ན། ལུད་པ་དང་སྐྱིགས་བུ་དང། དབུགས་མི་བདེ་བ་རྣམས་ལ་ཕན་ནོ། །རྩ་བ་བཅུ་པ་དང། ར་སྣ་དང། ཟུར་པ་དང། ག་བྲའི་རྩ་བ་དང། བིལྦ་རྣམ་གཉིས་ཀྱི་རྐང་དང་པུཥྐར་མུ་ལ
་དང་ཀརྐ་ཏ་སྲིཾ་གི་དང། པི་པི་ལིང་དང། བཅའ་བའི་རྩ་བ་དང། སླེ་ཏྲེས་དང། བཅའ་སྒ་དང། དེ་རྣམས་བསྐོལ་བའི་ཁུ་བ་བླུད་ལ། དེ་ཞུ་བའི་ཚོད་ན་དེ་རྣམས་ལས་གཞི་བླངས་པའི་ཐུག་པ་སྦྱིན་ནོ། །འབྲས་དྲུག་ཅུ་པ་དང། གྲོ་དང་ནས་དང་མོན་སྲན་སྡེའུ་དང།
་རྒྱ་སྲན་ཀུ་ལ་ཐ་དང། དེ་རྣམས་གཡོས་སུ་བྱས་པའི་བཟའ་བ་དང། བཏུང་བ་བྱིན་ན། ལུད་པ་དང། རོ་སྟོད་འཛིངས་པ་དང། རྩིབས་ལོགས་སུ་ཟུག་པ་དང། སྐྱིགས་བུ་དང། དབུགས་མི་བདེ་བ་རྣམས་ཞི་བར་བྱེད་དོ། །ཡང་ན་ཨ་ག་རུའི་མྱུ་གུ་སྐམ་པོ
་བཏགས་ཏེ་འོ་མ་དང་སྦྲུས་ལ་དེ་ནས་བསྐམ་ན་ཡང་འོ་མ་དང་སྤྲུ་ཞིང་བསྐམ་པ་ལན་མར་དུ་བྱས་ལ། ཐ་མར་སྦྲང་རྩི་དང་སྦྱར་བ་བཟའ་བ་འམ། ཡང་ན་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་ནས་ཕྱེད་དང་སྦྱར་བའི་ལྡེ་གུ་བཏུང་ངོ། །ཡང་ན་ཡ
་པཀྵ་ར་དང། རྩི་བོ་ཆེ་དང། ཁ་རུ་ཚ་དང། སེའུ་འབྲུ་དང། འདི་རྣམས་མར་དང་སྦྱར་བའི་བཟའ་བ་བཏང་བ་འམ། ཡང་ན་མ་ནུ་དང། ཟུར་བ་དང། ཚ་བ་གསུམ་དང། ཁ་ལུད་དང། སྟར་བུ་དང་བཅས་པའི་བཟའ་བ་སྦྱིན་པར་བྱའོ། །གཞན་ཡང་སྐོམ
་དུ་རྩ་བ་བཅུ་པ་བསྐོལ་བ་འམ། ཡང་ན་ཐང་ཤིང་བསྐོལ་བའི་ཁུ་བ་འམ། ཡང་ན་ཆང་གི་ཉིང་ཁུ་གང་ཡང་རུང་བ་བླུད་ན། སྐྱིགས་བུ་དང། དབུགས་མི་བདེ་བ་སེལ་ཏོ། །ཡང་ན་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། ཨ་རུ་ར་དང། པི་དང་ག་དང
་ཀྲུ་ཏྲུ་ག་ཏྲེས་རྣམས་ཞིབ་ཏུ་བཏགས་པའི་ལྡེ་གུས་ཕྲུ་བ་སྣུམ་ཅན་གྱི་ནང་དུ་བསྐུས་ལ་ཅུང་རེད་པར་གྱུར་པ་དང། དར་བ་ཆུ་མ་རེག་པའི་ནང་དུ་བཅུག་ལ། ཟླ་བ་གཅིག་གི་བར་དུ་བཞག་པ་ལས་རན་པར་འཐུངས་ན། མེའི་དྲོད་སྐྱེད་པ་དང། ལུད
་པ་དང། དབུགས་མི་བདེ་བ་ལས་ངེས་པར་རྒྱལ་ལོ། །ཡང་ན་པ་ཐ་དང། མུརྒ་དང། ཐང་ཤིང་གི་འབྲས་བུ་དང། ས་ར་ལ་གོ་ཏྲོད?་རྩེ་དང། འདི་རྣམས་ཞིབ་ཏུ་བཏགས་ནས་ཆང་གི་ཉིང་ཁུའི་ནང་དུ་བཏབ་སྟེ། ལན་ཚ་དང་བཅས་པར་ནུབ་གཅིག
་བཞག་ལ། ཞག་རེ་ཁྱོ་རེ་བླུད་ན་དབུགས་མི་བདེ་བ་དང་སྐྱིགས་བུ་སོལ་ཏོ། །ཡང་ན་ག་བྲའི་རྩ་བ་དང། བཅའ་སྒ་དང། འདི་གཉིས་བཏགས་པའི་ཕྱེ་མ་ཆུ་འཇམ་ཙམ་བཏུང་བ་འམ། ཡང་ན་ཡ་བཀཤ་ར་དང། ན་ལེ་ཤམ་གྱི་ཕྱེ
་མ་ཆུ་དྲོན་དང་བཏང་ངོ། །ཡང་ན་བའི་ཤུ་བ་བསྐོལ་བའི་ཁུ་བའི་ནང་དུ་བའི་ཤུ་བ་དང་དེ་དང་མཉམ་པ་བཏགས་པའི་ཕྱེ་མ་དང་སྐྱོ་མར་བྱས་ཏེ་བླུད་དོ། །ཡང་ན་སཔཏ་པརྞའི་ཁུ་བའི་ནང་དུ་པི་པི་ལིང་དང། སྦྲང་རྩི་དང་ལྡན་པར་བྱས་ཏེ
་བཏུང་བ་འམ། ཡང་ན་ཤྲི་ཤའི་མེ་ཏོག་གི་སྦྲང་རྩི་དང་ལྡན་པར་བྱས་སྟེ་བླུད་ན། མཁྲིས་པ་དང་བད་ཀན་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཅུ་གང་དང་པི་པི་ལིང་དང་འབྲས་ཀྱི་བྱེ་བྲག་མ་དུ་ཞེས་བྱ་བ་དང། དོང་ཀྲ་དང།
་འདི་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྱར་བ་གླན་པའི་དུགས་ཟན་ཐབས་སུ་བྱས་སྟེ་ཟོས་ན། དེས་སྐྱིགས་བུ་དང་དབུགས་མི་བདེ་བ་དང། མཁྲིས་པ་དང་ལྡན་པ་རྣམས་ལ་ཕན་ནོ། །སྐྱིགས་བུ་དང་དབུགས་མི་བདེ་བ་དང་ལྡན་པ་ལ་མི་ཤ
་བི་ཙ་ཞེས་བྱ་བའི་ཤ་དང། རི་བོང་གི་ཤ་དང། པི་པི་ལིང་དང་མར་དང། རི་དགས་ཤལ་ལྱེ་ཀ་ཞེས་བྱ་བའི་ཁྲག་དང། འདི་རྣམས་གོང་མ་ལྟར་བྱས་ལ་ཟོས་ན་ཕན་ནོ། །ཡང་ན་ལྕམ་པའི་ཁུ་བ་དང། ཚ་བ་གསུམ་དང། མར་དང་སྦྱར་བའི་འབྲས
་ཆན་ཟོས་ལ། སྐོམ་དུ་འོ་མ་འཐུངས་ན། རླུང་དང་མཁྲིས་པ་དང་བཅས་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་བར་བྱེད་དོ། །ཡང་ན་རའི་འོ་མ་བཞི་འགྱུར་གྱི་ཆུ་དང་བསྐོལ་ལ། འོ་མ་ལུས་པ་དང། བུ་རམ་དང། དོང་ཀྲའི་ཕྱེ་མ་བཏབ
་པ་བཏང་ངོ། །པི་པི་ལིང་མུ་ལ་དང། ཤིང་མངར་དང། བུ་རམ་དང། འདི་རྣམས་ཀྱི་ཕྱེ་མ་གླང་དང། རྟ་རྟུག་གཉིས་བཙིར་བའི་ཁུ་བ་དང། མར་དང་སྦྲང་རྩི་ལྷན་ཅིག་ཟོས་ན། སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་རྟ་དང། གླང་པོ་ཆེ
་དང། གླང་དང། ཕག་དང། རྔ་མོ་དང། བོང་བུ་དང། ལུག་དང། ར་དང། འདི་རྣམས་ཡང་རུང་བའི་རྟུག་པ་བཙིར་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱ་སྟེ། དེ་ལས་རན་པར་ཟོས་ན་བད་ཀན་ཤས་ཆེ་བའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ
་ཏོ། །ཡང་སྲོག་ཆགས་རྐང་བཞི་པའི་པགས་པ་དང། རུས་པ་དང། སྤུ་དང། སྨིག་པ་དང། རྭ་དང། དེ་ལས་འབྱུང་པ་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བཟའ་བ་འམ། ཡང་ན་ཨ་ཤྭ་གནདྷ་བཏགས་པའི་ཕྱེ་མ་སྦྲང་རྩི་སྦྱར་བའི་ལྡེ་གུ་ཟོས་ན།
་བད་ཀན་ཤས་ཆེ་པའི་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་ཟུར་པ་དང། པུཥྐར་མུ་ལ་དང་སྐྱུ་རུ་ར་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་མ་ནུ་དང། པི་པི་ལིང་དང། སྦྲང་རྩིར་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ།
་ཡང་བཙག་ཡུག་སྣམ་དང། དངུལ་རྔོ་དང། པི་པི་ལིང་དང། འདི་རྣམས་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ཀ་པིཏྠའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ཀ་པིཏྠ་བསྐོལ་བའི་ཁུ་བའི་ནང་དུ་སྐྱུ་རུ་ར་དང། པི་པི་ལིང་དང། རྒྱམ་ཚའི་ཕྱེ་མ
་བཏབ་པའི་ལྡེ་གུ་བྱས་པ་འམ། ཡང་ན་ཨ་རུ་ར་བཏགས་པའི་ཕྱེ་མ་དང་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་ན་ལེ་ཤམ་དང། བི་དང་གང་དང། པི་པི་ལིང་བཏགས་པའི་ཕྱེ་མ་མར་དང། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན
་རྒྱ་ཤུག་དང། འབྲས་ཡོས་དང། རྒུན་འབྲུ་དང། པི་པི་ལིང་དང། དོང་ཀྲ་དང། འདི་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ཡུང་བ་དང། པི་པི་ལིང་དང། རྭ་སྣ་དང་ན་ལེ་ཤམ་བཏགས་པའི་ཕྱེ་མ་དང། བུ་རམ་དང། ཏིལ
་མར་དང། སྦྱར་བའི་ལྡེ་གུ་འམ། སྨན་གྱི་སྦྱོར་བ་དེ་དག་ལས་ནད་གཞི་ལེགས་པར་བརྟགས་ཏེ། སོ་སོ་དང་མཐུན་པའི་ཁུ་བ་དང། ཆུ་དྲོན་དང། ཆང་དང། དར་བ་དང། ཞོ་ག་ཆུ་དང། རྩབ་མོ་ལ་སོགས་པ་གང་དང་མཐུན་པའི་ནང་དུ་མཉེས་ཏེ
་བཏང་ན། བད་ཀན་ཤས་ཆེ་བའི་སྐྱིགས་བུ་དང། དབུགས་མ་བདེ་བ་སེལ་ཏོ། །ཛི་བནྟི་དང། གླ་སྒང་དང། བྱེའུ་རུག་པ་དང། ད་ཆ་དང། སུག་སྨེལ་རྣམ་གཉིས་དང། ཙན་ཏྲ་དང། ཏ་མ་ལ་ཀི་དང། ཨ་ག་རུ་དང། ག་བྲའི
་རྩ་བ་དང། དོང་ཀྲ་དང། བ་ལ་ཀ་དང། ཀརྐ་ཏ་སྲིཾ་གི་དང། ཟུར་བ་དང། པི་པི་ལིང་དང། ན་ག་གེ་སར་དང། ཙ་རོང་དང། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་གཉིས་འགྱུར་གྱི་ཤ་ཁ་ར་དང་སྦྱར་བ་བཟའ་བ་དང་བཏུང་བའི་ནང་དུ་བཏབ
་ཏེ་ཅི་འདོད་བ་ཟོས་ན་རྩིབ་ལོགས་ན་བ་དང། རིམས་ན་བ་དང། ལུད་པ་དང། སྐྱིགས་བུ་དང། དབུགས་མི་བདེ་བ་སེལ་བའི་མཆོག་ཡིན་ནོ། །དོང་ཀྲ་དང་བུ་རམ་ཆ་མཉམ་པ་བཟའ་བ་འམ། ཡང་ན་སྣ་སྨན་དུ་བཏང་བའམ། ཡང་ན་སྒོག་སྐྱ་དང། ཀུན་དོང་དང་གྲིན
་ཛ་ན་ཞེས་བྱ་བ་སྒོག་པའི་རིགས་དང། དེ་དག་གི་རྩ་བ་ཆུ་དང་བསྐོལ་ཏེ་སྣར་བླུགས་པ་འམ། ཡང་ན་ཙན་དན་བདར་བ་སྣང་བླུག་བ་འམ། ཡང་ན་སྦྲང་མའི་རྟུག་པ་བུད་མེད་ཀྱི་ནུ་མ་དང་སྦྱར་བ་འམ། ཡང་ལེ་བརྒན་རྩི་དང། སྦྲང་མའི
་རྟུག་པ་སྦྱར་བ་སྣར་བླུགས་སོ། །ཡང་ན་མར་གྱི་སྙིང་ཁུ་དང་རྒྱམ་ཚས་བཏབ་པ་འམ། འོ་མ་དང། མར་བསྐོལ་ནས་མར་ལུས་པ་དང་དེས་སྣར་བླུགས་པར་བྱའོ། །སྨན་མངར་བ་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་བཏུང་བ་འམ། ཡང
་ན་སྣར་བླུགས་སོ། །སྦྲང་རྩི་དང་ཁ་ར་དཀར་པོ་སྦྱར་བ་དང་ཐིགས་པ་གྲང་མོ་བླུགས་ལ། དེ་ནས་དྲོན་མོ་བླུགས་ཏེ། དེ་བཞིན་དུ་རེས་ཀྱིས་སྣར་བླུགས་པ་བྱའོ། །རྩ་བ་བཅུ་པ་ཚུལ་བཞིན་དུ་བསྐོལ་བའི་ཁུ་བ་འོ་མ་དང་བསྐོལ་ཏེ་མར་ལུས་པ
་དང། དེས་གོང་བཞིན་དུ་དྲོ་བ་དང་གྲང་བ་རེ་མོས་ཀྱིས་སྣར་བླུགས་སོ། །པི་པི་ལིང་དང། ཁ་རུ་ཚ་དང། ཡ་བཀཤ་ར་དང། ཀུ་རུ་ཚེ་དང། ཤིང་ཀུན་དང། ཙོང?་ག་དང། བྱིའུ་རུག་པ་དང། འདི་རྣམས་མར་དང། ཞོ་ག་ཆུ་དང། རྩ་བར་བཅུ་བསྐོལ་བའི
་ཁུ?་བ་དང་བསྲེས་ཏེ། ཡང་བསྐོལ་ནས། མར་ལུས་པ་དང། དེ་ལས་རན་པར་འཐུངས་ན། སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་འཚོ་བྱེད་སྣ་བཅུ་ཆམ་ཆོམ་བརྡུངས་ཏེ། མར་དང་ཚུལ་བཞིན་དུ་བསྐོལ་ལ། མར་འབའ་ཞིག་ལུས་པའི
་ནང་དུ་སྦྲང་རྩི་བསྲེས་པའི་ལྡེ་གུ་འཐུངས་ན་ཕན་ནོ། །ཏེ་ཛོ་བ་ཏ་དང། ཨ་རུ་ར་དང། རུ་རྟ་དང། པི་པི་ལིང་དང། པུ་ཙེ་ཤེལ་དང། བྷུ་ཏི་ཀ་དང། མ་ནུའི་རྩ་བ་དང། པལཀྵ་དང། ཙི་ཏྲ་ཀ་དང། ཟུར་བ་དང། ལན་ཚ་རྣམ་གཉིས་དང། ཏ་མ་ལ་ཀི་དང།
་ཛི་བནྟི་དང། བིལྦའི་སྙིང་པ་དང། ཤུ་དག་དང། བལ་བུའི་ལོ་མ་དང། འདི་རྣམས་ཞོ་གཉིས་གཉིས་དང། ཤིང་ཀུན་ཞོ་ཕྱེད་དང། འདི་རྣམས་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་མར་འབའ་ཞིག་ལུས་པར་འཐུངས་ན། རྐང་ལག་དུ་རླུང་ཞེན
་པ་དང། གཞང་འབྲུམ་དང། ཕོ་བའི་ནད་དང། སྐྱིགས་བུ་དང། སྙིང་དང་རྩིབ་ལོགས་སུ་ཟུག་པ་རྣམས་མྱུར་དུ་ཞི་བར་བྱེད་དོ། །ཡང་ན་ཡ་བཀྵར་དང། ལན་ཚ་དང། ལན་ཚའི་ཉིས་འགྱུར་གྱི་མར་དང་བསྲེས་པ་འཐུངས་ན་ཕན་ནོ། །དྲང་སྲོང་ཆེན
་པོ་ཐང་ལ་འབར་གྱིས་གཅིན་ནད་ཀྱི་སྐབས་སུ་བཤད་པའི་སྨན་མར་དང། བ་ཤི་ཀའི་མར་ཁྲག་མཁྲིས་གསོ་བའི་ལེའུ་ཡི་ནང་ནས་འབྱུང་བ་དང། ཏྲ་དྲི་ཀ་ཞེས་བྱ་བ་དང། ཧ་པུ་ཤ་ཞེས་བྱ་བ་སྤ་མའི་འབྲས་བུའི་སྨན་མར་སྐྲན་གསོ་བའི་ལེའུ
་ལས་བཤད་པ་དང། སྨན་མར་དེ་རྣམས་ཀྱང་ལུད་པ་དང། སྐྱིགས་བུའི་ནད་ལ་སྦྱར་རོ། །དབུགས་མི་བདེ་བའི་ནང་རྔམ་པ་དྲག་ཏུ་འབྱུང་བ་ལ་ནི་བློ་བུར་དུ་ཡང་དང་ཡང་དུ་ཆུ་གྲང་གིས་གཏོར་ཞིང་སྡངས་སུ་གཞུག་པ་འམ། ལུས་དྲག་ཏུ་གཡེངས
་ཤིང་སྦྲུག་པ་དང། འཇིགས་སུ་གཞུག་པ་དང། ཡང་ན་དགར་གཞུག་པ་དང། གཞན་གྱི་ཡོན་ཏན་བརྗོད་དེ་ཕྲག་དོག་སྐྱེད་པ་དང། དབུགས་བསྔམ་དུ་གཞུག་པ་དང། སྤྲེའུ་སོ་འདེབས་སུ་བཅུག་ན་ཕན་ནོ། །གཞན་ཡང་རླུང་དང་བད་ཀན་ལ་ཕན་པའི
་སྨན་དང། བཟའ་བ་དང། བཏུང་བ་དང། དྲོ་བ་ཐམས་ཅད་བརྟེན་བར་བྱའོ། །སྐྱིགས་བུ་དང། དབུབས་མི་བདེ་བའི་ནད་ཐམས་ཅད་ལ་ནི། ལུས་ཉམས་སྟོབས་དང་ལྡན་པ་ཡིན་ན་ནི་གསོ་སླའོ། །ཉམས་སྟོབས་མེད་ཅིང
་རིད་པ་ནི་གསོ་དཀའ་ཨོ། །དེ་བས་ན་ཉམས་སྟོབས་བསྐྱེད་ཅིང་ནང་ཞི་བར་བྱ་བ་ཡང་དང་ཡང་དུ་བཅད་ཅིང་འབད་པར་བྱའོ། །གཞན་ཡང་ལུད་པ་དང་དབུགས་མིག་དེ་བ་དང། གློ་གཅོད་ཟད་བྱེད་དང། སྐྱུག་པ་དང། སྐྱིགས་བུ་དང། འདི་རྣམས་གང
་ཡང་རུང་བ་གཅིག་གསོས་ན་ཐམས་ཅད་ལ་ཕན་པ་ཡིན་ནོ། །སྐྱིགས་བུ་དང་དབུགས་མི་བདེ་བ་གས་པའི་ལེའུ་བཞི་པ་རྫོགས་སོ།། །།དེ་ལས་རྒྱལ་པོའི་ནད་ཅེས་བྱ་བ་གཅོད་ཆེན་པོ་གསོ་བའི་ལེའུ་བཤད་པར་བྱའོ། །གཅོད་ཆེན
་པོའི་ནང་པ་ཉམས་སྟོབས་དང་ལྡན་ཞིང་ནད་བཞི་མང་པོ་ཡོད་པ་ལ་མི་ཐོག་མར་སྣུམ་བཅོས་དང། དུགས་བྱས་ལ། དེའི་འོག་ཏུ་སློན་ཁྲུས་ཀྱིས་ལུས་སྦྱང་བར་སྟེ། སྣུམ་ལ་སོགས་པས་ལུས་ཉམས་ཆུང་བར་མི་འགྱུར་བར་བསྲུང་བར
་བྱའོ། །དེ་ལ་སྐྱུག་སྨན་ནི་འོ་མ་དང། མངར་བའི་ཤ་ཁུ་དང། སྐྱུགས་སྨན་ལས་གཞི་བླངས་པའི་ནས་ཐུག་མར་དང་ལྡན་པ་དང། དེ་གསུམ་གང་ཡང་རུང་བའི་ནང་དུ། པོ་སོན་ཆའི་ཕྱེ་མ་བཏབ་སྟེ་བླུད་ནས་སློན་དུ་གཞུག་གོ་།དེ་ལ
་བཀྲུ་སྨན་ནི་ཤམ་དུར་བྱིང་དང། དོད་ཀྲ་སྦྲང་རྩི་དང། ཤ་ཁ་ར་དང་སྦྱར་བ་འམ། ཡང་ན་འོ་མ་དང་མར་ཕྱེ་དང་ལྡན་པའི་སྐྱོ་བར་སྦྱར་བ་འམ། ཡང་ན་རྒུན་འབྲུ་དང། བི་ད་རི་དང། ཏི་པ་ལ་རྣམས་ལས་གང་ཡང་རུང་བ་ཤ་ཁུ་དང
་ལྡན་པར་སྦྱར་བ་གོང་མའི་སྨན་དང་བཅས་པར་འཐུངས་ན་འཁྲུ་བར་འགྱུར་རོ། །དེ་ལྟར་སློན་ཁྲུས་ཀྱིས་ཁོང་དག་པར་བྱས་པའི་འོག་ཏུ་ཉམས་འཕེལ་ཅིང་རྒྱས་པ་དང་དྲོད་སྐྱེད་པ་དག་སྦྱར་རོ། །གཞན་ཡང་བཟའ་བ་དང་བཏུང་བ་ཡང
་ཤར?་འོང་བ་དང། རུང་ལ་ཕན་པ་རྣམས་དང་ཡང་བ་རྣམས་སྦྱར་ཏེ། འབྲས་དྲུག་བཅུ་པ་དང། གྲོ་དང། ནས་དང། མུང་ག་རྣམས་ལས་གང་ཡང་རུང་བ་སྤངས་པ་འམ། ཆན་དུ་བྱས་ཏེ་བཟའ་བ་དང་ཚོང་མར་སྦྱར་ཏེ་སྦྱིན་ནོ། །གཞན་ཡང
་རའི་འོ་མ་དང། མར་དང་སྲོག་ཆགས་ཤ་ཟ་བའི་ཤ་དང། བྱ་རོག་དང། འུག་པ་དང། གླང་པོ་ཆེ་དང། བ་དང། རྟ་དང་ནེའུ་ལེ་དང། སྦྲུལ་དང། བྱ་རྒོད་དང། ཁྲ་དང། བོང་བུ་དང། རྔ་མོ་དང། དེ་རྣམས་ཀྱི་ཤ་གང་ཡང་རུང་བ་ནད་པལ་གསང
་སྟེ་སྦྱིན་ནོ། །ཅི་སྟེ་ནད་པས་ཚོར་ན་ནི་སྐྱུག་པ་དང། ཉམས་སྟོབས་དང། གཟི་མདངས་འབྲི་བར་འགྱུར་བའི་སྐྱོན་ཡོད་དོ། །མཁྲིས་པ་དང། བད་ཀན་ལས་གྱུར་པའི་ནད་ལ་ནི། རི་དགས་དང་བྱ་ལ་སོགས་པའི་ཤ་གཡོས་སུ་བྱས་པ
་བྱིན་ནོ་ཕན་ནོ། །རླུང་ལས་གྱུར་པ་ལ་ནི་ཕག་རྒོད་ལ་སོགས་པ་རི་དགས་ཆེན་པོ་རྣམས་ཀྱི་ཤ་རྣམས་ལས་གཡོས་སུ་བྱས་པ་ཕན་ནོ། །ཡུངས་ཀར་གྱི་མར་གང་ཡང་རུང་བ་ནད་གཞི་སྟོབས་ཇི་ལྟ་བ་བཞིན་དུ་སྦྱར་བའི་ནང་དུ་སྣུམ་དང།
་ལན་ཚ་དང། སྒེའུ་གཤེར་དང། བཅའ་སྒ་ལ་སོགས་པ་ལེགས་པར་སྦྱར་ཏེ་རོ་དང་ལྡན་པ་ཞིམ་པོར་བྱས་ཏེ་ཉུང་ཤས་སྦྱར་བ་སྦྱིན་པར་བྱའོ། །ཐུག་པ་དང་ཁུ་བཅུད་ལ་སོགས་པའི་ཚོང་མར་རམ། དེ་བཞིན་དུ་ལ་ཕུག་སྐམ་པོ་དང། རྒྱ
་སྲན་གྱི་ཁུ་བཅུད་ལ་ན་ཚ་དང་སྒྲེའུ་གཤེར་དང་ལེགས་པར་སྦྱར་བ་བླུད་ན་ཕན་ནོ། །ར་ཤའི་ཁུ་བ་དང། པི་པི་ལིང་དང། ནས་དང་རྒྱ་སྲན་དང། དོད་ཀྲ་དང། སེའུ་འབྲུ་མ་དང། སྐྱུ་རུ་ར་དང་ལྡན་པར་སྣུམ་ཆེར་བཏབ་པ་བླུད་ན། ཆམ
་པ་དང། ལུད་པ་དང། དབུགས་མི་བདེ་བ་དང། ཀླད་པ་ན་བ་དང། སྐད་འགགས་པ་དང། ཡི་ག་འཆུས་པ་དང། འདི་རྣམས་ལ་ཕན་ནོ། །མཁྲིས་པ་ལ་སོགས་པའི་གཅོད་ཆེན་པོ་ལ་ནི་ཆང་ཤིན་ཏུ་རྙིང་པ་རྩའི་རྒྱུན་སྤྱོད་ནུས་པར
་བླུད་དོ། །ཁྱད་པར་དུ་རྒུན་ཆད་དང། ཨ་རིས་ཤྭའི་ཆང་དང། ཆང་རྣམས་བཏུང་བ་བླུད་དོ། །ཡང་ན་རྩབ་ཆུང་ངུ་ལྔ་བསྐོལ་བ་འམ། བཅའ་སྒ་བསྐོལ་བ་འམ། ཡང་ལ་ལོ་མ་རྣམ་བཞི་བསྐོལ་བ་འམ།
་ཡང་ན་འུ་སུ་དང་བཅའ་སྒ་བསྐོལ་བ་བླུད་དོ། །ཡང་ན་རྩ་བ་ལྔ་ཆུང་ངུ་ཤིན་ཏུ་འབད་བ་དང་བཅས་པས་གཙང་སྦྲ་ཆེར་བྱ་སྟེ། བཟའ་བ་དང་སྦྱར་ལ་བཏང་ན་གཅོད་ཆེན་པོ་དང་རྗེས་སུ་མཐུན་པ་ཡིན་ནོ། །རྩ་བ་བཅུ་འོ་མ་འམ་ཡང་ན
་ཤ་ཁུའི་ནང་དུ་བཙིས་ལ། བ་ལའི་ཕྱེ་མས་བཏབ་པ་མར་དང་སྦྱར་བ་བཟའ་བ་འམ། ཡང་ན་སྲོག་ཆགས་ཤ་ཟའི་ཤ་ཁུའི་ནང་དུ་བ་ལའི་ཕྱེ་མ་བཏབ་པ་བཏུང་འམ། ཡང་ན་མར་དང་མར་གྱི་བཅུ་འགྱུར་གྱི་འོ་མར་ལྷན་ཅིག
་བསྐོལ་བའི་ནང་དུ་བ་ལའི་ཕྱེ་མས་བཏབ་སྟེ། སྒྲང་རྩི་དང་ལྡན་པར་བླུད་དོ། །ཛི་བནྟི་དང། ཤིང་མངར་དང། རྒུན་འགྲུ་དང། དུག་མོ་ཡུངས་ཀྱི་འབྲས་བུ་དང། མ་ནུ་དང། ཟུང་པ་དང། པི་ལིང། ཀཎྜ་ཀཱ་རི་དང། གཟེ་མ་དང། བ་བླ
་དང། ཨུཏཔ་ལ་དང། སྐྱུ་རུ་དང། ཁྱི་ལྕེ་བ་དང། བྱི་ཚེར་བ་དང། འདི་རྣམས་ཕྱེ་མར་བྱས་ཏེ། སྨན་གྱི་བཞི་འགྱུར་གྱི་མར་དང། མར་བཞི་འགྱུར་གྱི་ཆུ་དང་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན། ནད་ཀྱི་རྒྱལ་པོ་རྩ་བ་ནས་འཇོམས་སོ།།
་པྲ་གོ་དང། རྒུན་འབྲུ་དང། མ་དུ་ཀའི་མེ་ཏོག་དང། པ་རུ་ཤ་དང། པི་པི་ལིང་དང། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་བ་ལས་རན་པར་འཐུངས་ན། སྐང་འགགས་པ་དང། ལུད་པ་དང། རིམས་རྣམས་འཇོམས་སོ། །རྩ་བ་བཅུ
་བ་བསྐོལ་བའི་ཁུ་བ་འོ་མ་དང་ཡང་བསྐོལ་བའི་ཡར་སར་པ་པི་པི་ལིང་དང། སྦྲང་རྩི་དང་སྦྱར་བ་ཟོས་ན་སྐད་འགགས་པ་དང། ཀླད་པ་ན་བ་དང། རྩིབ་ལོགས་སུ་ཟུག་པ་དང་གློ་དང། ལུད་པ་དང། དབུགས་མི་བདེ་བ་དང། རིམས་རྣམས
་ལ་ཕན་ནོ། །རྩ་བ་ཆེ་ཆུང་ལྔ་གང་ཡང་རུང་བ་དང། དེའི་བཞི་འགྱུར་གྱི་འོ་མ་དང། འོ་མའི་བཞི་ཆའི་མར་དང་ཚུལ་བཞིན་དུ་བསྐོལ་བའི་མར་དང། ཡང་ན་རྩ་བ་ལྔ་དང། དེའི་གཞི་འགྱུར་གྱི་འོ་མ་དང་ཡང་བསྐོལ་བའི་མར་ལས་རན་པར
་འཐུངས་ན་ཆམ་པ་ལ་སོགས་པའི་གཅོད་ཆེན་པོའི་ནད་ཀྱི་སྟོབས་བདུན་འཇོམས་པར་བྱེད་དོ། །ཚ་བ་རྣམ་ལྔ་དང། ནས་ཚིག་འཁུས་པའི་ཐལ་བ་དང། འདི་རྣམས་སྲང་རེ་རེ་དང། མར་པྲེ་གང་དང་མར་དང་མཉམ་པའི་འོ་མ་དང། འོ
་མའི་སུམ་འགྱུར་གྱི་ཆུ་དང་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན། རྩ་རྒྱུན་རྣམས་སྦྱོང་ཞིང། སྐྲན་དང། རིམས་དང། དམུ་རྫིང་དང། མཆེར་བ་དང། ཕོ་བའི་ནད་དང། སྐྱ་རྦབ་དང། ཆམ་པ་དང། དབུགས་མི་བདེ་བ་དང། ལུད་པ་དང། མེ
་དྲོད་ཉམས་པ་དང། སྐྲང་བ་དང། རླུང་སྟོད་དུ་ཞུགས་པ་རྣམས་ལས་རྒྱལ་ལོ། །ཡང་ན་ར་སྣ་དང། བ་ལ་དང། གཟེ་མ་དང། ས་ལ་པརྫི་དང། བ་སྦྲུ་བ་རྩ་བ་དཀར་པོ་ཅན་དང། དེ་རྣམས་བསྐོལ་བའི་ནད་དུ། ཛི་བནྟི་དང། པི་པི་ལིང་དང། འོ་མ
་མར་དང་ཚུལ་བཞིན་བསྐོལ་བ་འཐུངས་ན། གློ་གཅོད་སྐེམ་བྱེད་ལས་རྒྱལ་ལོ། །ཡང་ན་ཨ་ཤྭ་གནདྷ་དང། འོ་མ་བསྐོལ་བ་དཀྲུགས་ཏེ། མར་བྱུང་བ་དེ་འོ་མ་དང། ཁ་ར་དཀར་པོ་སྦྱར་བ་འཐུངས་ན། གློ་གཅོད་ཟད་བྱེད་རྣམས་སེལ་བར་བྱེད་དོ།།
་སྲོག་ཆགས་ཤ་རན་པ་ཁུང་ན་གནས་པ་དང། གཞན་ཡང་ཤ་རན་པ་རྣམས་ཀྱི་ཤ་སྲང་བརྒྱ་དང། ཆུ་སྲང་སྟོང་ཉི་ཤུ་རྩ་བརྒྱད་བསྐོལ་ཏེ། བཞི་ཆ་སྲང་རྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ། འཚོ་བྱེད་སྡེ་བཅུ་སྲང་རེ་རེ་ཕྱེ་མར་བྱས་ནས
་མར་སྲང་སུམ་ཅུ་རྩ་གཉིས་བཅུག་སྟེ། ཚུལ་བཞིན་བསྐལ་ལ་མར་དང་ཤ་ལུས་པ་དང། དེ་ལས་རན་པར་ཟས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་གཅོད་ཆེན་པོ་དང། རླུང་ནང་མ་ལུས་པ་དང། དབུག་མི་བདེ་བ་དང། སྙིང་དང།
་རྩིབ་ལོགས་སུ་ཟུག་པ་དང། ལུས་སྐེམས་པར་བྱེད་པ་དང། སྐད་འགགས་པ་དང། འདི་རྣམས་ལས་རྒྱལ་བར་བྱེད་དོ། །སུག་སྨེལ་དང། ཏིངམུ་ས་དང། འབྲས་བུ་གསུམ། རྒྱམ་ཚ་དང། ཚ་བ་གསུམ་དང།
་ཙི་ཏྲ་ཀ་དང། ས་ར་ན་དང། ནིམྦ་དང། སེང་ལྡེང་དང། ས་ལ་བི་ཛ་དང། བསེ་ཤིང་གི་འབྲས་བུ་དང། པི་དང་ཀ་དང། འདི་རྣམས་སྲང་བརྒྱད་བརྒྱད་བདང། ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ། སྲང་བཅུ་དྲུག་ལུས
་པ་དང། དེའི་ནང་དུ་ཡང་མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསྐོལ་ཏེ། མར་འབའ་ཞིག་ལུས་པའི་ནང་དུ་ཅུ་གང་སྲང་དྲུག་དང། ཁ་ར་སྲང་ཅུ་དང་སྦྲང་རྩི་སྲང་སྲུག་ཅུ་རྩ་བཞི་དང། དྲི་སྣ་གསུམ་སྲང་རེ་རེ་དང། འདི་རྣམས
་ཁ་གཟར་གྱིས་དཀྲུགས་ཏེ། བཅུད་ཀྱི་ལེན་བཞིན་དུ་ཆོ་ག་མེད་པར་སྔ་དྲོ་དེ་ལས་རན་པར་ཟོས་ལ་བཏུང་བར་འོ་མ་བླུད་ན། བློ་དང། མིག་གསལ་བ་དང། ཚེ་རིང་བ་དང། མེ་དྲོད་སྐྱེད་པ་དང། དེ་བཞིན་དུ་གཅིན་ནད་དང། སྐྲན
་དང། གློ་འགྲམ་པའི་ནད་དང། སྐྱ་རྦབ་དང། མཚན་བར་རྡོལ་བ་རྣམས་འཇོམས་སོ། །གང་གློ་འགྲམས་པའི་ནད་ལ་མར་དང་བུ་རམ་བཤད་པ་འདིར་ཡང་གློ་གཅོད་ཟད་བྱེད་པ་ཡང་སྦྱར་རོ། །ཤིང་ཚ་དང། སུག་སྨེལ་དང། པི་པི་ལིང
་དང། ཅུ་གང་དང། ལི་ཁ་ར་དང། དེ་རྣམས་ཡམས་ཀྱི་རིམས་བཞིན་དུ་ཉིས་འགྱུར་གྱིས་བསྐྱེད་པའི་ཕྱེ་མ་བཟའ་བ་འམ། ཡང་ན་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ལྡགས་ན། དབུགས་མི་བདེ་བ་དང། སྐད་འགགས་པ་དང། ལུད
་པ་དང། གློ་གཅོད་ཟད་བྱེད་དང། རྩིབ་ལོགས་ན་བ་དང། བད་ཀན་རྣམས་འཇོམས་པར་བྱེད་དེ། ཁྱད་པར་དུ་གློ་གཅོད་ལ་ཕན་ནོ། །སྐད་འགགས་པར་འགྱུར་བས་སྣ་སྨན་དང། དུང་བས་བདུག་པ་ལ་སོགས་པའི་ཆོ་ག་བྱའོ། །དེ་ལ་རླུང
་ལས་གྱུར་པའི་སྐད་འགགས་པ་ལ་ནི་ཀ་སམྦར་ཀ་དང། ཀཎྚ་ཀཱ་རི་དང། བྲིང་ག་ར་ཛ་དང། འདི་རྣམས་ཀྱི་རང་གི་ཀུ་བ་མར་བསྐོལ་བ་ལས་རན་པར་འཐུངས་ན། ལུད་པ་དང་སྐད་འགགས་པ་ལས་རྒྱལ་བར་བྱེད་དོ། །ཡང་ན་ཨཾ་ཏ་ར་ཀ
་ལམ་ཞེས་བྱ་བའི་མར་འཐུངས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་རྒྱ་ཤུག་ཀྱི་ལོ་མ་བཏགས་པའི་ཕྱེ་མ་མར་དང་བརྡོས་པའི་ནང་པུ་ལྕེ་མྱང་ཚ་བཏབ་པ་ཟན་གོང་དུ་འཐུངས་ན་ཕན་ནོ། །ཡང་ན་མ་དུ་ཀ་དང་རྒུན་འབྲུ་དང། པི་པི
་ལིང་དང། བི་དང་ཀ་དང། ཧན་ས་པ་དའི་རྩ་བ་དང། འདི་རྣམས་བཏགས་པའི་ཏིལ་མར་བསྐོལ་བ་སྣར་བླུགས་སོ། །འབྲས་ཆན་མར་དང་བུ་རམ་དུ་བཅས་བ་འམ། ཡང་ན་འོ་ཐུག་མར་དང་བུ་རམ་དུ་སྦྱར་བ་བཟའ་སྟེ། དེའི་འོག་ཏུ་ཆུ་དྲོ་འཇམ
་ཙམ་བཏུང་སྟེ། སྣུམ་བཅོས་དང། དུགས་བྱས་ན་རླུང་གིས་སྐད་འགགས་པ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་ལ་ནི། ཤིང་འོ་མ་ཅན་གྱི་མྱུ་གུ་ཆམ་ཆོམ་བརྡུབས་པ་འམ། ཡང་ན་བཏགས་པའི་ཕྱེ་མ་མར་དང་ཚུལ
་བཞིན་བསྐོལ་ཏེ་བསྒངས་པའི་ནང་དུ་སྦྲང་རྩི་བཏབ་ཏེ་བྱིན་ལ་སྐོམ་དུ་འོ་མ་བསྐོལ་བ་གྲངས་པ་བླུད་དོ། །ཡང་ན་ཤིང་མངར་དང་སྦྱར་བའི་འོ་ཐུག་བཏུང་བ་འམ། ཡང་ན་བ་ལང་ས་ལ་པ་ཎི་ལ་སོགས་པ་སྦྱར་བ་འམ་ཡང་ན་བི་ད་རི
་འམ་ཤིང་མངར་དུ་སྦྱར་བ་བསྐོལ་བའི་མར་དང་ལན་ཚ་དང་བཅས་པ་སྣར་བླུགས་པ་བྱས་ན་སྐད་གསལ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་པྲ་པུཎྜ་རཱི་ཀ་དང། ཤིང་མངར་དང། པི་པི་ལིང་དང། བྲི་ཧ་ཏཱི་དང། བ་ལ་རྣམས་འོ་མ་དང་མར
་དུ་སྦྱར་བ་བསྐོལ་བ་སྣར་བླུགས་ན་ཡང་མཁྲིས་པའི་སྐད་འགགས་པ་སེལ་བའི་མཆོག་ཡིན་ནོ། །ཡང་ན་མངར་བའི་སྨན་ཛི་བནྟིའི་སྡེ་ཚན་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་པའི་སྐད
་འགགས་པ་ལ་ནི་སྨན་ཚ་བ་ན་ལེ་ཤམ་ལ་སོགས་པའི་བཟའ་བ་དང་བ་གཅིན་བཏུང་བ་དང། རྩུབ་པ་རྣམས་སྦྱར་རོ། །ཀཏཔ་ལ་དང་སྐྱུ་རུ་ར་དང། ཚ་བ་གསུམ་དང་དེ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང། སྦྲང་རྩི
་དང་ལྡེ་གུར་བྱས་པ་འམ། ཡང་ན་ཚ་བ་གསུམ་དང། ཡ་བཀྵར་དང། ཀྲུ་ཏྲུག་ཏྲེས་དང། དབྱི་མོང་དང། ག་བྲའི་རྩ་བ་དང། ཨ་རུ་ར་དང་དེ་རྣམས་སྦྲང་རྩི་ལྡེ་གུར་བྱས་པ་འམ། ཡང་ན་ནས་ཀྱི་ཐུག་པ་པི་པི་ལིང་དང་སྐྱུ་རུ་ར་དང
་སྐྱུར་བ་འམ་ཡང་ན་ནས་ཐུག་གཅིག་བུ་མར་དང་ཏིལ་མར་དང་སྦྱར་བ་འཐུངས་ན། བད་ཀན་གྱི་སྐད་འགག་པ་ཞི་བར་བྱེད་དོ། །ཡང་ན་པི་པི་ལིང་དང། བཅའ་སྒ་སྔར་ཟོས་ལ། དེའི་འོག་ཏུ་སྨན་རྣོ་བ་དང་སྦྱར་བའི་སྐྱུག་སྨན་བཏང་ངོ།།
་སྐད་དྲགས་པ་ལས་སྐད་འགགས་པ་ལ་ནི་སྨན་མངར་བའི་སྡེ་ཚན་འོ་མ་དང་བསྐོལ་བའི་ནང་དུ་ཁ་ར་དང་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །ཡི་ག་འཆུས་པ་ལ་ནི་ཕན་པ་དང། མི་ཕན་པ་སྣ་ཚོགས་བསྲེས་ལ་སྦྱིན་ནོ། །དེ་བཞིན་དུ་ཕྱི
་ནད་གཉིས་ཀ་ནས་ཁྲུས་བྱས་ཏེ། སེམས་དགའ་བར་བྱ་བ་དང། ཡི་གར་འོང་བའི་སྨན་སྦྱིན་ནོ། །དེ་ནས་དུས་གཉིས་སོ་ཤིང་བཅའ་ཞིང་བསྐ་བའི་སྨན་ཏིན་དུ་ཀ་ལ་སོགས་པས་ཁ་བཀྲུ་ཞིང་མུར་བར་བྱའོ། །ཡོད་ན་ཁར་སྨན་གྱི
་དུད་པའི་སྦྱོར་བ་བདུག་གོ། ཡང་ན་བལ་བུའི་ཕྱེ་མའི་སྦྱོར་བའི་རི་ཁུང་བྱས་པ་འམ། ཡང་ན་ཟླ་བའི་འོད་ཅེས་བྱ་བའི་ཟས་ཁར་དཀར་པོ་དང་ག་བུར་དང་ལྡན་པར་བྱས་ཏེ་ཟོས་ན། ཡི་ག་འབྱེད་པའི་མཆོག་ཡིན་ནོ། །དེ་ལ་རླུང་ལས་གྱུར
་པའི་ཡིག་འཆུས་པ་ལ་ནི། ཧ་རེ་ནུ་ཀ་དང། པི་པི་ལིང་དང། བི་དང། དང། རྭ་སྣ་དང། རྒྱམ་ཚ་དང། དོང་ཀྭ་དང། སུག་སྨེལ་དང། ག་བྲའི་རྩ་བ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཤང་ཀུན་དང་འདི་རྣམས་ཀྱི་ཕྱེ་མཚང་གི་དངས
་མ་འམ། ཡང་ན་མར་དང་སྦྱར་ཏེ་བཏང་ངོ། །ཡང་ན་ཤུ་དག་གི་ཆུས་སྨན་དུ་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་བུ་རམ་དང་ཆུ་སྦྱར་བས་ཁྲུས་བྱའོ། །ཡང་ན་ཁ་ར་དང། མར་དང་ལན་ཆའི་མཆོག་དང་སྦྲང་རྩིར
་སྦྱར་བའི་ལྡེ་གུར་སྦྱིན་ནོ། །བད་ཀན་ལས་གྱུར་པའི་ཡིག་འཆུས་པ་ལ་ནི་ནིམཔ་བསྐོལ་བའི་ཆུས་སློན་བྱའོ། །བཏུང་བར་ནི་ཏིངམུ་ས་དང། དོང་ཀ་བསྐོལ་པའི་ཆུ་འམ། ཡང་ན་སྨན་རྣོ་བ་དང་སྦྱར་བའི་ཨ་རི་ཤཊའི་ཆང་ངམ། རྒུན་ཆང་ངམ།
་སྦྲང་ཆང་རྣམས་ལས་གང་ཡང་རུང་བ་བླུད་དོ། །ཡང་ན་གོང་དུ་བཤད་པའི་ཧ་རེ་ནུ་དང། པི་པི་ལིང་ལ་སོགས་པའི་ཕྱེ་མ་ཆུ་དྲོན་པོ་དང་སྦྱར་བ་བླུད་དོ། །སུག་སྨེལ་དང། ཤིང་ཚ་དང། ན་ག་པུཥཔ་དང། ན་ལ་ཤམ་དང། པི་པི་ལིང་དང།
་བཅའ་སྒ་དང། འདི་རྣམས་ཡས་ཀྱི་རིམས་བཞིན་དུ་ཆ་རེས་སྐྱེད་པ་ཕྱི་མར་བྱས་ལ་ཅི་དང་མཉམ་པའི་ཁ་ར་དང་བཅས་པ་ཟོས་ན། ཆམ་པ་དང། ཡི་ག་འཆུས་པ་དང། སྙིང་ན་བ་དང། ལུད་པ་དང། དབུགས་མི་བདེ་བ་དང། མགུལ་པའི
་ནད་རྣམས་འཇོམས་སོ། །ལ་ལ་བུང་དང། ད་དྲིད་དང། སྟར་བུ་དང། བཅའ་སྒ་དང། སེའུ་འབྲུ་དང། རྒྱ་ཤུག་དང། དེ་རྣམས་ཞོ་གཉིས་གཉིས་དང། ཁ་ར་སྲང་བཞི་དང། འུ་སུ་དང། ཁ་རུ་ཚ་དང། གོ་སྙོད་དང། ཤིང་ཚ་དང། འདི་རྣམས་ཞོ་རེ་རེ་དང། པི་པི
་ལིང་འབྲུ་བརྒྱད་དང། ན་ལེ་ཤམ་ཉིས་བརྒྱ་དང། དེ་རྣམས་ཀྱི་ཕྱེ་མས་ནི་ཡི་ག་འཕྱེད་མེ་དྲོད་སྐྱེད། ཕྱི་ས་འགགས་བ་དང། ལུད་པ་དང། སྙིང་ག་དང། རྩིབ་ལོགས་སུ་ཟུག་པ་མཆེར་བ་དང། གཞང་འགྲམ་དང། ཕོ་བའི་ནད་སེལ་ཏོ། །བལ་བུའི་ལོ
་མ་དང། ན་ལོ་ཤམ་དང། དོད་གྲ་དང། པི་པི་ལིང་དང། དེ་རྣམས་གོ་རིམ་བཞིན་དུ་དང་པོའི་ཆ་རེས་སྐྱེར་པ་དང། ཤིང་ཚ་དང། སུག་སྨེལ་བལ་བུའི་ཕྱེ་མ་དང། པི་པི་ལིང་གི་བརྒྱད་འགྱུར་གྱི་ཁ་ར་དཀར་པོ་དང། དེ་རྣམས་ཀྱི་ཕྱེ་མ་ནི། ཡི་ག་འཆུས
་པ་དང། མེ་དྲོད་སྐྱེད་པ་དང། ལུད་པ་དང། དབུགས་མི་བདེ་བ་དང། ཟས་ཡི་གར་མི་འོང་བ་དང། སྐྱུག་པ་དང། མཆེར་པ་ན་བ་དང། སྙིང་ན་ང་དང། རྩིབ་ལོགས་སུ་ཟུག་པ་དང། སྐྱ་རྦབ་དང། རིམས་དང། འཁྲུ་བ
་དང། ནད་དེ་རྣམས་ལས་རྒྱལ་བར་བྱེད་དོ། །ན་ག་པུཥཔ་སྲང་ཕྱེད་དང། ཤིང་ཚ་དང། སུག་སྨེལ་ཞོ་གཉིས་གཉིས་དང། གནད་པ་ཏྲ་སྲང་ཕྱེད་དང། དེ་རྣམས་ཀྱི་ཕྱེ་མ་བུ་རམ་རྙིང་པ་སྲང་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་བསྐོལ་བ་ཞོ
་གཉིས་ཙམ་གྱི་རི་ལུ་བྱས་ཏེ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཤིང་ཨརྒ་དང། སླེ་ཏྲེས་བསྲེས་པའི་ཐལ་བ་ཆུ་དང་བསྲེས་པའི་ནང་དུ། ནང་ནུབ་གཅིག་སྤངས་ཏེ་ཆམ་པ་ཅན་ལ་ཟན་དུ་བྱས་ཏེ་སྦྱིན་ནོ། །ནད་པ་ཉམས་སྟོབས་དང
་ལྡན་པ་ཡིན་ན་སློན་བྱའོ། །སློན་བྱས་པའི་འོག་ཏུ་སྲོག་ཆགས་ཐང་ལ་གནས་པའི་ཤ་སྨན་ཚབ་དང་ཁ་བ་སྦྱར་བ་ཐུར་མ་ལ་བསྲེགས་ཏེ། སྐམ་པ་དང་ཡང་བའི་ཟས་བཏུང་བ་ནི་སྲན་མ་ཙ་ན་ཀ་ལ་སོགས་པ་ཡང་སྦྱར་རོ། །བད་ཀན་ལས
་གྱུར་པའི་ཆམ་པ་ནི། རླུང་གིས་བད་ཀན་བསྐྱོད་པ་ཡིན་ཏེ། དེ་བས་ན་དེ་ལ་ནི་སྨན་པ་མཁས་པས་སྣུམ་བ་དང་དྲོ་བ་ཉིད་ཀྱིས་ཞི་བར་བྱ་སྟེ། ཆམ་པའི་ནད་གསོ་བ་དང། སྐྱུག་བྲོ་བའི་ནད་ཀྱི་གསོ་བ་དང་མཐུན་པས་གང་གི་སྦྱོར་བ་བྱས་ཀྱང
་ཕན་ནོ། །ཁྱད་པར་དུ་ཆམ་པ་ལ་ནི། ལྷག་པར་སྣུམ་བཅོས་དང། སྐུ་མཉེ་དང་དུགས་བསྟེན་པར་བྱའོ། །དུགས་ནི་ཟན་གྱི་ལྷན་པའི་དུགས་བྱ་སྟེ། ཤ་ཁུ་དང་སྣུམ་དང། ལན་ཚ་དང། སྨན་རྣོན་པོ་སྐུར་དང་སྦྱར་བའི་ཟན་དུགས་ཀྱིས་མགོ་དང་མགུལ
་བ་དང། རྩིབ་ལོགས་སུ་ན་བ་རྣམས་ལ་ནི། ནད་གཞི་ཇི་ལྟ་བ་བཞིན་དུ་གསོ་བའི་ཆོ་ག་དེ་ལྟར་བྱའོ། །ཆུ་དང་ཐང་གཉིས་ཀ་ལ་གནས་པའི་ཤ་རྣམས་ལན་ཚ་སྣུམ་བཞི་དང་ལེགས་པར་དུགས་བྱའོ། །བད་ཀན་དང་མཁྲིས་པར་ལྡན་པའི་ནད་ལ་ནི།
་ཤུ་ཏི་དང། ཤིང་མངར་དང། རུ་རྟ་དང། རྒྱ་སྤོས་དང། ཙན་དན་དར་སྦྱར་བའི་བྱུག་པ་མར་དང་བཅས་པའི་བསྐུ་བྱུག་དང་ལྡན་པ་ནི་ནད་པ་ལ་འདོད་པ་ཡིན་ནོ། །དེ་བཞིན་དུ་བ་བླ་དང། རྭ་སྣ་དང། ཏིལ་དང་མར་དང། ཤིང་མངར་དང། ཨུཏཔ་ལ
་སྦྱར་བའི་ཕྱེ་མ་གོང་མ་ལྟར་སྦྱར་བ་ཡང་ཕན་ནོ། །བ་སྤྲུ་བ་དང། ཤི་ཀྲུ་དང། བ་བླ་དང། རམ་ཉེ་བ་དང། བི་ད་ར་དང། དེ་རྣམས་ཡང་གོང་མ་བཞིན་དུ་བྱུག་པ་བྱས་ན་ཡང་དེ་དང་འདྲའོ། །དེ་བཞིན་དུ་ཀླད་པ་དང། རྩིབ་ལོགས་དང། མགུལ་པ་ན་བ་ལ་ནི
་སྣང་བླུགས་པ་དང། དུ་བ་རྡུབ་པ་དང། ཟན་ཟོས་པའི་འོག་ཏུ་སྣུམ་སྦྱིན་པ་དང། བསྐུ་བར་འོས་པའི་འབྲུ་མར་གྱིས་བསྐུ་བ་དང། མས་བཏང་བ་རྣམས་ཕན་པའི་ཆོ་ག་བྱའོ། །དེ་བཞིན་དུ་མགོ་དང་རྩིབ་ལོགས་སུ་མགུལ་པ་ན་བ་ལ་ནི། ནད་གཞི་ཇི་ལྟ་བ
་བཞིན་དུ་ཁྲག་དབྱུང་སྟེ། རླུང་ལས་ནི་རྔབས་རུས་བྱའོ། །མཁྲིས་པ་ལ་ནི་སྲིན་བུ་པདྨས་བྱའོ། །བད་ཀན་ལ་ནི་ཀུ་བས་ཁྲག་དབྱུང་ངོ། །གཏར་བའི་རྨ་ལ་ཤུག་པ་དང། བུ་ཤེལ་ཙི་དང། ཙན་དན་བཏགས་པའི་ཕྱེ་མ་མར་དང་སྦྱར་བ་འམ། ཡང་ན
་དུར་བ་དང། ཤིང་མངར་དང། བཙོང་དང། ན་གཱ་གེ་སར་མར་དང་སྦྱར་བས་བསྐུ་བ་འམ། ཡང་ན་ནྱ་གྲོ་དྷའི་སྡེ་ཚན་མར་དང་སྦྱར་བ་འམ། ཡང་ན་མར་ལན་བརྒྱ་ཆུ་དང་བཀྲུས་པ་འམ། ཡང་ན་འོ་མས་བཀྲུ་བ་འམ། ཡང་ན་ཤིང་མངར་གྱི
་ཆུས་བཀྲུ་བ་རབ་ཏུ་བསྔགས་སོ། །གཅོད་ཆེན་པོའི་ནད་དེས་མེ་དྲོད་ཉམས་ཏེ་ཤས་ཆེར་བེའུ་སྣམས་དང་བཅས་ཏེ་འཁྲུ་བར་གྱུར་ན་ནི། ཕོ་བའི་ནད་ཀྱི་འཁྲུ་བ་གསོ་བ་ཇི་ལྟ་བ་བཞིན་དུ་བྱས་ན་ཕན་ནོ། །ལུས་ཟུངས་ཟད་དེ་གཅོད་ཆེན་པོའི་ནད་ཀྱིས
་ཤ་སྐེམས་པར་གྱུར་ཅིང་ཕྱི་སའི་སྟོབས་ཉི་ཚེ་ཡོད་པ་ལ་ནི། དེ་ཉིད་ཀྱི་སྟོབས་མི་འགྱུར་བར་བསྲུང་བར་བྱའོ། ཤ་ཉེ་ཚེ་རན་པར་ཟོས་ལ་དེའི་འོག་ཏུ་བཏུང་བ་ནི་རྒུན་ཆད་བླུད་དོ། །གཅོད་ཆེན་པོའི་ནད་ལ་མི་བཤད་པ་ཕྱིར་མི་འབྱུང་བར་བསྡམས
་ཀྱང་ནང་དུ་གནོད་པར་མི་འགྱུར་རོ། །གཅོང་ཆེན་པོ་ལ་ནི་བཤའི་བཟའ་བ་དང། རྒུན་ཆང་དང། ཆང་གི་སྙིང་པོ་དང། ཨ་རིཥྚའི་ཆང་དང། སྦྲང་ཆང་དང། འདི་རྣམས་གང་རྙེད་པ་བླུད་ན་ཕན། །རྩའི་རྒྱུན་འགགས་པ་སྦྱད་བ་དང
་ཉམས་སྟོབས་དང། གཟི་མདངས་བསྐྱེད་པར་བྱ་བའི་ཕྱིར་ལུས་སྣུམ་གྱིས་བསྐུས་ལ། ཤིང་སྒྲོམ་གྱི་ནང་དུ་སྣུམ་ཉི་ཚེ་འམ། འོ་མ་འམ་ཆ་གང་ཡང་རུང་བ་ཆུ་དྲོན་པོས་བཀད་ལ་དེའི་འོག་ཏུ་ལུས་སྦྱང་ངོ། །དེ་ནས་ཕྱིར་བྱུང་སྟེ་བདེ་བར
་འདུག་པ་ལ་མར་དང་ཏིལ་མར་བསྲེས་པས་ལུས་བསྐུ་བྱུག་བྱས་ལ་ལག་པས་དལ་གྱིས་མཉེས་ཏེ། བག་ཕྱེའི་ལྡེ་གུས་དྲིལ་བར་བྱའོ། །དེ་ནས་ཡང་ཛི་བནྟེ་དང་དུརྦ་དང། བཙོད་དང། བ་སྤྲུ་བ་དང། ཤང་ཤ་གྷནདྷ་དང། ཨ་པ་མརྒ་དང
་ཨགན་མནྠ་དང། ཤིང་མངར་དང། བ་བླ་དང། བི་ད་རི་དང། ཡུངས་ཀར་དང། གླ་སྒང་དང། འབྲས་དང། ཟར་མ་དང། མོན་སྲན་གྲེའུ་དང། ཏིལ་དང། ཕབས་དང། འདི་རྣམས་ཅིག་ཅར་བཏགས་ཏེ། སྨན་སྤྱིའི་སུམ་འགྱུར་གྱི་ནས་ཕྱེ་དང་ཞོ་དང
་སྦྲང་རྩི་དང་དེ་ལྷན་ཅིག་སྦྱར་བའི་ལྡེ་གུས་ལུས་དྲིལ་ཏེ། བསྐུས་ན་ཉམས་བརྟ་ཞིང་ཤ་སྐྱེ་ལ་མདོག་བཟང་བར་འགྱུར་རོ། །ཡུངས་ཀར་བཏགས་པའི་ཕྱེ་མ་དང། ཛི་བནྟེའི་སྡེ་ཚན་དང། སྤོས་དྲི་ཞིམ་པོའི་ཁྲུས་རྩི་བཅུག་ལ་དུས་དང་མཐུན
་པའི་ཆུས་ཁྲུས་བྱས་ལ། དེའི་འོག་ཏུ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བ་ལ་སོགས་པ་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། བརྟེན་པ་ལ་སོགས་པ་བྱས་ན་བཀྲ་མི་ཤིས་པ་ལ་སོགས་པ་འཇོམས་སོ། །གཞན་ཡང་གཅོད་ཆེན་པོ་ལ་ནི། གཉེན
་བཤེས་ཡིད་དུ་འོང་བ་བལྟ་བ་དང། གླུ་དང་སིལ་སྙན་རྣམས་སྙན་པ་དང། མར་དང་འོ་མ་དང་བཅས་པའི་འཇམ་རྩི་མས་བཏང་བ་དང་ཤ་དང་སྣ་ཚོགས་བསྟེན་པ་དང། ལྷ་ལ་མཆོད་པ་དང། གཏོར་མ་བཏང་བ་དང། བཀྲ་ཤིས་དང། སྦྱིན
་སྲོག་ལ་སོགས་པ་བྱས་པ་དང། དེ་བཞིན་དུ་སྲིད་སྲུང་གི་རིག་བྱེད་ལས་འབྱུང་བའི་མཆོད་པ་ཡང་འདིར་སྦྱར་རོ། །གསོ་བའི་གནས་ལས་གཅོང་ཆེན་པོ་གསོ་པའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།དེ་ནས་རྟག་ཏུ་སློན་པའི་ནད་དང་སྙིང་ནད་གསོ་བ
་དང་སྐོམ་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །སློན་པའི་ནད་མ་ཞུ་བའི་གནས་ནས་ཕལ་ཆེར་འབྱུང་སྟེ། རླུང་ལས་གྱུར་བ་མ་གཏོགས་པར་དང་པོ་སྨྱུང་བ་བྱས་ན་ཕན་ནོ། །དེ་ལ་ནད་ཕལ་ཆེར་གཡོས་ཏེ་རྟག་ཏུ་མང་དུ་སློན་ཞིང་ཉམས་སྟོབས
་དང་ལྡན་པ་ལ་ནི་སྐྱུགས་སྨན་བཏང་བར་བྱའོ། །དེའི་འོག་ཏུ་རིམས་ཀྱིས་སྙིང་ལ་ཕན་པའི་བཀྲུ་སྨན་རྒུན་ཆང་ལ་སོགས་པ་འམ། རྒུན་འབྲུམ་ལ་སོགས་པ་འབྲས་བུའི་ཁུ་བ་གང་ཡང་རུང་འོ་མ་དང་ལྷན་ཅིག་བཏང་བར་བྱ་སྟེ། ཉེས་ང་གྱེན
་དུ་འབྱུང་བ་རྣམས་ཐུར་དུ་བཀྲུ་བར་བྱའོ། །ཉམས་སྟོབས་ཆུང་བ་ལ་ནི་རྩུབ་པའི་སྨན་འབྲས་ཡོས་ཀྱི་ཐུག་པ་ལ་སོགས་པས་ཞི་བར་བྱེད་དོ། །དེ་ནས་ཟས་ཤིན་ཏུ་བསྐ་བ་ཞིམ་ཞིང་ཡི་གར་འོང་བ་རན་པར་བཟའ་བ་དང། མྱུང་བ་བྱ་བ་ནི་རབ་ཏུ་བསྔགས་སོ།།
་མན་སྲན་སྡེའུ་ལ་སོགས་པ་བརྔོས་པའི་ཡུ་ཤ་དང། ཏིལ་བརྔོས་ཏེ་ཆམ་ཆོམ་བརྡུངས་ལ་ཆུ་དང་ལྷན་ཅིག་སྤངས་ཏེ་སྐྱུར་པོར་གྱུར་པ་ཨམྦི་པ་ལ་ཀ་ཞེས་བྱ་བ། ལ་ཕུག་སྐམ་པོ་དང། ཤིང་ཏོག་ལྕི་ལ་སོགས་པའི་སྐམ་པོ་ཆམ་ཆོམ་བརྡུངས
་ཏེ། ཆུ་ནང་དུ་སྤངས་པ་སྐྱུར་པོར་སོང་བ་ནི་ཁ་ལ་ཞེས་བྱ་སྟེ། འདི་རྣམས་ཟས་དང་ལྷན་ཅིག་བཟའ་ཨོ། །ཚོད་མ་ནི་མདོའི་གནས་སུ་བསྟན་པ་རྣམས་དང། ལྷག་པ་དང། ནར་མའི་ཟས་དང། བཏུང་བ་དྲི་སྣ་གསུམ་ཆུ་དང་བསྐོལ་བའི་ནང་དུ་སྦྲང་རྩི་བཏབ་
་པ་དང། ཡང་ན་དྲི་གསུམ་ཆུའི་ནང་དུ་བསྐོལ་བའི་སེའུ་ཡིས་བཏབ་པའི་བཏུང་བ་དང། བག་ཆོས་ལ་བྱས་པའི་ཁུ་བ་སྣ་ཚོགས་ལེགས་པར་སྨིན་པ་ལ་ཐུ་ལ་སོགས་པ་དང། གཞན་ཡང་མ་དོའི་གནས་སུ་བསྟན་པའི་འབྲས་བུ་རྣམས་དང། དྲི
་ཞིམ་པོ་དང་སྦྱོར་བའི་ཆུས་ལུས་བཀྲུ་བ་དང། རྒྱ་མཚོའི་དབུ་བ་ལ་སོགས་པས་ལུས་ཀྱི་བདར་བྱ་བ་དང། ཟོས་ཟོས་པའི་འོག་ཏུ་འཕྲལ་ལ་གདོང་དུ་ཆུ་གྲང་མོས་གཏོར་ཞིང་དྲི་ཞིམ་པོ་དང་ལྡན་པ་སྟེ། དེ་ཡང
་མེ་ཏོག་དང་འབྲས་བུ་དང་བཟའ་བ་དང་བཏུང་བ་ལས་བྱུང་བ་དྲི་ཞིམ་པོས་ཀྱང་བདུག་པར་བྱའོ། །དེ་ལྟར་བསྟན་པའི་རིམ་པ་ནི་སྐྱུག་སྨན་གྱི་ཆོ་ག་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་རྟག་ཏུ་སྐྱུག་པའི་ནད་ལ་ནི་མར་ཁུ
་དྲོ་འཇམ་ཙམ་རྒྱམ་ཚ་དང་ལྡན་པར་འཐུངས་ན་ཕན་ཏེ། ཁྱད་པར་དུ་ལུད་པ་དང་སྙིང་འཛག་པར་འགྱུར་རོ། །ཡང་ན་ཚ་བ་གསུམ་དང་སྦྱར་བའི་མར་དང། ལན་ཚ་རྣམ་གསུམ་དང་ལྡན་པར་བཟའ་བ་དང། བལ་པོ་སེའུ་སྦྱར་བའི
་མར་ཁུ་བླུད་ན། རླུང་ལས་གྱུར་པའི་སྐྱུག་པའི་ནད་སེལ་ཏོ། །ཡང་ན་ཞོ་དང་མར་བསྲེས་པའི་ནང་དུ་འུ་སུ་དང་བཅའ་སྒ་བཏབ་པས་བླུད་ན་ཕན་ཡོན་གོང་མ་དང་འདྲའོ། །གོང་དུ་སྨོས་པའི་ཆོ་ག་སྤྱིར་སྨོས་པ་ནི་ཐམས་ཅད་ལ་སྦྱར་བར
་བྱའོ། །ཡང་ན་ཆུ་དང་འོ་མ་ཆ་མཉམ་པ་འཐུངས་ན། སྐྱུག་པའི་ནད་རླུང་ལས་གྱུར་པ་སེལ་ཏོ། །བྱེ་བ་སྐྱི་རི་ཞེས་བྱ་བ་ཁྱིམ་བྱ་ལ་སོགས་པའི་ཤ་ཁུ་བལ་པོ་སེའུ་ལ་སོགས་པ་སྐྱུར་བ་དང་ལྡན་པའི་ནང་དུ་རྒྱམ་ཚ་དང་མར་ཤས་ཆེར་
་བཏབ་ཏེ་བླུད་ན་ཡང། རླུང་ལས་གྱུར་པའི་སྐྱུག་པའི་ནད་སེལ་ཏོ། །བཟའ་བ་ནི་སྣུམ་དང་ལྡན་ཞིང་བཅའ་སྒ་དང་ཞོ་དང་བལ་པོ་སེའུ་དང་རྒྱམ་ཚ་དང་བཅས་པར་སྦྱར་བའི་དྲོན་པོ་བཟའ་བར་བྱའོ། །རླུང་ལས་གྱུར་པའི་སྐྱུག་པའི་ནང
་འདི་ལ་ནི། སེང་འཕྲོམ་ལ་སོགས་པའི་བཀྲུ་སྨན་དང་ལན་ཚ་དང་བཅས་པའི་དྲོ་འཇམ་ཙམ་བཏང་ན་ཞི་བར་བྱེད་དོ། །དེ་ལ་སྐྱུག་པའི་ནད་མཁྲིས་པ་ལས་གྱུར་པ་ལ་ནི་རྒུན་འབྲུ་དང་བུ་རམ་ཤིང་ལ་སོགས་པ་རང་རང་གི་ཁུ་བའི་ནང
་དུ་ཛི་བི་ཙ་དང། སྦྱར་བའི་བཀྲུ་སྨན་བཏང་བར་བྱའོ། །ཡང་ན་སེང་ཕྲོམ་མར་དང་སྦྱར་བའི་བཀྲུ་སྨན་བཏང་ངོ། །མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་སྙིང་སྟོབས་སུ་འགྱུར་ཏེ། བད་ཀན་གྱི་གནས་སུ་གྱུར་པ་ལ་ནི་སློན་སྨན་མངར་བ་དང་ཁ་བ
་རྣམས་ཀྱིས་གྱེན་དུ་དྲང་ངོ། །དེ་ལྟར་སློན་སྨན་གྱིས་ལུས་དག་པར་བྱས་ནས། སྐྱོ་མ་དང་ཐུག་པ་ཆུའི་ནང་དུ་སྦྲང་རྩི་དང་ཤ་ཁ་རས་བཏབ་པ་བླུད་དོ། །བཟའ་བ་དང་འབྲས་དྲུག་ཅུ་པའི་ཆན་སྲན་མུངྒ་སྲོག་ཆགས་ཐང་ལ་སྐྱེས་པའི་ཤ་ཁུ་དང
་ལེགས་པར་སྦྱར་བའི་ཆོད་མ་དང་ལྷན་ཅིག་བསྐོལ། བཏུང་བའི་སྲོ་བག་བསྲེགས་ནས་མདོག་དམར་པོར་སོང་བ་དང། ཆུ་གྲང་གི་ནང་དུ་བཅུག་ལ་སོ་ཕག་ཕྱིར་ཕྱུང་སྟེ་བསྒྲངས་པའི་ཆུ་བླུད་དོ། །ཡང་ན་སྲན་མུངྒ་དང། བུ་ཤེལ་ཙི་དང།
་པི་པི་ལིང་དང། འུ་སུ་འདི་རྣམས་ཆུ་དང་ལྷན་ཅིག་ཁང་པའི་ཕྱི་རོལ་ཏུ་ནུབ་ཅིག་ཆུ་དང་སྤངས་ལ་བཞག་སྟེ། དེ་ནས་བླུད་ན་མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་སེལ་ཏོ། །ཡང་ན་རྒུན་འབྲུ་དང། བུ་རམ་ཤིང་དང། སླེ་ཏྲེས་དང། དེ་རྣམས
་གང་ཡང་རུང་བའི་ཁུ་བ་བླུད་ན། སྐྱུག་པའི་ནད་མཁྲིས་པ་ལས་གྱུར་པ་སེལ་ཏོ། །ཡང་ན་ཤིང་འཛམྦུ་དང། ཨ་མྲའི་ལོ་མ་དང། ཨུ་ཤི་ར་དང། ནྱ་གྲོ་དྷའི་ས་བོན་འབུས་པ་དང། མྱུ་གུ་དང་འདི་རྣམས་ཆམ་ཆོམ་བརྡུངས་ཏེ། ཆུ་དང་ལྷན
་ཅིག་བསྐོལ་ལ་བསྒྲངས་པ་དང་སྦྲང་རྩིས་བཏབ་ཏེ་འཐུངས་ན། སྐྱུག་པའི་ནད་དང། རིམས་དང། འཁྲུ་བ་དང། བརྒྱལ་བ་དང། སྐོམ་དང་ཆེ་བ་དང། འདི་རྣམས་འབྱང་དཀའ་བའི་ཡང་ནད་སེལ་བར་བྱེད་དོ། །ཡང་ན་སྐྱུ་རུ་རའི་ཁུ་བ་ཙན་དན་དང
་ལྷན་ཅིག་བསྐོལ་ཏེ་བཏུང་བ་འམ། སྲན་མུངྒ་བཏགས་པ་ཆུ་དང་སྦྱར་བ་བཏུང་ངོ། །རྒྱ་ཤུག་གི་ཚིག་གུ་དང། ཁ་ར་དཀར་པོ་དང། འབྲས་ཡོས་དང། སྦྲང་མའི་རྟུག་པ་དང། པི་པི་ལིང་དང། དངུལ་རྔོ་དང། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི
་ལྡེ་གུ་འམ། ཨ་རུ་ར་དང། རྒུན་འབྲུ་དང། རྒྱ་ཤུག་དང། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་ལ་ཕན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་སྐྱུག་པའི་ནད་ལ་ནི། ནིམཔ་དང། པི་པི་ལིང་དང། བོ
་སོན་ཆ་དང། འདི་རྣམས་ཀྱི་སློན་སྨན་ཆུ་དྲོན་པོ་དང་སྦྱར་བ་བཏང་ངོ། །ཉམས་སྟོབས་ཆུང་ན་ནི་སྨྱུང་བ་ཉི་ཚེ་བྱའོ། །ཡང་ན་དོང་ཀ་ལ་སོགས་པའི་སྡེ་ཚན་བསྐོལ་བ་བསྒྲངས་པའི་ནང་དུ་སྦྲང་རྩིས་བཅུག་སྟེ། བད་ཀན་ལས་གྱུར་པའི་སློན་ནད་ཅན
་ལ་བླུད་དོ། །ཡང་ན་ཕྱེའི་སྐྱོ་མ་འམ། སྐྱུགས་པའི་ནད་འཇོམས་པའི་སྨན་འབྲས་ཡོས་དང། རྒྱ་ཤུག་སྐྱུར་པོ་དང། བལ་པོ་སེའུ་ལ་སོགས་པ་བཏགས་ཏེ་བསྐོལ་བའི་ཁུ་བའི་ནད་དུ་ནས་བརྔོས་ཏེ་ཕྱེར་བྱས་ལ་སྐྱོ་མ་བླུད་དོ། །བཟའ་བ་ནི་ཡི་གར
་འོང་པ་རྒུན་འབྲུ་ལ་སོགས་པ་དང་སྦྱར་བ་སྨན་ཟིམ་ཐིག་ལེ་དང་འབུ་སྲིན་དང་བཅས་པར་སྦྱིན་ནོ་ལྡོང་ངོས་དང། པི་པི་ལིང་དང། ན་ལེ་ཤམ་བཏགས་པའི་ཕྱེ་མ་སྐྱུར་རྩི་ཆེན་པོ་འམ། ཀ་པི་ཏའི་ཁུ་བ་གང་ཡང་རུང་བའི་ནང་དུ་བཏབ་སྟ
་སྦྲང་རྩི་དང། སྦྱར་བའི་ལྡེ་གུ་བྱིན་ན། བད་ཀན་ལས་གྱུར་པའི་སྐྱུག་པའི་ནད་སེལ་ཏོ། །ཡང་ན་ཀ་པཏྟི་དང། ཚ་བ་གསུམ་སྦྱར་བ་འམ། བྱི་ཚོར་བ་སྦྲང་རྩི་དང་སྦྱར་བ་ཟོས་ན། བད་ཀན་ལས་གྱུར་པའི་སྐྱུག་པའི་ནད་སེལ་ཏེ། །བློ་བུར་དུ
་ཡུལ་རྨེ་བ་འམ། མི་གཙང་བ་མཐོང་སྟེ། ཡང་ནས་ཡང་དུ་སྐྱུག་པ་ལ་ནི་ཡིད་དང་རྗེས་སུ་མཐུན་པར་ཡིད་དུ་འོང་བ་དང་སྤྱོད་པ་དང་དགའ་བ་བསྐྱེད་པ་ལ་སོགས་པ་བྱའོ། །སྲིན་བུ་ལས་གྱུར་པའི་སློན་པའི་ནད་ནི་སྲིན་བུ་གསོ་བ་དང། སྙིང་ནད་གསོ
་བའི་སྐབས་སུ་ཇི་ལྟར་བཤད་པ་བཞིན་དུ་སྨན་གྱིས་གསོ་པར་བྱའོ། །སྐྱུགས་པའི་ནད་ལྷག་མ་སྐོམ་པ་དང། མ་ཞུ་བ་དང། སྙིང་ནད་ལ་སོགས་པ་ལས་གྱུར་པ་ལ་ནི་རང་རང་དང་མཐུན་པའི་སྨན་རླུང་ནད་གསོ་བའི་སྐབས་སུ་བཤད་པས་ཞི་བར་བྱའོ།།
་གཞན་ཡང་ཡང་ནས་ཡང་དུ་སྐྱུགས་ཏེ། ལུས་ཟུངས་རྣམས་ཟད་ཅིང་རླུང་འཁྲུགས་པར་གྱུར་པ་ལ་ནི་ཐོག་མར་སྐྱུགས་སྨན་གྱི་ཆོ་ག་བཞིན་དུ་ལུས་ཟུངས་རྣམས་འཕེལ་ཞིང་རྒྱས་པ་དང་མ་སྐྱུགས་པར་བྱ་སྟེ། དེ་ཡང་མར་དང། བུ་རམ་དང། ཤ་ཁུ་དང
་དགེ་བའི་སྨན་མར་དང། ཚ་བ་གསུམ་གྱི་སྨན་མར་དང། འཚོ་བྱེད་སྡེ་བཅུའི་མར་དང། འོ་མ་དང། ལྡེ་གུ་གང་ཡང་རུང་བ་རྣམས་བསྟེན་ན་ཤིན་ཏུ་མི་བཟད་པའི་སྐྱུག་པ་རྣམས་སེལ་ཏོ། །སྙིང་ནད་གསོ་བ་དེ་ལ་རླུང་ལས་གྱུར་པའི་སྙིང་ནད་ལ་ནི་ཞོ
་ག་ཆུ་དང། རྩ་བས་སྐྱུར་པོ་དང། དར་བ་འདི་རྣམས་གང་ཡང་རུང་བ་དང། ཏིལ་མར་དང་སྦྱར་བའི་ནང་དུ་ལན་ཚ་ནག་པོ་བཏབ་སྟེ་དྲོ་འཇམ་ཙམ་བླུད་ན་སྙིང་ནད་དང། སྐྲན་དང། ལྦོ་བའི་ནད་ལས་རྒྱལ་བར་བྱེད་དོ། །ཡང་ན་ཏིལ་མར་དང། ལན་ཚ་དང། གཅིན
་དང། སྐྱུར་པོ་དང། འདི་རྣམས་ཆུ་དང་ལྷན་ཅིག་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུད་པས་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་བིལྦའི་ཤིང་དང། ར་སྣ་དང། ནས་དང། རྒྱ་ཤུག་དང། ཐང་ཤིང་གི་འབྲས་བུ་དང། བ་སྤྲུ་བ་དང། རྒྱ་སྲན་དང། རྩ་བ་ལྔ
་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་ཆུ་དང་ཏིལ་མར་དང་ཚུལ་བཞིན་དུ་བསྐོལ་ལ། ཆུ་དུ་ཏིལ་མར་འབའ་ཞིག་ལུས་པ་དང། དེ་ལས་བཏུང་བ་དང། འཇམ་རྩི་མས་བཏང་པ་དང། སྣར་བླུགས་པ་བྱས་ན་སྙིང་ནད་སེལ་ཏོ། །ཡང་ན་བཅའ་
་སྒ་དང། བྱེའུ་རུག་པ་དང། རྒྱམ་ཚ་དང། ཀྲུ་ཏྲུག་ཏྲེས་དང། ཤིང་ཀུན་དང། མ་ནུ་དང། ཨ་རུ་ར་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་དང། མར་དང་མར་གྱི་བཞི་འགྱུར་གྱི་ཆུ་དང་བསྐོལ་ལ། མར་འབའ་ཞིག་ལུས་པ་དང། དེ
་ལས་རན་པར་འཐུངས་ན། རྩིབ་ལོགས་ན་ཞིང་གཟེར་བ་དང། སྐྲན་དང་འདི་རྣམས་འཇོམས་སོ། །ཡང་ན་ཁ་རུ་ཚ་སྲང་གཉིས་དང། ཨ་རུ་ར་སྲང་ལྔ་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། གོང་མ་བཞིན་མར་དང་སྦྱར་བ་འཐུངས་ན། སྙིང་ནད་དང། རྩིབ
་ལོགས་ན་བ་དང། སྐྲན་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་སེའུ་འབྲུ་དང། ཁ་རུ་ཚ་དང། ཤིང་ཀུན་དང། སྟར་བུ་དང་འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་པོ་དང་ལྷན་ཅིག་འཐུངས་ན། རླུང་དང་སྙིང་ན་ད་དང།
་དབུགས་མི་བདེ་བ་རབ་ཏུ་ཞི་བར་བྱེད་དེ་རབ་ཏུ་བཟང་ངོ། །ཡང་ན་པུཤྐ་ར་མུ་ལ་ཟུར་པ་དང། བཅའ་སྒ་དང། སྐྱུར་ཙི་ཆེན་པོའི་རྩ་བ་དང། ཨ་རུ་ར་དང། འདི་རྣམས་ཕྱེ་མར་བྱ་སྟེ། ཡ་བཀཤ་ར་དང། སྐྱུར་དང། ལན་ཚ་དང་ལྡན་པར
་བྱ་བ་འམ། ཆུ་དྲོན་གང་འབྱོར་བ་དང་སྦྱར་བ་འཐུངས་ན། སྙིང་བཅད་པ་སྙམ་བྱེད་ཅིང་ཟུག་པ་རྣམས་ལ་ཕན་ནོ། །ཡང་ན་ལ་ལ་པུད་དང། རྒྱམ་ཚ་དང། ཡ་བཀཤ་ར་དང། ཤུ་དག་དང། གོ་སྙོད་དང། བཅའ་སྒ་དང། ཐང་ཤིང་དང། སྐྱུར
་རྩི་ཆེན་པོ་དང། པལཀྵ་དང། ཟུར་བ་དང། མ་ནུ་འདི་རྣམས་བསྐོལ་བའི་ཁུ་བ་འཇམ་ཙམ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཚ་བ་ལྔ་དང། ཟུར་བ་དང་ཨ་རུ་ར་དང། བུ་རམ་དང་བི་ཛུ་ར་དང། མ་ནུ་འདི་རྣམས་ཀྱི་ཕྱེ་མ་ཆང
་དང་སྦྱར་བ་ཏིལ་མར་དང་མར་བསྐོལ་བའི་ནང་དུ་བླུགས་ལ་ལན་ཚ་དང་ལྡན་པར་འཐུངས་ན། སྙིང་ནད་དང། རྩིབ་ལོགས་ན་བ་དང། མོ་མཚན་རྣམས་སུ་ཟུག་པ་དང། སྐྲན་དང། དམུ་རྫིང་རྣམས་ལ་ཕན་ནོ། །ཡང་ན་རླུང་ལས
་གྱུར་པའི་སྙིང་ནད་ལ་ནི། སྣུམ་ཆོས་དང་དུགས་བྱ་བའི་སྨན་སྦྱིན་ནོ། །རྩ་བ་ལྔ་པ་ཆུང་ངུ་ཆམ་ཆོམ་བརྡུངས་ཏེ་ཆུ་དང་བསྐོལ་བ་འམ། ཡང་ན་བཅའ་སྒ་བསྐོལ་བའི་བཏུང་བ་དྲོ་འཇམ་ཙམ་བླུད་དོ། །ཡང་ན་ཆང་ངམ་རྩ་བས་སྐྱུར་པོ
་དང་འདི་དག་རྣམས་སྐོམ་དུ་བླུད་དོ། །རླུང་གིས་སྙིང་གཟེར་ཞིང་འགུལ་པ་དང་དབུགས་བསྡམས་པ་སྙམ་བྱེད་པ་དང། མ་ཞུ་བ་ཡོད་པ་རྣམས་ལ་ཡང་གསོ་བ་གོང་མ་ལྟར་བྱའོ། །སྙིང་འཛག་པ་དང། གཅིན་ནད་དང་རླུང་ལས་གྱུར
་པའི་སྙིང་ནད་ལ་ནི། སྣུམ་མང་པོ་དང། སྲེག་པ་དང། ཁྲུང་ཁྲུང་དང། རྨ་བྱ་དང། ཅོ་ག་དང་ཁྱིམ་བྱ་དང། དེ་རྣམས་ཀྱི་ཤ་ཁུ་བྱིན་ན་ཕན་ནོ། །ཡང་ན་བ་བླའི་སྨན་མར་རླུང་ནད་གསོ་བའི་སྐབས་སུ་བཤད་པ་བཏུང་བ་འམ། སུ་ཀུ་མ་རའི་སྨན་མར
་ཁོང་འབྲས་གསོ་བ་ལས་འབྱུང་བ་འམ། ཡང་ན་ཤིང་མངར་ལན་བརྒྱ་བཙོས་པའི་སྨན་དྲེགས་ནད་དུ་བཤད་པའི་སྙིང་ནད་ཅན་ལ་སྦྱར་བར་བྱའོ། །ཡང་ན་སྣུམ་ཆེན་པོའི་མཆོག་ཅེས་བྱ་བའི་སྨན་མར་སྦྱར་བར་བྱ་སྟེ། རྭ་སྣ་དང། ཛི་བ་ཀ་དང། ཛི
་བནྟི་དང། བ་ལ་དང། ཀཎྚ་ཀཱ་རི་དང། བ་སྤྲུ་བ་དང། ག་བྲའི་རྩ་བ་དང། སྠི་ར་ཞེས་བྱ་བ་ས་ལ་པརྞི་དང། ཤུ་དག་དང། ཚ་བ་གསུམ་དང། འདི་རྣམས་ཆམ་ཆོམ་བརྡུངས་པ་དང། སྣུམ་ཆེན་པོ་བཞི་ཆ་མཉམ་པ་དང། དེའི་བཞི་ཆའི་ཞོ་དང།
་རྩབ་མོ་དང། ཞོ་ག་ཆུ་སྐྱུར་པོ་དང། དར་བ་སྐྱུར་པོ་དང། ཆང་དང་སྐྱུར་པོ་གང་རྙེད་པ་སྣུམ་ཆེན་པོ་གཅིག་གི་བཞི་འགྱུར་དང། སྐྱུར་ལྔ་སྤྱི་དང་མཉམ་པའི་ཆུ་དང་ཅིག་བསྐོལ་ཏེ། མར་ཉི་ཚེ་ལུས་པ་དང། དེ་ལས་རྟག་ཏུ་བསྟེན་ན། ཚིམ་པར
་བྱེད་པ་དང། ལུས་འཕེལ་ཞིང་རྒྱས་པར་བྱ་བ་དང། སྟོབས་བསྐྱེད་ཅིང་རླུང་ལས་གྱུར་པའི་སྙིང་ནད་འཇོམས་སོ། །རླུང་ལས་གྱུར་པའི་སྙིང་ནད་མེ་དྲོད་ཆེ་བ་དང། སྙིང་འཛག་པ་དང། འཕར་པ་ལ་ནི་འོ་མ་དང། ཞོ་དང། བུ་རམ་དང། མར་དང། ཆུ
་ན་གནས་པ་དང། ཁྱིམ་ན་གནས་པའི་ཕྱུགས་ཀྱི་ཤ་རྣམས་ཟོས་ཤིང་འཐུངས་ན་ཕན་ནོ། །རླུང་ལས་གྱུར་པའི་སྙིང་ནད་མ་གཏོགས་པ་ལྷག་མའི་སྙིང་ནད་བཞི་ལ་ནི་གོང་མའི་སྣུམ་གྱི་ཆོ་ག་སྦང་བར་བྱའོ། །རླུང་ལས་གྱུར་པ་ཡིན་ན་ཡང་གལ
་ཏེ་སྙིང་བསྡམ་པ་སྙམ་བྱེད་བའི་ནད་དང། ཟས་ཡི་གར་མི་འོང་བ་ལྟ་ན་ཡང་སྣུམ་གྱི་ཆོ་ག་སྤང་ངོ། །དེ་རླུང་ལས་གྱུར་པའི་སྙིང་ནད་བད་ཀན་དང་འདྲེས་པ་ཡིན་ན་ནི་རྩུབ་པ་དང་དྲོ་བའི་གསོ་བ་བསྟེན་པ་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི
་སྙིང་ནད་ལ་ནི་རྒུན་འབྲུ་དང། བུ་རམ་ཤིང་གི་ཁུ་བ་དང། ཁ་ར་དཀར་པོ་དང། སྦྲང་རྩི་དང་པ་རུ་ཤ་རྣམས་ལས་གཞི་བླངས་པའི་བཀྲུ་སྨན་བཏང་བར་བྱ་སྟེ་ལུས་དག་པ་དང་འདོད་པའི་ཐུག་པ་ལ་སོགས་པ་རིམས
་ཀྱིས་མཁྲིས་པ་འཇོམས་པ་སྦྱིན་ནོ། །གློ་འགྲམས་པ་དང། མཁྲིས་པ་རིམས་ཀྱི་གསོ་བ་བཤད་པ་བཞིན་དུ་ལུས་ཀྱི་ཕྱི་རོལ་སྐུ་བྱུག་དང། ནང་ནས་བཀྲུ་སྨན་གྱི་སྦྱོར་བ་འདིར་བྱ་བར་བཤད་དེ། པུ་ཙེ་ཤེལ་དང། ཤིང་མངར
་བཏགས་ཏེ་ཆུ་དང་སྦྱར་བ་ཁར་བཏབ་ཏེ་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་ཏོ། །ཡང་ན་རྭ་སྣ་དང། ཤ་ཁ་ར་དང། རྒུ་འབྲུམ་དང། ཛི་བ་ཀ་དང། ཟངས་རྩི་བ་དང། ཨུཏཔ་ལ་དང། བ་ལ་དང། བྲ་གོ་དང། རམ་ཉེ་བ
་རྣམ་གཉིས་དང། མེ་ད་རྣམ་གཉིས་དང། འདི་རྣམས་མ་ཧེའི་མར་དང། འོ་མ་ཆུ་དང་ཚུལ་བཞིན་དུ་སྦྱར་བའི་མར་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་ཏོ། །ཡང་ན་པྲ་པུཎྜ་རཱི་ག་དང་ཤིང་མངར་དང། པདྨའི་རྩ
་བའི་མདུང་པ་དང། བྲིས་ན་དང། བཅའ་སྒ་དང། ཉ་ལྕིབས་དང། འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ན་མར་ལུས་པ་དང་བཙགས་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩིས་བཏབ་ཏེ་འཐུངས་ན་རབ་ཏུ་བསྔགས་སོ། །ཡང་ན་དང་བའི་སྨན་གྱིས
་སྡེ་ཚན་མར་དང་གོང་མ་བཞིན་བསྐོལ་ཏེ་འཐུངས་ནས། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་ཏོ། །ཡང་ན་ཏིལ་མར་དང་ཚུལ་བཞིན་བསྐོལ་ཏེ། བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་སྟེ། འཇམ་རྩི་མས་བཏང་བར་བྱའོ། །དེ་ལ་བད་ཀན
་ལས་གྱུར་པའི་སྙིང་ནད་ལ་ནི་ཐོག་མར་དུགས་བྱ་སྟེ། དེའི་འོག་ཏུ་ནི་སྦ་དང། ཤུ་དག་བསྐོལ་བའི་སྐྱུགས་སྨན་བཏང་ངོ། །ཁ་ཟས་ནི་ནས་གཡོས་སུ་བྱས་ཏེ་སྦྱིན་ནོ། །ཚོད་མ་ནི་རྒྱ་སྲན་གྱི་ཁུ་བ་དང། སྲོག་ཆག་ཐང་ལ་གནས་པའི་ཁུ
་བ་རུང་ངོ། །སྐོམ་དུ་ནི་ཆང་རྣོན་པོ་བླུད་དོ། །ཤུ་དག་དང། ཤིང་ཀུན་དང། ལན་ཚྭ་རྣམ་གཉིས་དང། དོང་གྲ་དང། སུག་སྨེལ་དང། པི་པི་ལིང་དང། ནས་ཚིགས་འཁུས་པའི་ཐལ་བ་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོ་འཇམ་ཙམ། ཡང་ན་རྒྱ་ཤུག
་སྐྱུར་པོ་ལ་སོགས་པ་འབྲས་བུའི་ཆུ་འམ། འུ་སུའི་རང་སྐྱུར་རམ། རྒྱ་སྲན་གྱི་ཡུ་ཤ་འམ། བ་གཅིན་ནམ། ཨ་ས་ཝའི་བཏུང་བ་འམ། འདི་རྣམས་གང་ཡང་རུང་བ་ལས་སྐྱོ་མར་བྱས་ཏེ། བླུད་དོ། །སུ་སྐར་ར་མ་ལ་དང། ཨ་རུ་ར་དང། པལཀྵ་དང།
་བཅའ་སྒ་དང། ཟུར་བ་དང། རཱ་སྣ་ཤུ་དག་དང། པི་པི་ལིང་དང། འདི་རྣམས་ཚུལ་བཞིན་བསྐོལ་བའི་ཁུ་བ་བླུད་ན་ཕན་ནོ། ། རུ་ར་དང། བཅའ་སྒ་དང། བོང་ང་དཀར་པོ་དང། པ་ཊ་ཏ་དྲུག་དང། ཀཏཔ་ལ་དང། འདི་རྣམས་ཆུ་དང་བསྐོལ་ཏེ་བཏང་ན
་ཕན་ཡོན་གོང་མ་དང་འདྲའོ། །རོ་ཧི་ཏ་དང། སེང་ལྡེང་དང། ཨ་ཤྭད་ད་ཀ་དང། ཨུ་དུམྦ་ར་དང། ཨ་ཛུ་ན་དང། ནྱ་གྲོ་དྷ་དང། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ། ཚ་བ་གསུམ་དང། དྲི་བི་ཙ་བཏགས་པའི་ཕྱེ་མ་བཏབ་ཏེ་ལྡེ་གུར་བྱས་ན་བཟབ
་བ་འམ། ཡང་ན་ཚ་བ་གསུམ་དང་དུར་བྱིད་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་བཏང་བ་འམ་ཡང་ན་ཆུ་དྲོན་དང་ལྡེ་གུར་བྱས་པ་ཟོས་ན་བད་ཀན་ལས་གྱུར་པའི་སྙིང་ནད་སེལ་ཏོ། །བད་ཀན་ལས་གྱུར་པའི་སྐྲན་གསོ་བའི་སྐབས་ལས་འབྱུང་བའི་ཐལ་སྨན
་གྱི་སྦྱོར་བ་དང། སྨན་མར་འདི་ཡང་སྦྱར་ཏེ་བླུད་དོ། །བྲག་ཞུན་གྱི་ཆོ་ག་དང་ཚངས་པས་བཤད་པའི་བཅུད་ཀྱིས་ལེན་གྱི་ཆོ་ག་ཡང་འདིར་སྦྱར་རོ། །དེ་བཞིན་དུ་སྐྱུ་རུ་རའི་ལྡེ་གུ་འམ། དྲང་སྲོང་རི་ཥིས་བཤད་པའི་ལྡེ་གུས་ཡང་སྐབས་འདིར
་སྦྱར་རོ། །སྐྱེས་བུ་གང་ཟོས་མ་ཐག་སྙིང་གི་ཕྱོགས་སུ་ཟུག་གཟེར་སྐྱེ་ཞིང་ཁ་ཟས་འཇུ་བ་བཞིན་དུ་ཟུག་གཟེར་ཆུང་བ་ལྟར་བྱེད་ན་རུ་རྟ་དང། བི་དང་ག་དང། ལན་ཚ་རྣམ་གཉིས་དང། སེང་ཕྲོམ་དང། ཐང་ཤིང་དང། བོང་ང་དཀར་པོ་དང། འདི་རྣམས
་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་བླུད་ན་ཞི་བར་བྱེད་དོ། །དེ་ཡང་སྔོན་གྱི་སློབ་དཔོན་དག་ན་རེ། གོང་གི་སྨན་ཞོ་གཉིས་ཆུ་སྲང་གསུམ་དང་བསྐོལ་ཏེ་བླུད་དོ་ཞེས་ཟེར་རོ། །ཁ་ཟས་ཞུ་བའི་འོག་ཏུ་རྟག་ཏུ་ཟུག་གཟེར་སྐྱེ་བ་ལ
་ནི། སྣུམ་པའི་སྨན་བཀྲུ་སྨན་ནམ། འབྲས་བུའི་བཀྲུ་སྨན་ནམ། རྩ་བའི་བཀྲུ་སྨན་རྣོན་པོ་བཏང་ངོ། །དེ་ལ་སྣུམ་པའི་བཀྲུ་སྨན་ནི་སེང་ཕྲོམ་དང། ནི་ལི་ནི་དང། ཨེ་རཎྚའི་མར་རྣམས་སོ། །འབྲས་བུའི་བཀྲུ་སྨན་ནི་ས་བཏ་ལ་དང། ཤ་ཁི་ནི་དང
་དནྟིའི་འབྲས་བུ་དང། རཾ་བནྟི་དང། གིརྞི་ཀརྞི་ཀར་དང། རྒུན་འབྲུ་དང། བྲ་གོ་དང། བི་དང་ག་དང། མུ་ར་དང། དོང་ཀྲ་དང། འབྲས་བུ་གསུམ་དང། ཀ་པི་ལ་རྣམས་སོ་རྩ་བའི་བཀྲུ་སྨན་ནི་དནྟི་དང། ཁྲོན་བུ་དང་འདི་དག་གོ་།མ་ཞུ་བའི་གནས
་ན་རླུང་ཕལ་ཆེར་འཁྲུགས་ཏེ། ཟས་རྒྱུ་བའི་ལམ་བཀག་ནས་ན་བ་ལ་ནི་དེ་དང་རྗེས་སུ་མཐུན་པར་སློན་ཁྲུས་ཀྱིས་ལུས་དག་པར་བྱ་བ་དང། སྨྱུང་བར་འདུག་པ་དང། མ་ཞུ་བའི་སྨིན་པའི་སྨན་རྣམས་ཀྱིས་ཞི་བར་བྱའོ། །སྲིན་བུ་ལས
་གྱུར་པའི་སྙིང་ནད་ལ་ནི་སྲིན་བུ་འཇོམས་པའི་སྨན་ཐམས་ཅད་ཀྱིས་གསོ་བར་བྱའོ། །སྐོམ་པའི་ནད་གསོ་བའི་སྐོམ་དང་ཆེ་བའི་ནད་ཐམས་ཅད་ལ་ཕལ་ཆེར་རླུང་དང་མཁྲིས་པ་འཇོམས་པའི་སྨན་ཐམས་ཅད་བསྔགས་སོ། །དེ་བཞིན
་དུ་སྒོམ་པ་ཐམས་ཅད་ལ་ཕྱི་ནང་གཉིས་ཀ་ནས་བསིལ་བའི་ཆོ་གས་ལུས་དག་པ་དང་ཞི་བར་བྱའོ། །ཡང་ན་ཆར་པའི་ཆུ་གྲང་མོ་འམ། ཆུ་མིག་ལས་བྱུང་བའི་ཆུ་དང་སྦྲང་རྩི་དང་སྦྱར་བ་འཐུངས་ན་ཕན་ནོ། །ཡང་ན་བོང་ང་འམ། བྱེ་མ་ལཾ
་གྱི་དུ་མ་གང་རུང་བ་བསྲེགས་པ་ཆུ་ནང་དུ་བཅུག་ལ་དངས་པར་གྱུར་པ་དང་བླུད་དོ། །ཡང་ན་རྩ་བ་ལྔ་བསྐོལ་བ་བསྒྲངས་པའི་ནང་དུ་ཤ་ཁ་ར་བཏབ་པ་འམ། ཡང་ན་རྩཝ་དུར་བ་ལ་སོགས་པའི་རྩཝའི་རྩ་བ་ལྔ་བ་ཆུང་ངུ་དང་བསྐོལ་བའི་ནང
་དུ་ཤ་ཀ་རས་བཏབ་པ་འཐུངས་ན་རབ་ཏུ་སྔགས་སོ། །ཡང་ན་འབྲས་ཡོས་ལ་སོགས་པའི་ཕྱེ་ཆུ་དང་སྐྱོ་མར་བྱས་ཏེ་བླུད་དོ། །ནས་ཁྲལ་ཁྲོལ་ཙམ་དུས་ཏེ་ཆན་དུ་བྱས་པའི་ནང་དུ་སྦྲང་རྩི་དང་ཤ་ཁ་རས་བཏབ་པ་ཟོས་ན་སྐོམ་དང་ཆེ་བ
་ལ་ཕན་ནོ། །དེ་བཞིན་དུ་ནས་དང་འབྲས་དང། ཁྲེ་རྒོད་རྙིང་པ་གང་ཡང་རུང་བ་འོ་མ་དང་ཐུག་པར་བྱས་པའི་ནང་དུ་ཁ་ར་དང་སྦྲང་རྩི་བཏབ་པ་འཐུངས་ན་རབ་ཏུ་བསྔགས་སོ། །སྐོམ་དང་ཆེ་བའི་ནད་ཡོད་པས་ནི་ཐོག་མར་ཆུ་གྲང་གིས
་ལུས་བཀྲུས་ལ། དེའི་འོག་ཏུ་བསིལ་བའི་སྨན་ཐམས་ཅད་བསྐོལ་བའི་ཁུ་བ་དང། འོ་མ་ལས་གཞི་བླངས་པའི་བཟའ་བ་གྲང་མོའི་ནང་དུ་སྦྲང་བརྩི་དང་ཤ་ཀ་རས་བཏབ་པ་སྦྱིན་ནོ། །ཡང་ན་སྲོག་ཆགས་ཐང་ལ་སྐྱེས་པའི་ཤ
་ཁུའི་ནང་དུ་མར་བསྐོལ་བཅུག་ལ་ལན་ཚ་དང་སྐྱུར་མེད་པར་བྱ་སྟེ། བཟའ་བ་དང་ལྷན་ཅིག་སྦྱིན་ནོ། །ཡང་ན་སྲན་མུངྒ་ལ་སོགས་པའི་བསིལ་བའི་ནུས་པ་དང་ལྡན་པ་དང། འཚོ་བྱེད་ལྡེ་བཅུ་ལས་བཞི་བླངས་པའི་གཡོས་སུ་བྱས་པ
་ལ་ཡང། རབ་ཏུ་བསྔགས་སོ། །གཞན་ཡང་འོ་མ་བསྲུབས་པའི་མར་སར་རམ། སྨན་བསིལ་བག་བསྐོལ་བའི་ཁུ་བ་འམ། ཡང་ན་བུ་རམ་ཤིང་གི་ཁུ་བ་གང་ཡང་རུང་བ་སྣར་བླུགས་པ་ཡང་རབ་ཏུ་བཟང་ངོ། །མདོའི་གནས་སུ་བསྟན་པའི་མཁུར
་བར་བཅད་པའི་སྨན་འོ་མ་དང། བུ་རམ་ཆང་དང། ཁ་རའི་ཁུ་བ་ལ་སོགས་པ་ཡང་ཁ་སྐམ་པ་དང་སྐོམ་དད་ཆེ་བ་ལ་ཕན་ཏེ། མཁུར་བར་བཅད་དོ། །གཞན་ཡང་ཚ་བའི་རིགས་ལ་ཇི་ལྟར་རིགས་པ་དང་བསྐུ་བ་སྨོས་པའི་འདིར་ཡང་སྦྱར་རོ། །མྱ
་ངན་དང་མི་དགའ་བ་སྤངས་ཏེ་སེམས་བདེ་བར་འགྱུར་བའི་བག་བསྟེན་ཏོ། །མཚོ་ཆེན་པོ་དང་མཚོ་ཆུང་ངུ་ལ་སོགས་པ་ཉམས་སུ་དགའ་བ་བསྟེན་པ་འམ། དྲན་དུ་གཞུག་གོ་།དེ་དག་ནི་སྐོམ་དད་ཀྱི་ཆོ་ག་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་རླུང་ལས
་གྱུར་པའི་སྐོམ་དད་ལ་ནི་ཞོ་བུ་རམ་དང་སྦྱར་བ་བསྔགས་སོ། །ཡང་ན་ལུས་ཉམས་བསྐྱེད་ཅིང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་ཤ་ཁུ་དང་ལྷན་ཅིག་སྦྱར་བ་འམ། ཡང་ན་བི་ད་རའི་སྡེ་ཚན་བསྐོལ་བ་བསྒྲངས་པ
་འཐུངས་ན་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཨུ་དུམྦ་ར་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར་དཀར་པོ་འཐུངས་ན་ཕན་ནོ། །ཡང་ན་ཨུ་དུམཔ་ར་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་ཤ་ཁ་ར་བཏབ་པ་བཏུང་བ་འམ། ཡང་ན་ཐལ་ཏྲེས་ཀྱི་སྡེ་ཚན
་བསྐོལ་བའི་ཁུ་བའི་ནང་དུ་ཁ་རས་བཏབ་པ་བཏུང་པ་འམ། དེ་བཞིན་དུ་པ་རུ་ཤ་ཀ་དང་སླེ་ཏྲེས་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་ཤ་ཁ་ར་དང་སྦྲང་རྩི་བཏབ་པ་ཡང་དེ་དང་འདྲ་བར་བལྟའོ། །ཡང་ན་མངར་བའི་སྨན་རྒུན་འབྲུ
་ལ་སོགས་པ་བསྐོལ་བའི་ཁུ་བའི་ནང་དུ་ཤིང་འོ་མ་ཅན་ནྱ་གྲོ་དྷ་ལ་སོགས་པ་བཏབ་སྟེ་བསྐོལ་བའི་ཁུ་བའི་ནང་དུ་ཤ་ཁ་ར་དང་སྦྲང་རྩི་བཏབ་པ་སྦྱིན་ནོ། །ཡང་ན་སྐྱུར་རྩི་ཆེན་པོ་དང། རྒུན་འབྲུའི་ལྕུག་མ་དང། ནྱ་གྲོ་དྷ་དང། ལྕང་མ་དང། འདི
་རྣམས་ཀྱི་ལོ་མ་དང། ཀུ་ཤ་དང་ཤ་ཀ་ལ་སོགས་པ་རྩ་བའི་རྩ་བ་ལྔ་དང། ཤིང་མངར་དང། འདི་རྣམས་བསྐོལ་བའི་ཁུ་བ་འམ། ཡང་ན་རིམས་ནད་གསོ་བའི་སྐབས་སུ་བཤད་པའི་སྙིང་པོ་ལྔའི་སྨན་རྒུན་འབྲུ་ལ་སོགས་པ་བསྐོལ་བ་འམ།
་སྦྱོར་བ་དེ་དག་ཡང་རུང་བ་བླུད་ན། མཁྲིས་པ་ལས་གྱུར་པའི་སྐོམ་དང་སེལ་ཏོ། །བད་ཀན་ལས་གྱུར་པའི་སྐོམ་པ་ལ་ནི་ཐོག་མར་ནིམཔ་བསྐོལ་བའི་ཁུ་བ་བླུད་དེ་གཞུག་གོ་།ཡང་ན་བིལྤ་དང། འུ་སུ་དང། རྩ་བ་ལྔ་བ་ཆུང་ངུ་དང། དར་བ་དང། ཙི་ཏྲ་ཀ
་དང། འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཆུ་དང་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་ཤ་ཁ་རས་བཏབ་པ་འམ། ཡང་ན་མུངྒ་དང། པ་ཏོ་ལ་དང། ནིམཔ་རྣམ་གཉིས་ཀྱི་ལོ་མ་བསྐོལ་བའི་ཁུ་བའི་ནང་དུ་ཚ་པ
་གསུམ་གྱི་ཕྱེ་མས་བཏབ་པ་བཏུང་ངོ། །གཞན་ཡང་ནས་ལ་བྱས་པའི་ཟན་དང། སྨན་གྱི་ཁུ་བ་མཁུར་བར་བཅངས་པ་དང། སྨན་སྣ་ནས་བཏང་བ་དང། ལྡེ་གུ་ལ་སོགས་པའི་སྨན་ཚ་བའི་བག་དང་བཅས་པ་སྦྱིན་ནོ། །མ་ཞུ་བ་དང་བཅས་པའི
་སྐོམ་དང་ཚེ་བའི་ནང་ལ་ནི་གོང་དུ་སྨོས་པའི་སྦྱོར་བ་རྣམས་བྱ་སྟེ། ཁྱད་པར་དུ་སྐྱུག་སྨན་གྱིས་ཞི་བར་བྱའོ། །དེ་བཞིན་དུ་སྦྱོར་བ་གཞན་ཡང་ཚ་བ་གསུམ་དང་གོ་བྱེ་དང། ཤུ་དག་དང། འདི་རྣམས་ཀྱི་ཕྱེ་མ་བལ་བོ་སེའུའི?་ཁུ་བ་འམ། ཆུ
་དྲོན་ནམ་ཞོ་ག་ཆུ་གང་ཡང་རུང་བ་དང་སྦྱར་ཏེ་བཏང་ན། སྐོམ་དང་མ་ཞུ་བ་དང་བཅས་པ་ཞི་བར་བྱེད་དོ། །གལ་ཏེ་ནད་པ་ཟས་སྟོབས་ཆུང་ན་ཟས་ཤིན་ཏུ་སླ་བ་དང། སྐྱོ་མ་གང་རུང་དུས་ཚོད་དང་སྦྱར་ཏེ་བཏང་ངོ། །ང་ལ་བས་སྐོམ་དང་སྐྱེས་པ་ལ
་ནི་ཤ་ཁུ་འམ་ཤ་ཁ་ར་དང་སྦྱར་བའི་སྐྱོ་མ་བླུད་དོ། །ཚ་བས་སྐོམ་དང་སྐྱེ་བ་ལ་ནི་ནས་ཀྱི་ཕྱེ་འམ། རྒྱ་ཤུག་གི་ཕྱེ་མའི་སྐྱོ་མ་ཁ་ར་དང་སྦྱར་བ་བླུད་དོ། །ཡང་ན་ཏིལ་གྱི་ཚིགས་མ་བཏགས་ཏེ་རང་སྐྱུར་དང་སྦྱར་བས་ལུས་ཐམས་ཅད་བསྐུས་ན་ཚ་བ
་འཇིལ་ལོ། །ལུས་ཁྲུས་བྱས་པས་སྐོམ་དང་སྐྱེད་པ་ལ་ནི་ཆང་ངམ་ཆུས་བསྲེས་པ་འམ། ཡང་ན་བུ་རམ་ཆུ་བླུད་དོ། །ཆང་འཐུངས་པས་སྐོམ་དང་བསྐྱེད་པ་ལ་ནི་ཆུ་ཆང་དུང་ཕྱེ་མར་བསྲེས་པ་བླུད་དེ། དེ་ནས་ལུས་ཁྲུས་བྱས་ལ་ཟས་སྐྱུར་དང་ལན་ཚ
་དང་ལྡན་པར་སྦྱིན་ནོ། །སྣུམ་པ་དང་ལྡན་པའི་ཟས་སྣོང་ཆེས་པ་ཟོས་པ་ནི་མེ་དྲོད་སྐྱེས་ཏེ་སྐོམ་དང་བྱུང་བ་ལ་ནི་ཆུ་རང་བཞིན་གྱིས་གྲང་བ་སྦྱིན་ནོ། །སྣུམ་མ་ཞུ་བ་ལས་སྐོམ་དང་སྐྱེས་པ་ལ་ནི་ཆུ་དྲོན་པོ་སྦྱིན་ནོ། །སྣུམ་ཞུ་ནས་སྐོམ་དང་སྐྱེས
་པ་ལ་ནི་ཐུག་པ་གར་པོ་བླུད་དོ། །སྣུམ་དང་ལྡན་པའི་ཟས་ཟོས་པ་ལས་སྐོམ་དང་སྐྱེས་པ་ལ་ནི་སྣོད་ནང་དུ་ཁ་བ་བཅུག་ལ། དེའི་སྟེང་དུ་བུ་རམ་དང་ཆུ་བླུགས་བཞིན་དུ་བཏུང་ངོ། །ཟས་ལྕི་བ་ཟོས་པ་ལས་སྐོམ་དང་སྐྱེས་པ་ལ་ནི། །ཆུ་དྲོན
་པོ་བླུད་དེ་སྐྱུག་དུ་གཞུག་གོ་།གློ་གཅོད་ཟད་བྱེད་ཀྱི་སྐོམ་དང་སྐྱེས་པ་ནི། གློ་གཅོད་ལ་ཕན་པའི་བཟའ་པ་དང། བཏུང་བ་དང་ཉམས་སྟོབས་སྐྱེད་པའི་སྨན་ཐམས་ཅད་འདིར་སྦྱར་རོ། །ལུས་རིང་བ་དང་ཉམས་སྟོབས་ཆུང་བ་དང་ཟས
་??་པ་ག་ཟོས་པ་ལས་སྐོམ་དང་སྐྱེས་པ་ལ་ནི་འོ་མ་འམ་ར་ཤའི་ཁུ་བ་སྦྱིན་ནོ། །སྟོང་དུ་བྱུང་པའི་རླུང་གི་ཉེས་པས་སྐོམ་དང་སྐྱེས་པ་ལ་ནི། ལུད་པ་ཟད་བྱེད་ལ་ཕན་པའི་ནད་འོ་མ་དང་སྦྱར་བ་བླུད་དོ། །ནང་གང་ཡང་རུང་བའི་རྐྱེན་གྱིས་སྐོམ
་དང་སྐྱེས་པ་ལ་ནི། འུ་སུ་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར་དཀར་པོ་དང་སྦྲང་རྩི་བཏབ་ལ་བླུད་དོ། །གཞན་ཡང་སྐོམ་དང་ནད་གང་ལས་གྱུར་པ་བརྟགས་ཏེ། དེ་དང་མཐུན་པར་བཏུང་བ་བྱིན་ན་ཤིན་ཏུ་བསྔགས་སོ། །གལ་ཏེ་མ་ཞུ་བ་ལས་སྐོམ
་དང་སྐྱེས་ཏེ་ཆུ་འགགས་པ་ལས་ལུས་ཤ་ཟད་པར་སྣང་ན་དེ་ནི་ཤི་བ་འམ་ཡང་ན་ཡུན་རིང་དུ་ན་བར་འགྱུར་ཏེ། དེ་ལ་ནི་མྱུར་དུ་ཅི་འདོད་པའི་བཟའ་བ་དང་བཏུང་བ་དང་སྨན་བྱིན་ན་དེ་མ་ཐག་སྐོམ་དང་ཞི་བར་གྱུར་ནད་གཞན་ཡང་གསོ་བར
་ནུས་སོ། །གསོ་བའི་གནས་ལས་ལེའུ་དྲུག་པ་རྫོགས་སོ།། །།དེ་ནས་ཆད་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཐོག་མར་སྨན་པས་རླུང་ལ་སོགས་པའི་ནད་གཞི་གང་ཤས་ཆེ་བ་ལེགས་པར་བརྟགས་ཏེ་དང་པོ་ཤས་གང་ཆེ་བ་གསོ་བར་བྱའོ།།
་ནད་གཞི་ཤས་མཉམ་པའི་ཆང་ནང་ལ་ནི། དང་པོ་བད་ཀན་གསོ་བར་བྱ་སྟེ། རིམས་ཀྱིས་མཁྲིས་པ་དང་རླུང་ཡང་གསོ་འོ། །དེ་ལྟར་རིམས་ཀྱིས་གསོ་བ་ནི་དང་པོ་བད་ཀན་གྱི་གནས་སུ་འཁྲུགས་ཅིང། དེ་ནས་མཁྲིས་པ་དང་རླུང་ཡང་འཁྲུགས
་པས་དེ་ལྟར་བྱའོ། །དེ་ལ་ཆང་ཉུང་ངུ་འཐུངས་པ་དང། ཡང་ན་མང་དུ་འཐུངས་པ་དང་ལོག་པར་འཐུངས་པ་ལས་ཆང་ནད་སྐྱེ་བར་འགྱུར་ཏེ། དེ་ལ་ནི་སྔར་ཆང་གང་འཐུངས་པ་དེ་ཉིད་བླུད་པས་ཞི་བར་འགྱུར་རོ། །ཆང་དང་དུག་གཉིས་ནི་རྣོ་བ་ལ
་སོགས་པའི་ནུས་པ་མཉམ་པར་བཤད་མོད་ཀྱི། ཆང་བས་དུག་གི་མཐུ་ནི་ཤིན་ཏུ་ཆེའོ། །ཆང་མང་དུ་འཐུངས་པ་ལ་ནི་གང་གི་རང་བཞིན་ཤིན་ཏུ་རྣོ་བ་དང། དྲོ་བར་ཡང་འགྱུར་རོ། །དེའི་འོག་ཏུ་སྐྱུར་ཞིང་ཚ་བ་བསྐྱེད་དེ་ཟས་ཀྱི་བཅུང་མི་འཇུ?་བ་འམ།
་ཡང་ན་ལོག་པར་འཇུ་སྟེ་རུལ་ཞིང་མྱགས་པར་བྱེད་ལ། དེ་ནས་ཞུ་ཕན་ཆད་ནི་མེའི་དྲོད་ཤིན་ཏུ་ཆེ་སྟེ། བསྲེགས་པས་ཞུ་བའི་རྗེས་རོ་ཁ་བ་དང། ལན་ཚ་དང། སྐྱུར་བ་ལ་སོགས་པར་འགྱུར་ཏེ། དེ་ལས་བརྒྱལ་བ་དང། སྐོམ་དང་ཆེ་བ་དང།
་རྨོངས་པ་དང། རིམས་དང། ནང་དུ་ཚ་བ་དང། མགོ་འཁོར་བར་འགྱུར་རོ། །ཆང་འཐུངས་པ་ལས་བད་ཀན་འཁྲུགས་ཏེ། རླུང་རྒྱུ་བའི་ལམ་བཀག་པ་ལས་ནི་ཤིན་ཏུ་མི་བཟད་པའི་ནད་སྐྱེད་དེ། མགོ་དང་རུས་པ་དང་ཚིགས་རྣམས་སུ་ན་པར་འགྱུར
་ཏེ། དེ་ལ་ནི་ཆང་འཐུངས་པ་ཉིད་ཀྱིས་ཞི་བར་འགྱུར་རོ། །ཆང་ནད་དེ་ཞུ་བའི་མཚན་མ་ནི་བཟའ་བ་དང་བཏུང་བ་ཡི་གར་འོང་ཞིང་ལུས་ཡང་བར་འགྱུར་རོ། །དེ་ལྟར་ཆང་ནད་ཞི་བར་ཤེས་ནས་དེའི་འོག་ཏུ་སྐྱུགས་སྨན་བཏང་ཟིན་པའི་ཆོ་ག་ལུས
་གྲུབ་དང་སྣའི་དུད་པ་བཏང་བ་ལ་སོགས་པ་རྣམས་འདིར་སྦྱར་བར་བྱའོ། །གོང་དུ་ཟས་ཀྱི་བཅུད་ཚིག་པར་གྱུར་པ་ལ་ནི་སྐྱུར་དང་ལྷན་ཅིག་ཟས་ཟོས་པར་གྱུར་ན་མྱུར་དུ་རོ་མངར་བར་འགྱུར་ཏེ། ཉེས་པ་འཇུ་བར་བྱེད་པའི་ནུས་པ་དང་ལྡན་པའི་མཆོག
་ཡིན་ནོ། །ཆང་གི་ཡོན་ཏན་རྣོ་བ་དང་དྲོ་བ་ལ་སོགས་པའི་ནད་གཞིའི་གནས་སུ་བསྟན་པ་དང། དྲོད་སྐྱེད་པ་ལ་སོགས་པ་ནི་མདོའི་གནས་སུ་བསྟན་པ་ཡིན་ཏེ། འོན་ཀྱང་གོམས་པའི་དབང་ཡིན་པས་ཆང་ནི་ལུས་ཟུངས་སྙོམས་པར་བྱེད་པའི་མཆོག་ཡིན
་ནོ། །ཆང་འཐུངས་ཏེ་འཇུ་བའི་འོག་ཏུ་ནད་འཕྲལ་མི་སྣང་ཡང་ཕྱིས་ལམ་གཞན་ནས་བསྟེན་ནས་བཏང་སྟེ། དེ་ལ་ནི་ཞག་བདུན་ནམ་བརྒྱད་ཀྱི་བར་དུ་སྨན་གྱིས་གསོའོ། །གལ་ཏེ་དེ་དག་ཏུ་མ་གསོས་ན་ནི་ནད་ཆེར་འཕེལ་ཏེ་ཚབས་ཆེར་སྐྱེས་པ
་ཡིན་པས་དེ་ལ་ནི་ཇི་ལྟར་ཆང་ནད་ལ་སྦྱར་བའི་སྨན་གྱི་སྦྱོར་བ་རྣམས་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཆང་ནད་ལ་ནི་སྐྱུར་རྩི་ཆེན་པོ་དང། ད་ཏྲི་ཀ་དང། རྒྱ་ཤུག་གི་འབྲས་བུ་དང། སེའུ་འབྲུ་དང། ཟ་ཝེ་དང། ལ་ལ
་བུད་དང། སྤ་མའི་འབྲས་བུ་དང། ཚ་བ་གསུམ་དང། སྒེའུ་གཤེར་དང་ལན་ཚ་རྣམ་གསུམ་དང། འདི་རྣམས་ཀྱི་ཕྱེ་མ་ཟན་ཆང་དང་སྦྱར་བ་བཏུང་ཞིང་ཐུར་མ་ལ་བསྲེགས་པའི་ཤི་དང། སྣུམ་དང་བཅས་པའི་ཟན་ཧ་མྲི་ཏ་ཀའི་ཚོད་མ་དང
་བཅས་པ་སྦྱིན་ནོ། །ཡང་ན་ཤ་གཙང་མའི་ཁུ་བ་སྐྱུར་བ་དང་ལན་ཚ་དང། སྣུམ་དང་བཅས་པ་བྱིན་ན་ཕན་ནོ། །ཡང་ན་ཤ་པའི་སྐྱུར་པོ་རྒུན་འབྲུ་དང། མདོག་དམར་པོར་བཙོས་པ་དང། ཨ་མྲ་དང། ཨ་མྲ་ཏ་ཀའི་འབྲས་བུ་བཤགས
་པའི་ནང་གིས་ནར་ནར་པོ་དང་སྦྱར་བ་བཟའ་ཨོ། །གྲོ་དང་སྲན་མ་ཤ་ལ་བྱས་པའི་གཡོས་ཡི་གར་གང་འོང་བ་སྦྱིན་ནོ། །སྒེའུ་གཤེར་བཤགས་པ་དང། ཤ་ཁུ་སྐྱུར་པོ་དང་སྦྱར་བའི་ཟས་སྦྱིན་ནོ། །བཏུང་བ་ནི་ཆང་ལེགས་པར་སྨིན་པ
་ལན་ཚ་དང་དྲི་ཞིམ་པ་དང་སྦྱར་བ་བླུད་དོ། །ཡང་ན་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཁུ་བ་འམ་སེའུ་འབྲུའི་ཁུ་བ་བླུད་ན། རླུང་ལས་གྱུར་པའི་ཆང་ནད་སེལ་ཏོ། །ཡང་ན་བཅའ་སྐ་དང་འུ་སུ་བསྐོལ་བའི་ཁུ་བ་འམ། དེ་བཞིན་དུ་ཞོ་ག
་ཆུ་འམ། ཚྭ་འམ། ཆུ་འམ། རང་སྐྱུར་རམ་གང་ཡང་རུང་བ་བླུད་དོ། །གཞན་ཡང་ཏིལ་མར་ལ་སོགས་པས་ལུས་བསྐུ་བྱུག་བྱ་བ་དང། དྲིལ་བ་དང། བཀྲུ་བ་དང། གོས་དྲོན་པོ་བགོ་བ་དང། ཨ་ག་རུའི་བདུག་པས་བདུག་པ་དང། ཨ་ག་རུ་དང། གུར་ཀུམ་གྱི་བྱུག་པ་དང།
་བུད་མེད་ལང་ཚོ་ལ་བབ་པ་ནུ་མ་དང་བརླ་དང། སྟ་ཟུར་རྣམས་མཛེས་ཤིང་ལུས་ཀྱི་ཡན་ལག་དྲོད་སྐྱེད་པ་དང་ལྡན་པ་དགའ་བ་བསྐྱེད་ནུས་པ་སྙུག་པ་དང་ལྷན་ཅིག་འབྱུང་པ་དང་ཐང་སྦྱར་ཞིང། བསྐུ་མཉེ་ལ་སོགས་པ་བདེ་བའི
་བྱ་བ་སྐྱེས་བུའི་ཡིད་བཞིན་དུ་བྱེད་པ་དང། བསྟེན་པར་བྱའོ། །མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ནི་ཆུ་མང་པོ་སྦྲང་རྩི་འམ་ཤ་ཁ་ར་བཏབ་པ་བླུད་དེ། །ཡང་ན་ཟན་ཆང་བཟང་པོའི་ནང་དུ་སེའུ་འབྲུ་དང། བྲ་གོ་དང། བ་བྱ་དང། རྒུན
་འབྲུམ་དང། པ་རུ་ཤ་འདི་རྣམས་ཀྱི་ཁུ་བ་དང་བསྲེས་ལ་བསྒྲངས་པའི་ནད་དུ་ཕྱེ་དང་ཤ་ཁ་རས་བཏབ་པ་བླུད་དོ། །ཡང་ན་སྨན་མངར་པའི་སྡེ་ཚན་རྒུན་འབྲུ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་ཆད་དང་སྦྲང་རྩི་བཏབ
་པ་བླུད་ན་མཁྲིས་པ་ལས་གྱུར་པའི་ཆང་ནད་སེལ་ཏོ། །ཟས་སུ་འབྲས་དྲུག་ཅུ་པ་དང་རི་བོང་དང་གོང་མོ་སྲེག་གི་ཤ་དང། ཧ་རེ་ནུ་ཀ་དང། སྲན་མུངྒ་དང། སྐྱུ་རུ་ར་དང། པ་ཏོ་ལ་དང། སེའུ་འབྲུ་དང། འདི་དག་གཡོས་སུ་བྱས་པ་སྦྱིན་ནོ།།
་བད་ཀན་དང་མཁྲིས་པ་འདྲེས་པའི་ཆང་ནད་སྐོམ་དང་ཆེ་ཞིང་ལུས་ཚ་བར་གྱུར་པ་ལ་ནི་ཆུ་གྲང་མོ་དང་ཆང་མང་དུ་སྦྱར་བ་འམ། ཡང་ན་ཆུ་གྲང་དང་བུ་རམ་ཆུ་སྦྱར་བ་བླུད་ལ་སྐྱུག་ཏུ་གཞུག་གོ་།དེའི་འོག་ཏུ་སྐྱོ་མ་ལ་སོགས་པའི
་རིམ་པ་རྒུན་འབྲུའི་ཁུ་བ་དང་སྦྱར་བ་བླུད་ན་ཕན་ནོ། །གལ་ཏེ་མེའི་དྲོད་ཆེ་སྟེ་ཁ་ཟས་མྱུར་དུ་འཇུ་ན་ཉེས་པའི་ལྷག་མ་ཅུང་ཟད་ཡོད་པའི་རྟགས་སོ། །ལུད་པ་ཁྲག་དང་ལྷན་ཅིག་འབྱུང་ལ་རྩིབ་ལོགས་གཉིས་དང་ནུ་མ་རྣམས་སུ་ཟུག?་ཅིང
་ལུས་ཚ་བ་སྐྱེས་ཏེ་སྐོམ་དང་ཆེ་བ་དང། སྙིང་དང་བྲང་རྣམས་སུ་ན་བ་ལ་ནི། སླེ་ཏྲེས་དང། ག་བུར་དང། པ་ཏོ་ལ་བསྐོལ་བའི་ཁུ་བ་གང་ཡང་རུང་བཅའ་སྒ་དང་ལྷན་ཅིག་སྦྱར་བ་བཏུང་ངོ། །དེའི་འོག་ཏུ་བཟའ་བ་ནི་སྲེག་པའི་ཤ་དང། ལྷན་ཅིག
་བཟའ་ཨོ། །སྐྱེས་བུ་གང་ཆང་ནད་ཀྱིས་སྐོམ་དང་རབ་ཏུ་ཆེ་བ་ནི་རླུང་དང་མཁྲིས་པ་ལས་གྱུར་པ་ཡིན་ཏེ། དེ་ལ་ནི་ནད་གཞི་དང་མཐུན་པར་དགུན་ཆུ་གྲང་མོ་བླུད་དོ། །བཏུང་བ་དེ་ཞུ་བའི་ཚོད་ཙམ་མར་ཤའི་ཁུ་བ་སྨན་མངར་བ་དང་སྐྱུར་བ་དང
་སྦྱར་བའི་བཟའ་བ་སྦྱིན་ནོ། །གལ་ཏེ་སྐོམ་ན་ཆང་ཉུང་ངུ་དང། ཆུ་མང་དུ་བསྲེས་པ་བཏུང་སྟེ་དེ་ཡང་ར་རོ་བ་བསྲུང་ངོ། །ཡང་ན་གླ་སྒང་དང། སེའུ་འབྲུ་དང། འབྲས་ཡོས་དང། འདི་དག་བསྐོལ་བའི་ཁུ་བ་འམ།
་ཡང་ན་འདབ་མ་རྣམ་བཞི་བསོལ་བའི་ཁུ་བ་འམ། ཡང་ན་སྨན་པ་ཏོ་ལ་དང། ཨུཏཔ་ལའི་རྩ་བ་བསྐོལ་བ་བཏུང་བ་འམ། ཡང་ན་རང་བཞིན་གྱི་བསིལ་བའི་ཆུ་འམ་སྦྱོར་བ་དེ་དག་གང་ཡང་རུང་བ་བཏུང་ངོ། །གཞན་ཡང་ཆང་མང་དུ
་འཐུངས་པས་བད་ཀན་ཟད་པར་བྱས་ལ་མཁྲིས་པ་སྐྱེས་ཏེ། གྲེ་བ་དང་རྐན་དང་མཆུ་སྐམས་ལ་ལྕེ་ཕྱིར་འབྱིན་ཅིང་སྐམ་ལ་མགོ་འཁོར་ཏེ། ས་ལ་འགྱེལ་བ་ལ་ནི་ནུབ་མོའི་ཆུ་རླུང་གིས་བསིལ་བར་བྱས་པ་ཡོག་དྲོད་ཀྱིས་བྱིན་ནོ། །ཡང
་སྐྱུར་རྣམ་པ་ལྔ་ཞེས་བྱ་བ་རྒྱ་ཤུག་དང། སེའུ་འབྲུ་དང། ང་ཏྲིཀ་དང། ཙ་ཏྲ་ཞེས་བྱ་བའི་ལོ་མ་དང། ཙུཀྟརི་ཀ་ཞེས་བྱ་བའི་རྩ་བ་འདི་གཉིས་ཀྱི་ཁུ་བའི་ནང་དུ་གོང་མ་གསུམ་གྱི་ཕྱེ་མས་བཏབ་སྟེ་ལྡེ་གུར་བྱས?་ལ་ངོ་གདོང་བསྐུས་ན་དེ
་མ་ཐག་སྐོམ་དང་ཟློག་གོ་།ཆང་མང་དུ་འཐུངས་པ་ལས་ཁོང་པའི་ནང་དུ་དྲོད་ཆེར་སྐྱེས་ཏེ། ཁྲག་དང་མཁྲིས་པ་ཆེར་འཁྲུགས་ནས་ཕྱི་རོལ་པགས་པར་ཚ་བ་མི་བཟད་པ་སྐྱེས་པ་ལ་ནི་བསིལ་བའི་ཆོ་ག་སྣ་ཚོགས་བྱའོ། །དེ་ལྟར་བསིལ
་བའི་ཆོ་ག་སྣ་ཚོགས་བྱས་ཀྱང་ཚ་བ་ཞི་བར་མ་ནུས་ན། རྩ་བའི་ཆོ་ག་བསྟན་པའི་ནང་རོ་ཧ་ཏི་ཞེས་བྱ་བའི་རྩ་ལས་གཏར་ཏེ་ཁྲག་དབྱུང་ངོ། །བད་ཀན་ལས་གྱུར་པའི་ཆང་ནང་ལ་ནི་སྨྱུང་བ་དང་སྐྱུགས་སྨན་གཉིས་ཀྱིས་ཞི་བར་བྱའོ།།
་གཞན་ཡང་བཅའ་སྒ་དང། ས་ལ་པར་ནི་དང། བཱ་ལ་ཀ་དང། ཀཎྚ་ཀཱ་རི་དང། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བ་གྲང་མོ་བླུད་དོ། །སློན་བྱས་པའི་འོག་ཏུ་ལྟོགས་པར་གྱུར་ན་དུས་སུ་སྦྲང་རྩི་མང་དུ་བླུད་པ་འམ་ཡང་ན་ཤ
་ཁ་ར་དང་སྦྲང་རྩི་སྦྱར་བ་སྦྱིན་ནོ། །ཡང་ན་ཨ་རི་ཏ་མས་བྱས་པའི་ཨ་ས་པའི་ཆང་རྙིང་པ་བཏུང་བ་འམ། ཡང་ན་བུ་རམ་ཆང་བླུད་དོ། །ཡང་ན་སྐྱོ་མ་སྣུམ་མེད་པ་བླུད་དེ་སྦྲང་རྩི་མན་ཆད་གོང་མ་དེ་དག་ཀུན་གྱི་ནང་དུ་ལ་ལ་བུད་དང། དོང་གྲ་བཏབ
་པ་བླུད་དོ། །ནས་དང་གྲོའི་ཟན་དྲོན་པོ་ཉུང་ཤས་དང། རྒྱ་སྲན་གྱི་སྤྲུ་ཤ་སྐྱུར་དང། ཚ་བ་དང་ཁ་བའི་སྤོང་བཏབ་པ་མར་ཉུང་ཤས་དང་སྦྱར་བ་ཡིད་སླ་ཙམ་སྦྱིན་ནོ། །ཡང་ན་ར་ཤའི་ཁུ་བ་འམ་སྲོག་ཆགས་ཐང་ལ་གནས་པའི་ཤའི་ཁུ་བའི་ནང་དུ་ལ
་ཕུག་སྐམ་པོ་དང། སྟར་བུ་དང། ང་ཏྲིཀ་དང། པ་ཏོ་ལ་དང། ཚ་བ་གསུམ་དང། སེའུ་འབྲུ་དང། འདི་རྣམས་ལེགས་པར་སྦྱར་བ་གོང་གི་ཟས་དང། ལྷན་ཅིག་བཟའ་ཨོ། །ཡང་ན་ཤ་གཏུབས་ལ་དེའི་ནང་དུ་བཅའ་སྒ་དང། ན་ལེ་ཤམ་དང། ཧ་རི་ཏ་དང།
་སྒེའུ་གཤེར་གཤེགས་པ་དང། འདི་རྣམས་བཙོས་ལ་ཚོས་པའི་ནང་དུ་རྒྱམ་ཚ་ལ་སོགས་པས་ཡན་ལག་བརྒྱད་པའི་ཕྱེ་མ་དང། སྐྱུར་རྩི་ཆེན་པོའི་ཁུ་བ་བཅུག་ལ་ཡང་ཅུང་ཟད་བསྐོལ་ཏེ། དེའི་ནང་དུ་ཀ་རི་ར་དང། ཀརྨ་རྡྷེ་ལ་སོགས་པ་ཡི
་ག་དབྱེ་བའི་སྨན་བཏབ་སྟེ། ཤའི་རོ་མེད་པར་གྱུར་པ་དང་མར་དང་བརྔོས་ལ་བག་ཟན་ལེབ་ལེབ་པོའི་ནང་དུ་བཅུག་སྟེ། བེ་རེག་ཐབས་སུ་བཙོས་ལ་དེ་ལས་མེའི་དྲོད་ཆེ་ཆུང་དང་སྦྱར་ནས་ཅི་རན་དུ་བཟའ་ཨོ། །བཏུང་བ་ནི་སྦྲང་ཆད་སྐྱོན་མེད་པར་གྱུར་པ་འཐུངས་ན།
་བད་ཀན་ལས་གྱུར་པའི་ཆང་ནད་སེལ་ཏོ། །ཁ་ན་ཁ་ར་དཀར་པོ་དང། ཁ་རུ་ཚ་དང། གོ་སྙོད་དང། ད་ཏྲིཀ་དང། སྟར་བུ་དང་འདི་རྣམས་ཆ་མཉམ་པ་དང། ཤིང་ཚ་དང། སུག་མེལ་དང། ན་ལེ་ཤམ་འདི་དག་གསུམ་ཁ་ར་དཀར་པོ་ཕྱེད་ཕྱེད་དང། ལྷན་ཅིག་སྦྱར་བ་ནི
་ཡན་ལག་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་རྒྱུན་སྲད་དག་པ་དང། མེའི་དྲོད་སྐྱེད་པ་དང། བད་ཀན་ལས་གྱུར་པའི་ཆང་ནད་སེལ་ཏོ། །རྩུབ་པ་དང་དྲོ་བས་ལུས་བསྐུ་ཞིང་དྲིལ་ལ་ཁྲུས་བྱ་ཞིང་ཟས་མྱུང་བ་བྱས་ན། བད་ཀན་ལས་གྱུར
་བའི་ཆང་ནད་མྱུར་དུ་སེལ་ཏོ། །ཡང་ན་བུད་མེད་འདོད་པ་དང་ལྡན་པ་རྣམས་དང་ལྷན་ཅིག་འདུག་ལ། ནུབ་མོ་གཉིད་མ་ལོག་པ་ཉལ་པོ་ཅུང་ཟད་ཙམ་སྤྱད་པར་བྱས་ན། བད་ཀན་ཤས་ཆེ་བའི་ཆང་ནད་མྱུར་དུ་སེལ་ཏོ། །དེ་ཡན་ཆད
་ནད་གཞི་སོ་སོའི་གསོ་བ་བསྟན་ནས། ད་ནི་འདུས་པ་གསོ་བ་བཤད་པར་བྱ་སྟེ། དེ་ལ་ནད་གཞི་འདུས་པའི་དབྱེ་བ་རྣམ་པ་བཅུ་ཡོད་དེ། ལྷག་མ་ཡང་ཅི་རིགས་པར་བརྟག་གོ་།དེ་ལ་ཤིང་ཚ་བ་དང། ན་ག་པུཥཔ་དང། པི་པི་ལིང་དང། ན་ལ?་ཤམ་དང།
་གོ་སྙོད་དང། འུ་སུ་དང། པ་རུ་ཤ་ཀ་དང། མ་དུ་ཤ་ཀ་དང། སུག་མེལ་དང། ཐང་ཤིང་དང། ཁ་ར་དཀར་པོ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཀ་བིཏྟའི་ཁུ་བའི་ནང་དུ་བཏགས་ཏེ་ག་བུར་གྱི་དྲིས་བསྒོས་པ་འཐུངས་ན། ཆང་ནད་འདུས་པ
་ལས་གྱུར་པ་ཐམས་ཅད་ཞི་ཞིང་ཡི་ག་འབྱེ་ལ། མེའི་དྲོད་སྐྱེད་པར་བྱེད་དོ། །ཆང་ནད་ཀྱིས་ཡང་ན་ནི་སྙིང་འཁྲུག་པར་བྱེད་ལ། ཡང་ན་ལུས་འཇོམས་པར་བྱེད་དོ། །དེ་བས་ན་ཆང་ནད་ལ་སེམས་དགའ་བར་གྱུར་བའི་ཆོ་ག་བྱའོ། །ཆང་ནད་ལ
་ལུས་དག་པར་བྱ་བའི་ཆོ་ག་སློན་ཁྲུས་ལ་སོགས་པ་གསོ་བའི་དཔྱད་སྣ་ཚོགས་བྱས་ཀྱང་ཞི་བར་མ་གྱུར་ཏེ། བད་ཀན་ཟད་ཅིང་ལུས་ཉམ་ཆུང་ལ་རིང་ཅིང་རླུང་དང་མཁྲིས་པ་ཤས་ཆེར་སྐྱེས་པ་ནི་ཆང་ནད་ཀྱིས་ནད་ལུས་འཇོམས་པར
་བྱེད་པ་ཞེས་བྱ་སྟེ། ལུས་ཟུངས་ཉམས་པར་བྱས་པ་ཡིན་པས་དེ་ལ་ནི་འོ་མ་བླུད་ན་ལུས་མྱུར་དུ་འཕེལ་བར་བྱེད། ཇི་ལྟར་དཔྱིད་ཀྱི་དུས་སུ་ཤིང་ལ་ཆར་བབ་ན་འཕེལ་བ་བཞིར་དུ་འོ་མ་འཐུངས་པས་ཀྱང་ལུས་འཕེལ་ཞིང་རྒྱས་པར་བྱེད་དོ། །དེ
་ལ་འོ་མས་ལུས་ཟུངས་འཕེལ་བ་ཡིན་ན་ཡང་ཆང་དང་མི་འབྲོད་པས་འོ་མ་ནི་ཉུང་ངུ་བཏུང་ངོ། །ནད་ཚབས་ཆེ་བ་ལ་འོ་མ་ནི་མང་དུ་བླུད་ལ་ཆང་ནི་རིམས་ཀྱི་ཉུང་ངུ་སྦྱིན་ནོ། །ལུས་འཇོམས་བྱེད་དང། ལུས་སྐེམ་བྱེད་ཀྱི་ཆང་ནད་ཀྱིས་གཟིར་བར་གྱུར
་པ་ཡིན་མར་དང་འོ་མའི་འཇམ་རྩི་མས་བཏང་ན་ཞི་བར་འགྱུར་རོ། །དེ་ནས་ཁྲུས་དང་བསྐུ་བྱུག་དང། ལུས་དྲིལ་བ་བྱས་ནས་དེ་ཡི་འོག་ཏུ་རླུང་ལ་ལན་པའི་བཟའ་བ་དང་བཏུང་བ་སྦྱིན་ནོ། །ཆང་རན་པར་འཐུངས་ན་ནི་ཆང་ལས་གྱུར་བའི་ནད་མི
་འབྱུང་ཏེ། དེ་ནས་ཆོད་ཅི་ཙམ་བཏུང་བའི་སྦྱོར་བ་བཤད་པར་བྱ་སྟེ། ལགས་པར་འཐུངས་ན་ནི་བདེ་བ་འབའ་ཞིག་སྐྱེད་པ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ཀྱིས་ཆང་འཐུངས་པས་ནི། གཟི་མདངས་སྐྱེད་པ་དང།
་དབྱངས་ཅན་གྱི་བུས་འཐུངས་བས་ནི་སྟོབས་བསྐྱེད་པ་དང། བརྒྱ་བྱིན་གྱིས་འཐུངས་པས་ནི་ནུས་པ་སྐྱེད་པ་དང། ཁྱབ་འཇུག་གིས་འཐུངས་པས་ཞི་འོད་དཔག་ཏུ་མེད་པ་བསྐྱེད་པ་དང། མེ་ཏོག་མདངས་ཀྱིས་འཐུངས་པས་ནི་གཞན་ལ
་བལྟས་པ་ཙམ་གྱིས་རྨོངས་པ་མེད་པའི་མཐུ་འཐོབ་པ་དང། སྟོབས་ལྡན་གྱིས་འཐུངས་པས་ནི་སྐྱེས་བུའི་དོན་གྲུབ་པ་དང། མདོའི་ནོར་བུ་ཞེས་བྱ་བའི་མཆོད་སྦྱིན་གྱི་དུས་སུ་བྲམ་ཟེ་རྣམས་ཆང་རང་ཉིད་ཀྱང་འཐུང་ལ་སྲེག་བླུགས་ཀྱང
་ཆང་དང་བྱེད་དོ། །སྔོན་གྱི་དུས་སུ་ཆང་གི་རྒྱ་མཚོ་ཆེན་པོའི་ནང་དུ་ལྷ་དང་ལྷ་མ་ཡིན་ཐམས་ཅད་འདུས་ནས་སྨན་ཐམས་ཅད་ཀྱིས་བཅུག་སྟེ། བཀང་ནས་ཡོངས་སུ་བསྲུབས་པ་ལས་དེའི་ནང་ནས་ཐོག་མར་ཁྱབ་འཇུག་གི་ཆུང་མ་ལག་རྨི་དང། ཟླ
་བ་དང་བདུད་རྩི་རྣམས་བྱུང་བར་འགྱུར་རོ། །རྒུན་ཆང་དང། སྤང་ཆང་དང། སྦྱར་བའི་ཆང་དང། བུ་རམ་ཤིང་གི་ཆང་དང། བུ་རམ་གྱི་ཆང་དང། ཨ་ས་ཝའི་ཆང་ལ་སོགས་པ་ཀུན་ཀྱང་ར་རོ་བའི་ནུས་མཐུ་ཀུན་ལ་ཡོད་དེ། རང་བཞིན་མི་འདོར་རོ། །སྨད
་འཚེད་ན་ལ་འགྱིད་འགྲོས་ཅན་ཞེས་བྱ་སྟེ། ཆང་འཐུངས་ན་མིང་དང་མཐུན་པར་སྒེག་པར་སྟོན་ཏེ། །བུད་མེད་རིགས་མ་ཡང་ཆང་འཐུངས་དང་ངོ་ཚ་མེད་པར་བྱེད་ཅིང་སེམས་གཞན་དུ་འགྱུར་བ་སྟོན་ཏོ། ཆང་འཐུངས་ན་ནི་ཐུབ་པ་རྣམས་ཀྱང
་འདོད་པ་རྣམས་ཀྱི་སེམས་འཕྲོགས་སོ། །ཆངས་འཐུངས་པའི་རྒྱུས་ནི་བུད་མེད་རྣམས་ཀྱང་ཁྲོ་གཉེར་དང་སྨིན་ལ་གཡོ་བར་བྱེད་ལ། འཛུབ་མོས་གཞན་ལ་སྡིགས་པར་བྱེད་ཅིང། ཁ་ཅིག་ལ་ནི་གནོད་པ་སྦྱིན་པ་ལྟར་སྟོན་ཀྱང
་གཉི་ག་ལ་སྙིང་དགའ་བར་མཚུངས་སོ། །ཆང་འཐུངས་ན་ལྷའི་བུ་མོ་རྣམས་ཀྱང་འདོད་པ་ལ་དགའ་བར་འགྱུར་རོ། །ཆང་འཐུངས་ན་ནི་སྐྱེས་བུ་གཡུལ་དུ་འཇུག་པ་རྣམས་ཀྱང་རྩ་བཞིན་སྲོག་འདོར་བར་བྱེད་ཅིང་རྩོད་པ་འཕེལ་བ་དང། ཆང་མང་དུ
་བསྟེན་པས་ནི་ཕྱིས་ཀྱང་དེ་ལ་སྲེད་ཅིང་ཆོག་མི་ཤེས་པར་འགྱུར་རོ། །མྱ་ངན་དང་སྐྱོ་བ་དང། མི་དགའ་བ་དང། འཇིགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དགའ་འདུན་དང། དགའ་སྟོན་ཆེན་པོ་དང། སྐྱེད་མོས་ཚལ་དུ
་འགྲོ་བ་ལ་སོགས་པ་ཡང་ཆང་མེད་པར་མཛེས་པར་མི་འགྱུར་རོ། །ཁ་ཅིག་ནི་ཆང་འཐུངས་པའི་དབང་གིས་སྡུག་ཅིང་ཡིད་དུ་འོང་བ་མང་པོ་དང་དྲན་ནས་དུ་བ་ཡང་ཡོད། མི་མཛའ་བ་དང་ནི་མཛའ་བར་འགྱུར་ལ། མཛའ་བ་དང་ནི་འབྲལ
་བར་ཡང་ཡོད་དོ། །ཆང་འཐུངས་པའི་སྐྱེས་བུའི་བློ་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་ཡང་བརྙས་པ་སྐྱེ་བ་དང། ཆང་འཐུངས་པའི་རྒྱུས་ནི་གཞན་ལ་གཏན་དུ་མེད་པ་རང་རིག་པ་བདེ་བའི་རོ་མྱོང་བར་བྱེད་པ་དེ་ཡང་ཡིན་ནོ། །གཞན་ཡང་མཛའ་
་བར་འགྱུར་ལ། འབྲེལ་བ་ཡང་ལྷག་པར་འབྱེ་བར་འགྱུར་རོ། །ཆང་བྱིན་ན་ནི་ལྷ་དང་ལྷ་མ་ཡིན་དང། གནོད་སྦྱིན་དང། དྲི་ཟ་དང། སྲིན་བུ་དང་མི་རྣམས་ཀྱང་དགའ་བ་དང། མགུ་བ་དང། དག་གི་ལམ་འཕེལ་བར་འགྱུར་རོ། །ཆང་ཚུལ་བཞིན་མ་ཡིན
་པར་འཐུངས་ན་ནི་ནད་སྐྱེད་པར་འགྱུར་ཏེ། དེ་ཡང་ཚིལ་རྒྱས་པ་དང། རླུང་དང་བད་ཀན་བསྐྱེད་པར་འགྱུར་རོ། །ཆང་ཚུལ་བཞིན་དུ་འཐུངས་ན་ནི་ཉེས་པ་ཆེན་པོ་ལས་ཀྱང་གྲོལ་བར་འགྱུར་རོ། །ལུས་ཀྱི་ནད་གཞན་ཡོད་པ་ལ་ནི་ཆང་སྤང་བར་བྱའོ། །ཆང་ནད་མ
་ཡིན་པ་ནད་གཞན་ལ་ནི་ཆང་སྐྱོན་མེད་པའི་ནང་དུ་སྨན་ཚོགས་དང་སྦྱར་བ་ཐང་ལ་གནས་པ་དང་གྲོང་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ལེགས་པར་བཏགས་པ་ཆང་དང་ལྷན་ཅིག་བཏུང་ངོ། །ཆང་འབའ་ཞིག་ནི་གནོད་དེ་མི་འཇུའོ། །སྒོག་སྐྱ་དང
་ཤ་དང་ཆང་དུ་སྦྱར་བས་ནི་རླུང་ནད་མི་བཟད་པ་འཇོམས་ཀྱི་སྒོག་སྐྱ་ཉི་ཚེས་ནི་དེ་ལྟར་མ་ཡིན་ནོ། །ཆང་ནི་ཟུག་རྔུ་ཁོང་དུ་ལུས་པ་དབྱུང་བ་དང། ཐལ་སྨན་རྣོན་པོའི་ལས་དང། མེ་བཙའ་ལ་སོགས་པའི་ལས་བྱེད་ཀར་བླུད་དོ། །ནད་པ་དམ་དུ་ཟུང
་ལ་སོགས་པའི་ལས་བྱས་ཤིན་ཏུ་སླ་བར་འགྱུར་རོ། །ཆང་ནི་མེའི་དྲོད་སྐྱེད་པ་དང། ཡི་ག་འབྱེ་བ་དང། མྱ་ངན་དང། ངལ་བ་སེལ་བ་དང། ནད་མེད་ཅིང་སྟོབས་འཕེལ་བའི་མཆོག་ཡིན་ནོ། །དེ་བས་ན་བདག་ཉིད་ཆེན་པོ་རྣམས་ཀྱི་སྲོག་བསྲུང་བའི
་ཕྱིར་ཆང་རན་པར་བཏུང་བར་བྱའོ། །བསྟེན་པ་དང་ཉེ་བར་བསྟེན་པ་རྣམས་ཀྱིས་ལོངས་སྤྱོད་དང། ལྷན་ཅིག་སྤྱོད་པའི་ཆོས་ཀྱང་འདི་ལས་ལྷག་པ་མེད་དོ། །ཐོག་མར་ཆང་འཐུངས་པ་ནི་དང་པོར་ཁྲུས་བྱས་ལ་ལྷ་དང་བྲམ་ཟེ་དང་བླ་མ་ལ་ཕྱག་འཚལ་ཏེ། རང
་གི་ལས་ཀྱི་བྱ་བ་བྱས་ནས་འཁོར་ཐམས་ཅད་ལྷན་ཅིག་འཐུངས་ཏེ། ས་གཞི་ཆུ་འམ། ཆུ་དྲི་དང་ལྡན་པས་ཆག་ཆག་བཏབ་ལ་ཟས་བཟའ་བ་ཡི་བཀད་སར་སོང་སྟེ། སྟེན་རྒྱ་ཆེ་ཞིང་བདེ་བར་བཏིང་ནས་མི་སྲུན་པའི་སྐྱེ་བོ་རྣམས་བསལ་ཏེ། མཛའ་
་བཤེས་དང། གཡོག་འཁོར་ཡིད་དུ་འོང་ཞིང་རང་སྙན་པ་སྒྲོགས་པ་རྣམས་དང། ལྷན་ཅིག་ཏུ་འདུག་པར་བྱའོ། །ཡང་ན་བུད་མེད་གཞོན་ནུ་འཇོ་སྒེག་དང་ལྡན་པ་དག་རོལ་མོ་སྙན་པའི་སྒྲ་དང་ལྷན་ཅིག་གར་དང་གླུ་ལེན་ཅིང་ཤིན་ཏུ་མཛེས
་པ་དང། བུད་མེད་དེ་དག་གི་ལུས་ལ་དྲིལ་བུ་དང་གཡེར་ཀའི་སྒྲ་དང་བཅས་པ་དང། རྨ་བྱ་ལ་སོགས་པའི་གར་དང་སྐད་སྙན་པར་སྒྲོགས་པ་དང། གཞན་ཡང་ཟ་འོག་ལ་སོགས་པ་ཁ་དོག་དུ་མ་དང་ལྡན་པའི་གསོ་བགོ་ཞིང་གསེར་ལས་བྱས་པའི་རྒྱན་ནོར་བུ་སྣ་ཚོགས
་ཀྱིས་སྤྲས་པས། ལུང་སྤུད་པའི་བུད་མེད་ཐུབ་པའི་སྐྱེས་བུ་རྣམས་ཀྱིས་སེམས་ཀྱང་གཡོ་བར་བྱེད་པ་དང། རི་དགས་ཀྱི་མིག་ལྟར་འགུལ་ཞིང་རྩེ་བའི་མིག་གིས་བལྟ་ཞིང་སྙིང་དུ་སྡུག་ལ། དེ་ཡང་ཕྱུག་པོའི་རིགས་སུ་སྐྱེས་ཤིང་ནུ་མ་རྒྱས་པ་དང། རོ་སྨད་ལྕི་བའི་གྲོས་སུ་འགྲོ་བ་དང། གོང་ཟླ་བ་ལྟ་བུའི་བུད་མེད་ན་ནོ་བ་ཡང་རེགས་བསྐྱེད་པ་དང
་གཞོན་པའི་སེམས་ཀྱང་ཀུན་ཏུ་ཆགས་པ་སྐྱེད་ནུས་པ་དང། བུད་མེད་དར་ལ་བབ་ཅིང་ལུས་སྲབ་བ་ཆང་གིས་དྲེགས་པ། རང་བཞིན་གྱིས་འཛེ་སྒེག་ཅན་དག་ཕན་ཚུན་ཆད་ལ་སོགས་པ་འབྲིམ་ཞིང་དེ་ལང་རླུང་ཡབ་དང་པདྨའི་ལོ་མ་ལ་སོགས་པས་བསིལ་བར་བྱས་པའི་ཆང
་མཐོང་ན་དེ་ལ་ཆགས་བསྐྱེད་ནུས་པ་དང། མཐུང་བ་ལྟ་ཅི་སྨོས་དེ་ཆང་གིས་དབང་དུ་སེམས་འགྲོའོ། །ཆང་དེ་ཡང་ཙུ་ཏའི་མེ་ཏོག་དང། གླ་རྩི་དང། སྣ་མའི་མེ་ཏོག་དམར་པོས་བསྒོས་ལ་ཤེལ་ཕོར་གྱི་སྣོད་ཀྱི་ནང་དུ་བླུགས་ཏེ་མཛེས་བ་ནི་འདོད་བའི་ལྷའི་ལུས་བཞིན་དུ་སྣང་ངོ།
་ཆང་འཐུངས་པའི་དུས་སུ་དང་པོར་བལ་བུ་འམ། སུག་སྨེལ་ལ་སོགས་པ་ཕྱེ་མ་འམ། གོང་དུ་སྨོས་པའི་ནི་ཚོད་གནས་པར་བྱེད་པའི་ལྡེ་གུ་ཟོས་ན་།དེའི་འོག་ཏུ་ཆང་འདོད་བའི་སྐྱེས་བུས་ས་ཕྱོགས་ཞལ་ཞལ་བྱས་པའི་སྟེང་དུ་ཆང་གི་ནང་དུ་ཅུང་ཟད་དང་བསྲེས་ལ་བཏུང་སྟེ།
་དྲན་བ་དང་བློ་དང་ལྡན་བའི་སྐྱེས་བུས་མི་ཚེ་མི་ཆུང་བར་རན་བར་རྟག་ཏུ་སྤྱོད་དོ། །དེའི་འོག་ཏུ་ཟས་ཀྱིས་བྱ་བ་ལེགས་པར་སྦྱར་བ་དང། ཉེ་བར་སྤྱད་པར་བྱ་སྟེ། ཐོག་མ་བུད་མེད་ལ་བླུད་དེ། བུད་མེད་དེས་ཀྱང་ཆང་གི་ནང་དུ་དྲི་ཞིམ་པོས་བྱུགས་པའི་གདོང་དང།
་ཨུཏཔ་ལ་ཁ་ཕྱེ་བ་ལྟ་བུའི་མིག་གི་བལྟས་བུང་བ་མང་པོ་ཆང་འཐུང་བ་ལྟ་བའི་གཟུགས་རྙན་ཤིན་ཏུ་མཛེས་བར་སྣང་བའི་ཆང་དེ་སྣོད་གསུམ་གྱི་ནང་དུ་བླུགས་ཏེ། འཁོར་རྣམས་ཀྱིས་བསྟོད་བཞིན་དུ་འཐུངས་ན། དེའི་འོག་ཏུ་ཟས་ཟ་བའི་བཀང་སར་སོང་སྟེ། སྲབ
་པ་མཁས་པས་མདུན་དུ་བཞག་ལ་ཟས་བཟའ་བར་བྱ་སྟེ། འདིར་མང་ཤ་དང། སྣུམ་ཁུར་དང། མར་དང། སྒེའུ་གཤེར་དང། ཧ་རི་ཏ་ལ་སོགས་པ་དང། ལེའུ་ཚ་དང་ལྡན་པར་ཟས་བཟའ་ཨོ། །གསང་ནན་དུ་སྐྱོགས་གཉིས་སམ་གསུམ་ཉུང་བར་བཏུང་བར་བྱ་སྟེ།
་དེ་ཡང་བུད་མེད་ལ་ཕོད་པར་བྱ་བའི་ཕྱིར་རོ། །དབེན་པར་ཆུང་མ་དང་ལྷན་ཅིག་སོང་སྟེ། ཆུང་མ་སྤང་བར་བཞག་ལ་རྐང་ལག་གིས་དམ་དུ་འཁྱུད་པ་དང། བུད་མེད་ཀྱི་ལུས་ལས་རྡུལ་འབྱུང་ཞིང་བ་སྤུ་ལྡང་ལ་ནུ་མ་འགུལ་བར་སྣང་སྟེ། དེ་མ་ཐག་ཆང་བླངས་ལ་བུད
་མེད་ལ་བླུད་དོ། །གལ་ཏེ་དེ་ལྟར་མ་བླུད་ན་ནི་ཁྱིམ་གྱི་བདེ་བ་ཅི་ཞིག་མྱོང་སྟེ། ཕལ་ཆེར་སྡུག་བསྔལ་དང་བཙས་པས་དམྱལ་བ་དང་འདྲའོ། །དེ་ལྟར་ཆང་དེ་ཡན་ཆད་མཆོག་གི་གཟུགས་དང་ལྡན་པས་བུད་མེད་དེས་འཐུངས་བ་དང། དེའི་ལྷག་མ་དེ་ཡང་ཤིན་ཏུ
་དྲི་ཞིམ་པ་དང། ལྡན་པ་པདྨ་རཱ་ག་གཞུས་པ་ལྟ་བུའི་མདོག་དང་ལྡན་པ་ཡིན་ནོ། དེའི་འོག་ཏུ་འདོད་པ་ཟིན་ཏེ་དུབ་པ་དང་ཆང་ཉུང་ཟད་བཏུང་བར་བྱའོ། །གལ་ཏེ་ཆང་མངས་ན་ནི་གཟི་མདངས་ཉམས་པས་ཆང་མང་དུ་འཐུང་སྤང་ངོ། །དེ་ནས་བདེ་བར་ཉལ་བར་བྱའོ།
་ཆང་བཏུང་བའི་ཚུལ་དེ་ལྟར་བྱས་ན། ཆོས་དང་དོན་འདོད་པས་ཉམས་པར་མི་འགྱུར་ཏེ། སྙིང་པོ་མེད་པའི་འཁོར་བ་ན་བདེ་བའི་མཆོག་ཏུ་འགྲོ་བར་འགྱུར་རོ། །དེ་ལྟར་བྱས་པའི་རིམ་པ་དེ་ཡང་ལྷ་རྣམས་དང་ལོངས་སྤྱད་དང་ལྡན་པའི་སྐྱེས་དུས་བྱ་བ་ཡིན་གྱི་གཞན་དུ
་ན་ནི་ལོངས་པར་ཉམས་ཐག་པར་འགྱུར་ཏེ། དེའི་འོག་ཏུ་སེམས་གདུངས་ནས་ནོར་བུ་འབུད་ཅིང་རྙེད་པར་འགྱུར་རོ། །སྐྱེས་བུ་འཇུངས་པ་དག་ནི་གཞན་ལོངས་སྤྱོད་བྱེད་པ་དག་ལ་སྨོད་ཅིང་བདག་ཉིད་ལ་འབྱོར་པ་ཡོད་ན་ཡང་མི་སྤྱོད་བ་དག་ནི་གཞན་གྱི་ནོར
་བསྲུང་བའི་མཛེད་དང་མཚུངས་སོ། །འོན་ཀྱང་རིམ་པ་དེ་དེ་ལྟར་ཆང་འཐུངས་ན་ཆོ་ལ་ཕན་ཞིང་དབང་པོ་རྣམས་ཡུལ་བསྐུམས་ཏེ། རང་དགར་འགྲོ་བ་ལས་རྒྱལ་བ་ཡིན་ནོ། །ཆོ་ག་དེ་དག་ནི་ནོར་དང་ལྡན་པ་རྣམས་ཀྱིས་བྱའོ། །དེ་ལྟ་བས་ན་ཇི་ལྟར་རིགས་དང་ཕན་པ་རན?
་པར་སྤང་ཏེ། དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱིས་མཐོང་བ་ཉམས་པར་མི་འགྱུར་ཞིང་སེམས་མི་འཁྲུལ་བའི་ཆོད་ཀྱིས་བཏུང་བར་བྱའོ། །དེ་ནས་ནི་སྤང་བར་བྱའོ། །གཞན་ཡང་རླུང་གི་རང་བཞིན་ཅན་གྱི་མེལ་ཆང་བླུད་པ་ནི་དང་པོར་བསྐུ་བྱུག་དང་ལུས་དྲིལ
་བ་དང། ཁྲུས་བྱས་ལ་བཟའ་བ་ནི་སྣུམ་དང་དྲོ་བ་བཟང་ངོ། །བཏུང་བ་ནི་ཆང་བཏུང་བ་དང། བྱུག་པ་རྣམས་ཀྱིས་བསྒོས་པ་བླུད་དོ། །མཁྲིས་པའི་རང་བཞིན་གྱི་མི་ལ་ནི་བསིལ་བའི་སྦྱོར་བ་སྣ་ཚོགས་དང། མངར་བ་དང། སྣུམ་པ་དང་བཅས་པའི
་ཟས་དང་ཆང་གི་བཏུང་བ་བྱིན་ན་ཡང་ལུས་ཉམས་པར་མི་འགྱུར་རོ། །བད་ཀན་གྱི་རང་བཞིན་ཅན་གྱི་མི་ལ་ནི་ནས་དང་གྲོ་ལ་སོགས་པ་དྲོ་བའི་ཟས་དང། སྲོག་ཆགས་ཐང་ལ་གནས་པའི་ཤ་ན་ལེ་ཤམ་ལ་སོགས་པ་དང། སྦྱར་བའི་ཟས་དང་ཆང་བཏུང་བར་བྱའོ། །
་དེ་ལ་ཕལ་ཆེར་རླུང་ནད་ལ་ཕན་པའི་ཆང་ནི་བཏགས་པ་ལས་བྱས་པའི་ཆང་དང་བུ་རམ་ཆང་ཕན་ནོ། །མཁྲིས་པའི་ནང་ལ་ནི་རྒུན་ཆང་ཆུ་ཅུང་ཟད་དང་བསྲེས་པ་བླུད་དོ། །བད་ཀན་གྱི་ནད་ལ་ནི་རྒུན་ཆང་ངམ། ཨ་རི་ཏའི་བཏུང་བ་འམ་སྦྲང་ཆང་བཏུང་ངོ། །བད་ཀན་ཤས
་ཆེ་བའི་ནད་ལ་ནི་མངར་ཆང་བླུད་ལ་དེའི་འོག་ཏུ་ཟས་བཟའ་ཨོ། །མཁྲིས་པ་ཤས་ཆེ་བ་ལ་ནི་ཆང་འཐུངས་ལ། དེ་མ་ཐག་ཟས་བཟའ་ཨོ། །རླུང་ཤས་ཆེ་བ་ལ་ནི་ཟས་ཕྱེད་ཟོས་ནས་ཆང་བཏུང་ངོ། །ནད་གཞི་མཉམ་པ་ལ་ནི་ཅི་དགར་བཏུང་ངོ། །དེ་ལ་གཞན་ཡང་མྱོས་པ
་འམ་བརྒྱལ་བའི་ནད་ལ་ནི་རླུང་དང་མཁྲིས་པ་འཇོམས་པའི་སྨན་བཏང་བར་བྱ་སྟེ། དེ་ལ་བརྒྱལ་བ་ལ་ནི་ནད་གཞི་གང་ལས་གྱུར་པ་བརྟག་སྟེ། ཁྱད་པར་དུ་མཁྲིས་པ་བརྟག་པར་བྱའོ། །བརྒྱལ་བ་དང་མྱོས་པ་ཐམས་ཅད་ལ་ནི་བསིལ་བའི་བྱུག
་པས་བསྐུ་ཞིང་ནོར་བུ་ཆུ་ནང་དུ་བཅུག་པའི་ཆུས་གཏོར་ཏེ་རླུང་ཡབ་ཀྱིས་གཡབ་པོ། །རྒུན་འབྲུ་དང། བུ་རམ་ཤིང་དང། བྲ་གོ་དང། ཏཱཾ་པ་ལ་དང། འདི་རྣམས་ཀྱི་ཁུ་བ་འོ་མ་དང་བསྐོལ་བ་ཁ་རས་བཏབ་པ་བླུད་དོ། །ཡང་ན་མངར་བའི་སྡེ་ཚན་འོ་མ་དང
་ལྷན་ཅིག་བསྐོལ་བ་བཏུང་བ་འམ། ཡང་ན་ཤ་ཁུ་འམ་མུངྒའི་ཡུ་ཤ་གང་ཡང་རུང་བ་སེའུ་འབྲུ་དང་སྦྱར་བ་བླུད་དོ། །བཟའ་བ་ནི་འབྲས་དྲུག་ཅུ་པ་དང། འབྲས་དམར་པོ་དང། ནས་ལས་གཡོས་སུ་བྱའོ། །གཞན་ཡང་སྨན་འཚོ་བྱེད་ཀྱི་སྨན་མར་དང།
་དགེ་བའི་སྨན་མར་དང། ཏིཀྟ་ཆེན་པོའི་སྨན་མར་དང། སྲང་བའི་སྨན་མར་དང། འདི་དག་གང་ཡང་རུང་བ་འམ། ཡང་ན་ཙི་ཏྲ་འོ་མ་དང་སྦྱར་བ་འམ། ཡང་ན་པི་པི་ལིང་དང་བྲག་ཞུན་ཡང་བཅུད་ཀྱི་ལེན་གྱི་ཆོ་ག་བཞིན་དུ་སྦྱར་བ་འམ། ཡང་ན་འབྲས་བུ་གསུམ་མར་དང་སྦྲང་རྩི་དང་ཤ
་ཁ་རས་བཏབ་པ་འམ། དེ་དག་ལས་གང་ཡང་རུང་བ་བླུད་ན། མྱོས་པ་དང་བརྒྱལ་བ་ཐམས་ཅད་ཞི་བར་བྱེད་དོ། །མྱོས་པ་དང་བརྒྱལ་བ་ཤུགས་དྲག་ཏུ་ཞེན་པ་ལ་ནི་ཁ་སྣའི་དབུགས་འགགས་པ་འམ། ཡང་ན་མིའི་འོ་མ་བཏུང་བ་འམ། ཡང་ན་སྣ་ནས་བླུད་ན་ཕན་ནོ། །ཡང་ན
་པདྨའི་རྩ་ལག་དང། པི་པི་ལིང་དང། སྦྲང་རྩི་སྦྱར་བ་འམ་ཡང་ན་ཨ་རུ་ར་དང་སྦྲང་རྩི་སྦྱར་བ་འམ། ཡང་ན་བྱི་ཚེར་བ་དང་སྦྲང་རྩི་འམ། ཡང་ན་ག་དུང་དང་སྦྲང་རྩི་འམ། སྦྱོར་བ་འདི་དག་གང་ཡང་རུང་བའི་ལྡེ་གུར་བྱས་པ་ཟོས་ན་ཕན་ནོ། །ཡང་ན་ན་ལེ་ཤམ་དང།
་རྒྱ་ཤུག་གི་རུས་པ་དང། རྐང་དང་པུ་ཤེལ་ཅི་དང། ན་ག་གེ་སར་དང། འདི་རྣམས་བཏགས་པ་ཆུ་གྲང་དང་སྦྱར་བ་འཐུངས་ན། མྱོས་པ་དང་བརྒྱལ་བའི་ནད་སེལ་ཏོ། །ཡང་ན་སྐྱུ་རུ་ར་བསྐོལ་བའི་ཁུ་བ་དང། མར་དང་ལྷན་ཅིག་བསྐོལ་བ་འམ། ཡང་ན་ཨ་རུ་རའི་ཁུ་བ་དང།
་མར་བསྐོལ་བར་མར་འབའ་ཞིག་ལུས་པ་འཐུངས་ན་ཕན་ནོ། །ནད་གཞིའི་སྟོབས་ཇི་ལྟ་བ་བཞིན་དུ་གོང་མའི་ཆོ་ག་རྣམས་མྱོས་པ་དང། བརྒྱལ་བ་རྣམས་ལ་ཅི་རིགས་པར་བྱའོ། །དེ་བཞིན་དུ་སློན་ཁྲུས་ལ་སོགས་པ་ལས་རྣམ་ལྔ་དང། གཏར་ཀས་ཁྲག་དབྱུང་བ་ཡང
་རབ་ཏུ་ཕན་ནོ། །གཞན་ཡང་སེམས་བརྟན་པར་བྱ་ཞིང་ཤེས་པ་ཡུལ་ལ་མ་ཆགས་པར་བྱའོ། །མྱོས་པ་དང་བརྒྱལ་བ་ཚབས་ཆེ་བ་ལ་ནི་སྙིང་སྟོབས་ཀྱི་སྨན་དུ་བཤད་པ་ཤིན་ཏུ་རྣོ་བ་སོགས་པ། དུག་གིས་མྱོས་པའི་སྦྱར་སྨན་ངག་གིས་གསོ་བར་བྱའོ། །དེ་ལ་སྙིང་སྟོར་གྱི་ནད་ལ
་ནི་མྱུར་དུ་ཤིན་ཏུ་རྣོ་བའི་སྣ་སྨན་བཏང་བ་དང། མིག་སྨན་རྣོན་པོ་བླུགས་པ་དང། དུད་པ་རྣོན་པོ་རྡུབ་པ་དང། སྨན་རྣོན་པོའི་ཕྱེ་མ་ཆུ་དང་སྦྱར་བ་མཁུར་བར་བཅང་བ་དང། སེན་མོའི་ནང་དུ་ཁབ་བཙུགས་ཏེ་ཚར་གཞུག་པ་དང། འདི་དག་བྱས་ན་སྙིང་སྟོར་གྱི་ནང་ཞི་བར་བྱེད་དོ། །ཡང
་ན་སྐྲ་འབལ་བ་དང། ལུས་མོས་བསྲེགས་པ་དང། སོས་བཅད་པ་དང། སྲོག་ཆགས་སྡིག་པ་སོ་འདེབས་སུ་གཞུག་པ་དང། སྒེའུ་གཤེར་ལ་སོགས་པ་ཚ་བའི་ཁུ་བ་དང། སྐྱུར་བའི་བག་དར་བ་ལ་སོགས་པ་ཁར་བཅད་དུ་གཞུག་པ་དང། ཁ
་སྲོལ་ཕྲེའུ་ལུས་ལ་བདར་བར་བྱ་སྟེ། དེ་ལྟར་རྣོ་བའི་སྨན་དེ་དག་གིས་སད་དེ་འདུ་ཤེས་རྙེད་ནས། སྒོག་སྐྱའི་རང་གི་ཁུ་བ་བླུད་དོ། །ཁ་ཟས་ནི་ཚ་བ་གསུམ་དང། ལན་ཚ་དང། སྐྱུར་རྩི་ཆེན་པོའི་གེ་སར་དང་བཅས་པར་ཟས་བྱིན་ན། དེ་ནས་རྒྱུན་སྲང་དག་པར་བྱ་བའི
་ཕྱིར་རོ། ཟས་ཡང་བ་དང། རྣ་བ་དང། ཚ་བ་དང་དྲོ་བའི་པག་སྦྱིན་ནོ། །སད་མ་ཐག་ཏུ་ངོ་མཚར་གྱི་གཏམ་དང། འདས་པའི་ཆོས་རྣམས་དྲན་དུ་གཞུག་པ་དང། གཉེན་བཤེས་སྡུག་པའི་གཏམ་ཐོས་པར་བྱ་བ་དང། བལྟར་གཞུག་པ་དང། རོལ་མའི་སྒྲ་དང། གླུ་སྐད་དྲག
་དུ་བླང་བ་དང། རྩོལ་བ་མང་དུ་བྱེད་དུ་གཞུག་པ་དང། སློན་ཁྲུས་བྱ་བ་དང། དུ་བ་རྡུབ་པ་དང། ཁྲག་དབྱུང་བར་བྱ་སྟེ། དྲན་པ་སླར་རྙེད་པར་གྱུར་ན་ཡང་སྙིང་མི་སྟོར་བར་བྱ་བའི་ཕྱིར་དེ་བསྲུང་བར་བྱ་སྟེ། ཆོ་ག་གོང་མ་རྣམས་རྟག་ཏུ་བྱའོ། །གསོ་བའི་གནས་ལས
་ཆང་ནད་གསོ་བའི་ལེའུ་བདུན་པ་རྫོགས་སོ།། །།དེ་ནས་གཞང་འབྲུམ་གསོ་བའི་ལེའུ་བཤད་བར་བྱ་སྟེ། དེ་ལ་གཞང་འབྲུམ་གསོ་བའི་དུས་སུ་དཔྱིད་ཟླ་ར་བ་དང། སྟོན་ཟླ་ཐ་ཆུང་དང། དབྱར་ཟླ་ཐ་ཆུང་དང། དུས་མཉམ་པ་དེ་དག་ནི་སྦྲིན་མེད་པའི
་དུས་ཞེས་བྱ་སྟེ། དེ་དག་གི་ཚེ་རབ་ཏུ་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ལ་རྗེས་སུ་མཐུན་པའི་ཟས་ཡང་བ་དང། ཉུང་བ་བྱིན་ནས་ཉམས་ཧ་ཅང་ཡང་མི་ཆུང་བའི་སྐབས་སུ་གསོ་བར་བྱའོ། །དེ་ལ་དང་པོ་གཤང་གཅི་བྱས་ལ་ཁྲུས་ལ་སོགས་པ་གཙང་སྦྲ་ཡང་བྱ
་སྟེ། བྲམ་ཟེ་ལ་སོགས་པས་བདེ་ལེགས་བརྗོད་ནས་སྤང་ལེབ་ཀྱི་ཁྲི་འམ། མིའི་ཕང་བར་ནད་པ་གན་རྐྱལ་དུ་བཞག་ལ། ཉི་མའི་ཕྱོགས་སུ་རྐུབ་བསྟན་ཏེ། རྐེད་པའི་ཕྱོགས་མཐོང་བར་བྱས་ལ། སྒྱེད་ཁུང་གཉིས་ལས་རས་ཀྱིས་དྲངས་ལ་རྐེད་པ་ནས་དམ་དུ
་བཅིངས་ལ་དྲང་པོར་བཞག་ལ། རྐུབ་ཀྱི་ནང་མར་གྱིས་བསྡུས་ལ་དེ་ནས་ཆ་སྤྱད་མར་གྱིས་ཡང་བསྐུས་ཏེ་ནང་དུ་ངལ་གྱིས་བཏང་ངོ། །དེ་ལྟར་ནང་དུ་ཆ་སྤྱད་ཀྱིས་ཕྱིན་པ་དང། ནང་པས་ཕྱིར་བཙིར་ལ་མི་གཙང་བ་ཡོད་ན་ཡང་བཏོན་ཏེ། དེ་མཚོན་རས་འཇམ་པོས་དཀྲིས་ལ་གཞང
་འབྲུམ་མནན་ཏེ། སྨན་པས་མདོའི་གནས་སུ་བསྟན་པའི་ཆོ་ག་བཞིན་དུ། གཞང་འབྲུམ་འཛག་པ་ལ་ནི་ཐལ་སྨན་གྱིས་བསྲེག་པར་བྱའོ། །སྐམ་པོ་ལ་ནི་ཐལ་སྨན་ནམ་ལྕགས་བསྲེགས་པས་བསྲེག་གོ་།གཞང་འབྲུམ་ཚབས་ཆེ་བ་ལ་ནི་བཅད་ནས་བསྲེག་གོ་།དེ་ལྟར་ཟིན
་པ་དང་རྩ་སྤྱད་བཀྲོལ་ལ། དེ་ནས་ནད་པ་དེའི་རྐུབ་དང་རོ་སྨད་མར་གྱིས་བསྐུའོ། །གལ་ཏེ་གཞང་འབྲུམ་མང་དུ་ཡོད་ན་ཡང་ཞག་བདུན་བདུན་ནས་རེ་རེའི་ཆོ་ག་གོང་ལྟར་བྱའོ། །དུས་གཅིག་དུ་ནི་མི་བྱའོ། །དེ་ནས་རླུང་མེད་པའི་ཁང་པར་བཞག་སྟེ། ཆོ་ག་རིམ་པ་བཞིན་བྱའོ། །
་གཞང་འབྲུམ་དུ་མ་ཡོད་པ་ལ་ནི་དང་པོ་གཡས་ཕྱོགས་ན་ཡོད་པར་བྱའོ། །དེ་ནས་གཡོན་དེ་ནས་རྒྱབ་དེ་ནས་མདུན་གྱི་བྱ་སྟེ། དེ་ལྟར་ཆོ་ག་བསྲེགས་པར་ལེགས་པར་གྱུར་ན་རླུང་ལུགས་སུ་འབྱུང་བ་དང། ཟས་ཡི་གར་འོང་བ་དང། མེའི་དྲོད་སྐྱེད་པ་དང། ནད་ལེགས
་བར་ཞི་བ་དང། མདོག་དང་སྟོབས་སྐྱེ་བར་འགྱུར་རོ། །དེ་ལྟར་མཚོན་དང་ཐལ་བའི་ལས་བྱས་པའི་འོག་ཏུ་ཆུ་སོར་ཟུག་གཟེར་སྐྱེ་བར་གྱུར་ན། བ་སྤྲུ་བ་དང། རུ་རྟ་དང། ཤུ་ཏི་དང། ཨ་ག་རུ་དང། ཐང་ཤིང་དང། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆུ་དང་ལྡེ་གུར་བྱས་པས
་ལྟེ་བའི་འོག་ཏུ་བསྐུ་བར་བྱའོ། །ཅི་སྟེ་བཤང་གཅི་འགགས་པར་གྱུར་ན། སྨན་ར་སྣ་དང། ཨ་ལམ་བུས་དང། ཨེ་རཎྚ་དང། གཟེ་མ་དང། བ་སྤྲུ་བ་དང། གནད་སུ་ར་དང། འདི་རྣམས་ལྷན་ཅིག་བསྐོལ་ལ་དྲོ་འཇམ་ཙམ་དུ་བྱ་སྟེ། ཐོག་མ་རྒྱབ་དང། རྐེད་པ་དང། རྐུབ་དང་བརླ
་དབྲག་ཏུ་མར་གྱིས་བསྐུ་བྱུག་བྱས་ལ། དེའི་འོག་ཏུ་སྨན་ཁུས་བླུགས་པ་དང། རོ་སྨད་སྨན་ཁུའི་ནང་དུ་གཞུག་པར་བྱའོ། །ཡང་ན་རླུང་འཇོམས་པའི་སྨན་དང་བཅས་པའི་འོ་མ་འམ། ཡང་ན་ཏིལ་མར་གྱིས་གོང་མ་བཞིན་དུ་བླུགས་པ་དང། རོ་སྨད་གཞུག་གོ་།ཡང་ན
་རྟུག་པ་འགགས་པ་ལ་ནི་རླུང་ལ་ཕན་ཞིང་དྲོད་སྐྱེད་པ་དང། དུར་བྱིད་དང། རྒྱ་སྣེའུ་དང། ཨུ་པོ་ད་ཀ་དང། ཙུ་ཙུ་ཀ་པརྞི་དང། འདི་རྣམས་ཀྱི་ཚོད་མ་ཞོ་དང་ཞོ་ག་ཆུ་ལས་གཞི་བླངས་པ་དང། གོང་མའི་སྣུམ་དང་བཅས་པའི་ཟས་བཟའ་ཨོ། །
་དེ་ལ་གཞང་འབྲུམ་ལ་མཁྲིས་པ་ལས་གྱུར་པའི་ཚ་བ་ནི་མེད་དོ། །གལ་ཏེ་ཡོད་ན་ཡང་རླུང་དང་ཅུང་ཟད་འདྲེས་པར་ཡོད་དོ། །རླུང་དང་བད་ཀན་ལས་གྱུར་པའི་གཞང་འབྲུམ་གྱི་ནད་ཀྱི་མཚན་མ་ནི་གཞང་ཕྱིར་འབྱུང་ཞིང་ཕྱི་ས་དང། ཕྱེན་འགགས་པ་དང།
་གཡའ་བ་དང། ན་བ་དང། སྐྲང་པར་འགྱུར་ཏེ། དེ་ལ་ནི་བིལྦའི་རྩ་བ་དང། ཙི་ཏྲ་ཀ་དང། ཡ་བཀཤ་ར་དང། རུ་རྟ་དང། ཏིལ་མར་དང། འདི་རྣམས་ཚུལ་བཞིན་དུ་བསྐོལ་བའི་ཁུ་བས་གཞང་འབྲུམ་ལ་བཀྲུ་ཞིང་བླུགས་སོ། །ཡང་ན་སྒྲུལ་དང། བྱི་ལ་དང། རྔ་མོ་དང། ཕག
་རྒོད་དང། འདི་རྣམས་ཀྱི་ཞག་གིས་བསྐུ་ཞིང་བླུགས་སོ། །དེའི་འོག་ཏུ་ཟན་གྱིས་གླན་པའི་དུག་དང། ཆུ་ལུམས་ཀྱིས་དུགས་བྱ་བ་འམ། ཡང་ན་དུགས་ཀྱིས་ཆོ་གའི་སྐབས་སུ་བསྟན་པ་རྣམས་འདིར་སྦྱར་རོ། །ཡང་ན་ཏིལ་མར་དང། མར་དང། ཆུ་དང། ཕྱེར་སྦྱར་བའི་ཟན
་དྲོན་གྱིས་དུགས་བྱའོ། །ཐོག་མ་སྣུམ་གྱིས་བསྐུས་ལ་དེ་ནས་དུགས་བྱའོ། །ཡང་ན་ར་སྣ་དང། སྤ་མའི་འབྲས་བུ་འམ། ཤི་ཀྲུའི་ལོ་མ་འམ་དེ་དག་ལས་གང་ཡང་རུང་བ་བཏགས་པའི་ཏིལ་མར་དང་ཟན་དུ་བྱས་པས་དུགས་བྱའོ། །རྒའི་རྩ་བ་དང།
་ཤ་མའི་ལོ་མ་དང། མིའི་སྐྲ་དང། སྦྲུལ་གྱི་པགས་པ་དང་འདི་རྣམས་མར་དང་བསྲེས་པའི་དུད་པས་བདུགས་ན་གཞང་འབྲུམ་ལ་ཕན་ནོ། །དེ་བཞིན་དུ་ཨ་ཤྭ་གནད་དང། བྲི་ཧ་ཏཱི་དང་བེའུ་རུག་པ་དང། པི་པི་ལིང་དང། འདི་རྣམས་མར་དང་སྦྱར་བའི་རུང
་བས་བདུག་གོ་།ཡང་ན་སྐུ་བ་ཁ་བོའི་ས་བོན་དང་མྱུ་གུ་འཇམ་པོ་བཏགས་པ་འབྲས་ཀྱི་རང་སྐྱུར་དང་སྦྱར་བའི་ལྡེ་གུ་རེང་བུར་བྱ་སྟེ་གྲིབ་སྐམ་དུ་བྱས་ནས་རྐུབ་ནས་ཡར་བཅུག་ན་གཞང་འབྲུམ་འབྱིན་ཏོ། །ཡང་ན་སྐུ་བ་ཁ་བོའི་མྱུ་གུ་དང། རྩ་བ་དང།
་ནས་ཚིག་འཁུས་པའི་ཐལ་བ་དང། འོལ་མའི་སེའུ་དང། སུ་ར་སྣ་དང། ཀུ་ཤམ་ན་དའི་ས་བོན་དང། འདི་རྣམས་ཞིབ་ཏུ་བཏགས་པ་གོང་མ་བཞིན་དུ་ལྡེ་གུར་བྱས་ལ་བཅུག་ལ་བཏང་ངོ། །ཡང་ན་སུ་ཏཀྵི་ར་དང། ཡུངས་མར་སྦྱར་བས་བྱུགས་པ་འམ། ཡང་ན་ཁྱིམ་བྱའི་རྟུག་པ
་དང། པི་པི་ལིང་དང། འོལ་མ་སེའུའི་འབྲས་བུ་འདི་རྣམས་བཏགས་ལ་བ་གཅིན་དང། སྦྱར་བའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །དེ་བཞིན་དུ་རྡུར་བ་དང། པྲི་ཡང་ཀུ་དང། ཏ་མ་ལའི་རུས་པ་དང། ཀརྐ་ཏ་སྲི་གི་ནི་དང། ཨ་རུ་ར་དང། རུ་རྟ་དང། བསེ་ཤིང་གི་འབྲས་བུ་དང།
་སྤོངས་མ་དང། ཤི་ཀྲུ་དང། ལ་ཕུག་གི་ས་བན་དང། ལོ་མ་དང། ཀ་ར་བི་ར་དང། ནིམཔའི་ལོ་མ་དང། ཤིང་བི་ལུའི་རྩ་བ་དང། བིལྦའི་རྩ་བ་དང། ཤིང་ཀུན་དང། སུ་དཀྵི་ར་དང། འདི་རྣམས་ལྷན་ཅིག་བཏགས་ཏེ་ལྡེ་གུར་བྱས་པས་བསྐུས་པ་འམ། ཡང་ན་རུ་རྟ་དང། ཤི་རི་ཤའི
་ས་བོན་དང། པི་པི་ལིང་དང། ལྕེ་མྱང་ཚ་དང། བུ་རམ་དང། ཨརྐའི་ལོ་མ་དང་འབྲས་བུ་གསུམ་འདི་རྣམས་ཀྱི་ལྡེ་གུས་བསྐུས་ན་གཞང་འབྲུམ་རྩ་ནས་འབྱིན་ཏོ། །རྐའི་ལོ་མ་དང། སུ་དཀྵི་རའི་ཤིང་དང། སྐུ་བ་ཁ་བེའི་ལོ་མ་དང། ཀ་རཉྫ་ཕ་ལ་དང། འདི་རྣམས་བཏགས་པ
་རའི་གཅིན་དང་སྦྱར་བས་བསྐུས་ན་གཞང་འབྲུམ་སེལ་བའི་མཆོག་གོ་།ཡང་ན་ཨ་ནུ་བ་ས་ནའི་སྨན་པི་པི་ལིང་ལ་སོགས་པའི་ལྡེ་གུ་བྱས་པས་བསྐུས་ན་ཡང་རབ་ཏུ་བསྔགས་སོ། །བྱུག་པའི་སྨན་དེ་དག་གིས་ཞི་བར་མ་ནུས་ན། བྱུག་པའི་སྨན་དེ་རྣམས་ཏིལ་མར་དང་ཚུལ
་བཞིན་བསྐོལ་བས་བསྐུས་ན་རབ་ཏུ་ཕན་ནོ། །བདུག་པ་དང་བྱུག་པ་དང་བསྐུ་བའི་སྨན་བཏང་བའི་དུས་སུ་ནད་ཁྲག་མ་རུངས་པ་ལ་སོགས་པར་གར་ན་གཞང་འབྲུམ་དེ་ལས་ཁྲག་བྱུང་ན་བདེ་བ་སྐྱེད་པར་འགྱུར་རོ། །དེ་ལྟར་ཁྲག་གཟགས་ཀྱང་མ་བྱུང་ཞིང་སྐྲངས་པ་དང།
་སྲ་བའི་གཞང་འབྲུམ་རྣམས་ལ་ནི་སྲོན་བུ་པདྨ་དང། མཚོན་ཁ་བ་རྩེ་གཤིབས་པས་ཡང་དང་ཡང་དུ་ཁྲག་དབྱུང་ངོ། །གྲང་དྲོ་དང་སྣུམ་རྩུབ་ལ་སོགས་པ་དེ་ལྟར་བྱས་ཀྱང་གཞང་འབྲུམ་ཞི་བར་མ་ནུས་ན། ནད་ཁྲག་ཡོད་པ་ཡིན་པས་དེ་ལ་སྨན་པས་གོང་མ་ལྟར
་ཁྲག་དབྱུང་ངོ། །ཡང་ན་ཁ་ཟས་གཞན་མི་བཟའ་བར་འོ་མ་བསྲུབས་པའི་དར་བའི་ནང་ཙི་ཏྲ་ཀའི་ཕྱེ་མས་བཏབ་པ་ཉི་ཚེ་འཐུངས་ན་གཞང་འབྲུམ་སེལ་ཏོ། །སྨན་ཀོ་བྷི་དྷ་རའི་རྩ་བ་བཏགས་པའི་ཕྱེ་མ་དར་བ་དང་སྦྱར་བ་འཐུངས་ལ་དེ
་ནུ་ཙམ་ན་ཟས་ཕན་པ་རྣམས་ཟོས་ན་གཞང་འབྲུམ་ལ་ཕན་ནོ། །གང་གི་གཞང་འབྲུམ་སྐྲང་ཞིང་ཟུག་པར་ན་ལ་མེའི་དྲོད་ཆུང་བ་ལ་ནི་སྐྲན་གྱི་ཆོ་གར་བཤད་པའི་ཤིང་ཀུན་ལ་སོགས་པའི་ཕྱེ་མ་ཟོས་ལ་དེའི་འོག་ཏུ་དར་བ་བཏུང་བ་འམ། ཡང་ན་བུ་རམ་དང
་ཨ་རུ་ར་སྦྱར་བ་བཟའ་ཨོ། །ཡང་ན་ཨ་རུ་ར་དང། བི་དང་ཀ་དང་ཙི་ཏྲ་ཀ་དང། དུག་མོ་ཉུང་གི་ཤིང་ཤུན་དང། འདི་རྣམས་ཀྱི་ཕྱེ་མ་དར་བ་དང་ལྷན་ཅིག་བཏུང་ངོ། །ཡང་ན་དུག་མོ་ཉུང་དང། པི་པི་ལིང་དང། ཙི་ཏྲ་ཀ་དང། སུ་ར་ན་དང། འདི་རྣམས་གོང་མའི་ཆས་འོག
་མ་ཆ་ཕྱེད་ཕྱེད་ཀྱིས་བསྐྱེད་ལ་བཏགས་པའི་ཕྱེ་མ་དར་བ་དང་ལྷན་ཅིག་བླུད་དོ། །ཡང་ན་ལན་ཚ་རྣམ་གསུམ་དང། ཚ་བ་གསུམ་དང། ཤིང་ཀུན་དང། སྟར་བུ་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་ནས་བཏང་ངོ། །ཡང་ན་བི་ལ་དང། ཀ་པིཏྟ་དང། ནས
་དར་འདི་རྣམས་ཀྱི་ཕྱེ་དང་དར་བ་སྦྱར་བ་འམ། ཡང་ན་བཅའ་སྒ་དང། ཏིང་ཀུམ་ཚ་དང། ནས་ཕྱེ་དང་དར་བ་སྦྱར་བ་འམ། ཡང་ན་བ་ལ་ད་ཀ་དང། ནས་ཕྱེ་དང་དར་བ་སྦྱར་བ་འདི་དག་གི་སྐྱོ་མ་གང་ཡང་རུང་བ་བླུད་ན་ཕན་ནོ། །ཡང་ན་པ་མའི་འབྲས་བུ་དང་ཤིང
་ཀུན་དང། ཙི་ཏྲ་ཀ་དང། འདི་རྣམས་དར་བ་དང་ལྡན་པར་བཏུང་ངོ། །ཡང་ན་ཟླ་བ་གཅིག་གི་བར་དུ་ཤིང་པི་ལུའི་འབྲས་བུ་བཟའ་སྟེ། དེའི་འོག་ཏུ་དར་བ་བཏུང་ངོ། །ཡང་ན་ཉིན་མཚན་དུ་ཟས་དང་མ་འདྲེས་པར་དར་བ་ཅི་འདོད་པར་བཏུང་ངོ། །ལུས་ཀྱི་སྟོབས་དང
་མེ་དྲོད་ཆུང་བ་ལ་ནི་དར་བ་ཉི་ཚེ་སྤྱད་དོ། །སྨན་པས་དུས་དང་ཉམས་སྟོབས་ཀྱི་བྱེ་བྲག་ཤེས་པར་བྱས་ནས་ཞག་བདུན་ནམ་བཅུ་འམ། ཟླ་བ་དྲུག་གམ་ཟླ་བ་ཕྱེད་ཀྱི་བར་དུ་དར་བ་འབའ་ཞིག་བླུད་དོ། །ཡང་ན་ཕྱེ་དང་དར་བ་ལྡེ་གུར་བྱས་པ་བླུད་དོ། །ཡང
་ན་དར་བ་འཐུངས་ཏེ། ཞུ་བའི་ཚོད་ཙམ་ན་དར་བ་ལས་གཞི་བླངས་པའི་ཐུག་པ་རྒྱམ་ཚ་དང་བཅས་པར་སྦྱིན་པར་བྱའོ། །དེ་ནས་དར་བ་ལ་གཞི་བླངས་པའི་འབྲས་ཆན་བཟའ་སྟེ་ཚལ་ནན་ཏུ་འོ་མ་བླུད་དོ། །ཡང་ན་མུངྒའི་ཡུ་ཤ་དང། ཤ་ཁུ་དར་བ་དང་སྦྱར་བ་དང་འབྲས
་ཆན་ཚོད་ཟིན་པར་བཟའ་ཨོ། །དེ་ལ་སྨན་པས་ནད་གཞི་དང་མེའི་སྟོབས་བཏགས་ལ་དར་བའི་བྱེ་བྲག་གསུམ་བཏང་བར་བྱ་སྟེ། དེ་ཡང་མར་མེད་པའི་དར་བ་རྩུབ་པ་དང། སྣུམ་ཕྱེད་ཙམ་ཕྱུང་བ་དང། མར་མ་ཕྱུང་བ་དང། དང་བ་རྣམ་པ་གསུམ་པོ་དེ་དག་ཅི་རིགས་པར
་སྦྱར་རོ། །དེ་ལ་གཞང་འབྲུམ་གྱི་ནད་ལས་དར་བ་ལེགས་པར་སྦྱར་ན། འཕྲལ་དུ་ཞི་བར་བྱེད་ཅིང་ཕྱིས་མི་སྐྱེ་བའི་མཆོག་ཡིན་ཏེ། དར་བ་དེ་ནི་སའི་སྟེང་གི་རྩ་བ་ལ་ཕོག་ན་ཡང་རྩ་བ་ནས་སྲེག་པར་བྱེད་ན། གཞང་འབྲུམ་ལྟ་ཅི་སྨོས། དེ་ལྟར་དར་བས་རྒྱུན་སྲང
་རྣམས་དག་པར་བྱས་ནས་ཟས་ཀྱི་བཅུད་ཀྱིས་ལུས་ཟུངས་རྣམས་འཕེལ་བར་བྱེད་དེ་ཡིད་དགའ་བ་དང་སྟོབས་དང་ལྡན་པ་དང་མདོག་བཟང་པོར་འགྱུར་རོ། །མདོར་ན་དར་བ་བཅུག་ལ་ནུབ་གཅིག་བཞག་པ་འཐུངས་ན་གཞང་འབྲུམ་གྱི་ནད་འཇིག་པར་བྱེད་དོ། །ཡང
་ན་འུ་སུ་དང། ཟི་ར་དང། གོ་སྙོད་དང། སྤ་མའི་འབྲས་བུ་དང། པི་པི་ལིང་རྣམ་གཉིས་དང། ཤུ་ཏིའི་འབྲས་དང། པི་པི་ལིང་གི་རྩ་བ་དང། ཟུར་བ་དང། ལ་ལ་པུད་དང། ཙི་ཏྲ་ཀ་དང། ཡ་བ་ན་ཀ་དང། འདི་རྣམས་ཞིབ་ཏུ་བཏགས་ལ། རྩ་བ་སྣུམ་གྱི་ནང་དུ་དར་བ
་སྤངས་ལ་ལེགས་པར་སྨིན་ཏེ། ཤས་ཆེར་སྐྱུར་ཞིང་ཚ་བར་གྱུར་པ་ནི་དར་བའི་ཨ་རི་ཤཊ་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་མེ་དྲོད་སྐྱེད་པ་དང། ཟས་ཡི་གར་འོང་བ་དང། མདོག་བཟང་བ་དང། བད་ཀན་དང་རླུང་ཚུལ་བཞིན་འབྱུང་བ་དང། གཞང་ཁ
་སྐྲང་ཞིང་གཡའ་བ་དང། ན་བ་རྣམས་འཇོམས་ཤིང་སྟོབས་འཕེལ་བར་བྱེད་དོ། །ཡང་ན་ཀྲུ་ཏྲུག་ཏྲེས་ཀྱི་རྩ་བའི་ཤུན་པ་བཏགས་པ་ལྡེ་གུར་བྱས་པའི་རྫ་མའི་ནང་ངོས་བསྐུས་ལ་དེའི་ནང་དུ་དར་བ་འམ་ཞོ་བླུགས་ལ་བཞག་སྟེ། ལེགས་པར་སྨིན་པ་དང
་འཐུངས་ན་གཞང་འབྲུམ་སེལ་ཏོ། །ཡང་ན་ག་བྲའི་རྩ་བ་དང། ཐལ་ཏྲེས་དང། ཨ་རུ་ར་དང། ཚ་བ་ལྔ་དང། འདི་རྣམས་ཀྱང་གོང་མ་ལྟར་བྱས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཧ་ཏི་པི་པི་ལིང་དང། པ་ཐཱ་དང། ཤུ་སྟིའི་ས་བོན་དང།
་ཚ་བ་ལྔ་དང། གཡེར་མ་དང། ཟི་ར་དང། འུ་སུ་དང། བིལྦའི་རྐང་དང། འདི་རྣམས་བཏགས་པའི་ཕྱེ་མ་ཐུག་པ་ཡུ་ཤ་དང། ཁུ་བ་ལ་སོགས་པའི་ནང་དུ་བཏབ་པ་འམ། ཡང་ན་སེའུ་འབྲུ་ལ་སོགས་པ་འབྲས་བུའི་སྐྱུར་གི་ཁུ་བའི་ནང་དུ་ཏིལ་མར་དང་མར་གཉིས
་བསྐོལ་བ་དང། གོང་མའི་ཕྱེ་མ་དང་ལྷན་ཅིག་སྦྱར་བ་འམ། ཡང་ན་སྨན་དེ་ཉིད་ཆུ་དང་མར་ཚུལ་བཞིན་བསྐོལ་བ་འཐུངས་ན་མེ་དྲོད་སྐྱེད་པར་བྱེད་དོ། །རིམ་པ་གོང་དུ་སྨོས་པ་འདི་ནི་ཕྱི་ས་སླ་བར་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །དེ་ནི་རྟུག་པ་འགགས་པའི་ཆོ་ག་བཤད
་པར་བྱ་སྟེ། དེ་ལ་རྟུག་པ་སྲ་བར་གྱུར་པ་ལ་ནི་ཟས་སྣུམ་ཤས་ཆེ་བ་དང། ལན་ཚ་དང་ལྡན་པར་སྦྱིན་ཞིང་དེའི་འོག་ཏུ་ཆང་བླུད་དོ། །ཡང་ན་དར་བ་འམ། བུ་རམ་ཆང་ངམ། སྐྱུར་བོ་འམ། ཆང་དང་འདི་དག་གང་ཡང་རུང་བའི་ནང་དུ་ལན་ཚས་བཏབ་པ་འཐུངས་ན། རྟུག་པ་འགགས་པ
་སེལ་ཏོ། །ཡང་ན་ཀ་རཉྫའི་ལོ་མ་བསྐོལ་བའི་ནང་དུ་མར་དང་ཏིལ་མར་ཡང་བསྐོལ་བ་བཅུག་ལ་ཕྱེས་བཏབ་སྟེ་ལྡེ་གུ་ཟོས་ལ་དེ་ཞུ་བའི་ཚོད་ཙམ་ན་ཟས་ཟོས་ན་རླུང་གིས་རྟུག་པ་འགགས་པ་སེལ་ཏོ། །ཡང་ན་བུ་རམ་དང། དོང་ཀྲ་དང། ཡང་ན་པ་ཊ་དང། བུ་རམ་དང། ཡ
་པཀྵར་དང། བཅས་པ་མར་དང་ཟོས་ན་ཡང་ཕན་ནོ། །ཡང་ན་བ་རུ་ར་བ་གཅིན་གྱི་ནང་དུ་ནུབ་ཅིག་སྤངས་ལ་བུ་རམ་དང་ལྷན་ཅིག་ཟོས་ན་རླུང་ལས་གྱུར་པའི་རྟུག་པ་འགགས་པ་ཡང་འབྱུང་ངོ། །ཡང་ན་ཨ་རུ་ར་རྡོག་མ་ཉིས་བརྒྱ་བ་གཅིན་བྲེ་བོ་ཆེ་གཉིས་དང་བསྐོལ
་བ་ཨ་རུ་ར་འབའ་ཞིག་ལུས་པ་དང་སྦྲང་རྩི་དང་བཅས་པར་ཞག་རེ་རེ་གཉིས་གཉིས་ཟོས་ན། བད་ཀན་ལས་གྱུར་པའི་རྟུག་པ་འགགས་པ་དང། གཞང་འབྲུམ་གྱི་ནད་དང། མཛེ་དང། སྐྲངས་པ་དང། གཅིན་ནད་དང། སྐྲན་དང། དམུ་རྫིང་དང། སྲིན་བུའི་ནད་དང།
་ལུས་ཀྱི་ཕྲེང་བ་དང། ལྦ་བའི་ཤ་སྟོར་བ་དང། རྐང་འབམ་དང་ལུས་སྤོ་བ་དང། སྐྱ་རྦབ་དང། དྲག་ནད་དང་འདི་རྣམས་ལ་ཕན་ན། །ཡང་ན་བརྡ་ཀ་བུ་རམ་དང། བཅས་པ་ཟོས་ལ་དེའི་འོག་ཏུ་ཨ་ཛ་ཤྲིཾ་གིའི་རྩ་བ་བཏགས་པ་རའི་གཅིན་དང་སྦྱར་བ་འཐུངས་ན་གཞང་འབྲུམ་ཞི་བར་བྱེད་དོ། །
་ཡང་ན་འབྲས་བུ་གསུམ་བསྐོལ་བའི་ཁུ་བའི་ནང་དུ་དུར་བྱིད་བཏགས་པའི་བྱེ་མ་འམ། ཡང་ན་དར་བའི་ནང་དུ་ཨ་རུ་རའི་ཕྱེ་མ་བཏབ་པ་བཏུང་ངོ། །ཡང་ན་ཨ་རུ་ར་དང། པི་པི་ལིང་བཏགས་པའི་ཕྱེ་མ་མར་བསྐོལ་བའི་ནང་དུ་བླུགས་ཏེ་བུ་རམ་དང་བཅས་པ་ཟོས་ན་རྟུག་པ་འགགས་པ
་སེལ་ཏོ། །ཡང་ན་ཨ་རུ་ར་དང་དུརྦིད་དང། དནྟི་གསུམ་ཟོས་ན་ཡང་ཕྱི་འགགས་པ་ཚུལ་བཞིན་འབྱུང་ལ་དེ་བྱུང་ཀྱང་གཞང་འབྲུམ་གྱི་སྟོབས་ཀྱང་ཟད་པར་བྱེད་དོ། །ཡང་ན་སེའུ་འབྲུ་རང་གི་ཁུ་བ་དང། ཟིར་དང་ལ་ལ་པུད་དང། བུ་རམ་དང། དྲོད་ཀྲ་དང། པ་ཊ་དང། འདི་རྣམས་ལྷན་ཅིག
་སྦྱར་བ་དར་བ་དང་འཐུངས་ན་རླུང་ལས་གྱུར་པའི་རྟུག་པ་འགགས་པ་སེལ་ཏོ། །ཡང་ན་བུ་རམ་ཤིང་གི་ཆང་དང། བུ་རམ་ཆང་གི་ནང་དུ་ཙི་ཏྲ་ཀ་དང། བཅའ་སྒའི་ཕྱེ་མ་བཏབ་པ་འམ། ཡང་ན་ཟན་ཆང་གི་ནང་དུ་སྤ་མའི་འབྲས་བུ་དང། པཱ་ཐ་དང། ཁ་རུ་ཚའི་ཕྱེ་མ་བཏབ་སྟེ་འཐུངས
་ན་ཕན་ནོ། །ཡང་ན་པི་པི་ལིང་གི་འབྲུ་བཅུ་དང། ཏིལ་ནག་པོ་སྲང་ཕྱེད་བཏགས་པ་འོ་མའི་ནང་དུ་བཏབ་སྟེ་འཐུངས་ལ་དེ་བཞིན་དུ་ཞག་བཅུའི་བར་དུ་པི་པི་ལིང་བཅུ་བཅུས་བསྐྱེད་དེ་འཐུངས་ན་ཉམས་སྟོབས་དང་མེའི་དྲོད་སྐྱེའོ། །ཡང་ན་བྱི་ཚེར་བ་དང། བིལྦ་དང། ལ་ལ་པུད་དང། དོང
་ཀྲ་དང། དེ་རྣམས་ལས་ཅི་རྙེད་ཀྱང་རུང་སྟེ། པ་ཊ་དང་ལྷན་ཅིག་ཏུ་ཆུ་དང་སྦྱར་ཏེ་འཐུངས་ན་གཞང་འབྲུམ་སེལ་ཏོ། །ཡང་ན་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་ཨ་རུ་རའི་ཕྱི་ཤུན་སྐམ་པོ་སྲང་བརྒྱད་དང། སྐྱུ་རུ་ར་སྐམ་པོ་སྲང་བཅུ་དྲུག་དང། ཀ་བིཏྟ་སྲང་བཅུ་དང་བིལ་ཤ་ལ
་སྲང་ལྔ་དང་སེར་འཕྲོམ་དང། ན་ལེ་ཤམ་དང། པི་པི་ལིང་དང། བི་དང་ཀ་དང་ཤིང་ཚ་དང། དེ་རྣམས་སྲང་གཉིས་གཉིས་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་ལ་བཞི་ཆ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པ་དང། བཙགས་པའི་ཁུ་བའི་ནང་དུ་འབྲུ་མར་སྲང་ཉིས་བརྒྱ་དང།
་དད་ཀི་སྐམ་པོ་སྲང་བཅུ་དྲུག་སྣོད་སྣུམ་ཅན་གྱི་ནང་དུ་བཅུག་སྟེ་ཟླ་བ་ཕྱེད་བཞག་ལ་ལེགས་པར་སྨིན་པ་ནི་ཨ་རུ་རའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་བསྟེན་ན་མེའི་དྲོད་སྐྱེད་པ་དང། གཞང་འབྲུམ་དང། ཕོ་བའི་ནད་དང། སྐྱ་རྦབ་དང། མཛོ
་དང་དམུ་རྫིང་དང། དབྱིག་དུག་དང། རིམས་དང་སྐྲངས་པ་དང་མཆིན་པ་ན་བ་དང། སྙིང་ནད་དང། སྐྲན་དང། གཅོང་ཆེན་པོ་དང་སྐྱུག་པའི་ནད་དང། སྲིན་བུའི་ནད་རྣམས་སེལ་ཏོ། །ཡང་ན་ཆུ་སྲང་ལྔ་བརྒྱ་རྩ་གཉིས་ཀྱི་ནང་དུ་དནྟི་དང། རྩ་བ་བཅུ་པ་དང་འབྲས་བུ་གསུམ
་དང་ཙི་ཏྲ་ཀ་དང། འདི་རྣམས་རེ་རེ་ཞིང་སྲང་བཅོ་ལྔ་ཆམ་ཆོམ་བརྡུངས་ལ་བསྐོལ་ཏེ། བཞི་ཆ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པ་དང། བཙགས་ལ་ཚིགས་མ་བྱུང་བའི་ཁུ་བའི་ནང་དུ་བུ་རམ་སྲང་བརྒྱ་དང། ད་ཏ་ཀི་སྲང་བཅུ་དྲུག་བཅུག་སྟེ། ཡང་ན་སྣོད་སྣུམ་ཅན་གྱི་ནང
་དུ་ཟླ་བ་གཅིག་བཞག་སྟེ་ལེགས་པར་སྨིན་པ་ན་དནྟིའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་ཕན་ཡོན་གོང་མ་དང་འདྲ་སྟེ། ཁྱད་པར་དུ་ཕྱིས་བདེ་བར་འབྱུང་ངོ། །ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བྱི་ཚེར་བ་སྐམ་པོ་སྲང་བཅུ་དྲུག་དང་དནྟི་དང་བ་ཏྲ་དང།
་ཙི་ཏྲ་ཀ་དང། ཨ་རུ་ར་རྣམ་པར་རྒྱལ་བ་དང། བ་ཤ་ཀ་དང། སྐྱུ་རུ་ར་དང། དོང་ཀྲ་དང། འདི་རྣམས་སྲང་གཉིས་གཉིས་དང་ལྷན་ཅིག་བསྐོལ་བ་བཞི་ཆ་ལུས་པ་དང། དེའི་ནང་དུ་ཁ་ར་དཀར་པོ་སྲང་བརྒྱ་དང། ད་ད་ཀི་སྲང་བཅུ་དྲུག་བཅུག་ལ། རྫ་མའི་སྣོང་པྲི་ཡང་ཀུ
་དང། པི་པི་ལིང་དང། དབྱི་མོ་དང། འདི་དག་ཕྱེར་བྱས་ལ་མར་དང་སྦྲང་རྩི་དང་ལྡེ་གུ་བྱས་ལ་བསྐུས་པའི་ནང་དུ་བླུགས་པར་བྱ་སྟེ། ཟླ་བ་གཅིག་བཞག་ལ་ལེགས་པར་སྨིན་པ་ནི་བྱི་ཆེར་བའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། ཕན་ཡོན་གོང་མ་དང
་འདྲའོ། །ཟན་གྱི་གོང་དུ་སྐྱུར་རྩི་ཆེན་པོ་ལ་སོགས་པ་སྐྱུར་བའི་འབྲས་བུའི་ཁུ་བ་དང། མར་གོང་མ་བཞིན་སྦྱར་བ་འཐུངས་ན་ཕྱིས་འགགས་པ་བདེ་བར་འབྱུང་ངོ། །ཡང་ན་དབྱི་མོ་དང། ཀྲུ་ཏྲུག་ཏྲེས་མར་དང་ཚུལ་བཞིན་དུ་སྦྱར་བ་འམ། ཡང་ན་ནས་ཚིག་འཁུས
་པའི་ཐལ་བ་བུ་རམ་དང་སྦྱར་བ་འམ། པི་པི་ལིང་གི་རྩ་བ་མར་དང་སྦྱར་བའི་ནང་དུ་བུ་རམ་དང། ཡ་པཀྵ་ར་དང། དོང་ཀྲའི་ཕྱེ་མ་བཏབ་པ་འམ། པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། འུ་སུ་དང། སེའུ་འབྲུ་དང། འདི་རྣམས་མར་དང་མར་གྱི་བཞི་འགྱུར་གྱི་ཞོ་དང་ཆུ་དང
་ཚུལ་བཞིན་དུ་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ཟོས་ན་རླུང་དང་བཤང་གཅི་འགགས་པ་རྣམས་སེལ་ཏོ། །ཤིང་བླཀྵའི་ཐལ་བ་ཆུ་དང་བསྲེས་ལ་བཙགས་པ་དང། དེའི་སུམ་ཆའི་མར་དང་བསྐོལ་ལ་མར་ལུས་པ་དང་དེའི་ནང་དུ་ཨིན་དྲ་ཡ་བའི་ལྡེ་ཚན་བཏགས
་པའི་ཕྱེ་མས་བཏབ་པ་འཐུངས་ན། གཞང་འབྲུམ་དང་མེའི་དྲོད་སྐྱེད་པའི་ཆོག་ཡིན་ནོ། །ཚ་བ་རྣམ་ལྔ་དང། ཨ་རུ་ར་དང། ཡ་བཀྵ་ར་དང། ལྕེ་མྱང་ཚ་དང། པཱ་ཐཱ་དང། འུ་སུ་དང། ན་ལེ་ཞམ་དང། བིལ་བ་དང་མར་དང། དེའི་བཞི་འགྱུར་གྱི་ཞོ་དང། ཆུ་དང་ཚུལ་བཞིན་བསྐོལ
་བ་འཐུངས་ན་གཞང་འབྲུམ་དང་བརླ་བྲག་ཏུ་ན་བ་དང་གཞང་ཕྱིར་བྱུང་བ་དང། གཅིན་སྲི་ཞིང་འཛག་པ་རྣམས་ལས་མྱུར་དུ་རྒྱལ་བར་བྱེད་དོ། །པ་ཐ་དང། ། ཛ་མོ་དང། འུ་སུ་དང། བྱི་ཚེར་བ་དང། ཚྭ་བ་རྣམ་ལྔ་དང། བིལྦ་དང། འདི་རྣམས་མར་དང་ཞོ་དང། རྩང་ག་རའི
་ཁུ་བ་གཉིས་མར་གྱི་བཞི་འགྱུར་དང། ཁུ་དང་ཚུལ་བཞིན་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན། ལྟོ་སྦོས་པ་དང། གཅིན་སྲེ་བ་དང། ཕྱེན་པྲོག་པྲོག་པར་འབྱུང་བ་དང། གཞང་འབྱུང་བའི་ནད་དང། གཞང་འབྲུམ་དང། ཕོ་བའི་ནད་དང། བད་ཀན་དང་རླུང་ནད་འཇོམས
་པར་བྱེད་དོ། །རྨ་བྱ་དང། སྲེག་པ་དང། ལ་བ་ན་ཞེས་བྱ་བའི་ཤ་ཁུ་སྐྱུར་དང། ལེགས་མོར་སྦྱར་བ་འམ། ཡང་ན་ཁྱིམ་བྱ་འམ་ཅོ་ཀའི་ཤ་ཁུ་སྐྱུར་དང་བཅས་བྱིན་ན་རླུང་དང་ཕྱི་ས་འགགས་པ་ལ་ཕན་ནོ། །རྒྱ་སྣེའུ་དང། ཙི་ཏྲ་ཀ་དང། དུར་བྱིད་དང། དནད་དང། པ་ཊ་དང། ཨ
་མ་ལ་ཀེ་ལ་སོགས་པའི་ལོ་མ་དང། གཞན་ཡང་བད་ཀན་དང་རླུང་འཇོམས་པའི་ཚོད་མ་ཡང་བ་དང་ཕྱི་ས་སླ་བར་འགྱུར་བའི་བག་གང་ཡང་རུང་བ་ཚོད་མར་བྱས་པའི་ནང་དུ་ཤིང་ཀུན་དང། ཏིལ་དང་མར་དང། ཞོའི་སྤྲིས་མ་དང། འུ་སུ་དང། ཚ་བ་ལྔ་བཏགས་པའི
་ཕྱེ་དང། འུ་སུའི་གེ་སར་དང། སྒེའུ་གཤེར་བཤགས་པ་དང། འདི་རྣམས་སྤོང་ཐབས་སུ་བཅུག་པ་ལེགས་པར་སྦྱར་ཏེ། ནང་པ་གང་ལ་དགའ་བའི་སྤོས་བསྲེགས་པས་ཚོད་མ་བདུགས་ལ། དེ་ནས་ཟི་ར་དང། ན་ལེ་ཤམ་དང། པི་ཊ་ཁ་རུ་ཚ
་འདི་དག་བཏགས་པས་ཤར་ཆེན་བཏབ་སྟེ་ཟོས་ན་རླུང་ཤས་ཆེ་བ་དང། གཞང་འབྲུམ་དང་ལུས་རྩུབ་པ་དང་མེ་དྲོད་ཆུང་བ་དང། རྟུག་སྐམ་རྣམས་ལ་ཕན་ཏེ་སྦྱར་བར་བྱའོ། །ཟས་ནི་འབྲས་དམར་པོ་ལས་གཡོས་སུ་བྱས་ལ། ཆོད་མ་ནི་སྦ་དང། སྲག་ཆགས་གོ་བོ་དང།
་རང་དང། རྔ་མོ་དང། ཁྱད་པར་དུ་སྲོག་ཆགས་ཤ་ཟ་བའི་ཤ་ཁུའི་ནང་དུ་ཀུན་ལ་སོགས་པའི་སྤོང་དང་སྦྱར་བ་ཐབས་གོང་མ་བཞིན་དུ་བྱས་ཏེ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །བཏུང་བ་ནི་ཆང་དང་ཤ་ཁར་མི་བཏུང་བ་དང། བུ་རམ་གྱི་ཆང་དང། དར་བ་རྩབ
་མི་དང། ཨ་རི་ཤཊའི་ཆང་དང། ཞོག་ཆུ་དང་འདི་རྣམས་བཏུང་ངོ། །ཡང་ན་ཆུ་ཉི་ཚེར་ལུས་སུ་དང། བཅའ་སྒ་ཆུ་བར་བསྐོལ་བ་བཏུང་བ་འམ། ཡང་ན་ཀུཎྚ་ཀཱ་རི་ཆུ་དང། བསྐོལ་བ་ཉུང་ཤས་བཏུང་ངོ། །བཏུང་བ་དེ་རྣམས་ཀྱང་ཟས་ཀྱི་བར་རམ་ཟས་ཀྱི་འོག་ཏུ་འཐུངས་ན
་རླུང་གི་རྟུག་སྐམ་འབྱིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པའི་རྟུག་སྐམ་བདེ་བར་འབྱུང་ཞིང་གཞང་འབྲུམ་གྱི་ནད་ཀྱང་ཞི་བར་འགྱུར་ཏེ། མེའི་དྲོད་ཀྱང་སྐྱེད་བར་འགྱུར་རོ། །རྟུག་སྐམ་གྱིས་ཟིལ་གྱིས་མནན་ཏེ་ཁོང་ཤིན་ཏུ་རྩུབ་པ་དང། རླུང
་ལག་པར་སོང་བ་དང། གཟེར་ཞིང་ན་བས་ཉམ་ཐག་པ་ལ་ནི་འཇམ་རྩིམས་བཏང་བ་རབ་ཏུ་ཕན་ཏེ། དེ་ཡང་པི་པི་ལིང་དང། པོ་སོན་ཆ་དང། བིལྦ་དང། ཤུ་ཏི་དང། ཤིང་མངར་དང། ཤུ་དག་དང། རུ་རྟ་དང། ཟུར་བ་དང། མ་ནུ་དང། ཀྲུ་ཏྲུག་ཏྲེས་དང།
་ཐང་ཤིང་དང་འདི་རྣམས་བཏགས་ཏེ། ཏིལ་མར་དང། ཏིལ་མར་གྱི་བཞི་འགྱུར་གྱི་འོ་མ་དང་ཆུ་དང་ལྡན་པར་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང། འཇམ་རྩི་བཏང་ན་གཞང་འབྲུམ་དང་རླུང་འཁྱིལ་བ་ལ་ཕན་པའི་ཆོག་ཡིན་ཏེ། གཞན་ཡང་གཞང
་ཕྱིར་བྱུང་བ་དང། ཟུག་གཟེར་དང་གཅིན་སྲི་བ་དང། ཕྱི་ས་སྲི་ཞིབ་སྒྲ་དང་བཅས་པར་འབྱུང་བ་དང། རྐེད་པ་དང། རྒྱབ་སྒུལ་དཀའ་བ་དང། འདོམས་ཕྱོགས་སུ་སྦོས་པ་དང། བེའུ་སྣབས་སུ་འཁྲུ་བ་དང། གཞང་སྐྲད་པ་དང། རླུང་དང་རྟུག་པ་འགགས་པ་དང་ཡང་དང་ཡང་ཕྱིས
་འབྱུང་འདོད་ཅིང་ཆེར་མ་འོང་བ་རྣམས་ལ་ཕན་ནོ། །ཡང་ན་བཀྲུ་སྨན་དྲག་པོ་མས་བཏང་བར་བྱ་སྟེ། དེ་ཡང་རྩ་བ་ལྔ་པ་ཆུང་ངུ་དང། འོ་མ་དང། བ་གཅིན་དང། ཏིལ་མར་དང། ལན་ཆ་དང་པི་པི་ལིང་ལ་སོགས་པའི་འབྲས་བུ་དང། འདི་རྣམས་ཚུལ་བཞིན་དུ་སྦྱང་བ་བཏང་ངོ
་དེ་ཡན་ཆད་གཞང་འབྲུམ་སྐམ་པོའི་གསོ་བ་བཤད་ནས།། །།ད་ནི་གཞང་འབྲུམ་ཕྲག་འཛག་པའི་གསོ་བ་བཤད་པར་བྱ་སྟེ། དང་པོ་གཞང་འབྲུམ་ཁྲག་འཛག་པ་དེ་རླུང་ངམ་བད་ཀན་གང་ལས་གྱུར་པ་བརྟགས་ཏེ། དེའི་འོག་ཏུ་སྣུམ་པ་དང་བསིལ་བ་སྦྱར་བ་འམ།
་རྩུབ་བྱ་དང་བསིལ་བ་སྦྱར་ཏེ་དྲོ་བག་ནི་མཁྲིས་པ་བསྐྱེད་དེ་བསྲུང་ངོ། །དེ་ལ་རླུང་དང་ལྡན་པའི་གཞང་འབྲུམ་འཛག་པའི་མཚན་མ་ནི་ཕྱི་སའི་མདོག་སྨུག་ནག་ཏུ་འབྱུང་བ་དང། སྲ་བ་དང། ཕྱེན་མང་པོ་འབྱུང་བ་དང། རྐེད་བ་དང་བརླ་དང་གཞང་རྣམས་སུ་ཟུག་ཅིང་ནབ
་ཡིན་ཏེ་དེ་ཡང་རྩུབ་པའི་ཟས་ཟོས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་བད་ཀན་དང་བཅས་པ་ཡིན་ན་ནི་ཕྱི་ས་སླ་བ་དང། དཀར་བ་དང། སེར་བ་དང། ལྕི་བ་དང། སྣུམ་པ་དང། དབྱིན་བ་དང། གཞང་ཚོར་བ་མེད་པ་སྙམ་བྱེད་པ་ཡིན་ཏེ། དེ་ནས་ཟས་སྣུམ་པ་དང། ཟས་ལྕི་བ
་ཟས་བས་འབྱུང་ངོ། །དེ་བཞིན་དུ་ཁྲག་དང་མཁྲིས་པ་ལས་གྱུར་པ་ཡང་རང་གི་མཚན་ཉིད་བརྟགས་ཏེ་ཁྲག་དབྱུང་བའི་ཆོ་ག་བཞིན་ཤེས་པར་བྱའོ། །ཁྲག་དང་རླུང་ལ་སོགས་པ་མ་རུངས་པར་བྱས་ན་ནི་ཉམས་སྟོབས་ཇི་ལྟ་བ་བཞིན་དུ་ཁྲུས་དང་སྨྱུང་བ་ལ་སོགས་པ་བྱའོ།།
་ཇི་སྲིད་དུ་ནང་ཁྲག་མ་ཟད་ཀྱི་བར་དུ་ཕྱིར་བྱུང་བ་མི་བཅད་པར་བཏང་ངོ། །དེ་ནས་ནང་རྣམས་སྨིན་པར་བྱ་བ་དང། མེ་དྲོད་སྐྱེད་པ་དང། ཁྲག་གཅད་པར་བྱ་བའི་ཕྱིར་སྨན་ཁ་བའི་སྦྱོར་བ་བཤད་པར་བྱ་སྟེ། སྐྱེས་བུ་གང་ནད་གཞིའི་ཉེས་པས་ལུས་ཀྱི་ཤ་ཟད་པ་དང། རླུང་ལས
་གྱུར་པའི་ཁྲག་འཛག་པའི་ནད་ལ་ནི་སྨན་ཁ་བ་རྣམས་སྣུམ་དང་བཅས་པས་སྦྱར་ཏེ་བཏུང་བ་དང་བསྐུ་བ་དང་འཇམ་རྩི་མས་བཏང་བར་བྱའོ། །གང་མཁྲིས་པ་ལས་གྱུར་པའི་ཁྲག་ནི་ཚ་བའི་དུས་སུ་ཆེར་འཛེགས་པར་འགྱུར་ཏེ། དེ་ནི་ངེས་པར
་བཅད་ཅིང་མི་འབྱུང་བའི་ཆོ་ག་བྱའོ། །རླུང་དང་བད་ཀན་ལས་གྱུ་པ་ལ་ནི་བཅད་པའི་ཆོ་ག་མི་བྱའོ། །བད་ཀན་ལས་གྱུར་པའི་ཁྲག་འཛག་པ་ལ་ནི་བཅའ་སྒ་དང། དུག་མོ་ཉུང་གི་ཤུན་ལྤགས་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་རྩ་མཁྲིས་དང། བཅའ་སྒ་དང། བྱི་ཆེར
་བ་དང། ཙན་དན་དམར་པོ་དང་འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སྐྱེར་བའི་ཤུན་པ་དང། པུ་ཤེལ་ཙེ་དང། ནིམྦ་དང། སེའུ་འབྲུའི་ཤུན་པ་དང། འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དུག་མོ་ཉུང་གི་ཤུན་ལྤགས་དང། འབྲས་བུ་དང། སྐྱེར
་ཁནཊ་དང། བོང་ང་དཀར་པོ་དང། སྦྲང་རྩི་དང། འདི་རྣམས་སྦྱར་ལ་བཏུང་ངོ། །ཡང་ན་ཨ་པ་མརྒ་བཏགས་པར་ཕྱེ་མ་སྦྲང་རྩི་དང་འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་བཏུང་ངོ། །ཡང་དུག་མོ་ཉུང་གི་ཤུན་བ་རློན་པ་སྲང་བརྩ་ཆར་པའི་ཆུ་དང་ཚུལ་བཞིན་དུ
་བསྐོལ་ཏེ། སྙིགས་མ་པོར་ལ་ཁུ་བ་དངས་མའི་ནང་དུ་ཕྲི་ཡང་ཀུ་དང། མོཉྫ་དང། འདི་གསུམ་སྲང་རེ་རེ་དང། དུག་མོ་ཉུང་སྲང་གསུམ་འདི་རྣམས་ཞིབ་དུ་བཏགས་པའི་ཕྱེ་མ་བཅུག་ལ་ཡང་བསྐོལ་ཏེ། ལྡེ་གུ་དྲིལ་བུ་བཏུབ་ཙམ་ན་ཕྱིར་བྱུང་བའི་ལྡེ་གུ
་ལས་ཅི་རན་དུ་བཟའ་ཨོ། །དེའི་འོག་ཏུ་མེ་སྟོབས་ཆེ་ཆུང་དང་སྦྱར་ཏེ་ཐུག་པ་དང། ཐུག་པ་རྐྱང་རྐྱང་པོ་དང། བའི་འོ་མའི་བཏུང་བ་དང། རའི་འོ་མ་དང་བཅས་པའི་བཟའ་བ་དང་བཏུང་བ་སྦྱར་བར་བྱས་ན་ལྡེ་གུའི་ཕན་ཡོན་ནི་ཁྲག་ཚད་དུ་འཁྲུ་བ་དང། གཞང་འབྲུམ
་དང། ཁྲག་མཁྲིས་སྟོབས་ཆེ་སྟེ་གང་འོག་གཉིས་ཀར་ཁྲག་འཇོག་པ་རྣམས་ཀྱང་མྱུར་དུ་ཞི་བར་བྱེད་དོ། །ཡང་ན་ཛུག་མོ་ཡུངས་ཀྱི་ཤུན་པགས་སྲང་བརྒྱ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ལ་བརྒྱད་ཆ་ལུས་པ་དང། ཚིགས་མ་བོར་བའི་ནང
་དུ་སྐྱེར་ཁནད་སྐམ་པོ་དང། ཚ་བ་གསུམ་དང། སེང་ཕྲོ་མ་རྣམ་གཉིས་དང། མོན་ཛ་ར་དང། སེའུ་གཞོན་ནུའི་ཤུན་པ་དང། བིལྦ་གཞོན་ནུ་དང་གླ་སྒང་དང་བཙོད་དང། ད་ཏ་ཀའི་འབྲས་བུ་དང། འདི་རྣམས་སྲང་རེ་རེ་དང་དུག་མོ་ཡུངས་ཀྱི་ཤུན་ཕྲགས་སྲང་བཅུ་བཏགས་པའི་ཆེ་མ་དང། མར
་སྲང་ཉི་ཤུ་དང། བུ་རམ་སྲང་སུམ་ཅུ་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ་ལྡེ་གུར་མྱུར་པ་དང། སྣོད་སྣུམ་ཅན་གྱི་ནང་དུ་བཅུག་ནས་ནས་ཀྱི་ཕུང་པོའི་ནད་བཟླ་བ་ཕྱེད་བཞག་པའི་ལྡེ་གུ་ལས་རན་པར་ཟོས་ན་གཞང་འབྲུམ་ཐམས་ཅད་དང། ཕོ་བའི་ནད་དང། ལུད་པ་དང། དབུགས
་མི་ལ་དེ་བ་སེལ་ཏོ། །ཡང་ན་སེང་ཕྲོམ་དང། ཏིལ་དང། མོཉྫར་དང། བཙོད་དང། ཙན་དན་དང། ཨུཏབ་ལ་དང། འདི་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་བཏུང་ཞིང་ཟས་ཀྱང་འབྲས་ཆན་དང། རའི་འོ་མ་མར་དང་བཅས་པ་བཟའ་ཨོ། །ཡང་ན་ཤིང་མངར་དང། ཤུག་པ་དང། ཕྱི་ཚེར་བ་དང།
་ཤིང་པ་ཡསསྱའི་ལོ་མ་དང། དུར་བ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཁ་ར་དཀར་པོ་དང། སྦྲང་རྩི་དང་ལྷན་ཅིག་ཆུ་གང་མོ་དང་སྦྱར་བ་འམ། ཡང་ན་རའི་འོ་མ་དང་ལྷན་ཅིག་བཏུང་ངོ། །ཡང་ན་སེང་ཕྲོམ་དང། པུ་ཙེ་ཤེལ་དང། དུག་མོ་ཡུངས་དང། བཙོད་དང། ཤིང་ཤལ
་མ་ལིའི་ཤུན་ལྤགས་དང། ཙན་དན་དང། ཤིང་མངར་དང། པུ་ཤེལ་ཙི་དང། འདི་རྣམས་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཆུ་དང་སྦྱར་བ་གཞང་འབྲུམ་ཁྲག་ཚད་ཅན་ལ་བླུད་དོ། །ལ་ལ་པུང་དང། དུག་མོ་ཡུངས་དང། བ་ཊ་དང། བཅའ་སྒ་དང། སྐྱེར་ཁཎྚ་རྣམས་ཀྱི
་ཕྱེ་མ་ཟོས་ན་གཞང་འབྲུམ་ཁྲག་ཚང་ཅན་ལ་ཕན་ནོ། །ཡང་ན་ཁྲག་དང་ཟུག་གཟེར་ཤས་ཆེར་འབྱུང་བ་ལ་ནི་པ་ཡསསྱ་དང། ཀཎྚ་ཀ་རི་གཉིས་མར་དང་བསྐོལ་ཏེ་བླུད་དོ། །ཡང་ན་ད་ཏ་ཀི་དང། སེང་ཕྲོམ་དང། དུག་མོ་ཡུངས་ཀྱི་ཤུན་ལྤགས་དང། འབྲས་བུ་དང། ཨུཏཔལ་དང།
་པདྨ་གེ་སར་དང། འདི་རྣམས་མར་དང་ཆུ་དང་ཚུལ་བཞིན་བསྐོལ་བ་འམ། ཡང་ན་ཡ་བཀྵར་དང། མར་དང་མར་གྱི་བཞི་འགྱུར་གྱི་སེའུ་འབྲུའི་ཁུ་བ་དང་ཚུལ་བཞིན་བསྐོལ་བ་འཐུངས་ན། གཞང་འབྲུམ་ཁྲག་ཚད་དུ་འཁྲུ་བ་ཟུག་གཟེར་དང་བཅས་པ་སེལ་ཏོ། །ཡང་ན་ཤ
་ཁ་ར་དང། པདྨ་གེ་སར་དང། མར་སར་དང་ལྷན་ཅིག་སྦྱར་བའམ། ཏིལ་དང་མར་སར་ལྷན་ཅིག་སྦྱར་བས་བསྐུ་བྱུག་བྱས་ན་གཞང་འབྲུམ། བྲག་ཚད་དུ་འབྱུང་ཞིང་ཟུག་པ་སེལ་ཏོ། །ཡང་ན་རའི་མར་སར་དང། མར་དང་འོ་མ་དང། སྲོག་ཆགས
་ཐང་ལས་སྐྱེས་པའི་ཤ་ཁུ་དང་རྒྱ་སྣེའུ་སྦྱར་བའི་ཚེད་མའི་ནང་དུ་དར་བ་འམ། དར་བ་སྐྱུར་པོ་གང་ཡང་རུང་བས་བཏབ་པའི་ཆོད་མ་དང། འབྲས་དམར་པོའི་ཆེན་ཞོའི་སྤྲིས་མ་དང་ལྷན་ཅིག་བཟའ་ཨོ། །སྐོམ་དུ་ནི་འབྲས་དྲུག་ཅུ་པའི་ཆང་སར་པ་འཐུངས་ན་ཕན་ལོན
་གོང་མ་དང་འདྲའོ། །དེ་བཞིན་དུ་ཆང་སེར་པའི་ཉིང་ཁུ་འཐུངས་ན་གཞང་འབྲུམ་ཁྲག་ཆང་དུ་འབྱུང་ལ་ཕན་པའི་མཆོག་ཡིན་ནོ། །ཐུག་པ་དང། སྲན་མུངྒ་ལ་སོགས་པའི་ཡུ་ཤ་དང། ཤ་ཁུ་ལ་སོགས་པ་དང། ཀུན་དོང་དུ་སྦྱར་བ་འམ། ཡང་ན་ཉི་ཆེ་ཡང་རུང་སྟེ་ཟོས
་ན་རླུང་ཁྲག་ཤས་ཆེར་གཡོས་པ་ལས་རྒྱལ་བར་འགྱུར་རོ། །གཞང་འབྲུམ་ཁྲག་ཚར་འཛགས་ཏེ། རླུང་ཚབས་ཆེར་ལ་བྲུགས་ན་དེ་ལ་ནི་འབད་པ་དང་བཅས་པས་བསྲུང་བའི་ཆོ་ག་བྱའོ། །གཞང་འབྲུམ་ཁྲག་ཆད་ཅན་དང་ཁྲག་དང་མཁྲིས་པ་སྟོབས་ཆེ་ཞིང་བད་ཀན
་དང་རླུང་ཤས་ཆུང་བར་མཐོང་ན་དེ་ལ་ནི་རྣམ་པ་ཐམས་ཅད་དུ་བསིལ་བའི་ཆོ་ག་དེ་དག་གིས་ཞི་བར་མ་ནུས་ན་སྣུམ་ཞིང་དྲོ་བའི་ཆོ་ག་བྱ་སྟེ། ཤ་ཁུ་དྲོ་བའི་བྲས་དང། མར་གྱི་འཇམ་རྩིམས་བཏང་བ་ལ་སོགས་པ་བྱའོ། །ཏིལ་མར་དང་མར་དང། འོ་མ་འདི་རྣམས་གང
་རྙེད་པ་དྲོ་འཇམ་ཙམ་གཞང་འབྲུམ་ལ་བླུགས་སོ། །ཡང་ན་བྱི་ཚེར་བ་དང། ཀུ་ཤ་དང། ཀུ་ཤའི་རྩ་བ་དང། ཤལམ་ལིའི་མེ་ཏོག་དང། རྩ་བ་དང། ནྱ་གྲོ་དྷ་དང། ཨུ་དུམྦ་ར་དང། ཨ་ཤྭཏྠ་གསུམ་གྱི་མྱུ་གུ་དང། འདི་རྣམས་སྲང་གཉིས་གཉིས་དང། ཆུ་བྲེ་གསུམ་དང། འོ
་མ་བྲེ་གར་དང། ཚུལ་བཞིན་དུ་བསྐོལ་ལ་འོ་མ་ལུས་པ་དང། ཚིགས་མ་བོར་ལ་ཁུ་བའི་ནང་དུ་མོཉྫ་ར་དང། བཙོད་དང། ཙན་དན་དང། ཨུཏཔ་ལ་དང། བྲི་ཡཾ་ཀུ་དང། དུག་མོ་ཉུངས་ཀྱི་ས་བོན་དང་པདྨ་གེ་སར་དང། འདི་རྣམས་བཏགས་པའི་ཕྱེ་མ་དང། མར་དང
་སྦྲང་རྩི་དང། ཤ་ཁ་རས་བཏབ་སྟེ་འདྲེས་པར་གྱུར་པ་ནི་བི་རྩེའི་འཇམ་རྩི་ཞེས་བྱ་སྟེ། དེ་ལས་མ་བཏང་བ་བྱས་ན་ཕྱིས་འབྱུང་འདོད་བཞིན་དུ་མི་འོང་བ་དང་གཞང་འབྱུང་བ་དང། ཁྲག་འཛག་པ་དང། རིམས་རྣམས་ལ་ཕན་ནོ། །ཡང་ན་ཤིང་མངར་དང། པྲ་པུཎྚ་རཱི་ཀ་དང། གོང་མའི་སྨན
་མེཉྫར་ལ་སོགས་པ་དང། སྨན་སྤྱིའི་ཉིས་འགྱུར་གྱི་འོ་མ་དང། མར་ལ་སོགས་པའི་སྣུམ་དང། ཚུལ་བཞིན་དུ་བསྐོལ་ཏེ། ཨ་ནུ་བ་སན་བཏང་ངོ། །ཡང་ན་ཤིང་མངར་དང། ཨུཏཔ་ལ་དང། སེང་ཕྲོམ་དང། བ་ལ་ཀ་དང། བཙོད་དང། བིལྦ་དང། དབྱི་མོ་དང། བོང་ང་དཀར་པོ་དང། གླ་སྒང་དང།
་པ་ཊ་དང། ཡ་བཀྵར་དང། སྐྱེར་པ་དང། ཤིང་ཚ་དང། བོང་ཀྲ་དང། སྤང་སྤོས་དང། ཙི་ཏྲ་ཀ་དང། ཐང་ཤིང་དང། ཙ་ཀོ་རའི་རང་གི་ཁུ་བ་དང་འདི་རྣམས་མར་དང་ཚུལ་བཞིན་དུ་བསྐོལ་བ་ལས་རན་པར་འཐུངས་ན་ནད་གཞི་གསུམ་འཇོམས་ཏེ། ཁྱད་པར་དུ་གཞང་འབྲུམ་དང། ཚོད་པས
་འཁྲུ་བ་དང། ཕོ་བའི་ནད་དང་ས་རྦབ་དང། རིམས་དང། ཡི་གེ་འཆུས་པ་དང། གཅིན་སྲི་བ་དང། གཞང་བྱུང་བ་དང། ཆུ་ས་ན་བ་དང། ལྟོ་སྤོས་པ་དང། ཕྱི་ས་ཡང་དང་ཡང་དུ་འབྱུང་བ་དང། བེདུ་སྣབས་སུ་འཁྲུ་བ་དང། གཞང་འབྲུམ་ཟུག་ཅིང་ན་བ་དང། འདི་རྣམས་ལ་སྨན་འདི་ནི་མཆོག
་ཏུ་བསྔགས་སོ། །གཞང་འབྲུམ་འཁྲུགས་པར་འགྱུར་བ་ལ་ནི་སྨན་མངར་བ་དང། སྐྱུར་བ་དང་གྲང་བ་དང། དྲོ་བ་ལ་སོགས་པ་ལ་མེའི་སྟོབས་ཆེ་ཆུང་དང་སྦྱར་ཏེ་རྟག་ཏུ་བཏང་ན་ཞི་བར་འགྱུར་རོ། །རྟུག་སྐམ་གྱི་ནང་ལ་ནི་གྲང་བའི་རིམས་གསོ་བའི་བསྐུ་བྱུག་བཞིན་དུ་འདིར
་ཡང་ཏིལ་མར་གྱི་བསྐུ་བྱུག་དང་སྣུམ་ཆོས་ལེགས་པར་བྱས་ལ་དེ་ནས་དུགས་བྱའོ། །དེ་ནས་དུརྦིང་དང། དནྟི་དང། པི་པི་ལིང་དང། ནི་ལི་ནིའི་འབྲས་བུ་དང། ལོ་སོན་ཆའི་འབྲས་བུ་དང། སྨན་གཅིག་གི་ཉིས་འགྱུར་གྱི་ལན་ཚ་རྣམ་གཉིས་དང། འདི་རྣམས་ཀྱི་ཕྱེ་མ
་བུད་མེད་ཀྱི་འོ་མ་དང། བ་གཅིན་དང་སྦྱར་བའི་རེང་བུ་ལག་པའི་མཐེ་བོང་ཙམ་བྱ་སྟེ། བཤང་བའི་ལམ་དུ་རེང་བུ་མར་གྱིས་བསྐུས་ལ་མས་ཡར་བཅུག་ན་རྟུག་སྐམ་ཚུལ་བཞིན་དུ་འབྱུང་ངོ། །ཡང་ན་པི་པི་ལིང་དང། པོ་སོན་ཆ་དང། ཁྱིམ་གྱི་དུད་པ་དང། ཡུངས་ཀར་དང།
་འདི་རྣམས་གོང་མ་བཞིན་བ་གཅིན་དང་བུར་མ་དང་སྦྱར་ཏེ་མས་བཏང་ན་རྟུག་སྐམ་ལེགས་པར་འབྱུང་ངོ། །ཡང་ན་གོང་མའི་སྨན་གྱི་སྦྱོར་བ་གཉིས་པའི་སྨན་གྱི་ཕྱེ་མ་སྨྱུག་མ་རྩོགས་པའི་སྦུབས་སུ་བཅུག་པ་རྐུབ་ནས་བཅུག་སྟེ་བུད་པར་བྱའོ། །
་དེ་ནས་མ་ཕན་ན་སྨན་རྣོ་བ་དང། སྣུམ་གྱི་འཇམ་རྩིམས་བཏང་བར་བྱའོ། །འཇམ་རྩིའི་སྤུ་གུ་དེ་ཡང་དྲང་པོར་བྱ་སྟེ། ལེགས་པར་བཏང་ན་རྟུག་སྐམ་དང་རླུང་བདེ་བར་འགྱུར་རོ། །གལ་ཏེ་ཁོང་རྩུབ་པས་རླུང་དང་རྟུག་སྐམ་དེ་འབྱུང་དུ་མ་འདོད་ན། རླུང་འཇོམས
་བའི་བཀྲུ་སྨན་སྣུམ་དང་བཅས་པ་དང། ཨ་ནུ་བ་སན་བཏང་ངོ། །ཡང་ན་ལན་ཚ་རྣམ་གསུམ་དང། ཚ་བ་གསུམ་དང། འབྲས་བུ་གསུམ་དང། དནྟི་དང། བ་ལ་ཀ་དང། ཙི་ཏྲ་ཀ་དང། འདི་རྣམས་བརྟགས་པའི་ཕྱེ་མ་མར་དང་གཅིན་དང་སྒྲུས་ལ་ཛ་མ་ཁ་སྦྱར
་གྱི་ནང་དུ་བཅུག་སྟེ་དུང་པ་མ་ཤོར་བར་མཚམས་འཇིམ་པས་གླན་ཏེ་ནན་དུ་བསྲེགས་ཏེ་དུ་བ་ནང་དུ་ཞུ་སྟེ་ཐལ་བར་སོང་བ་ནི་དགེ་བའི་ཐལ་བ་ཞེས་བྱ་སྟེ། མར་དང་ལྷན་ཅིག་བཏུང་བ་འམ་ཡང་ན་འབྲས་ཆན་ནམ། སྣུམ་དང་ལྡན་པའི་ཟས་དང་ལྷན་ཅིག
་ཟོས་ན་རྟུག་པ་འགགས་པ་དང། གཞང་འབྲུམ་དང་སྐྲན་དང། སྐྱ་རྦབ་དང། དམུ་རྫིང་དང། སྲིན་ནད་དང། གཅིན་འགགས་པ་དང། རྡེའུ་ཆགས་པ་དང། སྐྲད་པ་དང། སྙིང་ནད་དང། ཕོ་བའི་ནད་དང། མཆིན་པ་ན་བ་དང། ལྟོ་སྤོ་བ་དང། དབུགས་མི་བདེ་བ
་དང། ལུང་པ་ཡུ་བ་རྣམས་འཇོམས་སོ། །གཞ་གྱང་གཞང་འབྲུམ་གྱི་རྟུག་པ་སྐ་བའི་ཆོ་ག་བཤད་པ་ཐམས་ཅད་འདི་སྦྱར་བར་བྱའོ། །གཞན་ཡང་བུ་ཏི་ག་རཉྫའི་ཤུན་པ་སྲང་ཉིས་བརྒྱ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང།
་ཚིགས་མ་རོབ་ལ་དངས་མའི་ནང་དུ་བུ་རམ་སྲང་བརྒྱད་ཅུ་དང། ཆེ་བ་གསུམ་སྲད་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་སྟེ་བསྲེགས་ལ་ཟླ་བ་གཅིག་བཞག་སྟེ་རང་གི་དྲོད་ཀྱིས་ལེགས་པར་སྨིན་པ་དང། ཅུང་ཞིག་སྐྱུར་བར་འགྱུར་ཏེ། དེ་ལས་རན
་པར་འཐུངས་ན་རླུང་ལེགས་པར་འབྱུང་ཞིང་གཞང་འབྲུམ་དང། མཚེར་པའི་ནད་དང། སྐྲན་དང། དམུ་རྫིང་རྣམས་ལས་རྒྱལ་བར་འགྱུར་རོ། །ཡང་ན་པུ་ཏི་ཀ་རཉྫ་ཞེས་བྱ་བ་སྲིན་སྨན་རྨེ་རུ་སྲད་བརྒྱད་དང། རྩ་བ་གསུམ་པོ་ཏྲ་ཀ་དང། ཀནཊ་ཀཱ་རི་གཉིས་ཀྱང་སྲང་བརྒྱད་བརྒྱད་དང།
་ཆུ་སྲང་སྟོང་ལྔ་བརྒྱ་སུམ་ཅུ་རྩ་དྲུག་བསྐོལ་ཏེ། བཞི་བརྒྱ་སུམ་བརྒྱ་བརྒྱད་ཅུ་རྩ་བཞི་ལུས་པ་དང། ཚིགས་མ་བོར་ཏེ་བསྒྲངས་པའི་ནང་དུ་དྲི་སྣ་གསུམ་དང། ཚ་བ་གསུམ་དང། པི་པི་ལིང་གི་རྩ་བ་དང། སེའུ་འབྲུ་དང། སྲུ་སྲུའི་རྩ་བ་དང། གུ་གུལ་དང། མ་ནུ་དང། འུ་སུ་དང།
་དབྱི་མོ་དང། སྤ་མའི་འབྲས་བུ་དང། སྒེའུ་གཤེར་དང། སྟར་བུ་དང་འདི་རྣམས་སྲང་རེ་རེ་ཞིག་ཏུ་བཏགས་པའི་ཕྱེ་མ་སྦྲང་རྩི་དང། རྒུན་འབྲུ་དང། སྐྱུར་རྩི་ཆེན་པོ་དང། སྒེའུ་གཤེར་དང་འདི་རྣམས་རློན་པ་བརྫིས་པའི་ཁུ་བ་སྲང་ཉི་ཤུ་དང། བུ་རམ་ཤིང་གི་ཁུ་བ་ཅི་མང་དུ
་བླུགས་ཏེ། འདི་རྣམས་ལྷན་ཅིག་སྣོད་སྣུམ་ཅན་གྱི་ནང་དུ་བཅུག་པ་ཟླ་བ་གཅིག་བཞག་སྟེ་སྨིན་ནས་སྐྱུར་པོར་གྱུར་པ་དང། དེ་ལས་རན་པར་འཐུངས་ན་ཤིང་སོགས་ལས་བཅད་པ་བཞིན་དུ་གཞང་འབྲུམ་འཇོམས་ཏེ། ཁྱད་པར་དུ་མེའི་དྲོད་བསྐྱེད་པའི་མཆོག་ཡིན་ནོ།།
་དེ་བཞིན་དུ་སྐྱ་རྦབ་དང། དབྱིག་དུག་དང། དམུ་རྫིང་དང། སྐྲན་དང། མཆེར་པ་ན་བ་དང། ལྟོ་སྦོ་བ་དང། རྡེའུ་ཆགས་པ་དང། གཅིན་སྲི་བ་རྣམས་སེལ་ཏོ། །ཡང་ན་ཤིང་པི་ལུའི་འབྲས་བུའི་ཁུ་བ་སྲང་ལྔ་བརྒྱ་བརྩ་བཅུ་གཉིས་ལེགས་པར་རས་དང་བཅིང་ལ། སྣོད་སྣུམ་ཅན
་གྱི་ནང་དུ་བཅུག་སྟེ་དེའི་ནད་དུ་ད་ཏ་ཀི་དང། རྒུན་འབྲུ་སྲང་གཉིས་གཉིས་དང། བྲ་གོ་དང། སྐྱུ་རུ་རའི་འབྲས་བུ་དང་འདི་གཉིས་སྲང་གཉིས་གཉིས་དང། པཱ་ཐ་དང་བོང་ང་དཀར་པོ་དང། བྱི་ཚེར་བ་དང། སྟར་བུ་དང། ཚ་བ་གསུམ་དང། ཤིང་ཚ་དང། སུག་སྣེལ་དང། འུ་སུ་དང།
་འབུ་སུག་ཧྭང་དང། བུ་ཚང་བྷོ་དང། ལི་ཤི་དང། བི་དང་ཀ་དང། པི་པི་ལིང་གི་རྩ་བ་དང། ཀྲུ་ཏྲུག་ཏྲེས་དང། འདི་རྣམས་སྲང་རེ་རེ་བཏགས་པའི་ཕྱེ་མ་དང། བུར་མ་སྲང་བརྒྱ་བཅུག་སྟེ། རླུང་མེད་པའི་གནས་སུ་ཟླ་བ་ཕྱེད་བཞག་ནས་དེ་ལས་རན་བར་འཐུངས་ན་གཞང་འབྲུམ་དང་སྙན
་རྣམས་ཞི་བར་བྱེད་དེ་མེའི་སྟོབས་སྐྱེད་ཅིང་མྱུར་དུ་འཇུ་བར་འགྱུར་རོ། །ཡང་ན་རྩ་བ་བཅུ་པ་དང། དུར་བྱིད་དང། པ་ཐ་དང། ཨཏ་རྣམ་གཉིས་དང། བོང་ང་དཀར་པོ་དང། ཀཏཔལ་དང། འདི་རྣམས་སྲང་བཅུ་བཅུ་བཏགས་ལ་སྦྱོར་བ་གོང་མ་བཞིན་དུ་རྫམ
་ཁ་སྦྱར་གྱི་ནང་དུ་བསྲེགས་ཏེ་ཐལ་བར་གྱུར་བ་དང། ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བཅུག་ལ་རས་དང་བཙགས་ནས་ཚིགས་མ་བོར་ལ་དངས་མ་དེ་རྫ་བུམ་གྱི་ནང་དུ་བསྐོལ་ནས་བཞི་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པ་དང། དེའི་ནང་དུ་བུ་རམ་སྲང་བརྒྱ་དང།
་ཚ་བ་གསུམ་དང། དབྱི་མོ་དང། ཨ་རུར་སྲང་ལྔ་ལྔ་དང། ཙི་ཏྲཀ་སྲང་གཉིས་དང། ཡ་བཀྵར་སྲང་གཉིས་དང། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་ལ་ཡང་བསྐོལ་ཏེ། ལྡེ་གུ་དྲིལ་དུ་བཏུབ་ཙམ་ན་ཕྱིར་ཕྱུང་བས་ན་བུ་རམ་གྱི་ལྡེ་གུ་ཞེས་བྱ་སྟེ། དེ་བས་རན
་པར་ཟོས་ན་སྐྲད་དང། མཆེར་པའི་ནད་དང། གཞང་འབྲུམ་དང། མཛེ་དང། གཅིན་ནད་དང་མེའི་དྲོད་ཉམས་པ་འཇོམས་བར་བྱེད་དོ། །ཡང་ན་ཏྲུ་ཀྲུག་ཏྲེས་ཀྱི་རྩ་བ་ལྔ་བཅུ་ཏུ་སྲང་ལྔ་བཅུ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བརྒྱད་ཆ་སྲང་དྲུག་ཅུ་རྩ་བཞི་ཡུས་པ
་དང། དེའི་ནང་དུ་བུ་རམ་རྙིང་བ་སྲང་བརྒྱད་བཅུག་སྟེ་ཡང་བསྐོལ་ལ་ཅུང་ཞིག་སྐ་བར་གྱུར་བ་དང། དེའི་ནང་དུ་ཚ་བ་གསུམ་དང། ཤུ་ཏི་དང་ཨ་རུ་ར་དང། རུ་རྟ་དང། དུར་བྱིད་དང། པི་དང་ཀ་དང། ཤིང་ཚ་དང། ཙི་ཏྲ་ཀ་དང། སུག་སྨེལ་དང། འདི་རྣམས་བཏགས་པའི
་ཕྱེ་མ་བཅུག་ལ་དཀྲུགས་ནས་ལྡེ་བུར་གྱུར་པ་ལས་རན་པར་ཟོས་ན་གཞང་འབྲུམ་དང་མཛེ་དང། མཆེར་བ་ན་བ་དང། སྐན་དང། དམུ་རྫིད་རྣམས་ལས་རྒྱལ་བར་བྱེད་དོ། །རྟག་ཏུ་གོམས་པར་བྱས་ན་མེའི་དྲོད་སྐྱེད་པར་བྱེད་དོ། །ཡང་ན་ཚ་བ་གསུམ་དང། འབྲས་བུ
་གསུམ་དང། བི་དང་ཀ་དང་ཏིལ་དང་གོ་བྱེ་དང། ཙི་ཏྲ་ཀ་འདི་རྣམས་བུ་རམ་དང་རི་ལུར་བྱས་ཏེ་བཏང་ན་གཞང་འབྲུམ་སེལ་ཅིང་མེ་དྲོད་སྐྱེད་པར་བྱེད་དོ། །སྨན་སུར་ནའི་རྩ་བ་རྫ་མ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། མཚམས་སུ་འཇིམ་པས་བསྐུས་ནས་ཆོ་ག་བཞིན་བསྲགས
་ཏེ་ཐལ་བར་གྱུར་པ་དང། ལན་ཚ་དང། ཏིལ་མར་དང། སྦྱར་ཏེ་ཟོས་ན་གཞང་འབྲུམ་ཟློག་པར་བྱེད་དོ། །ན་ལེ་ཤམ་དང། པི་པི་ལིང་དང། དོང་ཀྲ་དང། ཀྲུ་ཏྲུག་ཏྲེས་དང། དེ་རྣམས་ཡས་ཀྱི་རིམ་པ་བཞིན་དུ་ཆེར་སྐྱེད་དོ། །ཀྲུ་ཏྲུག་ཏྲེས་ཀྱི་བཞི་འགྱུར་གྱི་ཤལམ་ལི་དང། སྨན་དེ་རྣམས་སྤྱིའི
་ཉིས་འགྱུར་གྱི་བུ་རམ་དང། རིལ་བུར་བྱས་ཏེ་དེ་ལས་རན་པར་ཟོས་ན་གཞང་འབྲུམ་གཅོད་པར་བྱེད་དོ། །ཡང་ན་ན་ལེ་ཤམ་དང། དེའི་ཉིས་འགྱུར་གྱི་བཅའ་སྒ་དང། དེའི་བཞི་འགྱུར་གྱི་ཀྲུ་ཏྲུག་ཏྲེས་དང། དེའི་ཉིས་འགྱུར་གྱི་སུ་རན་རྣམས་བཏགས་པའི་ཉིས་འགྱུར་གྱི
་བུ་རམ་དང། རིལ་བུར་བྱས་ཏེ་ཟོས་ན་གཞང་འབྲུམ་སེལ་ཏོ། ། རུ་ར་དང། དྲོད་ཀྲ་དང། པི་པི་ལིང་དང། ཀ་རཉྫ་དང། བི་དང་ཀ་དང། ཀྲུ་ཏྲུག་ཏྲེས་དང། འདི་རྣམས་བཏགས་པ་དང་མཉམ་པའི་ཁར་དཀར་པོ་དང་བསྲེས་པའི་ཕྱེ་མ་དེ་ལས་རན་པར་ཟོས་ན་ཟས་ལྕི་བ་དང། མང
་དུ་ཟོས་ཀྱང་མྱུར་དུ་འཇུ་བར་བྱེད་དེ་རྟག་དོང་བཞིན་ནོ། །དུག་མོ་ཡུངས་དང། ལམ་ག་ལི་དང། པི་པི་ལིང་དང། ཀྲུ་ཏྲུག་ཏྲེས་དང། ཨ་པ་མརྒའི་ས་བོན་དང། བུ་ནིམྦ་དང། རྒྱམ་ཚ་དང། དེ་རྣམས་ཀྱི་ཕྱེ་མའི་ཉིས་འགྱུར་གྱི་བུ་རམ་དང་རི་ལུར་བྱས་ཏེ་ཟོས་ན་གཞང་འབྲུམ་སེལ་ཏོ
་གཞང་འབྲུམ་གཞོམ་པར་འདོད་པས་ཀྲུ་ཏྲུག་ཏྲེས་དང། དུག་མོ་ཡུངས་དང། ཙི་རི་བལྦི་དང། ནིལྦ་དང། རྒྱམ་ཚ་དང། འདི་རྣམས་བཏགས་པའི་ཕྱེ་མ་དར་བའི་ནང་དུ་བསྐྱོས་ཏེ་ཞག་བདུན་གྱི་བར་དུ་བཏུང་བར་བྱའོ། །མདོར་ན་གཞང་འབྲུམ་སྐམ་པོ་ལ་ནི་བ་ལ་ད་ཀ་དང།
་གཞང་འབྲུམ་གཤེར་པ་ལ་ནི་དུག་མོ་ཡུངས་ཀྱི་ཤུན་ལྤགས་བན་པའི་མཆོག་ཏུ་བཤད་དོ། །གཞང་འབྲུམ་ཐམས་ཅད་ལ་དར་བ་བསྟེན་ན་སྟོབས་སྐྱེད་ཅིང་ཉེས་བ་འཇོམས་སོ། །རླུང་དང་བད་ཀན་ལ་སོགས་པས་རྟུག་པ་འགགས་པའི་གཞང་འབྲུམ་ལ་ནི་མའི་དྲང་སྐྱེད་པ
་དང། མཐུན་པའི་བཟའ་བཏུང་དང་སྨན་རྣམས་བསྟེན་བར་བྱ་སྟེ། ཆོ་ག་དེ་ལྟར་མ་བྱས་ན་ནི་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གཞང་འབྲུམ་དང་འཁྲུ་བ་དང། ཕ་བའི་ནད་བཞི་དང། འདི་རྣམས་ན་ཕལ་ཆེར་གཅིག་ལ་གཅིག་རྗེས་སུ་འབྲེལ་པ་ཡིན་ཏེ། དེ་དག་ཀྱང་མེའི་དྲེད་ཉམས
་ཆུང་བ་ལས་གྱུར་བ་ཡིན་པས་ཁྱད་པར་དུ་མེའི་དྲོད་བསྲུང་བ་ལ་འབད་པར་བྱའོ། །གསོ་བའི་གནས་ལས་གཞང་འབྲུམ་གསོ་བའི་ལེའུ་བརྒྱད་པ་རྫོགས་སོ།། །།དེ་ནས་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱ་སྟེ། མེའི་དྲོད
་ཉམས་པས་མ་ཞུ་བའི་གནས་ཕོ་བ་ལ་བརྟེན་ནས་ཤས་ཆེར་འཁྲུ་བར་འགྱུར་ཏེ། དེ་ལ་ནི་ཐོག་མར་སྨིན་པར་བྱ་བའི་ཕྱིར་རླུང་ལས་གྱུར་པ་ཡིན་ན་ཡང་སྨྱུང་བ་བྱས་ན་ཕན་ནོ། །དེ་ལྟར་འཁྲུ་བ་ཁོང་དུ་ཟུག་གཟེར་ཆེ་ཞིང་ལྟོ་ལྕི་ལ་ཆམ་པས་ཉམས
་ཐག་པ་ལ་ནི་སྐྱུགས་སྨན་བྱའོ། །ནད་གཞི་ཁོང་དུ་གསོགས་པ་ན་ཁ་ཟས་ཚུལ་བཞིན་མི་འཇུ་སྟེ། ནད་གཞི་དང་འདྲེས་ནས་ཤས་ཆེར་འཁྲུ་ལ་རང་འདི་འཁྲུ་བ་ནི་ཞུ་བས་འཁྲུ་ཞེས་བྱ་སྟེ། དང་པོར་སྨན་དཔྱད་མི་བྱ་བར་བཏང་སྙོམས་སུ་བཞག་གོ། མ་ཞུ
་བས་འཁྲུ་བ་ལ་ཡང་ཚུལ་དེ་ལྟར་དང་པོ་གཅོད་པའི་སྨན་དཔྱད་མི་བྱའོ། །གཞན་ཡང་ལྟོ་སྤོ་བ་དང། ལུས་ལྕི་བ་དང། ཟུག་གཟེད་ཆེ་བ་དང། དྲན་པ་མ་གསལ་ཞིང་འཁྲུ་བ་ཆར་མི་འབྱུང་བ་ལ་ནི་ཨ་རུ་ར་བྱིན་ཏེ་བདེ་བར་འཁྲུར་གཞུག་གོ། ནད་ཚབས་མི་ཆེ་བའི་འཁྲུ
་བ་ལ་ནི་ཉུང་བ་བསྐམ་པར་བྱ་བའི་ཕྱིར་བྷུ་ཏི་ཀ་དང། པི་པི་ལིང་དང། བཅའ་སྒ་དང། ཤུ་ཐག་དང། འུ་སུ་དང། ཨ་རུ་ར་དང། འདི་རྣམས་ཤས་ཆེར་བསྐོར་ཏེ་བླུད་དོ། །ཡང་ན་བིལྦ་དང། འུ་སུ་དང། གླ་སྒང་དང། དོང་ཀྲ་དང། བ་ལ་ཀ་དང། འདི་རྣམས་བསྐོལ་བའི
་ཁུ་བ་བླུད་པ་འམ། ཡང་ན་བིལྦ་དང། འུ་སུ་དང། གླ་སྒང་དང། བཅའ་སྒ་དང། བ་ལ་ཀ་དང། འདི་རྣམས་བསྐོལ་བའི་ཆུ་འམ། ཡང་ན་ལན་ཚ་བི་ད་དང། བ་ཐ་དང། ཤུ་ཐག་དང། ཨ་རུ་ར་དང། བྲི་དང་ཤ་དང། དོང་ཀྲ་དང། འདི་རྣམས་བསྐོལ་བ་འམ། ཡང་ན་བཅའ་
་སྒ་དང། ག་པུར་དང་ཤུ་ཐག་དང། བོང་ང་དཀར་པོ་དང། བིལྦ་དང། དུག་མོ་ཉུང་དང། ཤིང་ཀུན་དང། འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ནད་གཞི་ཆུང་ཞིང་ཚབས་ཆུང་ངུར་འཁྲུ་བ་ལ་ནི་ཤུ་ཐག་དང། བོང་ང་དཀར་པོ་བསྐོལ་བ་འམ། ཡང་ན་ལྡུམ་བུ་སྐྲ་བཟངས
་བསྐོལ་བ་འམ། ཡང་ན་བ་ལ་ཀ་ཏ་དང། དོང་ཀྲ་བསྐོལ་བའི་ཆུ་བླུད་དོ། །ལུས་ཉམས་ཆུང་ཞིང་བཀྲེས་པ་ལ་ཟས་ཀྱི་ཚོད་ལ?་པ་ལྟ་ན་ཐུག་པ་ལ་སོགས་པ་ཡང་བའི་ཟས་སྦྱིན་ནོ། །དེ་ལྟར་གོང་དུ་སྨོས་པའི་རིམ་པ་དག་བྱས་ན་ཟས་ཡི་གར་འོང་ཞིང་མེའི་དྲོད་སྐྱེད་ལ་ཉམས་སྟོབས
་འཕེལ་བར་འགྱུར་རོ། །དེ་ལྟར་འཁྲུ་བའི་ནད་པ་དེ་གང་ལ་གོམས་བའི་བཏུང་བ་ལ་སོགས་པ་དེས་གསོ་བར་བྱ་སྟེ། དེར་ཡང་དར་བ་འམ། རང་སྐྱུར་རམ། ཐུག་པ་འམ། སྐྱོ་མ་དང། ཆང་ངམ་རྒུན་ཆང་ངམ། གང་ཡང་རུང་བས་བྱའོ། །དེ་ནས་ཐུག་པ་ལ་སོགས་པའི་བཟའ་བ་སྦྱར
་དེ་དེ་ཡང་མེ་དྲོད་བསྐྱེད་པ་དང། སྨིན་པ་དང། འཁྲུ་བ་གཅོད་པའི་སྨན་པ་ལན་དང། ཟུར་བ་དཀར་པོ་དང། འུ་སུ་དང། ཤིང་ཀུན་དང། ད་ཏྲི་ཀ་དང། བལ་པོ་སེའུ་དང། པ་ལ་ཤ་དང། སྦ་མའི་འབྲས་བུ་དང། ཟི་ར་དང། ལ་ལ་པུད་དང། བི་དྷ་ལྕེ་མྱང་ཚྭ་དང། རྩ་བ་ཆུང་ངུ་ལྔ་དང།
་བ་ཐ་དང། འདི་རྣམས་བཟའ་བ་དང་བཏུང་བ་དང་ཅི་རིགས་པར་སྦྱར་ཏེ་བཟའ་ཨོ། །བད་ཀན་དང་མཁྲིས་པ་ཤས་ཆེ་བའི་འཁྲུ་བ་ལ་ནི་ས་ལ་པརྞི་དང། བ་བླ་དང། བིལྦི་དང། པྲིཥྞ་པརྞི་དང། འདི་རྣམས་ལས་གཞི་བླངས་པའི་ཐུག་པའི་ནང་དུ་སེའུ་འབྲུ་སྐྱུར་པོ་བཏབ་སྟེ་བླུད་ན
་ཕན་ནོ། །འཁྲུ་བ་འགགས་པ་ལ་ནི་ཨ་རུ་ར་དང། པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། བིལྦ་དང། དེ་དག་ལས་གཞི་བླངས་པའི་ཐུག་པ་བླུད་ན་རླུང་བདེ་བར་འབྱུང་ངོ། །ནད་གཞི་མང་པོ་འཁྲུགས་ཏེ་འཁྲུ་བ་འགགས་པ་དང། མེའི་དྲོད་ཆེ་བ་ལ་ནི་པི་པི་ལིང་དང། བི་དང་ཀ་དང།
་འབྲས་བུ་གསུམ་དང། འདི་རྣམས་བསྐོལ་བའི་བཀྲུ་སྨན་བཏང་ངོ། །དེ་ལྟར་ཁྲུས་བྱས་པའི་འོག་ཏུ་རླུང་འཇོམས་པ་དང། མེའི་དྲོད་སྐྱེད་བའི་སྨན་ཚ་བ་ལྔ་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་དོ། །མ་ཞུ་བ་འཁྲུ་བ་སྨིན་ནས་མེའི་དྲོད་སྐྱེད་དེ། ཞུ་བར་འཁྲུ་ལ་དེ་ཡང་ཡང་དང
་ཡང་དུ་ཉུང་དུ་ཉུང་དུར་འབྱུང་ཞིང་མཁྲེགས་པ་དང། དབུ་བ་དང། བེའུ་སྣབས་དང། དྲི་མ་དང་ནད་དང་བཅས་པར་འབྱུང་བ་འམ། ཡང་ན་ཕྱིས་བཙིར་ཡང་མི་འབྱུང་སལ་ནི་ཞོ་དང། འོ་མ་དང། མར་དང། བཅའ་སྒ་དང། བུ་རམ་དང་སྦྱར་བ་བཏུང་ངོ། །ཡང་ན་རྒྱ་ཤུག་གི་འབྲས་བུ
་སྤངས་པ་བུ་རམ་དང་ཏིལ་མར་དུ་བཅས་པ་བཟའ་ཨོ། །འཁྲུ་བོ་འབྱུང་དཀའ་སྟེ་འགགས་པ་ལ་ནི་རྒྱ་སྣེའུའི་ཚོད་མ་ལ་སོགས་པ་དང། དེ་བཞིན་དུ་ཤ་།བུ་རམ་མང་པོ་དང་སྦྱར་བའི་ནང་དུ་ཞོ་དང་སེའུ་ལ་སོགས་པ་སྦྱར་བ་འམ་ཡང་ན་མ་ཤ་དང།
་མོན་སྲན་སྡེའུ་དང། ཏིལ་མར་དང། ལེགས་པར་སྦྱར་བ་གང་ཡང་རུང་བ་དང། འབྲས་ཅན་དུ་བྱས་པ་བཟའ་ཨོ། །ཡང་ན་ཟུར་བ་དང། ཨ་མུ་ལ་དང། ཀ་བོ་ཏི་དང། པ་ཐཱ་དང། སྭ་རྩི་ཀའི་ཚོད་མ་འམ། ཡང་ན་ཤུ་ཤ་དང། ལ་ལ་བུད་དང། ཀ་ར་ཏ་དང། ཀྵི་ར་ནི་དང། ཙིར་བི
་དེའི་ཚོད་མ་འམ་ཡང་ན་ཨུ་པོ་ད་ཀ་དང། ཛི་བནྟི་དང། བ་ཀུ་ཛི་དང། རྒྱ་སྣེའུའི་ཚོད་མ་འམ། ཡང་ན་ལྕམ་པ་དང། ཨེ་རཎྚ་དང། ལཽ་ནི་ཀ་དང། འདི་རྣམས་ཀྱི་ཚོད་མ་གང་ཡང་རུང་བ་ཞོ་དང་ལེགས་བར་སྦྱར་བ་དང། འབྲས་ཆན་བཟའ་བ་དང། ཡང་ན་རུས་སྦལ་དང།
་བྱེའུ་བརྟ་ཀ་དང། སྤར་བ་དང། རྨ་བྱ་དང། སྲེག་པ་དང། ཁྱིམ་བྱ་གང་ཡང་རུང་བའི་ཤ་ཁུ་དང་བཅས་པའི་བཟའ་བ་སྦྱིན་ནོ། །བིལྦ་དང་གླ་སྒང་དང། བ་རུ་ར་དང། དཏ་ཀིའི་མེ་ཏོག་དང། དོང་ཀྲ་དང། འདི་རྣམས་དར་བ་དང་སྦྱར་བའི་ཐུག་པ་འཐུངས་ན་ཞུ་བའི་འཁྲུ་བ་སེལ་ཏོ།།
་ཀ་པིཏྟ་དང། ཀ་ཙུ་ར་དང། ག་བྲའི་རྩ་བ་དང། ཡུ་ཏི་ཀ་དང། ནྱ་གྲོ་དྷའི་མྱུ་གུ་དང། སུའུ་འབྲུ་དང། ཤ་ནའི་རས་བལ་དང། ཤ་མ་ལི་དང། དེ་རྣམས་ཀྱི་ལོ་མ་བཏགས་པ། ཞོ་དང་སྦྱར་བ་འཐུས་ན་ཡང་ཞུ་བའི་འཁྲུ་བ་སེལ་ཏོ། །བིལྦ་གཞོན་ནུ་མ་སྨིན་པ་དང། ཏིལ་ཞིབ་ཏུ
་བཏགས་པའི་ཕྱེ་མ་དང། ཞོའི། སྤྲིས་མ་དང། སྐྱུར་དང་སྣུམ་དང་བཅས་པར་ཏིལ་གྱི་ཚིགས་མ་ཟོས་ན་འཁྲུ་བ་མཁྲེག་བ་དང། བཅས་པ་ཞི་བར་འགྱུར་རོ། །ཡང་ན་ན་ལེ་ཤམ་དང། འུ་སུ་དང། ཟི་ར་དང། ད་ཏྲིག་དང། ཟུར་བ་དཀར་པོ་དང། ལན་ཚ་བི་ད་དང། སེའུ་འབྲུ་དང།
་ད་ཏཀི་དང། པ་ཐ་དང། འབྲས་བུ་གསུམ་དང། ཚྭ་བ་ལྔ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཀ་པིཏྟ་དང། ཨ་མྲ་དང། ཤིང་འཛམ་བུའི་འབྲས་བུ་དང། འདི་གསུམ་གྱི་རྐང་དང། ལ་ལ་བུང་དང། ན་ལེ་ཤམ་གྱི་དྲུག་འགྱུར་གྱི་བིལྦ་དང། འདི་རྣམས་ཞིབ་ཏུ་བཏགས
་པའི་ཕྱེ་མ་ཞོ་དང་སྲན་མུངཀའི་ཁུ་བ་དང། བུ་རམ་དང་ཏིལ་དང་མར་བསྲེས་པའི་སྣུམ་དང། དེ་རྣམས་ཚུལ་བཞིན་དུ་སྦྱར་བ་ནི་གཞན་གྱིས་མི་ཐུབ་པའི་ཟས་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་མེའི་དྲོད་སྐྱེད་པ་དང། ཟས་འཇུ་བ་དང། འཁྲུ་བ་ཐུར་དུ་འབྱུང་བ་སྲ་བར་བྱེད་པ
་དང། ཟས་ཡི་གར་མི་འོང་བ་དང་མཁྲེག་པ་རྣམས་འཇོམས་པར་བྱེད་དོ། །ཡང་ན་རྒྱ་ཤུག་གི་འབྲས་བུ་དང། བིལྦ་གཞོན་ནུ་བཏགས་པ་དང། འབྲས་དང། ནས་དང། མུངྒ་དང། མོན་སྲན་རྡེའུ་དང། ཏིལ་དང་འདི་རྣམས་ལྷན་ཅིག་པ་དེའི་ནང་དུ་ཏིལ་མར་དང་མར་བརྔོས?་ཏེ
་བཅུག་ལ་ཞོ་དང་སེའུ་འབྲུའི་ཁུ་བ་དང་བསྲེས་པ་ཚུལ་བཞིན་བསྐོལ་བ་ནི་ཁུ་བཅུད་ཅེས་བྱ་སྟེ། དེ་ལས་རན་པར་འབྲས་ཆན་དང་བཅས་པར་ཟོས་ན་རྟུག་པ་ཟད་ཅིང་གདོང་སྐམས་པ་ལ་ཕན་ནོ། །ཡང་ན་ཞོའི་སྤྲིས་མ་དང། མར་དང་ཏིལ་མར་བསྲེས་པ་བསྐོལ་བའི་ནང་དུ
་དོང་ཀྲའི་ཕྱེ་མ་བུ་རམ་དང་སྦྱར་བ་བཟའ་ཨོ། །ཡང་ན་ཆང་གི་ནང་དུ་ཏིལ་མར་དང། མར་བསྐོལ་བ་བླུགས་ཏེ་ཆོང་མར་བྱའོ། །ཡང་ན་ཀིའུའི་ཁུ་བ་ལེའུ་འབྲུ་ལ་སོགས་པ་སྐྱུར་དང་སྦྱར་ཏེ། མར་དང་བསྐོལ་ལ་བཅུག་པ་ཚོང་མར་སྦྱར་རོ། །ཡང་ན་ཕྱེའི་ཟན་བྲུལ་གྱི་སྟེང་དུ་མར་དང
་ཏིལ་མར་བླུགས་ལ་ཚ་བ་གསུམ་གྱི་ཕྱེ་མས་བཏབ་པ་བཟའ་ཨོ། །ཡང་ན་སྲན་མ་ཤ་ལེགས་པར་སྦྱར་བའི་སྟེང་དུ་མར་གྱི་སྙིང་ཁུ་བླུགས་ལ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ར་དང་ལུག་གི་ཤ་ཁུ་སེའུའི་སྐྱུར་གྱི་སྙིང་ཁུ་དང་འུ་སུ་དྲང་དོ་དཀྲའི་ཕྱེ་མ་དང་ལྷན་ཅིག་སྦྱར
་བ་བསྐོལ་ཏེ་བཙགས་པའི་ཁུ་བ་འབྲས་དམར་པོའི་ཆན་དང་ལྷན་ཅིག་བཟའ་ཞིང་དེའི་འོག་ཏུ་བཏུང་བ་ལེགས་པར་སྦྱར་ན་རྟུག་པ་འགགས་པ་མྱུར་དུ་ཞི་བར་བྱེད་དོ། །བིལྦ་གཞོན་ནུ་དང། བུ་རམ་དང་ཏིལ་མར་དང། པི་པི་ལིང་དང། བཅའ་སྒ་དང། འདི་རྣམས་ཀྱི་ལྡེ་གུ
་ཟོས་ན་རླུང་གིས་འགགས་པ་དང། ཟུག་གཟེར་ཆེ་ཞིང་མཁྲེགས་པ་དང་བཅས་པ་ཞི་བར་བྱེད་དོ། །སེང་ཕྲོམ་དཀར་པོའི་ཤུན་པ་དང། ད་ཏ་ཀིའི་མེ་ཏོག་དང། རྒྱ་ཤུག་གི་ལོ་མ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཞོའི་སྤྲིས་མ་སྦྲང་རྩི་དང་ཀ་པིཏྟའི་རང་གི་ཁུ་བ་དང
་ལྷན་ཅིག་སྦྱར་བ་འཐུངས་ན་ཕན་ནོ། །རླུང་གིས་རྟུག་པ་འགགས་ཤིང་ཟུག་གཟེར་ཆེ་སྟེ་མཁྲེག་ལ་ཁྲག་དང་བེའུ་སྣབས་དང་བཅས་པར་འབྱུང་བ་དང། སྐོམ་པས་གདུངས་པ་ལ་ནི་འོ་མ་ཚིམ་ཚད་དུ་སྦྱིན་ནོ། །ཡང་ན་ཏིལ་དང་མར
་བསྲེས་པའི་སྟེང་དུ་འོ་མ་བཞོས་ཏེ་ལྷན་ཅིག་བླུད་དོ། །ཡང་ན་ཨེ་རཎྚའི་རྩ་བ་དང་བིལྦའི་རྩ་བ་གང་ཡང་རུང་བ་དང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་གླ་སྒང་ཉི་ཤུ་དང། དེའི་སུམ་འགྱུར་གྱི་ཆུ་དང་འོ་མ་སྲང་བཞི་དང་ལྷན་ཅིག་བསྐོལ་ལ་བཞི་ཆ་ལུས་བ་ལས་རིན
་པར་འཐུངས་ན་མ་ཞུ་བའི་ནད་དང་བཅས་པ་ལ་ཕན་ནོ། །ཡང་ན་པི་པི་ལིང་ན་ལེ་ཤམ་ཞིབ་ཏུ་བཏགས་ཏེ་འོ་མ་དང་ལན་ཅིག་འཐུངས་ན་ཡུན་པོ་ནས་ཞེན་པའི་མཁྲེགས་པ་ཡང་འཇོམས་སོ། །སྨྱུང་བ་ལ་སོགས་པས་ལུས་ཉམས་ཆུང་ཞིང་ཁོང་རྩུབ་ལ་ཟུག
་གཟེར་གྱིས་ཉམས་ཐག་པར་གྱུར་ན་མེའི་དྲོད་བརྟགས་ཏེ་ཐལ་སྨན་རྣོན་པོ་མར་དང་བཅས་པ་སྦྱིན་ནོ། །ཡང་ན་རྩ་བ་བཅུ་པ་ཚུལ་བཞིན་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང་ཚིགས་མ་བོར་ཏེ་སྨན་གྱི་ཁུ་བའི་བཞི་ཆའི་མར་དང་ཞོ་དང། ཆང་གི་ཉིང་ཁུ་དང། ལྕེ
་མྱང་ཚྭ་དང། ཚྭ་བ་ལྔ་བཏགས་ཏེ་ལྷན་ཅིག་བསྐོལ་ལ་མར་ཉི་ཚེ་ལུས་པ་དང། དེ་ལས་རན་པར་ཟོས་ན་གཟེར་བས་ཉམས་ཐག་པ་སེལ་ཏོ། །ཡང་ན་བཅའ་སྒ་སྲང་དྲུག་དང། པི་པི་ལིང་མུ་ལ་དང། ཀྲུ་ཏྲུག་ཏྲེས་དང། རྒྱམ་ཚ་འདི་གསུམ་སྲང་གཉིས་དང། ཏིལ་མར
་སྲང་སུམ་ཅུ་རྩ་གཉིས་དང། ཞོ་དང་ཆུ་དང། ཚུལ་བཞིན་བསྐོལ་ལ་མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་འཁྲུ་བའི་ཟུག་གཟེར་དང་བཅས་པ་སེལ་ཏོ། །ཡང་ན་ཤ་དང་འོ་མ་མར་རམ་ཏིལ་མར་གང་ཡང་རུང་བ་དང་ཚུལ་བཞིན་བསྐོལ་ལ་མར་ལུས་པ་དང།
་དེ་ལས་བཏུང་བ་དང་འཇམ་རྩི་མས་བཏང་བ་དང་བསྐུ་བྱུག་ལ་སོགས་པ་བྱས་ན་རྟུག་པ་འགགས་པ་དང་འཁྲུ་བའི་ཟུག་གཟེར་ལས་རྒྱལ་བར་བྱེད་དོ། །རླུང་འཁྲུགས་པ་དང། ཟུག་གཟེར་ལ་ནི་ཏིལ་མར་མཆོག་ཡིན་ཏེ་དེ་ལས་ལྷག་པ་མེད་དོ། །གཞན་ཡང
་རླུང་ནི་བད་ཀན་ལ་སོགས་པའི་ནད་གཞི་འཇོམས་པར་བྱེད་ཅིང་གཡོ་བ་དང་ལུས་ལ་ཁྱབ་པ་དང་རང་གི་གནས་ན་འདུག་པ་ཡིན་པས་དེ་ལ་ཡང་ཏིལ་མར་འདི་རབ་ཏུ་བསྔགས་ཏེ། མེའི་དྲོད་ཆུང་བ་ལ་སྦྱར་ན་ཡང་བདེ་བར་བྱེད་པའི་མཆོག་ཡིན་ནོ། །མེའི་སྟོབས་ཆེ་བ་དང།
་རླུང་དང་གི་གནས་སུ་མཁྲེགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཏིལ་མར་ཚུལ་བཞིན་སྦྱར་ན་འདུག་པའི་གནས་མེད་དོ། །བཤང་བ་བཟད་པ་དང་ནད་གཞི་རྣམས་རང་གི་གནས་ལས་ཉམས་ཏེ་འཁྲུགས་ན་རླུང་འབའ་ཞིག་སྟོབས་ཆེ་ཞིང་མཁྲེགས་པ་དང་བཅས་པ་ཟུག་གཟར
་ཡོད་པའི་ཚར་ནད་ཅན་ནི་འཚོ་དཀའ་བ་ཡིན་ཏེ། དེ་ཡང་གལ་ཏེ་ཕྱི་ནང་གཉིས་ཀ་ནས་ཏིལ་མར་དང་བཏུང་བ་དང་བསྐུ་བ་ལ་སོགས་པ་བྱས་ན་འཚོ་བར་འགྱུར་རོ། །གཞང་ན་ཞིང་ཕྱིར་འབྱུང་བ་ལ་ནི་འོ་མ་དང་རྒྱ་ཤུག་སྐྱུར་པོ་དང། ཙང་གོར་གཉིས་ཀྱི་རང་གི་ཁུ་བ་དང། མར་དང་ཞོ
་དང་དོང་ཀྲ་བཏགས་པའི་ཕྱེ་མ་དང། འདི་རྣམས་བསྐོལ་བའི་མར་རམ་ཡང་ན་འོ་མ་དང་རྒྱ་ཤུག་ལ་སོགས་པ་གོང་མ་དེ་དག་བསྐོལ་བའི་ཁུ་བའི་ནང་དུ་ཞོ་དང་དོང་ཀྲ་བཏགས་པ་བཅུག་པའི་ལྡེ་གུ་གང་ཡང་རུང་བས་བསྐུས་ན་ཕན་ནོ། །ཡང་ན་འུ་སུ་དང། ན་ལེ་ཤམ་དང། བི
་དང་ཀ་དང་ལྕེ་མྱང་ཚ་དང། ཟི་ར་དང། ཚ་བ་རྣམ་ལྔ་དང། སེའུ་འབྲུ་དང། དེ་རྣམས་ཀྱི་ཕྱེ་མ་རྒྱ་ཤུག་སྐྱུར་པོ་དང། ཙ་གོ་རའི་ཁུ་བ་དང། ཞོ་དང་འོ་མ་དང་མར་འདི་རྣམས་ཚུལ་བཞིན་བསྐོལ་ལ། མར་ཉི་ཚེ་ལུས་པས་བསྐུས་ན་གཞང་ཕྱིར་འབྱུང་ཞིང་ཟུག་པ་ཞི་བར་བྱེད་དོ། །ཡང
་ན་རྩ་བ་བཅུ་པོ་དང་མར་དུ་སྦྱར་བའི་འཇམ་རྩིམས་བཏང་བར་བྱའོ། །ཡང་ན་ཟུར་དཀར་པོ་དང། ཤུ་ཏི་དང། རུ་ཏ་དང། མར་དུ་སྦྱར་བ་འམ་ཡང་ན་ཤུ་དག་དང། ཀྲུ་ཏྲུག་ཏྲེས་དང། མར་དུ་སྦྱར་བ་འམ་སྦྱོར་བ་དེ་དག་མར་དང་ཚུལ་བཞིན་བསྐོལ་ཏེ་འཇམ་རྩི་མས་བཏང་བར་བྱའོ།།
་བཤད་བ་མཁྲེགས་པ་དང། གཞང་ཕྱིར་བྱུང་བ་དང། གཅིན་འགགས་པ་དང། རྐེད་པ་རེངས་པ་ལ་ནི་ཏིལ་མར་རམ་མར་གང་ཡང་རུང། སྨན་མངར་པ་དང་སྐྱུར་བ་ཚུལ་བཞིན་བསྐོལ་བའི་ཨ་ནུ་བ་ས་ན་བྱའོ། །གལ་ཏེ་གཞང་ཕྱིར་བྱུང་སྟེ་ནང་དུ་ཞུགས་མ་འདོད་དེ་སྤང་བ
་ལྟ་ན་མར་གྱིས་བསྐུ་ཞིང་དུགས་བྱས་པས་འཇམ་པོར་གྱུར་ན་ཕུལ་ལ་ནང་དུ་གཞུག་པར་བྱའོ། །གལ་ཏེ་ལན་ཅིག་གཞང་ནང་དུ་བཅུག་ནས་ཕྱིར་ཡང་འབྱུང་ན་ནི་རྐུབ་ཙོས་གཉིས་པགས་པས་གླན་ལ་དབུས་སུ་ཕུག་པ་ལ་སོགས་པ་ཆོ་ག་ཇི
་ལྟར་བྱ་བ་ནི་མདོ་ནས་གསུངས་པ་ལྟ་བུའོ། །ཡང་ན་རྩ་བ་ཆེན་པོ་ལྔ་དང་བྱི་བའི་ནང་གྲོལ་ཕྱུང་བའི་ཤ་དང། འོ་མ་དང་ལྷན་ཅིག་བསྐོལ་བ་འམ། ཡང་ན་རླུང་འཇོམས་པའི་སྨན་དང། ཏིལ་མར་ཚུལ་བཞིན་བསྐོལ་བས་གང་ཕྱི་ས་འབྱུང་བ་ལ་བསྐུ་བ་དང་བཏུང་བ་ལ
་སོགས་པ་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་འཁྲུ་བ་མ་ཞུ་བ་དང་བཅས་པ་ལ་ནི་རྣོ་བ་དང་དྲོ་བའི་བག་སྤངས་ཏེ་གོང་མ་བཞིན་དུ་ཐོག་མར་སྨྱུང་བ་ལ་སོགས་པ་བྱའོ། །མཁྲིས་པ་ལས་གྱུར་པའི་འཁྲུ་བ་སྐེམ་དད་ཆེ་བ་ལ་ནི་ཡན་ལག་དྲུག་ཅེས་བྱ་བའི་སྨན
་གླ་སྒང་དང། པརྤ་ཏ་དང། པུ་ཤེལ་ཅི་དང། ཙན་དན་དང། ཨུ་དི་ཙ་དོང་ཀྲ་དང། ཏིཀྟ་དང། ཐལ་ཏྲེས་དང། འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །དེ་ལྟར་སྨྱུང་བ་ལ་སོགས་པ་བྱས་བཀྲེས་ན་ཟས་འདོད་པ་ལ་མེའི་དྲོད་སྐྱེད་པར་འདོད་པའི་ཕྱིར་ཐུག་པ་ལ་སོགས་པ
་བྱིན་ཏེ། དེ་ཡང་རྩ་བ་ཆུང་ངུ་ལྔ་དང། ཉེའུ་ཤིང་དང། བ་ལ་རྣམ་གཉིས་དང། མན་སྲན་རྡེའུ་དང། མོན་སྲན་གྲེའུ་གཉིས་ཀྱི་ལོ་མ་དང། འདི་རྣམས་ཀྱི་ཐུག་པ་དང། ཁུ་བ་ཅུང་དང། ཟས་ཀྱི་ནང་དུ་བཏབ་པ་ལས་གཞི་བླངས་ལ་སྦྱིན་ནོ། །འཁྲུ་བ་འགགས་པ་ལ་ནི་དུག་མོ
་ཡུངས་ཀྱི་ཤུན་ལྤགས་དང། འབྲས་བུ་དང་བོང་ང་དཀར་པོ་དང་བཏགས་པའི་ཕྱེ་མ་སྦྲང་རྩི་དང་འབྲས་བཀྲུས་པའི་ཁུ་བ་དང་ལྷན་ཅིག་སྦྱར་བ་བླུད་དོ། །པ་ཐ་དང་དུག་མོ་ཡུངས་ཀྱི་ཤུན་ལྤགས་དང། ས་བོན་དང་སྐྱེར་པ་དང། པི་པི་ལིང་གི་རྩ་བ་དང། བཅའ་སྒ་དང།
་འདི་རྣམས་ལྷན་ཅིག་བསྐོལ་བ་འམ། ཡང་ན་བོང་ང་དཀར་པོ་དང། པིལྤ་དང། དུག་མོ་ཡུངས་དང། ཨུ་དི་ཙ་དང། གླ་སྒང་རྣམས་ལྷན་ཅིག་བསྐོལ་བ་འམ། ཡང་ན་བོང་ང་དཀར་པོ་དང། རྩཝ་དུར་བ་དང་སྐྱེར་བ་དང། དུག་མོ་ཡུངས་དང། སྒྱེད་ཁཎྜ་དང་དེ་རྣམས
་ལྷན་ཅིག་བསྐོལ་བའི་ཁུ་བ་འམ། ཡང་ན་བོང་ང་དཀར་པོ་དང། བཅའ་སྒ་དང། གླ་སྒང་དང། དུག་མོ་ཡུངས་དང། ཀཏཔ་ལ་དང། འདི་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་ལྷན་ཅིག་སྦྱར་བ་བླུད་དོ། །ཤ་ཁུ་དང་བཅས་པའི་ཟས་ཟ་བ་ལ་ནི་དུག་མོ་ཡུངས་ཀྱི་ས་བོན་སྲང་གཅིག
་བསྐོལ་བའི་ཁུ་བ་བླུད་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །དེ་བཞིན་དུ་སྐྱེས་བུ་གང་ཤ་ཁུ་དང་བཅས་པའི་ཟས་ཟ་བ་ལ་ནི་གླ་སྒང་བཀོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ཤལམ་ལིའི་ལོ་མ་བསྐོལ་བ་གྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད
་ན། མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཏིཀ་ཏ་དང། གླ་སྒང་དང། དུག་མོ་ཡུངས་དང། སྐྱེར་ཁན་ད་དང། དེ་རྣམས་བཏགས་པའི་ཕྱེ་མ་འམ། ཡང་ན་སྐྱེར་བ་དང། བ་བླ་ཀ་དང། པིལྤ་དང། བྱི་ཆེར་བ་དང། འདི་རྣམས་ཀྱི་ཕྱེ་མ་འམ། ཡང་ན་ཏིལ་དང་མོཉྫ
་ང་དང། སེང་ཕྲོམ་དཀར་པོ་དང། བཙོད་དང། པདྨ་དང། ཨུཏཔ་ལ་དང། འདི་རྣམས་བཏགས་པའི་ཕྱེ་མ་འམ་ཡང་ན་དོང་ཀྲ་དང། ད་ཏ་ཀའི་མེ་ཏོག་དང་བལ་པོ་སེའུའི་ཤུན་པ་དང། འབྲས་བུ་དང། འདི་རྣམས་ཀྱི་ཕྱེ་མ་འམ། ཕྱེ་མའི་སྦྱོར་བ་དེ་དག་སྦྲང་རྩི་དང་འབྲས་བཀྲུས་པའི་ཁུ
་བ་དང་སྦྱར་བ་ལས་གང་ཡང་རུང་བ་འཐུངས་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཡང་ན་སྐྱེར་བ་དང་དུག་མོ་ཡུངས་དང། སེང་ཕྲོམ་དང། སུག་སྨེལ་དང་འདི་རྣམས་བསྐོལ་བའི་ཁུ་བ་འཐུངས་ན་ཞུ་བའི་འཁྲུ་བ་སེལ་ཏོ། །ཡང་ན་སེང་ཕྲོམ་གྱི་སྡེ་ཚན་དང། ཨམ་པཤཊའི
་སྡེ་ཚན་དང། པྲི་ཡང་ཀུའི་སྡེ་ཚན་དང། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བ་བླུད་ན་ཞུ་བའི་འཁྲུ་བ་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང། བ་ལ་ཀ་དང། ཤིང་མངར་དང། པྲི་ཡང་སུ་དང། སེའུ་འབྲུའི་མྱུར་གུ་དང། འདི་རྣམས་ཞོ་དང། འུ་སུ་དང། ལྷན་ཅིག་ཐུག་པ་དང། ལྡེ་གུ་དང།
་ཁ་ལ་ཀ་དང། འདི་རྣམས་སྦྱར་བ་བླུད་དོ། །དེ་བཞིན་དུ་ཀ་པིཏཔ་དང། བིལྤ་དང། ཨ་མྲ་དང། འཛམ་བུ་དང། འདི་རྣམས་ཀྱི་རྐང་ཡང་གོང་མའི་ཐུག་པ་ལ་སོགས་པ་དང་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་སྨིན་པའི་འཁྲུ་བ་ལ་ནི་རའི་འོ་མ་མཆོག་ཏུ་བསྔགས་ཏེ། གལ་ཏེ་ནད་གཞི་སྟོབས
་ཆེ་བས་འོ་མས་མ་ཞི་ན་བཀྲུ་སྨན་བཏང་ངོ། །འཁྲུ་བ་དང་བྲག་དུ་འཁྲུ་བ་རེས་ཀྱིས་འབྱུང་བ་ལ་ནི་པ་ཤ་བསྐོལ་བའི་ཁུ་བ་ཉི་ཚེ་འམ། ཡང་ན་འོ་མ་དང་ལྷན་ཅིག་འཐུངས་ན་དེའི་འོག་ཏུ་མེ་དྲོད་ཆེ་ཆུང་དང་སྦྱར་ཏེ་འོ་མ་དྲོན་པོ་བླུད་ན་སླ་ཚ་བདེ་བར་འབྱུང
་སྟེ་ཁོང་པའི་འཁྲུ་བའི་ནང་སེལ་ཏོ། །ཡང་ན་གྱི་ལྕེ་བ་ལ་ཤའི་སྦྱོར་བ་ལྟར་བྱས་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །གོང་དུ་ཐུག་པ་དང་བཀྲུ་སྨན་ལ་སོགས་པ་སྦྱོར་བ་བྱས་ཀྱང་ཟུག་གཟེར་ད་དུང་མ་ཞི་བ་ལྟ་ན་མེའི་དྲོད་བརྟགས་ཏེ། ཨ་ནུ་བ་སན་བཏང་བར་བྱ་སྟེ་ཤ་ད་པུཥཔ་དང
་ཉེའུ་ཤིང་དང། པིལྤ་དང། ཤིང་མངར་དང། དེ་རྣམས་འོ་མ་དང་མར་དང། མར་གྱི་བཞི་འགྱུར་གྱི་ཏིལ་མར་དང་ཚུལ་བཞིན་བསྐོལ་བའི་ཨ་ནུ་བ་ས་རྣམས་བཏང་ངོ། །དེ་ལྟར་བྱས་ཀྱང་མཁྲིས་པའི་འཁྲུ་བ་མ་ཞིན་ནི་པིང་རྩའི་འཇམ་རྩི་མས་བཏང་ན་ཕན་པའི་མཆོག་ཡིན་ནོ།།
་ཤམ་ལིའི་ལོ་མ་རློན་པ་སྤངས་པ་ཀུ་ཤ་རློན་པས་བཅིངས་ཏེ། ས་ནག་པོའི་འཇིམ་པས་གཡོགས་ལ་བ་ལྕི་སྐམ་པོའི་མེའི་ནང་དུ་བསྲེགས་ཏེ། འཇིམ་པ་བསྐམས་པ་དང། འཇིམ་པ་བཀོག་ལ་ནང་གི་སྨན་གྱི་གོང་པོ་ལས་སྤང་གཅིག་ཙམ་འོ་མ་སྲང་སུམ་ཅུ་རྩ་གཉིས་ཀྱི
་ནང་དུ་མཉེས་ཏེ་ཚིགས་མ་བོར་ལ་དངས་མའི་ནང་དུ་རྒྱ་སྤོས་དང་ཤིང་མངར་བཏགས་པའི་ཕྱེ་མ་དང་སྦྲང་རྩི་དང་མར་དང། ཏིལ་མར་འདི་རྣམས་སྣོད་ཡངས་པའི་ནང་དུ་བཅུག་སྟེ། རྐུབ་ནུབ་པར་བཞག་ལ་འདུག་གོ་།དེ་ནས་ལུས་ཁྲུས་བྱས་ལ་འོ་མ་འམ་སྲོག་ཆག་ཐང་ལ
་སྐྱེས་པའི་ཤ་ཁུ་དང་ཟས་ལྷན་ཅིག་ཟོས་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་དང། རིམས་དང། སྐྲངས་པ་དང། སྐྲན་ནང་དང། རླུང་ནད་དང། ཕོ་བའི་ནད་རྣམས་སྦྱོར་བ་འདིས་མྱུར་དུ་ཞི་བར་བྱེད་དོ། །བ་པྲུ་སྨན་དང། བཀྲུ་སྨན་དྲག་པོ་དང། འཇམ་རྩི་མས་བཏང་བའི་སྦྱོར་བ། དྲགས
་པ་ལས་བྱུང་བ་ཡང་འདིས་མྱུར་དུ་ཞི་བར་བྱེད་དོ། །ཡང་ན་དུག་མོ་ཡུངས་དང། ཤུག་པ་བསྐོལ་བ་ཁཎྜ་འདྲ་བར་གྱུར་པ་དང། དུག་མོ་ཡུངས་ཀྱི་སྡེ་ཚན་དང། ཨ་བསྟེའི་སྡེ་ཚན་སྦྲང་རྩི་དང་ལྷན་ཅིག་སྦྱར་བ་ཟོས་ན་འཁྲུ་བའི་ནང་ཐམས་ཅད་སེལ་ཏོ། །མ་ཞུ་བ་དང་ན་བ་མེད་ཅིང་མེ
་དྲོད་ཆེ་སྟེ་ཡུན་རིང་པོ་ནས་འཁྲུ་བའི་ཁྲག་དང་བཅས་པ་མདོག་སྣ་ཚོགས་སུ་འབྱུང་བ་ལ་ནི། དིར་ག་བྲི་ཏིའི་ཤུན་པ་བཏགས་པ་ཆུ་དང་གོང་བུར་བྱས་ལ་ཀཏཔ?་ལའི་ལོ་མའི་ནང་དུ་ཐུམ་པོར་བྱ་སྟེ་འཇིམ་པས་གཡོགས་ལ་མེའི་ནང་དུ་བསྲེགས་ཏེ་ཕྱིར་ཕྱུང་ལ་ཁུ་བ་བཙིར་བའི་ཁུ་བའི
་ནང་དུ་ཤ་ཁ་རམ་སྦྲང་རྩི་བཏབ་པ་གྲང་མོ་བླུད་ན་ཕན་ནོ། །དེ་བཞིན་དུ་ཤིང་འོ་མ་ཅན་གྱི་ཤུན་པ་རློན་པ་དེ་ཉིད་ཀྱི་ལོ་མས་དཀྲིས་ལ་ཆོ་ག་གོང་མ་བཞིན་དུ་བླུད་དོ། །ཡང་ན་ཁྲི་ཤིང་གི་ཤུན་པ་ཆུ་དྲོན་དང་སྦྱར་ལ་མར་དང་སྦྲང་རྩི་དང་བཅས་པ་ཟོས་ན་འཁྲུ་བ་ཚབས་ཆེ་བ་ཡང་ཞི
་བར་བྱེད་དོ། །མཁྲིས་པའི་འཁྲུ་བ་ལ་དེ་དང་མཐུན་པའི་ཁ་ཟས་དང་སྨན་བསྟེན་པ་ལས་མཁྲིས་པ་འཁྲུགས་ཏ་ཁྲག་ཏུ་འཁྲུ་ཞིང་དེ་ཡང་སྐོམ་དང་ཆེ་ལ་རིམས་ཀྱིས་འདེབས་པ་དང། གཞང་ཁ་ཚོས་པར་བྱས་པ་ལ་ནི་བཙོད་དང། པདྨ་དང། ཨུཏཔལ་དང། འདི་རྣམས་རའི་འོ་མ་དང
་ལྷན་ཅིག་བསྐོལ་བ་འམ། ཡང་ན་མོཉྫ་ར་འོ་མ་དང་ལྷན་ཅིག་བསྐོལ་བ་བླུད་དོ། །ཐལ་ཏྲེས་དང། ཤིང་མངར་དང། སེང་ཕྲོམ་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བ་འམ། ཡང་ན་ཤིང་ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་གི་ལོ་མ་ལྷན་ཅིག་བསྐོལ་བ་འམ། ཡང་ན་སྦྱོར་བ་གཉིས
་ཀྱི་ནང་དུ་སྦྲང་རྩི་དང་ཤ་ཁ་ར་དང་བཅས་པ་བཟའ་བ་དང་བཏུང་བ་འམ། གཞང་དུ་བླུགས་པ་ལ་སོགས་པ་བྱས་ན་ཕན་ནོ། །བཏུང་བ་དང་ཁུ་བཅུད་ལ་སོགས་པ་ཡང་སྐྱུར་མེད་པ་མར་དང་བཅས་པ་གྲང་བག་བྱིན་ན་ཕན་ནོ། །ཡང་ན་ཏཾ་བལ་གྱི་འབྲས་བུའི་ཁུ་བ་སྐྱུར་ཅུང་ཟད
་ལི་ཁ་ར་དང་བཅས་པ་བྱིན་ནོ། །ཡང་ན་བ་བླ་ཀ་དང། ཨུཏཔལ་དང། དོང་ཀྲ་དང། པྲིཥྞ་པརྞིའི་ཁུ་བ་དང། རའི་འོ་མ་དང། ཆུ་དང་ཚུལ་བཞིན་བསྐོལ་བའི་ཐུག་པ་བླུད་ན་ཁྲག་གི་འཁྲུ་བ་སེལ་ཏོ། །ཟས་ཀྱི་གོང་བུ་མར་སར་དང། སྦྲང་རྩི་དང་ལི་ཁ་ར་དང་སྦྱར་བའི་ལྡེ་གུ་གཞག་གོ་།
་ཁྲག་གི་འཁྲུ་བ་ཚབས་ཆེ་བ་ལ་ནི་ར་འམ་རི་དགས་ཀྱི་ཁྲག་དང། མར་བསྐོལ་བ་བསྲེས་པ་བླུད་ན་ཕན་ན། །བཟའ་བ་དང་བཏུང་བ་ཡང་རའི་འོ་མའི་མར་དང་འོ་མར་བཅས་པ་འམ། ཡང་ན་འོ་མ་ཉི་ཚེ་ཡང་རུང་སྟེ་ཞག་གསུམ་བསྟེན་ཏོ། །ཡང་ན་གོང་མ་སྲེག་གི་ཤ་ཁུ་དང།
་འོ་མ་དང་ལྷན་ཅིག་བཏུང་བ་འམ། ལྡེ་གུ་བྱས་ཏེ་ཟོས་ན་ནད་མེད་པའི་བདེ་བ་སྐྱེད་དོ། །ཡང་ན་ཉེའུ་ཤིང་བཏགས་པའི་ཕྱེ་མ་དང་ལྷན་ཅིག་ཐོག་མར་འཐུངས་ལ། དེའི་འོག་ཏུ་འོ་མ་དང་ཟས་ལྷན་ཅིག་བཟའ་བ་འམ། ཡང་ན་ཉེའུ་ཤིང་དང་མར་ཚུལ
་བཞིན་བསྐོལ་བ་འཐུངས་ན་ཁྲག་ལས་གྱུར་པའི་འཁྲུ་བ་མྱུར་དུ་འཇོམས་པར་བྱེད་དོ། །ཡང་ན་རྒྱ་སྐྱེགས་དང་དོང་ཀྲ་དང། པི་པི་ལིང་དང་སྐྱེར་བ་དང། པུ་ཙེ་ཤེལ་དང། དུག་མོ་ཉུང་དང། མར་དང་འདི་རྣམས་ཚུལ་བཞིན་དུ་མར་གྱི་ཐུག་པ་དང། ཐུག་པ་རྐྱང་རྐྱང་པོ་ལ
་སོགས་པ་སྦྱར་ན། ནད་གཞི་གསུམ་ལས་གྱུར་པའི་འཁྲུ་བ་མི་བཟང་པ་ཡང་ཞི་བར་འགྱུར་རོ། །ས་ནག་པོ་ལས་སྐྱེས་པའི་དུང་ཆུ་དང། ཤིང་མངར་བཏགས་པའི་ཕྱེ་མ་སྦྲང་རྩི་དང། རའི་ཁྲག་དང། འབྲས་བཀྲུས་པའི་ཆུ་དང་སྦྱར་བ་འཐུངས་ན་ཁྲག་ལས་གྱུར་པའི་འཁྲུ
་བ་སེལ་ཏོ། །ཡང་ན་གནདེ་པྲི་ཡང་ཀུ་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཆུའི་ནང་དུ་སྦྲང་རྩི་དང་སྦྱར་བ་འཐུངས་ན་ཕན་ནོ། །ཏིལ་ནག་པོ་བཏགས་པའི་ཕྱེ་མ་དེའི་ལྔ་ཆ་གཅིག་གི་ལི་ཁར་དང་རའི་འོ་མ་དང་སྦྱར་བ་འཐུངས་ན་ཁྲག་འཁྲུ་བ་དེ་མ་ཐག་ཏུ་སེལ་ཏོ།།
་ཙན་དན་དང། ལི་ཁར་དང། སྦྲང་རྩི་དང། འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་སྦྱར་ཏེ་བཏང་ན་སྐོམ་དང་ཆེ་བ་དང། གཅིན་ནད་དང་ལུས་ཚ་བ་ཆེ་བ་དང། ཁྲག་ཏུ་འཁྲུ་བ་རྣམས་ལས་གྲོལ་ལོ། །གཞང་ཁ་ཚ་བས་ཚོས་པ་ལ་ནི་སྨན་བྲང་བའི་ནུས་པ་དང་ལྡན་པས་བསྐུ་བ
་བྱས་ན་ཕན་ནོ། །ཉུང་ངུ་ཉུང་ངུར་ལན་མང་པོར་ཁྲག་ཏུ་འཁྲུ་ཞིང་ཟུག་གཟེར་དང་བཅས་པ་དང་རླུང་གིས་འགགས་ཏེ་ཚད་འགའ་འབྱུང་ཆེད་འགའ་མི་འབྱུང་བས་ཉམས་ཐག་པ་ལ་ནི་གོང་དུ་སྨོས་པའི་བིང་ཙ་བ་ཏི་ཞེས་བྱ་བའི་འཇམ་རྩིམས?་བཏང་བའི་སྦྱོར་བ་བྱ
་སྟེ། ཤིང་ཤ་པ་དང། ཀར་བྷུ་དྷ་རུ་ལ་སོགས་པའི་འོ་མ་ཚོམ་ཆོམ་བརྡུངས་ཏེ་མར་དང་འོ་མ་ཆུ་དང་ཚུལ་བཞིན་བསྐོལ་ཏེ་མར་ཉེ་ཚེ་ལུས་པ་ལས་འཇམ་རྩིམས་བཏང་ན་འཁྲུ་བ་བེའུ་སྣབས་སུ་འབྱུང་བ་དང། གཞང་ཉམས་ཏེ་ཕྱིར་འབྱུང་བ་དང། མཁྲགས་ལ་ལུས
་སྐེམས་ཤིང་རིང་བའི་སྟོབས་སྐྱེད་པར་བྱེད་དོ། །དེ་ནས་པྲ་པུཎྚ?་རིཀ་མར་དང་ཚུལ་བཞིན་བསྐེལ་བའི་འཇམ་རྩིམས་བཏང་བར་བྱའོ། །ཡང་ན་བཤད་པ་དང་ཁྲག་ཏུ་པཎྜེས་ཏེ་འབྱུང་བ་འམ་ཡང་ན་ཁྲག་འབའ་ཞིག་བཤད་པ་སྔོན་དུ་འབྱུང་བ་འམ། ཕྱི་ནས་འབྱུང་ཡང་རུང་སྟེ།
་དེ་ལ་ནི་འོག་ནས་འབྱུང་བའི་ཉེའུ་ཤིང་གི་སྨན་མར་ལྡེ་གུའི་ཆེད་དུ་སྦྱར་རོ། །ཡང་ན་ཕྱུང་མ་ཐག་པ་དང། སྦྲང་རྩི་དང་ལི་ཁ་ར་གཉིས་མར་གྱི་བཞི་ཆ་དང་སྦྱར་བའི་ལྡེ་གུ་ཕན་པའི་ཟས་དང་ལྷན་ཅིག་ཟོས་ན་ཁྲག་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །གང་གི་ཁྲག་གོང་འོག
་གཉིས་ཀར་ཤས་ཆེར་འབྱུང་བ་ལ་ནི་ནྱ་གྲོ་དྷ་དང་ཨུ་དུམྦ་ར་དང། ཨ་ཤྭཏྠ་དང། འདི་རྣམས་ཀྱི་མྱུ་གུ་ཆམ་ཆོམ་བརྡུངས་ཏེ་ཆུ་དྲོན་གྱི་ནང་དུ་ཞག་གཅིག་སྤངས་ལ་དེའི་ཁུ་བ་དང་མར་དང་ལྷན་ཅིག་བསྐོལ་ལ་མར་ཉི་ཆེ་ལུས་པའི་ནང་དུ་མར་གྱི་བཞི་ཆའི་སྦྲང་རྩི་དང
་ཁ་ར་དང་བཅས་པ་ལྡེ་གུར་བྱས་ཏེ་ཟོས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་འཁྲུ་བ་ལ་ནི་རླུང་ལས་གྱུར་པའི་འཁྲུ་བའི་ཆོ་ག་བྱ་སྟེ་ལྷག་པར་སྨྱུང་བ་ལ་སོགས་པའི་སྦྱོར་བ་བྱའོ། །དེ་ལ་བད་ཀན་ལས་གྱུར་པའི་འཁྲུ་བ་འགགས་པ་ལ་ནི་སྨིན་པ་དང་མེའི་དྲོད་བསྐྱེད
་པའི་སྦྱོར་བ་བྱ་སྟེ། དེ་ཡང་བིལྦ་གཞོན་ནུ་དང། གླ་སྒང་དང། ཨ་རུ་ར་དང། བཅའ་སྒ་དང་འདི་རྣམས་བསྐོལ་བའི་ཁུ་བ་དང། ཡང་ན་ཤུ་ཐག་དང། བི་དང་ཀ་དང། བྷུ་ཏི་ཀ་དང། དོང་ཀྲ་དང། ཐང་ཤིང་དང། འདི་རྣམས་ལྷན་ཅིག་བསྐོལ་བ་འམ། ཡང་ན་པི་པི་ལིང་རྣམ
་གཉིས་དང། པི་པི་ལིང་གི་རྩ་བ་དང། ཀྲུ་ཏྲུག་ཏྲེས་དང། འདི་རྣམས་བསྐོལ་བའི་ཁུ་བ་འམ། ཡང་ན་པ་ཏ་དང། ཙི་ཏྲ་ཀ་དང། དུག་མོ་ཉུང་དང་པི་པི་ལིང་གི་རྩ་བ་དང། པུ་ཙེ་ཤེལ་དང། ཤུ་ཐག་དང། ཨ་རུ་ར་དང། འདི་རྣམས་བསྐོལ་བའི་ཁུ་བ་འམ། ཡང་ན་བཏགས
་པའི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་ཏོ། ཡང་ན་ཁ་རུ་ཚ་དང། ཚ་བ་གསུམ་དང། ཤུ་ཐག་དང། ཤིང་ཀུན་དང། བོང་ང་དཀར་པོ་དང། འདི་རྣམས་ཕྱེ་མར་བྱས་ཏེ་ཆུ་དྲོན་དང་ལྷན་ཅིག་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ
་པ་ཉམས་ཐག་པ་སེལ་ཏོ། །ཀ་པིཏྟའི་རྐང་དང། ཚ་བ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་ལི་ཁ་ར་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་ཀཏཔ་ལའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡགས་ན་བད་ཀན་ལས་གྱུར་པའི་ཁོད་པའི
་འཁྲུ་བ་ལས་གྲོལ་ལོ། །ཡང་ན་པི་པི་ལིང་དང་སྦྲང་རྩིར་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཙི་ཏྲ་ཀའི་ཕྱེ་མ་བདར་བ་དང་སྦྱར་བ་བཏུང་བ་འམ། ཡང་ན་བིལྦ་གཞོན་ནུ་གཅིག་པུ་ཟོས་ན་ཡང་ཁོད་པའི་འཁྲུ་བ་སེལ་ཏོ། །ཡང་ན་པ་ཏ་དང་མོཉྫ་ར
་དང། གླ་སྒང་དང། ད་ཏི་ཀི་དང། བིལྤ་དང། དོང་ཀྲ་དང། འདི་རྣམས་ཀྱི་ཕྱེ་མ་བདར་བ་དང། བུ་རམ་དུ་སྦྱར་བ་འཐུངས་ན། བད་ཀན་ལས་གྱུར་པའི་འཁྲུ་བ་ཤིན་ཏུ་ཚབས་ཆེ་བ་ཡང་སེལ་ཏོ། །ལ་ལ་པུད་དང། པི་པི་ལིང་གི་རྩ་བ་དང། དྲི་རྣམ་བཞི་དང་དོང་ཀྲ་དང། ན་ལེ
་ཤམ་དང། ཀྲུ་ཏྲུག་ཏྲེས་དང། བ་ལ་ཀ་དང། ཟིར་དང། འུ་སུ་དང། ཁ་རུ་ཚ་དང། འདི་རྣམས་ཆ་མཉམ་པ་དང། ད་ཏྲིཀ་དང། ད་ཏ་ཀི་དང། པི་པི་ལིང་དང། པིལྦ་དང་བལ་པོ་སེའུ་དང། ཏིངམུ་ས་དང། འདི་རྣམས་ལ་ལ་བུད་ཀྱི་སུམ་འགྱུར་སུམ་འགྱུར་དང། ཁར་དཀར་པོ
་ལ་ལ་པུད་ཀྱི་དྲུག་འགྱུར་དང། ཀ་པིཏྟ་ལ་ལ་པུད་ཀྱི་བརྒྱད་འགྱུར་དང་འདི་རྣམས་ཀྱི་ཕྱེ་མ་བྱས་པ་ནི་ཀ་པིཏྟའི་ཆ་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་རན་པར་འགམས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་དང། ཕོ་བའི་ནད་དང། སྐེམ་བྱེད་ཀྱི་ནད་དང། ལྐོག
་མའི་ནད་དང། ལུད་པའི་ནད་དང། དབུགས་མི་བདེ་བ་དང། ཁོང་པའི་དྲོད་ཉམས་པ་དང། གཞང་འབྲུམ་དང། སྣ་ཆུ་འཛག་པ་དང། ཡི་ག་འཆུས་པ་རྣམས་སེལ་ཏོ། །མིག་སྐྲང་བ་དང། རིམས་རྣམ་བཞི་དང། འདི་རྣམས་སེལ་ཏོ། །ལ་ལ་བུད་དང། འུ་སུ་དང།
་ཟི་ར་དང། འདི་རྣམས་བཞི་བཞི་དང། པི་པི་ལིང་གི་རྩ་བ་དང། ཚ་བ་གསུམ་དང། འདི་རྣམས་སྲང་རེ་རེ་དང། སེའུ་འབྲུ་དང། །ཁ་ར་དཀར་པོ་སྲད་བརྒྱད་བརྒྱད་འདི་རྣམས་ཕྱེ་མར་བྱས་པ་ནི་སེའུ་ཆ་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་སྦྱོར་བ་གོང
་མའི་ཡོན་ཏན་དང་འདྲའོ། །བད་ཀན་ལས་གྱུར་པའི་འཁྲུ་བའི་ཁ་ཟས་ནི་རླུང་ལས་གྱུར་པའི་འཁྲུ་བའི་ཁ་ཟས་དང་ཐུག་པའི་བྱེ་བྲག་ལ་སོགས་པ་སྦྱར་ཏེ་ཁྱད་པར་དུ་ཅང་གེ་རི་དང། རྒྱ་ཤུག་སྐྱུར་པོ་རང་གི་ཁུ་བ་དང། དར་བ་རྣམས་བསྐོལ་བའི་ནང་དུ་བི་དང་ཀ་དང། ན་ལེ་ཤམ་དང། ཀ་པིཏྟ
་དང། དོང་ཀྲའི་ཕྱེ་མ་བཏབ་པའི་ཐུག་པ་ནི་ཁ་ལའི་ཐུག་པ་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་ལས་རྒྱལ་ལ། །བད་ཀན་ལས་གྱུར་པའི་མ་ཞུ་བའི་འཁྲུ་བ་ཟད་དེ། ཁུ་བར་འཁྲུ་བ་ལ་ནི་རྒྱ་སྐྱགས་དང། དོང་ཀྲ་དང། པི་པི་ལིང་ལ་སོགས་པ་སྲང
་དྲུག?་གོང་དུ་སྨོས་པ་དང་ལྷན་ཅིག་ཏུ་ནས་ཐུག་དང་སྦྱར་བ་འམ། ཡང་ན་མར་རྙིང་པ་ནས་ཐུག་གམ། ཐུག་པ་རྐྱང་རྐྱང་བོ་དང་འཐུངས་ན་ཕན་ནོ། །རླུང་དང་བད་ཀན་ལས་གྱུར་པའི་འཁྲུ་བ་འགགས་པ་དང། བད་ཀན་ལས་གྱུར་པའི་འཁྲུ་བ་དང། ཟུག་གཟེར་དང་བཅས་ཤིང་མཁྲེགས
་པ་ལ་ནི་པིད་ཚའི་འཇམ་རྩི་རབ་ཏུ་བསྔགས་ཏེ་དེ་ཡང་ཤུ་ཐག་དང། བིལྦ་དང། པི་པི་ལིང་དང། རུ་རྟ་དང། ཤུ་ཏི་དང། རྒྱམ་ཚྭ་དང། འདི་རྣམས་བིལྦའི་མེར་དང་ཚུལ་བཞིན་སྦྱར་བ་འམ། ཡང་ན་ཏིལ་མར་དང་བཅས་ཏེ་བཏང་ངོ། །རླུང་དང་བད་ཀན་གྱི་འཁྲུ་བ་ཤས་ཆེར་ཉམས་ཐག
་པ་ལ་ནི་ཨ་ནུ་བ་ས་ན་དྲོ་འཇམ་ཙམ་བཏང་ངོ། །བད་ཀན་ཟད་དེ་ཡུན་རིང་པོར་འཁྲུ་ཞིང་ལུས་ཉམ་ཆུང་བ་དང། རླུང་འཇད་གི་ནང་དུ་སྟོབས་ཆེར་སྐྱེས་པ་ལ་ནི་དེ་མ་ཐག་རླུང་ཞི་བར་བྱ་བའི་ཆོ་ག་དང། གང་ཤས་ཆེ་བའི་གསོ་བ་ལ་འབད་པར་བྱ་སྟེ། དེ་ཡང་ཐོག་མར་རླུང་གསོ་བར་བྱ
་སྟེན་དེ་ནས་མཁྲིས་པ་དང། དེ་ནས་བད་ཀན་གསོའོ། །ཡང་ན་ཐོག་མར་གང་ཤས་ཆེ་བའི་རིམས་བཞིན་དུ་གསོའོ། །དེ་ལ་རླུང་འཁྲུག་པར་བྱེད་པའི་རྒྱུ་ནི་འཇིགས་པ་དང། མྱ་ངན་གྱིས་ཀྱང་འཁྲུག་པར་བྱེད་དེ། དེ་ལ་སྤྲོ་བསྲིང་བ་དང། དབྱུང་བ་དང། སེམས་དགའ་ལ་སོགས་པའི
་ཐབས་ཀྱིས་བཟློག་པར་བྱའོ། །འཁྲུ་བ་སོས་པའི་མཚན་མ་ནི་འཁྲུ་བ་ཆད་པ་དང། གཅིན་དང་ཕྱེན་བདེ་བར་འབྱུང་བ་དང། མེའི་དྲོད་ཆེ་བ་དང། ལྟོ་ཡང་བར་གྱུར་ན་ནད་མེད་ཅིང་བདེ་བའི་མཚན་མ་ཡིན་ནོ།། །།གསོ་བའི་གནས་ལས་འཁྲུ་བ་གསོ་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །
་དེ་ནས་ཕོ་བའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། ཕོ་བའི་གནས་སུ་རླུང་ལ་སོགས་པའི་ཉེས་པ་སུན་པར་བྱ་སྟེ། མ་ཞུ་བར་གྱུར་ན་སྨྲ་བ་ལ་སོགས་པའི་ཚོད་རན་པར་བྱ་སྟེ། གོང་དུ་འཁྲུ་བ་སྨིན་པར་བྱ་བའི་ཆོ་ག་ཇི་ལྟར་བསྟན་པ་བཞིན་དུ་འདིར
་ཡང་དེ་ལྟར་བྱ་སྟེ། ཁ་ཟས་ནི་བཀྲེས་པ་འམ། ཚ་བ་རྣམ་ལྔ་དང། ལན་ཆ་དང་བཅས་པ་ཡང་ཞིང་དྲོད་སྐྱེད་པའི་ཐུག་པ་ལ་སོགས་པ་ཡིན་ནོ། །གཞན་ཡང་དྲོད་སྐྱེད་པའི་ཕྱིར་བལ་བུ་ལ་སོགས་པའི་ཕྱེ་མ་ཡང་སྦྱར་རོ། །མ་ཞུ་བ་ལ་བོང་ང་དཀར་པོ་དང་དེང་ཀྲ་དང། སེའུ
་འབྲུ་ལ་སོགས་པའི་སྐྱུར་དང་སྦྱར་བའི་ཐུག་པ་བླུད་དོ། །ཕོ་བའི་ནད་མ་ཞུ་བ་འཁྲུ་བའི་བཏུང་བ་ནི་ཆུ་དང། དར་བ་དང་ཆང་ལ་སོགས་པ་གང་ལ་དད་པ་སྦྱིན་ནོ། །ཕོ་བའི་ནད་ཀྱིས་འཁྲུ་བའི་ནད་པ་ལ་ནི་དར་བས་དྲོད་སྐྱེད་ཅིང་འཁྲུ་བ་གཅོད། ལུས་ཡང་ཞུ་ན་བསོད་ལ
་མངར་བའི་ཕྱིར་མཁྲིས་པ་མི་སྐྱེད། བསྐ་ཞིང་དྲོ་ལ་ཅུང་ཞིག་སྐྱུར་ཏེ་རྩུབ་པའི་ཕྱིར་བད་ཀན་ལ་ཕན་ནོ། །མངར་བ་དང་སྐྱུར་བ་དང་བསྐ་བའི་ཕྱིར་བད་ཀན་ལ་ཕན་ཏེ། དར་བ་བསྲུབས་མ་ཐག་པའི་སར་པ་ནི་ཚ་བ་མི་སྐྱེ། སྐྱུར་རྣམ་བཞི་ཞེས་བྱ་བ། སེའུ་འབྲུ་དང
་ཀ་པིཏྟ་དང། ད་ཏྲིཀ་དང། ཨམལ་པྲི་ཤ་དང། རྣམ་བཞི་སྐམ་པོ་ཕུལ་རེ་རེ་དང། ཚ་བ་གསུམ་སྲང་རེ་རེ་དང། ལན་ཚ་རྣམ་ལྔ་སྤྱིར་སྲང་བཞི་དང། ལི་ཁར་སྲང་བརྒྱད་དང། དེ་རྣམས་ཕྱེ་མར་བྱས་ནས་ལོ་མའི་ཆོད་མ་དང། སྲན་ཚོད་དང། བཟའ་བ་བསོད་པའི
་ནང་དུ་བཏབ་སྟེ་འཐུངས་སམ་ཟེས་ན་ལུང་བ་དང། མ་ཞུ་བ་དང། ཡི་ག་འཆུས་པ་དང། དབུགས་མི་བདེ་བ་དང། སྙིང་ག་ན་བ་དང། སྐྱ་རྦབ་རྣམས་འཇོམས་སོ། །མ་ཞུ་བ་སྨིན་པར་བྱ་བའི་ཕྱིར། དོང་ཀྲ་དང། བོང་ང་དཀར་པོ་དང། གླ་སྒང་དང། འདི་རྣམས་བསྐོལ་བའི
་ཁུ་བ་འམ། ཡང་ན་ཕྱེ་མ་ཆུ་དྲོན་པོ་དང་སྦྱར་བ་འམ། ཡང་ན་དོང་ཀྲ་དང། ཨ་རུ་རའི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་བླུད་དོ། །ཡང་ན་ཤུ་ཐག་གི་སྡེ་ཚན་རྒྱམ་ཚ་དང་བཅས་པ་ཆུ་དྲོན་དང་སྦྱར་བ་འམ། ཡང་ན་ཆང་དང་སྦྱར་བ་བཏུང་ངོ། །ཕྱི་ས་མ་ཞུ་བར་འབྱུང་བ་ལ་ནི་ལན་ཚ་འདི་དང་བིལྦ་དང། ཙི
་ཏྲ་ཀ་དང། དོང་ཀྲ་དང། འདི་རྣམས་བཏགས་པའི་ཕྱེ་མ་སེའུ་འབྲུའི་ཁུ་བར་སྦྱར་བ་བཏུང་ངོ། །བད་ཀན་དང་རླུང་ལས་གྱུར་པའི་བེའུ་སྣབས་སུ་འབྲུ་ཞིང་ཁོང་བ་ན་བ་ལ་ནི་དུག་མོ་ཡུང་དང། ཤིང་ཀུན་དང། བོང་ང་དཀར་པོ་དང། ཤུ་ཐག་དང། ཁ་རུ་ཚ་དང། ཨ་རུ་ར་རྣམས་དྲོན་མོ་ལས་སྦྱར་བ
་བཏང་ངོ། །སྐྱུག་ཅིང་ཚིགས་སུ་ཟུག་ཅིང་ན་བ་ལ་ནི་ཨ་རུ་ར་དང། ཁ་རུ་ཚ་དང། ཟི་ར་དང། ན་ལེ་ཤམ་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་བླུད་དོ། །པི་པི་ལིང་དང། དོང་ཀྲ་དང། པ་ཐ་དང། ཐལ་ཏྲེས་རྣམ་གཉིས་དང། བྲི་ཧ་ཏི་རྣམ་གཉིས་དང། ཙི་ཏྲ་ཀ་དང། དུག་མོ་ཡུངས་ཀྱི
་ས་བོན་དང། ཐལ་བ་རྣམ་གཉིས་དང། ལན་ཚ་རྣམ་ལྔ་དང། འདི་རྣམས་ཀྱི་ཕྱེ་མ་ཆང་གི་སྙིང་ཁུ་འམ། ཞོ་འམ་ཆུ་དྲོན་མོ་འམ། སྐྱུར་གང་ཡང་རུང་བ་ལས་བཏང་ན་མེའི་དྲོད་སྐྱེད་ཅིང་ཁོང་པའི་ལྦོ་བ་སེལ་བའི་མཆོག་ཡིན་ནོ། །ཡང་ན་ལན་ཚ་རྣམ་ལྔ་དང། ཐལ་བ་རྣམ
་གཉིས་དང། ན་ལེ་ཤམ་དང། ཚ་བ་རྣམ་ལྔ་དང། ཨ་ཛ་མོ་ད་དང། ཤིང་ཀུན་དང། དེ་རྣམས་ཀྱི་ཕྱེ་མ་སྐྱུར་རྩི་ཆེན་པོ་འམ། སེའུ་འབྲུ་འམ། རྒྱ་ཤུག་གང་ཡང་རུང་བའི་ཁུ་བ་ལས་རི་ལུར་བྱས་ཏེ་ཟོས་ན་འཁྲུ་བ་སྨིན་པ་དང་དྲོད་སྐྱེད་པའི་མཆོག་ཡིན་ནོ། །བལ་བུའི་ལོ་མ་དང།
་དབྱི་མོ་དང། ན་ལེར་ཤམ་སྲང་རེ་རེ་དང། པི་པི་ལིང་མུ་ལ་སྲང་གཉིས་དང། བཅའ་སྒ་སྲང་གསུམ་དང། དྲི་སྣ་བཞི་དང། པུ་ཤེལ་ཙི་ཞོ་གཉིས་གཉིས་དང། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་སུམ་འགྱུར་གྱི་བུ་རམ་དང་རི་ལུང་བྱས་པ་ལ་ནི་བལ་བུའི་རི་ལུ་ཞེས་སྟེ
་རན་པར་ཟོས་པའི་རྗེས་ལ་ཆང་དང་ཤ་ལ་སོགས་པའི་ཁུ་བཅུད་དང། ཤ་ཁུ་དང། ཨ་རི་ཤྲཱའི་ཆང་དང། ཞོ་ག་ཆུ་དང། ཐག་པ་དང། ལོ་མ་དང་འདི་རྣམས་གང་ཡང་རུང་བ་གསང་གནས་སུ་བྱིན་ཏེ། དེ་ལྟར་རྟག་ཏུ་བསྟེན་ན་རླུང་དང་བད་ཀན་ལས་གྱུར་པའི་སྐྱུག་པ་དང། ཕོ་བ་ན་པ
་དང། རྩིབས་ལོག་དང་སྙིང་ན་བ་དང། རིམས་དང་སྐྲང་པ་དང། སྐྱ་རྦབ་དང། སྐྲན་དང། ཆད་ནད་དང། གཞང་འབྲུམ་དང། ཆམ་པ་དང། སྣ་ཆུ་འཛག་པ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་རྣམས་ལས་ཟློག་པར་བྱེད་དོ། །ཅི་སྟེ་འཁྲུ་བ་འགགས་ཏེ་ན་བ་ལ་ནི་གོང་གི་སྦྱོར
་བ་ལས་བཅའ་སྒ་ཕུང་ལ་ཨ་རུ་ར་སྲང་གསུམ་གྱིས་སྦྲུས་ཏེ་བསྲེས་པ་ཟོས་ན་ཕན་ནོ། །གལ་ཏེ་མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་དང། ཕོ་བའི་ནད་ལ་སོགས་པ་ལ་ནི་གོང་གི་སྦྱོར་བ་ལས་བུ་རམ་ཕྱུང་ལ་ཕྱེ་མའི་བཞི་འགྱུར་གྱི་ཁ
་ར་དཀར་པོ་བསྲེས་ཏེ་རི་ལུར་བྱས་ཏེ་བཟའ་ཨོ། །རི་ལུ་དེ་ཡང་བུ་རམ་འམ། ཁ་ར་གང་དང་སྦྱོར་ཡང་ཆུ་དང་བསྐོལ་ཏེ་ཆུ་དུ་བ་དང་ཕྱེ་མ་བཅུག་ལ་རི་ལུར་བྱས་པ་ནི་ཡང་བའི་མཆོག་ཡིན་ནོ། །དེ་ནས་སྨན་གྱི་སྦྱོར་བ་དེ་དག་གིས་མ་ཞུ་བའི་ཁྲུ་བ་སྨིན་ཏེ། རླུང་ལས་གྱུར
་པའི་ཕོ་བའི་ནད་དང། འཁྲུ་བ་སྐྱེས་ན་དྲོད་སྐྱེས་པའི་སྨན་དང་སྦྱར་བའི་མར་ཉུང་ངུ་ཉུང་བཟའ་ཨོ། །མེ་དྲོད་ཆུང་ཞིག་སྐྱེས་ཏེ་རླུང་དང་བཤང་གཅི་འགགས་ན་ཞག་གཉིས་སུ་སྣུམ་ཆོས་བྱས་ཏེ། དེ་ནས་ནི་རུ་ཧ་བཏང་བར་བྱའོ། །དེ་ནས་ཉེས་པ་རྣམས་བྱུང་བ་དང། ཨེ
་རཎྚའི་མར་རམ་སེང་ཕྲོམ་གྱི་མར་གང་ཡང་རུང་བ་ཐལ་སྨན་དང་ལྷན་ཅིག་སྦྱར་ལ་བཀྲུ་སྨན་བཏང་ངོ། དེ་ལྟར་བྱས་པས་ལུས་དག་སྟེ། ཁོང་རྩུབ་ལ་ཕྱི་ས་འགགས་པར་གྱུར་ན་རླུང་སེལ་ཅིང་དྲོད་སྐྱེད་པའི་སྐྱུར་བའི་སྨན་དང་བཙོས་པའི་ཏིལ་མར་གྱི་ཨ་ནུ་བ་ས
་མས་བཏང་བར་བྱའོ། །དེ་ལྟར་བྱས་ཀྱང་ནད་མ་ཞིན་ནི་བཀྲུ་སྨན་དྲག་པོ་དང། བཀྲུ་སྨན་དང། འཇམ་རྩི་མས་བཏང་བའི་སྦྱོར་བ་ཡང་དང་ཡང་དུ་བྱའོ། །དེ་ནས་ཁ་ཟས་ཡང་བ་མར་དང་བཅས་པའི་མེའི་དྲོད་དང་སྦྱར་ཏེ་ཡང་དང་ཡང་དུ་གོམས་པར་བྱའོ། །རྩ་བ་ལྔ
་དང། ཨ་རུ་ར་དང་ཚ་བ་གསུམ་དང། པི་པི་ལིང་གི་རྩ་བ་དང་ལྕེ་མྱང་ཚ་དང། ར་སྣ་དང། ཀྵི་ར་རྣམ་གཉིས་དང། ཟི་ར་དང། བི་དང་ཀ་དང། ཟུར་བ་དང། དེ་རྣམས་མར་དང་ཚྭ་ལྷན་ཅིག་བསྐོལ་ཏེ་ཚ་དུ་བ་དང་ཕྱིར་ཕྱུང་ལ། སྐྱུར་རྩི་ཆེན་པོའི་རང་གི་ཁུ་བའི་ནང་དུ་ཡང
་བསྐོལ་ཏེ་དེ་བཞིན་དུ་སྒེའུ་གཤེར་དང། ལ་ཕུག་སྐམ་པོ་དང། རྒྱ་ཤུག་སྐྱུར་པོ་དང། ཙུག་ཏྲིཀ་དང། བལ་པོ་སེའུ་དང། འདི་རྣམས་ཀྱི་རང་གི་ཁུ་བ་དང་དར་བ་དང། ཞོ་ག་ཞུ་དང། ཆང་གི་ཉིང་ཁུ་དང། ནས་ཀྱི་རྩ་བ་མ་དང་འབྲས་ཀྱི་ཀཉྫི་དང། འདི་རྣམས་རེ་རེའི་ཁུ་བའི
་ནང་གུ་གོང་གི་སྨན་དང། མར་རིམ་པས་བསྐོལ་ཏེ་ཁུ་བ་དུ་བ་དང་ཡང་ཕྱིར་ཕྱུང་སྟེ་ཡང་བསྐོལ་ལ་རིམ་པ་དེ་ལྟར་བྱས་པའི་མར་ནི་དྲོད་སྐྱེད་པའི་མཆོག་ཡིན་ཏེ། ཟུག་གཟེར་དང། སྐྲན་དང། དམུ་རྫིང་དང། དབུགས་མི་བདེ་བ་དང། ལུད་པ་དང། རླུང་དང་བད་ཀན་རྣམས་འཇོམས་སོ། །ཡང་ན
་སྐྱུར་རྩི་ཆེན་པོའི་ཁུ་བ་དང། གོང་མའི་སྨན་ལྷན་ཅིག་བཟའ་ཨོ། །ཏིལ་མར་གོང་མའི་རྩ་བ་ལྔ་ལ་སོགས་པའི་སྨན་དང་སྦྱོར་བའི་ཏིལ་མར་གྱིས་བསྐུ་བྱུག་བྱས་ན་སེལ་ཏོ། །སྨན་དེ་དག་གི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་འཐུངས་ན་རླུང་དང་བད་ཀན་འདྲེས་པའི་བད་ཀན་ནམ།།
་རླུང་ཉི་ཚེའི་མ་ཞུ་བའི་ཀྲུ་བ་སེལ་ཏོ། །མཁྲིས་པ་མེ་དྲོད་ཉམས་པའི་ཕོ་བ་འཁྲུ་བ་ལ་ནི་བཀྲུ་སྨན་ནམ་སློན་ཁྲུས་ཀྱིས་ཞི་བར་བྱ་སྟེ། ཁ་ཟས་ནི་ཁ་བ་དང་ཡང་བ་དང། འཁྲུ་བ་གཅོད་པ་དང། མེའི་དྲོད་སྐྱེད་ཅིང་ཚ་བ་ཆུང་བའི་ཟས་དང། ཁ་བ་དང། སྣུམ་པའི་ཕྱེ་མ་འོག་ནས
་འབྱུང་བ་རྣམས་ཀྱང་མེའི་དྲོད་སྐྱེད་དོ། །པ་ཏོ་ལ་དང། ནིམཔ་དང། ཁྱི་ལྕེ་བ་དང། པུ་ཙེ་ཤེལ་དང། ཏིཀྐ་དང། པརྤ་ཏ་དང། དུག་མོ་ཡུངས་ཀྱི་ཤུམ་ལྤགས་དང་འབྲས་བུ་དང། མུརྦ་དང། ཤིག་ཏྲུ་མངར་པོའི་འབྲས་བུ་དང། ཤུ་ཐག་དང་སྐྱེད་པའི་ཤུན་ལྤགས་དང། ཤུག་པ་དང། །
་ཤེལ་ཙེ་དང། ལ་ལ་ཕུང་དང། གླ་སྒང་དང། ཙན་དན་དཀར་པོ་དང། རྒྱ་ཚ་དང། བོང་ང་དང། ཚ་བ་གསུམ་དང། ཤིང་ཚ་དང། སུག་སྨེལ་དང། གནདྷ་པ་ཏྲ་དང། ཐང་ཤིང་དང་འདི་རྣམས་ཀྱིས་ཕྱེ་མ་སྦྲང་རྩི་དང། ལྡེ་གུར་བྱས་ཏེ་བཟའ་བ་འམ། ཡང་ན་ཆང་ངམ། ཆུ་དང་བསྐོལ་ཏེ་འཐུས
་ན་སྙིང་ནད་དང། སྐྱ་རྦབ་ཀྱི་ནད་དང། ཕོ་བའི་ནད་དང། སྐྲན་དང་ཟུག་གཟེར་དང་མ་ཞུ་བ་དང། རིམས་དང། མིག་སེར་གྱི་ནད་དང། འདུས་པའི་ནད་དང། ཁའི་ནད་དང། འདི་རྣམས་འཇོམས་སོ། །ཏིཀ་དང། པུ་ཙེ་ཤེལ་དང། གླ་སྒང་དང། ཚ་བ་གསུམ་དང། དུག་མོ་ཉུངས་ཆ་བསྙམས་ལ
་ཙི་ཏྲ་ཀ་སྨན་སྣ་གཅིག་གི་ཆ་གཉིས་དུག་མོ་ཡུངས་ཀྱི་ཤུན་ལྤགས་སྨན་སྣ་གཅིག་གི་བཅུ་དྲུག་འགྱུར་འདི་རྣམས་ཞིབ་ཏུ་བཏགས་ཏེ་བུ་རམ་དང་སྦྱར་ནས་ཆུ་གྲང་མོ་དང་སྦྱར་ཏེ་འཐུངས་ན་ཕོ་བའི་ནད་དང། སྐྲན་དང་མིག་སེང་དང། རིམས་དང་སྐྱ་རྦབ་དང། གཅིན་ནད་དང།
་ཡི་ག་འཆུས་པ་དང། འཁྲུ་བ་རྣམས་སེལ་ཏོ། །ཡང་ན་བཅའ་སྒ་དང། བོང་ང་དཀར་པོ་དང། ལི་ག་དུར་དང། པ་ཐ་དང། བིལྦ་དང། ད་ཏ་ཀའི་མེ་ཏོག་དང། སྐྱེར་ཁཎྜ་དང། དུག་མོ་ཡུངས་ཀྱི་ཤུན་པ་དང། འབྲས་བུ་དང། ཏིཀྟ་དང། འདི
་རྣམས་སྦྲང་རྩི་དང་སྦྱར་ལ་འབྲས་བཀྲུས་པའི་ཁུ་བ་དང་འཐུངས་ན། མཁྲིས་པས་ཕོ་བ་ཉམས་པ་དང། ཁྲག་ཏུ་འཁྲུ་བ་དང་གཞང་འབྲུམ་དང། མཁྲེག་པ་དང། གཞང་ཁ་ན་བ་ལ་སོགས་པ་ལ་ཕན་ནོ། །ཙན་དན་དང། ཤུ་ཐག་དང། བུ་ཤེལ་ཙི་དང། བ
་ཐ་དང། མུརྦ་དང། ཀུ་ཏྲ་ན་ཉ་དང། ཤུ་ཐག་དང། ཤ་རི་བ་དང། ལོ་མ་བདུན་པ་དང། བ་ཤ་ཀ་དང། པ་ཏོ་ལ་དང། ཨུ་དུམྦ་ར་དང། ཨ་ཤྭཏྠ?་དང། ནྱ་གྲོ་དྷ་དང། པལཀྵ་དང། ག་པི་ཏ་ན་དང། པུ་ཙི་ཤེལ་དང། ལི་ག་དུར་དང། ནིམྦ་དང། དེ་རྣམས་སྲང་གཉིས
་གཉིས་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་མར་དང། ཏིཀྟ་དང། དུག་མོ་ཡུངས་དང། རམ་ཉེ་བ་དང། པི་པི་ལིང་དང། ཨུཏཔ་ལ་དང། དེ་རྣམས་ཀྱི་ཕྱེ་མ་དང་ལྷན་ཅིག་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན
་མཁྲིས་པས་ཕོ་བ་ཉམས་པ་ལ་ཕན་ནོ། །ཡང་ན་མཛེ་ནད་གསོ་བའི་སྐབས་སུ་བཤད་པའི་ཏིཀྟའི་སྨན་མར་བཏང་ངོ། །བད་ཀན་གྱིས་ཕོ་བའི་དྲོད་ཉམས་པ་ལ་ནི་སྨན་རྣོན་བོ་པི་པི་ལིང་དང། ཡུངས་ཀར་ལ་སོགས་པ་དང། སྦྱར་བ་སྐྱུགས་སྨན་བཏང་ངོ། །དེ་ནས་རོ་ཚྭ་བ་དང
་སྐྱུར་བ་དང། ལན་ཚ་དང་ཐལ་སྨན་རྣོན་པོ་ལ་སོགས་པས་རིམས་ཀྱིས་མེ་དྲོད་སྐྱེད་པར་བྱེད་དོ། །མ་དུ་ལུང་ཀའི་མྱུ་གུ་དང། ཨ་རུ་ར་དང། པ་ཏ་དང་འུ་སུ་དང་ཚ་བ་རྣམ་ལྔ་དང། པལཀྵ་དང། འདི་རྣམས་ཞོ་གཉིས་གཉིས་ཆུ་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་སྐོལ་ཏེ་བཞི་ཆ་ལུས
་བ་དང། དེ་ལས་བཏུས་པ་དང། ཐུག་པ་ལ་སོགས་པ་དང་སྦྱར་ཏེ་བླུད་དོ། །མུ་དུ་ཀའི་མེ་ཏོག་སྲང་གཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང། བི་དང་ཀ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། ཙི་ཏྲ་ཀ་སྲང་དྲུག་བརྒྱ་རྩ་བཞི་དང། བསེ་ཤིང་གི་འབྲས་བུ་སྲང་སུམ་ཅུ་རྩ་གཉིས་དང། བཙོང་སྲང
་བརྒྱད་དང། འདི་རྣམས་ཆུ་སྲང་སྟོང་ལྔ་བརྒྱ་རྩ་དྲུག་དང་སྐོལ་ལ། སུམ་ཆ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པ་དང་གྲངས་པའི་ནང་དུ་སྤྲང་རྩི་སྲང་སུམ་ཅུ་རྩ་གཉིས་བཏབ་སྟེ། སུག་སྨེལ་དང་པདྨའི་རྩ་བ་དང། ཨ་ཀ་རུ་དང། ཙན་དན་དང་འདི་རྣམས་ཀྱི་ལྡེ་གུས་བུམ་པ་སྣུམ་ཅན་གྱི
་ནང་དུ་གོང་གི་སྨན་བཅུག་ལ་ཟླ་གཅིག་བཞག་སྟེ་སྨིན་པའི་ཆང་འཐུང་ན་ཕོ་བའི་མེ་དྲོད་སྐྱེད་པ་དང། ལུས་ཀྱི་ཉམས་སྟོབས་འཕེལ་བ་དང། ཁྲག་མཁྲིས་སེལ་བ་སྟེ། ཁྱད་པར་དུ་སྐེམ་ནད་དང། མཛེ་དང། ཤ་བཀྲ་དང། གཅིན་སྙི་བ་རྣམས་འཇོམས་སོ། །ཡང་ན་མ་དུ་ཀའི་ཁུ་བ་ཕྱེད་དུ་བར
་བསྐོལ་བའི་ནང་དུ་སྦྲང་རྩི་དེའི་བཞི་ཆ་གཅིག་བཏབ་ལ་སྦྱོར་བ་གོང་མ་བཞིན་དུ་བྱས་པའི་ཆང་ཟན་ཕན་པ་དང་ལྷན་ཅིག་བསྟེན་ན་ཕོ་བའི་ནད་དང་ཐམས་ཅད་ཞི་སྟེ་ཕན་ཡོན་གོང་མ་དང་འདྲའོ། །དེ་བཞིན་དུ་རྒུན་འབྲུ་བུ་རམ་ཤིང་དང། དྲ?་གོ་རྣམས་ཀྱི་ཁུ་བ་ཕྱེད་དུ་བར་བསྐོལ་ཏེ
་སྦྲང་རྩི་བཞི་ཆ་གཅིག་བཏབ་སྟེ་སྦྱོར་བ་གོང་མ་ལྟར་བྱས་པ་ཡང་ཕན་ཡོན་དེ་དང་འདྲའོ། །ཤིང་ཀུན་དང། པུ་ཙེ་ཤེལ་དང། ཤུ་ཐག་དང། བོང་ང་དང། དུག་མོ་ཡུངས་དང། གཟེ་མ་དང་ཚ་བ་ལྔ་དང། པ་ཐ་དང་འདི་རྣམས་ཞོ་གཉིས་གཉིས་དང། ལན་ཚྭ་རྣམ་ལྔ་སྲང་རེ་རེ་དང།
་འདི་རྣམས་ཆམ་ཆོམ་བརྡུངས་པ་དང། མར་དང་ཏིལ་མར་གཉིས་སྲང་བཅུ་དྲུག་བཅུ་དྲུག་དང། ཞོ་སྲང་དྲུག་ཅུ་རྩ་བཞི་དང། འདི་རྣམས་མེ་མི་ཆེ་བ་དང་བསྐོལ་ཏེ་ཁུ་བ་དུ་སྟེ་ནུར་ནུར་པོར་གྱུར་པ་དང། མར་དང་དངས་སྙིགས་ཕྱེ་ལ་སྙིགས་མ་ཞིག་ཁ་ཁབ་ཅན་གྱི་ནང་དུ་བསྲེགས
་ཏེ་ཐལ་བར་གྱུར་པ་དང། སྔ་མའི་མར་དང་ལྷན་ཅིག་ལག་པའི་ནང་དུ་ལྡེ་གུར་བྱས་ཏེ་ཞོ་གཉིས་ཙམ་འཐུང་ལ་དེ་ཞུ་བའི་ཚད་ཙམ་ན་སྦྲང་རྩི་ལ་སོགས་པ་མངར་བའི་ཟས་ཟོས་ན་རླུང་དང་བད་ཀན་ལས་གྱུར་པའི་ནང་ཐམས་ཅད་ལས་གྲོལ་ཏེ་ཁྱད་པར་དུ་དུག་དང་དབྱིག་དུག
་འཇོམས་སོ། །ཏིཀྟ་དང། པུ་ཙེ་ཤེལ་དང། པ་ལ་ནིམྦ་དང། པརྤ་ཏ་དང། འདི་རྣམས་གོང་མ་ལྟར་བསྲེགས་པའི་ཐལ་བ་དང། མ་ཧེའི་གཅིན་དང་བསྲེས་ཏེ་འཐུངས་ན་མེ་དྲོད་སྐྱེད་པར་བྱེད་དོ། །ཡང་ན་སེར་པོ་རྣམ་གཉིས་དང། ཤུ་ཐག་དང། རུ་རྟ་དང། ཙི་ཏྲ་ཀ་དང། པུ་ཙེ་ཤེལ་དང། ག
་དུར་དང། འདི་རྣམས་ཀྱི་ཕྱེ་མར་གཅིན་དང་སྦྱོར་བ་འཐུངས་ན་མེ་དྲོད་སྐྱེད་དོ། །སུ་དཀྵི་རའི་ཤིང་སྲང་བཞི་དང་ལན་ཚྭ་རྣམ་གསུམ་སྲང་རེ་རེ་དང་བརྟ་ཀ་བསྐོལ་བ་སྲང་བཞི་དང། ཨརྐ་སྲང་བརྒྱད་དང། ཙི་ཏྲ་ཀ་སྲང་གཉིས་དང། འདི་རྣམས་ཡང་གོང
་མ་ལྟར་བསྲེགས་པའི་ཐལ་བ་བྱེའུ་བརྟ་ཀའི་ཁུ་བ་དང་རི་ལུར་བྱས་ཏེ། ཁ་ཟས་ཀྱི་གོང་དུ་ཡང་དང་ཡང་དུ་ཟོས་ན་ཟས་མྱུར་དུ་འཇུ་ཞིང་ཁྱད་པར་དུ་ལུད་པ་དང། དབུགས་མི་བདེ་བ་དང་གཞང་འབྲུམ་དང། གསུང་པ་དང། ཆམ་པ་དང། སྙིང་ནད་རྣམས་ཞི་བར་བྱེད་ཅིང་འཇོམས་སོ
་ཡང་ན་ཁ་ལུད་དང་ཟུར་བ་དང། ར་སྣ་དང། ཚ་བ་གསུམ་དང། ཨ་རུ་ར་དང། སྲ་རྩི་ཀའི་ཐལ་བ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ལན་ཚྭ་རྣམ་ལྔ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་འཐུངས་ན་སྟོབས་དང་མདོག་དང་མེ་དྲོད་འཕེལ་བར་བྱེད་དོ།།
་བད་ཀན་གྱི་ཕོ་བའི་ནད་དེ་རླུང་དང་བཅས་པ་ཡིན་ན་ནི་གོང་གི་སྨན་དེ་དག་མར་དང་བསྐོལ་ཏེ་སྦྱིན་ནོ། །ཡང་ན་ཐང་ལ་འབར་གྱིས་བཤད་པའི་སྨན་མར་གཅིན་ནད་ཀྱི་སྐབས་སུ་བསྟན་པ་དང། སྲང་དྲུག་པ་ཞེས་བྱ་བའི་སྨན་མར་གཅོད་ཆེན་པོའི་སྐབས་སུ་བཤད་པ་དང། གོ
་བྱེའི་སྨན་མར་སྐྲན་ནད་ཀྱི་སྐབས་སུ་བསྟན་པ་དེ་དག་ལས་གང་ཡང་རུང་བ་ཉེས་པའི་སྟོབས་ཆེ་ཆུང་དང་སྦྱར་ཏེ་བཏང་ངོ། །ལན་ཚྭ་ནག་པོ་དང། ཁ་རུ་ཚ་དང། བུལ་ཏོག་དང། སྭ་རྩི་ཀའི་ཐལ་བ་དང། ནས་ཚིག་འཁུས་པའི་ཐལ་བ་དང། སཔཏ་ལ་དང། ཀཎྚ་ཀ་རི་དང། ཙི་ཏྲ་ཀ
་དང། འདི་རྣམས་གཅིག་ཏུ་སྔ་མ་བཞིན་དུ་བསྲེས་ཏེ་ཐལ་བ་ཆུ་དང་བསྲེས་པ་ལ་རས་ཀྱི་ལན་བདུན་བཙགས་ཏེ་ཁུ་བ་སྲང་དྲུག་ཅུ་རྩ་བཞིའི་ནང་དུ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་བཅུག་སྟེ་བསྐོལ་ཏེ་མར་ལུས་པ་དང་རན་པར་འཐུངས་ན་མེའི་དྲོད་སྐྱེད་དོ། །འདུས་པའི
་ཕོ་བའི་ནད་ལ་ནད་སྟོབས་ཅི་ལྟ་བ་བཞིན་དུ་ལས་རྣམ་ལྔའི་དཔྱད་བྱའོ། །བད་ཀན་ཅན་མཆི་བ་མ་མང་ཞིང་མེ་དྲོད་ཆུང་བ་ལ་ནི་རྩུབ་པ་དང་ཁ་བ་དང། མེའི་དྲོད་སྐྱེད་པའི་སྨན་སྦྱར་རོ། །ལུས་རྗུད་པ་ལ་སྣུམ་པ་དང། རྩུབ་པ་དང་བཅས་པར་རེས་ཀྱིས་བསྟེན་ཏོ། །རླུང་གི
་ཤས་ཆེ་ཞིང་མེ་དྲོད་ཆུང་སྟེ་ལུས་ཤ་ཟད་ཅིང་སྐེམ་པ་ལ་ནི་ཚ་བ་དང་དྲོད་སྐྱེད་པའི་སྨན་ཚ་བ་རྣམ་ལྔ་ལ་སོགས་པ་དང་སྦྱར་བའི་སྨན་སྦྱིན་ནོ། །མེ་དྲོད་ཆུང་ཞིང་མཁྲིས་པ་ཤས་ཆེ་བ་ལ་ནི་དྲོད་སྐྱེད་པའི་བབ་ཁ་བ་དང། ཚ་བ་དང། མངར་བའི་སྨན་དང་ལྷན་ཅིག་སྦྱར་བ་བླུད་དོ། །རླུང་ཤས
་ཆེ་ཞིང?་མེ་དྲོད་ཆུང་བ་ལ་ནི་སྣུམ་དང་སྐྱུར་དང་ལན་ཚྭ་དང་ལྡན་པ་རབ་ཏུ་བསྔགས་སོ། །ཉམས་ཆུང་བ་ལ་ནི་མེ་དྲོད་སྐྱེད་ཅིང་སྣུམ་བསྟོན་པ་ནི་མཆོག་ཡིན་ནོ། །སྣུམ་ཤས་ཆེ་བ་ལ་ནི་མར་དང་ཟས་ལྕི་བ་རྣམས་ཀྱང་སྤང་ངོ། །སྐྱེས་བུ་གང་མེ་དྲོད་ཆུང་ཞིང་བད་ཀན་ཟད་དེ་ཕྱིས་འགག་ཅིང།
་རེས་འགའ་སླ་བར་འབྱུང་བ་ལ་ནི་ལན་ཚྭ་དང་སྦྱར་བའི་མར་ཉུང་ངུ་ཟོས་ན་མེ་དྲོད་དང་མཉམ་དུ་གནས་པའི་རླུང་དེ་གནས་སུ་འདྲེན་པར་བྱེད་དོ། །རང་གི་ལས་དྲོད་སྐྱེད་པར་འགྱུར་རོ། །བད་ཀན་ཟད་ཅིང་མེ་དྲོད་ཆུང་ལ་མ་ཞུ་བ་བེའུ་སྣབས་སུ་ཁྲུ་བ་ལ་ནི་མར་ལ་མེའི་དྲོད་སྐྱེད་པའི་སྨན
་དང་སྦྱར་བ་བླུད་ན་མེ་དང་མཉམ་དུ་གནས་པའི་རླུང་གི་གནས་དག་པས་ཕྱིར་རང་གི་གནས་སུ་འོང་ལ། དེ་ལྟར་མེ་དང་མཉམ་དུ་གནས་པའི་རླུང་དང་མེ་དྲོད་ལྷན་ཅིག་གནས་ན་སྐྱེས་བུའི་སྟོབས་མྱུར་དུ་སྐྱེད་པར་བྱེད་དོ། །ཕྱིས་འབྱུང་དཀའ་ལ་སྲ་བར་འོང་བ་ལ་ནི་མར་ལན་ཚྭ་དང་བཅས
་པ་ཟས་ཀྱི་ནང་དུ་བཏུང་ངོ། །ཁོང་རྩུབ་ཅིང་མེ་དྲོད་ཆུང་བ་ལ་ནི་མར་རམ་ཏིལ་མར་དྲོད་བསྐྱེད་པའི་སྨན་དང་སྦྱར་བ་བླུད་དོ། །སྣུམ་མང་དུ་འཐུངས་ཏེ་དྲོད་ཉམས་པ་ལ་ནི་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ནས་ཁ་ཟས་ཀྱི་ཆོ་ག་ཚུལ་བཞིན་དུ་བྱའོ། །ནང་བྱང་སྟེ་མེ་དྲོད་ཆུང་བ་ལ་ནི
་མར་ཉི་ཚེ་བ་སྨན་དང་སྦྱར་བས་དྲོད་སྐྱེད་དོ། །ལམ་དང་སྨྱུང་བ་བྱས་པས་ལུས་ཉམ་ཆུང་ཞིང་མེའི་དྲོད་ཉམས་པ་ལ་ནི་ནས་ཐུག་མར་གྱིས་བཏབ་པ་བླུད་དོ། །ཡང་ན་འབྲས་ཀྱི་ཁུ་བས་སྟོབས་བསྐྱེད་ཅིང་གང་མེ་དྲོད་སྐྱེད་པ་ཉམས་སྟོབས་འཕེལ་བར་བྱེད་པའི་སྨན་གང་ཡང་རུང
་བས་བྱའོ། །ཡུན་རིང་དུ་འདོད་པ་སྤྱད་པས་ཤ་ཟད་ཅིང་ལུས་ཉམ་ཆུང་སྟེ་རིང་པ་ཕོ་བའི་དྲོད་ཉམས་པའི་མི་ལ་ནི་སྲོག་ཆགས་ཤ་རྗེན་ཟ་བའི་ཤ་སྐྱུར་དང་སྦྱར་བ་འམ། རོ་ཚ་བ་ཡང་དྲོན་པོ་འཐུངས་ན་དྲི་མ་དག་པར་འགྱུར་ཏེ། མྱུར་དུ་མེའི་དྲོད་སྐྱེད་དོ། །དེ་ཡང་ཤས་ལུས་སྐྱེད
་པའི་ཕྱིར་ཉིང་ཤ་ཅན་གྱི་ཤ་ཁྱད་པར་དུ་ཉམས་སྟོབས་སྐྱེད་པར་བྱེད་དོ། །སྣུམ་དང་ཨ་ས་བའི་ཆད་དང། ཨ་རི་ཏའི་ཆང་དང། སྨན་བསྐོལ་བ་དང། ཟས་འཕྲོད་པ་རྣམས་ཡང་དག་པར་སྦྱར་ན་ལུས་ཀྱི་སྟོབས་དང་མེ་དྲོད་འཕེལ་བར་བྱེད་དོ།།
་ཇི་ལྟར་ཕྱི་རོལ་གྱི་མེ་གནས་པ་ལ་ཤིང་གི་སྙིང་པོ། སེང་ལྡེང་ལ་སོགས་པ་བཅུག་ན་མེ་རྟག་པ་དང་འདྲ་བར་ལུས་ཀྱི་མེ་ལ་ཡང་སྣུམ་དང་བཅས་པའི་ཟས་ཟོས་ན་མེ་དྲོད་སྐྱེད་ཅིང་བརྟན་པར་འགྱུར་རོ། །ཟས་མ་ཟོས་པ་དང། ཟས་ཧ་ཅང་དྲགས་པ་ལས་མེའི་དྲོད་སྐྱེད་པར
་མི་བྱེད་དེ། ཇི་ལྟར་ཤིང་མེད་པ་དང། ཤིང་མངས་པས་མེ་ཆེར་མི་འབར་བ་བཞིན་ནོ། །གང་གི་ཚེ་བད་ཀན་བྲི་སྟེ། མཁྲིས་པ་རང་གི་གནས་སུ་རླུང་དང་ལྷན་ཅིག་གནས་པས་དྲོད་སྐྱེད་པ་དེའི་ཚེ་མེ་དང་རླུང་འདྲེས་པ་ཡིན་ཏེ། དེས་ན་དང་པོ་ཁ་ཟས་མྱུར་དུ་འཇུ་བར་བྱས་ནས། དེའི
་འོག་ཏུ་ཁམ་དང་མདངས་ཐམས་ཅད་བསྲེགས་བཅོས་ནས་འཆི་བར་འགྱུར་རོ། །སྐྱེས་བུ་དེའི་ནང་ཁོང་ན་ཡོད་ཀྱི་བར་དུ་ཐ་མལ་པ་ཡིན་ན་ཡང་དེ་མ་ཐག་འཇུ་སྟེ། དེ་ནས་ཁམ་རྣམས་ལ་ཡང་འཇུག་པར་འགྱུར་རོ། །མེའི་དྲོད་ཤིན་ཏུ་ཆེ་བ་ལས་སྐོམ་དང། དབུགས་མི
་བདེ་བ་དང། ཚ་བ་དང། བརྒྱལ་བར་བྱེད་པའི་ནད་འབྱུང་བར་འགྱུར་རོ། །མེའི་དྲོད་ཆེ་བ་དེ་ལྟ་བུ་ལ་ནི། ཁ་ཟས་ལྕི་བ་དང་སྣུམ་པ་དང། བསྐ་བ་དང། སྨིན་སྐྱེས་པའི་ཟས་དང། གྲང་བ་དང། བརྟན་བ་ལ་སོགས་པའི་བཟའ་བ་དང་བཏུང་བས་ཞི་བར་བྱ་བ་ནི་ཆུས་མེ་བསད་པ་བཞིན་ནོ།
་ཁ་ཟས་མ་ཞུར་ཟིན་ཀྱང་ཁ་ཟས་ཡང་དང་ཡང་དུ་བཟའ་བར་བྱ་སྟེ། ཁ་ཟས་མ་ཟོས་ན་ནང་གི་མེའི་བུད་ཤིང་མེད་པས་ཁམ་ལ་གནོད་དེ་འཆི་བར་འགྱུར་རོ། །མེའི་སྟོབས་ཆེས་པའི་སྐྱེས་བུ་ལ་ནི་ཏིལ་དང་མོན་སྲན་རྡེའུ་ལ་སོགས་པ་ལས་བྱས་པའི་ས་རའི་ཐུག་པ་དང།
་འོ་ཐུག་དང། ཚིལ་དང་ཞག་ལ་སོགས་པའི་སྣུམ་དང། ནས་ཐུག་བུ་རམ་དང་སྦྱར་བའི་ཐུག་པ་དང། སྲོག་ཆགས་ཆུ་ལ་གནས་པ་རུས་སྦལ་ལ་སོགས་པ་དང། ཆུ་འགྲམ་ན་གནས་བའི་དད་པ་ལ་སོགས་པ་འདི་རྣམས་ཀྱི་ཤ་མར་ལ་བསྔོས་པ་དང། ཁྱད་པར་དུ་ཉའི་ཤ
་འཇམ་པོ་ཆུ་མི་གཡོ་བ་ལ་གནས་པ་དང། ལུག་ཤ་ལེགས་པར་བརྔོས་པ་ཟོས་ན་མེའི་དྲོད་སྐྱེད་དོ། །དེས་ཀྱང་མ་ཞིན་འོ་མ་སྤྲ་ཚིལ་དང་སྦྱར་བ་འམ། ཡང་ན་མར་དང་སྤྲ་ཚིལ་དུ་སྦྱར་བ་སྐོམ་དུ་བླུད་དོ། །བག་ཕྱེ་དང་མར་དང་འོ་མ་སྦྱར་བའི་སྐོམ་མང་དུ་བླུད་དོ། །ཡང་ན་བག་ཕྱེ་སྲོག་ཆགས
་ཐང་ལ་གནས་པའི་ཤ་ཁུ་དང་ཏིལ་མར་སྤངས་པའི་སྣུམ་གང་ཡང་རུང་བ་དང་སྦྱར་བ་བླུད་དོ། །ཡང་ན་ཤ་མ་དུར་བྱིད་འོ་མ་དང་སྦྱར་བའི་བཀྲུ་སྨན་བཏང་ངོ། །ལན་མང་དུ་མཁྲིས་པ་སེལ་བའི་སྨན་བཏང་ལ། དེའི་འོག་ཏུ་འོ་མ་དང་བཅས་པའི་ཟས་བཟའ་ཨོ། །ཁ་ཟས་ལྕི་བ་དང། མི
་གཙང་པ་དང། བད་ཀན་སློང་བར་བྱེད་པའི་ཟས་དང་ཟས་ཟོས་པའི་འོག་ཏུ་ཉིན་པར་ཉལ་བར་བྱེད་པས་ཀྱང་ཕོ་བའི་དྲོད་འཇོམས་པར་བྱེད་དོ། །ཕོ་བའི་དྲོད་ཤས་ཆེ་ན་ཁ་ཟས་སྲེག་པར་བྱེད་ལ། དེ་ནས་ནད་གཞི་དང་ཁམ་དང། སྲོན་རྣམས་རིམས་བཞིན་དུ་བསྲེགས་ནས་འཆི་བར
་འགྱུར་རོ། །དེ་ལྟར་ཟས་ལྕི་བ་ལ་སོགས་པ་དེ་དག་ནི་རང་བཞིན་གྱིས་མི་མཐུན་པ་ཡིན་ནོ། །ཡང་སྦྱོར་བའི་དབང་གིས་ཤེས་པར་བྱ་སྟེ། ཅི་འདོད་པ་བཞིན་དུ་མི་རུང་སྟེ། དེ་བས་ན་མི་རྣམས་ཀྱི་སྟོབས་མེ་ལས་འབྱུང་ལ། སྟོབས་ལས་ནི་སྲོག་གྲུབ་པ་དེ་བས་ན་མེའི་དྲོད་སྐྱེད་ཅིང་མེ
་དྲོད་རན་པར་བྱ་བ་ལ་འབར་ཅིང་བསྲུང་བར་བྱའོ། །དེ་ལྟ་བས་ན་མེ་དྲོད་ཉམས་ན་ནི་མིའི་སྲོག་ཀྱང་ཉམས་པར་འགྱུར་བ་ཡིན་ཏེ། མེ་དྲོད་ཆེ་ཆུང་དུ་སོང་ན་ནི་ནད་སྣ་ཚོགས་ཀྱང་འབྱུང་ལ། མེ་དྲོད་མ་ཉམས་ན་ནི་ནད་མེད་ཅིང་ཚེ་རིང་བར་འགྱུར་རོ། །གསོ་བའི་གནས་ལས་ཕོ་བའི་ནད
་གསོ་བའི་ལེའུ་བཅུ་པ་རྫོགས་སོ།། །།དེ་ནས་གཅིན་འགགས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་གཅིན་འགགས་པའི་ནད་ལ་ནི། རླུང་འཇོམས་པའི་སྨན་ཏིལ་མར་དང་སྦྱར་བས་ལྟེ་བའི་འོག་མན་ཆད་དུ་བསྐུ་བྱུག་བྱ་སྟེ། སྣུམ་དང
་ལྡན་པའི་དུགས། བླུགས་པའི་དུགས་དང་བྱུག་པ་རྣམས་བྱའོ། །རྩ་བ་བཅུ་པ་དང། བ་བླ་དང། ཨི་རཎྚ་དང། ནས་དང། ཉེའུ་ཤིང་དང། བ་སྦྲུ་བ་དང། རྒྱ་སྲན་དང། རྒྱ་ཤུག་དང། ལྕགས་དང། བ་སྦྲུ་བ་མེ་ཏོག་དམར་པོ་ཅན་དང། སྲུ་སྲུའི་རྩ་བ་དང། འདི་རྣམས་བཏགས་པའི
་ཕྱེ་མ་མར་དང། ཕག་ཚིལ་དང། ལན་ཚ་རྣམ་ལྔ་དང་ཆུ་དང་ཚུལ་བཞིན་བསྐོལ་ཏེ། བཏུང་བ་དང། བྱུག་པ་དང། དུགས་ལ་སོགས་པ་བྱས་ན་ཟུག་གཟེར་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་གོང་གི་སྨན་དེ་རྣམས་འབྲུ་མར་འབྱུང་བའི་འབྲས་བུའི་རིགས་རྣམས
་དང། སྐྱུར་དང་སྣུམ་མང་པོ་དང་ལྡན་པར་བཏུང་བ་དང། ཟས་དང་བྱུག་པ་ལ་སོགས་པ་བྱས་ན་ཕན་ཡོན་གོང་མ་དང་འདྲའོ། །བཏུང་བ་ནི་ཁ་རུ་ཚ་མང་པོ་དང་སྦྱར་བའི་ཆང་འཐུངས་ན་གཅིན་འགགས་པ་སེལ་ཏོ། །མཁྲིས་པ་ལས་གྱུར་བའི་གཅིན་འགགས་པའི་ནད་ལ
་ནི་བསིལ་བས་ལུས་ལ་བླུགས་པ་དང། བྱུག་པ་དང་ལུམས་བྱའོ། །ཉེའུ་ཤིང་དང་གཟེ་མ་དང་བི་ད་རི་དང། རྒུན་འབྲུ་དང། རྩཝའི་རྩ་བ་དང། འདི་རྣམས་ཚུལ་བཞིན་བསྐོལ་བའི་ནང་དུ་སྦྲང་རྩི་དང། ཤ་ཁ་རས་བཏབ་པ་བླུད་དོ། །བ་ཤ་ཀ་དང། ག་གོན་དང། ཨེར་བ་རུ་དང།
་ལེབ་རྒན་རྩི་འདི་གསུམ་གྱི་ས་བོན་དང། གུར་ཀུམ་དང། འདི་རྣམས་ཀྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་འཐུངས་ན་གཅིན་འགགས་པའི་ནད་ཐམས་ཅད་སེལ་ཏོ། །ཡང་ན་རྒྱལ་མོ་ག་གོན་གྱི་ས་བོན་དང་ཤིང་མངར་དང། སྐྱེད་པའི་ཕྱེ་མ་འབྲས་བཀྲུས་པའི་ཆུ་དང་འཐུངས་ན
་ཡང་ཕན་ནོ། །ཡང་ན་རྒུན་འབྲུམ་ཆོམ་ཆོམ་བརྡུངས་ནས་ཆུ་དང་སྤངས་པའི་ཁུ་བ་ཆུ་དང་སྦྱར་བ་འཐུངས་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་པའི་གཅིན་འགགས་པའི་ནད་ལ་ནི་ཐོག་མར་དུགས་བྱས་ལ་དེའི་འོག་ཏུ་རྣོ་བ་དང་དྲོ་བ་དང། ཚ་བའི་སྐྱུགས་སྨན་བཏང་ངོ། །
་བཟའ་བ་ནི་ནས་ལས་བྱས་པའི་ཟན་དང། ཁུར་བ་ལ་སོགས་པ་རྣོ་བ་དང། ཚ་བ་དང། ནས་ཚིག་འཁུས་པའི་ཐལ་བ་དང། དར་བ་དང་བཅས་པ་སྦྱིན་ནོ། །བཏུང་བ་ནི་སུག་སྨེལ་ལམ། སྐྱུར་རུ་རའི་འབྲས་བུ་གང་ཡང་རུང་བ་དང་ཚང་དུ་སྦྱར་བ་བླུད་དོ། །ཡང་ན་བྱ་བཞད་གྱི
་རུས་པ་དང། གཟེ་མ་དང། སུག་སྨེལ་དང། ཚ་བ་གསུམ་དང། འདི་རྣམས་སྦྲང་རྩི་དང་བ་གཅིན་དང་སྦྱར་བ་བཏུང་ངོ། །ཡང་ན་ཀཎྚ་ཀ་རི་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་ཤིང་ཏི་པ་ར་གའི་ས་བོན་ཞིབ་ཏུ་བཏགས་པའི་ཕྱེ་མ་དང་དར་བ་བསྐྱོས་ཏེ་བླུད་དོ།།
་ཡང་ན་དྷ་ཝ་དང་སཔཏ་པར་ནི་དང། དུག་མོ་ཡུངས་དང། སླེ་ཏྲེས་དང། དེང་ཀ་དང། ཀེའུ་ཀ་དང། སུག་སྨེལ་དང། ཤེ་ཏ་ཀ་རཉྫ་དང། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་སྦྱར་བ་འམ་ཡང་ན་དེ་རྣམས་སྦྱར་བའི་ཐུག་པ་བླུད་དོ། །ཡང་ན་བྱུ་རུ་བཏགས་བའི་ཕྱེ་མ
་འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་བཏུང་ངོ། །ཡང་ན་ཤིང་པ་ཏ་ལའི་ཐལ་བའི་ཆུ་དང་སྦྱར་བ་ལན་བདུན་བཙགས་པའི་ཁུ་བ་ཏིལ་མར་དང་སྦྱར་བ་བླུད་དོ། །ཡང་ན་ཤིང་བ་ཏ་ལ་དང། ཡ་བཀྵ་ར་དང། པ་རི་པ་ཏྲ་དང། ཏིལ་དང། དེ་རྣམས་ཀྱི་ཐལ་བ་ཆུ་དང་བསྐྱོས་པ་དང།
་ཆང་དངས་མ་དང་ལྷན་ཅིག་སྦྱར་བའི་ནང་དུ་ཤིང་ཚ་དང། སུག་སྨེལ་དང། སྦངས་མ་དང། འདི་གསུམ་གྱི་ཕྱེ་མས་བཏབ་ལ་བླུད་དོ། །གེང་གི་བཏུང་བ་དང། ལྡེ་གུའི་སྨན་ཐམས་ཅད་ཀྱི་ནང་དུ་བུ་རམ་བསྐོལ་ཏེ། ཁཎྜ་ཙམ་སྲ་བར་གྱུར་པ་བཏབ་པ་མཉེས་ཏེ་སྦྱིན་ནོ། །འདུས་བ་ལས
་གྱུར་པའི་གཅིན་འགགས་པའི་ནད་ལ་ནི་ནད་གཞི་སོ་སོའི་གསོལ་དང་མཐུན་པར་སྦྱར་རོ། །རྡེའུ་ཡུན་མི་རིང་དུ་ཆགས་པ་ལ་ཡང་དེ་ལྟར་ནད་གཞི་སོ་སོ་དང་མཐུན་པའི་སྨན་དཔྱད་དེ་རླུང་ནད་འཇོམས་པའི་འཇམ་རྩིམས་བཏང་བ་ལ་སོགས་པ་ཡང་དེ་ལྟར་སྦྱར་རོ།།
་རྡེའུ་ཆགས་པའི་ནད་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ་འཆི་བདག་གི་གཟུགས་དང་འདྲའོ། །དེ་ཡང་རྡེའུ་ནར་མ་སོན་པ་ལ་ནི་སྨན་གྱིས་གསོའོ། །ནར་སོན་པ་ལ་ནི་མཚོན་གྱི་ལས་བྱ་སྟེ། དེ་ལ་དང་པོ་རྡེའུ་ཇི་ལྟར་ཆགས་པའི་མཚན་ཉིད་ཤེས་པར་བྱས་ནས་སྣུམ་ཆོས་ལ
་སོགས་པའི་རིམ་པ་བྱ་བར་འདོད་དེ། སྲུ་སྲུའི་རྩ་བ་དང། བ་སུ་ཀ་དང། བ་སི་རི་དང། ཨ་སྨན་ཏ་དང། ཉེའུ་ཤིང་དང། ལྕམ་ཕ་དང། ཨ་ཏི་བ་ལ་དང། གོ་བྱེ་དང། བུ་ཙེ་ཤེལ་དང། ག་ཙ་ཀ་དང། བྲི་ཀྵ་ར་ནི་དང། ཤིང་ཤ་ཀའི་འབྲས་བུ་དང། བྱ་གྲི་དང། གུ་ཐ་དང། གཟེ
་མ་དང། ནས་དང། རྒྱ་སྲན་དང། རྒྱ་ཤུག་དང། བ་ར་ནད་དང། ཀཎྚ་ཀའི་འབྲས་བུ་དང། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་བའི་ནང་དུ་ཨུ་ཤ་ཀའི་སྡེ་ཚན་གྱི་ཕྱེ་མ་བཏབ་པ་འཐུངས་ན། རླུང་ལས་གྱུར་པའི་རྡེའུ་མྱུར་དུ་འཇིག་པར་བྱེད་དོ། །ཡང་ན་ཨེ་རཥྚ་དང། བྲི་ཧ
་སྟི་དང། ཀཎྚ་ཀ་རི་དང། གཟེ་མ་དང། བུ་རམ་ཤིང་འདི་རྣམས་ཀྱི་རྩ་བའི་ཕྱེ་མ་ཞོ་མངར་པོ་ལ་བཏབ་སྟེ་བླུད་ན་རླུང་ལས་གྱུར་པའི་རྡེའུ་འཇིག་པར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་རྡེའུ་ཆགས་པ་ལ་ནི་ཀུ་ཤ་དང། ཤ་དག་འདམ་བུ་དང། གུ་ཐ་དང། ཨིངྒ་ཐ
་དང། ཉེའུ་ཤིང་དང། སུ་སུའི་རྩ་བ་དང། དར་བ་དང། བི་ད་རི་དང། བ་ར་ཧི་དང། འབྲས་ཀྱི་རྩ་བ་དང། གཟེ་མ་དང། བ་ལུ་ཀ་དང། བ་ཏ་དང། ལྕགས་ཕྱེ་དང། ཀུ་རུ་ཏ་ཀ་དང། བ་སྤྲུ་བ་དང། ཤི་རི་ཤ་དང། དེ་རྣམས་བསྐོལ་བའི་ཁུ་བ་མར་དང་ལྷན་ཅིག་བསྐོལ་བའི་ནང་དུ་ག
་གོན་ལ་སོགས་པའི་ས་བོན་དང། ཨུཏཔ་ལའི་ས་བོན་དང། ཤིང་མངར་དང། བྲག་ཞུན་དང། འདི་རྣམས་ཀྱི་ཕྱེ་མ་བཏབ་སྟེ་འཐུངས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་རྡེའུ་ཆགས་པ་ལ་ནི་སྨན་བ་རུ་ནའི་སྡེ་ཚན་དང། རླུང་འཇོམས་པའི་སྨན་ཐང་ཤིང་ལ་སོགས་པའི
་མཚན་དང། བི་དང་ཀ་དང། ཧ་རེ་ནུ་ག་དང། གུ་གུལ་དང། རུ་རྟ་དང། ཀྲུ་ཏྲུག་ཏྲེས་དང། བྱེའུ་རུག་པ་དང། དེ་རྣམས་བསྐོལ་བའི་ཁུ་བ་མར་དང་ཡང་བསྐོལ་བའི་ནང་དུ། ཨུ་ཤ་ཀའི་སྡེ་ཚན་བཏགས་པའི་ཕྱེ་མས་བཏབ་པའི་མར་བླུད་ན་བད་ཀན་ལ་སོགས་པའི་རྡེའུ་མྱུར་དུ་འཇིག
་པར་བྱེད་ན། །བཟའ་བ་དང། བཏུང་བ་ནི་འོ་མ་དང། ཐུག་པ་དང་ཐལ་སྨན་དང་སྦྱར་བའི་ནད་གཞི་སོ་སོ་དང་མཐུན་པའི་སྨན་རྣམས་ཀྱང་བཟའ་བཏུང་གི་ནང་དུ་སྦྱར་རོ། །རྡེའུ་ཕྱེ་མར་ཆགས་པ་ལ་པི་ཙུ་ཀ་དང། ཨངྒོ་ལ་དང། ཨུཏཔ་ལའི་འབྲས་བུ་རྣམས་ཆུ་དྲོན་པོ་དང་སྦྱར
་བའི་ནང་དུ་བུ་རིམ་བཏབ་པ་འཐུངས་ན་རྡེའུ་ཕྱེ་མར་ཆགས་པ་འབྱིན་པར་བྱེད་པའི་མཆོག་ཡིན་ནོ། །ཁྲུང་ཁྲུང་དང། རྔ་མོ་དང། བོང་བུ་དང། འདི་རྣམས་ཀྱི་རུས་པ་དང། གཟེ་མ་དང། ཏ་ལ་པ་ཏྲི་ཀ་དང། ཨ་ཛེ་མོ་དང། རྐ་དམྦའི་རྩ་བ་དང། བཅའ་སྒ་དང་འདི་རྣམས
་ཆུ་དྲོན་པོ་འམ། ཆང་དང་སྦྱར་ཏེ་འཐུངས་ན་རྡེའུ་ཕྱེ་མར་ཆགས་པ་འཛག་པར་བྱེད་དོ། །གྲིཏྟཡ་ཀུན་དའི་ས་བོན་གྱི་ཕྱེ་མ་སྦྲང་རྩི་དང་ལྡན་པར་ལུག་གི་འོ་མའི་ནང་དུ་བཅུག་སྟེ། ཞག་བདུན་གྱི་བར་དུ་འཐུངས་ན་རྡེའུ་འཇོམས་པར་བྱེད་དོ། །ཤི་ཀྲུའི་རྩ་བ་བསྐོལ་བ་དྲོ
་འཇམ་ཙམ་འཐུངས་ན། རྡེའུ་གནས་ནས་སྐྱོད་པར་བྱེད་དོ། །ཏིལ་དང། ཨ་པ་མརྒ་དང། ཆུ་ཤིང་པལཀྵ་དང། འདི་རྣམས་ཀྱི་ཐལ་བ་ལུག་གི་གཅིན་དང་ལྷན་ཅིག་འཐུངས་ན་ཕྱེ་མར་ཆགས་པའི་རྡེའུ་ཆགས་པ་གཉིས་འཇོམས་པར་བྱེད་དོ། །ཡང་ན་ལྕམ་པའི་རྩ་བ་བཙིར་བ་ཆད་ལ་སོགས
་པའི་ནང་དུ་བསྲེས་པ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་རྡེའུ་ཆགས་པའི་ཟུག་གཟེར་གྱིས་ཉམས་ཐག་པ་ལ་ན་ལྕམ་པའི་རྩ་བ་ཉིད་འོ་མ་དང་སྦྱར་བ་བླུད་དོ། །ཡང་ན་ཨ་རུ་རའི་རུས་པ་འོ་མ་དང་ཚུལ་བཞིན་བསྐོལ་བ་འམ་བ་སྦྲུ་པའི་འོ་མ་དང་བསྐོལ་བ་འམ
་ཡང་ན་བརཧྲི་ཤི་ཁའི་རྩ་བ་འབྲས་བཀྲུས་པའི་ཆུ་དང་ཐོག་མར་འཐུངས་ཏེ་དེའི་འོག་ཏུ་འོ་མ་དང་བཅས་པའི་ཁ་ཟས་བཟའ་ཨོ། །ལྷག་མ་ནི་གཅིན་འགགས་པའི་སྨན་གྱིས་ཅི་ལྟ་བ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །ཡང་ན་གཟེ་མ་དང། དེའི་ཉིས་འགྱུར་གྱི་བྲི་ཧ་ཏི་ལ་སོགས
་པའི་སྡེ་ཚན་དང་ཚུལ་བཞིན་དུ་མར་དང་འོ་མ་བསྐོལ་བ་འཐུང་ན་གཅིན་ནད་ཐམས་ཅད་སེལ་ཏོ། །ཐང་ཤིང་དང། བླ་སྒང་དང། མུརྦ་དང། ཤིང་མངར་དང། ཨ་རུ་ར་དང། འདི་རྣམས་ཆང་ངམ། འོ་མ་འམ། ཆུ་དང་སྦྱར་ཏེ་འཐུངས་ན་གཅིན་འགགས་པའི་ནད་ཐམས་ཅད་ལ་ཕན་ནོ།
་ཡང་ན་བྱི་ཚེར་བ་བསྐོལ་བའི་ཁུ་བ་འམ། ཀ་ཀུ་བ་བསྐོལ་བའི་ཁུ་བ་འམ། ཡང་ན་འབྲས་བུ་གསུམ་བཏགས་པའི་ཕྱེ་མ་རྒྱམ་ཚྭ་དང། ཆུ་དྲོན་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་བྱ་གྲི་དང་གཟེ་མ་བསྐོལ་བའི་ཐུག་པ་ཕ་ནི་ཏ་ཞེས་བྱ་སྟེ་བླུད་དོ། །ཡང་ན་གོ་བྱའི་སྡེ་ཚན་བསྐོལ་བ
་འམ། ཁྱིམ་བྱའི་ཤ་ཁུ་དང་སྦྱར་བའི་ཐུག་པ་བླུད་དོ། །ཡང་ན་བྲག་ཞུན་སྨན་བི་ར་ཏ་ཀའི་སྡེ་ཚན་བསྐོལ་བས་ཡང་དང་ཡང་དུ་བསྐོལ་བ་སྦྱིན་ནོ། །ཡང་ན་ཆང་ལེགས་པར་སྨིན་པར་འཐུངས་ཏེ། རྟ་རྒྱུག་པ་འམ། ཤིང་རྟས་མྱུར་དུ་ཤུགས་ཀྱིས་འགྲོ་ཞིང་ལུས་བསྐྱོད་པས་རྡེའུ
་གནས་ནས་འཕོ་བར་འགྱུར་རོ། །རྡེའུ་གོང་པོར་ཆགས་པ་དང། རྡེའུ་ཕྱེ་མར་ཆགས་པ་ལ་ནི་རྣམ་པ་ཐམས་ཅད་དུ་བིར་ཏ་ཀ་ལ་སོགས་པའི་སྡེ་ཚན་བཟའ་བ་དང་བཏུང་བ་དང་ཐམས་ཅད་ལ་སྦྱར་བར་བྱའོ། །བཀྲུ་སྨན་གྱི་དོན་དུ་སེང་ཕྲོམ་གྱི་མར་རླུང་ནད་ཀྱི་སྐབས་སུ་བཤད་པ་དང
་ཁྱད་པར་དུ་འཇམ་རྩིམས་བཏང་བའི་ལས་བྱའོ། །ཁུ་བ་ལས་གྱུར་པའི་རྡེའུ་ཆགས་པ་ལ་ནི་ཉམས་སྟོབས་དང་ལྡན་པ་ཞིག་ན། ཕོ་མཚན་གྱི་ལམ་ནས་འཇམ་རྩི་བཏང་སྟེ་གནས་དག་པར་བྱའོ། །གཞན་ཡང་སྐྱེས་བུ་དེས་ཐོག་མར་ཁུ་བ
་འཕེལ་བའི་ཆོ་ག་ཁྱིམ་བྱའི་ཤ་དང། མོན་སྲན་བྲེའུ་དང། བྱིའུ་མཆིལ་པ་དང། དེ་རྣམས་ཀྱི་ཤ་དང་ཁུ་བ་ངོམས་པར་འཐུངས་ལ་བུད་མེད་འདོད་པའི་ཤས་ཆེ་བ་བསྟེན་ཅིང་ཉལ་པོ་བྱས་ན་ཕན་ནོ། །དེ་ལ་རྡེའུ་མཚོན་གྱིས་དྲལ་ཏེ་དབྱུང་བ་ལས། རྡེའུར་སྨིན་ནས་ངེས་པར
་རེད་པ་ནི་དྲལ་བར་འོས་པ་ཡིན་ལ། མ་སྨིན་པ་ལས་ནི་གོང་གི་སྨན་གྱིས་གསོ་བར་བྱའོ། །དེ་ལ་རྡེའུ་འབྱིན་པ་དང་དཔྱད་ཆེན་པོ་འདི་ནི་ཤིན་ཏུ་ཉེན་ཆེ་སྟེ། སོས་ཤི་བསྲོ་བར་དམ་བཅའ་དགོས་པ་ཡིན་པས་སྨན་པས་ས་བདག་གི་རྒྱལ་པོ་ལ་སྨན་དཔྱད་ཀྱི་ཡན
་ལག་བགྱི་བར་ཐག་བཅད་དེ་དེའི་འོག་ཏུ་སྨན་པས་མཚོན་པར་བྱས་ནས་ཤིན་ཏུ་བརྟགས་ཏེ་ལས་བརྩམ་པར་བྱའོ། །དེ་ཡང་གསོ་བའི་དཔྱད་མ་བྱས་ན་ནི་ངེས་པར་འཆི་བར་འགྱུར་ལ། བྱས་ན་ནི་ཐེ་ཚོམ་དང་བཅས་ཤིང་འཚོ་བ་ཡང་སྲིད་པས་ཤིན་ཏུ་བག
་དང་བཅས་བར་དཔྱད་བྱ་བའི་རིགས་སོ། །དཔྱད་རྩོམ་པའི་སྨན་པ་བདག་ཉིད་ཀྱང་སྨན་དཔྱད་ཀྱི་ལུང་ལེགས་པར་ཁོང་དུ་ཆུད་ཅིང་གསོ་བའི་ལས་མང་པོ་གྲུབ་པས་བྱ་དགོས་པ་ཡིན་ནོ། །དེ་ལ་རྡེའུ་འབྱིན་པར་འདོད་པས་ཐོག་མ་ནས་ནད་པ་ལ་སྣུམ་གྱི་ཚོགས
་ལུས་དག་པར་བྱས་ལ། དེ་ནས་རྡེའུ་གསལ་པོར་མངོན་པར་བྱ་བའི་ཕྱིར་ལུས་ཅུང་ཞིག་སྦྱར་ཏེ་རིང་བར་བྱས་ནས། དེའི་འོག་ཏུ་ལུས་མར་གྱིས་བསྐུས་ལ་ཅུང་ཞིག་རྡུལ་བའི་ཆོ་ག་བྱའོ། །དེ་ནས་བདེ་ལེགས་སུ་འགྱུར་ཞིང་རང་གི་ལུས་བསྲུང་བའི་ཕྱིར་བཀྲ་ཤིས་དག
་པར་བྱ་བར་རིགས་སོ། །དེ་ནས་སྙིང་སྟོབས་བསྐྱེད་པའི་ཕྱིར་ཐོག་མ་རྡེའུ་འབྱིན་ཁར་ཆང་བཟང་པོ་མང་དུ་བླུད་ལ། རྟ་འམ་ཤིང་རྟ་བསྐྱོན་ཏེ་དྲག་དུ་རྒྱུགས་ན་གནས་སྔ་མ་ལས་རྡེའུ་འོག་ཏུ་རང་འབབ་པར་འགྱུར་རོ། ཐབས་དེས་རྡེའུ་འོག་ཏུ་མ་འཕོས་ན་བཙིར་བ་ལ
་སོགས་པ་འོག་ནས་འབྱུང་བའི་ཆོག་རྣམས་བྱའོ། །དེ་ནས་ནད་པ་ལ་ཟན་ཅུང་ཟད་བྱིན་ལ་ནད་པ་སྤང་ལེབ་ཀྱི་ཁྲི་པུས་མོ་ཙམ་མཐོ་བའི་སྟེང་དུ་སྟན་ནང་ཚངས་ཅན་ལ་སོགས་པ་འཇམ་པ་བཏིང་བ་ལ་མི་ཅིག་རྒྱབ་ནས་བསྟེན་ཐབས་སུ་འདུག་ལ། དེའི་པང་པར་ནད་པ
་བཞག་སྟེ་ལྟོ་བ་ཡན་ཆད་ཀྱི་རོ་སྟོད་ཅུང་ཟད་བསྟོད་ལ་པུས་མོ་གཉིས་བཀུག་སྟེ་སྒྱིད་ཁུང་གཉིས་ནས་རས་ཀྱིས་དྲངས་ལ་ལག་ངར་གཉིས་དང་བཅས་པ་མི་འགུལ་བར་དམ་དུ་རྐེད་པར་བཅིང་ངོ། །དེ་ནས་ཉེ་འཁོར་ན་འདུག་པ་རྣམས་ཀྱིས་སྤྲོ་བ་བསྐྱེད་དོ། །དེ་ནས
་ལྟེ་བ་མན་ཆད་བསྐུ་ཕྱུག་བྱས་ཏེ་ལྟོ་བ་གཡོན་ལོགས་ནས། མར་ལ་ཁུ་ཚུར་གྱིས་མཐར་ཆགས་སུ་ཕུལ་ཐབས་ཀྱིས་བཙིར་ལ། ཇི་སྲིད་དུ་རྡེའུ་འོག་ཏུ་ཕྱིན་པར་གྱུར་པ་ལག་པ་གཡོན་པའི་མཛུབ་མོ་དང་གུང་མོ་གཉིས་སེན་མོ་བྲེགས་ལ་ཏིལ་མར་གྱིས་བསྐུས
་ནས་བཤད་པའི་ལམ་ནས་བཅུག་སྟེ། ནམ་རྡེའུ་ལ་རེག་པ་དང། ཕྱི་རོལ་གྱི་བཤང་བའི་སྒོ་དང། འབྲས་བུའི་མཚམས་ཀྱི་སྲུབས་བྲེང་བྲེང་པོར་སྟོབས་ཀྱིས་ཕུལ་ཏེ་དེ་ཡང་ཇི་སྲིད་གཞུང་མཐོན་པོར་གྱུར་གྱི་བར་དུ་སོར་མོ་གཉིས་ཀྱིས་བཙིར་ཞིང་ཕྱི་རོལ་ནས་ཀྱང་ཁུ་ཚུར
་གྱིས་དགུག་སྟེ་མཚན་གྱིས་ཕུལ་བར་བྱའོ། །དེ་ནས་མཐོ་བར་གྱུར་པ་དང། དབུས་བྲེང་བྲེང་པོའི་སྲུབས་ཀྱི་དཀྱིལ་དུ་མཚོན་མི་གདབ་པར་གཡས་གཡོན་གང་མཐོ་བའི་སྟེང་ཕྱོགས་ཀྱི་སྲུབས་ཀྱི་མཚན་དུ་ཟབས་སུ་ནས་གང་ཙམ་ལ་རྨ་ཁའི་ཆེ་ཆུང་ནི་རྡོའོ
་ཤིང་ཚད་ཀྱིས་རྨ་དྲལ་ལ་རྡེའུ་ཆེ་ཆུང་ཅི་ཡོད་པ་མ་ལུས་པར་དབྱུང་ངོ། །ཅི་སྟེ་ལག་པས་རྡེའུ་མ་ཐོན་ན་ལྕགས་ཀྱུ་མི་རྣོ་བས་ཕྱིར་དྲངས་ཏེ་མ་ལུས་པར་དབྱུང་ངོ། །བུད་མེད་ཀྱི་རྡེའུ་ཆགས་པ་ལ་ནི་ཆུ་སོའི་གཡས་གཡོན་གྱི་ངོས་གང་ཡང་རུང་བ་ལ་ཡོད་དོ། །དེ་ཡང
་ཚངས་ལ་བརྟེན་ཏེ་འདུག་པས་མཛུབ་མོ་དང་གུང་མོ་གཉིས་གོང་མ་བཞིན་དུ་བཅུག་སྟེ་གང་ཕྱོགས་ན་ཡོད་པ་མྱངས་ནས་གཡས་གཡོན་གང་ན་ཡོད་ན་ཡང་དེའི་ཕྱོགས་ཀྱི་ངོས་ལ་དྲལ་ལོ། །ཆོ་ག་གཞན་ནི་སྐྱེས་པ་དང་འདྲའོ། །གཞན་དུ་ལོག་པར་དྲལ་ན་ནི་རྨ་ཁ
་ལས་རྟག་ཏུ་གཅིན་འཛག་པའི་སྐྱོན་དུ་འགྱུར་རོ། །སྐྱེས་པ་ལ་ཡང་བཙིར་དྲགས་ན་ལྒང་པ་ཞར་ནས་རྟག་ཏུ་གཅིན་འཛག་པའི་སྐྱོན་ཡོད་དེ་དེ་བས་ན་སྐྱེས་པའི་ཆུ་སོར་རྡེའུ་ཕྱིན་ཁར་དལ་གྱིས་ཕུལ་ལ་མཉེའོ། །ལན་ཅིག་དྲལ་ནས་རྡེའུ་ཕྱིར་བྱུང་ན་ནི
་ལེགས་པའི་མཚན་མ་ཡིན་ནོ། །ལན་ཅིག་དྲལ་བས་རྡེའུ་མ་ཐོན་ན་ཉེས་པ་ཡིན་ཏེ་ཡང་མི་བསྣན་ནོ། །དེ་ལྟར་དྲལ་མ་ཐག་ཏུ་མཚན་ཕྱིར་ཕྱུང་ལ་རྡེའུ་ཡང་རྟིང་ཐོགས་ལ་ཕྱུང་མ་ཐག་ཏུ་སྣོད་ཆུ་དྲོན་གྱིས་བཀང་བའི་ནང་དུ་རོ་སྨད་བཅུག་ལ་དུགས་བྱས་ན་ཁྲག་ངན
་ཕྱིར་བྱུང་ཞིང་ནང་ཉུང་བར་ཡང་འགྱུར་རོ། །རྨ་ཁ་ཆུ་མི་ཤོར་བར་བསྲུང་ངོ། །དེ་ནས་རྨ་ཁའི་ནང་ན་ཁྲག་ངན་ཡོད་ན་བཙིར་ལ་དབྱུང་ངོ། །དེ་ལྟར་བྱས་ན་ཡང་ནང་དུ་རྡེའུའི་དུམ་བུ་ཁྲག་ངན་ལས་སུ་དོགས་ན་ཤིང་འོ་མ་ཅན་ཆམ་ཆོམ་བརྡུངས་ལ་ཆུ་དང་བསྐོལ་བའི་ཁུ་བ
་ལྒང་བའི་ནང་དུ་བཅུག་ཕོ་མཚན་གྱི་བུ་ག་འམ་རྨ་གང་ཡང་རུང་བ་ནས་འཇམ་རྩིའི་ཐབས་སུ་བཏང་ན་རྡེའུའི་དུམ་བུ་དང་ཁྲག་ངན་ཐམས་ཅད་འབྱིན་ཏེ། གཅིན་གྱི་གནས་དག་པར་གྱུར་ལ་གཅིན་ཡང་ལེགས་པར་འབྱུང་ངོ། །གོང་དུ་འོ་མ་ཅན་གྱི་ཤིང་ཞེས་སྨོས་པ
་མི་སྨན་པ་རྣམས་འདི་ལྔ་ལ་འདོགས་ན་གྲོ་ཏ་དང། ཨུ་དུམྦ་ར་དང། ཨ་ཤྭཏྠ་དང། ཀ་པི་ཏ་དང། པཱཀྵ་སྟེ་ལྔ་པོ་འདི་དག་ཡིན་པར་འདོད་དོ། །དེ་ནས་མར་དང་སྦྲང་རྩི་ཆ་མཉམ་ལ་རྨ་ཁར་བསྐུའོ། །གཅིན་གྱི་གནས་དག་པར་བྱ་བའི་ཕྱིར་བུ་རམ་ཡོག་ཚད་དུ་བཟའ་ཨོ།།
་ཁ་ཟས་ནི་ཞག་གསུམ་གྱི་བར་དུ་སྔ་དྲོ་ཕྱི་དྲོ་དུས་གཉིས་སུ་གྲུས་དང་བཀྲུ་སྨན་དང། གཟེ་མ་དང། འདི་རྣམས་བསྐོལ་བའི་ཁུ་བ་ལ་གཞི་བླངས་པའི་འབྲས་ཐུག་དྲོ་འཇམ་ཙམ་མར་དང་ལྡན་པ་སྦྱིན་ནོ། །དེ་ནས་ཉི་མ་བཅུ་པའི་བར་དུ་འབྲས་ཆན་ཉུང་ཤས་མར་དང་འོ་མ
་དང་ལྡན་པར་བྱས་པ་སྦྱིན་ནོ། །དེ་ཕན་ཆད་ནི་ཤིང་ཏོག་སྐྱུར་པོ་སེའུ་ལ་སོགས་པ་དང་སྐམ་ས་ན་གནས་པའི་རི་དགས་ཀྱི་ཤ་ཁུ་དང་འབྲས་ཆན་ཆུང་དུ་ཟའོ། །དེ་ནས་ཁ་ཟས་ཀྱིས་རིམ་པ་བསྐྱེད་དོ། །ཤིང་འོ་མ་ཅན་བསྐོལ་བའི་ཁུ་བས་ཇི་སྲིད་སོས་ཀྱི་བར་དུ་རྨ
་བཀྲུ་བར་བྱའོ། །ཡང་རྨའི་ཐན་ཁོར་དུ་པྲ་པུཎྚ་རི་ཀ་དང། བཙོད་དང། ཤིང་མངར་དང། སེང་ཕྲོམ་དཀར་པོ་དང་འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དང་ལྡེ་གུར་བྱས་པས་བཀྲུའོ། །ཡང་ན་སྨན་གོང་མའི་ནང་དུ་ཡུང་བ་དང་སྐྱེར་བས་བསྣན་ཏེ་ཕྱེ་མར་བྱས་པ་ལ་ཏིལ་མར་དང
་སྦྱར་བས་རྨ་ལ་བཀྲུའོ། །གཞན་ཡང་གོང་མའི་སྦྱོར་བའི་སྨན་གྱི་ནང་དུ་སྦྲང་རྩི་དང་སྦྱར་བ་ཞག་བཅུའི་བར་དུ་རྨ་ལ་དུགས་བྱའོ། །ཡང་ན་སྨན་དེ་ཉིད་ཀྱིས་ཞག་བདུན་གྱི་བར་དུ་གཅིན་གྱི་རྒྱུན་སྲང་ཀུན་ཏུ་ཡང་དུགས་བྱའོ། །དེ་ལྟར་བྱས་ཀྱང་གཅིན་རྨ་ལས་འབྱུང་ཞིང་ཕོ
་མཚན་ནས་མི་འབྱུང་ན། མདོའི་གནས་སུ་ཇི་ལྟར་བཤད་པ་བཞིན་དུ་རྨ་མེད་བསྲེགས་ནས་རྨ་འདྲུབ་པའི་རིགས་སོ། །ཡང་ན་མངར་བའི་སྨན་སྣ་ཚོགས་སྦྲང་རྩི་དང་སྦྱར་བའི་ཁུ་བ་ལྒང་བའི་ནང་དུ་བླུགས་ཏེ་སྤུ་བུ་ཕྲ་མོ་དང་ཕོ་མཚན་གྱི་བུ་ག་ནས་ཡར་འཇམ་རྩིའི་ཐབས་སུ་བཏང
་ན་གཅིན་བ་དེ་བར་འབྱུང་ཞིང་མཁྲིས་པ་ཡང་སེལ་ཏོ། །རྨ་འདྲུབས་ནས་ལོ་གཅིག་གི་བར་དུ་སྲུང་བ་ནི་རི་དང་ཤིང་ལ་མི་འཛེག་རྟ་དང། གླང་པོ་ཆེ་དང་ཤིང་རྟ་ལ་མི་ཞོན་ཉལ་པོ་སྤང་ཚུལ་མ་རྐྱལ་མཚོན་གདབ་དུ་མི་རུང་བའི་གནས་བརྒྱད་ཡོད་དེ། རླིག་པ་དང། གཅིན་དང
་ཁུ་བ་འབབ་པའི་གནས་དང། ལྒང་པ་དང་ཕོ་མཚན་དང་བཤང་པའི་སྒོའི་མཚམས་ཀྱི་སྲུབས་དང་ཕོ་མཚན་གྱི་རྩེ་མོ་དང། མོ་མཚན་གྱི་ཁ་དང། འདི་དག་ནི་གནས་ཀྱི་གནད་བརྒྱད་ཡིན་པས་མཚོན་མི་གདབ་བོ། །གཅིན་འགགས་པའི་ནད་གསོ་བའི་ལེའུ་བཅུ
་གཅིག་པ་རྫོགས་སོ།། །།དེ་ནས་གཅིན་སྙི་བ་ཟ་གུའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་གཅིན་ནད་ཡོད་པའི་ནད་པ་སྟོབས་དང་ལྡན་ན་ཐོག་མར་ཡུངས་ཀར་དང་ནིམྦ་དང། ཉེའུ་ཤིང་དང་བ་རུ་ར་དང་ཀ་རཉྫ་དང། འདི་རྣམས་གང་ཡང་རུང་བའི
་མར་གྱི་ནང་དུ་གཟེ་མ་བཏབ་པ་བསྐོལ་ཏེ་མར་འབའ་ཞིག་ལུས་པས་སྣུམ་ཆོས་བྱས་ལ་དེའི་འོག་ཏུ་སྐྱུགས་སྨན་དང་བཀྲུ་སྨན་བཏང་ངོ། །དེའི་འོག་ཏུ་བྱེའུ་རུག་པའི་སྡེ་ཆེན་བསྐོལ་བའི་ཁུ་བའི་ནད་དུ་གླ་སྒང་དང་ཐང་ཤིང་དང། དོང་ཀྲ་གསུམ་བཏགས་པའི་ནི་རུ
་ཧ་མས་བཏང་བར་བྱའོ། །ཡང་ན་མཁྲིས་པ་ལ་ཕན་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་ནྱ་གྲོ་དྷའི་སྡེ་ཚན་གྱི་ཕྱེ་མ་བཏབ་པའི་ནི་རུ་ཧ་བཏང་ངོ། །དེ་ལྟར་དག་པར་བྱས་ནས་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་ཐུག་པར་བྱས་པ་བླུད་དོ།།
་གལ་ཏེ་ཐུག་པ་མ་བླུད་ན་ནི་གཅིན་འགགས་པ་དང། སྐྲན་དང་ཁམས་ཟད་པ་དང། ཆུ་སོ་གཟེར་བའི་ནད་འབྱུང་སྟེ། དེ་ལ་ནི་གོང་གི་ཐུག་པ་ལ་སོགས་པས། གཅིན་འགགས་པ་དང། ཁམས་ཟད་པ་ཞི་བར་བྱ་བ་དང། བསྲུང་བར་བྱ་བའི་སྦྱོར་བ་བྱ་སྟེ། གཅིན་ནད
་ཐམས་ཅད་ལ་ཆོ་ག་དེ་ལྟར་བྱའོ། །སྐྱུ་རུ་ར་བསྐོལ་བའི་ཁུ་བའི་ནང་དུ་ཡུད་བའི་ཕྱེ་མ་དང་སྦྲང་རྩི་བཏབ་པ་སྦྱིན་ནོ། །ཡང་ན་སྐྱེར་པ་དང། ཐང་ཤིང་དང་འབྲས་བུ་གསུམ་དང། གླ་སྒང་འདི་རྣམས་བསྐོལ་བའི་ཁུ་བ་གྲང་མོའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་གཅིན་ནད
་སེལ་ཏོ། །ཡང་ན་ཙི་ཏྲ་ཀ་དང། འབྲས་བུ་གསུམ་དང། སྐྱེར་པ་དང་དུག་མོ་ཡུངས་ཀྱི་ཤུན་པ་དང། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །ཡང་ན་སླེ་ཏྲེས་ཀྱི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་སྐྱུ་རུ་རའི་ཁུ་བ་སྦྲང་རྩི་དང་སྦྱར
་བ་བླུད་ན་ཕན་ནོ། །ཡང་ན་སེང་ཕྲོམ་དང། ཨ་རུ་ར་དང། གླ་སྒང་དང། ཀཏཔ་ལ་དང། འདི་རྣམས་ཀྱི་ཁུ་བ་འམ། ཡང་ན་པ་ཐ་དང། བི་དང་ག་དང། ཨརྫུ་ན་དང། བྱི་ཚེར་བ་དང། འདི་རྣམས་ཀྱི་ཁུ་བ་འམ། ཡང་ན་སེང་ལྡེང་དང། སྐྱེར་པ་དང། བི་དང་ག་དང་འདི་རྣམས
་བསྐོལ་བའི་ཁུ་བ་འམ། སྨན་གྱི་སྦྱོར་བ་འདི་གསུམ་གང་ཡང་རུང་བའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་བད་ཀན་ལས་གྱུར་པའི་གཅིན་ནད་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་པུ་ཤེལ་ཙི་དང། སེང་ཕྲོམ་དང། ཨརྫུ་ན་དང། ཙན་དན་དང། འདི
་རྣམས་བསྐོལ་བ་འམ་ཡང་ན་པ་ཏོ་ལ་དང། ནིམྦ་དང། སྐྱུ་རུ་ར་དང། སླེ་ཏྲེས་དང། འདི་རྣམས་ལྷན་ཅིག་བསྐོལ་བ་འམ། ཡང་ན་སེང་ཕྲོམ་དང། བ་ལ་ཀ་དང། སྐྱེར་བ་དང། ང་ཏ་ཀའི་མེ་ཏོག་དང་འདི་དག་བསྐོལ་བའི་ཁུ་བ་འམ་སྦྱོར་བ་དེ་གསུམ་གྱི་ནང་དུ་སྦྲང་རྩི
་བཏབ་པ་གང་ཡང་རུང་བ་བླུད་ན་ཕན་ནོ། །མཁྲིས་པ་དང་བད་ཀན་གྱི་གཅིན་ནད་ལ་རང་གི་སྨན་གང་ཡིན་པ་བསྐོལ་བའི་ཁུ་བ་འམ། ཡང་ན་གཅིན་གྱི་ནང་དུ་ནས་དང་གྲོ་སྤངས་པ་ལས་ཟས་ལ་སོགས་པ་གཡོས་སུ་བྱས་པ་བཟའ་ཨོ། །རླུང་ལས་གྱུར་པའི་ནད་ལ་ནི་སྣུམ་དང་སྦྱར་བ
་བཟའ་ཨོ། །གཅིན་སྙི་བའི་ནད་ལ་ནི་ཏ་དང་བ་ལང་གང་ཡང་རུང་བ་ལ་ནས་བྱིན་ཏེ། དེའི་ལྕི་བ་ལས་བྱུང་བའི་ནས་ལས་གཡོས་སུ་བྱས་པའི་སྣུམ་ཁུར་དང་ཕྱེ་དང་ཟན་ལ་སོགས་པ་བྱས་ཏེ་བྱིན་ན་ཕན་ནོ། །ཡང་ན་འོད་མ་ལས་སྐྱེས་པའི་འབྲུ་ལས་གོང་མ་ལྟར་གཡོས་སུ་བྱས་ཏེ
་ཟོས་ན་ཕན་ནོ། །ཡང་ན་ཅི་ཙེ་དང། བྲའོ་དང། སྲན་མུང་ག་ལ་སོགས་པའི་གང་བུ་ལས་སྐྱེས་པའི་འབྲུ་དང། འབྲས་རྙིང་པ་དང། འདི་རྣམས་ལས་གཡོས་སུ་བྱས་པ་བྱིན་ན་ཕན་ནོ། །ཡང་ན་ཏིལ་དང། ཡུངས་ཀར་གྱི་ཚིགས་མ་སྐྱུར་དང་སྦྱར་བའི་ཐུག་པ་ཁ་ལ་ཞེས་བྱ་བར
་གྲགས་པ་ཡིན་ཏེ་འཐུངས་ན་ཕན་ནོ། །བཏུང་བ་ནི་ཀ་པིཏྟ་དང་ཤིང་ཏིནདུ་དང། འཛམ་བུ་དང་འདི་རྣམས་ཀྱི་འབྲས་བུའི་ཁུ་བ་སྐྱུར་པོ་རྒུན་ཆུས་དམར་པོར་བསྒྱུར་བ་བཏུང་ངོ། །ཚོད་མ་ནི་ཁུ་བའི་བག་པ་ཏོ་ལ་དང། སཔཏ་ལ་སོགས་པ་ལ་བྱའོ། །བཟའ་བ་ནི་ལ་ཏུ་དང་ཕྱེ་དང
་སྦྲང་རྩི་དང། འབྲས་བུ་གསུམ་དང་བཅས་པའི་སྐོམ་བག་བཟའ་ཨོ། །སྲོག་ཆགས་ཐང་ལས་སྐྱེས་པའི་ཐུར་མ་བསྲེགས་ཏེ་ཆུ་སེར་བསྐམས་པའི་ཤ་བཟའ་ཨོ། །འོག་ནས་སྨོས་པའི་ལྕགས་ལས་བྱས་པའི་སྦྱོར་བ་ཡང་འདིར་སྦྱར་རོ། །དེའི་འོག་ཏུ་རྒུན་ཆད་དང་ཨ་ས་བའི
་ཆང་དང་འདི་རྣམས་ཡོངས་སུ་སྨིན་པའི་ཆང་རྙིང་པ་དང་དྲོ་བའི་བཏུང་བ་སྦྱིན་ནོ། །དེ་བཞིན་དུ་ཨ་ས་ནའི་སྡེ་ཚན་བསྐོལ་བའི་ཆུ་འམ་རྩ་དུར་བ་དང་བསྐོལ་བའི་ཆུ་འམ་སྦྲང་རྩིའི་ཆུ་བཏུང་བར་སྦྱིན་ནོ། །འབྲས་བུ་གསུམ་བསྐོལ་བའི་ཆུའི་ནང་དུ་ནས་ནུབ་ཅིག་སྤངས
་ལ་ཉིན་གཅིག་བསྐོལ་ཏེ། ལེགས་པར་བཏགས་པའི་ཕྱེ་སྦྲང་རྩི་དང་བཅས་པ་བུ་རམ་དང་སྦྱར་བ་བླུད་དོ། །ཤིང་ས་ལ་དང་ལོ་མ་བདུན་པ་དང། ཀ་བི་ལྱ་དང། པྲི་ཀྵ་དང། བ་རུ་ར་དང། ཀ་པིཏྟ་དང། རོ་ཧི་དང། འདི་རྣམས་ཀྱི་མེ་ཏོག་ཕྱེ་མར་བྱས་ཏེ་སྦྲང་རྩི་དང།
་ལྷན་ཅིག་བཟའ་བ་འམ། ཡང་ན་སྐྱུ་རུ་རའི་ཁུ་བ་སྨན་གོང་མའི་ཕྱེ་མས་བཏབ་པ་འཐུངས་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་གཅིན་ནད་སེལ་ཏོ། །གཟེ་མ་དང་སྐྱེར་པ་དང། སེང་ཕྲོམ་དང། ཀཏཔ་ལ་དང། ཤུ་དག་དང། ཨརྫུ་ན
་དང། ཤུག་པ་དང། ཨ་སྨན་ཏ་ཀ་དང། ནིམྦ་དང། ཙན་དན་དང། ཨ་ཀ་རུ་དང། ཏིང་པུས་ས་དང། པ་ཏོ་ལ་དང། ག་པུར་དང། བཅོད་དང། བོང་ང་དཀར་པོ་དང། གོ་བྱེ་དང་འདི་རྣམས་ཏིལ་མར་དང་ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་རླུང་དང་བད་ཀན་ལས་གྱུར་པའི་གཅིན
་ནད་ལ་ཕན་ནོ། །མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་གོང་མའི་སྨན་མར་དང་བསྐོལ་བ་བླུད་དོ། །འདུས་པའི་གཅིན་ནད་ལ་ནི་མར་དང་ཏིལ་མར་དང་བསྲེས་པ་བསྐོལ་བ་བླུད་དོ། །ཡང་ན་རྩ་བ་བཅུ་པ་དང། ཟུར་པ་དཀར་པོ་དང། དནདི་དང། ཐང་ཤིང་དང། བ་སྤྲུ་བ
་རྣམ་གཉིས་དང། སྣ་ཏི་དང། ཨརྐའི་རྩ་བ་དང། ཨ་རུ་ར་དང། བྷུ་ཀ་དམྦ་དང། བསེ་ཤིང་གི་འབྲས་བུ་དང། ཀ་རཉྫའི་རྩ་བ་དང། བྲ་ར་ནའི་རྩ་བ་དང། པི་པི་ལིང་གི་རྩ་བ་དང། མ་ནུའི་རྩ་བ་དང། འདི་རྣམས་སྲང་བཅུ་བཅུ་དང། ནས་དང། རྒྱ་ཤུག་དང། རྒྱ་སྲན་འདི
་རྣམས་སྲང་བཅུ་དྲུག་བཅུ་དྲུག་དང། ཆུ་བྲེ་ཉི་ཤུ་རྩ་བཞི་དང་ཚུལ་བཞིན་དུ་བསྐོལ་ནས་བཞི་ཆ་ལུས་པའི་ནད་དུ་པི་པི་ལིང་རྣམ་གཉིས་དང། དབྱི་མོ་དང། ནི་ཙུ་ལ་དང། རོ་ཧི་ཏ་ཀ་དང། དུར་བྱིད་དང། བི་དང་ཀ་དང། ཀ་པི་ལྱ་དང། ག་བྲའི་རྩ་བ་དང། དེ་རྣམས
་བཏགས་པའི་ཕྱེ་མ་དང། མར་བྲེ་གང་དང་ཡང་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་ནི་ཐང་ལ་འབར་གྱིས་བཤད་པའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གཅིན་ནད་ཐམས་ཅད་དང་འབྲུམ་བུ་ཕྲ་མོས་ཉམས་ཐག་པ་ལས་རྒྱལ་བར་བྱེད་དེ། ཁྱད་པར་དུ
་སྐྱ་རྦབ་དང། ཁོང་འབྲས་དང། སྐྲན་དང། གཞང་འབྲུམ་དང། སྐྲང་བ་དང། སྐེམ་པ་དང། དབྱིག་དུག་དང། དམུ་རྫིང་དང། ལུད་པ་དང། དབུགས་མི་བདེ་བ་དང། སྐྱུགས་པ་དང། ཆིལ་རྒྱས་པ་དང། མཆེར་པ་ན་བ་དང། དྲེག་དང་མཛེ་དང། སྨྱོ་བྱེད་དང། བརྗེད་བྱེད་ལས་རྒྱལ
་བར་འགྱུར་རོ། །ཡང་ན་སེང་ཕྲོམ་དང། མུར་བ་དང། ཟུར་བ་དཀར་པོ་དང། བི་དང་ཀ་དང། ག་བའི་རྩ་བ་དང། རྒྱ་སྤོས་དང། ཆུ་སྲིན་སེ་ན་མོ་དང། སླ་བ་དང། དུག་མོ་ཉུང་དང། རུ་རྟ་དང། ཀྲ་མུ་ཀྲ་དང། བྲི་ཡང་ཀུ་དང། བོང་ང་དཀར་པོ་དང། ཙི་ཏྲ་ཀ་དང། བི་ཤ་རྣམ་གཉིས་དང། དྲི་རྣམ་བཞི
་དང། ཏིཀྟ་དང། པུ་ཤེལ་རྩི་དང། ལ་ལ་པུད་དང། མ་ནུ་དང། པ་ཐ་དང། པི་པི་ལིང་གི་རྩ་བ་དང། དབྱི་མོ་དང། འབྲས་བུ་གསུམ་དང། སྨན་འདི་རྣམ་ཞོ་གཉིས་གཉིས་སུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང་ཚིགས་མ་བོར་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་བྲེ་དེ
་བཅུག་ལ་ཟླ་བ་ཕྱེད་ཀྱི་བར་དུ་སྣོད་སྣུམ་ཅན་གྱི་ནང་དུ་བཞག་པ་ནི་སེང་ཕྲོམ་གྱི་ཨ་སཱི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གཅིན་ནད་དང། གཞང་འབྲུམ་དང། མཛེ་དང། ཡི་ག་འཆུས་པ་དང། སྲིན་བུའི་ནད་དང། སྐྱ་རྦབ་དང། ཕོ་བའི་ནད་དང། ཆིལ་རྒྱས་པའི་ནད་ལས
་ཐར་བར་བྱེད་དོ། །ཡང་ན་སེང་ཕྲོམ་ལ་སོགས་པ་གོང་མའི་སྨན་སྲང་ཉི་ཤུ་ཆུ་སྲང་བཞི་སྟོང་དགུ་བཅུ་རྩ་དྲུག་གི་ནང་དུ་བསྐོལ་ཏེ། བཞི་ཆ་སྲང་སྟོང་ཉི་ཤུ་རྩ་བཞི་ལུས་པའི་ནང་དུ་བུ་རམ་སྲང་ཉིས་བརྒྱ་དང། སྦྲང་རྩི་སྲང་དྲུག་ཅུ་རྩ་བཞི་དང། དུག་མོ་ཡུངས་ཀྱི་སྡེ་ཚན་བཏགས
་པའི་ཕྱེ་མ་བཅུག་སྟེ་རྫ་མ་སྣུམ་ཅན་སྲ་བའི་ནང་དུ་པི་པི་ལིང་གི་ཕྱེ་མ་དང་སྦྲང་རྩི་ནང་ངོས་བསྐུས་ལ། རྫ་མའི་ཕྱི་རོལ་ནས་ཀྱང་རྒྱ་སྐྱེགས་བཞུབས་བསྐུས་པའི་ནང་དུ་བཅུག་ལ་སེང་ལྡེང་གི་མེ་ལྡག་གི་ནང་དུ་ལྕགས་སྲབ་ཅིང་རྣོ་བ་ལོ་མ་ལྟ་བུ་ལེབ་ལེབ་པོ་བྱས་ཏེ
་བསྲེགས་ལ། སྨན་ཁུའི་ནང་དུ་བཅུག་སྟེ། དེ་བཞིན་དུ་ཡང་བསྲེགས་ཅིང་ཡང་བཅུག་ལ་ལན་མང་དུ་བྱས་ཏེ། ནས་ཀྱི་ཕུང་པོའི་ནང་དུ་ཟླ་བ་གསུམ་མམ་བཞིར་བཞག་པ་ནི་ལྕགས་ལས་བྱས་པའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་ཕན་ཡོན་གོང་མ་བས་ཀྱང
་ཁྱད་པར་དུ་འཕགས་སོ། །གཅིན་ནད་ལ་ནི་སྨན་རྣམ་པ་དང་སྦྱར་བའི་ལྡེ་གུ་སླ་བས་ལུས་ཤུགས་དྲག་ཏུ་དྲིལ་ཅིང་ལུས་ཀྱི་རྩལ་དང། ནུབ་མོ་མི་ཉལ་བ་དང། གང་ཡང་བད་ཀན་དང་ཚིལ་འཇོམས་པའི་བག་ཕྱི་དང་ནང་གཉིས་ནས་ཟས་དང་སྤྱོད་ལམ་བསྟེན་ན་ཕན་ནོ། །བྲག
་ཞུན་སྲང་བརྒྱ་ཨ་ས་ནའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་སྤངས་ཏེ་ཕྱིར་ཕྱུང་ལ། ཡང་སྐམས་ཏེ་ཡང་སྤང་ཞིང་བྲན་པ་ལན་མང་དུ་བྱས་ལ། བཅུད་ཀྱིས་ལེན་གྱི་ཆོ་ག་ལྟར་བཏུང་ཞིང་ཨ་ས་ནའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཆན
་དང། སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་བཅས་པ་ཟོས་ན། གཅིན་ནད་ཀྱིས་ཉམ་ཐག་པ་ཐམས་ཅད་དང། གཞན་གྱིས་གཙེས་པ་ལ་ཡང་ཕན་ཏེ། འབྲས་ཀྱི་ཕྲེང་བ་དང། ལྦ་བ་དང། ཐོར་བུ་དང། ཚེ་ཆེས་པ་དང། མཛེ་ནད་དང། མཚན་བར་རྡོལ་བ་དང།
་སྲིན་བུའི་ནད་དང། རྐང་བམ་དང། སྐྲངས་པ་རྣམས་ལ་ཕན་པའི་བཅུད་ཀྱི་ལེན་གྱི་མཆོག་ཡིན་ནོ། །གཅིན་ནད་ཀྱི་སྐྱེས་བུས་ནི་དྲང་སྲོང་བཙུན་པ་ལྟར་འབྲས་བུ་དང་རྩ་བ་དང། སྡོང་བུ་རྣམས་ཟས་སུ་བཟའ་ཞིང་ལྷམ་དང་གདུགས་སྤངས་ལ་དཔག་ཚད་བརྒྱ་ཚུན་ཆད
་དུ་འགྲོ་བ་འམ། ཡང་ན་ཁྲོན་པ་ལ་སོགས་པ་ཆུའི་གནས་རྐོ་བའི་ལས་བྱའོ། །ཡང་ན་བ་ལང་གི་གཅིན་དང། ལྕི་བ་བཟའ་ཞིང་བཏུང་ལ་བ་ལང་ཟས་སུ་འགྲོ་བ་དང་ལྷན་ཅིག་འགྲོ་བར་བྱའོ། །ནད་པ་རྫུད་ཅིང་རིང་པ་ཡིན་ན་ནི་ཚིལ་དང་གཅིན་མི་སྐྱེད་ལ་འཕེལ་ཞིང
་རྒྱས་པའི་སྨན་དང་ཁ་ཟས་སྦྱར་བར་བྱའོ། །ཁམ་པོར་ཤར་ལྟ་བུའི་ནང་ལ་སོགས་པའི་འབྲུམ་བུ་ཕྲ་མོའི་ནད་བཅུ་འབྱུང་བའི་ནད་མ་སྨིན་པ་ལ་ནི་སྐྲངས་པའི་གསོ་བ་བྱ་ལ་སྨིན་པ་ལ་ནི་གསོ་བའི་ཆོ་ག་བྱའོ། །ཐོག་མར་ནད་གཞི་བརྟགས་ཏེ་ནྱ་གྲོ་དྷ་ལ་སོགས་པ
་ཤིང་ལོ་མ་ཅན་གྱི་ཤུན་པ་བསྐོལ་བའི་ཁུ་བ་དང། རའི་འོ་མ་ནི་རབ་ཏུ་བསྔགས་སོ། །དང་པོ་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ཏེ་དེ་ཡང་གཅིན་ནད་ལ་ནི་རྣོ་བ་དང་རྩུབ་པའི་བཀྲུས་སྨན་བཏང་ངོ། །ཡང་ན་སུག་སྨེལ་གྱི་སྡེ་ཚན་ཏིལ་མར་དང་སྦྱར་བས་རྨ་འདྲུབ་པར
་བྱ་ཞིང་དོང་ཀ་ལ་སོགས་པའི་སྡེ་ཚན་བསྐོལ་བས་ལུས་དྲིལ་བར་བྱའོ། །སྨན་ཨ་ས་ནའི་སྡེ་ཚན་བསྐོལ་བའི་ཆུས་བཀྲུ་ཞིང་བླུགས་པར་བྱའོ། །དུག་མོ་ཡུངས་ཀྱི་སྡེ་ཚན་བསྐོལ་བ་ནི་བཟའ་བ་དང་བཏུང་བར་སྦྱར་རོ། །པ་ཐ་དང། ཀྲུ་ཏྲུག་ཏྲེས་དང། ཤ་རང་གཤཐ?
་དང། ཐལ་ཏྲེས་དང། ཀཎྚ་ཀ་རི་དང། སབཏ་པརྞ་དུག་མོ་ཡུངས་ཀྱི་རྩ་བ་དང། ཀཏཔ་ལ་དང། དོང་ཀ་དང་འདི་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ལྡག་པ་དང། ཡང་ན་སྐྱ་རྦབ་ཀྱི་གསོ་བའི་ནང་ནས་ལྕགས་ཕྱེ་ཆ་དགུ་པ་ཞེས་བྱ་བའི་ཕྱེ་མ་ཡང་འདིར
་སྦྱར་རོ། །སྦྲང་རྩི་ལྟ་བུ་ཞེས་བྱ་བའི་གཅིན་ནད་ན་བར་གྱུར་ན་སྐྱེས་བུ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱ་སྟེ་འོན་ཀྱང་བྲག་ཞུན་བརྒྱའི་སྦྱོར་བ་དང། པུ་ན་རྣའི་སྦྱོར་བ་ནི་བྱ་བར་བཤད་དོ། །གསོ་བའི་གནས་ལས་གཅིན་སྙི་བ་ཟ་གུའི་ནང་གསོ་བའི་ལེའུ་སྟེ་བཅུ་གཉིས་པ
་རྫོགས་སོ།། །།དེ་ནས་ཁོང་འབྲས་གསོ་བའི་ལེའུ་བཅུ་གསུམ་པ་བཤད་པར་བྱ་སྟེ། དེ་ལ་འབྲས་སོ་ཅོག་མ་སྨིན་པའི་ཚེ་ན་ནི་སྐྲངས་པ་གསོ་བའི་ཆོ་ག་ལྟར་སོ་སོའི་རྟགས་དང་མཐུན་པར་གཏར་ཀ་བྱ་སྟེ་ཁྲག་དབྱུང། །སྨིན་ཟིན་པ་ལ་ནི་དྲལ་ལ་རྨ་གསོ་བའི
་ཆོ་ག་ལྟར་བྱའོ། །དེ་ལས་རླུང་ལས་གྱུར་པའི་རྨ་ལ་ནི་རྩ་བ་ལྔ་དང་ལན་ཚྭ་ཤས་ཆེ་བའི་ཆུ་བསྐོལ་བའི་ཆུས་རྨ་བཀྲུ་བར་བྱའོ། །གཞན་ཡང་མེ་པ་ད་རུའི་སྡེ་ཚན་དང། ཤིང་མངར་དང་ལན་ཚ་དང་ཏིལ་དང་ལྷན་ཅིག་སྦྱར་བས་རྨ་བཀྲུའོ། །ཡང་ན་བཀྲུ་སྨན་གང་ཡང་རུང་བའི་ནང
་དུ་དྲི་བི་ཙ་བཏབ་སྟེ་སྣུམ་ཆེན་པོ་བཞི་གང་ཡང་རུང་བས་བསྲེས་ཏེ་བླུད་ལ་ཁྲུས་བྱས་ཏེ་ལུས་དག་པར་བྱའོ། །དེ་ནས་རྨ་འདྲུབ་པར་བྱ་བའི་ཕྱིར་བི་ད་རའི་སྡེ་ཚན་དང་དུར་བྱིད་བསྲེས་པས་རྨ་བཀྲུ་བར་བྱའོ། །མཁྲིས་པའི་རྨ་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་འོ་མ་ཅན་གྱི་ཤིང
་ལས་བྱུང་བའི་འོ་མས་བསྐུ་བར་བྱའོ། །དེ་ནས་ཤིང་མངར་དང། ཏིལ་དང། ཨ་རུ་ར་འདི་གསུམ་གྱིས་བསྐུའོ། །རྨ་འདྲུབ་པར་བྱ་བའི་ཕྱིར་བཙོང་དང། པུ་ཤེལ་ཙེ་དང། ཤུག་པ་དང། ས་ཡསསྱ་དང། སེར་པོ་རྣམ་གཉིས་དང། འབྲས་བུ་གསུམ་དང། ཤིང་མངར་འདི་རྣམས
་འོ་མ་དང་ལྷན་ཅིག་བསྐོལ་ཏེ་འོ་མ་ནི་དུ་མར་ནི་ལུས་པ་བསྐུའོ། །ཡང་ནྱ་གྲོ་དྷའི་སྡེ་ཚན་གྱི་ཤིང་དང། ལོ་མ་དང། འབྲས་བུ་དང། ཤུན་པ་དང། མར་བསྐོལ་བས་བསྐུས་ན་འདྲུབ་པར་འགྱུར་རོ། །བད་ཀན་ལས་གྱུར་པ་ལ་ནི་དོང་ཀའི་སྡེ་ཚན་བསྐོལ་བས་རྨ་བསྐུའོ། །དེ
་ནས་ཕྱེ་དང་སེར་པོ་རྣམ་གཉིས་དང། ཤིང་ཉེ་རོང་དང། ཏིལ་མར་དང་འདི་རྣམས་ཀྱིས་བསྐུའོ། །ཡང་ན་རྒྱ་སྲན་དང། དནྟ་དང། ཤ་མ་དུར་བྱིད་དང། ཀྲུ་ཏྲུག་ཏྲེས་དང། སེང་ཕྲོམ་དཀར་པོ་དང། རྒྱམ་ཚྭ་དང། ཏིལ་དང། བ་གཅིན་དང་སྦྱར་བས་བསྐུས
་ན་རྨ་འདྲུབ་པར་འགྱུར་རོ། །དེ་བཞིན་དུ་བློ་བུར་དུ་སྣང་པ་འམ། ཁྲག་ལས་གྱུར་པའི་འབྲས་ལ་ནི་མཁྲིས་པ་ལས་གྱུར་པ་ལ་ཇི་ལྟར་གསོ་བ་བཞིན་དུ་བྱའོ། །ཁོང་འབྲས་ནང་དུ་མ་སྨིན་པ་ལ་ནི་མར་གྱི་སྡེ་ཚན་བསྐོལ་བའི་ནང་དུ་ཨུ་ཤ་ཀའི་སྡེ་ཚན་གྱི་ཕྱེ་མས་བཏབ་སྟེ
་བད་ཀན་གྱི་དུས་ལས་ཡོལ་བ་དང་བླུད་པར་བྱའོ། །ཡང་ན་བཀྲུ་སྨན་གང་ཡང་རུང་བ་མར་དང་སྦྱར་བའི་ནང་དུ་གོང་གི་སྨན་སྡེ་ཚན་གཉིས་ཀྱི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་ནད་མ་སྨིན་པ་ལ་ནི་བཀྲུ་སྨན་དྲག་པོ་དང། འཇམ་རྩི་མས་བཏང་བར་བྱ་སྟེ
་དེ་ཡང་གོང་གི་སྡེ་ཚན་གཉིས་ལས་ནད་གཞི་གང་དང་མཐུན་པ་སྦྱར་ལ་མས་བཏང་བར་བྱའོ། །དང་པོར་ནད་ཇི་ལྟ་བ་བཞིན་དུ་སྦྲང་རྩི་དང་ན་ལེ་ཤམ་དཀར་པོས་བཏབ་པའི་བཟའ་བ་དང་བཏུང་བ་དང་བསྐུ་བ་བྱས་སམ་བླུད་ན་ཁོང་འབྲས་མ་སྨིན་པ་འཇོམས
་བར་བྱེད་དོ། །གཞན་ཡང་ཁྱི་ལྕེ་བ་དང། ཤིང་མངར་དང། འབྲས་བུ་གསུམ་དང། ནིམྦ་དང། པུ་ཤེལ་ཙི་འདི་རྣམས་ཆ་བསྙམས་པ་དང་དྲི་བི་ཏ་དང། པ་ཏ་ལའི་རྩ་བ་འདི་གཉིས་ཀྱི་ལྕེ་བའི་བཞི་འགྱུར་དང། སྲན་ཆུང་དེའི་བརྒྱད་འགྱུར་རྣམས་ཆུ་དང་མར་དང
་ཚུལ་བཞིན་བསྐོལ་ནས་བླུད་ན་ཁོང་འབྲས་དང། སྐྲན་དང། མེ་དཔལ་དང། ལུས་ཚ་བ་དང། དྲན་པ་ཉམས་པ་དང། ས་བོན་མངས་པ་དང། སྐོམ་དང་ཆེ་བ་དང། བརྒྱལ་བ་དང། སློན་པ་དང། སྙིང་ན་བ་དང། ཁྲག་མཁྲིས་དང། མཛེ་དང་མིག་སེར་གྱི་ནད་དང།
་འདི་རྣམས་ལ་ཕན་ནོ། །ཡང་ན་ཀྱི་ལྕེ་བ་སྲང་བཞིན་ཆུ་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང། སྒྱུར་བའི་ཁུ་བ་སྲང་བཞི་དང། འོ་མ་སྲང་བཞི་དང། མར་སྲང་བཞི་དང། ཏིཀྟ་དང། ཏྲ་ཡནྟི་དང། བྱི་ཚེར་བ་དང། གླ་སྒང་དང། ཏ་མ་ལ་གི་དང།
་རམ་ཉེ་བ་དང། ཛི་བནྟི་དང། ཙན་དན་དང། ཨུཏཔ་ལ་དང། འདི་རྣམས་ཞོ་གཉིས་གཉིས་ཆམ་ཆོམ་བརྡུངས་ལ་གཅིག་ཏུ་བསྐོལ་ལ་མར་འབའ་ཞིག་ལུས་པ་བླུད་པ་འམ། ཡང་ན་རྒུན་འབྲུ་འམ། མ་དུ་གའི་མེ་ཏོག་དང། བྲ་གོ་དང། བ་དི་རི་དང། ཉེའུ་ཤིང་དང། བ་རུ་ཤ་དང། འབྲས
་བུ་གསུམ་དང། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་མར་དང་འོ་མ་དང། བུ་རམ་ཤིང་གི་ཁུ་བ་དང། སྐྱུར་པོ་རྣམས་ཆ་བསྙམས་ཏེ་ཨ་རུ་རའི་ཕྱེ་མས་བཏབ་ནས་བསྐོལ་ལ་མར་ལུས་པ་དང་གྲངས་པའི་ནང་དུ་ཤ་ཁ་ར་དང། སྦྲང་རྩི་མར་གྱི་བཞི་ཆ་དང་བསྲེས
་ནས་བླུད་ན་ཕན་ཡོན་གོང་མ་དང་འདྲ་བར་ཤེས་པར་བྱའོ། །དེ་ལ་ནད་ཚབས་ཆེ་ཆུང་དང་སྦྱར་བས་གར་སྐྲངས་པའི་སྟེང་དུ་སྡབ་རྭ་དང། བསྐུ་བ་དང། སྲིན་བུ་པདྨ་དང་གསུམ་གྱིས་ཁྲག་དབྱུང་བ་འམ། ཡང་ན་གཏར་ག་འདི་བཞི་གང་ཡང་རུང་བས་ཁྲག་དབྱུང་ངོ།།
་ད་ལ་འབྲས་ཆེ་ཆུང་འདྲ་བར་སྨིན་པའི་མཚན་མ་ནི་ཕྱི་རོལ་དུ་འབུར་བར་སྣང་སྟེ། དེ་ཡང་ཕྱོགས་གཅིག་ཏུ་འདུས་པ་དང་འདུག་སྟེ། སྟེང་དུ་ལག་པས་རེག་ན་རབ་ཏུ་ན་ཞིང་མནན་ན་ཤོང་བར་འདུག་ལ་ལུས་ཚ་བར་བྱེད་དེ། དེ་ལ་ནི་གོང་གི་བཀྲུ་སྨན་གྱིས་བྱུག་གོ་།དེ་ལ
་འབྲས་སྨིན་པའི་མཚན་མ་མཐོང་ནས་མཚོན་གྱིས་དྲལ་ཏེ། རྨ་གསོ་བའི་ཆོ་ག་བསྟན་པ་ལྟར་བྱའོ། །ཁོང་འབྲས་ནང་དུ་སྨིན་པའི་མཚན་མ་ཡང་དེ་ལྟར་བལྟའོ། །ཁོང་འབྲས་སྨིན་ནས་གོང་འོག་ཏུ་མཆེད་པར་བྱེད་དེ། དེ་ཡང་སྨིན་ནས་མྱུར་བར་དཔྱད་མ་བྱས་བ་དང། ཁ་ཟས
་མི་མཐུན་བ་ཟོས་པའི་ཉེས་པས་རྨ་སྐྲངས་པ་མཆེད་ཅིང་འདྲུལ་བར་འགྱུར་རོ། །དེ་ཡང་ཞག་བཅུ་གཉིས་ཀྱི་བར་དུ་གོང་འོག་ཏུ་མི་མཆེད་པར་བྱ་བའི་ཚོགས་བསྲུང་བར་བྱ་སྟེ། དེ་ཡང་བར་ན་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་འམ་ཡང་ན་ཤི་ཏྲུ
་དང་སྦྲང་རྩི་སྦྱར་བ་འམ། ཡང་ན་འབྲས་ཀྱི་ཐུག་པ་ལ་ཤི་ཀྲུ་དང། སྦྲང་རྩི་བཏབ་པ་འམ་ཡང་ན་ནས་དང། རྒྱ་ཤུག་དང། རྒྱ་སྲན་གྱི་ཁུ་བ་བཏུང་བ་འམ། བཟའ་བ་འམ། བཏུང་བ་ནི་རབ་ཏུ་བསྔགས་སོ། །ཞག་བཅུ་ནས་ནི་ཁྱི་ལྕེ་བ་ལ་སོགས་པའི་མར་གོང་དུ་སྨོས
་པ་འམ། ཡང་ན་སེང་ཕྲོམ་དཀར་པོ་དང་སྦྱར་བའི། མར་གོང་དུ་རླུང་གི་སྐབས་སུ་བསྟན་པ་བླུད་ལ་སྨན་གྱི་སྟོབས་ཀྱིས་ནད་འཇིལ་བར་བྱའོ། །དེ་ནས་ཏིཀྟའི་མར་མཛེ་ནད་ཀྱི་སྐབས་སུ་བསྟན་པའི་ནང་དུ་སྦྲང་རྩི་དང་སྦྱར་བ་ཅུང་ཟད་སྦྱིན་ནོ། །སྐྲན
་གྱི་བཅོས་ཐབས་ཇི་སྙེད་འབྱུང་བ་ཐམས་ཅད་ཁོང་འབྲས་ལ་ཡང་ཐབས་དེས་གསོ་བར་བྱའོ། །གཞན་ཡང་ཁོང་འབྲས་ཀྱི་ནད་ཐམས་ཅད་ལ་གུ་གུལ་དང། བྲག་ཞུན་གཉིས་གང་ཡང་རུང་བས་ཟས་དང་སྨན་ཐམས་ཅད་ལ་སྦྱར་བར་བྱའོ། །ཁོང་འབྲས་ནི་སྨིན
་དུ་མི་གཞུག་སྟེ། མི་སྨིན་པའི་ཆོ་ག་ལ་འབད་པར་བྱའོ། །ཅི་སྟེ་སྨིན་ན་ཤིན་ཏུ་ཉེན་ཆེ་སྟེ་གསོ་བར་དཀའ་ཨོ། །ཁོང་འབྲས་ཞེས་བྱ་བ་ནི་མྱུར་དུ་སྨིན་པར་བྱེད་པའི་རང་བཞིན་ཡིན་ནོ། །འབྲས་ཁོང་དུ་ན་ཞིང་ཚ་བ་ལ་ནི་ལེགས་པར་བརྟགས་ཏེ་གཅིན་སྙི་བའི་ནད
་གསོ་བ་བཞིན་དུ་འདི་ཡང་ཐབས་དེ་ལྟར་གསོ་བར་བྱའོ། །བུད་མེད་ཀྱི་ནུ་མར་འབྲས་བྱུང་བ་ལ་ནི་སྨིན་པར་བྱ་བའི་ཆོ་ག་མི་བྱ་སྟེ། རྨའི་སྐབས་ལས་འབྱུང་བའི་དཔྱད་བཞིན་བྱའོ། །མྱུར་དུ་སྨིན་ན་ནི་ཤས་ཆེ་བ་དང་འཇམ་པའི་ཕྱིར་ཚབས་ཆེར་འདྲུལ
་པའི་སྐྱོན་ནོ། །རང་སྨིན་པ་དང་ནུ་སོར་གྱི་མཛའ་བསྐོར། སྣག་མཚམས་ཀྱི་ནང་རོལ་དུ་མཚོན་མི་གདབ་པར་བསྲུང་སྟེ། གཞན་ཡང་གང་ཡང་རུང་བར་མཚོན་གྱིས་དྲལ་བའི་ལས་བྱའོ། །འབྲས་དེ་ན་ཡང་རུང་མི་ན་ཡང་རུང་སྨིན་ཡང་རུང་མ་སྨིན་ན་ཡང
་རུང་སྟེ། རྟག་ཏུ་ནུ་མ་ལས་བཞོ་བར་བྱའོ། །དེ་ནས་ཤིང་ཉེ་རོང་གི་ཕྱེ་མ་རླུང་ཤས་ཆེ་བའི་ནད་ཡིན་ན་ནི་སྣུམ་ཤས་ཆེར་བཏབ་སྟེ་བྱིན་ལ་ཁྲུས་བྱས་ཏེ་ལུས་དག་པར་བྱའོ། །དེ་ལ་སྣུམ་ནི་འདི་དག་སྟེ། ཨ་མྲའི་འབྲས་བུའི་སྨན་མར་རམ། ཨེ
་རཎྚའི་སྨན་མར་རམ། སུ་གུ་མ་རའི་སྨན་མར་རམ། མི་ཏྲེ་ཀའི་མེ་ཏོག་གི་སྨན་མར་རམ་འདི་རྣམས་ཀྱི་མར་གང་རྙེད་པ་དང་སྦྱར་རོ། །དེ་ནས་རླུང་ལས་གྱུར་པ་ལ་ཕན་པའི་སྨན་ཚོགས་ཞིབ་དུ་བཏགས་ཏེ། ཆུ་དང་མར་ཚུལ་བཞིན་བསྐོལ་ཏེ་ཆུ་དུ
་མར་ལུས་པ་དང། བཀྲུ་སྨན་དྲག་པོ་མས་བཏང་བའི་ཐབས་སུ་མས་བཏང་བར་བྱའོ། །དེ་ནས་ཤ་ཁུ་དང་བཅས་པའི་ཟས་སྦྱིན་ནོ། །དེའི་འོག་ཏུ་ཤིང་མངར་གྱི་ཕྱེ་ཏིལ་མར་དང་བསྐོལ་བས་ལུས་བསྐུ་བར་བྱའོ། །རླུང་ལས་གྱུར་པའི་འབྲས་སྨིན་པ་ལ་ནི་རླུང་ལ་ཕན་པའི་སྨན་དང་བསྐུ
་བྱུག་ལ་སོགས་པ་བྱའོ། །སྨིན་ནས་དྲལ་ལ་རྨ་གསོ་བའི་ཆོ་ག་ལྟར་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར་པ་མ་སྨིན་པ་ལ་ནི་གོང་དུ་སྐྲང་བའི་ཆོ་ག་བསྟན་པ་བཞིན་བྱའོ། །སྨིན་ནས་དྲལ་ལ་རྨ་གསོ་བའི་ཆོ་ག་ལྟར་བྱའོ། །རྟག་ཏུ་བར་མ་ཆད་པར་ཁྲག་ཀྱང་དབྲིའོ། །བད་ཀན་ལས
་གྱུར་པ་ལ་ནི་སྐྱེར་པའི་ཕྱེ་མ་བ་གཅིན་དང་བཅས་པ་སྦྱིན་ནོ། །སྨིན་པར་བྱ་བའི་ཚོག་མ་གཏོགས་པ་ཕྱི་མ་བད་ཀན་ལས་གྱུར་པའི་འབྲས་གསོ་བའི་ཆོ་ག་རྣམས་འདིར་བྱའོ། །བད་ཀན་ལས་གྱུར་པའི་འབྲས་རང་སྨིན་པའི་ཚེ་ན་ནི་དྲལ་ཏེ། སུ་མ་ནའི་མེ་ཏོག་དང། གོ་བྱེ་དང། ཨང
་གོ་ལ་ན་སཔཏ་པརྞ་སྣ་དང། པ་ཏོ་ལ་དང། ནིམཔ་དང། ཡུང་བ་དང། བི་དང་ཀ་དང། དུག་མོ་ཡུངས་དང། འདི་རྣམས་ཏིལ་མར་དང་སྦྱར་ལ་རྨ་དག་པར་བྱ་བའི་ཕྱིར་བླུད་པ་ནི་རབ་ཏུ་བསྔགས་སོ། །ཚིལ་ལས་གྱུར་པའི་ནུ་མའི་ནད་ལ་ནི་བྱིའུ་རུག་པའི་སྡེ་ཚན་བཏགས་ཏེ་བ་གཅིན་དང་སྦྱར
་བ་འམ། ཡང་ན་ཀླད་པ་བཀྲུ་བའི་སྨན་བཏགས་པས་དུགས་བྱས་ལ་སྨིན་པ་དང། ནུ་སོར་གྱི་མཐར། སྣག་པོར་མཚོན་མི་གདབ་སྟེ་ཕྱི་རོལ་ནས་བཙགས་བུས་ལེགས་པར་དྲལ་ནས་རྣག་ཕྱུང་ལ་སྦྲང་རྩི་དང་རྒྱམ་ཚྭ་དང་ནག་ཚུར་སྦྱར་བས་རྨ་བསྐུས་ཏེ་དར་སྐུད་ཀྱིས་བཙེམ་མོ། །ཆིལ
་ལས་གྱུར་པའི་ནུ་མའི་རྨ་དག་པར་བྱ་བའི་ཕྱིར་ལྡོང་རོས་དང། བ་བླ་དང། སུ་མན་དང། པི་པི་ལིང་མུ་ལ་དང་གོ་བྱེ་དང། འདི་རྣམས་ཏིལ་མར་དང་དྲོ་འཇམ་ཙམ་སྦྱར་བས་རྨ་བཀྲུའོ། །ཇི་སྲིད་རྨ་མ་དྲུབས་ཀྱི་བར་དུ་སྣུམ་དང་བཅས་པའི་དུགས་བྱའོ། །ཆུ་སོའི་གནས་སུ་འབྲས་བྱུང་བ
་ལ་ནི་རས་སྣུམ་ཅན་གྱི་དུགས་བྱས་ལ་རས་ཀྱི་རྐེད་པར་བཅིང་ངོ། །དེའི་འོག་ཏུ་བཤད་པའི་སྒོ་དང། འབྲས་བུའི་བར་སྲུབས་བྲེད་བྲེད་པོའི་འོག་ཏུ་འབྲུའི་ཁ་འདྲ་བའི་མཚོན་གྱིས་དྲལ་ཏེ། རྣག་འཛག་ཏུ་བཅུག་ལ་དམུ་རྫིང་གསོ་བའི་ཐབས་བཞིན་དུ་དབུག་པ་དང། སྤུ་གུས་རྨ་བཀག
་པ་དང། བཅིང་བ་དང། སྨན་གྱིས་དག་པར་བྱས་ནས་རྨ་འདྲུབ་པའི་ཆོ་ག་བྱའོ། །ཁོང་འབྲས་ལོང་ཀ་འམ་རྒྱུ་མ་ལ་འབྱུང་སྟེ། རླིག་པའི་འོག་ཏུ་ཕྱིན་པ་དང། རླུང་ལས་གྱུར་པའི་འབྲས་གསོ་བའི་ཆོ་ག་བཞིན་དུ་བྱའོ། གཞན་ཡང་བ་སྤྲུ་བ་སྲང་བརྒྱད་དང།
་རྩ་བ་བཅུ་པ་དང། ཨ་ཤྭ་གནདྷ་དང། ཨེ་རཎྜ་དང། ཉེའུ་ཤིང་དང། རྩཝ་དུར་བ་རྣམ་གཉིས་དང། འདམ་བུ་དང། རྩཝ་ཀུ་ཤ་དང། བུ་རམ་ཤིང་གི་རྩ་བ་དང། མ་ཏ་ཀ་ལ་དང། འདི་རྣམས་ཡི་རྩ་བ་རེ་རེ་ལ་ཡང་སྲང་བཅུ་བཅུ་ཆམ་ཆོམ་བརྡུངས་ཏེ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད
་དང་བསྐོལ་ལ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ལུས་པ་དང་ཕྱིར་ཕྱུང་ལ་བཙགས་ཏེ་གྲངས་པའི་ནང་དུ་བུ་རམ་སྲང་སུམ་ཅུ་རྩ་གཉིས་དང་འོ་མ་བྲེ་དོ་དང། ཨེ་རཎྚའི་མར་བྲེ་དོའི་ནང་དུ་པི་པི་ལིང་གི་རྩ་བ་དང། ལྕེ་མྱང་ཚྭ་དང། ཤིང་མངར་དང། ལ་ལ་པུད་དང། རྒུན་འབྲུ་དང།
་དོང་གྲ་དང། འདི་རྣམས་ལྷན་ཅིག་ཏུ་བསྐོལ་ལ། འོ་མ་དུ་མར་ལུས་པ་ནི་སུ་ཀུ་མར་ཞེས་བྱ་བའི་བཅུད་ཀྱི་ལེན་ཡིན་ཏེ། སྨན་མར་འདི་ནི་ཚ་བ་དང། རླུང་དང། ལམ་དུ་འགྲོ་བ་དང། བཞོན་པ་ལ་སོགས་པ་འབྲོ་བའི་ཚེ་ཡང་བསྲུང་མི་དགོས་པར་ཁའོ། །དེ་ཡང་གཞོན་ནུ
་རྣམས་དང། ཕྱུག་པོ་རྣམས་དང། བུད་མེད་རྣམས་དང། སྐྱིད་དེབ?་རྣམས་དང། བུད་མེད་མང་པོའི་ཁྱིམ་པ་དང?་རྣམས་ལ་སྦྱར་བར་བྱའོ། །དཔལ་སྐྱེད་པ་དང་རྩོད་པ་ཟློག་པར་བྱེད་དེ། རྟག་ཏུ་བསྟེན་ན་སྟུག་ཅིང་མཛེས་པ་དང། ལུས་ཤ་སྐྱེད་པ་དང། དེ་བཞིན་དུ་རླིག་རླུགས་དང།
་ཁོང་འབྲས་དང། སྐྲན་དང། གཞང་འབྲུམ་དང། མོ་མཚན་དང། ཕོ་མཚན་གྱི་ནད་དང། རླུང་ནད་ཀྱིས་ཉམས་ཐག་པ་དང། སྐྲངས་པ་དང། དམུ་རྫིང་དང། དྲེག་དང། མཆིན་པ་ན་བ་དང། རྟུག་སྐམ་འདི་རྣམས་ཞི་བར་བྱེད་པའི་མཆོག་ཡིན་ནོ། །གཞང་ལ་ཁོང་འབྲས
་འབྱུང་བ་ལ་ནི་སྣུམ་ཆོས་དང། ཁྲུས་དང། འཇམ་རྩི་མས་བཏང་བ་ལ་སོགས་པས་ཐོག་མར་ཞི་བར་བྱས་ལ་དེས་ཞི་བར་མ་ནུས་ན་དང་པོ་ཡང་འཇམ་རྩི་བྱས་ཏེ། རྒྱུ་ཞབས་ཀྱི་སྤུ་མཚམས་གཡས་གཡོན་དུ་མཚོན་ཟླ་བ་བཀས་པ་ལྟ་བུ་བསྲེགས་པས་དབུག?་ལ
་རླུང་གིས་འགགས་པ་དེ་དལ་གྱིས་དབྱུང་ངོ། །དེ་ལ་དབུག་པའི་ཚད་ནི་སྨན་པ་ཁ་ཅིག་ན་རེ་མཐེ་བོང་གི་ཚིགས་དང་པོ་ནུབ་པ་ཙམ་ཟབས་སུ་བཏང་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཟབས་སུ་སྲིན་ལག་གི་ཚིགས་དང་པོ་ནུབ་པ་ཙམ་བཏང་ངོ། །དྲལ་བ་ནི་དང་པོ་པགས་པ་ཕུག་ལ
་མཐེ་བོང་གིས་རྨ་ཁའི་པགས་པ་བཏེག་སྟེ། དེ་ནས་དེའི་འོག་ཏུ་མཚོན་གྱིས་རྩེ་མོ་དྲང་བཏང་ངོ། །ཞེས་ཟེར་རོ། །ཁོང་འབྲས་བྱེད་པའི་ལེའུ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་སྐྲན་ནད་གསོ་བའི་ལེའུ་བཅུ་བཞི་པ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་སྐྲན
་ནི་ཕྱི་ས་དང། རླུང་འགག་ཅིང་མི་བཟད་པར་ན་བ་ཡིན་ཏེ་དེ་ཡང་རྩུབ་པར་དང་གྲང་བའི་རྒྱུ་ལས་བྱུང་བ་ཡིན་པས་དེ་ལ། རླུང་ནད་ཀྱི་སྐབས་བཤད་པའི་འབྲུ་མར་སྦྱར་བ་བཟའ་བ་དང། བཏུང་བ་དང། འཇམ་རྩི་བཏང་བ་དང་བསྐུ་བྱུག་དང། སྣུམ་བཅོས་དག་བྱའོ། །ཁྱད
་པར་དུ་ལྟོ་ལྦ་ཞིང་ན་བ་དང། རེངས་པ་དང། རྟུག་པ་འགགས་པ་དང། འདི་རྣམས་ལ་ནི་དུགས་བྱ་སྟེ། རྒྱུན་སྲང་མཉེན་པར་བྱས་ནས་རླུང་ནང་ཚ་བས་ཆེ་བ་ལ་ཕན་ཏེ་རྒྱལ་བར་བྱེད་དོ། །སྣུམ་བཙོས་ཀྱིས་ནི་ཁྱད་པར་དུ་ཕྱི་ས་འགགས་པ་དང། སྐྲན་ནད་སེལ་ཏོ། །སྐྲན་ནད་?་?
་ཁོང་དུ་བྱུང་བ་ལ་ནི་ཁྱད་པར་དུ་སྣུམ་གྱི་བཏུང་བ་སྐྱིན་ནོ། །ཁུ་བའི་གནས་སུ་སྐྲན་བྱུང་བ་ལ་ནི་འཇམ་རྩི་མས་བཏང་ན་ཕན་ནོ། །སྐྲན་ལྟོ་བའི་ནང་དུ་བྱུང་བ་ལ་ནི་སྣུམ་དང་འཇམ་རྩི་གཉིས་ཀ་བྱའོ། །རླུང་ལས་གྱུར་པའི་སྐྲན་མེ་དྲོད་ཆེ་ཞིང་རླུང་གི་ཕྱི་ས་འགགས་པ་ལ་ནི་ཉམས
་སྟོབས་འཕེལ་བའི་བཟའ་བ་དང། བཏུང་བ་དང། སྣུམ་པ་དང། དྲོ་བའི་བག་སྦྱར་རོ། །སྣུམ་གྱི་བཏུང་བ་དང། བཀྲུ་སྨན་དྲག་པོ་དང། འཇམ་རྩི་མས་བཏང་བ་རྣམས་ཡང་དང་ཡང་དུ་སྦྱར་ན། རླུང་ལས་གྱུར་པའི་སྐྲན་ལ་ཕན་ནོ། །བད་ཀན་དང་མཁྲིས་པ་ནི་སྨན་པས་མི་འབྱུང་བར
་བསྲུང་ངོ། །འཇམ་རྩི་ནི་རླུང་སྐྲན་འཇོམས་པའི་མཆོག་ཏུ་རིག་པར་བྱ་སྟེ། དེ་ཡང་དང་པོ་རླུང་རང་གི་གནས་སུ་ཞི་བར་བྱས་ན་དེ་མ་ཐག་སྐྲན་སེལ་ཏོ། །དེ་བས་ན་བཀྲུ་སྨན་དྲག་པོ་དང་འཇམ་རྩི་མས་བཏང་བ་ཡང་དང་ཡང་དུ་བྱས་ན། རླུང་དང་མཁྲིས་པ་དང་བད་ཀན་གྱི་བདག་ཉིད་ཀྱི
་སྐྲན་ཡང་ཞི་བར་འགྱུར་རོ། །ཤིང་ཀུན་དང་ཁ་རུ་ཚ་དང། ཚ་བ་གསུམ་དང་རྩ་རུ་ཆེ་དང། བལ་པོ་སེའུ་དང། མ་ནུ་དང། གོ་སྙོད་དང། འུ་སུ་དང། ཟིར་དང། ལ་ལ་བུད་དང། སྟར་བུ་དང། ཡ་པཀཤ་ར་དང། ཀྲུ་ཏྲུག་ཏྲེས་དང། ཟུར་བ་དང། ཨ་ཛ་གནདྷ
་དང། སུག་སྨེལ་དང། བྱེའུ་རུག་པ་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། ཞོ་དང་མར་དང་ལྷན་ཅིག་ཚུལ་བཞིན་བསྐོལ་བ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་ནད་སེལ་ཏོ། །ཁྱད་པར་དུ་ཟུག་གཟེར་དང་ལྟོ་ལྦོ་བ་འཕྲོག་གོ་།སྤ་མའི་འབྲས་བུ་དང། ཚ་བ་གསུམ
་དང། ཟེར་དང། ཚ་བ་ལྔ་དང། ཨ་ཛ་མོ་དྷ་དང། གོ་སྙོད་དང་ལྕེ་མྱང་ཚྭ་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། མར་དང་ལྷན་ཅིག་ཞོ་དང་བསྐོལ་ལ། ཞོ་དུ་བ་དང་ཕྱིར་ཕྱུང་ལ་འོ་མའི་ནང་དུ་ཡང་བསྐོལ་ལ། དེ་བཞིན་དུ་བལ་པོ་སའུ?་དང། ལ་ཕུག་སྐམ་པོ་དང། རྒྱ་ཤུག་སྐྱུར
་པོ་དང། དེ་གསུམ་གྱི་གུ་བའི་ནང་དུ་བསྐོལ་བའི་མར་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་དང། དམུ་རྫིང་དང། ལྟེ་ལྦོ་བ་དང། རྩིབས་ལོགས་ན་བ་དང། སྙིང་ན་བ་དང། ལྟོ་ན་བ་དང། མོ་མཚན་གྱི་ནད་དང། གཞང་འབྲུམ་དང་ཕོ་བའི་ནད་དང། ལུད་པ་དང། དབུགས
་མི་བདེ་བ་དང། ཡི་ག་འཆུས་པ་དང། རིམས་ནད་རྣམས་སེལ་བར་བྱེད་དོ། །ཡང་ན་རྩ་བ་བཅུ་པ་དང། བ་ལང་ཀ་དང་སུ་ཤ་པི་དང་ཁ་སྤྲུ་བ་རྣམ་གཉིས་དང། མ་ནུ་དང། ཨེ་རཎྜ་དང། ར་སྣ་དང། ཨ་ཤ་གནདྷ་དང། ག་བྲའི་རྩ་བ་དང། ཟུར་པ་དཀར་པོ་དང། སླེ་ཏྲེས་དང། སུ་ཏི
་ཀ་རཉྫ་དང། འདི་རྣམས་སྲང་གཉིས་གཉིས་དང། ནས་དང། རྒྱ་ཤུག་དང། རྒྱ་སྲན་དང། མོན་སྲན་གྲེའུ་དང། འདི་རྣམས་སྲང་བཅུ་དྲུག་བཅུ་དྲུག་དང། དེ་རྣམས་ཆམ་ཆོམ་བརྡུངས་ཏེ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐལ་ཏེ། བཞི་ཆ་ལུས་པ་ནང་དུ་ཞོ་སྲང་བརྒྱ་ཉི
་ཤུ་རྩ་བརྒྱད་དང། བལ་པོ་སེའུ་དང། ཨ་མྲ་ཏ་ཀ་དང། མ་དུ་ལུང་ཀ་དང། འདི་རྣམས་རང་གི་ཁུ་བ་སྲང་སྙམ?་ཅུ་རྩ་གཉིས་གཉིས་དང། མར་སྲང་སུམ་ཅུ་རྩ་གཉིས་དང། ནས་སོ་པའི་རྩ་བ་མོ་དང། འབྲས་ཀྱི་ཆང་སྐྱུར་དང། ཚྭ་བ་གསུམ་འདི་རྣམས་སྲང་སུམ་ཅུ་རྩ་གཉིས
་གཉིས་དང། ག་བྲའི་རྩ་བ་དང། གཡེར་མ་དང། ཤུ་དེ་ག་དང། པི་པི་ལིང་གི་རྩ་བ་དང། ར་སྣ་དང། ཙི་ཏྲིཀ་དང། འུ་སུ་དང། ཏིང་མུས་དང། ལ་ལ་པུད་དང། སྟར་བུ་དང། ཟིར་ནག་པོ་དང། གོ་སྙོད་དང། ཤིང་ཀུན་དང། སྤ་མའི་འབྲས་བུ་དང། ག?་བི་དང། ཟངས་རྩི་བ་དང། ཨ་ཤ་ཀ་དང
་དུར་བྱིད་དང། དན་ད་དང། མུར་བ་དང། ཧ་སྟི་པི་པི་ལིང་དང། བི་དང་ག་དང། བལ་པོ་སེའུ་དང། གཟེ་མ་དང། རྒྱལ་མོ་ག་གོན་གྱི་ས་བོན་དང། སྤང་སྤོས་དང། སྲུ་སྲུའི་རྩ་བ་དང། ཤུ་སྟི་དང། ཐལ་བ་རྣམ་གཉིས་དང། བྱིའུ་རུག་པ་དང། ཐལ་ཏྲེས་དང། ནི་ལི་ནིའི་འབྲས་བུ་དང། ལན
་ཚྭ་རྣམས་དང། གསུམ་ཚ་བ་རྣམ་གསུམ་དང་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ་བསིལ་བས་མར་འབའ་ཞིག་ལུས་པ་ནི། ཞོལ་སོགས་པའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གོང་དུ་སྨོས་པའི་ནད་ཤིན་ཏུ་གསོ་དཀའ་བ་ཡང་མྱུར་བུ་སེལ་བར་བྱེད་དོ།།
་དེ་བཞིན་དུ་བརྗེད་བྱེད་དང། སྨྱོ་བྱེད་དང། གཅིན་འགགས་པ་དང། རླུང་ནད་རྣམས་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཚ་བ་གསུམ་དང། འབྲས་བུ་གསུམ་དང། འུ་སུ་དང་དབྱི་མོ་དང། བི་དང་ག་དང། ཙི་ཏྲ་ཀ་དང། འདི་རྣམས་མར་དང། འོ་མ་དང་བཅས་པ་བསྐོལ་བ་འཐུངས་ན་རླུང
་ལས་གྱུར་པའི་སྐྲན་སེལ་ཏོ། །ཤུན་པ་བཤུས་པའི་སྒོག་སྐྱ་སྲང་བརྒྱ་དང། རྩ་བ་ལྔ་ཆེན་པོ་སྲང་རེ་རེ་དང། ཆུ་སྲང་སྟོང་དང་བསྐོལ་ལ་བཞི་ཆ་ལུས་པའི་ཕྱེད་དང་མཉམ་པའི་སེའུ་འབྲུའི་རང་གི་ཁུ་བ་དང། ཆང་དང་འབྲས་ཀྱི་རང་སྐྱུར་དང། ཞོ་དང་དེ་རྣམས་རེ་རེ་ཡང་གོང་མའི་ཁུ་བའི
་ཕྱེད་ཕྱེད་དང་བཅས་པ་དང། ཚྭ་བ་གསུམ་དང་འབྲས་བུ་གསུམ་དང། ཤིང་ཀུན་དང། ལ་ལ་པུད་དང། དབྱི་མོ་དང་ཏིངམུ་ས་དང། ལྟར་བུ་དང། རྒྱམ་ཚྭ་དང། ཐང་ཤིང་དང། འདི་རྣམས་སྲང་རེ་རེ་ཞིབ་དུ་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསོལ་ཏེ།
་མར་ལུས་པ་དང་རན་པར་འཐུངས་ན་རླུང་ཐམས་ཅད་ལས་གྱུར་པའི་སྐྲན་སེལ་བའི་མཆོག་ཡིན་ནོ། །ཡང་ན་གཅོད་ཆེན་པོ་གསོ་བའི་སྐབས་ལས་བྱུང་བའི་སྲང་དྲུག་པ་ཞེས་བྱ་བའི་སྨན་མར་བླུད་དེ། དེ་ཡང་འོ་མའི་སྐྱིན་པར་ཆང་ངམ་ཆང་གི་དངས་མའམ། སེའུ
་འབྲུའི་ཁུ་བ་འམ་ཞོའི་སྤྲིས་མ་གང་ཡང་རུང་བ་དང་སྦྱར་བའི་སྨན་མར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །གལ་ཏེ་རླུང་གི་སྐྲན་ལ་བད་ཀན་གསོགས་ཏེ། མེ་དྲོད་ཉམས་ཤིང་ཡི་ག་འཆུས་པ་དང། སྙིང་འཛག་པ་དང། ལུས་ལྕི་བ་དང
་སྙོམས་པར་གྱུར་པ། དེ་ལ་སྐྱུག་སྨན་བཏང་ངོ། །ཟུག་གཟེར་དག་ལྟོ་ལྦོ་བ་དང། རྟུག་པ་འགགས་པ་དང། ཁོང་པ་སྣུམ་པར་ཤེས་ན་སྨན་བསྐོལ་བའི་ཆུ་དང་ཕྱེ་མ་དང། རི་ལུ་དང། སྨན་མར་སྦྱར་བར་བྱ་སྟེ། དེ་ཡང་རྒྱ་ཤུག་དང། སེའུ་འབྲུ་དང། ཆུ་དྲོན་དང། དར་བ་དང། ཆང་དང།
་རྩབས་སྐྱུར་པོ་དང། ལྷན་ཅིག་སྦྱར་བ་བཏུང་ངོ། །ཡང་ན་ནད་པར་སྨན་གྱི་ཕྱེ་མ་ཟོས་ལ་དེའི་འོག་ཏུ་མར་དང་བཅས་པའི་ཐུག་པ་རྐྱང་རྐྱང་པོ་བཏུང་བ་འམ། ཟས་བཟའ་ཨོ། །ཡང་ན་འོག་ནས་སྨོས་པའི་སྨན་གྱི་ཕྱེ་མ་མ་དུ་ལུང་གའི་ཁུ་བའི་ནང་དུ་ལན་མང་པོར་བྲན་པའི་ཕྱེ
་མ་དང་བད་ཀན་དང་རླུང་འཇོམས་པའི་རིའུ་ལ་སོགས་པ་བྱའོ། །ཡང་ན་ཤིང་ཀུན་དང། ཤུ་དག་དང། ཨ་རུ་ར་དང། ཨ་ཛ་གནདྷུ་དང། སེའུ་འབྲུ་དང། ཏིངམུ་ས་དང། འུ་སུ་དང། པ་ཐ་དང། པུ་སྐར་མུ་ལ་དང། ཟུར་བ་དཀར་པོ་དང། སྦ་མའི་འབྲས་བུ་དང། ཙི་ཏྲ་ཀ་དང། ཐལ
་བ་རྣམ་གཉིས་དང། ལན་ཚྭ་རྣམ་གཉིས་དང། ཚ་བ་གསུམ་དང། ཟི་ར་དང། དབྱི་མོང་དང། ད་ཏྲིག་དང། སྟར་བུ་དང། འདི་རྣམས་ལྷན་ཅིག་སྦྱར་བའི་ཕྱེ་མ་ལས་རན་པར་ཟོས་ན། སྙིང་ག་དང། རྩིབ་ལོགས་དང། ཆུ་སོ་དང། མཇུག་དོ་དང། མངལ་དང། ལྗང་དང། འདི་རྣམས་སུ
་ཟུག་ཅིང་ན་བ་དང། རླུང་དང་བད་ཀན་དང། མ་ཞུ་བ་ལས་བྱུང་བའི་ནད་དང། གསོ་དཀའ་བའི་སྐྲན་དང། རླུང་དང་གཅིན་དང། ཕྱི་ས་འགགས་པ་དང། སྐེ་འགགས་པ་དང། སྟོང་འཛིངས་པ་དང། སྐྱ་རྦབ་དང། ཡི་ག་འཆུས་པ་དང། འཚོར་བ་ན་བ་དང། གཞང་འབྲུམ་དང
་སྐྱིགས་བུ་དང། རླིག་རླུགས་དང། ལྟོ་ལྦོ་བ་དང། དབུགས་མི་བདེ་བ་དང། ལུད་པ་དང་མེ་དྲོད་ཉམས་པ་རྣམས་འཇོམས་པར་བྱེད་དོ། །རྒྱམ་ཚྭ་དང། ལ་ལ་བུད་དང། ཏིངམུ་ས་དང། པི་པི་ལིང་དང་དོང་སྐྲ་དང། འདི་རྣམས་ཡས་ཀྱི་རིམ་བཞིན་དུ་ཆ་རེ་རེ་བསྐྱེད་པ་དང། དེ་རྣམས
་སྤྱི་དང་མཉམ་པའི་ཨ་རུ་ར་དང་ལྷན་ཅིག་སྦྱར་བ་ནི། མངོན་སུམ་དུ་མེ་དང་མཉམ་པ་ཡིན་ནོ། །ཡང་ཚ་བ་གསུམ་དང། ཏིངམུ་ས་དང། རྒྱམ་ཚྭ་དང། ཟིར་རྣམ་གཉིས་དང། ཤིང་ཀུན་འདི་རྣམས་ཆ་བསྙམས་པ་ནི། ཤི་ཀུ་ཤ་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་ཁམ་དང་པོར་མར་དང
་བསྲེས་པ་ཟོས་ན་ཁོང་དྲོད་བསྐྱེད་ཅིང་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཡང་ཤུ་དག་དང། ལྕེ་མྱང་ཚ་དང། ལི་དོང་ཀྲ་དང། ལ་ལ་བུད་དང། ཨ་རུ་ར་དང། མ་ནུ་དང། རུ་རྟ་དང། དུར་བྱིད་དང། དནདའི་རྩ་བ་དང། འདི་རྣམས་དང་པོའི་ཆ་རེ་རེས་ཀུན་ལ་སྐྱེད་པ་ནི་སྟག་ལྟ་བུའི་ཕྱེ་མ་ཞེས་བྱ
་སྟེ། དེ་ལས་ཆུ་དྲོན་དང་སྦྱར་ཏེ་འཐུངས་ན་དཔེར་ན་སྟག་གིས་རི་དགས་ཀྱི་ཆོགས་བཅོམ་པ་བཞིན་དུ། ཁོད་པའི་ནད་ཐམས་ཅད་དང། སྐྲན་དང། དམུ་རྫིང་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རྒྱམ་ཚྭ་དང། པི་པི་ལིང་དང། ཨ་རུ་ཏིངམུ་ས་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོ
་འཇམ་ཙམ་དང་སྦྱར་ཏེ་བཏང་ན། བད་ཀན་དང་རླུང་ལས་གྱུར་པའི་ནད་འཇིག་པར་བྱེད་དོ། །ལྕགས་མངས་ལུས་འབིགས་པ་བཞིན་ནོ། །ཡང་ན་ཁང་སང་གི་སྟེང་དུ་པི་ཀ་རཉྫའི་ལོ་མ་བཏིང་བ་དེའི་སྟེང་དུ་ཨིནྡྲ་བ་རུ་ནི་དང། དབྱི་མོ་དང། ཀྲུ་ཏྲུག་ཏྲེས་དང། བཅའ་སྒ་དང་པི་པི་ལིང
་དང། ན་ལེ་ཤམ་གྱི་ཕྱེ་མ་རིམ་བཞིན་དུ་བདལ་བའི་སྟེང་དུ་ལན་ཚྭ་བཏབ་ནས་ད་ལྟ་བུ་རིམ་པ་མང་དུ་བཙགས་ནས་ཕྲུ་བ་སར་པས་དུང་པ་མ་ཤི་བར་བཀབ་ལ་འོག་ནས་མེ་བཏང་སྟེ་བསྲེགས་ལ་ཚིག་པར་གྱུར་པ་དེ་བཏགས་ནས་ཞོ་ག་ཆུ་དང་སྦྱར་ཏེ་འཐུངས་ན་སྐྲན་དང་དམུ
་རྫིང་དང། སྐྱ་རྦབ་ཀྱི་ནད་དང། གཞང་འབྲུམ་རྣམས་ལ་ཕན་ནོ། །ཤིང་ཀུན་དང། དེའི་སུམ་འགྱུར་གྱི་རྒྱམ་ཚྭའི་ཕྱེ་མ་དང། དེའི་སུམ་འགྱུར་གྱིས་ཨེ་རཎྚའི་མར་དང། དེའི་སུམ་འགྱུར་གྱི་སྒོག་སྐྱའི་ཁུ་བ་དང། དེ་རྣམས་ལྷན་ཅིག་སྦྱར་ལ་འཐུངས་ན་སྐྲན་དང། དམུ་རྫིང་དང།
་རྒྱུ་རླུགས་ཀྱི་ཟུག་གཟེར་འཇོམས་པར་བྱེད་དོ། །ཡང་ན་ཁ་ལུད་གི་ཁུ་བ་དང། ཤིང་ཀུན་དང། ལྕེ་མྱང་ཚྭ་དང། རྒྱམ་ཚྭ་འདི་རྣམས་ཆང་གི་ཉིང་ཁུའི་ནང་དུ་བཏབ་སྟེ་འཐུང་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། བཅའ་སྒ་ཞོ་གཉིས་དང། བུ་རམ་ཞོ་བཞི་དང། ཏིལ་ནག་པ་ཕུབ
་མ་མེད་པ་སྲང་གཅིག་དང། འདི་རྣམས་ལྷན་ཅིག་ཕྱེ་མར་བྱས་ཏེ་ཟོས་ལ་དེའི་འོག་ཏུ་འོ་མ་དྲོན་པོ་འཐུངས་ན། རླུང་ལས་གྱུར་པའི་སྙིང་ནང་དང། སྐྲན་དང། གཞང་འབྲུམ་དང། མོ་མཚན་དུ་ཟུག་པ་དང། རྟུག་པ་འགགས་པ་རྣམས་ལས
་རྒྱལ་བར་བྱེད་དོ། །རླུང་ལས་གྱུར་པའི་སྐྲན་ལ་ནི། ཨེ་རཎྚའི་མར་ཆང་གི་དངས་མ་བཏང་ངོ། །རླུང་དང་བད་ཀན་རྗེས་སུ་འབྲེལ་པ་ཡིན་ན་ཡང་སྦྱར་བ་དེ་ལྟར་བྱའོ། །རླུང་དང་མཁྲིས་པ་འབྲེལ་པ་ཡིན་ན། འོ་མ་དང་ལྷན་ཅིག་བཏང་ངོ། །གལ་ཏེ་རླུང་ལས་གྱུར
་པའི་སྐྲན་མཁྲིས་པ་ཆེར་སྐྱེས་ན་ནི་ཚ་བ་ཡིན་ཏེ། དེ་ལ་ནི་སྣུམ་དང་བཅས་པའི་བཀྲུ་སྨན་བྱའོ། །བཀྲུ་སྨན་བྱས་ཀྱང་ཚ་བ་དེ་བཞིན་དུ་ཡོད་ན་ཁྲག་དབྲི་སྟེ་གཏེར་ཀ་བྱའོ། །སྒོག་སྐྱ་ཤུན་པ་བཤུས་པ་སྐམ་པོ་སྲང་བཞི་དང། དེའི་བརྒྱད་འགྱུར་གྱི་ཆུ་དང།
་འོ་མ་དང་ལྷན་ཅིག་བསྐོལ་ཏེ། འོ་མ་ཁུས་པ་དང། དེ་ལས་རན་པར་འཐུངས་ན། རླུང་ལས་གྱུར་པའི་སྐྲན་དང། རྟུག་པ་འགགས་པ་དང། ཞེན་པའི་རླུང་དང། རིམས་མི་ཟད་པ་དང། སྙིང་ནད་དང། ཁོང་འབྲས་དང། སྐམ་བྱེད་དང། འདི་རྣམས་མྱུར་དུ་ཟློག་པར་བྱེད་དོ། །ཏིལ་མར་དང།
་ཆང་གི་དངས་མ་དང་བ་གཅིན་དང། རང་སྐྱུར་དང། ནས་ཚིག་འཁུས་པའི་ཐལ་བ་དང། འདི་རྣམས་ལྷན་ཅིག་སྦྱར་བ་འཐུངས་ན། སྐྲན་དང། དམུ་རྫིང་དང། ལྟོ་སྤོས་པ་རྣམས་ལ་ཕན་ནོ། །ཡང་ན་ཀྲུ་ཏྲུག་ཏྲེས་དང། པི་པི་ལིང་མུ་ལ་དང། ཨེ་རཎྚ་དང། བཅའ་སྒ་དང། ཤིང་ཀུན་དང
་རྩ་རུ་ཚྭ་དང་རྒྱམ་ཚྭ་འདི་རྣམས་ཚུ་བ་བཞིན་བསྐོལ་བ་འཐུངས་ན། ཟུག་གཟེར་དང་ལྟོ་ལྦོ་བ་དང། རྟུག་པ་འགགས་པ་རྣམས་ལ་ཕན་པའི་མཆོག་ཡིན་ནོ་རྩཝ་དར་མ་ནུ་དང། ཨེ་རཎྚའི་རྩ་བ་དང། ནས་དང། བྱི་ཚེར་བ་དང། བ་ཤ་ཀ་དང། འདི་རྣམས་ཚུལ་བཞིན་དུ་བསྐོལ་བ
་འཐུངས་ན་ལྟོ་ལྦོ་བ་དང་ལུས་ཚ་བའི་ནད་འཇོམས་སོ། །ཡང་ན་མ་ནུ་དང། ཨེ་རཎྜ་དང། འདི་རྣམས་ཀྱི་རྩ་བ་དང། ཐང་ཤིང་དང། བཅའ་སྒ་དང། དེ་རྣམས་བསྐོལ་བའི་ཁུ་བ་འཐུངས་ན། ཁོད་པ་ན་བ་དང། རྒྱབ་ཀྱི་སྒལ་ཚིགས་སུ་ཟུག་པ་ལ་ཕན་ནོ། །རླུང་ལས་གྱུར་བའི་སྐྲན་ལ་ནི།
་བྲག་ཞུན་དང། པ་ཡསསྱ་དང། རྩ་བ་ལྔ་པ་ཆེ་ཆུང་གང་ཡང་རུང་བ་ཆུ་དང་བསྐོལ་བ་བླུད་དོ། །རླུང་སྐྲན་དང། རྟུག་པ་ལ་ནི། ནས་ཆན་སྣུམ་དང་ལྡན་པ་བྱིན་ཏེ། པི་པི་ལིང་ངམ། ལ་ཕུག་སྐམ་པོའི་ཁུ་བཅུད་དང་སྦྱར་བའི་ཟས་སྦྱིན་ནོ། །ཡང་ན་ནས་ཀྱི་ཟན་འོ་མ་དྲོན་པོ་དང་ལྷན་ཅིག་སྦྱིན་ནོ།།
་ཡང་ན་མོན་སྲན་གྲེའུ་དང། མོན་སྲན་རྡེའུ་ལ་སོགས་པའི་ཟན་དྲོན་སྣུམ་དང། ལན་ཚྭ་མང་པོ་དང་ལྡན་པའི་ཟས་བཟའ་ཨོ། །རླུང་ལས་གྱུར་པའི་སྐྲན་དྲི་མ་དང་བཅས་པ་ལ་ནི། ནི་ལི་ནི་དང། དུར་བྱིད་དང། དནདི་དང། ཨ་རུ་ར་དང། ཀ་བི་ལྱ་ཀ་དང། རྩ་རུ་ཚ་དང། ནས་ཚིག་འཁུས་པའི
་ཐལ་བ་དང། དོང་ཀྲ་དང། འདི་རྣམས་མར་དང་ལྷན་ཅིག་བཀྲུ་སྨན་བཏང་ངོ། །ཡང་ན་ནི་ལི་ནི་དང། འབྲས་བུ་གསུམ་དང། ར་སྣ་དང། བ་ལ་དང། པུ་ཙེ་ཤེལ་དང། བི་ད་ར་ག་དང། ཀཎྜ་ཀཱ་རི་དང། འདི་རྣམས་སྲང་རེ་རེ་དང་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་བསྐོལ་ཏེ། ཁུ་བ་བརྒྱད
་ཆ་ལུས་པའི་ནང་དུ། མར་བྲེ་གང་དང། ཞོ་བྲེ་གང་དང། སུ་དག་ཁྱིར་སྲང་གཅིག་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ནི་ནི་ལི་ནིའི་མར་ཞེས་བྱ་སྟེ། དེ་ལས་སྲང་རེ་རེ་ནས་ཐུག་པ་རྐྱང་པོ་དང་ལྷན་ཅིག་བསྲེས་པ་ལས་སྲང་རེ་ཟོས་ཏེ་ལེགས་པར་འཁྲུས་པ་དང། ཤ་ཁུའི་བཟའ་
་བ་བྱིན་ན། སྐྲན་དང། མཛེ་དང། དམུ་རྫིང་དང། སྨེ་བ་དང། སྐྲང་བ་དང། སྐྱ་རྦབ་དང། རིམས་དང། ཤ་བཀྲ་དང། མཆེར་པ་ན་བ་དང། སྨྱོ་བྱེད་རྣམས་འཇོམས་པར་བྱེད་དོ། །མདོར་ན་རླུང་ལས་གྱུར་པའི་སྐྲན་ནད་གསོ་བ་ལ་ནི། ཁྱིམ་བྱ་དང། རྨ་བྱ་དང། སྲེག་པ་དང། ཁྲུང་ཁྲུང་དང།
་བྱེའུ་བྲ་དྷེ་ཀ་དང། འདི་རྣམས་ཉི་ཤུའི་ཆེད་དུ་སྦྱར་རོ། །ཟས་སུ་ནི་འབྲས་ཞག་དྲུག་ཅུ་པ་ལ་སོགས་པ་སྦྱར་རོ། །བཏུང་བ་ནི་ཆང་སྦྱར་རོ། །སྣུམ་བག་ནི་སྦྱར་རོ། །རླུང་ལས་གྱུར་པའི་སྐྲན་ནད་ཅན་ལ་ནི། ཟས་ཉུང་ཟད་རན་པ་དྲོ་བ་དང་སྣུམ་དང་སླ་བ་བཟའ་ཨོ། །བཏུང་བ་ནི་ཆང་གི་ཉིང་ཁུ་དང། འུ་སུ
་བསྐོལ་བའི་ཆུ་དྲོན་པོ་འཐུངས་ན་ཕན་ནོ། །མཁྲིས་པ་ལས་གྱུར་བའི་སྐྲན་ནད་ནི་ཐོག་མ་སྣུམ་པ་དང། དྲོ་བའི་རྒྱུ་ལས་འབྱུང་སྟེ། རྒུན་འབྲུ་དང། ཨ་རུ་ར་དང། བསྐོལ་བའི་ནང་དུ་བུ་རམ་བཅུག་པ་འམ། ཡང་ན་ཀ་པི་ལྱ་སྦྲང་རྩི་དང་སྦྱར་བ་བླུད་ལ་ཁྲུས་བྱའོ། །ཡང་ན་ཁྲག་མཁྲིས
་གསོ་བའི་བཀྲུ་སྨན་ནམ། ཆོ་ག་གྲུབ་པའི་ནང་གི་བཀྲུ་སྨན་གང་ཡང་རུང་བ་བཏང་ངོ། །རྩུབ་པ་དང་དྲོ་བ་ལས་བྱུང་བའི་མཁྲིས་པའི་སྐྲན་ལ་ནི་ཁ་བའི་སྨན་སྦྱར་བ་དང། ཡང་ཁྲག་མཁྲིས་གསོལ་ལས་བྱུང་བའི་བ་ཤ་ཀའི་སྨན་མར་སྦྱར་བ་འམ།
་ཡང་ན་རྩཝའི་རྩ་བ་ལྔ་དང་སྦྱར་བའི་མར་རམ། ཡང་ན་འཚོ་བྱེད་སྡེ་བཅུ་དང་བསྐོལ་བའི་མར་གང་ཡང་རུང་བ་བླུད་ན། མཁྲིས་པ་ལས་གྱུར་པའི་སྐྲན་ཞི་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་འཚོ་བྱེད་སྡེ་བཅུ་པོ་དེ་ཉིད་འོ་མ་དང་བསྐོལ་བ་འམ། ཡང་ན་ནྱ་གྲོ་དྷའི་སྡེ་ཚན་བསྐོལ
་བ་འཐུངས་ན། ཡང་མཁྲིས་པའི་སྐྲན་སེལ་ཏོ། །རྩུབ་པ་ལས་གྱུར་པའི་སྐྲན་ནམ། སྐྲན་ཐམས་ཅད་ལ་ནི་སྨན་པས་བཀྲུ་སྨན་མར་རམ་འོ་མ་དང་ལྷན་ཅིག་སྦྱར་བའི་བཀྲུ་སྨན་སྦྱར་རོ། །སྐྱུ་རུ་ར་དང། བུ་རམ་ཤིང་གི་ཁུ་བ་སྲང་དྲུག་ཅུ་རྩ་བཞི་དང། མར་སྲང་སུམ་ཅུ་རྩ་གཉིས་དང། ཨ་རུ་ར
་སྲང་བརྒྱད་དང་འདི་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྐྲན་སེལ་ཏོ། །ཡང་ན་མཁྲིས་པ་ཁོང་འབྲས་གསོ་བའི་ནང་ནས་འབྱུང་བའི་སེང་ཕྲོམ་གྱི་མར་འཐུངས་ན་ཡང་ཕན་ནོ། །ཡང་ན་རྒུན་འབྲུ་དད་པ་ཡསསྱ་དང།
་ཤིང་མངར་དང། ཤུག་བ་དང། ཙན་དན་དཀར་པོ་དང། སྦྲང་རྩི་དང་འདི་རྣམས་འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྐྲན་སེལ་ཏོ། །ཁྱི་ལྕེ་བ་སྲང་གཉིས་ཆུ་སྲང་དྲུག་ཅུ་རྩ་བཞི་དང་བསྐོལ་ཏེ། བརྒྱད་ཆ་ལུས་པ་དང། ཚིགས་མ་བོར་ལ
་འོ་མ་དྲོན་པོ་དང་ལྷན་ཅིག་བཏུང་བར་བྱའོ། །དེའི་འོག་ཏུ་མེའི་དྲོད་ཇི་ལྟ་བ་བཞིན་དུ་འོ་མ་དྲོན་པོ་དང་སྦྱར་ནས་བླུད་ན་མཁྲིས་པའི་ནད་དང། མཁྲིས་པ་ལས་གྱུར་པའི་སྐྲན་སེལ་བར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་སྐྲན་ནད་ཀྱིས་ལུས་ཚ་བ་ལ་ནི་མར་གྲང་མོས་བསྐུ
་ཞིང་བསིལ་བའི་སྨན་ཙན་དན་དང། ཨུ་ཤིར་དང་སྦྱར་བའི་ཕྱེ་མར་དང་སྦྱར་བས་བྱུག་པར་བྱའོ། །ཆུ་ལས་སྐྱེས་པའི་པདྨ་ལ་སོགས་པའི་ལོ་མས་ལུས་ལ་རེག་ཅིང་བཀབ་པ་དང། སྣོད་ཆུས་བཀང་བའི་ནང་དུ་སྤྱིད་བར་བྱའོ། །དང་པོ་ལུས་ཚ་ཞིང་ཟུག་གཟེར་ཆེ་ལ་མེ་དྲོད་ཆུང
་བ་ལ་གཏར་ཀ་བྱའོ། །ཁྱད་པར་དུ་མཁྲིས་པ་ལས་གྱུར་པའི་སྐྲན་ལ་བྱའོ། །དེ་ལྟར་ཁྲག་མང་དུ་ཕྱུང་བས་ནད་ཀྱི་རྩ་བ་ཆད་དེ། སྐྲན་ཡང་ཟད་ཅིང་ཁྲག་རོ་སྐྱུར་བར་བྱུང་སྟེ་ཁྲག་དང་ནད་ཀྱང་མེད་ཅིང་ཉམས་ཆུང་བ་ལ། སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུས་ཉམས་བརྟས་པར
་བྱའོ། །དེ་ལྟར་ཉམས་བརྟས་ནས་ཀྱང་ཉེས་པའི་ལྷག་མ་ཅུང་ཞིག་ཡོད་པ་ལྟར་ན། ཡང་དང་ཡང་མར་བསྟེན་ཅིང་གོམས་པར་བྱའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་སྐྲར་ཤས་ཆེར་གཡོས་ཏེ། བྱ་བ་གང་གིས་ཀྱང་མ་ཐུབ་སྟེ། སྐྲན་ཁོང་དུ་སྨིན་ཅིང་ན་བ་ལ་ནི། མཁྲིས་པ་ལས
་གྱུར་པའི་ཁོང་འབྲས་གསོ་བའི་ཆོ་ག་ཐམས་ཅད་བྱའོ། །མདོང་ན་ཁ་ཟས་ནི་འབྲས་སཱ་ལུ་ལ་སོགས་པ་བྱའོ། །འོ་མ་ནི་བ་དང་རའི་འོ་མ་སྦྱར་རོ། །ཚོད་མ་ནི་པ་ཏོ་ལ་ལ་སོགས་པ་བྱའོ། །ཤ་ནི་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་རྣམས་བྱའོ། །སྣུམ་དུ་ནི་མར་བྱའོ། །ཚོད་མ་དང
་བཟའ་བའི་ནང་དུ་སྦྱར་བ་ནི། སྐྱུ་རུ་ར་དང། པ་རུ་ཤ་ཀ་དང། རྒུན་འབྲུ་དང། བྲ་གོ་དང། སེའུ་འབྲུ་དང། ཁ་ར་དཀར་པོ་རྣམས་དང་སྦྱར་རོ། །བཏུང་བར་ནི་སྦུན་པ་ལ་དང། བྲི་ཧ་སྟི་ལ་སོགས་པ་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཆུ་དང་སྦྱར་རོ། །བད་ཀན་ལས་གྱུར་བའི་སྐྲན་ལ་ནི་ཐོག་མར་སློན་བྱ
་སྟེ། གལ་ཏེ་སློན་མི་ཐེག་སྟེ། ཉམས་ཆུང་བ་ལ་ནི་སྨྱུང་བ་བྱའོ། །སློན་དང་སྨྱུང་བ་བྱས་པའི་འོག་ཏུ་མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར་སྨན་ཁ་བ་དང། དྲོ་བ་དང་ཚ་བ་སྦྱར་བའི་ཐུག་པ་ལ་སོགས་པའི་ཟས་དང། ཤིང་ཀུན་ལ་སོགས་པའི་ཕྱེ་མ་ནས་ཚིག་འཁུས་པའི་ཐལ་བ་དང། ཤིང
་ཀུན་དང། སྟར་བུ་དང། འདི་གསུམ་སྨན་གཅིག་གི་ཉིས་འགྱུར་དུ་བྱས་པ་བཏང་ངོ། །བད་ཀན་ལས་གྱུར་པའི་སྐྲན་ནད་ཕྱིར་འབུར་བ་འམ། ཡང་ན་མི་མངོན་པར་འདུག་ཅིང། ཚོར་བ་མེད་ལ་སྲ་ཞིང་བརྟན་པ་དང། ལྟོ་ལྦོ་བ་ལ་སོགས་པའི་ནད་དང་བཅས་པ་ནི། དུགས་བྱ་སྟེ་སྙི
་བའི་ཆོ་ག་བྱའོ། །བད་ཀན་ལས་གྱུར་པའི་སྐྲན་ཅན་ལ་ནི་ཡ་བཀྵ་ར་དང། སྨན་ཆ་བ་སྦྱར་བའི་བཏུང་པ་སྦྱིན་ནོ། །ཡང་ན་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་ཚ་བ་གསུམ་དང། ནས་ཚིག་འཁུས་པའི་ཐལ་བ་དང། རྒྱམ་ཚྭ་དང། ཤིང་ཀུན་དང། ཙབས་རུ་ཚ་དང། སེའུ་འབྲུ་དང། དེ
་རྣམས་མར་དང་ཚུལ་བཞིན་སྦྱར་བ་འཐུངས་ན་བད་ཀན་ལས་གྱུར་པའི་སྐྲན་ལས་མྱུར་དུ་རྒྱལ་བར་བྱེད་དོ། །གོ་བྱེ་སྲང་གཉིས་དང། རྩ་བ་ཆུང་ངུ་ལྔ་སྲང་རེ་རེ་དང། ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང། དེ་དང་མཉམ་པའི་མར
་?་མར་དང་མཉམ་པའི་འོ་མ་དང། བི་དང་ཀ་དང། ཤིང་ཀུན་དང་རྒྱམ་ཚྭ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཟུར་བ་བ། རྩ་རུ་ཚ་དང། ཧ་སྟི་པི་པི་ལིང་དང། ར་སྣ་དང། ཤིང་མངར་དང། ཤུ་དག་དང། པི་པི་ལིང་དང། དོང་ཀྲ་འདི་རྣམས་ཞོ་གཉིས་དང་ལྷན་ཅིག་ཡང
་བསྐོལ་བའི་སྨན་མར་འདི་ནི་གོ་བྱེའི་མར་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན། བད་ཀན་ལས་གྱུར་པའི་སྐྲན་འཇོམས་པའི་མཆོག་ཡིན་ཏེ། དེ་བཞིན་དུ་མཆེར་པ་དང། སྐྱ་རྦབ་ཀྱི་ནད་དང། ཕོ་བའི་ནད་དང། ལུད་པ་དང། དབུགས་མི་བདེ་བ་སེལ་ཏོ། །མར་དེ་ཟོས་ཟིན་པའི
་འོག་ཏུ་བད་ཀན་གྱི་སྐྲན་ཅན་གྱི་ལུས་ཐམས་ཅད་ལ་ནི་དུགས་བྱའོ། །སྐྲན་ཐམས་ཅད་ལ་ནི་སྣུམ་ཆོས་བྱས་ལ་དེའི་འོག་ཏུ་དུགས་བྱས་ནས། གསོ་བ་གང་བྱས་ཀྱང་ངེས་པར་འགྲུབ་སྟེ་དུགས་མ་བྱས་ན་གསོ་དཀའ་ཨོ། །ཐོག་མར་བད་ཀན་གྱི་སྐྲན་ལ་སྣུམ་ཚོས་དང་དུགས
་བྱས་ཏེ་སྙི་བར་གྱུར་པ་དང། མདོའི་གནས་ནས་འབྱུང་བའི་བུམ་པའི་ཆ་དཔྱད་ཀྱིས་སྐྲན་ནང་ནས་དྲང་བའི་དཔྱད་བྱ་སྟེ། སྐྲན་ཀང་དུ་ཡོད་པའི་སར་རས་ཀྱིས་དཀྲིས་ལ། སྐྲན་གྱི་ཚོད་ཤེས་པའི་སྨན་པས་མཚོན་ནན་བོས་རས་ཀྱི་སྟེང་ནས་རྨ་དྲལ་ལ་ཟིན་པ་དང། ལྷམ
་མཁན་གྱི་ཤིང་གིས་ཆ་དཔྱད་དམ། ལྕགས་ལས་བྱས་པ་འམ། རའི་རྨིག་པ་འམ། མེ་ལོང་གང་ཡང་རུང་བས་བཙིར་ལ་ནང་གི་དྲི་མ་ཕྱིར་ཕྱུང་བ་དང་དག་པར་འཕྱི་བར་བྱའོ། །སྐྲན་དེ་སྙིང་ངམ་རྒྱུ་མའི་ཕྱོགས་གང་ན་ཡིན་པའི་སར་དྲལ་བའི་དུས་སུ་མཚོན་གྱིས་མ
་ཕོག་པར་བསྲུང་བར་བྱའོ། །ཏིལ་དང་ཡུངས་ཀར་དང། ཟར་མའི་ས་བོན་འདི་རྣམས་བཏགས་པའི་བྱེ་མས་རྨ་བྱུག་པར་བྱའོ། །དེ་ནས་བད་ཀན་ལས་གྱུར་པའི་སྐྲན་གྱི་རྨ་དེ་ལྕགས་ཀྱི་སྣོད་དྲོ་འཇམ་ནམ?་དང་བསྲས་ཏེ་དུགས་བྱའོ། །བྱ་བའི་རིམ་པ་དེ་དག་གིས་བད
་ཀོན?་ལས་གྱུར་པའི་སྐྲན་ནད་སྙི་བར་གྱུར་པ་ལ་ནི་སྣུམ་བག་དང་ལྡན་པའི་ཁྲུས་དང། རྩ་བ་བཅུ་པ་དང། སྦྱར་བའི་འཇམ་རྩི་སྦྱར་རོ། །པི་པི་ལིང་དང། སྐྱུ་རུ་ར་དང། རྒུན་འབྲུ་དང། ཤ་མ་དུར་བྱིང་ལ་སོགས་པའི་སྡེ་ཚན་དང། འདི་རྣམས་སྲང་རེ་རེ་དང། ཨེ་རཎྚའི་མར་དང། རྩི
་མར་བྲེ་རེ་རེ་དང། འབྲུ་མར་གྱི་དྲུག་འགྱུར་གྱི་འོ་མ་དང་ལྷན་ཅིག་བསྐོལ་ལ་མར་ལུས་པ་འདི་ནི། འདྲས་པའི་སྨན་མར་ཞེས་བྱ་སྟེ། དེས་བཀྲུ་སྨན་དུ་བླུད་ན་སྐྲན་སེལ་བའི་མཆོག་གོ། དེ་བཞིན་དུ་ཤ་རྒྱས་པ་དང། ཁོང་འབྲས་དང། ཟུག་གཟེར་དང། རླུང་ནད་རྣམས་ལ་དུད་རྩི
་དང་འདྲའོ། །ཡང་ན་ནི་ལི་ནིའི་སྨན་མར་གོང་དུ་བསྟན་པ་དེ་ལས་སྲང་གཉིས་གཉིས་ཙམ་བཏུང་བ་འམ། དེ་བཞིན་དུ་ཁོང་འབྲས་ཀྱི་སྐབས་སུ་བཤད་པའི་སུ་ཀུ་མ་ར་ཞེས་བྱ་བའི་སྨན་མ་དང། དམུ་རྫིང་གི་སྐབས་སུ་བཤད་པའི་སྨན་མར་གང་ཡང་རུང་བ་བཏུང་བར་བྱའོ། །ཡང་ན
་རམཏི་དང་རྩི་ཏྲ་ཀ་དང། ཨ་རུ་ར་དང་འདི་རྣམས་སྲང་ཉི་ཤུ་ལྔ་ལྔ་དང། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བརྒྱད་ཆ་སྲང་དྲུག་ཅུ་རྩ་བཞི་ལུས་པ་དང། ཨ་རུ་ར་མ་གཏོགས་པའི་ཚིགས་མ་བོར་ཏེ། །ཁུ་བ་ཨ་རུ་ར་དང་བཅས་པའི་ནང་དུ་བུ་རམ་སྲང་ཉི་ཤུ་རྩ་ལྔ་
་དང། ཏིལ་དང་དུར་བྱིད་ཀྱི་ཕྱེ་མ་སྲང་བཞི་བཞི་དང། པི་པི་ལིང་དང་བཅའ་སྒའི་ཕྱེ་མ་ཞོ་གཉིས་དང། འདི་རྣམས་ལྷན་ཅིག་ཏུ་མེ་མི་ཆེ་བ་དང་བསྐོལ་ཏེ། བཅུར་འདོད་པ་ཙམ་གྱི་ལྡེ་གུར་གྱུར་པ་དང་ཕྱིར་ཕྱུང་ལ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བཞི་དང། དྲི་སྣ་བཞིའི་ཕྱེ་མ
་སྲང་རེ་རེ་བཏགས་པ་ལས། ཨ་རུ་རའི་འབྲུ་རེ་རེ་དང་བཅས་པའི་ལྡེ་གུ་སྲང་རེ་ཟོས་ན་ཁོང་སྣུམ་ཞིང། ནད་མེད་ལ་བདེ་བར་བྲེ་རེ་རེ་ཙམ་འབྲུ་སྟེ། དེ་ཡང་སྐྲན་དང། སྙིང་ནད་དང། གཞང་འབྲུམ་དང། སྐྲངས་པ་དང། ལྟོ་སྤྲོས་པ་དང། བཅོས་པའི་དུག་དང། མཛེ་དང།
་དམུ་རྫིང་དང། ཨུད་གླེ་ཤའི་ནད་དང། ཡི་ག་འཆུས་པ་དང། མཆེན་པ་ན་པ་དང། ཕོ་བ་ན་བ་དང། རིམས་མི་བཟད་པ་དང། སྐྱ་རྦབ་དང། མིག་སེར་རྣམས་འཇོམས་པར་བྱེད་དེ། འདི་ནི་དནྟི་དང། ཙི་ཏྲཀ་དང། ཨ་རུ་རའི་ལྡེ་གུ་ཞེས་བྱའོ། །ཡང་ན་པུད་ཤྐ་རའི་ཆུ་འོ་མའི
་ནང་དུ་དུར་ཕྱིད་ཀྱི་བྱེ་མ་བཅུག་སྟེ་བྲན་ཏེ། མར་དང་སྦྲང་རྩི་ཞོ་གཉིས་དང་ལྡེ་གུར་བྱས་པ་བྱིན་ལ་བཀྲུ་སྨན་འཇམ་པོ་བྱའོ། །རུ་རྟ་དང། དུར་བྱིད་དང། དནད་དང། ཨ་རུ་ར་དང། ཡ་བཀྵ་ར་དང། གུ་གུལ་དང། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྷན
་ཅིག་གམ་ཡང་ན་གུ་གུལ་ཉི་ཚེ་བ་གཅིན་དང་བཏུང་ངོ། །ཡང་ན་ཆོ་ག་གྲུབ་པའི་ནང་ནས་བཤད་པའི་བཀྲུ་སྨན་དྲག་པོ་དང། བད་ཀན་ལས་གྱུར་པའི་སྐྲན་ལ་སྦྱར་རོ། །བད་ཀན་ལས་གྱུར་པའི་སྐྲན་རྩ་བ་ཟུག་པ་དང། རྒྱ་ཆེ་བ་དང། སྲ་བ་དང་ཚོར་བ་མེད་པ་དང། ལྦོ
་བ་དང། ཕྱིར་ལྦོ་བ་འདི་རྣམས་ཀྱི་ཐལ་སྨན་གྱི་ཨ་རིཥྚ་དང་མེ་ལས་བྱའོ། །བད་ཀན་ལས་གྱུར་པའི་སྐྲན་ནད་ལ་ནི་གཞང་འབྲུམ་དང། རྡེའུ་དང་པོ་བ་གསོ་བའི་ནང་དུ་བཤད་པའི་ཐལ་སྨན་རྣམས་སྦྱར་ཏེ། ཞག་གཅིག་མ་གཉིས་གསུམ་གྱི་བར་དུ་ངལ་གསོ་ཞིང
་སྦྱར་རོ། །སྨན་པས་ལུས་ཀྱི་སྟོབས་དང་ནད་ཟད་པར་བྱ་བའི་རིམ་པ་ལ་འབད་དོ། །ཡང་ན་ཐང་ཤིང་དང། ཤ་མ་དུར་བྱིད་དང། དནད་དང། པུ་ཙེ་ཤེལ་དང། ཚ་བ་རྣམ་ལྔ་དང། ས་ཙི་ཀའི་ཐལ་བ་དང། ནས་ཚིག་འཁུས་པའི་ཐལ་བ་དང། འབྲས་བུ་གསུམ་དང། པ་ཐ་དང།
་ཟེར་ནག་པོ་དང། རུ་རྟ་དང། སརྦ་སུ་གན་ད་དང། འདི་རྣམས་སྲང་ཕྱེད་ཕྱེད་དང། ལན་ཚྭ་རྣམ་ལྔ་སྲང་རེ་རེ་དང། ཞིབ་ཏུ་བཏགས་པའི་ཕྱེ་མ་ཏིལ་མར་དང་ཞག་དང། ཞོ་དང་མར་དང་དེ་དག་ལེགས་པར་སྦྲུས་ལ་རྫ་མ་ཁ་སྦྱར་གྱི་ནང་དུ་བསྲེགས་ལ་དུད་པ་མ་ཤོར
་བར་བྱ་སྟེ། ཛུ་མ་དམར་པོར་གྱུར་པ་དང། ཕྱུང་ལ་དེའི་ཐལ་བ་འོ་མ་དང་མར་དང། དར་བ་དང་ཆང་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ། རན་པར་འཐུང་ན་སྐྲན་དང། རླུང་ལས་གྱུར་པའི་རྟུག་པ་འགགས་པ་དང། རླིག་རླུགས་དང། གཞང་འབྲུམ་དང། མདུ
་རྫིང་དང། ཕོ་བའི་ནད་དང། སྲིན་བུ་དང། བརྗེད་བྱེད་ཀྱི་གདོན་དང། སྨྱོ་བྱེད་དང། མངལ་ནད་དང། ཁུ་ཆུ་ལས་གྱུར་པའི་རྡེའུ་ནད་དང། དེ་བཞིན་དུ་བྱི་བ་དང། སྦྲུལ་ལ་སོགས་པའི་དུག་དང། དེ་རྣམས་ཐལ་སྨན་འདིས་ཞི་བར་བྱེད་དོ། །བད་ཀན་ནི་མངར་བ་དང། སྦུམ
་མའི་བདག་ཉིད་ཡིན་པས་དེ་ལ་ནི་ཤ་ཁུ་དང། མར་དང་འོ་མར་བཅས་པའི་ཐལ་སྨན་རོན་པོ་བཏང་ན། བད་ཀན་ལས་གྱུར་པའི་སྐྲན་ཁོང་པར་དུམ་བུ་དུམ་བུར་བཅད་ནས་འབྱུང་བར་བྱེད་དོ། །ཆང་དང་སྣུམ་ཡུན་རིང་དུ་བསྟེན་པས་མེའི་དྲོད་ཆུང་ཞིང་ཡི་ག་འཆུས་པ་ལ་ནི
་ཨ་ས་བ་དང། ཨ་རི་སྟའི་ཆང་ལེགས་པར་སྨིན་པར་སྦྱར་ཏེ་རྒྱུན་སྲང་གི་ལམ་དག་པར་བྱའོ། །འབྲས་དམར་པོ་ལ་སོགས་པའི་འབྲས་དང། འབྲས་དྲུག་ཅུ་རྙིང་པ་དང། རྒྱ་སྲན་དང། སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་དང། སུ་ཏི་ཀ་རཉྫ་དང། ཙི་ཏྲ་ཀ་དང། ཨགནི
་མ་མཱ་དང། ལ་ལ་པུད་དང། བ་ར་ན་དང། འདི་རྣམས་ཀྱི་མྱུ་གུ་དང། ཤི་ཀྲུ་དང། བིལྦ་གཞོན་ནུ་དང། ལ་ཕུག་སྐམ་པོ་གཞོན་ནུ་དང། ཁ་ལུད་དང། ཤིང་ཀུན་དང། སྟར་བུ་དང། ནས་ཚིག་འཁུས་པའི་ཐལ་བ་དང། སེའུ་འདྲུ་དང། ཚ་བ་གསུམ་དང། དར་བ་དང། མར
་དང། ཏིལ་མར་དང། འདི་རྣམས་དང་ཅི་ལྟར་འཚམ་པ་བཞིན་དུ་ཁ་ཟས་སྦྱར་རོ། །བཏུང་བར་ནི་ཆང་གི་དངས་མ་དང། འབྲས་ཀྱི་རང་སྐྱུར་དང། ཞོ་ག་ཆུ་དང་ངར་བ་རྣམས་ལས་གང་ཡང་རུང་བའི་ནང་དུ་ལ་ལ་པུད་དང། ལན་ཚྭའི་ཕྱེ་མས་བཏབ་པ་འམ། ཡང་ན་རྩ་བ་ལྔ་པ
་བསྐོལ་བའི་ལུ་བ་འམ། ཡང་ན་རྒུན་ཆང་རྙིང་པ་བླུད་དོ། །ཡང་ན་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། ཀྲུ་ཏྲུག་ཏྲས་དང། གོ་སྙོད་དང་ལྕེ་མྱང་ཚ་དང། འདི་རྣམས་ཀྱི་ཕྱེ་མ་ཆང་ངམ་ཆང་གི་སྙིགས་མ་དང་བསྲེས་ཏེ་འཐུངས་ན་བད་ཀན་ལས་གྱུར་པའི་སྒྲན་མྱུར་དུ
་སེལ་ཏོ། །གལ་ཏེ་སློན་དང། སྨྱུང་བ་དང། དུགས་དང་སྨན་མར་དང། བཀྲུ་སྨན་དང། འཇམ་རྩི་དང། ཐལ་སྨན་དང། ཨ་ས་བ་དང། སྟའི་ཆང་དང། རི་ལུ་དང་ཕན་པའི་ཟས་རྣམས་བསྟེན་ཀྱང་མ་ཞི་སྟེ། བད་ཀན་གྱི་སྐྲན་གཏིང་ཟུག་པར་གྱུར་ན། དེ་ལ་ནི་ཁྲག་དབྱུང་ཞིང
་ལྕགས་ལ་སོགས་པས་བསྲེག་པར་བྱའོ། །དེ་ནས་སྨན་པས་སྐྲན་གྱི་སྟེང་རས་ཀྱི་དཀྲིས་ལ། རས་ཀྱི་སྟེང་ནས་མི་དྲག་པས་མནན་ཏེ། སྐྲན་གྱི་ཐབ་འཁོར་ཀུན་དུ་མདེའུ་འམ། ལྕགས་བསྲེགས་དང། གཙུབ་ཤིང་བསྲུབས་པའི་མདག་མ་འམ། ཏིནབུ་ཀའི་མདག
་མ་གང་ཡང་རུང་བས་བསྲེག་གོ་།ལྟེ་བ་དང། ཆུ་སོ་དང། སྙིང་དང་ལྟེ་བའི་འོག་གི་སྤུ་འདི་རྣམས་སུ་མེས་སྲེག་པ་སྤང་ངོ། །དེ་ནས་བསིལ་བ་དང། བསྐ་བ་དང། མངར་བའི་སྨན་གྱིས་མེའི་སྟོབས་ཞི་བར་བྱའོ། །དེའི་འོག་ཏུ་རྨ་གསོ་བའི་ཆོ་ག་བྱའོ། །
་མ་ཞུ་བ་ལས་གྱུར་པའི་སྐྲན་ལ་ནི་ཐུག་པ་ལ་སོགས་པ་མེའི་དྲོད་སྐྱེད་པའི་ཆོ་ག་བྱ་སྟེ། ཁྱད་པར་དུ་སྨྱུང་བ་བྱས་ན་ཕན་ནོ། །འབྲས་བུ་ལས་གྱུར་པའི་སྐྲན་ལ་ནི་དུས་ཤེས་པའི་སྨན་པས་རང་རང་གི་གསོ་བ་བཞིན་དུ་གསོའོ། །བུད་མེད་ཀྱི་ཁྲག་སྐྲན་ལ་ནི་བུ་བཙས་པའི་འོག་ཏུ
་སྣུམ་བཙོས་དང་དུགས་བྱས་ལ་སྣུམ་ཆོས་དང་བཅས་པའི་བཀྲུ་སྨན་བྱའོ། །བཏུང་བར་ནི་ཏིལ་བསྐོལ་པའི་ཁུ་བའི་ནང་དུ་བུ་རམ་དང་མར་དང་ཚ་བ་གསུམ་དང། ག་བྲའི་རྩ་བའི་ཕྱེ་མ་དང་ལྡན་པར་བྱས་པ་བྱིན་ཏེ། བུད་མེད་ཟླ་མཚན་ཉམས་པ་ལ་སྦྱར་རོ། །ག་བྲའི་རྩ་བ་དང
་པི་པི་ལིང་དང། ཀ་རཉྫའི་ཤུན་ལྤགས་དང། པི་པི་ལིང་གི་རྩ་བ་དང། ཐང་ཤིང་འདི་རྣམས་ཀྱི་ཕྱེ་མ་ཏིལ་བསྐོལ་བའི་ཁུ་བའི་ནང་དུ་བཏང་སྟེ་འཐུངས་ན། བུད་མེད་ཀྱི་ཁྲག་སྐྲན་སེལ་ཏོ། །ཡང་ན་ཤིང་པ་ལ་ཤ་བསྲེགས་པའི་ཐལ་བ་དང་ཆུ་དང་བསྲེས་ལ་བཙགས་པའི
་ཁུ་བ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང། ཏིལ་མར་དང། མར་སྲང་ཉི་ཤུ་རྩ་བརྒྱད་བརྒྱད་དང་བསྐོལ་ཏེ་མར་ཡུས་པ་དང། དེ་ལས་རན་པར་འཐུངས་ན་སྐྲན་སྙི་ཞིང་ལྷོད་པར་འགྱུར་རོ། །དེས་ཀྱང་ལྷོད་པ་འམ་སྙི་བར་མ་གྱུར་ན། ཏིལ་ཆུ་དགས་སུ་བྱས་པ་འམ། ཡང་ན་ཤི་རི་ཁཎྚ
་གང་ཡང་རུང་བ་དང་ཐལ་སྨན་སྦྱར་ཏེ་མོ་མཚན་ནས་བཀྲུ་སྨན་བཏང་ངོ། །ཡང་ན་ནས་ཚིག་འཁུས་པའི་ཐལ་བ་དང། ཤི་རི་ཁཎྚ་གཉིས་ཉ་ཕྲུག་གི་ཤ་བརྡུངས་པའི་ནང་དུ་བརྡོས་ཏེ། མོ་མཚན་ནས་བཀྲུ་སྨན་བཏང་ངོ། །ཡང་ན་ཕག་རྒོད་དང། ཉའི་མཁྲིས་པར་ས་མ་ལ་ལེགས
་པར་བསྒོས?་ཏེ་བསྒྲིལ་ལ་མོ་མཚན་ནས་ཡར་གཞུག་གོ། མངལ་དག་པར་བྱ་བའི་ཕྱིར་བུ་རམ་དང་ཐལ་སྨན་དང་ཕབས་སུ་སྦྱར་བ་བཏང་ངོ། །ཁྲག་མཁྲིས་ལ་ཕན་པའི་ཨུཏཔ་ལའི་སྡོང་བུ་བསྲེགས་པའི་ཐལ་སྨན་སྦྲང་རྩི་དང་མར་དུ་སྦྱར་བའི་ལྡེ་གུ་སྦྱིན་ནོ། །བུད་མེད་ཁྲག་ཅན་ལ
་ནི་སྒོག་སྐྱ་དང་ཆང་ལེགས་པར་སྨིན་པ་དང་ཉ་ཤ་རྣམས་སྦྱར་རོ། །ཡང་ན་རྩ་བ་བཅུ་པ་དང། འོ་མ་དང་ཐལ་སྨན་བ་གཅིན་དང་སྦྱར་བའི་འཇམ་རྩིམས་བཏང་ངོ། །ཆོ་གའི་རིམ་པ་དེ་ལྟར་བྱས་ཀྱང་ཁྲག་སྐྲན་དེ་མ་བྱུང་ན་དྲལ་བའི་ཆོ་ག་བྱས་ན་ཕན་ནོ། །དེ་ནས་བུད་མེད་དེའི་ལུས་ལ་མར་དང་ཏིལ
་མར་བསྲེས་པས་བསྐུ་ཕྱུག་བྱས་ལ་ཁྲག་ཤས་ཆེར་འབྱུང་ན་བཅད་པར་བྱ་སྟེ། ཁ་ཟས་ནི་ཤ་ཁུ་དང་བཅས་པའི་འབྲས་ཆན་དང་དེ་བཞིན་དུ་བཏུང་བར་ཡང་ཆང་སར་པ་སྦྱིན་ནོ། །དེ་ལྟར་བྱས་ཀྱང་ཁྲག་མང་དུ་འབྱུང་ན་ཁྲག་མཁྲིས་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །རླུང
་གི་ནད་བྱུང་བ་ན་ནི་རླུང་ནད་གསོ་བ་ཐམས་ཅད་བྱའོ། །ལྟོ་ལྦོ་བ་ལ་སོགས་པ་དང། རླུང་གི་ཕྱི་ས་འགགས་པ་དང། རླུང་ནད་མ་ཞུ་བ་ལས་བྱུང་བའི་ནད་གང་ཡང་རུང་བ་བྱུང་ན། སོ་སོའི་གསོ་བ་ཐམས་ཅད་བྱའོ། །སྐྲན་གསོ་བ་ལེའུ་བཅུ་བཞི་པ་རྫོགས་སོ།། །།
་དེ་ནས་དམུ་རྫིང་གསོ་བའི་ལེའུ་བཤད་པར་བྱ་སྟེ། དམུ་རྫིང་ནི་ཉེས་པ་ཤས་ཆེར་གསོགས་ཏེ། རྒྱུན་སྲང་རྣམས་འགགས་པ་ལས་འབྱུང་བ་ཡིན་ཏེ། དེ་བས་ན་དེ་ལ་ནི་ཡང་དང་ཡང་དུ་བཀྲུ་སྨན་བཏང་བར་བྱའོ། །དམུ་རྫིང་ཅན་གྱི་ནད་པ་ལ་བཏུང་བར་ནི་ཉིན་མཚན་དུ་ཨེ་རཎྚའི
་མར་བ་གཅིན་ནམ་འོ་མ་དང་ལྷན་ཅིག་བཏུང་བ་འམ་ཡང་ན་ན་པ་གཅིན་ནམ་མ་ཧེའི་གཅིན་ཉི་ཚེ་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་སྦྱིན་ནོ། །ལུས་ཉམས་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར། བ་དང་རྔ་མོའི་འོ་མ་ཉི་ཚེ་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་བླུད་དོ། །ཁྱད་པར་དུ་ལུས་ཚ
་བ་དང། ལྟོ་ལྦོ་བས་ཉམས་ཐག་པ་དང། སྐོམ་དད་ཆེ་བ་དང། བརྒྱལ་བཟིལ་གྱིས་ནོན་པ་ལ་ཡང་རྔ་མོའི་འོ་མ་སྦྱར་རོ། །རྩུབ་ཤིང་རླུང་ཤས་ཆེར་གཡོ་བ་ལས་གྱུར་པའི་དམུ་རྫིང་གི་ནད་དག་པར་འདོད་ན་ནི། སྨན་མར་དམུ་རྫིང་འཇོམས་པ་གང་ཡང་རུང་བས་སྣུམ་ཆོས་སྦྱར་བར་བྱའོ།།
་སྨན་མར་སྲང་དྲུག་པ་ཞེས་བྱ་བ་རྩ་བཅུ་པ་བསྐོལ་བའི་ཆུ་དང་ཞོ་ཁ་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་བ་བླུད་དོ། །ཡང་ན་དོང་ཀྲ་སྲང་གསུམ་དང་མར་དང་ཏིལ་མར་སྲང་བཅུ་དྲུག་དང། དེ་བཞིན་དུ་ཞོ་ཁ་ཆུ་སྲང་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་མར་ལུས་པ་དང་དེ་ལས་རན་པར
་འཐུངས་ན་དམུ་རྫིང་གི་ནད་ཐམས་ཅད་འཇོམས་ཏེ། ཁྱད་པར་དུ་ཡང་བད་ཀན་དང་རླུང་ལས་གྱུར་པའི་དམུ་རྫིང་འཇོམས་པའི་མཆོག་ཡིན་ནོ། །མར་སྲང་སུམ་ཅུ་རྩ་གཉིས་དང། མར་དེའི་བཞི་འགྱུར་གྱི་ཆུ་དང། ཆུའི་ཉིས་འགྱུར་གྱི་བ་གཅིན་དང། ཙི་ཏྲ
་ཀ་སྲང་གཅིག་གི་ཕྱེ་མ་བསྐོལ་ཏེ་མར་ལུས་པ་དང། ཐལ་སྨན་དང་ལྷན་ཅིག་དམུ་རྫིང་ཅན་གྱི་ནད་པ་ལ་བླུད་པར་བྱའོ། །ཡང་ན་ནི་ནས་དང། རྒྱ་ཤུག་དང། རྒྱ་སྲན་དང། རྩ་བ་བཅུ་པ་ཚུལ་བཞིན་བསྐོལ་བའི་ཁུ་བའི་ནང་དུ་ཆང་དང། རང་སྐྱུར་མ་དང་བསྲེས་ཏེ་ཡང་བསྐོལ
་ཏེ་མར་ལུས་པ་བླུད་དོ། །མར་དེ་རྣམས་ཀྱི་སྦྱོར་བ་དེ་དག་གིས་ཁོང་སྣུམ་ཞིང་ལུས་ཀྱི་ཉམས་སྟོབས་སྐྱེ་ལ། རླུང་ཞི་ཞིང་ནད་རང་གི་གནས་ལས་བསྐྱོད་པ་དང། ཆོ་ག་གྲུབ་པ་ལས་འབྱུང་བའི་བཀྲུ་སྨན་བྱའོ། །པ་ཏོ་ལའི་རྩ་བ་དང། འབྲས་བུ་གསུམ་དང། སྐྱེར་པ་དང་བི་དང་ཀ
་དང། འདི་རྣམས་ཞོ་གཉིས་གཉིས་དང། ཀ་པི་ལ་ཞོ་བཞི་བཞི་དང། ནི་ལི་ཞོ་དྲུག་དང། ཙི་པ་ཙི་ཞོ་བརྒྱད་དང། འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དང་སྦྱར་བའི་བཀྲུ་སྨན་བླུད་དོ། །དེས་ལེགས་པར་འཁྲུས་པ་དང། ཐུག་པ་དང། སྲོག་ཆགས་ཐང་ལ་གནས་པའི་ཤ
་ཁུ་སྦྱིན་ནོ། །དེ་ནས་ཞག་དྲུག་གི་བར་དུ་འོ་མ་ཚ་བ་གསུམ་དང་ཚུལ་བཞིན་བསྐོལ་བ་བླུད་དོ། །ཕྱེ་མའི་སྦྱོར་བ་དེ་དག་ཡང་དང་ཡང་དུ་བྱས་ན་དམུ་རྫིང་ཐམས་ཅད་འཇོམས་སོ། །ཡང་ན་བི་ཤ་ལ་དང། ཤང་གི་ནི་དང། དནྟ་དང། སང་ཕྲོམ་གྱི་ཤུན་ལྤགས་དང། ཤུ་དག་དང
་འདི་རྣམས་བཏགས་པའི་ཕྱེ་མ་ཀརྐནདུ་དང། རྒུན་འབྲུ་དང། རྒྱ་ཤུག་དང། འདི་རྣམས་ཀྱི་ཁུ་བ་གཅིན་དང་སྦྲང་ཚང་གང་རུང་རུང་བ་དང་ལྷན་ཅིག་བཀྲུ་སྨན་གྱི་དོན་དུ་བཏང་ངོ། །ལ་ལ་པུད་དང། སྔ་མའི་འབྲས་བུ་དང། འུ་སུ་དང། ཤ་ཏ་པུཥཔ་དང། ཟི་ར་ནག་པོ་དང
་ཀ་ར་བི་ར་དང། པི་པི་ལིང་གི་རྩ་བ་དང། ཨཉྫ་གནདྷ་དང། ཟུར་བ་དང། ཤུ་དག་དང། ཚ་བ་རྣམ་གསུམ་དང། ཁྲོན་བུ་དང། འབྲས་བུ་གསུམ་དང། ཐལ་བ་རྣམ་གཉིས་དང། མ་ནུ་དང། རུ་རྟ་དང། ལན་ཚྭ་རྣམ་ལྔ་དང། བི་དང་ཀ་དང། འདི་རྣམས་ཆ་བསྙམས་པ་དང།
་རནྟི་ཆ་གསུམ་དང། དྲི་བཏྟི་དང། བི་ཤ་ལ་ཆ་གཉིས་དང། ས་ཏ་ལ་ཆ་བཞི་དང། འདི་རྣམས་བཏགས་པའི་ཕྱེ་མ་ནི་སྲེད་མེད་ཀྱི་བུའི་ཕྱེ་མ་ཞེས་བྱ་སྟེ། འདི་བསྟེན་ན་ཁྱབ་འཇུག་གིས་ལྷ་མ་ཡིན་བཅོམ་པ་བཞིན་དུ་ནད་ཀྱི་ཚོགས་དུ་མས་བཏབ་བའི་ནད་མི་འཕེལ་ཞིང་སེལ
་བར་བྱེད་དོ། །དམུ་ཚུལ་ནི་དར་བ་ལས་བཏང་ངོ། །རླུང་གི་ལྟོ་ལྦོ་བ་ལས་ནི་ཆང་ལས་བཏང་ངོ། །རླུང་ནད་ལ་ནི་ཆང་བཀྲུས་པ་ལས་བཏང་ངོ། །ཕྱིས་འགགས་པ་ལ་ནི་ཞོ་ག་ཆུ་ལས་བཏང་ངོ། །གཞང་འབྲུམ་ལ་ནི་སེའུ་འབྲུའི་ཁུ་བ་ལས་བཏང་ངོ། །མཁྲེག་པ་ལ་ནི་ད་ཏྲིག་གི་ཁུ་བ
་ལས་བཏང་ངོ། །མ་ཞུ་བ་ལ་ནི་ཆུ་དྲོན་པོ་ལས་བཏང་སྟེ། འདིའི་མཚན་མར་རྡོལ་བ་དང། སྐྱ་རྦབ་ཀྱི་ནད་དང་།ལུད་པ་དང་དབུགས་མི་བདེ་བ་དང། སྐེ་འགགས་པ་དང། སྙིང་ནད་དང། ཕོ་བའི་ནད་དང། མཛེ་དང། ཕོ་བ་དྲོད་ཆུར་བ་དང། རིམས་དང། མཆེ་བའི་དུག་དང། རྩ་བའི
་དུག་དང། དུག་སྦྱར་མ་རྣམས་ལ་ཕན་ནོ། །རང་གི་ཉམས་སྟོབས་དང་སྦྱར་ཏེ། སྔར་སྣུམ་བག་གིས་བརྟས་ལ་དེ་ནས་བཀྲུ་སྨན་བཏང་བར་བྱའོ། །ཁྲོན་བུ་དང། འབྲས་བུ་གསུམ་དང། པུ་ཙེ་ཤེལ་དང། ནི་ལི་ནི་དང། ཁྱི་ལྕེ་བ་དང། ཏ་ལ་དུར་བྱིད་དང། ཤུ་དག
་དང། རྒྱམ་ཚྭ་དང། ཁ་རུ་ཚྭ་དང། པི་པི་ལིང་རྣམས་ཕྱེ་མར་བྱ་སྟེ། སེའུ་འབྲུའི་ཁུ་བ་འམ། འབྲས་བུ་གསུམ་གྱི་ཁུ་བ་འམ། ཤ་ཁུ་འམ་བ་གཅིན་ནམ། ཆུ་དྲོ་འཇམ་ཙམ་ལས་བཏང་བ་འདི་སྐྲན་ཐམས་ཅད་དང། མཆེར་པ་ན་བ་དང། དམུ་རྫིང་ཐམས་ཅད་དང། ཤ་བཀྲ་དང།
་མཛེ་དང། གློག་པ་དང། ཕོ་བའི་དྲོད་མ་སྙོམས་པ་དང། ལུད་པ་དང། གཞང་འབྲུམ་དང། སྐྱ་རྦབ་ཀྱི་ནད་དང། མིག་སེར་དང། ལྗང་ཁུ་ཁ་དང། རླུང་དང་མཁྲིས་པ་དང། བད་ཀན་རྣམས་ལ་ཕན་ཏེ། བཀྲུ་སྨན་འདི་རྣམས་ཀྱིས་མྱུར་དུ་སོས་པར་བྱེད་དེ། འདི་ནི་སྦམ་ལ་སོགས
་པའི་ཕྱེ་མ་ཞེས་བྱའོ། །ནི་ལི་ནི་དང། ལྕང་མ་དང། ཚ་བ་གསུམ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ལན་ཚྭ་རྣམ་ལྔ་དང། ཀྲུ་ཏྲུག་ཏྲེས་དང། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་འཐུངས་ན། དམུ་རྫིང་དང། སྐྲན་སེལ་ཏོ། །དེ་ལྟར་ཡང་དང་ཡང་དུ་བཀྲུ་སྨན་བཏང་བའི་བར་དུ
་ཉམས་སྟོབས་བསྐྱེད་པར་བྱ་བའི་ཕྱིར། གོང་མ་ལྟར་རྔ་མོ་འམ། བ་འམ། རའི་འོ་མ་བཏང་ངོ། །དམུ་རྫིང་གི་ནད་ཚབས་ཆེ་བ་ལ་ནི་སྣུམ་དང་བཅས་པའི་བཀྲུ་སྨན་མྱུར་དུ་བཏང་སྟེ། ཉམ་ཆུང་བ་ལ་ནི་མི་བསྡད་དོ། །མར་སྲང་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་ཨ་རུ་ར་སྲང
་སུམ་ཅུ་རྩ་གཉིས་བཏགས་པ་དང། ལྷན་ཅིག་མེ་ལ་བཞུས་པ་དང། ཁ་གཟར་གྱིས་དཀྲུག་ཅིང་ནས་ཀྱི་སྦུན་པའི་ནང་དུ་ཟླ་བ་གཅིག་བཞག་ལ། དེ་ནས་ཕྱུང་ལ་ཡང་བཞུས་ཏེ་ཡང་ཨ་རུ་ར་བསྐོལ་བའི་ཆུ་དང། ཞོ་སྐྱུར་པོ་དང་ལྡན་པར་བསྐོལ་ཏེ། དེ་ལ་སྲན་པར་འཐུངས
་ན་དམུ་རྫིང་དང། སྦྱར་བའི་དུག་དང། གཏུན་ལྟ་བུའི་ནད་དང། ལྟོ་ལྦོ་དང། སྐྲན་དང། ཁོང་འབྲས་དང། དེ་བཞིན་དུ་མཛེ་དང། སྨྱོ་བྱེད་དང། བརྗེད་བྱེད་རྣམས་འཇོམས་པར་བྱེད་དོ། །ཡང་ན་བའི་འོ་མ་དང། ཤྲི་ཁཎྚ་དང་བཅས་པར་བསྐོལ་ཏེ་བསྒྲངས་ལ། ཁ་གཟར་གྱིས་དཀྲུགས་ཏེ།
་དེ་ལས་བྱུང་བའི་མར་དང་ཤྲི་ཁཎྚ་ཡང་བསྐོལ་བའི་ཁུ་བ་དང་བཅས་པར་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་འོ་མ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང། ཤྲི་ཁཎྚའི་འོ་མ་སྲང་བཅུ་དྲུག་དང་ལྷན་ཅིག་མནན་ཏེ། ཞོར་སྦྱིན་པ་དང་བསྲུབས་པའི་མར་དང། ཏྲི་བ་ཙི
་བཅུག་ལ་ཡང་བསྐོལ་ཏེ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །དེ་བཞིན་དུ་མར་བྲེ་གང་དང། མར་གྱི་བརྒྱང་འགྱུར་གྱི་འོ་མ་དང། སུ་དཀྵཱིར་སྲང་གཅིག་དང། དུར་བྱིང་སྲང་དྲུག་དང། གོང་གི་ཕྱེ་མ་དང་འདི་རྣམས་དང་ལྷན་ཅིག་བསྐོལ་ཏེ། མར་ཉི་ཆེ་ཁྲུས་བ་བླུད་དོ།།
་དེའི་འོག་ཏུ་ཐུག་པ་དང། ཁུ་བཅུ། །དམར་པོ་དང། འོ་མ་བཏུང་ངོ། །མར་ཁོང་པར་ཞུ་སྟེ་འཁྲུས་པ་དང། བཅའ་སྒ་བསྐོལ་བའི་ཁུ་བ་དྲོན་པོ་བླུད་དོ། །དེ་ནས་ཐུག་པ་དང། རྒྱ་སྲན་གྱི་ཡུ་ཤ་ཡང་རིམ་པས་བླུད་དོ། །དེ་ལྟར་ཁོད་བ་རྩུབ་པ་དང། ཞག་གསུམ་གྱི་བར་དུ་གོང
་མའི་མར་དང་ལྷན་ཅིག་ཟས་སྦྱིན་ནོ། །གོང་མའི་རིམ་པ་དེ་ལྟར་ཡང་དང་ཡང་དུ་སྨན་མར་བཏུང་ངོ། །སྨན་མར་གྱི་སྦྱོར་བ་དེ་དག་སྨན་པ་མཁས་པས་ཚུལ་བཞིན་བྱས་ན། སྐྲན་རྣམས་དང། སྦྱར་བའི་དུག་རྣམས་དང། དམུ་རྫིང་རྣམས་ཞི་བར་བྱེད་དོ། །ཡང་ན་སྨན་པི་ལུ
་བཏགས་པའི་ཕྱེ་མ་དང། མར་བསྐོལ་བ་འཐུངས་ན། ལྟོ་ལྦོ་ཞིང་ཟུག་པ་རྣམས་ལ་ཕན་ནོ། །ཡང་ན་སེང་འཕྲོམ་གྱི་སྨན་མར་རམ། ནི་ལི་ནིའི་སྨན་མར་རམ། འདྲེས་པ་ཞེས་བྱ་བའི་སྨན་མར་གང་ཡང་རུང་བ་བླུད་དོ། །བཀྲུ་སྨན་དེ་དག་གིས་ནད་བཞི་དང་བྲལ་བ་དང། ཐུག་པ་ལ
་སོགས་པའི་རིམ་པའི་འབྲས་ཆན་ལ་སོགས་པ་ཡང་བ་རན་པར་ཁོ་ཟས་ཀྱི་ཚོད་ཟིན་པར་བྱའོ། །ཉེས་པའི་ལྷག་མ་ཆུང་ཞིག་ལུས་པ་ལྟ་ན། ཨ་རུ་ར་རྡེག་མ་སྟོང་ཅིག་དང་ལྷན་ཅིག་བཟའ་སྟེ། བཏུང་བར་ནི་འོ་མ་སྦྱར་རོ། །ཡང་ན་པི་པི་ལིང་འབུམ་སྟོང་ཤྲི་ཁཎྚའི་འོ་མ་འམ།
་ཆུ་དང་སྤངས་ཏེ་ཆོས་ལ་དེའི་འོག་ཏུ་འོ་མ་བཏུང་ངོ། །ཡང་ན་པི་པི་ལིང་སྐྱེད་པའི་ཆོ་ག་བཅུད་ཀྱིས་ལེན་གྱི་སྐབས་སུ་བཤད་པ་ཟོས་ལ་དེའི་འོག་ཏུ་འོ་མ་བཏུང་བ་འམ། ཡང་ན་བཅུད་ཀྱི་ལེན་གྱི་སྐབས་སུ་བཤད་པའི་བྲག་ཞུན་ཟོས་ལ། དེའི་འོག་ཏུ་འོ་མ་བཏུང་བ་འམ། ཡང
་ན་གུ་གུལ་བཅུད་ཀྱིས་ལེན་དུ་སྨོས་པ་ལྟར་ཟོས་ལ། འོ་མ་བཏུང་བ་འམ། ཡང་ན་འོ་མ་དང་སྒེའུ་གཤེར་གྱི་ཁུ་བ་ཆ་བསྙམས་པ་འཐུངས་ན་ཕན་ནོ། །ཡང་ན་དམུ་རྫིང་གི་ནང་ལྷག་མ་ལུས་པ་ལ་ནི་ཙི་ཏྲ་ཀ་དང། ཐང་ཤིང་བརྟགས་པའི་ཕྱེ་མ་དང་འོ་མ་སྦྱར་བ་བཏུང
་བ་འམ། དེ་བཞིན་དུ་ཁ་ཟས་གཞན་མི་ཟ་བར་ཧ་ཏི་པི་པི་ལིང་དང། བཅའ་སྒ་འོ་མ་དང་སྦྱར་བ་ཟླ་བ་གཅིག་བཏུང་ངོ། །ཡང་ན་བི་དང་ཀ་དང། ཀྲུ་ཏྲུག་ཏྲེས་དང། དནྟི་དང། དབྱི་མོ་དང། ཚ་བ་འདི་རྣམས་བཏགས་ཏེ་འོ་མ་དང་ལྷན་ཅིག་སྦྱར་བ་ཞོ་གཉིས་གཉིས་ཙམ
་འཐུངས་ན་དམུ་རྫིང་ཚབས་ཆེ་བ་ལས་རྒྱལ་བར་བྱེད་དོ། །ཁ་ཟས་ནི་འོ་མ་འམ། སུ་དག་ཀྵིར་འོ་མ་དང་མར་དང་བཅས་པ་ཟླ་བ་གཅིག་ཏུ་བཟའ་ཨོ། །ཡང་ན་ཤྲི་རི་ཁཎྚའི་འོ་མའི་ནང་དུ་པི་པི་ལིང་དང། ཨ་རུ་ར་སྤངས་ལ་བཏགས་ཏེ་ཁུར་བའི་ནང་དུ་བཏབ་སྟེ་སྦྱིན་ནོ། །གལ
་ཏེ་དམུ་རྫིང་ཅན་རླུང་ནད་ཀྱིས་རྩིབས་ལོགས་སུ་ཟུག་པ་དང། རེངས་པ་དང། རོ་སྟོད་འཛིངས་པར་གྱུར་ན་དེ་ལ་ནི་བིལྦའི་ཐལ་བ་དང། ཏིལ་མར་སྦྱར་བ་བླུད་དོ། །ཡང་ན་ཏིནདུ་ཀ་དང། བ་ལ་དང། བླཀྵ་དང། ཏིལ་གྱི་སྡོང་བུ་དང། ཆུ་ཤིང་དང། ཨ་པ་མརྒ་དང། ཨགནི་མནྠ་དང། འདི
་རྣམས་ཀྱི་ཐལ་བ་ཆུ་བ་དང་སྦྱར་ལ་རས་ཀྱིས་བཙགས་ཏེ། ཏིལ་མར་དང་ལྷན་ཅིག་བསྐོལ་བ་བླུད་དོ། །རླུང་ལས་གྱུར་པའི་དམུ་རྫིང་བད་ཀན་དང་ལྷན་ཅིག་ལྡན་པ་འམ། མཁྲིས་པ་དང་ལྡན་པ་དང། དེ་གཉི་ག་དང་ལྡན་ཞིང་རླུང་སྟོབས་ཆེ
་བར་གྱུར་ན་དེ་ལ་ནི་ཨེ་རཎྚའི་མར་ནད་གཞི་སོ་སོ་དང་སྦྱར་བ་བཏང་ན་ཕན་ནོ། །ཡང་ན་ཐང་ཤིང་དང། རྒྱ་སྐྱེགས་ཤིང་དང། ཧ་སྟི་པི་པི་ལིང་དང། ཤི་ཀྲུ་དང། གྲ་རབས་དང་འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དང་སྦྱར་བའི་ལྡེ་གུས་དམུ་རྫིང་གི་ཕྱི་རོལ
་ནས་བསྐུའོ། །ཡང་ན་ཕྲི་ཤཙི་ཀ་ལི་དང། ཤུ་དག་དང། བཅའ་སྒ་དང། རྩ་བ་ལྔ་པ་དང། བ་སྤྲུ་བ་དང། འུ་སུ་དང། རུ་རྟ་དང། འདི་རྣམས་བསྐོལ་བའི་ཁུ་བ་འམ། ཡང་ན་བ་གཅིན་གང་ཡང་རུང་བས་ཕྱི་རོལ་ནས་བླུགས་སོ། །དེ་ལྟར་ཁྲུས་ལ་སོགས་པ་བྱས་པས་ནང
་ཕྱུང་སྟེ། ལྟོ་བ་ཞུམ་པར་གྱུར་པ་དང། ཡང་ལྟོ་བ་རླུང་གིས་མི་སྤོ་བའི་ཕྱི་ས་ལ་དང། བ་བླའི་སྡེ་ཚན་དུགས་ཀྱི་སྐབས་སུ་བཤད་པ་བཞིན་དུ་དུགས་བྱ་སྟེ། རས་ཀྱིས་ལྟོ་བ་བཅིང་བར་བྱའོ། །དེ་ལྟར་ལེགས་པར་ཁྲུས་བྱས་ནས་ལྟོ་བ་ཡང་སྤོ་བ་ལྟ་ན་སྣུམ་དང་སྐྱུར
་བར་ལན་ཚྭ་དང་བཅས་པའི་བཀྲུ་སྨན་དྲག་པོ་བྱའོ། །རླུང་བད་ཀན་དང་བཅས་པས་ལྟོ་ལྦོ་བར་བྱེད་པ་ལ་ནི་སྨན་རྣོ་བ་དང། ཐལ་སྨན་དང་བཅིན་དང་བཅས་པས་འཇམ་རྩི་མས་བཏང་བར་བྱའོ། །དེ་ལྟར་གོང་དུ་བསྟན་པའི་བྱ་བ་དེ་དག་ནི་དམུ་རྫིང་སྤྱིའི་ཆོ
་གར་གྲགས་པ་ཡིན་ནོ། །རླུང་ལས་གྱུར་པའི་དམུ་རྫིང་ཅན་ཉམས་སྟོབས་དང་ལྡན་པ་ལ་ནི། སྨན་བི་ད་རིའི་སྡེ་ཚན་མར་དང་བསྐོལ་བ་བླུད་ལ་ཁོང་སྣུམ་པར་དང། ཡན་ལག་ཐམས་ཅད་ལ་དུགས་བྱ་སྟེ། སེང་ཕྲོམ་གྱི་མར་རམ། འདྲེས་པའི་སྨན་མར
་གྱིས་བསྐུ་སྨན་བྱའོ། །དེ་ལྟར་ཁྲུས་བྱས་པའི་འོག་ཏུ་ཉམས་སྟོབས་བསྐྱེད་པར་བྱ་བའི་ཕྱིར་ཐུག་པ་དང་ར་མ་སྦྱིན་ནོ། །ཉམས་རྙེད་ནས་རིམས་ཀྱིས་འོ་མ་སྤང་བར་བྱ་སྟེ། ཡང་ཁོ་བ་ལྟ་འམ། ལྦོ་བར་བྱེད་ན་ནི་གོང་དུ་སྨོས་པའི་བཀྲུ་སྨན་ཡང་བྱའོ།།
་དེ་ནས་མེ་དྲོད་ཆུང་ཞིང་རྟུག་པ་འགགས་པར་གྱུར་པ་ལ་ནི། ཤ་ཁུ་སྐྱུར་དང་ལན་ཚྭ་ཅུང་ཟད་དང་ལྡན་པས་ཡང་སྣུམ་ཆོས་བྱ་སྟེ། དེ་ནས་དུགས་བྱས་ལ་རྩ་བཅུ་པ་དང་སྦྱར་བའི་འཇམ་རྩི་མས་བཏང་ངོ། །དེ་ནས་སྨན་རྣོ་བ་དང་ལྷན་ཅིག་འཇམ་རྩི་མས་བཏང་ངོ། །རླུང་ལས
་གྱུར་བའི་དམུ་རྫིང་ཁོང་རྩུ་བ་ཅིང་ཕྱི་ས་དང་ཕྱེན་འགགས་པ་མེ་དྲོད་ཆེ་བ་དང། ཁོང་པ་འཁྲུག་ཅིང་གཡོ་ལ་རུས་པ་དང་ཚིགས་དང། རྩིབ་ལོགས་དང་རྒྱབ་དང། མཇུག་དོ་རྣམས་སུ་ཟུག་ཅིང་ན་བ་ལ་ནི་ཏིལ་དང། ཨེ་རཎྚའི་མར་དང། རླུང་ནད་འཇོམས་པའི་སྨན་དང། སྐྱུར
་དང་ལྡན་པར་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་དེས་ཧ་ནུ་བས་མ་བཏང་ངོ། །ཉམས་སྟོབས་ཆུང་ཞིང་འཁྲུས་མི་ཐེག་པ་ལ་ནི་དམུ་རྫིང་ཞི་བར་བྱ་བའི་སྨན་འཇམ་རྩི་དང་འོ་མ་དང་མར་དང། ཤ་ཁུ་ལ་སོགས་པ་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་ཅན་གྱི་ནང
་པ་ཉམས་སྟོབས་དང་ལྡན་པ་ལ་ནི་སྨན་མངར་བ་དང་སྦྱར་བས་སྣུམ་བཅོས་བྱ་སྟེ། ཤམ་དུར་བྱིད་དང། འབྲས་བུ་གསུམ་དང་མར་ལྷན་ཅིག་བསྐོལ་ཏེ་ཁྲུས་བྱའོ། །དེ་ནས་ནྱ་གྲོ་དྷའི་སྡེ་ཚན་ལས་བསྐོལ་བའི་ནང་དུ་ཁར་དང་སྦྲང་རྩི་དང་མར་མང་དུ་བླུགས་ཏེ། བཀྲུ་སྨན་དྲག་པོ་བྱས
་ན་ཕན་ནོ། །དེ་བཞིན་དུ་ནྱ་གྲོ་དྷའི་སྡེ་ཚན་བསྐོལ་བའི་འཇམ་རྩི་མས་བཏང་ངོ། །དམུ་རྫིང་ཅན་གྱི་ནད་པ་ཉམས་ཆུང་པ་ལ་ནི། དང་པོ་ཨ་ནུ་བ་སན་བཏང་ངོ། །དེ་ནས་འོ་མའི་འཇམ་རྩིས་དག་པར་བྱའོ། །མེ་སྟོབས་སྐྱེས་པ་ལ་ནི་སྣུམ་བཅོས་བྱ་སྟེ། ཡང་དང་ཡང་དུ་བཀྲུ་སྨན་བྱའོ། །འོ་མ
་འམ་དུར་བྱིད་སྤྱད་བ་འམ། ཨེ?་རཎྚ་མར་དང་སྦྱོར་བ་འམ། ཡང་ས་ལ་འམ། ཁྱི་ལྕེ་བའི་འོ་མ་དང་སྦྱར་བས་བཀྲུ་སྨན་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་བད་ཀན་དང་བཅས་པ་ལ་ནི་བ་གཅིན་དང་སྦྱར་བའི་འོ་མས་བཀྲུ་སྨན་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང
་རླུང་དང་བཅས་པ་ལ་ནི་ཏིཀྟའི་སྨན་མར་འོ་མ་དང་བཅས་པས་ཡང་དང་ཡང་དུ་བཀྲུ་སྨན་བྱའོ། །འབྲས་གང་ཡང་རུང་བའི་འོ་མ་དང་ལྷན་ཅིག་སྦྱིན་པ་འམ། ཡང་ན་བི་ད་རིའི་སྡེ་ཚན་འོ་མ་དང་བསྐོལ་བ་ཕྱིན་ནོ། །འོ་ཐུག་དང་སྦྱར་བས་དམུ་རྫིང་གི་ཕྱི་རོལ་ནས་བསྐུའོ། །
་འཇམ་རྩི་དང་བཀྲུ་སྨན་དང་འོ་མ་བཏང་བ་དེ་དག་ཡང་དང་ཡང་དུ་རིམ་པ་དེ་ལྟ་བུ་འབད་པ་དང་བཅས་པས་མ་ཡོངས་པར་བྱས་ན་ངེས་པར་མཁྲིས་པ་ལས་གྱུར་པའི་དམུ་རྫིང་ལས་རྒྱལ་བར་བྱེད་དོ། །བད་ཀན་ལས་གྱུར་པའི་དམུ་རྫིང
་ས་ནི་དུག་མོ་ཡུངས་ཀྱི་སྡེ་ཚན་ལ་མར་དང་བསྐོལ་བས་བཏུང་བ་ལ་སོགས་པས་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་དུགས་བྱས་ནས་ཉམས་སྟོབས་དང་ལྡན་པ་ཞིག་ན་ཤྲི་ཁཎྜ་མར་དང་སྦྱར་བས་ཁྲུས་བྱའོ། །དེའི་འོག་ཏུ་མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར། བད་ཀན་འཇོམས
་པའི་སྨན་ཚ་བ་དང་ཐལ་སྨན་དང་ལྡན་པའི་བཟའ་བ་ཐུག་པ་ལ་སོགས་པ་རིམ་གྱིས་སྦྱིན་ནོ། །ཡང་ན་མུསྐ་ཀའི་སྡེ་ཚན་དང་མཆོག་གསུམ་དང་བ་གཅིན་དང། ཏིལ་མར་དང་འདི་རྣམས་ལྷན་ཅིག་བསྐོལ་བ། བཀྲུ་སྨན་དྲག་པོ་མས་བཏང་ངོ། །དེའི་འོག་ཏུ་མུསྐ་ཀའི་སྡེ་ཚན་ཏིལ
་མར་དང་བསྐོལ་བའི་འཇམ་རྩིས་བཏང་བ་ཡང་དེ་དང་འདྲའོ། །ཁ་ཟས་ནི་ཚ་བ་གསུམ་དང། འོ་མར་བཅས་པ་འམ་ཡང་ན་རྒྱ་སན་གྱི་ཁུ་བཅུང་དང་ལྡན་པར་སྦྱིན་ནོ། །བད་ཀན་ལས་གྱུར་པའི་དམུ་རྫིང་འབུར་བ་དང་བསྟན་པ་དང། རྨོད་བག་ཏུ་འདུག་པ་དང། ཡི་ག་འཆུས
་པ་དང། སྙིང་ན་བ་དང། མེ་དྲོད་ཆུང་བ་དང། ཚང་དང་ཆེ་བ་ལ་ནི་ཨ་རི་ཤཏྲའི་ཆང་དང། ནས་ཚིག་འཁུས་པའི་ཐལ་བ་ཆུ་དང་སྦྱར་བ་རས་དང་བཙགས་ལ་བཏུང་བར་སྦྱིན་ནོ། །ཤིང་ཀུན་དང་པི་པི་ལིང་དང། འབྲས་བུ་གསུམ་དང། ཐང་ཤིང་དང། སེར་པོ་རྣམ་གཉིས་དང།
་བསེ་ཤིང་གི་འབྲས་བུ་དང། ན་ལེ་ཤམ་དཀར་པོ་དང། པུ་ཙེ་ཤེལ་དང། སེང་འཕྲོམ་དང། ཤུ་དག་དང། བཅའ་སྒ་དང། བོང་ང་དཀར་པོ་དང། གླ་སྒང་དང། རུ་རྟ་དང། ས་ར་ལ་ཞེས་བྱ་བ་ཀོ་ཉོན་ཙེ་དང། ལན་ཚྭ་རྣམ་ལྔ་དང་འདི་རྣམས་ཞིབ་ཏུ་བཏགས་པ་ཞོ་དང། སྣུམ
་རྣམ་བཞི་སྤྲུས?་ལ་རྫམ་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་ཕྱུང་ལ་དེ་ལས་ཞོ་གཉིས་གཉིས་ཆང་གི་དངས་མ་དང། ཞོ་ག་ཆུ་དང། ཆུ་དྲོན་དང། ཨ་རི་སྟ་དང། མས་བའི་ཆང་ངམ། ནས་ཆང་དང་འདི་རྣམས་གང་ཡང་རུང་བ་དང་ལྷན་ཅིག
་སྦྱར་བ་འཐུངས་ན་དམུ་རྫིང་དང་སྐྲན་དང་གཏུན་ལྟ་བུའི་ནད་དང། སྐྲད་པ་དང། གསུང་པ་དང། མཆེར་བ་ན་བ་དང། སྙིང་ན་བ་དང། གཞང་འབྲུམ་དང། རྟུག་པ་འགགས་པ་རྣམས་ཞི་བར་བྱེད་དོ། །བད་ཀན་ལས་གྱུར་པའི་དམུ་རྫིང་ཉམས་ཆུང་བ་ལ་ནི་ཧ་རི་སྟིའི་ཆང་དང། བ་གཅིན
་གྱི་བཏུང་བ་དང། སྨན་གྱི་ཕྱེ་མ་དང། ལྕགས་ལས་བྱས་པའི་བཏུང་བ་དང། ཏིལ་མར་ཐལ་སྨན་དང་བཅས་པའི་བཏུང་བ་དང། དེ་དག་གང་ཡང་རུང་བ་དང་སྦྱར་ན་རྒྱལ་བར་བྱེད་དོ། །ཡུངས་ཀར་དང། ཕབས་དང། ལ་ཕུག་གི་ས་བོན་དང། དེ་དག་བཏགས་པའི་ཕྱེ་མ་བ་གཅིན་དང་ལྡེ་གུར
་བྱས་པས་དམུ་རྫིང་བསྐུས་ལ། ཕྱི་རོལ་ནས་དུགས་བྱ་སྟེ། དེ་ལྟར་ཡང་དང་ཡང་དུ་བྱ་བའི་རིམ་པ་སྦྱར་རོ། །འདུས་པ་ལས་གྱུར་པའི་དམུ་རྫིང་ལུས་སྟོབས་དང་མེ་དྲོད་ཆུང་ཞིང་ནད་བཞི་རྣམས་ཚབས་ཆེ་སྟེ། གཅིག་ལ་གཅིག་གནོད་པར་གྱུར་པ་ནི་གསོར་མི་རུང་སྟེ་སྤང་ངོ། །དེ་ནི་གལ་ཏེ
་མ་བྱས་ན་ནི་ངེས་པར་འཆིལ། བྱས་ན་ནི་འཆོ་ཡང་སྲིད་པས་འདི་དག་བྱ་སྟེ། དནྟི་དང་ཏྲ་བནྟིའི་འབྲས་བུའི་མར་གྱི་བཏུང་བ་བྱིན་ན་རབ་ཏུ་བསྔགས་སོ། །འདུས་པའི་དམུ་རྫིང་ལ་ནད་གཞི་གསུམ་གྱི་གསོ་བ་ཚུལ་བཞིན་དུ་བྱས་ཀྱང་མ་ཐུབ་ན། ཉེ་དུ་རྣམས་ལ་དྲིས་ནས་ཀ་ཀང་ནི་དང། འོལ?
་མ་སེ་དང། ཀ་རི་བྱི་ར་དང། འདི་གསུམ་གྱི་རྩ་བ་བཏགས་པའི་ཕྱེ་མ་ཆང་དང་ལྷན་ཅིག་བཏུང་ངོ། །ཡང་ན་བཟའ་བ་དང་བཏུང་བའི་ནང་དུ་བསྟན་པའི་དུག་དག་པ་སྦྱིན་ནོ། །ཡང་ན་སྤྲུལ་ཁྲོས་པའི་ཁར་ཤིང་ཏེག་བཅུག་ལ་གདུག་པ་ཟོས་ཟིན་པའི་ཤིང་ཏོག་བྱིན་ན་ནད་གཞི་རྣམས
་གཅིག་ཏུ་བསྡུས་ནས་དུག་གི་མཐུས་དཀྲུགས་ཏེ་ཕྱི་རོལ་དུ་འབྱིན་ཅིང་འཇིག་པར་བྱེད་དོ། །སྦྱོར་བའི་རིམ་པ་དེ་དག་བྱས་ནས་གལ་ཏེ་དུག་དེ་ནད་ཀྱི་སྟེང་དུ་བབ་ན་ནི་ནད་འཇིག་པར་བྱེད་ལ། ལུས་ཐ་མལ་པ་ལ་བབ་ན་ནི་འཆི་བར་འགྱུར་རོ། །ཅི་དེས་དུག་གི་ནད་ཞི་བ་ལྟར་ན་ཆུ་གྲང
་མོས་ལུས་ཁྲུས་བྱས་ལ་དེའི་འོག་ཏུ་འོ་མ་སྦྱིན་ནོ། །ཡང་ན་དུག་དང། དུར་བྱིད་དང། མནདུ?་ག?་པརྞི་དང། རྒྱ་སྣེའུ་དང། ནས་དང། ཀལ?་ཤ་ཀ་དང། དེ་རྣམས་ལས་གང་ཡང་རུང་བའི་རང་གི་ཁུ་བ་སྐྱུར་དང། ལན་ཚྭ་དང། སྣུམ་མེད་པར་སྨོན?་པའམ་སྐམ?་པོ་གང་མང་རུང་སྟེ། ཁ?
་ཟས་གཞན་མི་བཟའ་བར་ཟླ་བ་གཅིག་ཏུ་བཟའ་ཨོ། །གལ་ཏེ་སྐོམ་ན་ཡང་དེ་རྣམས་རང་གི་ཁུ་བ་བླུད་དོ། །དེ་བཞིན་དུ་གོང་མའི་ཚིག་དེ་དག་ཟླ་བ་གཅིག་གིས་ནད་མེད་པར་འགྱུར་ཏེ། ལུས་ཉམས་ཆུང་ན་སྲོག་བསྲུང་བའི་ཕྱིར་རྔ་མོའི་འོ་མ་བླུད་དོ། །མཆེར
་པའི་ནད་དམུ་རྫིང་ལ་ནི་ནད་གཞི་ཇི་ལྟར་སྣུམ་ཆོས་དང་དུགས་བྱ་སྟེ། ཞོ་དང་འབྲས་ཚན་དུ་བཅས་པ་ནོས་ལ་ལག་པ་གཡོན་པ་ནས་གཏར་ཁས་ཁྲག་དབྱུང་ངོ། །ནད་པ་དེས་ཉམས་སྟོབས་རྙེད་པ་དང་ཡང་སྣུམ་ཚས་བྱ་སྟེ། ཉེས་པའི་ལྷག་མ་སློན་ཁྲུས་ཀྱིས་ལུས་དག
་པར་བྱས་ལ། རྒྱམ་ཚོའི་ཉ་ཕྱིས་ཀྱི་ཕྱེ་མ་དང། ཐལ་སྨན་དང་འོ་མར་སྦྱར་བ་བླུད་དོ། །དེ་བཞིན་དུ་པུ་སྟི་ཀ་རཉྫ་རྩ་བས་སྐྱུར་པོ་དང་སྦྱར་ཏེ། བསྐྱོད་པ་ལས་རས་ཀྱི་བཙགས་པའི་ནང་དུ་ལྕེ་མྱང་ཚ་དང། པི་པི་ལིང་ཤས་ཆེར་བཏགས་ཕྱེ་མས་བཏབས་ཏེ་བླུད་དོ། །ཡང་ན་ཤིག་བཀྲུ
་བསྐོལ་བའི་ནང་དུ། རྒྱམ་ཚ་དང་ཙི་ཏྲ་ཀ་དང། པི་པི་ལིང་གི་ཕྱེ་མ་བཏབ་པ་བླུད་དོ། །ཡང་ན་ཤིང་ཀུན་ལ་སོགས་པའི་ཕྱེ་མ་སྐྲན་ནད་གསོ་བའི་ལེ་འུར་བཤད་པ་དང། ཐལ་སྨན་སྣ་ཚོགས་དང། སྨན་མར་སྲང་དྲུག་པ་ཆེ་ཆུང་དང་སྦྱར་བ་དེ་དག་གང་ཡང་རུང་བ་མེ་དྲོད་ཇི་ལྟ་བ
་བཞིན་དུ་སྦྱིན་པར་བྱའོ། །ཡང་ན་པི་པི་ལིང་དང། དོང་ཀྲ་དང། དནྟི་ཆ་མཉམ་པ་དང། ཨ་རུ་ར་སྣ་གཅིག་གི་ཉིས་འགྱུར་དང། ལྕེ་མྱང་ཚ་སྣ་གཅིག་གི་ཕྱེད་དང། འདི་རྣམས་ཕྱེ་མར་བྱས་ཏེ་ཆུ་དྲོན་ལ་བཏང་ངོ། །བྱི་དང་ག་དང། ཀྲུ་ཏྲུག་ཏྲེས་དང། ཕྱེ་དང་རྒྱམ་ཚ་དང།
་ཤུ་དག་དང། དེ་རྣམས་ཀྱི་ཕྱེ་མ་མར་དང་སྤྲུས་ཏེ་རྗེ་འུ་ཁ་སྦྱར་གྱི་ནང་དུ་བསྲེགས་ལ་དེའི་ཐལ་བ་འོ་མ་དང་ལྷན་ཅིག་འཐུངས་ན། སྐྲན་དང་མཆེར་པའི་ནད་འཇོམས་པར་བྱེད་དོ། །ཡང་ན་རྒྱ་ཤུག་གི་འོ་མ་བཏགས་པའི་ཏིལ་མར་དང་བསྲེས་པ་ལྡེ་གུར་བྱས་པ་མཆེར
་བའི་དམུ་རྫིང་གི་སྟེང་དུ་བསྐུས་ལ་ལེགས་པར་མཉེས་ལ། རྟུན་དུ་བརྡུངས་པ་བཙིར་ཏེ། དེ་ནས་འོ་མ་འཐུངས་ན་མཆེར་པའི་དམུ་རྫིང་འཇོམས་སོ། །ཡང་ན་ཤིང་རོ་ཧི་ནིའི་ལྕུག་མ་རྩ་བ་ནས་བཅད་དེ་བསྐམས་ལ། ཨ་རུ་ར་དང་ལྷན་ཅིག་བཏགས་པའི་ཕྱེ་མ་ཆུ་དང
་ཞག་བདུན་གྱི་བར་དུ་སྤང་ལ་འཐུངས་ན། མིག་སེར་དང། མཆེར་པ་དང། སྐྲན་དང། གཞང་འབྲུམ་དང། སྲིན་བུ་དང། སྐྲང་བ་དང། དམུ་རྫིང་དང། དེ་རྣམས་ལ་ཕན་ནོ། །རོ་ཧི་ཏའི་ཤུན་ལྤགས་སྲང་ཉི་ཤུ་རྩ་ལྔ་དང། རྒྱ་ཤུག་སྐམ་པོ་སྲང་སུམ་ཅུ་རྩ་གཉིས་ཆམ་ཆོམ་བརྡུངས
་ཏེ་བསྐོལ་བ་བཞིན་ལུས་པ་དང། ཚིགས་མ་བོར་བའི་ནང་དུ་ཚ་བ་རྣམ་ལྔ་སྲང་རེ་རེ་དང། དེ་སྤྱི་དང་མཉམ་པའི་རོ་ཧི་ཏའི་ཤུན་ལྤགས་རྣམས་བཏགས་པའི་ཕྱེ་མ་དང། མར་སྲང་སུམ་ཅུ་རྩ་གཉིས་འོ་མ་སྲང་དྲུག་ཅུ་རྩ་བཞི་དང་ཡང་བསྐོལ་ཏེ། མར་ལུས་པ་དང་རན
་པ་འཐུངས་ན་མཆར་པའི་ནད་དམུ་རྫིང་ཚབས་ཆེ་བ་ཡང་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཆུ་ཤིང་དང་ཏིལ་གྱི་སྡོང་བུ་དང། གཟེ་མ་རྣམས་བསྲེགས་པའི་ཐལ་བ་ཏིལ་མར་དང་བསྐོལ་བ་ལས་རན་པར་འཐུངས་ན་བད་ཀན་དང་རླུང་ལས་གྱུར་པའི་མཆེར་བའི་དམུ
་རྫིང་ལས་རྒྱལ་ལོ། །སྦྱོར་བ་དེ་དག་གིས་མ་ཞི་སྟེ་རླུང་དང་བད་ཀན་ལས་གྱུར་པའི་མཆེར་པའི་དམུ་རྫིང་རྣག་ཏུ་རེད་པ་ནི་སྐན་གསོ་བའི་ཆོ་ག་བཞིན་དུ་མེའི་ལས་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་ནི། འཚོ་བྱེད་སྣ་བཅུ་མར་དང་བསྐོལ་བ་རབ་ཏུ་བསྔགས་ཏེ།
་དེ་བཞིན་དུ་འོ་མའི་འཇམ་རྩི་དང། ཁྲག་དབྱུང་བ་དང། སློན་ཁྲུས་ཀྱིས་ལུས་དག་པར་བྱས་པ་དང། འོ་མའི་བཏུང་བ་སྦྱར་བ་རབ་ཏུ་བསྔགས་སོ། །མཆིན་པའི་དམུ་རྫིང་གི་གསོ་བ་ནི་མཆེར་བའི་དམུ་རྫིང་གི་གསོ་བ་ཐམས་ཅད་བྱ་སྟེ། ཁྱད་པར་དུ་ལག་པ་གཡས་པ་ལས
་གཏར་ཀ་བྱའོ། །གཞང་འགགས་པའི་དམུ་རྫིང་ལ་ནི་ཐོག་མར་དུགས་བྱས་ལ། བ་གཅིན་སྨན་རྣོན་པོ་དང། ཏིལ་མར་དང་ལན་ཚ་སྦྱར་བས་བཀྲུ་སྨན་དྲག་པོ་དང། འཇམ་རྩི་མས་བཏང་བ་དང། ཕྱི་ས་སླ་བར་གྱུར་པའི་ཁ་ཟས་དང་བཀྲུ་སྨན་རྣོན་པོ་རྣམས་བཏང་བར་བྱའོ
་གཞན་ཡང་རླུང་གི་རྟུག་པ་འགགས་པ་དང། རླུང་ལ་ཕན་པའི་གསོ་བ་ཐམས་ཅད་ཀྱང་འདིར་སྦྱད་དོ། །རྒྱུ་མ་རྡོལ་བའི་དམུ་རྫིང་ལ་དུགས་མ་གཏོགས་པའི་བད་ཀན་གྱི་དམུ་རྫིང་གི་གསོ་བ་ཐམས་ཅད་བྱའོ། །སྨན?་པས་ཆུ་སེར་ལ་སོགས་པ་བཞིན་དུ་ཡང་དང་ཡང་དུ
་གཟགས་པར་བྱའོ། །ལྟོ་བ་ཆུས་གང་བའི་དམུ་རྫིང་ལ་ནི་བ་གཅིན་དང། སྨན་རྣོ་བ་དང། ཐལ་སྨན་དང་སྦྱར་བའི་བཟའ་བ་དང་བཏུང་བ་སྦྱར་རོ། །མེའི་དྲོད་སྐྱེད་པ་དང། བད་ཀན་འཇོམས་པའི་བཟའ་བ་ཉེ་བར་བསྟེན་པར་བྱའོ། །རའི་རིལ་མ་བསྲེགས
་པའི་ཐལ་བ་བ་གཅིན་དང་སྦྱར་ཏེ་རས་ལ་བཙགས་ལ་བསྐོལ་ཏེ། སྐ་བར་གྱུར་པ་དང། དེའི་ནང་དུ་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། བཅའ་སྒ་དང། ལན་ཚ་རྣམ་ལྔ་དང། དུར་བྱིད་དང། དནད་དང། འབྲས་བུ་གསུམ་དང། ཁྲོན་བུ་དང། ཀརྐ་ཏ་སྲིམ་གི་དང། སྭར?་རྩི་ཀའི་ཐལ
་བ་དང། ཤུ་དག་དང། ས་ཏ་ལ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཞོ་གཉིས་གཉིས་བཅུག་ལ། རྒྱ་ཤུག་གི་འབྲས་བུ་ཙམ་གྱི་རི་ལུ་བྱས་ཏེ། རང་སྐྱུར་གྱི་ནང་དུ་མཉེས་ལ་རན་པར་འཐུངས་ན་མ་ཞུ་བ་དང་སྐྲངས་པ་དང་དམུ་རྫིང་ཤས་ཆེ་བ་རྣམས་སེལ་ཏོ། །དལ
་དམུ་རྫིང་མཚོན་གྱིས་དྲལ་བ་ནི། དམུ་རྫིང་རྣམ་པ་བརྒྱད་ལས། གསུམ་ནི་དྲལ་བའི་ཆོ་ག་བྱ་སྟེ། དེ་ཡང་གང་ཞེ་ན། གཞང་འགགས་པའི་དམུ་རྫིང་དང། རྒྱུ་མ་རྡལ་བའི་དམུ་རྫིང་དང། ལྟོ་བ་འཆུས་པའི་དམུ་རྫིང་དང་གསུམ་མོ། །ཐོག་མར་ནི་དམུ་རྫིང་བརྒྱད་པ་ཀུན་ཀྱང
་སྨན་གྱིས་གསོ་བར་བྱའོ། །དེ་མ་ཐུབ་ན་སྨན་པས་མཚོན་གྱིས་ཁོང་ཕྱེ་བའི་དབྱད་བྱ་སྟེ། ཐོག་མར་ན་བའི་དབྱད་རྩོམ་པ་ཡང་གྱ་ཚོམས་སུ་བྱར་མི་རུང་སྟེ། ནད་པའི་ཉེ་དུ་རྣམས་ཀྱིས་རྒྱལ་པོ་ལ་ཐུགས་ཚོད་དུ་གསོལ་ནས། སྨན་པ་བདག་ཉིད་ཀྱིས་དཔྱད་ཀྱི
་མཚོན་ལེགས་པར་བྱ་སྟེ། བརྟགས་ལ་སྦྱོར་བ་བརྩམ་པར་བྱ་སྟེ། དེ་ལ་དམུ་རྫིང་རྟོལ་བར་འདོད་པས་དང་པོར་གཞང་འགགས་པའི་དམུ་རྫིང་དང། རྒྱུ་མ་རྡོལ་བའི་དམུ་རྫིང་གཉིས་ལས་ཐོག་མར་སྣུམ་གྱི་ཆོ་ག་དང་དུགས་བྱ་སྟེ། ནད་པའི་ལྟེ་བའི་འོག་ཏུ་སོར་བཞི
་བཅལ་ལ། དེ་ནས་གཡོན་ངོས་དཀུའི་ཕྱོགས་སུ་སོར་བཞི་བཅལ་བར་རྨ་ཁ་སོར་བཞི་ཙམ་དྲལ་ལ། རྒྱུ་མ་ལ་མ་ཕོག་པར་བག་བྱའོ། །དྲལ་ཟིན་པ་དང། རྨའི་ནང་ནས་རྒྱུ་མའི་ནང་དུ་སྤུའི་གོང་བུ་འམ་རྡོ་འམ་དྲི་ང་བའི་རིལ་བུ་འབྱར་བས་རྒྱུ་མ་འགགས་པ་འམ།
་ཤིང་ཚལ་ལམ། རུས་བ་འམ། ཟུག་རྔུ་གང་ཡང་རུང་བས་རྒྱུ་མ་རྡོལ་བ་གང་ཡིན་པ་དེ་ལེགས་པར་བརྟགས་ཏེ། དེ་ཡང་ལག་པ་སྣུམ་གྱིས་བསྐུས་པས་སྨྱང་ཞིང་བལྟའོ། །གལ་ཏེ་སྤུའི་གོང་བུ་འམ། དྲི་མའི་རིལ་བུས་འགགས་པ་ཡིན་ན། དེ་ལ་ནི་རྒྱུ་མའི་ཕྱི་རོལ་ནས་ཅུང་ཟད
་མཉེས་ལ་སྔ་མའི་གནས་ནས་འགོག་པ་འམ་བསྐྱོད་པ་འམ། བཙིར་བཙམ་གྱིས་འབྱུང་བར་འགྱུར་རོ། །ཟུག་རྔུས་རྡོལ་བ་ལ་ནི། ཟུག་རྔུ་ཕྲ་འམ་དྲང་དུ་འདོད་པ་ལྟ་བུ་ལ་ནི། སྤྲེའུའི་སོ་ལྟ་བུའི་སྐམ་པའི་ས་ཕྱིར་དྲངས་ལ་དབྱུང་ངོ། །ཟུག་རྔུ་ཅི་སྟེ་དབྱུང་དུ་མི་འདོད་པ་འམ་སྤོ་བ་ལ
་ནི་རྒྱུ་མ་དང་མཚམས་སུ་བཅད་དོ། །གལ་ཏེ་ཆུ་སེར་དང། དྲི་མ་ངན་པ་རྒྱུ་བ་ཡོད་ན་ཡང་བུ་ག་བཙིར་ལ་དེ་ཉིད་ནས་ཕྱིར་དབྱུང་ངོ། །དེ་ནས་མར་དང་སྦྲང་རྩི་བསྲེས་པས་རྒྱུ་མ་བསྐུའོ། །ཆོ་ག་དེ་ཉིད་བྱས་ཟིན་པ་དང། རྒྱུ་སྨད་ཀྱི་ནང་གྲོལ་རོ་སྟོང་ཕྱོགས་སུ་དབུགས་རིང་པོས་དྲངས་པ
་ལྟར་བྱས་པས་རྒྱུ་མ་སྔ་མའི་གནས་སུ་བདེ་བར་རང་འདུག་པའི་རིགས་སོ། །དེ་ནས་ཕྱིའི་ལྟོ་བའི་རྨ། དར་སྐུད་ཀྱིས་བཙེམས་ལ། ས་ནག་པོ་དང། ཤིང་མངར་ཆུ་དང་སྦྱར་བའི་ལྡེ་གུས་རྨ་དང་ལྟོ་བ་བསྐུས་ལ། རས་ཀྱིས་རྨ་དང་རྐེད་པ་དཀྲིས་ཏེ་བཞག་གོ་།དེ་ནས་རླུང་མེད་པའི་གནས་སུ་འོ་མ
་འབའ་ཞིག་གིས་གསོས་ལ། མལ་སྣུམ་ཅན་བཅས་ལ་བསྙལ་ལོ། །ལྟོ་བ་ཆུས་གང་བའི་དམུ་རྫིང་ལ་ནི་རླུང་དང་མཐུན་པའི་སྨན་དང་ཏིལ་མར་དུ་སྦྱར་བས་ལུས་བསྐུ་བར་བྱའོ། །དེ་ནས་ལྟོ་བ་རས་ཀྱིས་དཀྲིས་ཏེ་ཆུ་དྲོན་པས་སྟེང་དུ་བླུགས་ལ་དུགས་བྱའོ། །དེ་ལ་མཚོན་གདབ་ས
་ནི་གོང་མ་དང་མཐུན། རྨ་ཁ་ནི་སོར་གཅིག་གི་ཐང་དུ་དབུག་གོ་།མཚོན་ནི་འབྲས་ཀྱི་རྩེ་མོ་འདྲ་བས་དྲལ་ལོ། །དེ་ལྟར་དྲལ་མ་ཐག་ཏུ་ཤིང་སྤུ་གུ་ཅན་འཇམ་པོས་ཐམ་བུའི་ཐབས་བཅུག་ལ། སྤུབས་ཀྱི་ནད་དང་ཅུང་ཟད་ཕྱུང་ལ་གཟག་གོ་།དེ་ལས་རས་སམ་པགས་པས་དམ
་དུ་བཅིངས་ལ་རླུང་མི་ཤོར་བར་བྱའོ། །དེ་ནས་ཞག་གསུམ་གྱི་བར་དུ་མི་བསྒུལ་བར་གསུམ་པ་ནས་ཞག་བཅུ་དྲུག་གི་བར་དུ་ཉིན་རེ་ཁད་ཀྱིས་དབྱུང་ངོ། །ཞག་བཅུ་དྲུག་ལོན་ནས་སྤུ་གུ་ཕྱུང་སྟེ། ཏིལ་མར་ལན་ཚས་བཏབ་པས་རྨ་ཁ་བསྐུས་ལ་རས་ཀྱིས་ལྟོ་བ་བཅིང་ངོ། །དེ་ནས་
་ཞག་གསུམ་པ་ནས་ཞག་བཅུ་དྲུག་གི་བར་དུ་རས་བཀྲོལ་ཞིང་རྨ་བཙིར་ལ། གོང་མའི་སྨན་གྱིས་ཀྱང་དེ་བཞིན་དུ་བསྐུ་།ཅི་སྟེ་བརྟོལ་མ་ཐག་ཏུ་ཕྲལ་ནད་དུས་གཅིག་ཏུ་ཕྱུང་བར་གྱུར་ན་སྐྱོན་འདི་དག་ཡོད་དེ། སྒོམ་དང་ཆེ་བ་དང་ཚབ་སྐྱེ་བ་དང
་ཡན་ལག་ཟུག་ཅིང་ན་བ་དང། འཁྲུ་བ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་དང། ལག་པ་དང་རྐང་བ་ཚ་བ་དང། འདི་རྣམས་འབྱུང་བས་ཁད་ཀྱིས་ཞག་རེ་དབྱུང་བར་བྱའོ། །ནད་འབྱིན་པའི་ཚེ་དལ་བུས་བཙིར་རོ། །དེ་ནས་རླུང་མེད་པའི་གནས་སུ་བཞག་ནས་ཞག་དང་པོ
་སྨྱུང་བར་བྱའོ། །དེ་ནས་ཞག་གཉིས་པ་ལ་ཚྭ་དང། སྣུམ་མེད་པའི་འབྲས་ཐུག་སྦྱིན་ནོ། །དེ་ནས་ཟླ་བ་དྲུག་གི་བར་དུ་ཁ་ཟས་གཞན་མི་བཟའ་བར་འོ་མ་འབའ་ཞིག་སྦྱིན་ནོ། །དེ་ནས་ཟླ་བ་གསུམ་གྱི་བར་དུ་འོ་མ་ལས་གཞི་བླངས་པའི་འབྲས་ཐུག་སྦྱིན་ནོ། །དེ་ནས་ཟླ་བ་གསུམ
་གྱི་བར་དུ་ཅི་རྩེ་བ་དང། ཁྲའི་ཐུག་པ་ལ་འོ་མ་དང་ལན་ཚ་ཅུང་ཟད་བཏབ་སྟེ། སེའུ་འབྲུ་བསྐོལ་བས་ཁུ་བ་བསེས་པ་བཏུང་ངོ། །དེ་ལྟར་བྱས་པའི་རིམ་པས་ལོ་གཅིག་གི་བར་དུ་བསྲུངས་ན་ནི། ལྟོ་བ་ཆུས་གང་བའི་དམུ་རྫིང་འཇོམས་བར་བྱེད་དོ། །སྲོག་འཚོ་བའི་སློབ
་དཔོན་སྨན་པས་ཇི་ལྟར་བསྟན་པའི་ལུང། མཉན་པར་བྱས་ནས་ཆོ་ག་བསྲུང་བ་ལ་འབད་པར་བྱ་སྟེ། ཟས་ཐུབ་པར་བྱ་ཞིང་ལྟེ་མཐུན་ལ་སོགས་པར་མི་བྱའོ། །གཞང་འགགས་པའི་དམུ་རྫིང་དང། རྒྱུ་མ་རྡོལ་བའི་དམུ་རྫིང་གཉིས་ཀྱི་ཆོ་ག་དང། བསྲུང་བ་ཡང་འདི
་དང་འདྲ་བར་ལོ་གཅིག་གི་བར་དུ་བྱའོ། །དེ་ལྟར་ལོ་གཅིག་གི་བར་དུ་བསྲུང་བ་བྱས་ནས་ཕྱིས་ནང་མི་སྐྱེ་ཞིང་བརྟན་པར་བྱ་བའི་ཕྱིར་སྨན་གྱི་སྦྱོར་བ་འོ་གནས་འབྱུང་འདི་དག་བྱའོ། །དེ་ལ་དམུ་རྫིང་བརྒྱད་པོ་ཀུན་ཀྱང་ཕལ་ཆེར་ནད་གཞིའི་དུས་པ་ལ་སོགས་པ
་ལས་འབྱུང་སྟེ། དེ་བས་ན་རླུང་ལ་སོགས་པ་གསོ་བར་བྱ་བ་ནི་རྣམ་པ་ཐམས་ཅད་དུ་བསྔགས་ཏེ། དེ་ཡང་རླུང་ལ་སོགས་པ་ཁོང་པའི་ནང་དུ་ཞུགས་ཏེ་དྲོད་ཉམས་པར་བྱེད་ན། དེ་ནས་ནི་ཁ་ཟས་དྲོ་བ་དང་ཡང་བར་བྱས་པའི་ནང་དུ་རྩ་བ་ལྔ་པ་དང་ལན་ཚ་དང།
་སྐྱུར་དང། སྣུམ་ཅུང་ཟད་དང་བཅས་པའི་ཐུག་པ་སྦྱིན་ནོ། །ཡང་ན་ནས་རྙིང་པ་དང། འབྲས་ཞེས་དྲུག་ཅུ་པ་གཅིན་གྱིས་བྲན་ཏེ་བསྐམས་ལ་འོ་མས་གཞི་བླངས་ཏེ་ཐུག་པ་ཅི་འདོད་པ་སྦྱིན་ནོ། །སྐོམ་དུ་ནི་བུ་རམ་ཤིང་བསྐོལ་བའི་ཁུ་བ་བླུད་ན་ནད་གཞི་གསུམ་ལས་གྱུར་པའི
་དམུ་རྫིང་ལས་བཟློག་ཏེ། རང་རང་གི་གནས་སུ་ཞི་བར་བྱེད་དོ། །དམུ་རྫིང་ཅན་ཀུན་གྱིས་བསྲུང་བར་བྱ་བ་ནི། ཤིན་ཏུ་དྲོ་བ་དང། སྐྱུར་བ་དང། རྩུབ་པ་དང། ལན་ཚྭ་དང། ཕྱི་ས་འགགས་པའི་ཟས་དང། གྲང་བ་དང། ལྕི་བ་དང། བུ་རམ་དང། ཏིལ་ལས་བྱས་པའི་ཟས་དང། ཆུ་འཐུང་བ་དང།
་སྔོ་རྔད་དང། རླན་ལ་འདུག་པ་དང་འདི་རྣམས་ཤེས་ཆེར་མི་སྤྱད་མི་བསྟན་གཞན་ཡང་སྤང་བར་བྱ་བ་འདི་དག་བྱ་སྟེ། ལུས་ཀྱི་རྩོམ་པ་དང། ལམ་དུ་འགྲོ་བ་དང། བཞོན་པས་འགྲོ་བ་དང། འོད་བ་སྤང་བར་བྱའོ། །སྐོམ་དུ་ནི་དར་བ་ཧ་ཅང་སླ་བ་ཡང་མ་ཡིན་བསྐ་བ་ཡང་མ་ཡིན
་མངར་བ་ཡང་མ་ཡིན་པའི་བཏུང་བ་བསྔགས་ཏེ། དེ་ཡང་ནད་ཀྱི་གཞི་དང་སྦྱར་ཏེ་བཏུང་ལ། དེ་ཡང་རླུང་ལས་གྱུར་པའི་དམུ་རྫིང་ལ་ནི། ན་ལེ་ཤམ་དང། ཁ་རས་བཏབ་ལ་སྦྱིན་ནོ། །བད་ཀན་ལས་གྱུར་པ་ལ་ནི་ལ་ལ་པུད་དང་རྒྱམ་ཚ་དང་ཟིར་དང་སྦྲང་རྩི་དང། ཚ་བ་གསུམ་འདི་རྣམས་ཀྱིས
་བཏབ་པ་བྱིན་ནོ། །འདུས་པ་ལས་གྱུར་པ་ལ་ནི་བ་ཚྭ་ཅན་གྱི་ཚ་དང། ཚ་བ་གསུམ་གྱིས་བཏབ་པའི་དར་བ་སྦྱིན་ནོ། །གཞང་འགགས་པའི་དམུ་རྫིང་ལ་ནི། སྦ་མའི་འབྲས་བུ་དང། ལ་ལ་པུད་དང། ལན་ཚ་དང། ཟིར་རྣམས་བཏབ་པ་སྦྱིན་ནོ། །རྒྱུ་མ་རྡོལ་བའི་དམུ་རྫིང་ལ་ནི། པི་པི་ལིང་དང
་སྦྲང་རྩིས་བཏབ་པ་སྦྱིན་ནོ། །ལྟོ་ཆུས་གང་བའི་དམུ་རྫིང་ལ་ནི། ཚྭ་བ་གསུམ་གྱིས་བཏབ་བའི་དར་བ་སྦྱིན་ནོ། །མཆིན་པའི་དམུ་རྫིང་ལ་ནི། སྦྲང་རྩི་དང། ཤུ་དག་དང། སྒེ་དང། ཉེའུ་ཤིང་དང། རུ་རྟ་དང། རྒྱམ་ཚ་དང། ཏིལ་མར་དང་འདི་རྣམས་བཏབ་པ་བླུད་དོ། །ཁྱད་པར་དུ་དང་བའི་སྐོམ་གྱི
་ཕན་ཡོན་ནི་ལུས་ལྕི་བ་དང། མེའི་དྲོད་ཉམས་པ་དང། ཡི་ག་འཆུས་པ་དང་ཚིལ་རྒྱས་པའི་ནང་དང། འཁྲུ་བ་དྲག་པོས་ལུས་ཤིན་ཏུ་ཉམས་ཆུང་བར་གྱུར་པ་ལ་ནི་འོ་མ་བདུད་རྩི་དང་འདྲ་བར་ཤེས་པར་བྱའོ།། །།གསོ་བའི་གནས་ལས་དམུ་རྫིང་གསོ་བའི་ལེའུ་བཅོ་ལྔ
་པ་རྫོགས་སོ།། །།དེ་ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྐྱེས་བུ་གང་སྐྱ་རྦབ་ན་བ་ལ་ནི། ཐོག་མར་དགེ་བའི་སྨན་མར་དང། བའི་རྣམ་ལྔའི་སྨན་མར་དང། ཏིཀྟི་ཆེན་པོའི་སྨན་མར་མཛེ་ནད་གསོ་བའི་སྐབས་སུ་བཤད་བ་དང
་དོང་ཀའི་སྡེ་ཚན་བསྐོལ་བའི་སྨན་མར་འདི་རྣམས་གང་ཡང་རུང་བ་བླུད་དོ། །སེའུ་འབྲུ་རང་གི་ཁུ་བ་སྲང་བརྒྱད་དང། འུ་སུ་སྲང་གཉིས་དང། ཙི་ཏྲ་ཀ་སྲང་གཅིག་དང། བཅའ་སྒ་སྲང་གཉིས་དང། པི་པི་ལིང་སྲང་ཕྱེད་དང། འདི་རྣམས་བཏགས་པའི་ཕྱེ་མ་མར་སྲང་ཉི་ཤུ་དང།
་ཆུ་བརྒྱ་ཉི་ཤུ་རྩ་བརྒྱད་དང་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་དང་རན་པར་འཐུངས་ན་སྙིང་ནད་དང་སྐྱ་རྦབ་དང་སྐྲན་དང། གཞང་འབྲུམ་དང། མཆེར་པ་དང། རླུང་ནད་བད་ཀན་གྱིས་ཉམས་ཐག་བ་སེལ་ཏོ། །དེའི་མེ་དྲོད་སྐྱེད་པ་དང། དཔུགས་མི་བདེ་བ་དང། ལུད་པ་འཇོམས
་ཤིང་རླུང་ལམ་ལོག་པར་ཞུགས་པ་ལུགས་བཞིན་འབྱུང་ལ། བུད་མེད་བུ་འབྱུང་དཀའ་བ་ལ་ཡང་རབ་ཏུ་བསྔགས་སོ། །དེ་ནས་སྐྱ་རྦབ་ན་བའི་ནད་པ་དེ་སྣུམ་བཙོས་ལེགས་པར་བྱ་སྟེ། སྨན་རྣོ་བས་སློན་བྱའོ། །དེ་ནས་སྣུམ་ཆོས་བྱ་སྟེ། འོ་མ་བ་གཅིན་དང་སྦྱར་བ་འམ། རེ་རེ་ཡང
་རུང་བས་ལན་མང་བཀྲུ་སྨན་བྱའོ། །དནྟིའི་འབྲས་བུའི་ཁུ་བ་དྲོ་འཇམ་ཙམ་གྱི་ནང་དུ་ཏམ་བལ་གྱི་འབྲས་བུ་དང། རྒུམ་འབྲུའི་འབྲས་བུ་སྲང་བཞི་བཞི་བཅུག་སྟེ་ནུབ་ཅིག་སྤངས་ལ། ནག་པར་མཉེས་ནས་བཙགས་པ་འཐུངས་ན། སྐྱ་རྦབ་ཀྱི་ནད་ལ་རྒྱལ་བར་བྱེད་དོ། །ཡང་ན
་བ་གཅིན་གྱི་ནང་དུ་ཨ་རུ་རའི་ཕྱེ་མས་བཏབ་སྟེ། བཏུང་བ་འམ་ཡང་ན་འབྲས་བུ་གསུམ་བ་གཅིན་དང་བསྐོལ་བའི་ནང་དུ་ཨ་རུ་རའི་ཕྱེ་མ་བཏབ་པ་འམ། ཡང་ན་ཁྲན་བུ་དང། ཤ་མ་དར་བྱིད་དང། ཐང་ཤིང་དང། བཅའ་སྒ་དང། འདི་རྣམས་བ་གཅིན་དང་བཏགས
་ཏེ་བཏུང་བ་འམ། ཡང་ན་སྨན་དེ་ཉིད་བ་གཅིན་དང་བསྐོལ་བ་བཏུང་ངོ། །ཡང་ན་སྨན་དེ་དག་ཉིད་འོ་མ་དང་ཚུལ་བཞིན་བསྐོལ་ལ་འཐུངས་ན་ཉེས་པ་རྣམས་འཇོམས་སོ། །ཡང་ན་ལྕགས་ཕྱེ་མ་གཅིན་དང་འོ་མ་གང་ཡང་རུང་བའི་ནང་དུ་བཞག་ལ་སྦྱིན་ནོ། །ད་ཞུ
་བའི་ཚོད་ཙམ་ན་འོ་མ་འམ་མངར་བའི་ཁུ་བ་གང་ཡང་བ་དང་ལྷན་ཅིག་བཟའ་ཨོ། །དེ་ལྟར་སློན་ཁྲུས་ཀྱིས་སྟོད་སྨད་དུ་ལུས་དག་པར་བྱས་ནས། ཨ་རུ་ར་དང། སྦྲང་རྩི་དང། མར་སྦྱར་བའི་ལྡེ་གུ་སྦྱིན་ནོ། །བི་ཤ་ལ་དང། པུ་ཙེ་ཤེལ་དང། གླ་སྒང་དང། རུ་རྟ་དང། ཐང་ཤིང་དང། དུག་མོ
་ཡུངས་དང། འདི་རྣམས་ཞོ་གཉིས་གཉིས་དང། མུར་བ་སྲང་ཕྱེད་དང། བོང་ང་ཞོ་གཅིག་དང་འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་འཐུངས། དེ་ནས་སྦྲང་རྩི་བལྡགས་ན་སྐྱ་རྦབ་དང། རིམས་དང། ལུས་ཚ་བ་དང། ལུད་པ་དང། དབུགས་མི་བདེ་བ་དང། ཡི་ག་འཆུས
་པ་དང། སྐྲན་དང། ལྟོ་ལྦོ་བ་དང། མ་ཞུ་བ་རླུང་དང་བཅས་པ་དང། ཁྲག་མཁྲིས་རྣམས་ལས་རྒྱལ་བར་བྱེད་དོ། །ཡང་ན་བ་ཤ་དང། ཀྲུ་ཏྲུག་ཏྲེས་དང། འབྲས་བུ་གསུམ་དང། པུ་ཙེ་ཤེལ་དང། ཏིཀྟ་དང། ནམྦ་དང། འདི་རྣམས་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ
་སྤང་རྩི་བཏབ་པ་འཐུངས་ན་སྐྱ་རྦབ་དང། མིག་སེར་ཁྲག་མཁྲིས་འཇོམས་བར་བྱེད་དོ། །ཡང་ན་ཚ་བ་གསུམ་དང། ཙི་ཏྲ་ཀ་དང། བྱི་དང་ཀ་དང། འབྲས་བུ་གསུམ་དང། ག་དུར་དང། འདི་རྣམས་བཏགས་པའི་ཕྱེ་མ་སྤྱི་དང་མཉམ་པའི་ལྕགས་ནག་པོའི་ཕྱེ་མ་མར་དང་སྦྲང་རྩི
་དང་སྦྱར་ཏེ། དར་བ་འམ་ཆུ་དྲོན་པོ་དང་འོ་མ་དང་བཅས་པར་འཐུངས་ན། མིག་སེར་དང། སྐྱ་རྦབ་དང། སྙིང་ནད་དང། མཛེ་དང། གཞང་འབྲུམ་དང། གཅིན་ནད་ཐམས་ཅད་སེལ་བར་བྱེད་དོ། །དོང་ཀྲ་དང། ལྕགས་ཕྱེ་དང། ཏིལ་དང། བུ་རམ་འདི་རྣམས་ཆ་མཉམ་པ་དང། སྨན་སྣ
་གཅིག་གཉིས་འགྱུར་གྱི་པི་པི་ལིང་དང། དེ་རྣམས་རི་ལུ་འབྱས་པ་ཟོས་ན་སྐྱ་རྦབ་པ་ཕན་ནོ། །ཡང་ན་ཏ་བྱ་དང། སྐྱེར་པའི་ཤུན་པ་དང། དབྱི་མོ་དང། པི་པི་ལིང་གི་རྩ་བ་དང། ཐང་ཤིང་དང། ཚ་བ་གསུམ་ལ་སོགས་པ་སྦྱོར་བ་གོང་མའི་སྨན་དང། དེ་རྣམས་སྤྱིའི་ཉིས་འགྱུར་གྱི
་ལྕགས་ཕྱེ་དང་ཕྱེ་མར་བྱས་ལ་སྨན་རེ་རེའི་བརྒྱད་འགྱུར་གྱི་བ་གཅིན་དང། སྨན་སྣ་སོ་སོར་བསྐོལ་ལ་རི་ལུང་བྱར་འདོད་པ་ཙམ་གྱི་སྐན་ཏེར་གྱུར་པ་དང་གཅིག་ཏུ་བསྲེས་ཏེ་རི་ལུར་བྱས་པ་ནི་ལྕགས་ཕྱེའི་རི་ལུ་ཞེས་བྱ་སྟེ། དེ་ལས་ཅིར་ན་དར་པ་དང་སྦྱར་ཏེ་འཐུངས་ན་སྐྱ་རྦབ་?
་ནད་རྣམས་ལ་སྲོག་སྦྱིན་པར་བྱེད། གཞན་ཡང་མདོ་དང། མ་ཞུ་བ་དང། སྐྲངས་པ་དང། བརླ་རེངས་པ་དང། ཡི་ག་འཆུས་པ་དང། གཞང་འབྲུམ་དང། མིག་སེར་དང། གཅིན་ནད་དང་མཆེར་པའི་ནད་རྣམས་ཀྱང་ཞི་བར་བྱེད་དོ། །ཡང་ན་ཏྭ?
་པྱ?་དང། བྲག་ཞུན་དང། དངུལ་དང། ལྕགས་ཀྱི་དྲི་མ་དང། དེ་རྣམས་སྲང་ལྔ་དང། ཙ་ཏྲ་ཀ་དང། འབྲས་བུ་གསུམ་དང། ཚ་བ་གསུམ་དང། བྱི་དང་ག་དང། དེ་རྣམས་སྲང་རེ་རེ་དང། ཤ་ཁར་སྲང་བརྒྱད་དང། འདི་རྣམས་ཀྱི་ཕྱེ་མ་སྦྱང་རྩི་དང་སྦྱར་བ་ཟོས་ན། སྐྱ་རྦབ
་དང་དུག་དང། ལུད་པ་དང། གཅོང་ཆེན་པོ་དང། རིམས་ནི་བཟད་པ་དང། མཛེ་དང། མ་ཞུ་བ་དང། གཅིན་ནད་དང། སྐྲངས་པ་དང། དབུགས་མི་བདེ་བ་དང། ཡི་ག་འཆུས་པ་རྣམས་ལ་ཕན་ཏེ། ཁྱད་པར་དུ་བརྗེད་བྱེད་ཀྱི་ནད་དང། མིག་སེར་དང། གཞང་འབྲུམ་རྣམས
་འཇོམས་པར་བྱེད་དོ། །ཡང་ན་དུག་མོ་ཉུང་དང། འབྲས་བུ་གསུམ་དང། བིམྦ་དང། པ་དོ་ལ་དང། ག་དུར་དང། དོང་གྲ་དང་འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་བྲག་ཞུན་སྲང་བརྒྱད་བཅུག་སྟེ། ཞག་བཅཱུམ་ཉི་ཤུ་འམ། སུམ་ཅུའི་བར་ཡང་སྤང་ཞིང་ཡང་སྐམ
་པ་ལན་མང་དུ་བྱས་པ་དང། བྲག་ཞུན་དང་མཉམ་པའི་ཤ་ཁ་ར་དང། སྨྱིག་རྐང་དང། པི་པི་ལིང་དང། སྐྱུ་རུ་ར་དང། ཀརྐ་ཏི་སྲམ་སྲང་རེ་རེ་དང། ཀཎྚ་ཀ་བིའི་རྩ་བ་དང། འབྲས་བུ་གཉིས་ལ་སྲང་གཅིག་དང། དྲི་སྣ་གསུམ་ཞོ་གཉིས་གཉིས་དང། སྦྲང་རྩི་སྲང
་གསུམ་དང། ལྷན་ཅིག་རི་ལུ་ཞོ་གཉིས་པའི་ཚད་དུ་བྱས་ལ། ཟས་གཞན་མ་འདྲེས་པའི་འོག་ཏུ་སེའུ་འབྲུའི་ཁུ་བ་དང་འོ་མ་དང། ཐང་ལ་གནས་པའི་བྱའི་ཤ་ཁུ་དང། ཆུ་དྲོན་པོ་དང། ཨ་ས་པའི་ཆང་དང། ནས་ཆང་དང། དེ་རྣམས་གང་ཡང་རུང་བ་འཐུངས
་ན་སྐྱ་རྦབ་དང། མཛེ་དང། རིམས་དང། མཆེར་པ་དང། མགོ་འཁོར་བ་དང། གཞང་འབྲུམ་དང། མཚན་བར་རྡོལ་བ་དང། རྨ་སྣགས་པ་དང། སྙིང་ནད་དང། ཁུ་ཆུང་དང། གཅིན་དང། ཚ་བའི་ནད་ཞི་བར་བྱེད་དེ། དེ་བཞིན་དུ་སྐེམ་བྱེད་དང། སྦྱར་བའི་དུག་དང། དམུ
་རྫིང་དང། ལུད་པ་དང། རྩ་བའི་ནད་དང། ཁྲག་དང། མཁྲིས་པ་དང། སྐྲངས་པ་དང། སྐྲན་དང། མགུལ་པའི་ནད་དང། དེ་བཞིན་དུ་རྒྱུ་རླགས་དང། མགོ་འཁོར་ཡང་བ་ཡང་རི་ལུ་འདིས་འཇོམས་པར་བྱེད་དེ། ནད་ཐམས་ཅད་འཕྲོག་ཅིང་ཞི་བར་བྱེད་དོ། །རྒུན་འབྲུམ་དང། པི་པི་ལིང་སྲང
་བཅུ་དྲུག་བཅུ་དྲུག་དང། ཤ་ཁ་ར་སྲང་བཅུ་དང། དེ་བཞིན་དུ་ཤིང་མངར་དང་བཅའ་སྒ་དང། སྨྱིག་རྐང་དང། འདི་རྣམས་སྲང་གཉིས་ཕྱེ་མར་བྱས་ཏེ། སྐྱུ་རུ་རའི་འབྲས་བུའི་ཁུ་བ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བཅུག་སྟེ། མེ་ཆུང་ངུ་ལ་བསྐོལ་ཏེ་ལྡེ་གུར་གྱུར་པ་དང་ཕྱུང་ལ
་བསྒྲངས་པའི་ནང་དུ། སྦྲང་རྩི་སྲང་སུམ་ཅུ་རྩ་གཉིས་དང་སྦྱར་བའི་ལྡེ་གུ་ལག་པའི་མཐིལ་དུ་བཞག་སྟེ། དེ་ལས་ཞོ་གཉིས་གཉིས་ཟོས་ན། ཧ་ལི་མ་ཀ་ཞེས་བྱ་བའི་ནད་དང། སྐྱ་རྦབ་དང། མིག་སེར་རྣམས་སེལ་ཏོ། །ཡང་རྩ་བ་ལྔ་ཆུང་ངུའི་ཁུ་བ་དང། རྒུན་འབྲུམ་དང། སྐྱུ་རུ་ར་དང།
་རང་གི་ཁུ་བ་དང། བཟའ་བ་དང། བཏུང་བ་དང། ལྷན་ཅིག་སྦྱར་བ་བཏང་ན། སྐྱ་རྦབ་ཀྱི་ནད་དང། མིག་སེར་གྱི་ཉམ་ཐག་པ་སེལ་ཏོ། །དེ་ལྟར་གོང་དུ་བསྟན་པ་དེ་དག་ནི་སྐྱ་རྦབ་ཀྱི་གསོ་བ་སྤྱིར་བསྟན་པ་ཡིན་ཏེ། དེ་བཞིན་དུ་སྨན་པ་མཁས་པས་ནང་སོ་སོའི་དམིགས་ཤེས་པར
་བྱ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཁ་བ་དང། བསིལ་བའི་བག་སྦྱར་རོ། །བད་ཀན་ལས་གྱུར་པ་ལ་ནི་རྩུབ་པ་དང། ཚྭ་བ་དང་དྲོ་བའི་བག་སྦྱར་རོ། །འདུས་པ་ལས་གྱུར་པ་ལ་ནི་དེ་རྣམས་བསྲེས་པ་སྦྱར་རོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཁ་བ་དང།
་བསིལ་བའི་བག་སྦྱར་རོ། །བད་ཀན་ལས་གྱུར་པ་ལ་ནི་རྩུབ་པ་དང། ཚྭ་བ་དང་དྲོ་བའི་བག་སྦྱར་རོ། །འདུས་པ་ལས་གྱུར་པ་ལ་ནི་དམུ་རྫིང་འཇོམས་པའི་སྨན་མར་རོ། །ཚ་བ་གསུམ་དང། བིལྦ་དང། སེར་པོ་རྣམ་གཉིས་དང། འབྲས་བུ་གསུམ་དང། བ་སྦྲུ་བ་རྣམ་གཉིས་དང།
་གླ་སྒང་དང། ལྕགས་ཕྱེ་དང། བྱི་དར་ཀ་དང། བྲི་ཙི་ཀ་པི་དང། ག་བྲའི་རྩ་བ་དང། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། འོ་མ་དང་མར་ཚུལ་བཞིན་དུ་བསྐོལ་བ་འཐུངས་ནས་ཞག་སྦོས་པ་ལས་གྱུར་པའི་དམུ་རྫིང་གི་ནད་ཐམས་ཅད་མྱུར་དུ་ཞི་བར་བྱེད་དོ། །དེ་བཞིན་དུ་ནཱ་ག་གོ་ས?
་དང་ཤིང་མངར་དང། པི་པི་ལིང་དང། རྩཝ་ཀུ་ཤ་དང། འདི་རྣམ། ཆམ་ཆོམ་བརྡུངས་ཏེ། འོ་མ་དང་མར་དང། ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་ཕན་ཡོན་གོང་དང་འདྲའོ། །ས་ཞག་ཟོས་པའི་སྐྱ་རྦབ་ཀྱི་ནད་པ་ས་ཞག་ལ་སྲེད་པ་ཡིན་ན་ནི། དེ
་སྤུས་དབྱུང་བར་བྱ་བའི་ཕྱིར་བྱི་དང་ཀ་དང། ནིམྦའི་ཁུ་བ་དང། པ་ཊ་དང། མུར་བ་འདི་རྣམས་ཀྱི་ཁུ་བ་གང་ཡང་རུང་བས་ཞག་ལ་བསྒོས་པ་ཟོས་ན་ཕན་ནོ། །ས་ཞག་བྱེ་བྲག་འདོད་པ་ཟོས་ནས་ནད་ཐ་དད་པར་འབྱུང་བར་འགྱུར་ན་སྨན་པས་སོ་སོ་དང་མཐུན་པའི་སྨན
་སྦྱར་རོ། །མིག་སེར་གྱི་ནད་ཀྱིས་བཏབ་པ་ལ་ནི་མཁྲིས་པ་ལ་ཕན་པའི་སྨན་ནམ། སྐྱ་རྦབ་ལ་ཕན་པའི་སྨན་གང་ཡང་རུང་བ་སྦྱིན་ནོ། ། རུ་ར་རྡོག་མ་བརྒྱ་བསྐོལ་བའི་ཁུ་བའི་ནང་དུ། ཨ་རུ་ར་ལྔ་བཅུ་བཏགས་པའི་ཕྱེ་མ་དང། མར་སྲང་སུམ་ཅུ་རྩ་གཉིས་དང་ཚུལ་བཞིན་དུ
་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན། སྐྲན་དང་མིག་སེར་དང། སྐྱ་རྦབ་ཐམས་ཅད་སེལ་ཏོ། །དོང་ཀ་དང། ཚ་བ་གསུམ་གྱི་ཕྱེ་མར་བུ་རམ་ཤིང་ངམ། བི་ད་རི་འམ། སྐྱུ་རུ་རའི་ཁུ་བ་གང་ཡང་རུང་བའི་ནང་དུ་བཏབ་སྟེ། སྲང་གཅིག་ཙམ་འཐུངས་ན་མིག་སེར་གྱི
་ནང་འཇོམས་སོ། །ཡང་ན་དནྟི་བཏགས་པའི་ཕྱེ་མ་དེའི་ཉིས་འགྱུར་གྱི་བུ་རམ་དང་བཅས་པ་ཆུ་གྲང་དང་བཏུང་བའམ་གང་ཡང་རུང་བ་དང་སྦྱར་བ་སྦྱིན། ཡང་ན་འབྲས་བུ་གསུམ་དང། སླེ་ཏྲེས་དང་ནི་བིམྦ་འདི་རྣམས་ཀྱི་ཁུ་བ་གང་ཡང་རུང་བའི་ནང་དུ་སྦྲང་རྩི་བཏབ་སྟེ། ནད་རིན་པོར
་སྦྱར་ཏེ་འཐུངས་ན། མིག་སེར་གྱིས་ཉམས་ཐག་པ་ལ་ཕན་ནོ། །སྐྱེར་པ་དང། བཙག་ཡུག་སྣམ་དང། སྐྱུ་རུ་ར་རྣམས་སྦྱར་བའི་མིག་སྨན་དུ་སྦྱོར་བ་ཡང་མིག་སེར་རྣམས་འཇོམས་སོ། །མིག་སེར་གྱིས་བཏབ་པའི་ནང་པ་ཕྱི་ས་ཏིལ་བཏགས་པའི་ཕྱེ་མ་འདྲ་བ་དཀར
་པོ་འབྱུང་ཞིང་བད་ཀན་གྱིས་ལམ་འགགས་པ་ལ་ནི་བད་ཀན་དང་མཁྲིས་པ་འཇོམས་པའི་སྨན་གྱིས་གསོ་འོ། །ཁ་ཟས་རྩུབ་པ་དང། གྲང་བ་དང། ལྕི་བ་དང། མངར་བ་དང། རྩོལ་བ་བྱས་པའི་རྒྱུ་རླུང་གིས་བད་ཀན་འཁྲུག་པར་བྱས་ཏེ། མཁྲིས་པའི་ཕྱི་རོལ་ནས
་བཏོན་པའི་དབང་གིས་སྐྱེས་བུ་དེའི་མིག་དང་པགས་པ་རྣམས་སེར་པོར་གྱུར་ཅིང་ཕྱི་ས་དཀར་པོར་འབྱུང་ལ་ནད་འཁྲུགས་ཏེ། ཕྱི་ས་འགགས་པ་དང། སྙིང་ལྕི་བ་ལ་སོགས་པར་གྱུར་ཏེ། དེའི་དབང་གིས་ལུས་རྫུད་པ་དང། མེ་དྲོད་ཆུང་བ་དང། རྩིབས་ལོགས་སུ་ཟུག་པ་དང། སྐྱིགས་བུ་དང།
་ལུད་པ་དང། ཡིག་འཆུས་པ་དང། རིམས་ཀྱིས་འདེབས་ཏེ། མཁྲིས་པས་ཡན་ལག་ཐམས་ཅད་དུ་ཁྱབ་པ་ཡིན་ལ། དེ་ལ་ནི་རིམས་ཀྱིས་བརྡལ་ལ་གསོའོ། །དེ་ལྟར་མིག་སེར་གྱིས་ཁྱབ་པའི་ནད་པ་ལ་ནི། རྨ་བྱ་དང། ཁྱིམ་བྱ་དང། སྲེག་པའི་ཤ་ཁུ་དང། ཡང་ན་ལ་ཕུག་སྐམ་པོ་དང།
་རྒྱ་སྲན་གྱི་ཁུ་བཅུད་གང་ཡང་རུང་བའི་ནང་དུ་རྩུབ་པ་དང། ཚྭ་བ་དང། སྐྱུར་བ་དང་སྦྱར་བའི་ཟས་སྦྱིན་ནོ། །གཞན་ཡང་ཤིན་ཏུ་ཚ་བ་དང། སྐྱུར་བ་དང། རྣོ་བ་དང། ལན་ཚ་དང། ཤིན་ཏུ་དྲོ་བ་རྣམས་བསྔགས་སོ། །ཁ་ལུང་གི་ཁུ་བ་ཚ་བ་གསུམ་དང་སྦྱར་བའི་ལྡེ་གུ་ལྡག་པར་བྱའོ། །དེ་ལྟར་གོང་མའི
་གསོ་བ་དེ་དག་བྱས་ན། མཁྲིས་པ་རང་གི་གནས་སུ་འཇུག་སྟེ། དེས་ན་ཕྱི་ས་ཡང་མདོག་ཐ་མལ་པར་འགྱུར་ཞིང། རླུང་སྒྲ་དང་བཅས་པ་ཡང་ཞི་བར་འགྱུར་རོ། །དེ་ལྟར་མདོག་འགྱུར་ཏེ། སྔ་མ་ལས་ལོག་པ་ལྟར་སྣང་ན་ཡང་དེ་བརྟན་པར་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་མིག་སེར་གྱི
་ནད་གསོ་བ་འཕྱིས་ནས་དེ་ཁོང་དུ་ཞུགས་ཏེ་དཀྱེལ་དུ་གྱུར་པ་ལ་ནི་བྲག་ཞུན་དང། མཀྵི་ཀ་ད་རུ་དང། གསེར་གྱི་དྲི་མ་གང་ཡང་རུང་བ་གཅིན་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བསྟེན་པར་བྱའོ། །ཧ་ལི་མ་ཀ་ཞེས་བྱ་བའི་ནང་ལ་ནི། སླེ་ཏྲེས་ཀྱི་རང་གི་ཁུ་བ་དང། འོ་མ་དང། མ་ཧེའི་མར
་འོ་མའི་ཕྱེད་དང། འདི་རྣམས་བསྐོལ་བའི་མར་གྱི་བཏུང་བ་ལ་སོགས་པ་ལུས་ཀྱི་སྣུམ་ཆོས་བྱ་སྟེ། དེ་ནས་སྐྱུ་རུ་རའི་ཁུ་བ་དང་དུང་བྱིད་དང་སྦྱར་བས་བཀྲུ་སྨན་བྱའོ། །ཁ་ཟས་ནི་མངར་བ་དང། རླུང་དང་མཁྲིས་པ་འཇོམས་པར་བཏང་ངོ། །དེ་བཞིན་དུ་གོང་བུ་སྨོས་པའི་རྒུན་འབྲུའི
་ལྡེ་གུ་དང། མངར་བའི་སྨན་དང་སྦྱར་བའི་མར་བཟའ་ཞིང་འོག་ནས་སྨས་པའི་འོ་མའི་འཇམ་རྩིམས་བཏང་བ་རྣམས་ཡུན་ཅི་རིང་དུ་བྱའོ། །བཏུང་བར་ནི་རྒུན་ཆང་དང། ཨ་རི་ཏའི་ཆང་མེ་དྲོད་དང་སྦྱར་ཏེ་ཅི་རིགས་སུ་སྦྱིན་ནོ། །ཡང་ན་ཨ་རུ་རའི་ལྡེ་གུ་ལུད་པ་གསོ་བའི་སྐབས་ལས
་འབྱུང་བའམ། ཡང་ན་པི་པི་ལིང་དང། ཤིང་མངར་དང། བ་ལ་དང། དེ་རྣམས་གང་ཡང་རུང་བ་འོ་མ་དང་སྦྱར་ཏེ་ནད་གཞི་དང་མེ་དྲོད་དང་དཔགས་ལ་བཏང་ངོ། །དེ་བཞིན་དུ་སྨན་པ་མཁས་པས་སྐྲང་ནད་གསོ་བའི་དཔྱད་ཇི་སྙེད་པས་སྐྱ་རྦབ་ཀྱི་ནང་ཐམས
་ཅད་ལ་སྦྱར་རོ། །གསོ་བའི་གནས་ལས་སྐྱ་རྦབ་ཀྱི་གནད་གསོ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་འོར་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ནད་གཞི་ཐམས་ཅད་འདུས་པ་འམ་ལྡན་པ་འམ། ནད་གཞི་རེ་རེ་ལས་གྱུར་པའི་སྐྲང་ནད་གང་ཡང་རུང་བ
་མ་ཞུ་བ་དང་བཅས་པ་དེ་ལ་ནི་ཐོག་མར་ལུས་ཤ་སྲི་ཞིང་སྨྱུང་བ་བྱའོ། །དེའི་འོག་ཏུ་ཁ་ཟས་ཀྱང་ཡང་བ་བཟའ་ཞིང་སྐོམ་དུ་ནི། དོང་ཀྲ་དང། བོང་ང་དཀར་པོ་དང། ཐང་ཤིང་དང། བྱི་དང་ག་དང། དུག་མོ་ཡུངས་དང། ན་ལེ་ཤམ་བསྐོལ་བའི་ཆུ་དྲོན་པོ་བླུད་དོ། །ཡང་ན་ཨ་རུ་ར་དང།
་བཅའ་སྒ་དང། ཐང་ཤིང་དང། བ་སྤྲུ་བ་དང་དེ་རྣམས་བསྐོལ་བའི་ཁུ་བ་བླུད་པ་འམ། ཡང་ན་སྐྱ་རྦབ་ཀྱི་ནང་དུ་བཤད་པའི་ལྕགས་ཕྱེ་ཆ་དགུ་པ་བསྐོལ་བ་བླུད་དོ། །འོར་ནད་ཤས་ཆེ་བ་ལ་ནི་དེ་དག་པར་བྱ་བའི་ཕྱིར་ཨ་རུ་རའི་ཕྱེ་མ་བ་གཅིན་དང་སྦྱར་བ་བླུད་དོ། །ཡང་ན་འབྲས
་བུ་གསུམ་བསྐོལ་བའི་ནད་དུ་པུ་ཙེ་ཤེལ་དང། དུར་བྱིད་དང། ཚ་བ་གསུམ་གང་ཡང་རུང་བའི་ཕྱེ་མ་བཏབ་པ་བླུད་པ་འམ། ཡང་ན་འབྲས་བུ་གསུམ་གང་ཡང་རུང་བའི་ནང་དུ་གུ་གུལ་ལམ་བྲག་ཞུན་བཏབ་པ་བླུད་པ་འམ། འོར་ནད་སྐྲངས་པ་དེ་མེ་དྲོད་ཆུང་ཞིང་མ་ཞུ་བས
་ཁྱབ་སྟེ། རྟུག་པ་འགགས་པ་འམ། ཡང་ན་ཕྱི་ས་སླ་བར་འབྱུང་བ་ལ་ནི་ཁ་རུ་ཚ་དང། ཚ་བ་གསུམ་སྦྲང་རྩི་དང། དར་བ་དང་སྦྱར་བ་བཟའ་བ་འམ། ཡང་ན་ཨ་རུ་ར་དང་བུ་རམ་སྦྱར་བ་འམ་བཅའ་སྒ་སྦྱར་བ་ཟོས་པའི་འོག་ཏུ་དར་བ་བཏུང་བར་བྱའོ། །ཡང་ན་སྒེའུ་གཤེར་དང།
་བུ་རམ་ཆ་མཉམ་པ་སྦྱར་ཏེ། དང་པོའི་ཞག་སྲང་ཕྱེད་ཟོས་ལ། དེ་ནས་ཞག་བཅུའི་བར་དུ་སྲང་ཕྱེད་ཕྱེད་ཀྱིས་སྐྱེད་དེ། ཞག་བཅུ་གཅིག་པ་ནས་སྲང་ཕྱེད་ཕྱེད་ཞག་བཅུའི་བར་དུ་མ་བྲི་སྟེ། སྲང་ཕྱེད་དུ་ཕྱིན་པ་དང། ཡང་ཞག་བཅུའི་བར་དུ་སྲང་ཕྱེད་ཕྱེད
་ཞག་རེ་བསྐྱེད་དེ། དེ་ལྟར་ཟླ་བ་གཅིག་གི་བར་དུ་ཟོས་ལ་སྨན་དེ་ཞུ་བའི་ཚོད་ཙམ་ན། བཏུང་བར་ནི། མ་ཤ་ཀའི་ཁུ་བ་དང། འོ་མ་དང། ཤ་ཁུ་གསུམ་བད་ཀན་དང། མཁྲིས་པ་དང། རླུང་གང་ཡིན་པ་བཏགས་ཏེ། ནད་གཞི་དང་རེ་རེ་ནས་སྦྱར་ཏེ་འཐུངས་ན་སྐྲན་དང། དམུ་རྫིང་དང། གཞང་འབྲུམ་དང།
་འོར་ནད་དང། གཅིན་ནད་དང། དམུག་མི་བདེ་བ་དང། ཆམ་པ་དང། ལུས་སྙོམས་པ་དང། འཇུ་སྟོབས་ཆུང་བ་དང། མིག་སེར་དང། སྐེམ་བྱེད་དང། རྗེད་བྱེད་དང། སྨྱོ་བྱེད་དང། ལུད་པ་དང། བད་ཀན་རྣམས་སྒེའུ་གཤེར་དང། བུ་རམ་གྱི་སྦྱོར་བ་འདི་བྱས་ན་མྱུར་དུ་རྒྱལ་བར་བྱེད་དོ། །སྒེའུ་གཤེར་གྱི་ཁུ
་བ་དང། དོང་ཀྲའི་ཕྱེ་མ་དང། འོ་མ་དང་མར་ལྷན་ཅིག་བསྐོལ་ཏེ། རན་པར་འཐུངས་ན་འོར་ནད་དང། དམུ་རྫིང་དང། མེ་དྲོད་ཉམས་པས་ཉམ་ཐག་པ་རྣམས་ཞི་བར་བྱེད་དོ། །མ་ཞུ་བ་མེད་བཞིན་དུ་ཕྱིས་འགག་ཅིང་འོར་ནད་ཀྱིས་ཉམ་ཐག་པ་ལ་ནི། ཚ་བ་གསུམ་དང། དུར་བྱིད་དང། དནྟི་དང།
་ཀྲུ་ཏྲུག་ཏྲེས་དང། དེ་རྣམས་འོ་མ་དང་བསྐོལ་ཏེ་བླུད་དོ། །བ་འམ་མ་ཧེ་གང་ཡང་རུང་བའི་གཅིན་དང། འོ་མ་བཏུང་ཞིང་བཟའ་བ་ཡང་འོ་མ་དང་བཅས་པར་བྱའོ། །ཞག་བདུན་ནམ་ཟླ་བ་གཅིག་གི་བར་དུ་རྔ་མོའི་འོ་མ་ཉི་ཚེས་ཉམས་ལྟ་བར་བྱའོ། །ཏིང་མུ་ས་དང། ནས་ཚིག་འཁུས་པའི་ཐལ་བ་དང།
་ལ་ལ་པུད་དང། ཚ་བ་རྣམ་ལྔ་དང། ན་འོ་ཤམ་དང། སེའུ་འབྲུ་དང། པ་ཐ་དང། འུ་སུ་དང། སྟར་བུ་དང། བ་ལ་དང། བིལྤ་དང། དེ་རྣམས་ཞོ་གཉིས་གཉིས་དང། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ། མར་ལུས་པ་དང་དེ་ལས་རན་པར་འཐུངས་ན་འོད་ནད་དང། གཞང
་འབྲུམ་དང། སྐྲན་དང། གཅིན་ནད་རྣམས་འཇོམས་སོ། །ཙི་ཏྲ་ཀའི་ཕྱེ་མས་འོ་མའི་ནང་དུ་བཏབ་སྟེ། ཞོར་རེད་པ་དང། དེ་ལས་བྱུང་བའི་མར་སར་དར་བ་དང་བཅས་པའི་ནང་དུ་ཡང་ཙི་ཏྲ་ཀའི་ཕྱེ་མས་བཏབ་སྟེ་བསྐོལ་ལ། མར་ལུས་ལ་ལས་རན་པར་འཐུངས་ན། ཕན་ཡོན་གོང་མ་དང་འདྲའོ། །ནད་ཀྱི་སྟོབས
་དང། འདུ་ཤེས་པའི་སྨན་པས་ཐང་ལ་འབར་གྱི་སྨན་མར་གཅིན་ནད་ཀྱི་སྐབས་ལས་འབྱུང་བ་དང། ཏིཀྟ་ཆེན་པོའི་སྨན་མར་མཛེ་ནད་གསོ་བ་ལས་བཤད་པ་དང། དགེ་བའི་རྐྱེན་མར་སྨྱོ་བྱེད་སྨིན་ནས་འབྱུང་བ་དང། ཨ་རུ་རའི་སྨན་མར་དམུ་རྫིང་ལས་བཤད་པ་རྣམས་ཅི་རིགས་པར་སྦྱར་རོ། །རྩ་བ
་བཅུ་པ་སྲང་སུམ་ཅུ་རྩ་གཉིས་དང། མར་སྲང་སུམ་ཅུ་རྩ་གཉིས་དང། མར་གྱི་བཅུ་དྲུག་འགྱུར་གྱི་ཆུ་དང། ཨ་རུ་ར་དང་བུ་རམ་སྲང་བརྒྱད་དང། འདི་རྣམས་བསྐོལ་བའི་ནང་དུ་དྲི་སྣ་གསུམ་དང། ཚ་བ་གསུམ་དང། ནས་ཚིག་འཁུས་པའི་ཐལ་བ་ཅུང་ཟད་ཙམ་དང། འདི
་རྣམས་ཀྱི་ཕྱེ་མ་བཏབ་སྟེ་ལྡེ་གུར་གྱུར་པ་དང། བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བཅུ་དྲུག་བཏབ་སྟེ། དེ་ལས་རན་པར་བལྡགས་ན། འོར་ནད་ཚབས་ཆེ་བ་དང། རིམས་དང་སྐྲན་དང། གཅིན་ནད་དང་ལུས་སྐེམ་ཞིང་རིང་པ་དང། མ་ཞུ་བ་དང། ཁྲག་དང་མཁྲིས་པ་དང། མ་ཞུ་བ་དང་རླུང་དང།
་སྒྲེགས་བ་སྐྱུར་བོར་འབྱུང་བ་དང། མདོག་འགྱུར་བ་དང། གཅིན་དང། རླུང་དང། ཁུ་ཆུའི་ནད་དང། དབུགས་མི་བདེ་བ་དང། ཡི་ག་འཆུས་པ་དང། མཆེར་བ་ན་བ་དང། སྦྱར་བའི་དུག་དང། དམུ་རྫིང་རྣམས་སེལ་ཏེ། །ནས་དང་འབྲས་རྙིང་པའི་ཁ་ཟས་རྩ་བ་བཅུ་པའི་ཁུ་བ་ལ་གཞི་བླངས་ལ།
་ལན་ཚ་དང་སྣུམ་ཉུང་ཤས་བཏབ་སྟེ། བྱིན་ན་འོར་ནད་ལ་ཕན་ནོ། །རྒྱ་སྲན་ཀུ་ལཏྠ་དང། མོན་སྲན་རྡེའུའི་ཁུ་བཅུར་ཐལ་སྨན་དང། ཚ་བ་གསུམ་དང་ལྡན་པ་དང། དེ་བཞིན་དུ་སྲོག་ཆགས་ཐང་ལ་གནས་པ་རུ་སྦལ་དང། གོ་ད་དང། ཤ་ཡ་ཀ་དང། འདི་རྣམས་ཀྱི་ཤ་ཁུ་པི་པི་ལིང་དང་སྦྱར་བ
་ཟོས་ན་ཡང་འོར་ནད་འཇོམས་སོ། །བཏུང་བར་ནི་དར་བ་མི་སྐྱུར་བ་འམ་ཡང་ན་རྒུན་ཆད་དང། ཨ་རིཥྚའི་ཆང་དང། ཨ་ས་བའི་ཆང་གང་ཡང་རུང་བ་ཚ་བ་གསུམ་དང་ལྡན་པ་སྦྱིན་ནོ། །ཡང་ན་ཐ་ཝེ་དང་ཟུར་བ་དང་ཇི་བནྟི་དང། ཀ་ར་བི་དང། མ་ནུ་དང། ཙི་ཏྲ་ཀ་དང། བིལྦའི་རྐང་དང། ཨ་བཀྵ་ར
་དང། ད་ཏྲིཀ་དང། འདི་རྣམས་རེ་རེ་ཡང་རྒྱ་ཤུག་གི་འབྲས་བུའི་ཚད་དང་ལྡན་པའི་ཐུག་པ་མར་དང་ཏིལ་མར་སྦྱར་ཏེ་འཐུངས་ན། འོར་ནད་དང། སྐྲངས་པ་ལ་ཕན་པའི་མཆོག་ཡིན་ཏེ། དེ་བཞིན་དུ་འཁྲུ་བ་དང། སྙིང་ནད་དང། སྐྲན་དང། གཞང་འབྲུམ་དང། མེ་དྲོད་ཆུང་བ་དང། གཅིན
་རྣམས་ལ་ཕན་ནོ། །དེ་བཞིན་དུ་ཚ་བ་རྣམ་ལྔ་རྒྱ་ཤུག་གི་ཚད་ཙམ་དང། མར་དང་ཏིལ་མར་དུ་བརྡོས་པའི་ཐུག་པ་འཐུངས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་རྡོ་དྲེག་དང། དུ་རྟ་དང། སྟོའུ་ནེ་ཡ་དང། ཧེ་ནུ་ཀ་དང། ཨ་ཀ་རུ་དང། ཤུག་པ་དང། ཤྲི་བི་ཤ་ཀ་དང། ཆུ་སྲིན་སེན
་མོ་དང། བུ་སུ་ཧང་དང། ཐང་ཤིང་དང། པྲི་ཡཾ་ཀུ་དང། སྤང་སྤོས་དང། པི་པི་ལིང་དང། དབྱི་མོ་དང། ཀུ་ཊ་ན་ཊ་དང། བྱ་མ་ཀ་དང། བ་ལི་ཀུ་དང་དྲི་སྲང་བཞི་དང། བལྦུའི་ལོ་མ་དང། གླ་སྒང་དང། གནད་བཱཀྵ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་དང་སྦྱར་བའི་བསྐུ་བ་དང་ཕྱེ་མ་ཆུ་དང་སྦྱར་བའི་ཁྲུས་དང།
་ལྡེ་གུའི་བྱུག་པ་རྣམས་བྱའོ། །ཡང་ན་ནིམྦ་དང། བ་སྤྲུ་བ་མེ་ཏོག་དམར་པོ་ཅན་དང། ནསྟ་མ་ལ་དང། ཨརྐ་བསྐོལ་བའི་ཆུས་ཁྲུས་བྱའོ། །ཡན་ལག་ཕྱོགས་གཅིག་སྐྲངས་པ་ལ་ནི་བ་སྤྲུ་བ་དང། ཀ་ར་བི་ར་དང། རྒྱ་སྐྱེགས་ཤིང་བྱི་ཤ་ལ་དང་འབྲས་བུ་གསུམ་དང། སེང་ཕྲོམ་དང། ན་ལི་ཀ་ཞེས་བྱ
་བ་ཀ་པོ་ད་ཙ་ར་ན་དང། ཐང་ཤིང་དང། སྤང་སྤོས་དང། ཀོ་ཤ་ཏ་ཀི་དང། བོང་ང་དཀར་པོ་དང། ཏ་ལའི་ལོ་མ་དང། ཛ་ཡནྟི་ཞེས་བྱ་བ་ཏཾ་གི་ར་དང། འོལ་མ་སེ་དཀར་པོ་དང། ཀ་ཀ་ད་ནི་དང། སཱ་ལའི་ཤིང་དང། དབྱི་མོ་དང། བྲི་ཤ་ཀརྞི་དང། བྲི་ཏི་དང། རིདྡྷི་དང། ཧསྟི་ཀརྞ་ཞེས་བྱ་བ་ཨེ་རཎྚ་དང། འདི
་རྣམས་བཏགས་པའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་ལྡེ་གུར་བྱས་ཏེ་བསྐུས་ན་ཕན་ནོ། །རླུང་ལས་གྱུར་པའི་འོར་ནད་སྐྲངས་པ་ལ་ནི་ཟླ་བ་ཕྱེད་ཀྱི་བར་དུ་དུར་བྱིད་དང་མར་སྦྱར་བ་འམ་ཡང་ན་ཨེ་རཎྚའི་མར་འབའ་ཞིག་བཏུང་ངོ། །རླུང་གི་རྟུག་པ་འགགས་པ་ལ་ཡང་སྦྱོར་བ་ད་ཉིད་བྱའོ། །ེ
་རཎྚའི་མར་འོ་མ་འམ་ཤ་ཁུ་དང་ལྡན་པར་ཟས་ཀྱི་གོང་དུ་བཟའ་ཨོ། །རླུང་གི་སྐྲངས་ནད་ལ་ནི་རླུང་འཇོམས་པའི་སྟན་གྱིས་བསྐུ་བྱུག་བྱའོ། །ཡན་ལག་ཕྱོགས་ཅིག་སྐྲངས་པ་ལ། ཁ་ལུང་དང། ཨགནི་མནྟ་དང། སྤང་སྤོས་དང། བཅའ་སྒ་དང། ཐང་ཤིང་དང། དེ་རྣམས་ཀྱི་ལྡེ་གུས་བསྐུའོ། །མཁྲིས
་པ་ལས་གྱུར་པའི་འོར་ནད་ལ་ནི་ཏིཀྟའི་སྨན་མར་རམ། ནྱ་གྲོ་དྷའི་སྡེ་ཚན་མར་དང་བསྐོལ་བས་བསྐུའོ། །སྐོམ་དང་ཆེ་བ་དང། རྨོང་བག་དུ་འདུག་པ་དང། ལུས་ཚ་བ་ལ་ནི་འོ་མ་དང་མར་དང་བྱུག་པ་དང་བ་རྐུ་བ་གྲང་མོ་བྱས་པ་རབ་ཏུ་ཕན་ནོ། །ཡང་ན་པ་ཏོ་ལའི་རྩ་བ་དང། ཁྱི་ལྕེ་བ་དང། ཤིང
་མངར་དང། པུ་ཙེ་ཤེལ་དང། ཨ་རུ་ར་དང། ཐང་ཤིང་དང། སྐྱེར་པ་དང། ཙནདན་དང། དནྟ་དང། བི་ཤ་ལ་དང། ལྕང་མ་དང། པི་པི་ལིང་དང། འདི་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་འཐུངས་ན་ཁོང་པ་ཚ་བ་དང། སྐོམ་དང་ཆེ་བ་དང། མགོ་འཁོར་བ་དང། འདུས་པའི་ནད་དང། མེ་དཔལ་དང། སྐྲང་བ་དང།
་ལུས་ཚ་བ་དང། རིམས་མི་ཟད་པ་རྣམས་སེལ་ཏོ། །བད་ཀན་ལས་གྱུར་པའི་འོར་ནད་ལ་ནི་དོང་ཀའི་སྡེ་ཚན་ཏིལ་མར་དང་བསྐོལ་བ་བླུད་དོ། །རྩ་རྒྱུན་འགགས་པ་དང་མེ་དྲོད་ཆུང་བ་དང་ཡི་ག་འཆུས་པ་དང། རྨོངས་བག་དུ་འདུག་པ་ལ་ནི་ཐལ་སྨན་ཨ་ས་ལའི
་ཆང་དང། ཨ་རི་ཤའི་ཆང་དང། བ་གཅིན་དང། དར་བ་དང་ལྷན་ཅིག་བསྐྱོས་ཏེ་བཏང་ངོ། །པི་པི་ལིང་དང། ཏིལ་མར་ལ་སོགས་པའི་ཚིགས་མ་རྙིང་པ་དང། ཤི་ཀྲུའི་ཤུན་པ་དང། ཟར་མ་དང་འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དྲོ་འཇམ་ཙམ་དང་སྦྱར་ཏེ་བྱུག་པ་དང།
་ལུས་དྲིལ་བ་ལ་སོགས་པ་བྱའོ། །རུརྟ་དང། ཨགནི་མནྠ་དང། ཙི་ཏྲ་ཀ་དང། རྒྱ་སྲན་དང། དོང་ཀྲ་རྣམས་བ་གཅིན་དང་ཆུ་དང་ཚུལ་བཞིན་བསྐོལ་བའི་ཆུས་ལུས་ཁྲུས་བྱའོ། །ཙནྡྲ་དང། ཨ་ཀ་རུའི་ལྡེ་གུས་ལུས་བྱུག་གོ་།ཀ་ལ་ཞེས་བྱ་བ་ནི་ག་བ་ལ་དང། ཨ་ཛ་ཤྲི་གི་དང། ཀོ་ཉོན་ཙ
་དང། ཨཉྫ་གནད་དང། ཨ་ཤྭ་གནདྷ་དང། ཨ་མ་བཤཊ་དང། འདི་རྣམས་སྦྱར་བའི་ལྡེ་གུ་ནི་ཡན་ལག་ཕྱོགས་ཅིག་སྐྲངས་པ་ལ་རབ་ཏུ་བསྔགས་སོ། །ཡང་ན་རླུང་ལ་སོགས་པའི་ནད་གཞི་ཤེས་པར་བྱས་ལ། ཉེས་པ་ཇི་ལྟ་བ་བཞིན་དུ་གཏར་ཀ་བྱས་ཏེ། བྲག་དབྱུང་ངོ། །ནད་གཞི་རྣམས
་འདྲེས་ནས་གང་ཤས་ཆེ་བ་བརྟགས་ཏེ་ཐོག་མར་དེ་གསོ་བར་བྱའོ། །ཐ་ཝེ་དང། པ་ཐ་དང། གླ་སྒང་དང། ཚ་བ་རྣམ་ལྔ་དང། ཀཎྚ་ཀཱ་རི་དང། སྐྱེར་པ་དང། དེ་རྣམས་ཆུ་དྲོན་དང་སྦྱར་ཏེ་བཏང་བ་འམ། ཡང་ན་ཏིཀྟ་དང། བཅའ་སྒ་དང་དེ་གཉིས་ཆུ་དྲོན་དང་སྦྱར་ཏེ་འཐུངས་ན།
་ནད་གཞི་གསུམ་ལས་གྱུར་པའི་འོར་ནད་ཡུན་རིང་དུ་ལོན་ཏེ་ཚབས་ཆེ་བ་ཡང་ཞི་བར་བྱེད་དོ། །བདུད་རྩི་རྣམ་གཉིས་ཞེས་བྱ་བ། སླེ་ཏྲེས་དང། ཨ་རུ་ར་དང། བ་སྤྲུ་བ། ཐང་ཤིང་དང། གུ་གུབ་དང། དེ་རྣམས་བ་གཅིན་དང་སྦྱར་ཏེ་འཐུངས་ན། སྐྲངས་པ་དང། དམུ་རྫིང་དང
་མཛེ་དང། སྐྱ་རྦབ་དང། སྲིན་བུའི་ནད་དང། བད་ཀན་དང་རླུང་སྟོད་དུ་ཞུགས་པ་རྣམས་འཇོམས་སོ། །གོང་དུ་སྨོས་པ་དེ་དག་ནི་ནད་གཞི་ལས་འོར་ནད་དུ་སྐྲངས་པའི་གསོ་བ་བཤད་པ་ཡིན་ནོ། །དེ་ལ་སྣད་པ་ལས་གྱུར་པ་ལ་ནི་ཁྲག་དབྱུང་བས་ནད་སྦྱང་བར་བྱ་སྟེ། དེ་ནས
་སྨན་བསིལ་བའི་ནུས་པ་དང་ལྡན་པ་དང། མར་བསྲེས་པས་བསྐུ་བ་དང། བྱུག་པ་རྣམས་བྱའོ། །དུག་གིས་ཕོག་པའི་འོར་ནད་ལ་ནི་དུག་གི་གསོ་བ་རྣམས་འདིར་སྦྱར་རོ། །སྲོག་ཆགས་ཆུ་དང་ཐང་གཉིས་ག་ལ་གནས་པ་དང། རྗུད་པའི་ཤ་དང། པ་ཏ་ལ་སོགས་པ་ཚེད་མའི་ལོ་མ་སྐམ་པོ
་དང། ཏིལ་དང་བུ་རམ་ལས་བྱས་པའི་ཁ་ཟས་དང། འབྲས་ལ་སོགས་པ་བཏགས་པའི་ཟས་དང། ཞོ་དང་ལན་ཚར་བཅས་པ་དང། ཟས་ཀྱི་མི་བག་ཅན་དང། ཆང་སྐྱུར་དང། སྤོས་དང། ཤ་སྐམས་དང། ཕན་གནོད་བསྲས་པའི་ཟས་དང། ཟས་ལྕི་བ་དང། ཟས་མི་བསོད་པ་དང། ལུས་ཟ་བར
་བྱེད་པའི་ཟས་དང་ཉིན་པར་ཉལ་བ་དང། ཉལ་པོ་རྣམས་སྤང་བར་བྱའོ། །གཞན་ཡང་སྐྲང་བར་འགྱུར་བའི་བཟའ་བཏུང་ཐམས་ཅད་སྤང་ཞིང་དོར་རོ། །གསོ་བའི་གནས་ལས་འོར་ནད་གསོ་བའི་ལེའུ་བཅུ་བདུན་པ་རྫོགས་སོ།། །།དེ་ནས་མེ་དཔལ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ
་ལ་ཐོག་མ་མེ་དཔལ་བྱུང་བ་ལ་ནི་སྨྱུང་བ་དང། རྩུབ་བཙོས་དང། ཁྲག་དབྱུང་བ་དང། སྐྱུགས་སྨན་དང། ཁྲུས་སྨན་རྣམས་བྱའོ། །ཁ་ཅིག་དུ་ནི་སྣུམ་བཙོས་བྱ་ཞེས་ཟེར་རོ། །སྐྱུགས་སྨན་ནི་པོ་སོན་ཆ་དང། དུག་མོ་ཡུངས་དང་ཤིང་མངར་སྦྱར་བ་འམ། ཡང་ན་ཏིལ་དང། ནིམྦའི་ལོ་མ་དང།
་པོ་སོན་ཆ་སྦྱར་བ་རྣམས་ཀྱི་སྐྱུགས་སྨན་བཏང་ན་མེ་དཔལ་ལ་ཕན་ནོ། །མེ་དཔལ་ནང་དུ་ཞུགས་པ་ལ་ནི་ཁྱད་པར་དུ་ཁྱི་ལྕེ་བ་དང། རྒུན་འབྲུམ་དང་འབྲས་བུ་གསུམ་མེད་དང། དེ་རྣམས་ཀྱི་ཁུ་བ་གང་ཡང་རུང་བའི་ནང་དུ་དུར་བྱིད་བཏབ་པ་འམ། ཡང་ན་འོ་མ་དང་མར་དང། དུར
་བྱིད་ཀྱི་ཕྱེ་མ་སྦྱར་བའི་བཀྲུ་སྨན་བྱའོ། །ནད་གཞི་ཆུང་སྟེ་སློན་ཁྲུས་མི་དགོས་པ་ལ་ནི། ཙན་དན་དང་ཨུཏཔ་ལ་སྦྱར་བ་འམ། ཡང་ན་གླ་སྒང་དང། ནིམྦ་དང། པ་ཏོ་ལ་དང། པུ་ཙེ་ཤེལ་གྱི་སྡེ་ཚན་དང་ལྷན་ཅིག་སྦྱར་བས་ཞི་བར་བྱའོ། །ཡང་ན་ཐལ་ཏྲེས་དང། སྐྱུ་རུ་ར་དང། པུ་ཤེལ་ཙི་དང། གླ
་སྒང་རྣམས་ལྷན་ཅིག་བསྐོལ་བའི་ཆུས་ཞི་བར་བྱའོ། །མེ་དཔལ་གྱི་ནང་སྐོམ་དང་ཆེ་བ་ལ་ནི། བྱི་ཚེར་བ་དང། པརྤ་ཏ་དང། སླེ་ཏྲེས་དང། བཅའ་སྒ་དང། དེ་རྣམས་བསྐོལ་བའི་ཁུ་བ་འམ་ཡང་ན་གྲངས་པ་བླུད་དོ། །ཡང་ན་སྐྱེར་བ་དང་པ་ཏོ་ལ་དང། པུ་ཙེ་ཤེལ་དང། སྲན་ཆུང་དང་འབྲས་བུ
་གསུམ་དང། ནིམྦ་དང་ཤིང་མངར་དང། ཁྱི་ལྕེ་བ་བསྐོལ་ཏེ་མར་དང་ལྷན་ཅིག་འཐུངས་ན་མེ་དཔལ་གྱི་སྐོམ་དང་ཆེ་བ་ལ་ཕན་ནོ། །མེ་དཔལ་གྱི་ནད་ཡན་ལག་རྣམས་སུ་ནད་ཁྲག་ཡོད་པ་ལ་ནི་ཐོག་མ་ནད་གཞི་ཇི་ལྟ་བ་བཞིན་དུ་ལྕེ་ལ་སྲིན་བུ་པདྨ་སྐུ་བ་རྣམས
་ཀྱིས་ཁྲག་དབྱུང་ངོ། །གལ་ཏེ་གཏར་ཀ་མ་བྱས་ན་ནི་ཁྲག་རྣག་ཏུ་འགྱུར་ཏེ། པགས་པ་དང་ཤ་དང་རུས་པ་རྣམས་སུ་ཞུགས་པར་འགྱུར་རོ། །སྦྱོར་བ་དེ་དག་གིས་མེ་ཞུ་བ་མེད་ཅིང་བད་ཀན་ཟ་སྟེ། མཁྲིས་པ་དང་རླུང་ཤས་ཆེ་བར་གྱུར་པ་ལ་ནི་ཏིཀྟ་ཆེན་པོའི་སྨན་མར་མཁྲིས་པའི་མཛེ
་ནད་ཀྱི་སྐབས་སུ་བཤད་པ་འམ། ཁྱི་ལྕེའི་སྨན་མར་རྣམས་བཏང་ངོ། །དེ་ལྟར་གཏར་ཀ་དང་སློན་ཁྲུས་ཀྱི་ཁོད་པའི་མེ་དཔལ་དག་སྟེ། རླུང་ལ་སོགས་པའི་ནད་གཞིའི་དབང་གིས་པགས་པ་དང་ཤ་ལ་བརྟན་པ་ལ་ནི་ཕྱི་རོལ་ནས་བྱུག་པ་བྱས་ནས་མེ་དཔལ་དེ་མ་ཐག་ཞི་བར་བྱེད་དོ།།
་དེ་ཡང་རླུང་ལས་གྱུར་པའི་མེ་དཔལ་ལ་ནི་ཤུ་ཏི་དང། གླ་སྒང་དང། བ་ར་ཧི་དང། འོད་མ་དང། ཨནྟ་ར་ག་ལ་དང། འུ་སུ་དང། ཐང་ཤིང་དང་པི་པི་ལིང་དང། ཤིག་ཏྲུ་དང། རུ་རྟ་དང། འདི་རྣམས་ཀྱི་བྱུག་པ་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པ་ལ་ན་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་ནམ།
་དེ་བཞིན་དུ་པདྨ་དང། ཨུཏཔ་ལ་དང། ཉ་ལྕིབས་དང། ཆུའི་ནང་གི་འདམ་པ་ག་དང། པདྨའི་རྩ་ལག་དང། སྲིམ་ག་ཏ་ག་དང། ཤ་ཁ་ར་དང། ཙན་དན་དང། བ་ལ་ཀ་ལ་དང། མུ་ཏིག་དང། ནོར་བུ་དང། བཙག་ཡུག་སྣམ་དང། པ་ཡསསྱ་དང། པྲ་པུཎྚ་རི་ཀ་དང། ཤིང་མངར་དང། ཤུག་པ་དང།
་མར་དང་འོ་མ་དང། དེ་རྣམས་སྦྱར་བའི་བྱུག་པ་བྱ་བ་འམ། ནྱ་གྲོ་དྷ་རྩི་བ་གཞོན་ནུ་དང། ཆུ་ཤིང་གི་སྙིང་པོ་རྣམས་མར་ལན་བརྒྱ་སྤྲུས་པའི་མར་དང་ལྡེ་གུར་བྱས་པ་འམ། ཡང་ན་པདྨའི་ཚོགས་མར་དང། སྦྱོར་བ་གོང་མ་ལྟར་བྱས་པས་བྱུག་པ་བྱའོ། །ཡང་ན་པདྨ་སྐྱེས་པའི
་འདམ་བག་གྲང་མོ་འམ། ཡང་ན་མུ་ཏིག་དང། དུར་དང་བྱུ་རུ་དང། ཉ་ཕྱིས་དང། བཙག་ཡུག་སྣམ་དང། འདི་རྣམས་གང་ཡང་རུང་བ་བཏགས་པས་བྱུག་གོ་།བད་ཀན་ལས་གྱུར་པའི་མེ་དཔལ་ལ་ནི་འབྲས་བུ་གསུམ་དང་ཤུག་པ་དང། པུ་ཤེལ་ཙི་དང། བཙོང་དང། ཀ་ར་བི་ར་དང།
་ལྡམ་བུའི་རྩ་བ་དང། ཨ་ནནྟའི་རྩ་བ་དང་འདི་རྣམས་ཀྱི་ལྡེ་གུས་བསྐུས་ན་ཕན་ནོ། །ཡང་ན་ད་བ་ལ་དང། ལོ་མ་བདུན་པ་དང། སེང་ལྡེང་དང། ཐང་ཤིང་དང། ཀུས་སྨན་ད་ཀ་དང། གླ་སྒང་དང། དོང་ཀ་འདི་རྣམས་ཀྱི་ལྡེ་གུ་འམ། ཡང་ན་བ་ནའི་སྡེ་ཚན་གྱི་ལྡེ་གུས་བསྐུའོ། །ཡང་ན་དོང་ཀའི་ལོ་མ་དང། སླེ་སྨན་ཏ
་ཀའི་ཤུན་པ་དང། ཨེནྡྲ་ནི་དང། ཀ་ཀ་ཧྭ་དང། ཤི་རི་ཤའི་མེ་ཏོག་དང། འདི་རྣམས་ཀྱི་ལྡེ་གུས་བྱུག་གོ་།གོང་དུ་སྨོས་པའི་བྱུག་པ་སྦྱོར་བ་སྨན་ཤ་པུཥཔ་ལ་སོགས་པ་དེ་དག་ཉིད་ཀྱི་སོ་སོའི་ནད་གཞི་བཞིན་དུ་བྱུགས་པ་དང། བསྐུ་བྱུག་དང། སྨན་མར་དང། ཕྱེ་མ་རྣམས་ཀྱང་དེ་ལས་བྱའོ། །གང་ཡང
་རླུང་ཤས་ཆེ་བ་ལ་ནི་སྨན་མར་ཤས་ཆེར་བཏང་ངོ། །བད་ཀན་གྱི་གནས་སུ་མེ་དཔལ་མ་ཞུ་བ་དང། བཅས་པ་ལ་ནི་དྲོ་བ་དང། རྩུབ་པ་ཆེར་སྦྱར་རོ། །མཁྲིས་པའི་གནས་སུ་ཞུགས་པ་ལ་ནི་བསིལ་བ་དང་མར་དང་ལྡན་པར་སྦྱར་རོ། །ཤིན་ཏུ་བསིལ་བག་དང་ལྡན་པའི་ཤིང་མར་དང་སྦྱར་བས་བྱུགས་ཏེ། རས་སྲབ་མོས
་ཕྱི་རོལ་ནས་དཀྲིས་ལ་དེ་ལྟར་ཡང་དང་ཡང་དུ་བརྗེ་ཞིང་ལན་མར་དུ་བྱའོ། །གལ་ཏེ་བར་བར་དུ་ཐག་ཁྱེར་ན་ནི་ནུས་པ་ཆུང་བར་འགྱུར་རོ། །ལྡན་པའི་ནད་ལ་ནི་གོང་གི་སྦྱོར་བ་གཉིས་གཉིས་བསྲེས་ཏེ་བཏང་ན་ཕན་པའི་མཆོག་ཡིན་ནོ། །མེ་དང་འདྲ་བའི་མེ་དཔལ་ལ་ནི་མར་ལན་བརྒྱ་བཅུ་དང། བཀྲུས
་པའི་ཉི་རྩེས་བསྐུ་བར་བྱའོ། །ཡང་ན་མར་གྱི་སྙིང་ཁུ་འམ། ཤིང་མངར་བསྐོལ་བའི་ཁུ་བ་འམ། ཁ་རེ་དཀར་པོ་བསྐོལ་བའི་ཆུ་འམ། པདྨ་འམ། ཨུཏཔ་ལའི་ཆུ་འམ། འོ་མ་འམ། བུ་རམ་ཤིང་བསྐོལ་བའི་ཁུ་བ་འམ། དེ་རྣམས་གང་ཡང་རུང་བ་གྲང་མོའི་རྒྱུན་བླུགས་སོ། །ཏིཀྟ་ཆེན་པོའི་སྨན་མར་ནི་མེ
་དང་འདྲ་བའི་མེ་དབལ་ལ་བཏུང་བ་དང། བྱུག་པ་བླུགས་པ་རྣམས་བྱས་ན་ཕན་པའི་མཆོག་ཡིན་ནོ། །མཛེར་པ་ལྟ་བུའི་མེ་དཔལ་ལ་ནི་ཁྲག་མཁྲིས་གསོ་བའི་བྱ་བ་ཇི་སྒང་བཤད་པ་བཞིན་དུ་གསོ་བ་ལྟར་བྱའོ། །དེ་བཞིན་དུ་བད་ཀན་དང་རླུང་འཇོམས་པའི་སྨན་དང་ཟན་དུགས་དང། བྱུག་པ་ལ་སོགས
་པ་བྱས་ན་ཕན་ནོ། །ཡང་ན་མཛེར་པ་ལྟ་བུའི་མེ་དཔལ་ཟུག་གཟེར་དང་བཅས་པ་ལ་ནི་རྩ་བ་བཅུ་པ་དང། ཏིལ་མར་བསྐོལ་བ་དྲོན་པོ་འམ་བ་གཅིན་དྲོན་པོ་འམ། ཆུ་དྲོན་པོ་གང་ཡང་རུང་བས་བླུགས་པ་བྱའོ། །ཡང་ན་ཤིག་བཀྲུ་འམ་ནཀྟ་མ་ལ་དང། ལ་ཕུག་སྐམ་པོ་དང། བ་རུ་ར་དང་དེ་རྣམས
་གང་ཡང་རུང་བའི་ཕྱེ་མ་ཆུ་དྲོན་དང་ལྡེ་གུར་བྱས་ཏེ། མཛེར་པ་ལྟ་བུའི་མེ་དཔལ་ལ་བསྐུའོ། །དནྟི་དང་ཙི་ཏྲ་ཀ་དང། ཤིང་ཚྭ་དང། ཤི་རི་ཁཎྚ་དང། ཨརྐའི་ལོ་མ་དང། བུ་རམ་དང། གོ་བྱེའི་རུས་པ་དང། ནག་ཚུར་དང། འདི་རྣམས་ལྡེ་གུར་བྱས་པས་བསྐུས་ན
་ཕྱི་རོལ་གྱི་རྡོ་ཡང་འབིགས་པར་འགྱུར་ན་བད་ཀན་ལས་གྱུར་པའི་མེ་དཔལ་མཛེར་པ་ལྟ་བུའི་ཕྱི་རོལ་པགས་པ་ལ་བརྟེན་པ་ལྟ་སྨོས་ཀྱང་ཅི་དགོས། མཛེར་པ་ལྟ་བུའི་མེ་དཔལ་ཡུན་རིང་དུ་གནས་པ་ལ་ནི་ལ་ཕུག་དང་རྒྱ་སྲན་ཁ་ལ་ཐ་དང། སའུ་འབྲུ་དང་བཅས
་པའི་ཁུ་བཅུད་སྦྱིན་ན། །རྟག་ཏུ་གྲོ་དང་ནས་ཀྱི་ཟས་བཟའ་ཨོ། །རྒུན་ཆང་དང། བུ་རམ་ཆང་དང། ཤ་ཁ་རའི་བཏུང་བ་དང། དེ་བཞིན་དུ་ཆང་གི་སྙིང་པོ་སྦྲང་རྩི་དང་སྦྱར་བའི་ནང་དུ་ཁ་ལུང་གི་ཁུ་བས་བཅུག་པ་འམ། ཡང་ན་འབྲས་བུ་གསུམ་གྱི་སྦྱོར་བ་སྦྲང་རྩི་དང་སྦྱར་བ
་འམ། ཡང་ན་པི་པི་ལིང་གི་སྦྱོར་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ཐང་ཤིང་གི་སྦྱོར་བ་དང། སླེ་ཏྲེས་ཀྱི་སྦྱོར་བ་དང། ཡང་ན་བྲག་ཞུན་གྱི་སྦྱོར་བ་འམ། ཡང་ན་གླ་སྒང་གི་སྦྱོར་བ་དང། གོ་བྱེའི་སྦྱོར་བ་འམ། ཡང་ན་སྦྲང་རྩིའི་སྦྱོར་བ་འདི་རྣམས་ཀྱི་བཏུང་བ་གང
་ཡང་རུང་བ་སྦྱར་རོ། །མཛེར་པ་ལྟ་བུའི་མེ་དཔལ་ནམ་ཚོད་ཡན་ཆད་དུ་ཞུགས་པ་ལ་ནི་མགོའི་བཀྲུ་སྨན་དང། དུད་པ་རྡུབ་པ་ལ་སོགས་པ་བྱའོ། །གཞན་ཡང་སྐྲན་གྱི་གསོ་བ་ཐམས་ཅད་ཀྱང་འདིར་སྦྱར་རོ། །གཞན་ཡང་ལྕགས་དང། གསེར་དང། ལན་ཚྭ
་དང་རྡོ་དང་དེ་རྣམས་གང་ཡང་རུང་བས་བསྲེག་གོ་།གོང་དུ་བསྟན་པའི་སྦྱོར་བ་སྣ་ཚོགས་པ་དེ་དག་གིས་མ་ཞི་སྟེ། མཛེར་པ་ལྟ་བུའི་མེ་དཔལ་རྡོ་བཞིན་དུ་སྲ་སྟེ་ཉེ་བར་མ་ཞི་ན། ཐལ་སྨན་དང། རིམ་གྱིས་མེ་དང། གསེར་གྱིས་བསྲེགས་ན་ཕན་ནོ། །མཛེར
་པ་ལྟ་བུའི་མེ་དཔལ་རྒྱུ་དེ་དག་གིས་སྨིན་པར་བྱས་པ་དང། མཚོན་གྱིས་དྲལ་ཏ་དབྱུང་བར་བྱའོ། །མེ་དཔལ་གྱིས་ཁྲག་རང་གི་གནས་ལས་ཉམས་ཏེ། འཁྲུག་པ་ལ་ནི་ཁྲག་དབྱུང་ངོ། །དེ་ལྟར་ཡང་དང་ཡང་དུ་གཏར་ཀ་བྱས་པའི་འོག་ཏུ་རླུང་དང་བད་ཀན་འཇོམས་པའི་སྨན
་བཏང?་ངོ། །བསྲེགས་པ་དང། སྨིན་པའི་དབང་བསི་རུལ་ཞིང་ཉམས་པ་ལ་ནི་ཕྱི་ནང་གཉི་ག་ནས་རྨ་གསོ་བའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །སྐྱེར་པ་དང། བི་དང་ག་དང། ཀམ་པི་ལྱ་དང་དེ་རྣམས་ཏིལ་མར་དང་སྦྱར་བས་བསྐུས་ན་རྨ་ལ་ཕན་ནོ། །བད་ཀན་དང་མཁྲིས་པ་ཤས་ཆེ་བའི་མེ
་??་ལ་ནི། དུད་བའི་རང་གི་ཁུ་བ་དང་མེར་སྦྱར་བ་ཕན་ནོ། །མེ་དཔལ་ལ་ནི་སློན་ཁྲུས་ཀྱི་ལས་ཐམས་ཅད་ཀྱང་བྱ་བར་འོས་པ་ཡིན་ལ། །བྲག་དབྱུང་བ་ཉ་ཚེ་ཡང་དེ་དང་འདྲ་བར་ལས་བྱེད་དེ། ད་ཡང་མེ་དཔལ་གྱི་ནད་དེ་ཁྲག་མཁྲིས་དང་ལྡན་ན་ནི་ཁྲག་དབྱུང་བ་ལ་མི་ལྡན་ན་ནི
་མི་དབྱུང་སྟེ། མེ་དཔལ་དེ་ཉིད་ཁྲག་ལ་བརྟེན་པ་ཡིན་པས་ལན་མང་དུ་ཁྲག་དབྱུང་བར་འོས་པ་ཡིན་ནོ། །ནད་གཞི་མང་པོ་འདུས་པའི་མེ་དཔལ་ལ་ནི་མར་ཉི་ཚེ་མི་སྦྱིན་ཏེ། གལ་ཏེ་གཏོང་ན་ཡང་བཀྲུ་སྨན་དང་སྦྱར་ལ་བཏང་ངོ། །ཅི་སྟེ་མར་ཉི་ཚེ་བྱིན་ན་ནི་ཁྲག་དེ་ཉིད་སྐ་ཞིང
་ཚོས་པར་བྱས་ཏེ་སྐྱོན་དུ་འགྱུར་རོ། །གསོ་བའི་གནས་ལས་མེ་དཔལ་གསོ་བའི་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།དེ་ནས་མཛེ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མཛེ་ནད་ཐམས་ཅད་ལ་ནི་ཐོག་མར་སྣུམ་གྱི་བཏུང་བ་ཉེ་བར་སྤྱད་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི
་མཛེ་ནད་ལ་ནི་རྩ་བ་བཅུ་པ་དང། སླེ་ཏྲེས་དང། ཨེ་རཎྚ་དང། ཤྲིཾ་ག་ཏ་དང། དེ་རྣམས་ཀྱི་ཕྱེ་མ་མར་རམ་ཏིལ་མར་གང་ཡང་རུང་བ་དང། བསྐོལ་བ་འཐུངས་ན་ཕན་ནོ། །པ་ཏོ་ལ་དང། ནིམཔ་དང། པུ་ཙེ་ཤེལ་དང། སྐྱེར་པ་དང། པ་ཏ་དང། བྱི་ཚེར་བ་དང། སྐྲ་ལོ་དང། ཁྱི་ལྕེ་བ་དང། དེ་རྣམས་སྲང
་རེ་རེ་ཆུ་སྲང་ཉིས་བརྒྱ་རྩ་བཅུ་དྲུག་དང། བསྐོལ་ཏེ་བརྒྱད་ཆ་ལུས་པའི་ནང་དུ་ཁྱི་ལྕེ་བ་དང། གླ་སྒང་དང། ཏིཀྟ་དང། དུག་མོ་ཡུངས་དང། པི་པི་ལིང་དང། ཙན་དན་དང། དེ་རྣམས་ཞོ་གཉིས་གཉིས་དང། མར་སྲང་བཅུ་གཉིས་དང། ཡང་བསྐོལ་ལ་མར་ལུས་པ་ནི་ཏིཀྟའི་སྨན་མར་ཞེས་བྱ
་ཏེ་དེ་ལས་རན་པར་འཐུང་ན་མཁྲིས་པ་དང། མཛེ་དང། མེ་དབལ་དང། འབྲུམ་བུ་ཕྲ་མོ་དང། ལུས་ཚ་བ་དང། སྐོམ་དད་ཆེ་བ་དང། མགོ་འཁོར་བ་དང། གཡའ་བ་དང། སྐྱ་རྦབ་ཀྱི་ནད་དང། འབྲས་དང། རྨ་འདྲམས་པ་དང། འབྲུམ་བུ་དང། ཁོང་འབྲས་དང། སྐྲན་དང། སྐེམ་བྱེད་ཀྱི་ནད་དང།
་སྨྱོ་བྱེད་དང། མྱོས་པ་དང། སྙིང་ནད་དང། རབ་རིབ་དང། ངོས་ཤིག་དང། ཕོ་བའི་ནད་དང། ཤ་བཀྲ་དང། མིག་སེར་དང། མཚན་བར་རྡོལ་བ་དང། བརྗེད་བྱེད་དང། བུད་མེད་ཀྱི་ཟླ་མཚན་གྱི་ནད་དང། སྦྱར་བའི་དུག་དང། གཞང་འབྲུམ་དང། ཁྲག་མཁྲིས་རྣམས་ལ
་ཕན་ཏེ། གཞན་ཡང་མཁྲིས་པ་ལས་གྱུར་པའི་ནད་ཤིན་ཏུ་གསོ་དཀའ་བ་ཡང་འབྱང་བར་བྱེད་དོ། །ལོ་མ་བདུན་པ་དང། པརྤ་ཏ་དང། དོང་ཀ་དང། པུ་ཙེ་ཤེལ་དང། ཤུ་དག་དང། འབྲས་བུ་གསུམ་དང། ཤུག་པ་དང། པ་ཐཱ་དང། སེར་པོ་རྣམ་གཉིས་དང། ཐལ་ཏྲེས་རྣམས་དང། པི་པི
་ལིང་དང། ནིམཔ་དང། ཙན་དན་དང། ཤིང་མངར་དང། བི་ཤ་ལ་དང། དུག་མོ་ཡུངས་དང། སླེ་ཏྲེས་དང། ཏིཀྟ་དང། པུ་ཤེལ་ཙི་དང། བ་ཤ་ཀ་དང། མུརྤ་དང། ཤིང་དང། པ་ཏོ་ལ་དང། བོང་ང་དཀར་པོ་དང། གླ་སྒང་དང། ཁྱི་ལྕེ་བ་དང། བྱི་ཚེར་བ་དང། དེ་རྣམས་ཀྱི་ཕྱེ་མ་དང། མར་དང། མར་གྱི་བརྒྱད
་འགྱུར་གྱི་ཆུ་དང། སྐྱུ་རུ་རའི་ཁུ་བ་མར་གྱི་ཉིས་འགྱུར་དང། འདི་རྣམས་ཚུལ་བཞིན་བསྐོལ་བའི་མར་ནི་ཏིཀྟ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། ཕན་ཡོན་གོང་མ་བས་ཀྱང་ཤས་ཆེ་བ་བཟང་བར་འདོད་དོ། །མཛེ་ནད་བད་ཀན་ལས་གྱུར་པ་ལ་ནི་ནིམྦ་དང། ལོ་མ་བདུན་པ་དང། ཙི་ཏྲ་ཀ་དང།
་རུ་རྟ་དང། ཚ་བ་གསུམ་དང། ཤིང་སཱ་ལ་བི་ལ་ལ་དང། དོང་ཀ་དང། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་བ་བླུད་དོ། །མཛེ་ནད་ཐམས་ཅད་ལ་ནི་བ་ལ་ཏའི་མར་རམ། ཡུངས་ཀར་གྱི་མར་མཆོག་ཏུ་བསྔགས་ཏེ་བླུད་པར་བྱའོ། །ཡང་ན་བི་དང་ཀ་དང། ཨ་རུ་ར་དང། གོ་བྱེ་རྣམས་ཚུལ་བཞིན
་བསྐོལ་བའི་མར་བླུད་དོ། །ཡང་ན་དོང་ཀ་རི་རྩ་བ་མར་དང་ལན་བརྒྱ་བསྐོལ་བའི་མར་བླུད་ཅིང་སེང་ལྡེང་གི་ཆུ་བསྟེན་ཏེ་འཐུངས་ན། མཛེ་ནད་ལས་མྱུར་དུ་རྒྱལ་ལོ། །གོང་དུ་བསྟན་པའི་མར་གྱི་སྦྱོར་བ་དེ་དག་གིས་བསྐུ་བྱུག་ལ་སོགས་པ་ཡང་དེས་བྱའོ། །དེ་ལྟར་སྣུམ་ཆོས་བྱས་པའི
་འོག་ཏུ་མེ་དཔལ་གྱི་ནད་ལ་སྨོས་པའི་སློན་ཁྲུས་ཀྱི་སྨན་འདིར་ཡང་སྦྱར་ཏེ་སློན་ཁྲུས་བྱའོ། །དེ་ནས་སྨན་བས་ནད་པའི་ཉམས་སྟོབས་བརྟགས་ཏེ། དཔྲལ་བ་དང་ལག་པ་དང་རྐང་པ་རྣམས་ལས་ཁྲག་དབྱུང་བར་བྱ་སྟེ། དེ་ཡང་ཇི་ལྟར་གཏར་ཀ་བྱ་ཞེ་ན། མཛེ་ནད་ཤས་ཆུང་བ་ལ་ནི
་ཞལ་ཞལ་གྱི་ཁྲག་དབྱུང་བ་དང། གཞན་ཡང་རྦ་ལ་སོགས་པས་ཇི་ལྟར་ཁྲག་དབྱུང་བ་ནི་ནད་གཞི་དང་སྦྱར་ནས་གཏར་ཀའི་ལེའུ་ལས་བལྟས་ཏེ་བྱའོ། །ཁྲག་ཕྱུང་བ་དང། སློན་ཁྲུས་བྱས་པས་ཁོང་པ་སྟོང་པ་ལ་ནི་རླུང་འཇོམས་པའི་སྨན་དང་སྦྱར་བའི་སྣུམ་རིམ་གྱིས་སྟེན་ན་ལུས་འཇིག
་པར་བྱེད་པའི་རླུང་ཞི་བར་བྱེད་དེ་མི་འཇིགས་ཤིང་སྲུང་བར་བྱེད་དོ། །པལཀྵ་དང་སླེ་ཏྲེས་དང། ནིམཔ་དང། འབྲས་བུ་གསུམ་དང། པ་ཏོ་ལ་དང། ཀཎྚ་ཀ་རི་དང། ཀ་རཉྫ་དང། འདི་རྣམས་ཆུ་དང་ཚུལ་བཞིན་བསྐོལ་བའི་ནང་དུ་སྨན་དེ་ཉིད་ཀྱི་ཕྱེ་མ་དང། མར་དང་ཡང་བསྐོལ་ཏེ་མར་ལུས་པ་ནི་རྡོ
་ཅན་ཞེས་བྱ་བའི་སྨན་མར་ཡིན་ཏེ་དེ་ལས་རན་པར་འཐུངས་ན། མེ་དཔལ་དང། རིམས་དང། མིག་སེར་དང། ཁྲག་ལུད་པ་དང། མཛེ་ནད་རྣམས་འཇོམས་སོ། །ཡང་ན་འབྲས་བུ་གསུམ་དང་ཚ་བ་གསུམ་དང། ཀཎྚ་ཀཱ་རི་རྣམ་གཉིས་དང། པུ་ཙེ་ཤེལ་དང། དུར་བྱིད་དང། དནྟ་དང། དོང་ཀ་དང། བོང་ང
་དཀར་པོ་དང། ཙི་ཏྲ་ཀ་དང། པ་ཐཱ་དང། དེ་རྣམས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པ་དང། ཤུ་དག་ཤྐི་རའི་འོ་མ་སར་པ་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་མར་ལུས་པ་ལས། རན་པར་བཏུང་བ་དང། སྣུམ་ཆོས་དང་བཀྲུ་སྨན་དུ་སྦྱར་ན། མཛེ་མ་རུངས་པ་དང། ཤ་ཟི་གུ་དང། མཆེར
་བ་ན་བ་དང། རྒྱུ་རླུགས་དང། རྡེའུ་འགགས་བ་དང། སྐྲན་དང་དེ་རྣམས་གསོ་དཀའ་བ་ཡང་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་སྦྱོར་བ་འདིས་ཞི་བར་བྱེད་དོ། །ཡང་དནྟི་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང། བསྐོལ་ཏེ་བཞི་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང
་བ་མརྒ་ཞེས་བྱ་བ་གོ་ཤཥྚ་ཀིའི་ཕྱེ་མ་སྲང་གཅིག་བཏབ་ཏེ་རན་པར་འཐུངས་ན་གོང་འོག་གཉིས་ཀར་དག་པར་འགྱུར་རོ། །ཡང་ན་ཡ་བརྟ་ཀ་ཞེས་བྱ་བ་སཱ་ཏྱ་བ་སྲང་བརྒྱ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བརྒྱ་དྲུག་ཅུ་རྩ་བཞི་ལུས་པའི་ནང་དུ་ཨ་བརྟ་ཀའི་ཕྱེ་མ་དང།
་མར་སྲང་སུམ་ཅུ་རྩ་གཉིས་དང། ཡང་བསྐོལ་ལ་མར་ལུས་པ་ལས་རན་པར་འཐུངས་ན། དེ་ཡང་ཞག་མི་བཟའ་བར་ཞག་རེས་བར་བཅད་ཅིང་ཟོས་ལ་སྨན་དེ་ཞུ་བའི་ཚོད་ཙམ་ན་ཁྲེ་རྒོད་ཀྱི་ཟས་དང། རྩ་བས་ཀྱི་རང་སྐྱུར་དང་ལྷན་ཅིག་ཟོས་ན་མཛེ་དང། ཤ་བཀྲ་དང། ཨ་བ་པི་རྣམས
་ལ་ཕན་ཏེ། གཞན་ཡང་འབྲས་ཀྱི་ཕྲེང་བ་ལས་རྒྱལ་བ་འདོད་པ་དང། བུ་མང་པོ་སྐྱེ་བར་འདོད་པ་དང། དྲན་པ་འཛིན་པར་འདོད་པ་རྣམས་ཀྱིས་ཀྱང་བསྟེན་པར་བྱའོ། །ལེ་ལི་ཀའི་བ་ས་སྦྲང་རྩི་དང། ཛཱ་ཏིའི་ཁུ་བ་དང་ལྡན་པ་འམ། ཡང་ན་མར་དང་ལི་ལི
་ཏ་ཀ་ཆ་བསྙམས་པ་འམ། ཡང་ན་སེང་ལྡེང་དང། ཨ་བ་སན་བསྐོལ་བའི་ཆུ་ཛཱ་ཏིའི་ཁུ་བ་དང་ལྡན་པར་འཐུངས་ན་མཛེ་ནད་འཇོམས་སོ། །བཟའ་བ་ནི་འབྲས་དམར་པོ་ལ་སོགས་པ་དང། ནས་དང་གྲོ་དང་ཅི་རྩེ་དང། ཁྲེ་དང་སྲན་མུངྒ་དང། སྲན་ཆུང་དང། ཏུ་བ་རི་དང་ཚོད་མ་ཁ་བ་རྣམས་དང།
་སྐམ་ས་ན་གནས་པའི་ཤ་ཁུ་འབྲས་བུ་གསུམ་དང། པ་ཏོ་ལ་དང། སེང་ལྡེང་དང། ནིམཔ་དང། གོ་བྱེ་རྣམས་སྦྱར་བ་སྦྱིན་ནོ། །བཏུང་བར་ནི་ཆང་སྨན་འཐུན་པ་དང་སྦྱར་བ་འམ། དར་བའི་ནང་དུ་སོ་མ་ར་ཛས་བཏབ་པ་བླུད་དོ། །བཟའ་བ་དང་བཏུང་བ་དེ་དག་ཀྱང་མི་སྐྱུར་བ་དང། མི་ཚ
་བ་དང་མི་རྣོ་བ་བྱིན་ན་མཛེ་ནད་ལ་ཕན་ནོ། །གཞན་དུ་ན་ཞོ་དང་འོ་མ་དང་བུ་རམ་དང་ཆུ་དང་ཐུན་མོང་དུ་གནས་པའི་ཤ་དང། ཏིལ་དང། མོན་སྲན་རྡེའུ་རྣམས་ནི་མཛེ་ན་བ་རྣམས་ཀྱིས་ཐག་རིང་དུ་སྤང་བར་བྱའོ། །པ་ཏོ་ལའི་རྩ་བ་དང་འབྲས་བུ་གསུམ་དང། བི་ཤ་ལ་དང། ལྔ་པོ་དེ
་དག་རེ་རེ་ཡང་མ་ཤ་བཅུ་དྲུག་བཅུ་དྲུག་དང། ཁྱི་ལྕེ་བ་དང་པུ་ཙེ་ཤེལ་ཞོ་ཕྱེད་ཕྱེད་དང་དོང་ཀྲ་བཞི་ཆ་དང། དེ་རྣམས་སྤྱིར་སྲང་གཅིག་ཡོད་པ་དེ་བཏགས་ལ་ཆུ་དང་ཚུལ་བཞིན་བསྐོལ་བ་འཐུངས་ན་རླུང་ལ་སོགས་པའི་ནད་གཞི་སྦྱོང་བར་བྱེད་དོ། །སྨན་དེ་ཞུ་བའི་ཚོད་ཙམ་ན་སྐམ
་ས་ལ་གནས་པའི་རི་དགས་དང། བྱ་རྣམས་ཀྱི་ཤ་ཁུ་འབྲས་རྙིང་བའི་ཆར་དང་སྦྱར་ཏེ་ཟོས་ན་མཛེ་ནད་ཐམས་ཅད་དང། སྐྲང་བ་དང་ཕོ་བའི་ནད་དང། གཅིན་སྲི་བ་དང་ཧ་ལིམ་ཀ་ཞེས་བྱ་བའི་ནད་རྣམས་ལ་ཕན་ཏེ། ཞག་དྲུག་ཏུ་སྦྱོར་བ་དེ་ལྟར་བྱས་ན་སྙིང་དང་ཆུ་སོར་ཟུག་པ་དང།
་རིམས་ཀྱིས་མི་བཟད་པ་རྣམས་ཀྱང་ཞི་བར་བྱེད་དོ། །བི་ད་བཀའ་ཨི་ནང་གི་སྙིང་པོ་དང། སྐྱུ་རུ་ར་དང་ཨ་རུ་ར་དང། དེ་དག་སྲང་རེ་རེ་དང། ན་ཏི་སྲང་གསུམ་དང། བུ་རམ་སྲང་བཅུ་གཉིས་དང། འདི་རྣམས་རི་ལུར་བྱས་ཏེ་བྱིན་ན་མཛེ་དང་ཤ་བཀྲ་དང། དབུགས་མི་བདེ་བ་དང་ལུད
་པ་དང། གཞང་འབྲུམ་དང་གཅིན་ནད་དང། མཆེར་པ་ན་བ་དང་ཐོར་བུའི་ནད་དང་ཚིགས་ཀྱི་སྟེང་ན་གནས་པའི་འབྲུམ་བུའི་ནད་དང། སྐྲན་རྣམས་འཇོམས་ཏེ་སྦྱོར་བ་འདི་ནི་གནོད་སྦྱིན་ནོར་བུ་བཟང་པོ་ཞེས་བྱ་བ་དེས་ཉན་ཐོས་ཀྱི་དགེ་སློང་གཅིག་ནད་གྱིས་སྲོག་འདོར་དུ་ཉེ་བ་དང། དེའི
་དོན་དུ་སྦྱོར་བ་འདི་བཤད་པས། རིལ་བུ་འདིའི་མིང་ཡང་ནོར་བུ་བཟང་པོ་ཞེས་གྲགས་པ་ཡིན་ནོ། །ཏིཀྟ་དང་ནིམྦ་དང་འབྲས་བུ་གསུམ་དང། ཤུག་པ་དང། བོང་ང་དཀར་པོ་དང་པི་པི་ལིང་དང། མུརྦ་དང། པ་ཏོ་ལ་དང། སེར་པོ་རྣམ་གཉིས་དང། བུ་ཙེ་ཤེལ་དང། ཨིནྡྲ་བ་རུ་ནི་དང། དུག
་མོ་ཡུངས་དང། ཤུ་དག་དང་འདི་རྣམས་ཆ་བསྙམས་པ་དང། དནྟི་དང། དེའི་ཉིས་འགྱུར་གྱི་དུར་བྱིད་དང། དེའི་ཉིས་འགྱུར་གྱི་བྲམཧ་མི་དང། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་ལྡེ་གུར་བྱས་པ་རན་པར?་ཟོས་མཛེ་དང་གཅིན་ནད་དང། རྨོངས་བག་ཏུ་འདུག་པ་རྣམས་ལ་ཕན་པའི་མཆོག
་ཡིན་ནོ། །ཡང་ན་འབྲས་བུ་གསུམ་དང། པི་པི་ལིང་དང། བི་དང་ཀ་དང། འདི་རྣམས་སྦྲང་རྩི་དང། ཏིལ་མར་དང། མར་དང་ལྡེ་གུར་བྱས་པ་འམ། ཡང་ན་ཀ་ཀོ་ཨུ་དུམ་བ་ར་དང། བི་དང་ག་དང་ནིམྦ་དང། གླ་སྒང་དང། ཚ་བ་གསུམ་དང། དེ་རྣམས་ཀྱི་ཕྱེ་མ་བྲིཀཤ་བསྐོལ་བའི་ཁུ་བའི་ནང་དུ
་བཏབ་སྟེ་འཐུངས་ན་པགས་པའི་ནད་ཐམས་ཅད་འཇོམས་སོ། །དུག་མོ་ཉུང་དང། ཙི་ཏྲ་ཀ་དང། ནིམཔ་དང་ཐང་ཤིང་དང་སེང་ལྡེང་དང། ཨ་ས་ན་དང། ལོ་མ་བདུན་པ་དང། འདི་རྣམས་བསྐོལ་བའི་ནང་དུ་མར་དང། ཨ་རུ་རའི་ཕྱེ་མ་དང། སྦྲང་རྩི་དང་ལྡན་པར་ཟོས་ན་མཛེ་ནད་འཇོམས་སོ། །སེང
་ལྡེང་དང། ནིམཔ་དང། སླེ་ཏྲེས་དང། པ་ཏོ་ལའི་རྩ་བ་དང། བྱི་ཚེར་བ་དང་འདི་རྣམས་བསྐོལ་བ་ནི་སེང་ལྡེང་ལ་སོགས་པ་སྨན་གྱི་སྦྱོར་བ་དྲུག་ཅེས་བྱ་སྟེ། ཇི་ལྟར་ལྷ་མ་ཡིན་ཁྱབ་འཇུག་གིས་བཅོམ་པ་བཞིན་དུ། མཛེ་ནད་ཐམས་ཅད་འཇོམས་སོ། །སྐྱེར་བ་དང། ནིམཔ་དང། སེང་ལྡེང་དང།
་འདི་རྣམས་ཀྱི་ཤུན་ལྤགས་བསྐོལ་བ་འཐུངས་ན་མཛེ་ནད་སེལ་ཏོ། །ཡང་ན་སྐྱེར་པ་འབྲས་བུ་གསུམ་པ་དང། ནིམཔ་དང། པ་ཏོ་ལའི་རྩ་བ་དང། པུ་ཙེ་ཤེལ་དང། ཤུ་དག་དང་བཙོད་དང་འདི་རྣམས་བསྐོལ་བ་འཐུངས་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་མཛེ་ནད་གཅོད་དེ། དམ་པའི
་ཆོས་ཡང་དག་པར་བསྟེན་པས་འཁོར་བའི་འཆིང་བ་གཅོད་པ་བཞིན་ནོ། །གོང་གིས་སྨན་དེ་དག་བ་མར་དང་བསྐོལ་བའི་མར་ནི་རླུང་ལས་གྱུར་པའི་མཛེ་ནད་སེལ་བའི་མཆོག་ཡིན་ཏེ་མྱུར་དུ་རྒྱལ་བར་བྱེད་དོ། །དེ་བཞིན་དུ་སེང་ལྡེང་དང། ནིམཔ་དང། སྐྱེར་པ་དང། སླེ་ཏྲེས
་དང། ཐང་ཤིང་དང། འདི་རྣམས་རེ་རེ་ནས་བ་མར་དང་སྦྱོར་བ་གོང་མ་ལྟར་བྱས་ན་ཕན་ནོ། །པ་ཐཱ་དང་སྐྱེར་བ་དང། ཙི་ཏྲ་ཀ་དང། དནྟི་དང། དུག་མོ་ཉུང་དང་པུ་ཙེ་ཤེལ་དང། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང། ཆུ་དྲོན་པོ་གང་ཡང་རུང་བ་ལས་ཟླ་བ་གཅིག་གི་བར་དུ་འཐུངས་ན་མཛེའི་ནད
་དང། གཞང་འབྲུམ་དང་གཅིན་གྱི་ནད་དང། སྐྲང་བ་དང། སྐྱ་རྦབ་དང། མ་ཞུ་བ་དང། སྲིན་བུའི་ནད་ལ་ཕན་ནོ། །རྒྱ་སྐྱེགས་དང། དནྟི་དང། མུརྤ་དང། འབྲས་བུ་གསུམ་དང། ཙི་ཏྲ་ཀ་དང་པ་ཐཱ་དང་བི་དང་ག་དང། ཨ་པ་མརྒ་དང་ཚ་བ་གསུམ་དང། སྐྱེར་པ་དང། ལོ་མ་བདུན་པ་དང།
་བ་ཤ་ཀ་དང་བཅོད་དང། ནིམཔ་དང། ཐང་ཤིང་དང་རྩ་བ་ལྔ་པ་ཆེ་ཆུང་དང། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བཏུང་ཞིང་ཕན་པའི་ཟས་དང་ལྷན་ཅིག་བསྟེན་ན། མཛེ་ནད་ཐམས་ཅད་འཇོམས་སོ། །སྐྱེར་པ་དང། པི་པི་ལིང་དང། དོང་གྲ་དང་བི་དང་ག
་དང་ཏོ་བ་རི་དང། ཙི་ཏྲ་ཀ་དང། ཏ་སྱ་དང། འདི་རྣམས་ཡས་ཀྱི་རིམས་བཞིན་དུ་ཆ་རེས་སྐྱེད་པའི་ཕྱེ་མ་བ་གཅིན་དང་བཅས་པ་འཐུངས་ན། མཛེ་ནད་ཤིན་ཏུ་མི་བཟད་པ་རྣམས་ཀྱང་འཇོམས་སོ། །ཚ་བ་གསུམ་དང། འབྲས་བུ་གསུམ་དང་ཏིལ་དང། གོ་བྱེ་དང། དེ་རྣམས་ཀྱི་ཕྱེ་མ་མར
་དང་སྦྲང་རྩི་དང་ཁར་དཀར་པོ་དང། སྦྱར་བའི་རི་ལུ་ནི་ཚྭ་བ་གསུམ་ལ་སོགས་པའི་ཆ་བདུན་པའི་རི་ལུ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན། མཛེ་ནད་ལས་རྒྱལ་ཞིང་བཅུད་ཀྱི་ལེན་དུ་འགྱུར་ལ། བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །སོ་མ་ར་ཛ་དང། ཙི་ཏྲ་ཀ་དང། སྐྱེར་པ་དང། བི་དང
་ག་དང། ཏུ་བ་རའི་རུས་པ་དང། གོ་བྱེ་དང་འབྲས་བུ་གསུམ་དང། དེ་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱ་སྟེ་རྟག་ཏུ་གོམས་པར་བྱས་ན་མཛེ་ནད་ཐམས་ཅད་སེལ་ཏོ། །བི་དང་ཀ་དང། གོ་བྱེ་དང། སོ་མ་ར་ཛཱ་དང། ཙི་ཏྲ་ཀ་དང། བ་ར་ཧི་དང། ཨ་རུ་ར་དང། ལཾ་ག་ལི་དང། པི་པི་ལིང
་དང། ཏིལ་ནག་པོ་དང། འདི་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ་ཟས་ན་མཛེ་ནད་འཇོམས་སོ། །སོ་མ་ར་ཛཱ་དང། བི་དང་ཀའི་སྙིང་པོ་དང། པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། སྐྱུ་རུ་ར་དང། དེ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་ལྡེ་གུར་བྱས་ཏེ་ཟོས་ན་མཛེ་ནད་གསོ་དཀའ་བ་ཡང་འཇོམས་སོ།།
་ཡང་ན་ཨ་རུ་ར་དང། གོ་བྱེ་དང་ཏིལ་མར་དང་དེ་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ་ཟོས་ན་མཛེ་ནད་ལས་རྒྱལ་བར་བྱེད་དོ། །འདིར་བུ་རམ་དང། སྨན་གྱི་ཚད་མ་སྨོས་པ་རྣམས་ནི་སྨན་སྤྱིའི་ཉིས་འགྱུར་གྱི་བུ་རམ་དང་སྦྱོར་ཅིག་ཡང་ན་གོ་བྱེ་དང། བྱི་དང་ག་དང། སོ་མ་ར་ཛཱ
་རྣམས་ཀྱི་ཕྱེ་མ་བུ་རམ་དང། རི་ལུར་བྱས་ཏེ་ཟོས་ན་ཕན་ཡོན་ཡང་དེ་དང་འདྲའོ། །ཡང་ན་བི་དང་ག་དང། སེང་ལྡེང་དང། བྲག་ཞུན་གྱི་ཕྱེ་མ་ལས་རན་པར་ཟོས་ན་འབྲུམ་བུ་ཕྲ་མོ་དང། ཤ་གཟི་གུ་དང། ཤུ་བ་རྣམས་འཇོམས་སོ། །བི་དང་ག་དང། ཙི་ཏྲ་ཀ་དང། སྐྱུ་རུ་ར་དང། ལྕགས་ཀྱི་ཕྱེ་མ་དང། པི་པི
་ལིང་དང། ཁར་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་དང་བཏགས་པའི་ལྡེ་གུ་བལྡགས་ན་མཛེ་ནད་གསོ་དཀའ་བ་ལས་རྒྱལ་བར་བྱེད་དོ། །གླ་སྒང་དང། ཚ་བ་གསུམ་དང། འབྲས་བུ་གསུམ་དང། བཙོད་དང། ཐང་ཤིང་དང། རྩ་བ་ལྔ་པ་རྣམ་གཉིས་དང། ལོ་མ་བདུན་པ་དང། ནིམཔ་དང། ཤིང་ཚྭ
་དང། བི་ཤ་ལ་དང། ཙི་ཏྲ་ཀ་དང། མུར་བ་རྣམས་བཏགས་པའི་ཕྱེ་མ་དང། སྨན་སྣ་གཅིག་གི་དགུ་འགྱུར་གྱི་ནས་ཕྱེ་དང། སྦྲང་རྩིའི་ཆ་གཅིག་དང། མཛེ་འཇོམས་པའི་སྨན་རྣམས་བསྐོལ་བའི་ཁུ་བ་དང་བསྐྱོས་ཏེ་རྟག་ཏུ་འཐུངས་ན་མཛེ་ནད་ཟློག་པར་བྱེད་དོ། །དེ་བཞིན་དུ་འོར་ནད་དང། སྐྱ
་རྦབ་ཀྱི་ནད་དང། ཤ་བཀྲ་དང། ཕོ་བའི་ནད་དང། གཞང་འབྲུམ་དང། རླིག་རླུགས་དང། མཚན་པར་རྡོལ་བ་དང། འབྲུམ་བུ་ཕྲ་མོ་དང། འབྲུམ་བུ་དང། འབྲུམ་ཆེན་གྱི་ནད་འཇོམས་སོ། །ཏུ་བར་ཞེས་བྱ་བ་ཨ་ཏ་ཀའི་རུས་པ་དང། གོ?་བྱེ་དང། སོ་མ་ར་ཛ་དང། ཙི་ཏྲ་ཀའི་རྩ་བ་དང། འདི་རྣམས་རེ་རེ་ཡང
་བཅུད་ཀྱིས་ལེན་གྱི་སྦྱོར་བ་བཞིན་དུ་སྦྱར་ཏེ་བསྟེན་པར་བྱའོ། །གོང་མའི་སྨན་གྱི་སྦྱོར་བ་གོང་དུ་བསྟན་པ་དེ་དག་གིས་ཁོང་པ་ནང་གི་མཛེ་ནད་དག་སྟེ། པགས་པའི་ཕྱི་རོལ་དུ་བྱུང་བ་ལ་ནི་སྨན་གྱི་བྱུག་པ་ཕན་ཏེ། ལུས་དྲི་མ་དང་བཅས་པ་ལ་སྨན་རྣོན་པོའི་བྱུག་པས་བསྐུས་པས་མཛེ
་ནང་ཚབ་ཆེར་ཐུ་བར་སྣང་སྟེ། མཛེ་ནད་འཁོར་ལིང་ཅན་དང་གཏིང་ཟུག་པ་དང། སྲ་བ་རྣམས་ལ་ནི་འབྲུམ་བུའི་ཐུམ་བུ་ལ་སོགས་པས་དུགས་བྱ་སྟེ། སྙི་ཞིང་མཐོན་པོར་གྱུར་བ་དང། མཚོན་གྱིས་ཞལ་ཞལ་བྱ་ཞིང་ཕྱི་སྟེ། དེའི་འོག་ཏུ་སྨན་གྱིས་བྱུག་པ་བྱའོ། །
་མཛེ་ནད་གང་ལུས་ཀྱི་དབང་པོ་རྣམས་ཉམས་ཤིང་པག་པ་མཚོན་གྱིས་ཞལ་ཞལ་བྱར་མི་རུང་བ་དེ་ལ་ནི་དང་པོ་ཁྲག་ཕྱུང་སྟེ། དེའི་འོག་ཏུ་ཐལ་སྨན་སྣོན་པོས་བསྲེག་པར་བྱའོ། །མཛེ་ནད་སྲ་བ་དང། རྩུབ་པ་དང། བེམ་བེམ་པོར་མི་ཚོར་བར་འདུག་པ་དང། ཡུན་རིང་དུ་ལོན
་བ་དང། བརྟན་པ་རྣམས་ལ་ནི་མཛེ་ནད་འཇོམས་པའི་སྨན་གྱིས་བྱུག་པ་དང་བཏུང་བར་བླུད་དོ། །དེའི་འོག་ཏུ་དུག་འཇོམས་པའི་སྨན་དང་དུག་སྔགས་ཀྱིས་བཏབ་པ་བསྲེས་ཏེ་སྦྱིན་ནོ། །མཛེ་ནད་གང་ལུས་རེངས་ཤིང་གྱོང་བ་དང། ཚོར་བག་མེད་པ་དང། རྡུལ་མི་འབྱུང་བ་དང། ཤིན་ཏུ
་གཡའ་བ་རྣམས་ལ་ནི་བ་ལང་གི་ལྕི་བ་སྐམ་པོ་དང། རྒྱ་མཚོའི་དབུ་བ་འམ། མཚོན་གང་ཡང་རུང་བས་བཞར་ཏེ། དེའི་འོག་ཏུ་སྨན་གྱིས་བྱུག་པར་བྱའོ། །གླ་སྒང་དང། འབྲས་བུ་གསུམ་དང། པོ་སོན་ཆ་དང། ཀ་རཉྫ་དང། དོང་ཀ་དང། དུག་མོ་ཡུངས་དང་ལོ་མ་བདུན་པ་དང། རུ་སྟ་དང། བྲི
་ཡང་ཀུ་དང། སྐྱེར་བ་དང། ཡུངས་ཀར་དང། འདི་རྣམས་ཚུལ་བཞིན་བསྐོལ་བ་ནི་ཡུངས་ཀར་གྱི་སྦྱོར་བ་ཞེས་བྱ་སྟེ། ལུས་བཀྲུ་བ་དང། བྱུག་པ་དང། དེས་བཞར་བ་དང། སློན་ཁྲུས་ཀྱང་བྱས་ན། པགས་པའི་ནད་དང། མཛེ་དང། སྐྲང་བ་དང། སྐྱ་རྦབ་ཀྱི་ནད་རྣམས་ཀྱང་འཇོམས་སོ། །ཀ་ར་བ་རི་དང།
་ནིམྦ་དང། དུག་མོ་ཡུངས་དང། དོང་ཀ་དང། ཙི་ཏྲ་ཀ་དང། འདི་རྣམས་ཀྱི་རྩ་བ་དང་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ། དྲིལ་དུ་བཏུབ་པ་ཙམ་ཕྱུང་སྟེ། དེའི་ལྡེ་གུས་བསྐུས་ན་མཛེ་ནད་འཇོམས་སོ། །ཀར་བི་ར་དཀར་པོའི་རྩ་བ་དང། དུག་མོ་ཉུང་དང། ཀ་རཉཟའི་འབྲས་བུ་དང། སྐྱེར་པའི་ཤུན་པ
་སུ་མ་ནའི་ལོ་མ་དང། འདི་རྣམས་ཀྱི་ཕྱེ་མ་ལྡེ་གུར་བྱས་པས་བསྐུས་ན་ཡང་མཛེ་ནད་འཇོམས་པ་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང་གྲགས་པ་ཡིན་ནོ། །ཤྲི་ཤྲིའི་ཤུན་པ་དང། རས་བལ་གྱི་མེ་ཏོག་དང། དོང་ཀའི་ལོ་མ་དང། མོན་སྲན་སྣེའུ་མི་རུའི་རྩ་བ་དང། ལོ་མར
་བཅས་པ་དང། འདི་བཞི་བཏགས་པའི་ཕྱེ་མའི་ལྡེ་གུས་བསྐུས་ན་ཕན་ནོ། །ནིབ་དང་སེར་པོ་རྣམ་གཉིས་དང། བྱེའུ་རུག་པ་དང། བ་ཏོ་ལ་དང། རུ་རྟ་དང། ཨ་ཤྭ་གནདྷ་དང། ཐང་ཞིང་དང། ཤི་ཏྲུ་དང། ཡུངས་ཀར་དངྒཡེར་མ་དང། འུ་སུ་དང། སླ་བ་ཞེས་བྱ་བ་ཀུ་ཊནྣཊ་དང། ཙནྡྲ་དང། འདི་རྣམས
་ཆ་བསྙམས་པའི་ཕྱེ་མ་དང་བ་དང་བཏགས་ཏེ། ཐོག་མར་ཏིལ་མར་གྱིས་ལུས་བྱུགས་ལ། དེ་ནས་ལྡེ་གུ་དྲིལ་བ་བྱས་ན་མཛེ་ནད་གཡའ་བ་དང། འབྲུམ་བུ་དང། འབྲུམ་བུ་ཕྲ་མོ་དང། མཛེ་དང་སྐྲང་བ་རྣམས་ཞི་བར་འགྱུར་རོ། །ཡང་ན་གླ་སྒང་དང། སྐྱེར་ཁཎྚ་སྐམ་པོ་དང། སྐྱེར་པ་དང། ནག་ཚུར
་དང། གམ་པ་ལྱ་དང། རུ་རྟ་དང། སེང་ཕྲོམ་དང། མུ་ཟི་དང། སྲ་རྩི་པོག་དང། བི་དང་ག་དང། ལྡོང་རོས་དང། བ་བླ་དང། ཀ་ར་བི་རའི་ཤུན་བ་དང། འདི་རྣམས་ཕྱེ་མར་བྱས་ལ་སྔར་ཏིལ་མར་གྱིས་སུས་བསྒུས་པའི་སྟེང་དུ་བཏབ་ན། ཤུ་བ་དང། གཡན་པ་དང། འབྲུམ་བུ་ཤྲ་མོ་དང། ཁྱི་རྡོ་དང།
་རྐང་ཤུ་ལ་སོགས་པའི་འདུས་པའི་ནད་སེལ་བར་བྱེད་དོ། །ཤྲི་ཁཎྚའི་ཤིང་གི་སྡོང་བུའི་ནང་དུ་ཡུང་ཀར་བཏགས་པ་བཅུག་སྟེ། རྫ་སླང་གི་ནང་དུ་མེ་མི་ཆེ་བ་ལ་བཙོས་ལ། དེ་ལས་ལྡེ་གུར་བྱས་པས་བསྐུས་ན་རྐང་ཤུ་སེལ་བར་བྱེད་དོ། །ཇི་ལྟར་འདོད་ཁམས་ཀྱིས་ཟིལ་གྱིས་ནོན་པ
་དག་ངོ་ཚ་སྤངས་པ་བཞིན་ནོ། །ལྡོང་རོས་དང། བ་བླ་དང། ན་ལེ་ཤམ་དང། དེ་རྣམས་ཏིལ་མར་དང། ཤིང་ཨརྐའི་འོ་མ་དང། སྦྱར་བ་བསྐུས་ན། མཛེ་འཕྲོག་པར་བྱེད་དོ། །དེ་བཞིན་དུ་ཀ་རཉྫ་དང། ཙཀྲ་བནད་དང། རུ་རྟ་དང། དེ་རྣམས་བ་གཅིན་དང་བཏགས་པ་འཐུངས་ན་ཡང་ཕན་ནོ། །ཡང་ན
་གུ་གུལ་དང། ན་ལེ་ཤམ་དང། བི་དང་ག་དང། ཡུངས་ཀར་དང། ནག་ཚུར་དང། གྲ་ཙི་པོག་དང། གླ་སྒང་དང། ཀོ་ཉོན་ཚེའི་ཐང་དང། བབ་ལ་དང། མུ་ཟི་དང། ལྡོང་རོས་དང། རུ་རྟ་དང། ཀམ་པི་ལྱ་དང། སེར་པོ་གཉིས་དང། དེ་རྣམས་ཀྱི་ཕྱེ་མ་ཙཀྲ་མར་དའི་མར་བསྲེས་པའི་ལྡེ་གུར་བྱས་ལ།
་ཐོག་མར་མཚོན་གྱིས་བཞར་ལ། དེའི་སྟེང་དུ་བསྐུས་པ་ཉི་མ་ལ་བཞག་སྟེ་འདུག་ན། མཛེ་ནད་གཏན་དུ་ཞི་བར་བྱེད་དོ། །ཡང་ན་ནེ་ལེ་ཤམ་དང། ཤིང་ཏ་ལའི་ལོ་མ་དང། རུ་རྟ་དང། ལྡོང་རོས་དང། ?་ཚུར་དང། འདི་རྣམས་ཏིལ་མར་དང་སྦྱར་བ་ཟངས་མའི་སྣོད་ལ་ཞག་བདུན་བཞག་སྟེ
་དེས་ཞག་བདུན་གྱི་བར་དུ་ཉི་མ་ཚབ་ལ་བསྐུ་ཞིང་བསྟེན་ན་ཤ་བཀྲ་འཇོམས་སོ། །ཤ་བཀྲ་སར་པ་ལ་ནི་ལུས་ཀྱི་ཕྱི་ཁྲུས་མི་བྱ་བར་སློན་ཁྲུས་བྱས་ལ་དེའི་སྦྱར་བ་གོང་མ་ཟླ་བ་གཅིག་བསྟེན་ན་ཕན་ནོ། ། པ་མརྒ་བསྲེགས་པའི་ཐལ་བ་ཆུ་ནང་དུ་བསྐྱོས་ཏེ། ལན
་བདུན་བཙགས་ལ་པྲི་ཡང་ཀུའི་མར་དང་སྦྱར་ལ་བསྐོལ་བས་ལུས་བསྐུ་བྱུག་བྱས་ན་ཤ་བཀྲ་སེལ་ཏོ། །ཀ་ཀ་ཛངཀའི་རྩ་བ་དང། ར་བལ་གྱི་འདབ་མ་དང། ལ་ཕུག་གི་ས་བོན་དང། དེ་རྣམས་དར་བ་དང་བཏགས་ཏེ་སྦྱར་བ། གཟའ་མིག་དམར་ལ་བབ་པའི་དུས་སུ་བསྐུས་ན། ཤ
་བཀྲ་སེལ་བར་གྲགས་པ་ཡིན་ནོ། །ཛི་བནྟི་དང། བཙོད་དང། སྐྱེར་པ་དང། ཀམ་པི་ལྱ་དང། སྤངས་མ་དང། དེ་རྣམས་ཆམ་ཆོམ་བརྡུངས་ཏེ་མར་དང་ཏིལ་མར་དང། མར་གྱི་བཞི་འགྱུར་གྱི་འོ་མ་དང་བསྐོལ་བའི་ནང་དུ་སྲ་རྩི་པོག་དང། པྲ་ཚིལ་བཏགས་པ་བསྐུས་ན་འབྲས་བྱེར
་བ་འཇིག་པར་འགྱུར་ཏེ། དེ་བཞིན་དུ་པགས་པ་གཅིག་པའི་མཛེ་དང། འབྲུམ་བུ་ཕྲ་མོའི་མཛེ་དང། འབྲས་མི་འབྱོར་པ་རྣམས་ཀྱང་ཞི་བར་བྱེད་དོ། །ལོ་མ་བདུན་པའི་རྩ་བ་དང། ཤྲི་ཤྲིའི་ཤུན་ལྤགས་དང། ཨ་ཤྭ་མ་ར་དང། ཨ་ར་ཀ་དང། སུ་མ་ན་དང། ཙི་ཏྲ་ཀ་དང། ཐལ
་ཏྲེས་དང། བིམྦ་དང། འདི་རྣམས་ཀྱི་ཤུན་ལྤགས་དང། ཀ་རཉྫའི་འབྲུ་དང། ཡུངས་ཀར་དང། ཙཀྲ་མར་ད་དང། འབྲས་བུ་གསུམ་དང། བི་དང་ག་དང། ཚ་བ་གསུམ་དང། སེར་པོ་རྣམ་གཉིས་དང། འདི་རྣམས་ཕྱེ་མར་བྱས་ལ་ཏིལ་མར་དང། དེའི་བཞི་འགྱུར་གྱི་བ་གཅིན་དང
་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ནི་རྡོ་རྗེ་ཅན་ཞེས་བྱ་བ་རྡོ་རྗེ་དང་མཉམ་པའི་ལྡེ་གུ་ཡིན་ཏེ། དེ་བས་ན་བསྐུ་བྱུག་བྱས་ན། པགས་པའི་ནད་ཐམས་ཅད་དང། རྨ་འདྲམས་པ་དང། རླུང་དང་བད་ཀན་ལས་གྱུར་པའི་མཛེ་ནད་སེལ་ཏོ། །ེ་རཎྚ་དང། སྐྱེར་ཁཎྚ་དང། ག
་པུར་དང། ཤིང་ནིམྦ་དང། ཀ་ཏམ་པ་དང། ག་བྲའི་རྩ་བ་དང། ཀམ་པི་ལྱ་དང། བི་དང་ག་དང། ཨིནྡྲ་བ་རུ་ནི་དང། ནིརྒུནྠི་དང། གོ་བྱ་དང། ཐང་ཤིང་དང། ཁོམ་བུ་དང། ཤིང་ཀོ་ཉོན་ཙེའི་ཐང་ཆུ་དང་གུ་གུལ་དང། ལྡོང་རོས་དང། ལན་ཚ་དང། ཤིང་ཏ་ལ་དང། བཅའ་སྒ་དང། འདི
་རྣམས་བཏགས་པའི་ཕྱེ་མ་དང། ཏིལ་མར་བསྐོལ་བའི་ནང་དུ་སྣུམ་ཧ་ཀྵི་ར་ཞེས་བྱ་བ་ཤྲི་རི་ཁཎྜའི་འོ་མ་དང། ཨ་ར་ཀའི་འོ་མ་དང་ཆ་མཉམ་པ་དང་ལྷན་ཅིག་ལྡེ་གུར་བྱས་པ་ནི། རྡོ་རྗེ་ཆེན་པོའི་ལྡེ་གུ་ཞེས་བྱ་སྟེ། དེས་བསྐུས་ན་ཕན་ཡོན་རྡོ་རྗེ་ཅན་དང་འདྲ་སྟེ། ལྷག་པར་ཡང་འདིས་ནི
་ཤ་བཀྲ་དང། འབྲས་ཀྱི་ཕྲེང་བ་དང། གཞང་འབྲུམ་རྣམས་འཇོམས་སོ། །རུ་རྟ་དང། ཨ་ཤྭ་མ་ར་ཞེས་བྱ་བ་ཏེ་ཛོ་བ་ཏི་དང། སུ་དཀྵི་ར་དང། རྒྱ་ཚ་དང། འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དང་ཏིལ་མར་དང་སྦྱར་བའི་ནང་དུ་ཅུང་ཞིག་བཏབ་སྟེ་འཐུངས་ན་མཛེ་ནད་ལས་རྒྱལ་བའི
་མཆོག་ཡིན་ནོ། །ཡུངས་ཀར་གྱི་མར་པྲ་ཚིལ་དང། ཤཀྟརུ?་དང། གུ་གུལ་དང། སྤངས་མ་དང། སྐྱེར་ཁཎྚ་དང། འདི་རྣམས་བསྐོལ་བའི་མར་གྱིས་བསྐུས་ན་མཆན་ཁུང་གི་ནད་དང། རྐང་ཤུ་རྣམས་མྱུར་དུ་ཟློག་པར་བྱེད་དོ། །རྒྱ་སྐྱེགས་དང། ཚ་བ་གསུམ་དང། ཙ་ཀྲ་མརྟ་དང། ཀོ་ཉོན་ཙེའི་ཐང
་ཆུ་དང། རུ་རྟ་དང། ཡུངས་ཀར་དང། ལ་ཕུག་གི་ས་བོན་དང། སེར་པོ་རྣམ་གཉིས་དང། འདི་རྣམས་ཀྱི་ཕྱེ་མ་དང་དར་བ་དང་སྦྱར་བའི་ལྡེ་གུ་བསྐུས་ན། ཤུ་བ་ཐམས་ཅད་ལ་ཕན་ནོ། །ཞེས་དྲང་སྲོང་རྣམས་ཀྱིས་གསུངས་སོ། །ཙ་ཏྲ་ཀ་དང། ཤི་ཀྲུ་དང། སྦྱར་བ་འམ། ཡང་ན་སླེ་ཏྲེས་དང། ཨ་པ
་མརྒ་དང། ཐང་ཤིང་ཞོ་ག་ཆུ་དང་སྦྱར་བ་འམ། ཡང་ན་སེང་ལྡེང་དང། ཤིང་དྷ་བ་འམ། ཡང་ན་དནྟི་དང། དྲ་བནྟི་འམ། ཡང་ན་རྒྱ་སྐྱེགས་དང། སྐྱེར་ཁཎྚ་འམ། ཡང་ན་སུག་སྨེལ་དང། པུ་ནན?་བ་འམ། སྦྱོར་བ་དྲུག་པོ་དེ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་ཞོ་ག་ཆུ་དང་སྦྱར་བ་བསྐུས་ན།
་རླུང་དང་བད་ཀན་ལས་གྱུར་པའི་མཛེ་ནད་སེལ་ཏོ། །ཛ་ལ་ཞེས་བྱ་བ་བཱ་ལུ་ཀ་དང། བྷ་བྱ་ཞེས་བྱ་བ་རུ་རྟ་དང། ནཱ་ག་གེ་སར་དང། གནདྷ་པ་ཏྲ་དང། ཙན་དན་དང། ཨུ་ཤི་ར་དང། དེ་རྣམས་གོང་མའི་ཆ་རེས་བསྐྱེད་པའི་ཕྱེ་མ་ལྡེ་གུར་བྱས་ཏེ་བསྐུས་ན། བད་ཀན་དང། མཁྲིས་པ་ལས་གྱུར་པའི
་མཛེ་ནད་སེལ་ཏོ། །མཛེ་ནད་ལུས་ཚ་བ་དང་བཅས་པ་ལ་ནི། གོང་དུ་སྨོས་པའི་ཏིཀྟའི་སྨན་མར་དང། མར་ལན་བརྒྱ་བཀྲུས་པ་དང། ཏིལ་མར་ཙན་དན་དང། ཤིན་མངར་དང་པྲ་པུཎྚ་རཱི་ག་དང། ཨུཏཔ་ལ་དང། ཚུལ་བཞིན་བསྐོལ་བ་འམ། འདི་རྣམས་གང་ཡང་རུང་བས་བསྐུས་ན་ཕན་ནོ། །
་གང་གིས་ལུས་འདྲུལ་ཞིང་ཡན་ལག་ཆད་པ་དང། ལུས་ཚ་བ་དང། འབྲུམ་བུ་བྱུང་བ་དང་བགས་པ་མྱགས་པ་དང་བཅས་པ་ལ་ནི་བསིལ་བའི་བྱུག་པ་དང། བླུགས་པ་དང། གཏར་ཀ་དང། བཀྲུ་སྨན་དང་ཏིཀྟའི་སྨན་མར་རྣམས་བྱིན་ན་ཕན་ནོ། །སེང་ལྡེང་དང།
་བ་ཤ་ཀ་དང། ནིམྦ་དང། དུག་མོ་ཉུང་དང། འབྲས་བུ་གསུམ་དང། བི་དང་ག་དང། སླེ་ཏྲེས་དང། འདི་རྣམས་བ་གཅིན་དང་སྦྱར་བས་ནང་དང་ཕྱི་རོལ་ནས་བཏུང་བ་དང། བླུགས་པ་ལ་སོགས་པ་བྱས་ན། སྲིན་བུ་ལས་གྱུར་པའི་མཛེ་ནད་འཇོམས་སོ། །དེ་ལ་རླུང་ཤས་ཆེ་བའི་མཛེ་ནད
་ལ་ནི་ཐོག་མར་སྨན་མར་བྱའོ། །བད་ཀན་ལས་གྱུར་བའི་མཛེ་ནད་ལ་ནི་ཐོག་མར་སྐྱུགས་སྨན་བཏང་ངོ། །མཁྲིས་པ་ལས་གྱུར་པ་ལ་ནི། དང་པོ་གཏར་གས་ཁྲག་དབྱུང་བ་དང་བཀྲུ་སྨན་རྣམས་བྱའོ། །དེ་ལ་མཛེ་ནད་ཐམས་ཅད་ལ་ཁྲག་གི་ཉེས་པ་མེད་ཅིང། སློན་ཁྲུས་ཀྱིས
་ཁོང་དག་ན་ནི། གོང་དུ་སྨོས་པའི་སྐུ་བྱུག་ལ་སོག་པའི་སྨན་བྱས་ན། དེ་མ་ཐག་པར་ཕན་པར་འགྱུར་གྱི་ཁྲག་གི་ཉེས་པ་དང་བཅས་ཤིང་ཁོང་མ་དག་ན་ནི་དེ་ལྟར་མ་ཡིན་ནོ། །དེ་ལྟར་ཁྲག་གི་ཉེས་པ་ཡང་མེད། ཁོང་པ་ཡང་དག་པར་བྱས་གོང་དུ་སྨོས་པའི་སྣུམ་ལ་སོགས
་པའི་སྨན་དུས་དང་མཐུན་པར་སྦྱར་ན། མཛེ་ནད་ཐམས་ཅད་ངེས་པར་ཟློག་ཏེ་གསོ་སླའོ། །དེ་ལ་ནད་གཞི་མང་པོ་འདུས་པའི་མཛེ་ཚབས་ཆེ་བ་ལ་ནི་སློན་ཁྲུས་ལ་སོགས་པས་ཁོང་པ་ཡང་དང་ཡང་དུ་སྦྱང་བར་བྱའོ། །དེ་ལྟར་སྦྱང་བ་བྱས་བས་ནད་པ་ཉམས་སྟོབས་ཆུང
་ཞིང་རླུང་གིས་ཉམས་ཐག་པར་གྱུར་ན། སྲོག་མྱུར་དུ་འཇིག་པར་འགྱུར་བས་དེ་བས་ན་སྨན་པས་སྲོག་བསྲུང་བ་ལ་འབད་དོ། །དེ་ལྟར་གསོ་བ་ཐམས་ཅད་ཀྱི་མཛེ་ནད་གསོས་པར་གྱུར་ཏེ། ཕྱིས་མི་འབྱུང་བར་བྱ་བའི་ཕྱིར་ལུས་ཀྱི་རོ་སྟོད་དག་པའི་ཆེད་དུ་ཟླ་བ་ཕྱེད་ཕྱེད་ཅིང
་གློ་སྨན་བྱའོ། །ལུས་ཀྱི་རྨ་དག་པར་བྱ་བའི་ཕྱིར་ཟླ་བ་རེ་རེ་ཞིང་བཀྲུ་སྨན་བྱའོ། །མགོ་བོ་དག་པར་བྱ་བའི་ཕྱིར་ཞག་གསུམ་གསུམ་ཞིང་མགོ་བོའི་བཀྲུ་སྨན་བྱའོ། །དེ་བཞིན་དུ་ཟླ་བ་དྲུག་ཅིང་གཏར་ཀ་བྱ་སྟེ་ཁྲག་དབྱུང་བར་བྱའོ། །གལ་ཏེ་མཛེ་ནད་ལས་སློན་ཁྲུས་མ
་ལེགས་ཤིང་ཁོང་དག་པར་མ་གྱུར་ན། ཕྱིར་ནད་གཞི་ཆེར་འཁྲུགས་ཏེ། ནད་སླར་སྐྱེ་ཞིང་གསོར་མི་རུང་བར་འགྱུར་བས་དེ་བས་ན་མཛེའི་ནད་གཞི་མ་ལུས་པར་རྩད་བཅད་ཅིང་དྲུངས་དབྱུང་བར་བྱའོ། །གསོ་བའི་གནད་ལས་མཛེ་ནད་གསོ་བའི་ལེའུ་བཅུ་དགུ་པ་རྫོགས་སོ།། །།
་དེ་ནས་ཤ་བཀྲ་དང་སྲིན་བུའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཤ་བཀྲའི་ནད་ནི་མཛེ་ནད་པས་ཀྱང་ཤིན་ཏུ་སྨད་པ་ཡིན་ནོ། །དེ་བས་ན་མྱུར་དུ་གསོ་བའི་ཆོ་ག་འབད་དམ་བྱས་ན་གསོར་མི་རུང་བར་འགྱུར་ཏེ་མེ་ཉུང་དུ་བས་འབར་བས་ཁྱིམ་ཚིག་པ་དང་འདྲའོ། །དེ་བས་ན་ཁྱད
་པར་དུ་ལུས་ཀྱི་ཤ་བཀྲ་ལ་ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པར་བྱའོ། །ཤ་བཀྲ་ལ་ནི་ཤྲི་ཁཎྜ་དང། སོ་མ་ར་ཛ་བསྐོལ་བའི་ཁུ་བ་འམ། ཡང་ན་རང་གི་ཁུ་བ་བུ་རམ་དང་བཅས་པ་བླུད་ནས། དེའི་འོག་ཏུ་ཉམས་སྟོབས་ཇི་ལྟ་བ་བཞིན་དུ་བསྐུ་བྱུག་བྱ་ལ། ཉི་མ་ལ་ཇི་སྲིད་བཟོད་ཀྱི
་བ་རྡུ་བཞག་པར་བྱའོ། །སྦྱོར་བ་དེ་དག་ཞག་གསུམ་གྱི་བར་དུ་བསྟེན་ལ། སྐོམ་དང་སྐྱེས་པར་གྱུར་ན་ཐུག་པ་བླུད་དོ། །དེ་ལྟར་ཉི་མ་ལ་ཞག་གསུམ་བཞག་པས་ཆུ་སྐྱེས་པ་ལ་ནི་ཚོར་མས་བརྟོལ་ལ་གཟག་བར་བྱའོ། །དེ་ནས་སོ་མ་ར་ཛ་དང། ཨ་ས་ན་དང། པྲི་ཡང་ཀུ་དང། སུ་ཏི་དང། འདི་རྣམས
་ཆོ་ག་བཞིན་ནང་རེ་ནང་རེ་བཞིན་ཟླ་བ་ཕྱེད་ཀྱི་བར་དུ་བཏང་ངོ། །ཡང་རྒྱ་སྐྱེགས་ཤིང་གི་ཁུ་བ་དང། ཧྭགས་དང་སྦྱོར་བའི་ཆུ་གོང་མ་ལྟར་ཉམས་སྟོབས་དང་སྦྱར་ཏེ་བཏང་ངོ། །ཤིང་པལ་གུ་དང་སྐྱུ་རུ་རའི་ཤིང་དང་དུག་མོ་ཉུང་གི་ཤིང་གི་ཤུན་པ་བཏགས་པ་སོ་མ་ར་ཛའི་ཁུ་བའི་ནང་དུ་བཏབ
་པ་འཐུངས་པ་དང། ལུས་དྲོ་བར་འགྱུར་ཏེ་ཆུ་བུར་བྱུང་ན་ཚ་བ་མེད་པའི་ཟས་དར་བ་དང་ལྷན་ཅིག་བཟའ་ཨོ། །ཡང་ན་བ་གཅིན་གྱི་ནང་དུ་ཙི་ཏྲ་ཀ་དང། ཚ་བ་གསུམ་གྱི་ཕྱེ་མ་དང་སྦྲང་རྩི་དང་སྦྱར་བ་སྣོད་སྣུམ་ཅན་གྱི་ནད་དུ་ཟླ་བ་ཕྱེད་ཀྱི་བར་དུ་བཞག་ལ་དེ་ལས་རན་པར་བཏུང་ངོ།།
་གཞན་ཡང་བཏུང་བ་ལ་སོགས་པའི་བྱ་བ་ཐམས་ཅད་མཛེ་ནད་ཀྱི་ཆོ་ག་ལྟར་བྱའོ། །ཡང་ན་བྲི་ག་ར་ཛ་ཏིལ་མར་དང་བརྡོས་ཏེ། ལྕགས་སྣོད་ཀྱི་ནང་དུ་བཅུག་པ་བཟའ་ཞིང་ཨ་ས་ནའི་ས་བོན་འོ་མ་དང་བསྐོལ་བ་འཐུངས་ན་ཤ་བཀྲ་འཇོམས་སོ། །ཡང་ན་བྷུ་དྷི་ཀ་རཉྫ་དང།
་དོང་ཀ་དང་ཨརྐ་དང། ཤྲི་ཁཎྚའི་ཤིང་དང། ཛཱ་ཏི་དང། དེ་རྣམས་ཀྱི་ཤུན་པ་བཏགས་པ་བ་གཅིན་དང་སྦྱར་བའི་ལྡེ་གུས་བསྐུས་ན། ཤ་བཀྲ་དང་གཞང་འབྲུམ་དང། ཤུ་བ་དང། གཡན་པ་དང། འབྲུམ་བུ་དང། རྨ་འདྲམས་པ་རྣམས་འཇོམས་སོ། །ཡང་ན་ཙི་ཏྲ་ཀ་དང།
་གླང་པོ་ཆེའི་པགས་པ་བསྲེགས་པའི་ཐལ་བ་ཏིལ་མར་དང་སྦྱར་བས་བསྐུས་ན་ཤ་བཀྲ་སེལ་བའི་མཆོག་ཡིན་ནོ། །ཡང་ན་སྦུར་བ་ནག་པོའི་སྣ་དང་དོང་ཀའི་འོ་མ་དང། ལྡེ་གུར་བྱས་ཏེ་བསྐུས་ན། དེ་གཅིག་པུས་ཀྱང་ཤ་བཀྲ་འཇིག་པར་བྱེད་དོ། །ཆུ་བུར་ཕྱིར་དབྱུང་བའི་ཕྱིར
་བ་གཅིན་དང་ནུབ་གཅིག་སྤངས་ཏེ་གྲིབ་མ་ལ་བསྐམས་ལ་དེ་བཞིན་དུ་ལན་གསུམ་བྱས་ལ། དེའི་འོག་ཏུ་ཞིབ་ཏུ་བཏགས་ཏེ་ཤྲི་ཁཎྚའི་འོ་མ་དང་སྦྱར་བས་བསྐུས་ན་ཤ་བཀྲ་འཇོམས་སོ། །སྦྲུལ་ནག་པོའི་ཤ་ཛའུ་ཁ་སྦྱར་གྱི་ནང་དུ་དུད་པ་མ་ཤོར་བར་བསྲེགས་ཏེ། སྣག
་ཚ་འདྲ་བར་སོང་བའི་ཐལ་བ་བ་རུ་རའི་མར་དང་སྦྱར་བས་བསྐུས་ན་ཡང་ཤ་བཀྲ་འཇོམས་སོ། །དེ་བཞིན་དུ་རྨ་བྱའི་མཁྲིས་པ་ཉི་ཚེ་འམ། ཡང་ན་བ་བླ་ཀ་བསྲེགས་པའི་ཐལ་ཨ་རྨ་བྱའི་མཁྲིས་པ་དང་བསྲེས་པས་བསྐུས་ན་ཤ་བཀྲ་སེལ་ཏོ། །སོ་མ་ར་ཛ་སྲང་བཞི་དང།
་བ་བླ་སྲང་གཅིག་བཏགས་པ་བ་གཅིན་དང་སྦྱར་བ་བསྐུས་ན་ཡང་ཤ་བཀྲའི་མདོག་བསྒྱུར་ཅིང་པགས་པའི་མདོག་ཐ་མལ་པར་བསྐྱེད་པའི་མཆོག་ཡིན་ནོ། །གླང་པོ་ཆེའི་རྟུག་པ་ལེགས་པར་བསྲེགས་ཏེ་ཐལ་བར་གྱུར་པ་དང་གླང་པོ་ཆེའི་གཅིན་དང་བསྐྱོས་ཏེ
་བཙགས་པ་སྲང་བརྒྱ་རྩ་བཅུ་གཉིས་དང། དེའི་བཅུ་ཆ་གཅིག་གི་སོ་མར་ཛའི་ཕྱེ་མ་བཏབ་སྟེ་བསྐོལ་ལ་སྐ་བར་གྱུར་པ་དང། ཤ་བཀྲའི་པགས་པའི་ཕྱི་རོལ་བཞར་བའི་སྟེང་དུ་བསྐུས་ན་ཤ་བཀྲ་འཇོམས་སོ། །མདོར་ན་མཛེ་དང་པགས་པའི་མདོག་ནག
་པོ་སྣག་ཚ་འདྲ་བ་དང། ཐིག་ལེ་ལྟ་བུ་ཆགས་པ་དང། རྨའི་ཤ་རྙིང་པ་ཕྱིར་འབུར་བ་དང། དེ་རྣམས་ལ་ཐོག་མར་བཞར་ལ་དེའི་འོག་ཏུ་བསྐུ་བྱུག་བྱས་ན་ཤ་བཀྲ་ལ་སོགས་པ་འཇོམས་སོ། །གོ་བྱེ་དང། ཙི་ཏྲ། །དང། ཤིང་སུ་དཀྵི་ར་དང། ཨརྐའི་རྩ་བ་དང། འོལ
་མ་སཾ?་དང། ཚ་བ་གསུམ་དང། དུང་དང། སྤངས་མ་དང། ལན་ཚྭ་རྣམ་ལྔ་དང། ཐལ་བ་རྣམ་གཉིས་དང། ལང་ག་ལི་དང། འདི་རྣམས་བཏགས་པའི་ཕྱེ་མ་སུ་དཀྵི་ར་དང། ཨརྐའི་འོ་མ་དང་བསྐོལ་ཏེ་སྐ་བར་གྱུར་བ་དང། ལྕགས་སྣོད་ཀྱི་ནང་དུ་བཅུག་སྟེ། དེ་ལས་ཐུར་མ་དང་བསྐུས
་ན་མཛེ་དང། ཤ་བཀྲ་དང། སྨེ་བ་དང། པགས་པའི་མདོག་སྣག་ཚ་འདྲ་བར་གྱུར་བ་དང། གཞང་འབྲུམ་དང། པག་པའི་ཤ་མཛེར་དང། འདི་རྣམས་འཇོམས་པར་བྱེད་དོ། །མདོར་ན་ཤ་བཀྲ་ཡོད་པའི་ནད་པ་ལ་ནི་སློན་ཁྲུས་ཀྱིས་ལུས་དག་པར་བྱ་བ་དང། གཏར་གས་ཁྲག་དབྱུང་བ
་དང། །བ་བ་དང། བསྐ་བའི་ཟས་ཀྱིས་ལུས་རྩུབ་པ་དང། ཕྱེའི་ཟས་རྣམས་བསྟེན་ཏོ། །གལ་ཏེ་དེ་དག་སྡིག་པ་ཟས་པ་ལྟ་ན་སོས་པ་སྲིད་ཀྱི་དེ་ལྟ་མ་ཡིན་ན་ནི་གསོ་དཀའ་ཨོ། །དེ་ནས་སྲིན་བུ་གསོ་བ་བཤད་དོ། དེ་ལ་ཁོང་པའི་སྲིན་བུ་བད་ཀན་ལས་གྱུར་པ་ལ་ནི་ཐོག་མར་སྣུམ་བཙོས་དང
་དུགས་བྱས་ལ། བུ་རམ་དང་འོ་མ་དང་སྦྱར་བ་བཏུང་བ་འམ། ཡང་ན་ཉ་ཤ་ལ་སོགས་པ་བཟའ་སྟེ། ནུབ་མོ་བདེ་བར་བསྙལ་ལ་སྲིན་བུ་ཀུན་རང་གི་གནས་ལས་བྱུང་བས། ཟས་མངར་བག་ཅན་ལ་འདུ་བར་འགྱུར་རོ། །དེའི་འོག་ཏུ་བྱིའུ་རུག་པའི་སྡེ་ཚན་བ་གཅིན་དང་ཆུ་དང་བསྐོལ
་བ་དེའི་ནང་དུ་པི་པི་ལིང་དང། བོ་སོན་ཆ་དང། བི་དང་ག་དང། པྲ་རྩི་ཀའི་ཐལ་བ་དང། འདི་རྣམས་ཕྱེ་མར་བྱས་ལ་ཏིལ་མར་དང་སྦྱར་ནས་བཀྲུ་སྨན་དྲག་པོ་མས་བཏང་བར་བྱའོ། །དེ་ལྟར་ནི་རུ་ཧ་མས་བཏང་བའི་རྫས་ལས་བཀྲུ་སྨན་བཏང་བར་བྱ་སྟེ། ཏྲ་བི་ཏི་དང། པོ་སོན་ཆ་དང། པི་པི
་ལིང་དང། འདི་གསུམ་གྱི་ཕྱེ་མ་བྱིའུ་རུག་པའི་སྡེ་ཚན་བསྐོལ་བའི་ནང་དུ་བཏབ་ལ་བླུད་དོ། །ཁོར་བའི་ནང་དག་པར་བྱའོ། །དེ་ལྟར་སློན་ཁྲུས་བྱས་པའི་རྗེས་ལ་ཚ་བ་ལྔ་བཏབ་པའི་འབྲས་ཐུག་སྦྱིན་པར་བྱའོ། །དེ་ནས་སྨན་ཚ་བ་དང། བ་བ་བསྐལ་བའི་ཆུས་ལུས་ལ་བླུགས་པར་བྱའོ།།
་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ནས། བི་དང་ཀའི་མར་གྱི་འཇམ་རྩི་མས་བཏང་བར་བྱའོ། །མགོ་བོའི་སྲིན་བུ་ལ་ནི་མགོ་ཁྲུས་ཀྱི་སྨན་དུ་བཤད་པ་བཏང་བར་བྱའོ། །བཟའ་བ་ནི་ཤིན་ཏུ་ཚ་བ་དང། ཁ་བ་དང་སྣུམ་ཅུང་ཟད་དང་བཅས་པ་སྦྱིན་ནོ། །དེ་ནས་དར་བ་ལས་གཞི་བླངས་པའི
་ཐུག་པའི་སྟེང་དུ། བི་དང་ག་དང། པི་པི་ལིང་དང། ན་ལེ་ཤམ་དང། པི་པི་ལིང་གི་རྩ་བ་དང། ན་ལེ་ཤམ་དཀར་པོ་དང། སྲ་ཙི་ཀའི་ཐལ་བ་རྣམས་ཀྱི་ཕྱེ་མས་བཏབ་པ་བླུད་པར་བྱའོ། །ཡང་ན་ཤྲིཾ་ཤ་ཀ་དང། ཀི་ནི་ཧི་དང། པ་རི་པྲ་ཏ་ཀ་དང། ཀེ་བྷུ་ཀ་དང།
་བ་ལ་ཤ་རི་ས་བོན་དང། མརྫུ་ར་དང། པུ་ཏི་ཀ་དང། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་བྱེའུ་རུག་པའི་སྡེ་ཚན་ལས་སྨན་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་བའི་སྡེ་གུ་ལྡག་པར་བྱའོ། །ཡང་ན་བྱེའུ་རུག་པའི་སྡེ་ཚན་དང། ཏྲི
་བི་རྩའི་ཕྱེ་མ་དང་བི་དང་ག་དང་ཆུ་དང་བསྐོལ་བའི་ནང་དུ་བཏབ་པ་བླུད་དོ། །སྲིན་བུ་ཅན་ལ་གོང་གི་སྡེ་ཚན་གྱི་སྨན་དང། ཏྲི་བི་རྩའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བལྡག་པ་འམ། ཡང་ན་འབྲས་བུ་གསུམ་གྱི་ཁུ་བའི་ནང་དུ་བྱེའུ་རུག་པའི་སྡེ་ཚན་དང། ཏྲི་བི་ཏ་བཏགས་པའི
་ཕྱེ་མས་བཏབ་པ་བླུད་དོ། །མགོ་བོའི་སྲིན་བུ་ལ་ནི་རྟ་རྟུག་བཙིར་བའི་ཁུ་བ་དང། བྱེའུ་རུག་པའི་སྡེ་ཚན་ལས་སྨན་གང་ཡང་རུང་བ་དང། ཏྲི་བི་ཏའི་ཕྱེ་མས་བཏབ་པའི་ལྡེ་གུས་བསྐུ་བར་བྱའོ། །གཞན་ཡང་སྲིན་བུའི་ནང་ཀུན་ལ་དྲ་བནྟིའི་གེ་སར་ལེགས་པར་བཏགས
་ལ་བག་ཕྱེ་དང་བསྲེས་ལ་བཙོས་པའི་སྣུམ་ཁུར་བཟའ་བར་བྱའོ། །དེ་ནས་འབྲས་ཀྱི་སྐྱུར་པོ་འམ་ཚྭ་བླུད་དོ། །ཡང་ན་ཚ་བ་ལྔ་དང། ལན་ཚྭ་བཏབ་པའི་དར་བ་མིང་སླ་ཙམ་སྦྱིན་ནོ། །ཡང་ན་སྨན་ཨ་བ་མརྒ་དང། ནི་རྒུན་ཐའི་ལོ་མ་བཏགས་ལ་བག་ཕྱེ་དང་བསྲེས་ལ
་བཙོས་པའི་སྣུམ་ཁུར་བཟའ་ཨོ། །བཏུང་བ་ནི་གོང་མ་དང་འདྲ་ཡང་ན་བི་དང་ཀའི་ཕྱེ་མ་དང། བག་ཕྱེ་བསྲེས་པའི་སྣུམ་ཁུར་བཟའ་ཨོ། །ཡང་ན་བི་དང་ག་ཤུན་པ་བོར་བའི་ནང་གི་འབྲུ་བཏགས་ལ། བ་ལ་ཀའི་མར་དང་ཆ་བསྙམས་ཏེ་བསྲེས་ལ་ཕྱེད་ནི་ཁ་ནས་བཏུང། ཕྱེད
་འཇམ་རྩི་ཐབས་སུ་མས་བཏང་ལ་ཉི་མ་ཚ་བ་ལ་འདེར་གཞུག་གོ་།ཡང་ན་སར་ལ་དང། ཐང་ཤིང་གི་མར་ཆ་བསྙམས་ལ་བསྲེགས་ཏེ་གོང་མའི་ཆོ་ག་བཞིན་བྱའོ། །བཤད་པ་འམ་མི་གཅིང་བའི་ནང་དུ་སྐྱེས་པའི་སྲིན་བུ་ལ་ནི་ཁྲུས་དང་འཇམ་རྩི་བཏང་བ་ལ་འདར་བ
་བ་མེད་དོ། །ངེས་པར་བཏང་བར་བྱའོ། །བད་ཀན་ལས་གྱུར་པའི་སྲིན་བུ་ལ་ནི་མགོ་བཀྲུས་པའི་སྨན་དང་སྨོན་དང་ཁོང་དུ་ཞི་བའི་སྨན་བཏང་ངོ། །ཁྲག་ལས་གྱུར་པའི་སྲིན་བུ་ལ་ནི་མཛེ་ནད་གསོ་བའི་ཆོ་ག་ལྟར་བྱའོ། །ཁྲག་ལས་གྱུར་པའི་སྲིན་བུ་དང། སྐྲ་རྩ་ཟ་བར་བྱེད་པའི་སྲིན་བུ་ནི
་ཨིནྡྲ་པུཔཏ?་ཞེས་བྱ་བ་མགོ་གསོ་བའི་ཆོ་ག་འོག་ནས་འབྱུང་བ་བཞིན་གསོའོ། །རྣག་ལས་སྐྱེས་པའི་སྲིན་བུ་ལ་ནི་རྨ་འདྲམས་པའི་དཔྱད་འོག་ནས་འབྱུང་བ་བཞིན་བྱའོ། །སྲིན་བུ་ཡོད་པ་རྣམས་ཀྱིས་ཁ་ཟས་འདི་དག་སྤང་བར་བྱ་སྟེ། འོ་མ་དང། ཤ་དང་མར་དང། བུ་རམ་དང
་ཞོ་དང། རྡོ་རྔད་ཀྱི་ཚོད་མ་དང། འདི་རྣམས་མི་བཟའ་སྟེ། མདོར་ན་མངར་བ་དང། སྐྱུར་བ་རྣམས་སྤང་བར་བྱའོ། །གསོ་བའི་གནས་ལས་ཤ་བཀྲ་དང་སྲིན་བུའི་ནང་གསོ་བའི་ལེའུ་ཉི་ཤུ་པ་རྫོགས་སོ།། །།དེ་ནས་རླུང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་རླུང་ནད་འབའ་ཞིག
་བད་ཀན་དང། མཁྲིས་པ་མ་འདྲེས་པ་ལ་ནི་ཚིལ་དང། མར་དང། རྐང་དང། ཏིལ་མར་ཏེ་བཞི་པོ་དེ་དག་ལས་བཏུང་བ་ལ་སོགས་པའི་སྣུམ་བཙོས་སྦྱར་རོ། །དེ་ནས་རླུང་ནད་ཅན་གྱི་ནད་པ་དེ་ཁོང་སྣུམ་གྱིས་ཞེན་པར་གྱུར་ནས་བར་དེར་མངལ་བསོས་ལ་དེའི་འོག་ཏུ་སྣུམ་ཆེན
་པོ་བཞི་འོ་མ་དང་ལྷན་ཅིག་སྦྱར་ཏེ་སྣུམ་བཙོས་སུ་བྱ་བ་དང། དེ་བཞིན་དུ་གྲོང་དང་ཐང་དང། ཆུ་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ཁུ་གང་ཡང་རུང་བ་སྣུམ་ཆེན་པོ་བཞི་དང་སྦྱར་བ་བཏང་བ་དང། གཞན་ཡང་འབྲས་ཀྱི་འོ་ཐུག་དང། ཀྲི་ས་ར་སྐྱུར་དང། ལན་ཚ་དང་ལྡན་པར་བཏུང
་ཞིང་དེའི་འོག་ཏུ་སྣུམ་དང་ལྡན་པའི་འཇམ་རྩི་མས་བཏང་ངོ། །སྣ་སྨན་དང་སྐྱོ་མ་དང། ཁ་ཟས་རྣམས་ཀྱང་སྣུམ་དང་སྦྱར་བ་སྦྱིན་ནོ། །དེ་ལྟར་ཁོང་སྣུམ་གྱིས་ཞེན་པར་གྱུར་ན། སྣུམ་ཆེན་པོ་བཞི་བཏང་ཞིང་གདིང་བའི་དུགས་ལ་སོགས་པ་ཡན་ལག་བརྒྱད་པ་བསྡུས་པ
་ལས་འབྱུང་བ་རྣམས་འདིར་སྦྱར་རོ། རླུང་ནད་ཀྱིས་ལུས་ཡང་ཡང་པོར་གྱུར་པ་དང། རེངས་པ་དང། ནད་དང་བཅས་ཤིང་ཟུག་པ་ལ་ཡང་སྣུམ་དང་བཅས་པའི་དུགས་བྱས་ན་ཇི་ལྟར་འདོད་པ་བཞིན་དུ་ལུས་ཀྱི་བྱ་བ་ནུས་པར་འགྱུར་ཏེ། ཇི་ལྟར་ཤིང་སྐམ་པོ་ཡང་དུགས་དང
་སྣུམ་ལ་སོགས་པའི་ཆོ་ག་བྱས་ན། ཅིང་གར་མངའ་ལ་སོགས་པ་བྱར་ཡོད་ན། ལུས་ཅན་རྣམས་ལ་སྨོས་ཀྱང་ཅི་དགོས། དེ་ལྟར་དུགས་བྱས་པའི་ཡོན་ཏན་ནི་བ་སྤུ་ལངས་པ་དང། ན་བ་དང་ཟུག་གཟེར་ཆེ་བ་དང། རྩོལ་བ་མང་བ་དང། ལུས་སྐེམ་པ
་དང། རེངས་པ་ལ་སོགས་པ་མྱུར་དུ་ཞི་བར་འགྱུར་ཞིང་ལུས་ཤ་མཉེན་པར་འགྱུར། རླུང་ན་བའི་ནད་པ་ལ་སྣུམ་བཅོས་སྦྱར་བའི་ཡོན་ཏན་ནི། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་མྱུར་དུ་འཕེལ་ཞིང་ལུས་ཀྱི་ཉམས་སྟོབས་དང། མེའི་དྲོད་འཕེལ
་ཞིང་འཚོ་བ་ཡང་ཡུན་རིང་དུ་གནས་པར་བྱེད་དོ། །དེ་ལྟར་རླུང་ནད་ཅན་གྱི་སྐྱེས་བུ་ལ་ལན་ཅིག་མ་ཡིན་པར་ཕོགས་མང་དུ་སྣུམ་བཅོས་དང་དུགས་ཡང་དང་ཡང་བྱས་ན། ཁོང་སྣུམ་ཞིང་འཇམ་པར་འགྱུར་ཏེ། རླུང་ནད་གནས་པར་མི་འགྱུར་རོ། །གལ་ཏེ་སྣུམ
་ལ་སོགས་པ་གོང་མའི་སྦྱོར་བ་དེ་དག་གིས་མ་ཞིན་ནི་ངེས་པར་ནད་གཞན་དང་འདྲེས་པ་ཡིན་ཏེ། དེ་ནས་བཀྲུ་སྨན་འཇམ་པོ་སྣུམ་དང་བཅས་པ་བཏང་ཏེ། དེ་ཡང་སེང་ཕྲོམ་དང། ས་ཏ་ལ་གང་ཡང་རུང་བ་མར་དང་བསྐོལ་བ་བླུད་པ་འམ། ཡང་ན་ཨེ་རཎྚའི་མར
་འོ་མ་དང་བསྐོལ་བ་བླུད་ན། ནད་འཕྲོག་ཅིང་ཞི་བར་འགྱུར་རོ། །སྣུམ་པ་དང། སྐྱུར་བ་དང། དྲོ་བ་དང། ལན་ཚ་ལ་སོགས་པས་དྲི་མ་གསོགས་ཞིང་རྩ་རྒྱུན་འགགས་ཏེ། རླུང་ཚུལ་བཞིན་མི་འབྱུང་བ་ལ་ནི་བཀྲུ་སྨན་བཏང་ན། རླུང་ལུགས་བཞིན་འབྱུང་ངོ། །སྐྱེས་བུ
་རླུང་ནད་ཅན་ཉམས་སྟོབས་ཆུང་ཞིང་བཀྲུ་སྨན་བཏང་བར་མི་འོས་པ་ལ་ནི་དྲོད་སྐྱེད་པ་དང། སྨིན་པའི་ཟས་དང་བཅས་པའི་ནི་རུ་ཧམས་བཏང་བ་འམ། ཡང་ན་དྲོད་སྐྱེད་པ་དང། སྨིན་པའི་སྨན་དང། ཟས་ལྷན་ཅིག་བཏང་ངོ། །དེ་ལྟར་སློན་ཁྲུས་བྱས་པའི་འོག
་ཏུ་མེ་དྲོད་ཚབས་ཆེར་སྐྱེས་པར་གྱུར་པ་ལ་ཡང་སྣུམ་བཅོས་དང་དུགས་བྱའོ། །སྐྱུགས་སྨན་བྱས་པའི་འོག་ཏུ་ཐུག་པ་ལ་སོགས་པའི་རིམ་པ་མ་བྱས་པར་ཁ་ཟས་རན་པར་ཟོས་པས་ཕོ་བའི་ནང་དུ་རླུང་ཞུགས་པ་ལ་ནི་མཛེ་ནད་ཀྱི་སྐབས་སུ་བཤད་པའི་སྨན
་དྲུག་པའི་ཕྱེ་མ་འམ། ཡང་ན་ཤུ་དག་གི་སྡེ་ཚན་གྱི་ཕྱེ་མ་གང་ཡང་རུང་བ་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་བླུད་དོ། །ཐུག་པ་ལ་སོགས་པའི་རིམ་པ་བྱས་པས་མེ་དྲོད་ཤས་ཆེར་སྐྱེས་པ་ལ་ནི་རླུང་ནད་ཉི་ཚེའི་ཆོ་ག་བཞིན་བྱའོ། །ལྟེ་བའི་ཕྱོགས་སུ་རླུང་ཞུགས་པ་ལ་ནི་བིལྤ་གཞོན
་ནུ་དང། ཉ་ཤྲ་གཡོས་སུ་བྱས་པ་སྦྱིན་ནོ། །ལྟེ་བའི་འོག་ཏུ་ཁུ་བའི་གནས་སུ་རླུང་ཞུགས་པ་ལ་ནི། འཇམ་རྩིའི་ལས་བྱས་ན་རབ་ཏུ་བསྔགས་སོ། །ཡང་ན་དང་པོ་མར་རམ་ཏིལ་མར་འཐུངས་ལ། དེའི་འོག་ཏུ་ཟས་ཟོས་ན་ཕན་ནོ། །ཁོང་པའི་ནང་དུ་རླུང་ཞུགས་པ་ལ་ནི་ཐལ་སྨན་དང
་ཕྱེ་མ་ལ་སོགས་པ་དྲོད་སྐྱེད་ཅིང་སྨིན་པར་བྱེད་པའི་སྨན་བསྟེན་ན་ཕན་ནོ། །སྙིང་གི་ནང་དུ་རླུང་ཞུགས་པ་ལ་ནི་ས་ལ་པར་ནི་འོ་མ་དང་སྦྱར་བ་བླུད་དོ། །མགོ་བོའི་ནང་དུ་རླུང་ཞུགས་པ་ལ་ནི་སྣ་ནས་སྨན་ན་ར་བཏང་ངོ། །དེ་བཞིན་དུ་སྣུམ་དང་བཅས་པའི་སྣ་སྨན་དང། དུད་པ
་རྡུག་པ་ལ་སོགས་པ་བྱའོ། །རྣ་བ་ལ་སོགས་པ་གཞན་རྣམས་ལ་རླུང་ཞུགས་ན་ཡང་སོ་སོ་དང་མཐུན་པའི་སྨན་སྦྱར་ན་ཕན་ནོ། །རླུང་ནད་པགས་པ་ལ་བསྟེན་པ་ལ་ནི་དུགས་དང་བསྐུ་བྱུག་དང་རླུང་མེད་པའི་གནས་སུ་འདུག་པ་དང། ཟས་ཡི་གར་འོང་བ་བསྟེན་ན་ཕན་ནོ།།
་རླུང་ནད་ཁྲག་ལ་གནས་པ་ལ་ནི་བསིལ་བའི་བྱུག་པ་བྱུག་པ་དང། བཀྲུ་སྨན་ཁྲག་དབྱུང་བ་རྣམས་བྱས་ན་ཕན་ནོ། །རླུང་ཤ་དང་ཚིལ་ལ་བསྟེན་པ་ལ་ནི་བཀྲུ་སྨན་བྱས་ན་ཕན་ཏེ། དེ་བཞིན་དུ་ནི་རུ་ཧ་དང་ཞི་བའི་སྨན་རྣམས་བྱས་ན་ཕན་ནོ། །རླུང་རུས་པ་དང་རྐང་ལ་གནས་པ
་ལ་ནི་ཕྱི་ནང་གཉི་ག་ལ་སྣུམ་བཅོས་བྱས་ན་རྒྱལ་བར་བྱེད་དོ། །རླུང་ཁུ་ཆུ་ལ་གནས་པ་ལ་ནི་སེན་ས་དགའ་བར་བྱ་བ་དང། ཉམས་སྟོབས་སྐྱེད་ཅིས་བུ་ཆུ་འཕེལ་བར་བྱ་བའི་ཟས་བསྟེན་ན་ཕན་ནོ། །རླུང་གི་ཁ་ཆུ་འགགས་ཉེ་འབྱུང་དུ་མ་སྟེར་བ་ལྟ་ན་ནི་བཀྲུ་སྨན་བྱིན་ན་ཕན
་ཏེ། དེའི་འོག་ཏུ་བཟའ་བ་ལ་སོགས་པའི་རིམ་པ་གོང་དུ་སྨོས་པ་ལྟར་བྱས་ན་ཕན་ནོ། །རླུང་ཁུ་ཆུ་ལ་གནས་པར་གྱུར་ན་ཁུ་ཚ་ཡང་ཤ་སྐེམ་པར་འགྱུར་རོ། །དེ་ཤ་སྐེམ་པའི་བུ་ལ་ནི་ཁ་ར་དཀར་པོ་དང། ཏམ་པ་ལ་དང། ཤིང་མངར་རྣམས་འོ་མ་དང་སྦྱར་བ་བླུད་ན་ཤ་སྐྱེ
་བར་འགྱུར་རོ། །རླུང་རྒྱུས་པ་དང་ཚིགས་དང་རྩ་རྣམས་སུ་ཞུགས་པ་ལ་ནི་སྣུམ་པ་དང་ཚ་བའི་སྨན་བསྟེན་པ་དང། ཆུ་ལུམས་ཀྱི་དུགས་བྱའོ། །རླུང་གིས་ཡན་ལག་འཁུམས་པ་ལ་ནི་མོན་སྲན་གྲེའུ་དང་རྒྱ་ཚ་ཏིལ་མར་དང་སྦྱར་བས་བསྐུས་ན
་ཕན་ནོ། །ཁྲག་ཕྱུང་བས་ལུས་སྐྱེས་ཏེ་བེམ་བེམ་པོར་གྱུར་ཅིང་ཚོར་བ་མེད་པ་ལ་ནི། ཁྱིམ་གྱི་དུད་པ་དང། ལན་ཚ་དང། ཏིལ་མར་དང་སྦྱར་བས་བསྐུས་ན་ཕན་ནོ། །ཚོར་བ་དང་བཅས་པ་ཡིན་ན་ནི་ཆུ་ལུམས་ཀྱིས་དུགས་བྱའོ། ། པ་ཏ་ན་རང་དབང་ཅན་ཞེས་བྱ
་བའི་རླུང་ནད་ཡོད་དེ། དེའི་མཚན་ཉིད་ནི་མིག་འགུལ་མི་ཤེས་བསྐྱོད་མི་ནུས་ཤིང་འདོད་པའི་རྩོལ་བ་མི་ཤེས་ལ་ཁུ་ཆུ་མི་འབྱུང་བ་རྣམས་ཡིན་ཏེ། དེ་ལ་ནི་མྱུར་དུ་གསོ་བོར་བྱ་སྟེ། ཐོགས་མར་དུགས་དང་སྣུམ་བཅོས་བྱས་ལ། དེའི་འོག་ཏུ་མགོ་ཁྲུས་ཀྱིས་སྣ
་སྨན་རྣོན་པོ་བཏང་ངོ། །དེ་ནས་བི་ད་རིའི་སྡེ་ཚན་བསྐོལ་བ་དང། ཞོ་དང་འོ་མ་དང་ཤ་ཁུ་དང་མར་ཆ་བསྙམས་ཏེ་བསྐོལ་ལ་མར་ལུས་ཏེ་འདུག་པ་བླུད་དོ། །དེ་ནས་ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་རིམ་གྱིས་བྱིན་ན་རླུང་གིས་ཁྱབ་པར་འགྱུར་ཏེ། དེ་མ་ཐག་ཕན་ནོ། །
་རྒྱ་སྲན་དང། ནས་དང། རྒྱ་ཤུག་དང་རླུང་འཇོམས་པའི་སྨན་ཐང་ཤིང་གི་སྡེ་ཚན་ལ་སོགས་པ་དང་སྐམ་གཤེར་གཉིས་ཀ་ན་གནས་པའི་ཤ་དང་ལྷན་ཅིག་བསྐོལ་ཏེ་བཞི་ཆ་ལུས་པའི་ནང་དུ་རང་སྐྱུར་དང། འོ་མ་དང་མངར་བའི་སྡེ་ཚན་གྱི་ཕྱེ་མ་དང། ནུ་མ་ཆེན
་པོ་བཞི་བཅུག་སྟེ་བསྐོལ་ལ་སྣུམ་ལུས་པ་དང། དེ་ལས་བླུགས་པ་དང་བསྐུ་བྱུག་དང་ལུས་གཞུག་པ་དང་བཟའ་བ་དང་བཏུང་བ་དང། རྣར་བླུགས་པ་དང་འཛམ་རྩི་ལ་སོགས་པ་བྱས་ན། རླུང་ནད་འཇོམས་པར་བྱེད་དོ། །དེ་དག་ལ་སོགས་པ་སྣུམ་བཅོས་དང
་དུགས་ཀྱི་ཆོ་གའི་ནང་ནས་འབྱུང་བའི་རླུང་ལ་ཕན་པ་རྣམས་འདིར་སྦྱར་རོ། །དེ་ལ་ཨ་པ་ཏ་ར་ཀ་ཞེས་བྱ་བ་རླུང་ནད་ཀྱིས་ཉམས་ཐག་པའི་སྐྱེས་བུ་ལ་ནི་མགོ་ཁྲུས་ཀྱི་སྣ་སྨན་ལན་མང་དུ་ཡང་དང་ཡང་དུ་བྱ་སྟེ། དེ་ཡང་བད་ཀན་སེལ་ཅིང་རྣོ་བའི་སྨན་གྱིས
་སྤུ་གུ་ནས་འབུད་པ་འམ། ཡང་ན་སྨན་གྱི་ཕུར་མ་སྣ་སྒོ་ནས་བཙིར་ཞིང་བླུགས་ན། རླུང་ལེགས་པར་སྤུབས་སུ་རྒྱུ་ཞིང་དེ་བཞིན་དུ་འདུ་ཤེས་རྙེད་པར་འགྱུར་རོ། །ཁ་རུ་ཚ་དང། ཨ་རུ་ར་དང་ཚ་བ་གསུམ་མར་དང་བསྐོལ་ཏེ་བྱིན་ན་རླུང་ཤས་ཆེ་བ་ལ་ཕན་ནོ། །ཡང་སེང་ཕྲོམ
་དང་འབྲས་བུ་གསུམ་སྲང་བརྒྱད་དང། རྩ་བ་ཆེན་པོ་ལྔ་སྲང་སུམ་ཅུ་རྩ་གཉིས་དང། ཨེ་རཎྚ་དང། བྲི་ཧི་ད་དང། དུ་རྦིད་སྲང་རེ་རེ་དང། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་ནོ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། ནས་ཚིག་འཁུས་པའི་ཐལ་བ་དང། བིལྤ
་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ལས་རན་པར་བསྟེན་ན། རླུང་ནད་མ་རུངས་པ་དང། ཡན་ལག་ཐམས་ཅད་ལ་གནས་པ་དང། མོ་མཚན་གྱི་ནད་དང། རྒྱུ་རླུགས་ཀྱི་ནད་དང་སྒྲན་དང། དམུ་རྫིང་རྣམས་སེལ་བར་བྱེད་དོ། །གོང་དུ་གསེང་ཕྲོམ
་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་རམ་མྱ་ཀ་དང། ཨ་ཤོ་ཀ་ཡང་བཀྲུ་སྨན་གྱི་དོན་འདིར་སྦྱར་རོ། །གསོ་བ་དེ་དག་ནི་རླུང་ནད་ཨ་པ་ན་ཏ་ཀ་གཞན་དབང་ཅན་ཉི་ཚེ་ལ་སྦྱོར་བ་ཡིན་ནོ། ། པ་ཏན་ཀ་ཞེས་པའི་རླུང་ནད་བད་ཀན་དང་མ་ཞུ་བ་དང་མཁྲིས་པ་དང་འདྲེས་པ་ཡིན་ན་ཡང་གསོ་བ་དེ
་ལྟར་བྱ་སྟེ། དེ་ཡང་རླུང་དེ་བད་ཀན་དང་བཅས་ཤིང་སྙིང་དང་རྩིབ་ལོགས་ན་བར་གྱུར་པ་ལ་ནི་གཡེར་མ་དང། ཨ་རུ་ར་དང། ཤིང་ཀུན་དང། མ་ནུ་དང། ལན་ཚ་རྣམ་གསུམ་བརྟགས་པའི་ཕྱེ་མ་ནས་བསྐོལ་བའི་ཁུ་བ་དང་སྦྱར་བ་བཏུང་བ་འམ་ཡང་ན་ཤིང་ཀུན་དང་བཅའ་སྒ་ཁ་རུ
་ཚ་དང། སེའུ་འབྲུ་དང། སྟར་བུ་དང། འདི་རྣམས་ཀྱི་ཕྱེ་མ་ནས་བསྐོལ་བའི་ཁུ་བ་དང། སྦྱར་བ་འཐུངས་ན་ཕན་ནོ། །བད་ཀན་དང་རླུང་འཇོམས་པའི་གསོ་བ་སྙིང་ནད་ཀྱི་སྐབས་སུ་བཤད་པ་འདིར་སྦྱར་ན་རབ་ཏུ་བསྔགས་སོ། །ད་རྒན?་ཞེས་བྱ་བའི་རླུང་ནད་ལུས་ནང་དུ་གུག་པ་དང། ཕྱིར་དགྱེ་བ
་རྣམ་གཉིས་ཡོད་དེ། དེ་ལ་ནི་གླང་པོ་གཞོག་ཕྱེད་ན་བའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱ་སྟེ། དེ་བཞིན་དུ་ཤིང་སྒྲོམ་བུ་རམ་གྱིས་བཀང་སྟེ། ལུས་བཅིང་བར་བྱའོ། །ད་རྒན་གྱི་རླུང་ནད་མང་དུ་ཞུགས་པ་ནི་གསོ་དཀའ་། གཞུ་ལྟར་རེངས་པའི་ད་རྒན་ཞེས་བྱ་བའི་ནད་ཡོད་དེ་དེའི་མཚན་ཉིད་ནི་སོ་སོའི
་མདོག་འགྱུར་ཞིང་གདོང་དང་ཡན་ལག་རྣམས་ཞིག་པ་དང་དྲན་པ་ཉམས་པ་དང་རྡུལ་རྟག་ཏུ་འབྱུང་བ་ཡིན་ཏེ། དེ་ནི་ཞག་བཅུ་ལས་མི་འཚོ་སྟེ། གཞན་དུ་ན་ཤུགས་ཞན་ཅིང་འཚོ་བ་ལྟ་ན་ཡང་ལུས་གཞུ་ལྟར་རྒུ་བ་དང། གླེན་པ་དང་འཐང་བ་དང། ལག་པ་ཞ་བ
་དང། གཞོགས་ཕྱེད་ན་བ་དང། འཕྱེ་བོ་དང། དབང་པོ་མ་ཚང་བ་ལ་སོགས་པ་རྣམས་སུ་འགྱུར་རོ། །འབྲམ་པ་རང་གི་གནས་ནས་ཉམས་པ་ཞེས་བྱ་བའི་རླུང་ནད་ཡོད་དེ། དེ་ལ་ནི་སྣུམ་བཅོས་དང་དུགས་བྱ་སྟེ། དེའི་འོག་ཏུ་སྣུམ་སྨན་པ་མཁས་པས་གཞུག་པར་བྱའོ། །ཀོསྐོ་ཕྱིར་འབྱུང་བ་འམ
་ནང་དུ་ཞུགས་པར་གྱུར་ན་ཡང་དེ་བཞིན་དུ་ཆུད་པར་གཞུག་གོ་།རླུང་ནད་ཀྱིས་ལྕེ་ལྡིབ་སྟེ་སྨྲ་མི་ནུས་པ་ལ་ནི་རླུང་ནད་ཀྱི་གསོ་བ་བྱས་པ་བཞིན་དུ་བྱའོ། །རླུང་ནད་ཀླད་པ་གཞོགས་ཕྱེད་ན་བ་ལ་ནི་མགོ་ཏིལ་མར་གྱིས་བསྐུ་ཞིང་རྣ་བ་དང་མིག་བརྟ་བར་བྱའོ། །ཀླད་པ་གཞོགས་ཕྱེར་སྐྲང་བ
་ཡིན་ན་ནི་སྐྱུག་སྨན་བཏང་ངོ། །ཚ་བ་ཆེ་ཞིང་དམར་ལ་ཉམས་སྟོབས་ཡོད་ན་ནི་གཏར་ཀས་ཁྲག་དབྱུང་ངོ། །རླུང་གཞོགས་ཕྱེད་ན་བ་ཞེས་བྱ་བའི་ནད་ཡོད་དེ། དེ་ལ་ནི་ཐོག་མར་སྣུམ་ཆོས་བྱ་སྟེ་སྣུམ་དང་ལྡན་པའི་བཀྲུ་སྨན་བྱའོ། །དཔུང་བ་འཇམ་པ་ཞེས་བྱ་བའི་རླུང་ནད་ལ་ནི་སྣ་སྨན་བཏང
་ཞིང་མ་ཞུ་བ་མེད་པ་ཡིན་ན་ཟས་ཀྱི་ཁོང་དུ་སྣུམ་བག་སྦྱིན་ནོ། །བརླ་རེངས་པར་བྱེད་པ་ཞེས་བྱ་བའི་རླུང་ནད་ལ་ནི། སྣུམ་ཚོས་དང། སློན་ཁྲུས་དང་ལུས་དག་པར་བྱ་བའི་ཆོ་ག་མི་ཕན་ཏེ། ཕལ་ཆེར་བད་ཀན་དང་ཚིལ་དང་མ་ཞུ་བ་ལས་གྱུར་པ་ཡིན་ཏེ། དེ་ལ་ནི་རྩུབ་པ་དང་ལྡན་པའི་ཚོགས
་བད་ཀན་ཟད་པར་བྱ་སྟེ། དེ་ཡང་བཟའ་བ་ནི་ནས་དང། ཁྲེ་ཡང་ཁྲེ་རྒོད་རྣམས་བསྔགས་སོ། །ཚོད་མ་ནི་ལན་ཚ་དང་འབྲུ་མར་ཉུང་ཟད་བཅས་པ་འམ། ཡང་ན་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུ་མར་དང་མི་ལྡན་པའི་ཚོད་མའང་མིའི་ཟས་དང་ལྷན་ཅིག་ཟོས་ན་རབ་ཏུ་བསྔགས་སོ། །རླུང་ནད
་བརླ་རེངས་པ་ཞེས་བྱ་བ་ཕྱུག་པོའི་ནད་ལ་ནི་དུག་མོ་ཡུངས་ཀྱི་སྡེ་ཚན་ནས། ཤུ་དག་གི་སྡེ་ཚན་གང་ཡང་རུང་བ་བསྐོལ་བ་ལན་ཚ་དང་བཅས་པ་དྲོ་འཇམ་ཙམ་ཉི་ཚེ་བླུང་པ་འམ། ཡང་ན་མཛེ་ནད་ཀྱི་སྐབས་སུ་བཤད་པའི་སྨན་དྲུག་པའི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་འདྲས་བུ་གསུམ
་དང་དབྱི་མོ་དང། བུ་ཙེ་ཤེལ་དང། པི་པི་ལིང་དང། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་དབྱི་མོ་དང། ཨ་རུ་ར་དང། ཙི་ཏྲ་ཀ་དང། ཐང་ཤིང་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བལྡག་པར་བྱའོ། ། རུ་ར་དང། གུ་གུལ་དང་ཁྲག་ཞུན་གང་ཡང་རུང་བ་བ་གཅིན་དང
་སྦྱར་བ་བཏུང་བར་བསྟན་ཏོ། །ཚ་བ་གསུམ་དང་ཙི་ཏྲ་ཀ་དང། གླ་སྒང་དང། འབྲས་བུ་གསུམ་དང། བི་དང་ག་དང། དགུ་པོ་དེ་དང་སྤྱི་དང་མཉམ་པའི་གུ་གུལ་རྣམས་ལྷན་ཅིག་བཏགས་པའི་ཕྱེ་མ་ཟོས་ན། བརླ་རེངས་པའི་ནོད་ཚིལ་དང་བད་ཀན་མ་ཞུ་བ་ལས་གྱུར་པ་དང། རླུང་ཐམས་ཅད་ལས
་རྒྱལ་བར་བྱེད་དོ། །གོང་དུ་སྨོས་པའི་སྦྱོར་བ་དེ་དག་གིས་བད་ཀན་དང་ཚིལ་དུ་བཅས་པའི་རླུང་ནད་ཐམས་ཅད་ཞི་བར་བྱེད་པ་ཡིན་ནོ། །བརླ་རེངས་པའི་ནད་ལ་ནི། ཐལ་སྨན་བ་གཅིན་དང་སྦྱར་བས་དུགས་དང་བླུགས་པ་དང་དྲིལ་བ་རྣམས་བྱའོ། །བད་ཀན་པགས་པའི་ཕྱིར་བྱུང་བ་ལ་ནི། ཡུངས
་ཀར་དང་ཀ་རཉྫའི་འབྲས་བུ་བ་གཅིན་དང་སྦྱར་བས་བསྐུས་ན་ཕན་ནོ། །རྐ་དང། ཨགནི་མནྠ་དང། ནིམྦ་དང། དེ་རྣམས་ཀྱི་རྩ་བ་དང། ཐང་ཤིང་དང། ཡུངས་ཀར་དང། བོང་བ་བསྲེགས་པ་དང། གྲོག་མོའི་ས་ཕུར་དང། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུས་ན་ཕན་ནོ། །བརླ?
་རེངས་བའི་ནད་ཀྱིས་བཏབ་པའི་ནད་པ་དེས་བད་ཀན་ཟད་པར་བྱ་བའི་ཕྱིར་ལུས་ཀྱི་རྩོལ་བ་དང་ངལ་བའི་ལས་བསྟན་ཏོ། །དེ་བཞིན་དུ་ཐང་ལ་མཆོང་བ་དང། ཅི་ནུས་ཀྱི་བུད་མེད་ལ་ཉལ་པོ་བསྟེན་པར་བྱའོ། །དེ་བཞིན་དུ་མཚོ་མི་གཡོ་བ་ལ་བདེ་བར་འཇུག་པ་དང། ཆུ་བོ་རྒྱུན་ལས་ཟློག་སྟེ་རྒལ་དུ
་གཞུག་གོ་།དེ་ལྟར་སྦྱོར་བ་དེ་དག་གིས་བད་ཀན་དང་ཚིལ་ཟད་པར་བྱས་པའི་འོག་ཏུ། རླུང་ལ་ཕན་པའི་སྨན་སྣུམ་ལ་སོགས་པ་སྦྱར་བར་བྱའོ། རླུང་ནད་ལྷག་མ་ཀྲིཏ་ལ་སོགས་པ་རྐང་པ་ཡན་ཆད་ལ་གནས་པ་ལ་ཡང་ཉམས་སྟོབས་དང། དུས་ཀྱི་བྱེ་བྲག་དང། གང་ན་ཡོད་པ་བཏགས
་ཏེ། གོང་དུ་སྨོས་པའི་གསོ་བ་བཞིན་དུ་བྱའོ། །ས་ཧ་ར་ཙ་དང། ཐང་ཤིང་དང། དོང་ཀྲེ་དང། དེ་རྣམས་ཀྱི་ཕྱེ་མར་བྱས་པ་ཏིལ་མར་དང་སྦྱར་བ་འཐུངས་ན། རླུང་གིས་ལུས་གཟིར་ཏེ་འགྲོ་མི་ནུས་པ་ཡང་དེ་མ་ཐག་ཐོགས་པ་མེད་པར་འགྲོ་ནུས་པར་འགྱུར་རོ། །ར་སྣ་དང། དོང་ཀྲེ་དང། ཙི་ཏྲ་ཀ
་དང། པི་པི་ལིང་དང། ཟུར་བ་དང། མ་ནུ་དང། འདི་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྱར་བ་འཐུངས་ན་རླུང་ནང་འདོམས་པའི་མཆོག་ཡིན་ནོ། །ནིམཔ་དང། སླེ་ཏྲེས་དང། བ་ཤ་ཀ་དང། པ་ཏོ་ལ་དང། ཀཎྚ་ཀ་རི་འདི་རྣམས་སྲང་བཅུ་བཅུ་ཆུ་སྲང་ལྔ་བརྒྱ་རྩ
་བཅུ་གཉིས་དང་བསྐོལ་ཏེ། ཁུ་བ་བརྒྱད་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང། པ་ཐ་དང། བི་དང་ག་དང། ཐང་ཤིང་དང། ཧ་སྟི་པི་པི་ལིང་དང། དོང་ཀྲ་དང། སྐྱེར་པ་དང། ཤུ་ཏི་དང། དབྱི་མོ་དང། རུ་རྟ་དང། ཏེ་ཛོ་བ་ཏི་དང། ན་ལེ་ཤམ་དང། དུག་མོ་ཉུང་དང། ཏིངམུ་ས་དང།
་ཀྲུ་ཏྲུག་ཏྲེས་དང། པུ་ཙེ་ཤེལ་དང། གོ་བྱེ་དང། ཤུ་དག་དང། པི་པི་ལིང་གི་རྩ་བ་དང། བཙོད་དང། བོང་ང་དཀར་པོ་དང། བོང་ང་སེར་པོ་དང། ལ་ལ་པུད་དང། སྨན་འདི་རྣམས་ཞོ་གཉིས་དང། ཡུངས་མའི་ས་བོན་ཕུབ་མ་དང། ཕྲལ་བ་སྲང་ལྔ་དང། འདི་རྣམས་བཏགས་པའི
་ཕྱེ་མ་བཏབ་ཏེ། ཡང་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན། རླུང་ནང་ཆེན་པོ་རུས་ཚིགས་དང་རྐང་རྣམས་སུ་ཞུགས་པ་ཡང་ཟློག་པར་བྱེད་དེ། དེ་བཞིན་དུ་མཛེ་ནད་རུས་པ་དང། རྐང་རྣམས་སུ་ཞུགས་པ་ལ་ཡང་ཕན་ནོ། །གཞན་ཡང་རྨའི་སྤུབས་འདྲམས་པ
་དང་ལྦ་བ་དང། མཚན་བར་རྡོལ་བ་དང། འབྲས་ཀྱི་ཕྲེང་བ་དང། ནང་ཚོད་ཡན་ཆད་ཀྱི་ནད་ཐམས་ཅད་དང། སྐྲན་དང། གཞང་འབྲུམ་དང། གཅིན་ནད་དང། གཅོང་ཆེན་པོ་དང། དབུགས་མི་བདེ་བ་དང། ཡི་ག་འཆུས་པ་དང། སྣ་ཆུ་འཛག་པ་དང། ལུད་པ་དང། སྐྲངས་པ་དང། སྙིང་ནད
་དང། སྐྱ་རྦབ་དང། མྱོས་པ་དང། ཁོང་འབྲས་དང། རླུང་ནད་དང། ཁྲག་ནད་རྣམས་སེལ་ཏོ། །རླུང་མགར་ཞུགས་པ་ལ་ནི་བིལྦ་གཞོན་ནུ་དང། འོ་མ་བསྐོལ་བའི་ཁུ་བ་མར་གྱི་སྙིང་ཁུ་དང་ཡང་བསྐོལ་བའི་མར་ལས་སྲང་ཕྱེད་ཙམ་སྣར་བླུགས་ན་ཕན་ནོ། །ཡང་ན་བིལ་བ་གཞོན་ནུ་དང།
་འོ་མ་བསྐོལ་བའི་ཁུ་བའི་ནང་དུ་ཆུ་སྲིན་ནག་ཀྲ་དང། ཉ་དང་རུས་སྦལ་དང། འུག་པ་དང། དེ་རྣམས་གང་ཡང་རུང་བའི་ཞག་དང་ཡང་བསྐོལ་ལ། ཞག་ལུས་པ་ལས་སྲང་ཕྱེད་ངམ་སྲང་ཅིག་སྣར་བླུགས་ན། ཁྱད་པར་དུ་རླུང་ཉེ་ཚེ་སེལ་བར་བྱེད་དོ། །ཏིལ་གྱི་ཚིགས་མ་རྙིང་བ་དང་རྩ་བ
་ཆེན་པོ་ལྔ་སོ་སོར་བསྐོལ་ལ། དེ་ནས་གཅིག་ཏུ་བསྲེས་པའི་ནང་དུ་འབྲུ་མར་དང། དེའི་བརྒྱད་འགྱུར་གྱི་འོ་མ་དང་ཡང་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན། ཁྱད་པར་དུ་རླུང་ནད་དང། བད་ཀན་དང་བཅས་པ་འཇོམས་སོ། །སྨན་བྲས་ར་རི་སྲང་བརྒྱ་བསྐོལ་བའི་ཁུ་བའི་ནང་དུ
་མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་དེ་དང་མཉམ་པ་དང་མེ་དྷ་རྣམ་གཉིས་དང། ཤ་ཏ་པུཥཔྲ་དང། བཙོད་དང། རུ་རྟ་དང། རྭ་སྣ་དང་ཙན་དན་དམར་པོ་དང། ཛི་བ་ཀ་དང། ཟངས་རྩི་བ་དང། རམ་ཉེ་བ་རྣམ་གཉིས་དང། ཐང་ཤིང་དང། སྨན་འདི་རྣམས་བཏགས་པའི་ཕྱེ་མ་བཏབ་སྟེ་ཡང་བསྐོལ་ཏེ
་མར་ལུས་པ་ལས་རན་པར་འཐུངས་ན་རླུང་ནད་ཐམས་ཅད་འཇིག་པར་བྱེད་དོ། །ས་ཧ་ཙ་རའི་ཙ་བ་དང། ཡལ་ག་དང་བཅས་པ་སྲང་བརྒྱད་དང། དེ་དང་མཉམ་པའི་རྩ་བ་བཅུ་པ་དང། ཉེའུ་ཤིང་སྲང་ལྔ་བཅུ་ཐམ་པ་དང། ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་བསྐོལ་ཏེ། བཞི་ཆ་སྲང་ལྔ་བརྒྱ་རྩ་བཅུ་གཉིས
་ལུས་པའི་ནང་དུ་དབྱི་མོ་དང། ཆུ་སྲིན་སེན་མོ་དང། རུ་རྟ་དང། ཙན་དན་དང། སུག་སྨེལ་དང། གུར་ཀུམ་དང། པྲི་ཡཾ་ཀུ་དང། ན་ལི་ཀ་དང་བ་ལི་ཀ་དང། རྡོ་དྲེག་དང། བཙོད་དང། སྤང་སྤོས་དང། ཨ་ཀ་རུ་དང། ཐང་ཤིང་དང། ཙནྡྲ་དང། ཤ་ཏི་དང། དུ་རུ་ཀ་དང། རྒྱ་སྤོས་དང། འདི་རྣམས་སྲང་རེ་རེ་བཏགས
་པའི་ཕྱེ་མ་དང། གོང་གི་སྨན་ཁུ་དང་མཉམས་པའི་རའི་འོ་མ་དང། ཏིལ་མར་དེ་དང་མཉམ་པ་རྣམས་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན་རླུང་ནད་གསོ་བ་ཡང་འཇིག་པར་བྱེད་དེ། གཞན་ཡང་རླུང་གིས་འདར་བ་དང། ཤ་འགུལ་བ་དང། ལུས་རེངས་པ་དང། སྐེམ
་བྱེད་ལ་སོགས་པ་དང་བཅས་པའི་རླུང་ནད་དང། སྐྲན་དང། སྨྱོ་བྱེད་དང། ཆམ་པས་བཏབ་པ་དང། མོ་མཚན་གྱི་ནད་རྣམས་འཇོམས་པར་བྱེད་དོ། །ཧ་ས་ཙར་སྲང་བརྒྱ་བསྐོལ་བའི་ཁུ་བའི་ནང་དུ་ཏིལ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། འོ་མ་ཏིལ་མར་གྱི་བཞི་འགྱུར་དང། ས་ཧ་ཙ་རའི་རྩ་བ་སྲང་བཅུའི་ཕྱེ
་མ་དང། ཡང་ན་ས་ཧ་ཙར་མེད་ན་རྒྱ་སྤོས་དང། ཤུ་དག་དང། ས་ལ་པར་ནི་དང། རུ་རྟ་དང། ཐང་ཤིང་དང། སུག་སྨེལ་དང། རྡོ་དྲེག་དང། སྤང་སྤོས་དང། ཤུ་ཏི་དང། ཙན་དན་དམར་པོ་དང་འདི་རྣམས་སྲང་རེ་རེའི་ཕྱེ་མ་བཏབ་སྟེ་བསྐོལ་བའི་ནང་དུ་ཤ་ཁ་ར་སྲང་བཅོ་བརྒྱད་བཅུག་པ་ནི་དྲང་སྲོང
་གཟིངས་ཅན་གྱི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་རླུང་ནད་གསོ་དཀའ་བ་དང། རླུང་ནད་ཁོང་དུ་འཁྱིལ་བ་དང། སྨྱོ་བྱེད་དང། སྐྲན་དང། རླིག་རླུགས་ལས་རྒྱལ་བར་བྱེད་དོ། །བ་བླ་སྲང་བརྒྱ་དང། སླེ་ཏྲེས་སྲང་ཉི་ཤུ་རྩ་ལྔ་དང། ར་སྣ་སྲང
་ཕྱེད་དང་བཅུ་གསུམ་ཆུ་སྲང་ཁྲི་ཉིས་སྟོང་བརྒྱད་བརྒྱ་དང་བསྐོལ་ཏེ། བརྒྱ་ཆ་གཅིག་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་ཞོ་དང། ཞོ་ག་ཆུ་དང། བུ་རམ་ཤིང་གི་ཁུ་བ་དང། ཚྭ་དང་ཏིལ་མར་དང་དེ་རྣམས་སྲང་རེ་རེ་ཡང་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་བརྒྱད་དང། རའི་འོ་མ་སྲང
་དྲུག་ཅུ་རྩ་བཞི་དང། ཟུར་པ་དཀར་པོ་དང། ཀོ་ཉེན་ཆེ་དང། སྐྱེར་བ་དང། སུག་སྨེལ་དང། བཙོད་དང། ཨ་ག་རུ་དང། ཙན་དན་དང། ཤུག་པ་དང། ཨ་ཏི་བ་ལ་དང་གླ་སྒང་དང། མུངྒའི་ལོ་མ་དང། ཧ་རེ་ནུ་ག་དང། ཤིང་མངར་དང། བྱེའུ་རུག་པ་དང། བྱ་ཁྲན་ཁ་ཞེས་བྱ་བ་རྒྱ་མཚོ
་ནས་བྱུང་བའི་ཆུ་སྲིན་སེན་མོ་དང། ཟངས་རྩི་བ་དང། ཛི་བ་ཀ་དང། རྒྱ་སྐྱེགས་ཤིང་དང། བོ་ལ་དང་གླ་རྩི་དང། ན་ལི་ཀ། ཞེས་བྱ་བ་ཀ་པོ་ཏ་ཙ་ར་ན་དང། ཛ་ཏི་པ་ཏ་དང། བྷུགསུག?་ཝ་དང། གུར་ཀུམ་དང། རྡོ་དྲེག་དང། ཛ་ཏི་ཕ་ལ་དང། ཀཏཔ་ལ་དང། བ་ལ་དང་ཤིང་ཚྭ་དང།
་པོག་དཀར་པོ་དང། ག་ཕུར་དང། ཏུ་རུས་ཀ་དང། ཤི་ནི་བ་ས་ཀ་དང། ལི་ཤི་དང། ཆུ་སྲིན་སེན་མོ་དང། ཀ་ཀོ་ལ་དང། རུ་རྟ་དང། སྤང་སྤོས་དང། པྲི་ཡང་ཀུ་དང། སྟོ་ནི་ཡ་དང། རྒྱ་སྤོས་དང། བྱ་མ་ཀ་དང། ཤུ་དག་དང། དམན་གན་དང། སླ་བ་ཞེས་བྱ་བ་གུ་ཏྲནྣ་ཊ་དང།
་ནཱ་ག་གེ་སར་དང། འདི་རྣམས་སྲང་རེ་རེ་བཏགས་ལ་བཏབ་སྟེ་ཡང་བསྐོལ་ལ་ཕྱིར་བྱུང་སྟེ་ཚིག་མ་བོར་བའི་ནང་དུ་གནད་པ་ཏྲ་བཏགས་པའི་ཕྱེ་མ་བཏབ་སྟེ་ཆོ་ག་བཞིན་སྦྱར་ཏེ་སྦྱིན་ན། ལུད་པ་དང། དབུགས་མི་བདེ་བ་དང། རིམས་དང། བརྒྱལ་བ་དང་སྐྱུག་པ
་དང། སྐྲན་དང། ཟད་བྱེད་དང། གློ་འདྲམས་པ་དང། མཆེར་བ་ན་བ་དང། སྐེམ་བྱེད་དང། བརྗེད་བྱེད་དང། བཀྲ་མི་ཤིས་པ་རྣམས་འཇིག་པར་བྱེད་དེ། འདི་ནི་བ་ལའི་ཏིལ་མར་བཟང་པོ་ཞེས་བྱ་བ་ཡིན་ཏེ། རླུང་ནད་འཇོམས་པར་བྱེད་དོ། །གོང་དུ་བསྟན་པའི
་སྨན?་མར་དེ་དག་གིས་བཏུང་བ་དང། སྣ་སྨན་དང། བསྐུ་བྱུག་རྣམས་དུས་སུ་ལེགས་པར་སྣུམ་ཚོས་བྱས་ན། རླུང་ནད་མ་རུངས་པ་རྣམས་མྱུར་དུ་ཞི་བར་བྱེད་ཅིང་བུད་མེད་བུ་མེད་པ་ཡང་བུ་སྐྱེད་པར་བྱེད་དོ། །གང་གི་ཚེ་བད་ཀན་དང་མཁྲིས་པ་སྨིན་པའི་གནས་ན
་འདུག་པ་ལས་གང་གི་སྣུམ་བཅོས་དང། དུགས་ལ་སོགས་པ་བྱས་པས་ཅུང་ཞིག་སྙི་བ་འམ་སླ་བར་གྱུར་པ་ལྟ་ན་ཡང་འཇམ་རྩིས་ཞི་བར་བྱའོ། །གསོ་བའི་གནས་ལ་རླུང་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས
་དྲེག་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་དྲེགས་ནད་ཅན་གྱི་ནད་པས་ཐོག་མར་སྣུམ་བཅོས་བྱས་ལ་རླུང་བསྲུང་ཞིང་ཁྲག་ཉུང་ངུ་ཉུང་ངུ་དབྱུང་ངོ། །གཞན་དུ་ན་ནད་གཞིའི་སྟོབས་དང། ཉམས་སྟོབས་ཆེ་ཆུང་བརྟགས་ཏེ་ལན་མང་དུ་དབྱུང་ངོ། །དེ་ལ་དྲེག
་ནད་ན་ཞིང་མདོག་དམར་བ་ལ་ནི། སྲིན་བུ་པདྨས་ཁྲག་དབྱུང་ངོ། །དྲེག་ནད་ཅན་གྱི་ལུས་བེམ་བེམ་པོར་སོང་ཞིང་ལུས་གཡའ་བ་དང། ན་ཞིང་ཚ་བ་ཆེ་བ་ལ་ནི། རྭ་དང་སྐུ་བས་ཁྲག་དབྱུང་བར་བྱའོ། །ཕྱོགས་ཀུན་དུ་གནས་འཕོ་ཞིང་ན་པ་ལ་ནི་རྩ་ནས་ཁྲག་གཏར
་བ་དང། ཞལ་ཞལ་ཐབས་སུ་ཁྲག་དབྱུང་བར་བྱའོ། །ཕྱོགས་ཀུན་དུ་གནས་འཕོ་ཞིང་ན་བ་ལ་ནི་རྩ་ནས་ཁྲག་གཏར་བ་དང། ལུས་ན་ཞིང་རླུང་ཤས་ཆེ་སྟེ་ལུས་རྩུབ་པ་ལ་ནི་ཁྲག་དབྱུང་དུ་མི་རུང་ངོ། །གལ་ཏེ་དེ་ལྟ་བུ་ལ་གཏར་ཀ་བྱས་ན། ཁྲག་ཟད་དེ་རླུང
་འཁྲུགས་ནས་ཟབ་ཏུ་སྐྲང་བ་དང། ལུས་རེངས་པ་དང། འདར་བུ་དང། ཆུ་བ་དང་རྩ་རྣམས་ལ་ནད་འབྱུང་ཞིང་ལུས་དྲི་མ་དང་བཅས་ལ་ནད་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །དེ་ལ་ཐོག་མར་སྣུམ་ཆོས་བྱ་སྟེ་དེའི་འོག་ཏུ་སྣུམ་དང་ལྡན་པའི་ཁྲུས་བྱའོ།།
་རླུང་ཤས་ཆེ་བའི་དྲེག་ནད་ལ་ནི་མར་སྙིང་བ་བཏང་ངོ། །སྲ་བ་ཞེས་བྱ་བ་ཤིང་ཤ་ར་ཀ་དང། ཀྵིར་ཀ་ཀོ་ལ་དང། པ་ཡསསྱ་དང། ཛི་བ་ཀ་དང། ཟངས་རྩི་བ་དང། འདི་རྣམས་ཆ་བསྙམས་ཏེ་བཏགས་པའི་ཕྱེ་མ་མར་དང། འོ་མ་དང་ལྷན་ཅིག་བསྐོལ་ཏེ། དེ་ལས་རན
་པར་འཐུངས་ན་དྲེག་ནད་ཐམས་ཅད་འཇོམས་སོ། །རྒུན་འབྲུམ་དང་མ་དུ་ཀ་བསྐོལ་པའི་ཁུ་བའི་ནང་དུ་མར་དང། ཁ་ར་དཀར་པོས་བཏབ་སྟེ་བསྐོལ་བའི་མར་བཏུང་བ་འམ། དེ་བཞིན་དུ་འོ་མ་དང་སླེ་ཏྲེས་ཀྱི་ཁུ་བའི་ནང་དུ་མར་དང
་ཤ་ཁ་རས་བཏབ་སྟེ་བསྐོལ་བའི་མར་ཡང་བཏུང་ངོ། །ཡང་ན་ཏིལ་མར་དང། ལི་ཁ་རས་བསྲེས་པ་བླུད་དོ། །བ་ལ་དང་ཉེའུ་ཤིང་དང་རྭ་སྣ་དང། བ་ལུ་དང་རྩ་བ་བཅུ་པ་དང། དུར་བྱིད་དང། ཨེ་རཎྚ་དང་དེ་རྣམས་འོ་མ་དང་ཚུལ་བཞིན་བསྐོལ་བ་བླུད་ན།
་རླུང་གིས་ཉམ་ཐག་པ་འཇོམས་སོ། །ཡང་ན་འོ་མ་བཞོས་མ་ཐག་པ་དྲོན་པོ་བ་གཅིན་དང་བསྲེས་པ་བླུད་ན་ནད་གཞིའི་ལུགས་བཞིན་འབྱུང་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བའི་དྲེག་ནད་ལ་ནི་ཉེའུ་ཤིང་དང། པུ་ཙེ་ཤེལ་དང། པ་ཏོ་ལའི་རྩ་བ་དང།
་འབྲས་བུ་གསུམ་དང། སླེ་ཏྲེས་དང་འདི་རྣམས་སམ་ཡང་ན་སྨན་ཁ་བ་དང་མངར་བ་རྣམས་དང་འདི་རྣམས་གང་ཡང་རུང་བ་མར་རམ་འོ་མ་གང་འབྱོར་པ་དང་བསྐོལ་བ་འཐུངས་ན་ཕན་ནོ། །དྲེག་ནད་གཞི་ཤས་ཆེ་བ་ལ་ནི་འོ་མ་དང་ཨེ་རཎྚ་སྦྱར་བའི
་བཀྲུ་སྨན་བཏང་ངོ། །དེ་ཞུ་བའི་ཚོད་ཙམ་ན་འབྲས་དང་འོ་མ་ལྷན་ཅིག་བཟའ་ཨོ། །ཡང་ན་ཨ་རུ་ར་བསྐོལ་ཏེ་མར་དང་བརྔོས་པ་བཏུང་ངོ། །ཡང་ན་ཏྲི་བིན་གྱི་ཕྱེ་མ་རྒུན་ཆུ་འམ་ལོ་མ་གང་ཡང་རུང་བ་དང་སྦྱར་བ་བླུད་དོ། །ཡང་ན་དྲེག་ནད་ཅན་གྱི་ནད་པ
་ལ་ནི་འོ་མའི་འཇམ་རྩི་མར་དང། བཅས་པ་བཏང་སྟེ་དྲི་མ་སྦྱང་བར་བྱའོ། །གང་གི་ཕྱིར་དྲེག་ནད་ལ་ནི་འདྲམ་རྩི་མས་བཏང་བ་ལས་ལྷག་པ་མེད་དེ་ཁྱད་པར་དུ་གཞང་དང་རྩིབ་ལོགས་དང། རུས་ཚིགས་དང་དམུ་རྫིང་གིས་ཉམ་ཐག་པ་རྣམས་ལ
་ཕན་ནོ། །བད་ཀན་ཤས་ཆེ་བའི་དྲེག་ནད་ལ་ནི་གླ་སྒང་དང། རྒུན་འབྲུམ་དང། སྐྱེར་བ་དང། འདི་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་འམ། ཡང་ན་སླེ་ཏྲེས་བསྐོལ་བའི་ཁུ་བ་སྦྲང་རྩི་དང
་སྦྱར་བ་བླུད་ན་ཕན་ནོ། །བད་ཀན་གྱི་དྲེག་ནད་ཅན་ལ་ནི་ཐོག་མར་ཇི་ལྟར་འོས་པར་སྣུམ་ཆོས་བྱས་ལ་སྐྱུག་སྨན་བཏང་སྟེ། དེའི་འོག་ཏུ་འཇམ་ཆོས་དང་རྩུབ་ཆོས་གང་རིགས་པར་བྱའོ། །འབྲས་བུ་གསུམ་དང་ཚྭ་བ་གསུམ་དང་པ་ཏོ་ལ་དང། ཤིང་ཚ་དང། ཅུ་གང
་དང་ཙི་ཏྲ་ཀ་དང་ཤུ་དག་དང། པི་དང་ག་དང། པི་པི་ལིང་གི་རྩ་བ་དང། སྤང་སྤོས་དང། བ་ཤ་ཀའི་ཤུན་ལྤགས་དང་རི་དྷི་དང། ལང་གི་ལ་དང། དབྱི་མོ་དང། འདི་རྣམས་ཆ་བསྙམས་པའི་ཕྱེ་མ་དང་ལྡེ་གུར་བྱས་ཏེ་ལྕགས་སྣོད་ཀྱི་ནང་དུ་བཅུག་ལ་ནུབ་གཅིག
་བཞག་སྟེ། ཕྱེ་དེ་ཉི་མ་ཕྱེད་ཙམ་ན་དེ་ལས་རན་པར་ཟོས་ན་དྲེག་ནད་ནད་གཞི་གསུམ་ལས་གྱུར་པ་དང། ཟུག་གཟེར་ཤིན་ཏུ་ཚབས་ཆེ་བ་ལ་ཕན་ནོ། །ཀོ་ཀི་ལ་ཀྵ་ཞེས་བྱ་བ་བསྐོལ་བའི་ཁུ་བ་བཏུད་ཞིང་དེ་ཉིད་ཀྱི་ཚོད་མ་དང་ལྷན་ཅིག་ཟས་ཟོས་ན་དྲེག་ནད
་འཇིལ་བར་བྱེད་དེ། ཇི་ལྟར་སྙིང་རྗེ་ལ་གོམས་པས་ཁྲོ་བ་སེལ་བ་བཞིན་ནོ། །རྩ་བ་ཆེན་པོ་ལྔ་དང། སྐྱུ་རུ་རའི་ཁུ་བ་ལེ་ལི་ཏ་ཀའི་ཞག་དང་ལྷན་ཅིག་འཐུང་ཞིང་ཚངས་པར་སྤྱོད་ན། ལུས་ལ་དྲེག་ནད་གཏིང་ཟུག་པ་ལས་རྒྱལ་བར་བྱེད་དོ། །གོང་དུ་བསྟན
་པ་དེ་དག་ནི་ནད་གི་གསོ་བ་བསྟན་པ་ཡིན་ལ། དེ་ནི་ཕྱི་རོལ་གྱི་དྲེག་གི་གསོ་བ་བཤད་པར་བྱ་སྟེ། དེ་ཡང་སྐྱུར་ཚབས་བརྒྱ་ཉི་ཤུ་རྩ་བརྒྱད་དང། ཏིལ་མར་དང། དེའི་བཞི་ཆའི་སྲ་རྩི་པོག་དང་ཆུ་མང་དུ་བསྐོལ་ཏེ་དེ་ལས་རན་པར་འཐུངས་ན་རིམས་དང
་ཚྭ་བས་ཉམ་ཐག་པ་རྣམས་འཇིག་པར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་ཏིལ་མར་བཙོང་དང་སྦྲ་ཚིལ་དང་བཅས་པ་གོང་བུར་བྱས་པ་འམ། སྲ་རྩི་བོག་དང་ཐལ་ཏྲེས་དང་ཏིལ་མར་གོང་བུར་བྱས་པས་ལུས་ལ་བསྐུས་ན་དྲེག་ནད་འཇོམས་སོ། །རྩ་བ་བཅུ
་པ་དང། འོ་མ་ལྷན་ཅིག་བསྐོལ་བ་འམ། ཡང་ན་མར་དང་ཆུ་དྲོན་པོ་ལྷན་ཅིག་སྦྱར་ཏེ་བླུགས་པ་བྱས་ན་རླུང་ཤས་ཆེ་བའི་དྲེག་ནད་དེ་མ་ཐག་འཇོམས་པར་བྱེད་དོ། །ལུས་རེངས་པ་དང་བརྐྱང་བསྐུམ་བྱེད་འདོད་པ་དང་ན་བས་ཉམ་ཐག་པ་ལ་ནི་སྣུམ
་བཞི་པོ་སྨན་མངར་བ་དང་སྦྱར་ཏེ་བླུགས་པ་བྱས་ན་ཕན་ནོ། །ལུས་ཚན་ནི་གྲང་མོའི་རྒྱུན་བླུགས་སོ། །བའི་འོ་མ་དང་ལུག་གི་འོ་མ་དང་རའི་འོ་མ་ཏིལ་དང་བསྲེས་པ་འམ། ཡང་ན་འཚོ་བྱེད་སྡེ་བཅུ་བསྐོལ་བ་འམ། རྩ་བ་ཆུང་ངུ་
་ལྔ་བསྐོལ་བའི་བླུགས་པ་ཡང་རབ་ཏུ་ཕན་ནོ། །བླུགས་པའི་ཆེད་དུ་རྒུན་ཆུ་དང། བུ་རམ་ཤིང་གི་ཁུ་བ་དང། ཆང་དང། ཞོ་ཁ་ཆུ་དང་ཙབ་མོ་སྐྱུར་པོ་དང། འབྲས་བཀྲུས་པའི་ཆུ་དང། སྦྲང་རྩིའི་ཆུ་དང། ཤ་ཁ་རའི་ཆུ་འདི་གང་ཡང་རུང་བ་བླུགས་ན
་དྲེག་ནད་ཚ་བ་ཆེ་བ་ལ་བསྔགས་སོ། །བུད་མེད་སྙིང་དུ་སྡུག་ཅིང་སྙན་པར་སྨྲ་བ་ལག་པ་དང་ནུ་མ་ཙན་དན་གྱི་ལྡེ་གུས་བསྐུས་པས་ཐང་སྦྱར་ན་ལུས་ཚ་ཞིང་ན་བ་དང་དུབ་བ་སེལ་ཏེ་བསིལ་ཞིང་བདེ་བར་འགྱུར་རོ། །དྲེག་མདོག་དམར་ནད་དང་བཅས་ལ་ཚ
་བ་དང་ལྡན་པ་ལ་མཁྲིག་ཕྱུང་ལ་ལྡེ་གུས་བསྐུས་ཏེ་དེ་ཡང་བྲ་པུཎྚ་རཱི་ཀ་དང། བཙོད་དང། ཤིང་མངར་དང། སྐྱེར་བ་དང། ཙན་དན་དང་ཁ་ར་དཀར་པོ་དང། ཨེ་ན་ཀའི་ཕྱེ་མ་དང། སྲན་ཆུད་དང། པུ་ཤེལ་ཙི་དང། ཤུག་པ་དང་འདི་རྣམས་ཀྱི་ལྡེ་གུས
་བསྐུས་ན་ཚ་ཞིང་ན་བ་དང། ཤུ་བ་མཆེད་པ་དང་སྐྲངས་བ་རྣམས་ཟློག་པར་བྱེད་དོ། །ཀྲི་ས་ར་ཏི་ལ་དང། མུངྒ་ལ་སོགས་པ་ལས་བྱས་པ་རླུང་འཇོམས་པའི་སྨན་དང་ལྷན་ཅིག་བསྒྲུབས་པའི་སྣུམ་གྱིས་གླན་ན་ཟུག་གཟེར་འཇོམས་སོ། །དེ་བཞིན་དུ་མུར
་ག་དང། འོ་མ་རླུང་ལ་ཕན་པའི་སྨན་དང་སྣུམ་དུ་སྦྱར་ངས་བསྐུ་བ་འམ། ཡང་ན་ཏིལ་དང་ཡུངས་ཀར་སྣུམ་དང་བཅས་པའི་ཟན་གྱིས་གླན་ན་ཡང་ཟུག་གཟེར་འཇོམས་སོ། །སྲོག་ཆགས་ཆུ་ལས་སྐྱེས་པ་དང། མཐུ་རྩལ་གྱིས་གཟས་ཚོལ་བའི་ཤ
་དང། ཆུ་འགྲམ་ན་གནས་པའི་ཤ་ཞིབ་མོར་གཏུབས་པ་ལན་ཚ་དང་ལེགས་པར་སྦྱར་བ་འཚོ་བྱེད་སྡེ་བཅུའི་སྨན་དང་སྣུམ་དང་བཅས་པས། བླ་ན་བྱས་ན་རེངས་པ་དང། ཟུག་ཅིང་ན་བ་དང། སྐྲངས་པ་དང་བྱ་མྱོང་དང་ཡན་ལག་འཁུམས
་པ་རྣམས་མྱུར་དུ་འཇོམས་སོ། འཚོ་བྱེད་སྡེ་བཅུའི་སྨན་འོ་མ་དང་ཞག་དང་བཙོས་ཏེ་བསྐུས་ན་ཕན་ཡོན་དེ་དང་འདྲའོ། །ཡང་ན་ས་ཧ་ཙ་རའི་རྩ་བ་དང། ཛི་བནྟི་དང་མར་དང་རའི་འོ་མ་དང། ལྡེ་གུས་གླན་པ་འམ། དེ་བཞིན་དུ་ཏིལ་འོ་མས་བྲན་ཏེ་བསྐམས་ལ
་བསྔོས་མས་བཏགས་པའི་འོ་མ་དང་སྦྱར་བའི་ལྡེ་གུས་བསྐུ་བ་འམ། ཡང་ན་ཟར་མ་བཏགས་ཏེ་འོ་མ་དང་སྦྱར་བ་འམ། ཡང་ན་ཉེའུ་ཤིང་གི་ཕྱེ་མ་འོ་མ་དང་སྦྱར་བ་འམ་སྦྱོར་བ་དེ་དག་གང་ཡང་རུང་བས་གླན་ན། རླུང་ཤས་ཆེ་ཞིང་ཟུག་གཟེར་དང་བཅས
་པ་འཇོམས་སོ། །ཡང་ན་བ་གཅིན་དང་ཐལ་སྨན་དང་ཆང་དང་མར་རྣམས་བསྐོལ་བས་བྱུག་པ་བྱས་ན། ཟུག་གཟེར་དང་བཅས་པ་སེལ་ཏོ། །མར་རྒུན་ཚ་དང་ལྷན་ཅིག་བསྐོལ་བས་བླུགས་པ་དང་བསྐུ་བྱུག་བྱས་ན་བད་ཀན་ཤས་ཆེ་བའི་དྲེག་ལ་ཕན་ནོ། །ཁྱིམ
་གྱི་དུད་པ་དང། རུ་རྟ་དང། ཉེའུ་ཤིང་དང། སེར་པོ་རྣམ་གཉིས་དང་དེ་རྣམས་ཀྱི་བསྐུ་བ་སྦྱར་ན་རླུང་དང་བད་ཀན་ཤས་ཆེ་བ་སེལ་ཏོ། ཤིང་ཀྲུ་དམར་པོའི་ས་བོན་བཏགས་པའི་ཕྱེ་མ་འབྲས་ཀྱི་རང་སྐྱུར་དང་ལྡན་པའི་ལྡེ་གུས་ཡང་ཡང་བསྐུ་ཞིང་ཚྭ་ལ
་སོགས་པས་བླུགས་པ་བྱས་ན་རླུང་དང་བད་ཀན་ཤས་ཆེ་བའི་དྲེག་ནད་ལ་ཕན་ནོ། །རྟོགས་པར་སླ་བའི་དྲེག་ནད་ལ་ནི་བྱུག་པ་དང་བསྐུ་བ་དང་བླུགས་པ་དང་ཆུ་ནང་དུ་འདུག་པ་རྣམས་ལ་སྦྱར་བར་བྱ་ལ་རྟོགས་པར་དཀའ་བའི་དྲེག་ནད་ལ་ནི་བཀྲུ
་སྨན་དྲག་པོ་དང་སྣུམ་གྱི་བཏུང་བ་རྣམས་སྦྱར་རོ། །རླུང་དང་བད་ཀན་ཤས་ཆེ་བའི་དྲེག་ནང་ལ་ནི་བྱུག་པ་དྲོན་པོ་བཏང་ངོ། །གལ་ཏེ་གྲང་མོ་བྱས་ན་ནི་ལུས་ཚ་བ་དང། སྐྲང་བ་དང། ན་པ་དང། གཡའ་བ་དང་རངས་པར་འགྱུར་རོ། །ཁྲག་དང་མཁྲིས་པ་ཤས་ཆེ
་བའི་དྲེག་ནད་ལ་མི་བྱུག་པ་ལ་སོགས་པ་བསིལ་བར་བྱ་སྟེ། གལ་ཏེ་དྲོ་བ་བྱས་ན་ནི་སྐེམ་བྱེད་དང། མདོག་དམར་བ་དང་རྡུལ་འབྱུང་བས་ལུས་གས་པར་འགྱུར་རོ། །ཤིང་མངར་སྲང་བརྒྱ་ཚུལ་བཞིན་བསྐོལ་ཏེ་བཞི་ཆ་ལུས་པ་དང། དེའི་ནང་དུ་ཏིལ་མར
་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། ཏིལ་མར་དང་མཉམ་པའི་འོ་མ་དང་བསྲེས་པའི་ནང་དུ་སྟི་ར་དང། བཅའ་བའི་འབྲས་བུ་དང། མུརྦ་དང། པ་ཡསསྱ་དང་ཉེའུ་ཤིང་དང། ཨ་ཀ་རུ་དང། ཙན་དན་དང། ཧནས་པ་ཏི་དང། སྤང
་སྤོས་དང། མེ་དྷ་རྣམ་གཉིས་དང། སླེ་ཏྲེས་དང། རམ་ཉེ་བ་རྣམ་གཉིས་དང། འཚོ་བྱེད་དང། ཛི་བ་ཀ་དང། ཟངས་རྩི་བ་དང། ཤིང་ཚེ་དང། གནདྷ་པ་ཏྲ་དང། ཆུ་སྲིན་སེན་མོ་དང། བ་ལ་ཀ་དང། པྲ་པུཎྚ་རཱི་ཀ་དང། བཙོད་དང། ཐལ་ཏྲེས་དང། ཨིནྡྲ
་བ་དུ?་ནི་དང། པི་ཏུནྣ་ཀ་དང། འདི་རྣམས་སྲང་རེ་རེ་བཏགས་པའི་ཕྱེ་མ་བཏབ་སྟེ་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་སྦྱོར་བ་རྣམ་པ་བཞི་པོ་བཏུང་བ་དང་སྣར་བླུགས་པ་དང། བསྐུ་བྱུག་དང་འཇམ་རྩི་མས་བཏང་བ་རྣམས་བྱས་ན།
་མཁྲིས་པ་དང་ཆ་བ་དང་རིམས་ཀྱིས་ཉམ་ཐག་པ་ལ་ཕན་ནོ། །ཡང་ན་སྨན་བསྐོལ་བའི་ཁུ་བའི་ནང་དུ་བ་བླའི་ཕྱེ་མ་དང་ཏིལ་མར་དང་དེ་དང་མཉམ་པའི་འོ་མ་དང། ཡང་བསྐོལ་ལ། དེ་བཞིན་དུ་ཏིལ་མར་དེ་འོ་མ་དང་ལན་བརྒྱ་སྟོང་གི་བར་དུ
་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན་དྲེག་དང་རླུང་ཞི་བར་བྱེད་དེ། ཁྱད་པར་དུ་བཅུད་ཀྱི་ལེན་གྱི་མཆོག་ཏུ་འགྱུར་ཞིང་དབང་པོ་རྣམས་གསལ་བར་བྱེད་དེ། ཚེ་དང་ལུས་འཕེལ་ཞིང་རྒྱས་པ་དང། སྐད་སྙན་པ་དང། ཁུ་ཆུ་དང། ཁྲག་གི་ནད་རྣམས
་འཇོམས་པར་བྱེད་དོ། །རླུང་འཁྲུགས་ཤིང་ཚིལ་དང་བད་ཀན་ལྷག་པར་སྐྱེས་པས་རྩའི་ནང་དུ་རྒྱུར་མི་སྟེར་ཏེ་འགགས་ན་ཐོག་མར་སྣུམ་པ་སྟེན་ཅིང་ཉམས་བརྟ་བའི་ཆོ་ག་མི་བསྔགས་སོ། །དེ་ལ་ནི་དང་པོ་བརླ་རེངས་པའི་ཆོ་གར་བཤད་པ་རྣམས
་བྱ་སྟེ། དེའི་འོག་ཏུ་སྨན་སྣུམ་དང་ལྡན་པར་སྦྱར་རོ། །ཇི་ལྟར་ཁྲག་གི་སྐྱོན་མེད་པར་འགྱུར་བའི་བྱ་བའི་ཆོ་ག་ཐམས་ཅད་བྱའོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་རྣམ་ལྔ་འཁྲུགས་པར་སྣང་ན། མ་ནོར་བར་རླུང་ནང་གསོ་བའི་སྐབས་སུ་བཤད
་པའི་གསོ་བའི་རིམ་པ་དང། རླུང་ལྔ་པོ་རེ་རེ་གང་འཁྲུགས་པ་བརྟགས་ཏེ་དེ་ཉིད་ཀྱི་སྟོབས་ཆེ་ཆུང་ལས་གསོ་བར་བྱ་བའོ། །རླུང་ནད་མ་ཞི་བ་དང་བཅས་པ་ལ་ནི་ཐོག་མར་དུགས་དང། སྨྱུང་བ་དང་སྨིན་པར་བྱ་བ་དང། རྩུབ་པའི་སྨན་དང་བྱུག་པ་དང། བླུགས་པ་ལ
་སོགས་པ་མ་ཞུ་བ་མེད་པར་བྱས་ལ་དེའི་འོག་ཏུ་རླུང་ཉི་ཙའི་གསོ་བ་བྱའོ། །སྐེམ་བྱེད་དང། བྱ་རྨྱང་དང་རྐང་ལག་འཁུམས་པ་དང། རེངས་པ་དང། ཚོར་བ་མེད་པ་དང། འདར་བུ་དང། འགྲམ་པའི་ཚིགས་བྱེར་བ་དང། ཁ་ཡོ་བ་དང། འཐེང་བ་དང། ཞ་བ་དང། དྲེག་ནད་དང།
་ཚིགས་འཁྲུལ་པ་དང། གཞོགས་ཕྱེད་ན་བ་དང། གཞན་ཡང་ཚིལ་དང། རྐང་དང། རུས་པའི་ནང་དུ་ཞུགས་པའི་ནང་འདི་རྣམས་ཚབས་ཆེར་ན་བ་ཡིན་པས་ཡུན་མི་རིང་ན་ནི་འབད་པ་དང་བཅས་པས་གསོར་རུང་སྟེ། དེ་བས་ན་ནད་གསར་ཞིང་ནད་པ་ཉམས་སྟོབས
་དང་ལྡན་པ་ཞིག་ན། མྱུར་དུ་གསོ་བར་བྱའོ། །རླུང་ནད་མཁྲིས་པ་དང་བཅས་པ་ཡིན་ན་ནི་རེས་ཀྱིས་དྲོ་བ་དང་གྲང་བའི་གསོ་བ་ལན་མང་དུ་བྱའོ། །ཡང་འཚོ་བྱེད་སྡེ་བཅུ་དང་མར་བསྐོལ་བ་བླུད་དོ། །རླུང་ནད་མཁྲིས་པ་དང་ལྡན་པ་ལ་ནི་སྲོག་ཆགས་ཐང་ལས་སྐྱེས
་པའི་ཤ་དང། ནས་དང། འབྲས་སཱ་ལུའི་ཟན་བྱིན་ཏེ། འོ་མ་དང་ལྡན་པའི་བཀྲུ་སྨན་འཇམ་པོ་ཡང་བཏང་ངོ། །རྩ་བ་ཆེན་པོ་ལྔ་དང་བ་ལ་བསྐོལ་བ་འོ་མ་དང་ལྡན་པའི་འཇམ་རྩི་མས་བཏང་ངོ། །ཏིལ་མར་སྨན་མངར་བ་དང་སྦྱར་བའི་འཇམ་རྩི་དུས་སུ་བཏང་ན་བན
་ནོ། །ཡང་ན་ཤིང་མངར་དང་ཏིལ་མར་རམ། ཡང་ན་མར་འོ་མ་འམ་ཡང་ན་རྩ་བ་ལྔ་བ་བསྐོལ་བའི་ཁུ་བ་འམ། ཡང་ན་ཆུ་གྲང་མོ་དང་དེ་རྣམས་གང་ཡང་རུང་བས་བླུགས་པ་བྱས་ན། མཁྲིས་པ་དང་ལྡན་པའི་རླུང་ནད་ལ་ཕན་ནོ། །བད་ཀན་དང་ལྡན
་པའི་རླུང་ནད་ལ་ནི་ནས་ཀྱི་ཟན་དང། སྐམ་ས་ན་གནས་པའི་རི་དགས་དང། བྱའི་ཤ་དང། དུགས་དང། བཀྲུ་སྨན་དྲག་པོ་རྣོན་པོ་དང། སློན་ཁྲུས་ཀྱང་ཕན་ཏེ། མར་སྙིང་པ་དང། ཏིལ་དང། ཡུངས་ཀར་གྱི་འབྲུ་མར་རྣམས་སྦྱར་ན་ཕན་ནོ། །རླུང་བད་ཀན
་དང་མཁྲིས་པར་ལྡན་པ་ལ་ནི་དང་པོ་མཁྲིས་པ་གསོ་ཞིང་དེ་ནས་བད་ཀན་རིམ་གྱིས་གསོའོ། །རླུང་དང་ཁྲག་འདྲེས་པ་ལ་ནི། དྲེག་ནད་ཀྱི་གསོ་བ་ཇི་སྐད་བཤད་པ་རྣམས་བྱའོ། །རླུང་ཤས་རྒྱས་པ་དང་བཅས་པ་ལ་ནི་དུགས
་དང་བསྐུ་བྱུག་དང། ཤ་ཁུ་དང། འོ་མ་དང་སྣུམ་རྣམས་སྦྱོར་བ་བཞིན་བྱས་ན་ཕན་ནོ། །རླུང་ནད་བརླ་རེངས་པ་དང་བཅས་པ་ལ་ནི་གཅིན་ནད་དང། ཚིལ་རྒྱས་བ་དང། རླུང་ནད་ཀྱི་གསོ་བ་རྣམས་འདིར་སྦྱར་རོ། །རླུང་ནད་རུས་པ་དང། རྐང་ལ་གནས་པ་ལ
་ནི་སྣུམ་ཆེན་པོ་རྣམས་སྦྱར་རོ། །རླུང་ཁུ་ཆུ་ལ་གནས་པ་ལ་ནི་གོང་དུ་བཤད་པའི་ཆོ་ག་བྱས་ན་ཕན་ནོ། །རླུང་ཕོ་བའི་ནང་དུ་བྱུང་བ་ལ་ནི་ཟས་འཇུ་བར་བྱེད་པ་དང། མེ་དྲོད་སྐྱེད་པའི་སྨན་དང་སྐྱུགས་སྨན་དང། ཁ་ཟས་ཡང་བ་ཚོད་ཟིན་པར་བྱས་ན་ཕན་ནོ།།
་རླུང་གཅིན་གྱི་གནས་སུ་བྱུང་བ་ལ་ནི་གཅིན་འཕེལ་བའི་སྨན་དང་དུགས་དང། ཕོ་མཚན་ནས་སྨན་མས་བཏང་ན་ཕན་ནོ། །རླུང་བཤང་བ་ལ་གནས་པ་ལ་ནི་ཨེ་རཎྚའི་མར་ཕན་ཏེ། དེ་བཞིན་དུ་སྣུམ་དང་ལྡན་པའི་བཀྲུ་སྨན་དང་འཇམ་རྩི་ཕན་ནོ། །ལུས
་ཟུངས་ཀུན་ཏུ་རླུང་གིས་ཁྱབ་པ་ལ་ནི་བད་ཀན་དང་རླུང་མི་འཁྲུག་ཅིང་རླུང་དང་རྗེས་སུ་མཐུན་པའི་སྨན་མྱུར་དུ་བྱས་ན་ཕན་ནོ། །ཡང་དེ་ལ་ནི་གང་ཐུར་དུ་འཁྲུ་བར་མི་འགྱུར་བ་དང་སྣུམ་པ་དང། རྩ་རྒྱུན་དག་པའི་སྨན་དང་དེ་དག་གང་ཡང་རུང་བ་བཟའ་
་བཏུང་ཀུན་ལ་སྦྱར་རོ། །ཕལ་ཆེར་ལྒང་པ་ནས་སྨན་མས་བཏང་སྟེ། དེ་ཡང་མངར་བ་དང། སྣུམ་པའི་འཇམ་རྩི་མས་བཏང་ངོ། །དེ་ནས་ལུས་ཀྱི་ཉམས་སྟོབས་བརྟགས་ཏེ། སྟོབས་དང་ལྡན་པ་ཡིན་ན་ནི་བཀྲུ་སྨན་འཇམ་པོ་བཏང་ངོ། །དེ་བཞིན་དུ་བཅུད
་ཀྱིས་ལེན་གྱི་སྦྱོར་བ་ཇི་སྙེད་པ་བྱས་ན་ཡང་རབ་ཏུ་བསྔགས་ཏེ་ཁྱད་པར་དུ་བྲག་ཞུན་དང། འོ་མའི་སྦྱོར་བ་དང། དེ་བཞིན་དུ་གུ་གུལ་ཉི་ཙེ་དང་བྷརྒ་པས་བཤད་པའི་ཚངས་པའི་བཅུད་ཀྱིས་ལེན་ཞེས་བྱ་བའི་ནང་དུ་ཁ་ར་དཀར་པོ་སྲང་སྟོང་ཚིག་བརྒྱ་དང
་སྦྱར་བའི་ལྡེ་གུ་ཡང་རབ་ཏུ་ཕན་ནོ། །གཞང་ཁའི་ནང་དུ་ཐུང་དུ་སེལ་བ་ཞེས་བྱ་བའི་རླུང་ཡོད་དེ། དེ་ནད་གཞི་གང་ཡང་རུང་བ་དང་འབྲེལ་ཅིང་ན་བ་ལ་ནི་མེ་དྲོད་སྐྱེད་པ་དང། ཕྱི་ས་སྐ་བར་འགྱུར་བ་དང། རླུང་བདེ་བར་འབྱུང་བར་བྱ་ཞིང་གཅིན་སྤྱད་པའི་ཕྱིར་ཡང
་སྦྱོར་བ་དེ་དག་བྱའོ། །དེ་དག་ནི་རླུང་དང་ལྡན་པའི་ནད་ཀྱི་གསོ་བ་མདོར་བསྟན་པ་ཡིན་ཏེ། སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་རླུང་རྣམ་པ་ལྔ་པོ་ཡང་སྨན་པས་གང་དག་ལྡན་པ་བརྟགས་ཏེ། སོ་སོའི་གསོ་བ་བཞིན་དུ་བྱའོ། །དེ་ལ་སྟོང་དུ་རྒྱུ་བའི་རླུང་ནི་སྨན
་པས་སྟོང་དུ་དྲང་ཞིང་གསོའོ། །ཐུར་དུ་སེལ་བའི་རླུང་ནི་སྨད་དུ་དྲང་ཞིང་གསོའོ། །མེ་དང་མཉམ་དུ་གནས་པའི་རླུང་ནི་མཉམ་པ་ཉིད་དུ་གསོ་ཞིང་བཞག་གོ་།ཁྱབ་བྱེད་ཀྱི་རླུང་ནད་ནི་གསུམ་ཀའི་སྦྱོར་བ་བྱའོ། །བཞི་པོ་དེ་དག་པས་ཀྱང་སྲག་ཅེས་བྱ་བའི
་རླུང་ཁྱད་པར་དུ་བསྲུང་བར་བྱ་སྟེ། རླུང་དེ་གནས་ན་ལུས་གནས་པའི་ཕྱིར་རོ། །དེ་ལྟར་ནད་གཞི་དེ་དག་རང་གི་གནས་སྤངས་ཏེ་ལམ་གཞན་དུ་ཞུགས་པར་གྱུར་ན། དེ་ལས་སླན་ཏེ་སོ་སོའི་གནས་སུ་བཞག་ཏེ་གསོའོ། །རླུང་ནད་ཁྲག་མཁྲིས་དང་ལྡན་པ་མ་གཏོགས
་པ་ལྷག་མའི་ནད་གཞི་གང་དང་ལྡན་ཡང་བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན་དུ་སྒོག་པ་བསྟེན་ན་ཕན་ནོ། །སྟོང་དུ་རྒྱུ་བའི་རླུང་ལ་སོགས་པ་མཁྲིས་པར་ལྡན་པ་ཡིན་ན་ནི་ཐོག་མར་མཁྲིས་པ་གསོས་ལ་དེའི་འོག་ཏུ་རླུང་གསོ་བར་བྱའོ། །དེ་བཞིན་དུ་ཁྲག་དང
་ལྡན་པ་ཡིན་ན་ཡ་ཐོག་མར་ཁྲག་དང་དྲེག་ནད་ཀྱི་གསོ་བ་བྱ་ཞིང། དེའི་འོག་ཏུ་རླུང་གསོའོ། །ཁྲག་མཁྲིས་དང་རླུང་འདྲེས་པའི་ནད་ལ་ཡང་བཅུད་ཀྱིས་ལེན་གྱི་ཆོ་ག་སྣ་ཚོགས་བརྟགས་ཏེ་འདིར་སྦྱར་རོ། །ནད་གཞི་ཇི་ལྟ་བ་བཞིན་དུ་གསོ་བ་ཡང
་མ་ནོར་བར་བསྟན་པ་ཡིན་ཏེ། ཚེའི་རིག་ཁྱེད་ཀྱི་འབྲས་བུ་ནི་གསོ་བའི་གནས་ཡིན་ཏེ། ནད་རྣམས་ཀྱི་ཉམ་ཐག་པ་འཕྲལ་དུ་འཇིག་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་གསོ་བ་ཞེས་ཀྱང་བྱ། ཕན་པ་ཞེས་ཀྱང་བྱ། སྦྱོར་བ་ཞེས་ཀྱང་བྱ། སྨན་པ
་ཞེས་ཀྱང་བྱ། སྨན་ཞེས་ཀྱང་བྱ། ཞི་བར་བྱེད་པ་ཞེས་ཀྱང་བྱ། བསྔགས་པ་ཞེས་ཀྱང་བྱ་སྟེ། དེ་དག་ནི་མིང་གི་རྣམ་གྲངས་ཡིན་ནོ། །གསོ་བའི་གནས་ལས་དྲེག་ནད་གསོ་བའི་ལེའུ་ཉི་ཤུ་རྩ་གཉིས་པ་སྟེ་ཐ་མ་རྫོགས་སོ།། །།
་སྨན་པའི་བདག་ཕོ་སེང་གེ་སྤས་པ་ཞེས་བྱ་བའི་བུ། སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས། ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས། གསོ་བའི་གནས་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་ཏེ། ཡན་ལག་བརྒྱད་པའི་སྙིང་པོ་གནས
་བཞི་པའོ།། །།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས་ཆོ་ག་གྲུབ་པ་རྣམ་པ་དྲུག་ཅེས་བྱ་བ་ཆོ་ག་གྲུབ་པའི་གནས་ལྔ་པ་བརྗོད་པར་བྱ་སྟེ། དེ་ལ་གསོ་བའི་གནས་དེ་ཡང་ཆོ་ག་གྲུབ་པ་ལ་བལྟོས་དགོས་པ་ཡིན་པས་གསོ
་པའི་འོག་ཏུ་ཆོ་གའི་གནས་བཤད་པར་རིགས་སོ། །དེ་ལ་ཐོག་མར་སྐྱུག་སྨན་བཏང་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ཡང་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ། དེ་ལ་བོ་སོན་ཆ་དང་དུར་བྱིད་གཉིས་ནི་སློན་དང་ཁྲུས་ཀྱིས
་ནད་ཐམས་ཅད་ལ་ཕན་པའི་མཆོག་ཡིན་ཏེ། ནད་ཀྱི་བྱེ་བྲག་རེ་རེ་ལ། བཟང་བ་ཛི་མུ་ལ་སོགས་པ་གཞན་ནི་ཡོད་ན་ཐམས་ཅད་ལ་ཁྱབ་པར་བསྔགས་པ་ནི། དེ་གཉིས་ལས་ལྷག་པ་མེད་དོ། །དེ་ལ་སྐྱུག་སྨན་བཏང་བའི་དུས་ནི། དཔྱིད་དང
་སོས་ཀའི་མཚམས་ཀྱི་ཟླ་བ་དང། ཚེས་གྲངས་དང། ཉི་མ་ཤིས་པ་ལ་བཏང་ངོ། །དེ་ལ་སྐྱུག་སྨན་པོ་སོན་ཆ་བཏང་བ་ནི་བོ་སོན་ཆའི་འབྲས་བུ། ཧ་ཅང་མདོག་སེར་པོ་ཡང་མ་ཡིན་ཞིང་སྐྱ་བོར་སོང་བ་ནི་སྨིན་པའི་ཚད་ཡིན་ཏེ། དེ་བླངས་ལ
་ཕྱིས་ནས་རྩཝ་ཀུ་ཤ་ལས་སྣོད་དུ་བྱས་པའི་ནང་དུ་བཅུག་སྟེ་ཐེ་གུས་བཅིངས་ནས་བ་ལང་གི་ལྕི་བས་ཕྱི་རོལ་ནས་བྱུག་སྟེ། དེ་ནས་འབྲུའི་ཕུང་པོའི་ནང་དུ་ཞག་བརྒྱད་ཀྱི་བར་དུ་བཞག་སྟེ། དེ་ཡང་གུ་ཤས་དཀྲིས་པའི་ཡོན་ཏན་ནི། འཇམ
་ཞིང་མ་བར?་ལ་དྲི་ཞིམ་བར་འགྱུར་རོ། །དེ་ལྟར་ཞག་བརྒྱད་ལོན་པ་དང་ཕྱུང་ལ་ཉི་མ་ལ་བསྐམས་པ་དང། པི་པི་ལིང་ཡང་དེ་ལྟར་བྱས་ཏེ་བསྐམས་ལ། ཏིལ་གྱི་ཚིགས་མ་བཏགས་པའི་ཕྱེ་མ་ཞོ་དང་མར་དང། སྦྲང་རྩི་དང་སྦྱར་བས་བསྐུས་ཏེ་དེ་བསྐམས
་པ་དང་ཁུམ་པའི་ནང་དུ་བཅུག་སྟེ་ཇི་ཙམ་ན་དགོས་པའི་དུས་སུ་སྦྱར་རོ། །དེ་ནས་བོ་སོན་ཆ་དང་པི་པི་ལིང་གི་སྦྱོར་བ་དེ་མཐེ་བོང་ནང་དུ་བཅུག་པའི་ཆང་པ་གང་ཙམ་ཕྱེ་མར་བྱས་ལ་ཤིང་མངར་དང། ཀོ་བི་ད་ར་དང། ཀརྦུ་ད་ར་ཞེས་བྱ་བ་སླེ་རྨ་ཏ་ཀ་དང། བིམཔ
་དང་ནིམཔ་དང། ལྕང་མ་དང། ཤ་ན་པུཤིཤུ?་ཞེས་བྱ་བ་དང། ས་ད་པུཥཔ་ཞེས་བྱ་བ་ཨརྐ་དང། ཨ་པ་མརྒ་དང། འདི་རྣམས་གང་ཡང་རུང་བ་ཞིག་ཆམ་ཆོམ་བརྡུངས་ཏེ། ནུབ་གཅིག་སྤངས་ལ་བསྐོལ་བའི་ཁུ་བ་སྙིམ་པ་གང་གི་ནང་དུ་བཏབ་སྟེ་བསྐོལ་ལ
་བླུད་དོ། །མདོའི་གནས་སུ་བསྟན་པའི་ཆོ་ག་བཞིན་དུ་ལེགས་པར་སྐྱུག་དུ་གཞུག་གོ་།ཁྱད་པར་དུ་བད་ཀན་གྱི་རིམས་ཆམ་པས་བཏབ་པ་དང། སྐན་དང་ཁོང་འབྲས་རྣམས་ལ་སྐྱུག་སྨན་བྱ་སྟེ་མཁྲིས་པ་བྱུང་ན་བཅད་དོ། །པི་པི་ལིང་དང། པོ་སོན་ཆ་བསྐོལ
་བའི་ཁུ་བ་འམ། ཡང་ན་ཀོ་བི་ད་རའི་ཁུ་བ་གང་ཡང་རུང་བའི་ནང་དུ་པི་པི་ལིང་དང། པོ་སོན་ཆའི་ཕྱེ་མའི་སྦྱོར་བ་དང། ཕྱེ་མ་དེའི་སུམ་ཆའི་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་སྟེ་བླུད་ན་རིམས་དང། ཡི་ག་འཆུས་པ་དང། ལྦ་བ་དང། ཐོར་བུ་དང། འབྲུམ
་ཆེན་དང། དམུ་རྫིང་རྣམས་ལ་ཕན་ནོ། །གལ་ཏེ་མཁྲིས་པ་བད་ཀན་གྱི་གནས་སུ་ཞུགས་པ་ལ་ནི། ཛི་མུ་ཏ་དང། ཀོ་ཤཏ་ཀི་རྣམས་གཉིས་དང། དུག་མོ་ཉུང་དང། འདི་རྣམས་གང་ཡང་རུང་བ་ཞིག་བསྐོལ་བའི་ཁུ་བའི་ནང་དུ་གོང་གི་པོ་སོན་ཆ་དང། པི་པི
་ལིང་གི་སྦྱོར་བའི་ཕྱེ་མ་བཏབ་སྟེ་བླུད་དོ། །སྙིང་ཚ་བ་ཁྲག་མཁྲིས་རྒྱས་པ་ལ་ནི། པི་པི་ལིང་བརྒྱ་འོ་མ་དང་བསྐོལ་བའི་ནང་དུ་པོ་སོན་ཆའི་སྦྱོར་བ་བཏབ་སྟེ་བླུད་དོ། །ཡང་ན་པོ་སོན་ཆའི་སྦྱོར་བ་གོང་མའི་ཕྱེ་མ་འོ་མ་དང་བསྐོལ་ཏེ་ཞོར་གྱུར་པ་དང།
་དེའི་ཞོ་འམ་ཞོའི་སྤྲིས་མ་འཐུངས་ན་བད་ཀན་ལས་གྱུར་པའི་སྐྱུགས་པ་དང། ཆམ་པས་བཏབ་པ་དང། མུན་ཐིབས་ཞེས་བྱེད་པ་ལ་ཕན་ནོ། །ལུས་སྐེམ་ཞིང་མེ་དྲོད་ཀྱིས་ཉམ་ཐེག་པ་ལ་ནི་པོ་སོན་ཆ་དང། དེ་བ་ཏ་ལི་དང།
་ཀོ་ཤ་ད་ཀི་དང། དུག་མོ་ཉུང་དང། ཁུ་བ་ཁ་བོ་དང། འདི་རྣམས་འོ་མ་ཚུལ་བཞིན་བསྐོལ་བའི་ནང་དུ་གོང་དུ་སྨོས་པའི་སྨན་གྱི་ཕྱེ་མ་དང། བོ་སོན་ཆ་དང། པི་པི་ལིང་གི་སྦྱོར་བའི་ཕྱེ་མ་བཏབ་སྟེ། འོ་མ་དང་ཡང་བསྐོལ་ལ། དེ་ལས་བྱུང་བའི་མར
་བླུད་དོ། །ཡང་ན་པི་པི་ལིང་དང། པོ་སོན་ཆའི་འབྲས་བུའི་ཁུ་བ་གོ་བྱེའི། གོ་ཆ་བཞིན་དུ་བྱ་སྟེ། ལྡེ་གུ་སྐྱ་བ་ལ་དྲིལ་དུ་བཏུབ་པ་ཙམ་གྱི་ཚོད་བྱིན་ལ། བདེ་བར་སྐྱུག་དུ་གཞུག་གོ་།ཡང་ན་ལྡེ་གུ་དེ་ཉིད་བཟའ་བ་དང་བཟའ་བའི་ནང་དུ་བཏབ་སྟེ། བཟའ་
་བ་འམ། ཡང་ན་གོང་གི་པི་པི་ལིང་དང། པོ་སོན་ཆའི་སྦྱོར་བ་བསྐོལ་བ་དང་ལྷན་ཅིག་བཏང་ངོ། །ཡང་ན་པོ་སོན་ཆ་དང། པི་པི་ལིང་དང། ནིམཔ་དང། ཨརྐ་ཀ་དང། དེ་དག་གང་ཡང་རུང་བ་བསྐོལ་བའི་ནང་དུ་དུག་གོ་ཉུང་གི་བདེ་ཚན་བཏགས་པའི་ཕྱེ
་མ་བཏབ་སྟེ། བླུད་ན་ཉམས་བརྟ་དྲགས་པ་ལས་གྱུར་པའི་ནད་གཏིང་ཟུག་པ་ཡང་ཞི་བར་བྱེད་དོ། །བྱིས་པ་གཞོན་ནུ་བད་ཀན་དང་མཁྲིས་པ་ཡོད་ཅིང་སྐྱུགས་སྨན་བཏང་མི་བཟེད་པ་ལ་ནི་ཐོག་མར་འདྲངས་པར་བྱས་ནས། དེའི་འོག་ཏུ་པོ་སོན
་ཆའི་མེ་ཏོག་གམ་འབྲས་བུ་གང་ཡང་རུང་བ་ལེགས་པར་བཏགས་ལ་མེ་ཏོག་ཀྱི་ཕྲེང་བ་ལ་ཕྱེ་མས་བསྒོས་ཏེ་སྣ་སྒོར་མནམས་ན་བདེ་བར་སྐྱུག་པར་འགྱུར་རོ། །ཡང་ན་ཐུག་པ་འམ་ཤ་ཁུ་འམ། ཀྲི་སར་ལ་སོགས་པའི་ནང་དུ་པོ་སོན་ཆའི་ཕྱེ
་མས་བཏབ་སྟེ་བླུད་ན་ཡང་སྐྱུགས་པར་འགྱུར་རོ། །ཡང་ན་ཛི་མུ་ཏ་ལ་སོགས་པའི་གོང་དུ་སྨོས་པའི་སྨན་དྲུག་པོ་ཡང་པོ་སོན་ཆའི་སྦྱོར་བ་བཞིན་དུ་བྱས་ལ་ཁྱད་པར་དུ་ཛི་མུ་ཏའི་སྦྱོར་བས་ནི་རིམས་དང། དབུགས་མི་བདེ་བ་དང་ལུད་པ་དང།
་སྐྱིགས་བུ་ལ་སོགས་པ་ནད་ལ་ཡང་སྦྱར་རོ། །ཡང་ན་ཛི་མུ་ཏའི་མེ་ཏོག་གམ་མེད་ན་འབྲས་བུ་འམ། ཡང་ན་འབྲས་བུ་སྤུ་དང་བཅས་པ་འམ། དེ་དག་གང་རྙེད་ཀྱང་རུང་སྟེ་འོ་མ་དང་བསྐོལ་བ་དང་སྦྱར་ལ་སྐྱུགས་སྨན་གྱི་དོན་དུ་བཏང་བ་འམ། ཡང་ན་ཛི་མུ་ཏའི་འབྲས་བུ་མ་སྨོན
་པ་དང་ཞོའི་སྤྲིས་མ་སྦྱར་ལ་སྦྱིན་ན་སྐྱུག་པར་འགྱུར་རོ། །ཡང་ན་ཛི་མུ་ཏའི་འབྲས་བུ་སེར་སྐྱར་སོང་བའི་ཕྱེ་མ་འོ་མར་བསྐོལ་ལ་ཞོ་སྐྱུར་པོར་གྱུར་པ་ལ་བཏབ་ན་སྐྱུག་པར་འགྱུར་རོ། །ས་པའི་ཆང་གི་དངས་མའི་ནང་དུ་ཛི་མུ་ཏའི་རྩ་བ་མཉེས་ཏེ་བླུད་དོ། །ཛི་མུ་ཏའི་སྦྱོར
་བ་དེ་དག་གི་བད་ཀན་དང། ཡི་ག་འཆུས་པ་དང། ལུད་པ་ལུ་བ་དང། སྐྱ་རྦབ་དང། གཅོང་ཆེན་པོ་རྣམས་ལ་སྦྱོར་བ་འདི་བཏང་ན་ཕན་ནོ། །སྐུ་བ་དང་ཀོ་ཤ་ཏ་ཀི་རྣམ་གཉིས་དང་སྦྱོར་བ་གོང་མ་བཞིན་འོ་མ་དང་མེ་ཏོག་དང་འབྲས་བུའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །ཡང་དེ
་གསུམ་ལེགས་པར་སྨིན་པར་བླངས་ཏེ་སྐམ་པོ་བཏགས་པའི་ཕྱེ་མ་བཙགས་བསྲང་ཕྱེད་འོ་མའི་ནང་དུ་བསྐྱོས་པ་བླུད་ན་མཁྲིས་པ་ལ་ཕན་ནོ། །བ་ཏོ་ལའི་རྩ་བ་བསྐོལ་བའི་ཁུ་བ་འམ། ཡང་ན་དོང་ཀའི་སྡེ་ཚན་ལས་བ་ཐ་ཡན་ཆད་སྨན་དགུ་ལས་གང་ཡང་རུང་བའི་ཁུ
་བའི་ནང་དུ་ཛི་མུ་ཏའི་འབྲས་བུ་གཉིས་སམ་གསུམ་ཆམ་ཆོམ་བརྡུངས་ཏེ་འཐུངས་ན་མཁྲིས་པ་དང་བད་ཀན་གྱི་རིམས་ནད་ཅན་ལ་ཕན་ནོ། །ཡང་ན་ཛི་མུ་ཏ་བཏགས་པའི་ཕྱེ་མ་མཁྲིས་པའི་རིམས་ལ་ནི་ཆུ་གྲང་མོ་དང་སྦྱར་ཏེ་བཏང་ངོ། །བད་ཀན་དང་འདྲེས་པའི
་རིམས་ལ་ནི་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་བྱིན་ནོ། །ལུད་པ་དང་དབུགས་མི་བདེ་བ་དང། དུག་དང། སྐྱུགས་པ་དང། རིམས་དང། བད་ཀན་ཤས་ཆེ་བ་དང། མུན་ཐིབས་ཞེས་བྱེད་པའི་ནད་དང། དེ་རྣམས་ལྡན་པའི་སྐྱེས་བུ་ལ་ནི་སྐུ་བ་ཁ་བོའི་སྐྱུགས་སྨན་རབ་ཏུ་བསྡུགས་སོ
་སྐུལ་ཁ་བོའི་འབྲས་བུ་དང། མེ་ཏོག་མེད་པའི་དུས་སུ་ནི་མྱུ་གུ་དང། ལོ་མ་གསར་པའི་འོ་མ་དང་བསྒྲུབས་པ་མཁྲིས་པ་དང་བད་ཀན་དུ་ལྡན་པའི་རིམས་མཁྲིས་པ་ཤས་ཆེ་བ་ལ་བཏང་ངོ། །སྐུ་བ་ཁ་བོ་ལེགས་པར་སྨིན་པའི་ནང་གི་འབྲས་བུ་ཕྱུང་སྟེ། འོ་མའི་ནང་དུ
་བཅུག་སྟེ་ཞོར་གྱུར་བ་དང། བད་ཀན་ལས་གྱུར་བའི་ལུད་པ་དང་དབུགས་མི་བདེ་བ་དང། སྐྱུགས་སྨན་གྱི་དོན་དུ་བླུད་དོ། །ཡང་ན་སྐྱ་རྦབ་དང། མཛེ་དང། དུག་གིས་ཉམས་ཐག་པ་ལ་ནི་སྐུ?་བ་ཁ་བོ་ཡི་ས་བོན་ཞོ་ག་ཆུ་དང་སྦྱར་བ་སྦྱིན་ནོ། །ཡང་ན་སྤུ
་བ་ཁོ་བོ་ཡི་ས་བོན་དར་བ་བསྐོལ་བའི་ནང་དུ་བཏབ་སྟེ། རྒྱམ་ཚ་དང། སྦྲང་རྩི་དང་བཅས་པ་བླུད་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་སྐུ་བ་ཁ་བོའི་ས་བོན་རྭའི་འོ་མའི་ནང་དུ་བྲན་ཏེ་རྭའི་འོ་མ་དེ་ཉིད་དང་བཅས་པ་འཐུངས་ན་དུག་དང། སྐྲན་དང། དམུ་རྫིང་དང། ཐུན་དུ
་དང་འབྲས་དང། རྐང་བམ་རྣམས་ལ་ཕན་ནོ། །ནས་ཕྱེ་འམ་ཡང་ན་ཁུ་ག་བ་བོའི་ས་བོན་གང་ཡང་རུང་བའི་སྐུ་བའི་རང་ཁུས་བསྒོས་ཏེ་སྐྱོ་མར་བྱས་བ་བླུད་ན་བད་ཀན་ལས་གྱུར་བའི་རིམས་དང། ལུད་པ་དང། ལྐོག་མའི་ནད་དང། མ་ཞུ་བ་རྣམས་ལ་ཕན་ནོ། །སྐྲན་དང
་རིམས་རླིང་བ་བ་ནི་སྐུ་བ་ཁ་བོའི་ཕྱེ་མ་ཤ་ཁུ་དང་ལྷན་ཅིག་བླུད་ན་ལེགས་པར་སྐྱུག་ཅིང་ཉམ་ཆུང་བར་ཡང་མི་འགྱུར་རོ། །སྐུ་བ་ཁ་བོ་ཡི་འབྲས་བུ་དང། མེ་ཏོག་རང་གི་ཁུ་བ་བསྐམས་ཏེ་བཏགས་པའི་ཕྱེ་མ་མེ་ཏོག་གི་ཕྲེང་བ་ལ་བསྒོས་ཏེ་མནམས་ན་བདེ་བར་སྐྱུག
་བར་བྱེད་དོ། །སྐྱིད་དེ་བའི་སྐྱུག་སྨན་དུ་སྦྱོར་རོ། །ལུད་པ་དང། སྐྲན་དང། དམུ་རྫིང་དང། ལྐོག་མའི་ནད་དང། དེ་བཞིན་དུ་རླུང་བད་ཀན་གྱི་གནས་སུ་ཞུགས་པ་དང། ཁ་དང་མགྲིན་པར་བད་ཀན་གནས་པ་དང། བད་ཀན་གསོགས་ཤིང་བརྟན་པའི་ནད་རྣམས་ལ་སྨན་དྷ་མར
་ཀའི་སྐྱུག་སྨན་འདོད་མ་ཡིན་ཏེ། ཟངས་རྩི་བ་དང། ཁ་སྲལ་ཕྲེའུ་དང། ཉེའུ་ཤིང་དང། རམ་ཉེ་བ་རྣམ་གཉིས་དང། སྲ་བ་ནི་དང། མེད་རྣམ་གཉིས་དང། མ་དུ་ལ་གི་དང། འདི་རྣམས་གང་ཡང་རུང་བའི་ཕྱེ་མ་དང། ར་ཛཱ་ཀོ་ཤ་ཏ་ཀི་ཞེས་བྱ་བ་དྷ་མར་ཀའི་ཕྱེ་མ་དང།
་བཅས་བ་སྦྲང་རྩི་དང་ཤ་ཁར་དང་སྦྱར་བའི་ལྡེ་གུ་ཟོས་ན་ལུད་པ་དང་སྙིང་ཚ་བ་ལ་རབ་ཏུ་བསྔགས་སོ། །མཁྲིས་པ་ཚ་བ་དང་བད་ཀན་དང་ལྡན་པ་ལ་ཡང་གོང་གི་སྦྱོར་བ་གང་ཡང་རུང་བ་ཆུ་དྲོ་འཇམ་དང་སྦྱར་བ་བཏང་ངོ། །འུ་སུ་དང་གཡེར་མ་བསྐོལ་བའི་ཁུ་བའི
་ནང་དུ་དྷ་མརྒའི་ཕྱེ་མ་བཏབ་སྟེ་བླུད་ན་དུག་ནད་འཇོམས་སོ། བིམྦ་དང། བ་སྤྲུ་བ་དང། ཀ་ས་མརྡྷ་ཀ་གང་ཡང་རུང་བ་བསྐོལ་བའི་ཁུ་བའི་ནང་དུ་དྷ་མརྦའི་འབྲས་བུ་གཅིག་གམ་གཉིས་མཉེས་ལ་ཚིགས་མ་པོར་ཏེ་དངས་མ་བླུད་ན་སྙིང་ནད་ལ་ཕན་ནོ། །དྷ་མརྒའི་འབྲས
་བུ་འོ་མ་དང་ལྷན་ཅིག་བསྐོལ་ཏེ། དེ་ལས་བྱུང་བའི་མར་བཏུང་བ་འམ། ཡང་ན་བོ་སོན་ཆ་དང། དུག་མོ་ཉུང་དང། ཛི་མུ་ཏའི་འབྲས་བུ་དང། འདི་རྣམས་རེ་རེ་ནས་སྦྱོར་བ་དེ་ལྟར་བྱས་ན་སྐྱུག་སྨན་དུ་བཟད་དོ། །མཛེ་དང། སྐྱ་རྦབ་ཀྱི་ནད་དང། མཆེར
་བའི་ནད་དང། སྐྲངས་པ་དང། སྐྲན་དང། སྦྱར་བའི་དུག་དང། འདི་རྣམས་ལ་ནི་ཚ་བ་དང། རྣོ་བ་དང། དྲོ་བའི་སྐྱུགས་སྨན་བསྔགས་སོ། །བོ་སོན་ཆ་དང། སྐུ་བ་ཁ་པོ་དང། དྷ་མརྒར་དང། དུག་མ་ཉུང་དང། ཛི་མུ་ཏ་དང། ཀྲི་ཏ་བེ་དྷ་ཀ་དེ་རྣམས་གང་ཡང་རུང་བ་གཅིག་དང། ཀོ་ཤ
་ཏ་ཀི་ཆ་བསྙམས་ཏེ་བསྐོལ་བའི་ཁུ་བ་དང། ཡུལ་སེར་ཆེ་བ་ནས་བྱུང་བའི་ཤ་ཁུ་དང་ལྷན་ཅིག་བསྐོལ་ཏེ། ལན་ཚ་དང་བཅས་པ་བླུད་དོ། །ཡང་ན་པོ་སོན་ཆ་ལ་སོགས་པའི་འབྲས་བུ་གང་ཡང་རུང་བ་གཅིག་དང། པི་པི་ལིང་ཆ་མཉམ་པ་ཀོ་ཤ་ཏ་གའི་ཁུ་བ་དང་སྦྱར་བ
་འམ་ཡང་ན་ཀོ་ཤ་ཏ་ཀི་བསྐོལ་བའི་ཁུ་བ་དང་སྦྱར་བ་བླུད་དོ། དུག་མོ་ཉུང་གི་སྦྱོར་བའི་སྐྱུགས་སྨན་ནི་བྱིས་པ་ཤིན་ཏུ་གཞོན་པ་ལ་བཏང་བ་ཡིན་ཏེ། དེ་བཞིན་དུ་བད་ཀན་ཁྲག་མཁྲིས་དང་བཅས་པ་དང། རིམས་དང། ཤུ་བ་མཆེད་པ་དང། སྙིང་ནད་དང། དྲེག་ནད་དང
་མཛེ་དང། འདི་རྣམས་ལ་རབ་ཏུ་བསྔགས་སོ། །ཡུངས་ཀར་དང། མ་དུག་དང། རྒྱམ་ཚ་དང། དེ་རྣམས་གང་ཡང་རུང་བ་བསྐོལ་བ་འམ། ཡང་ན་དུག་མོ་ཉུང་གི་ས་བོན་ཀྲི་ས་ར་དང་ལྡན་པ་སྐྱུགས་སྨན་གྱི་དོན་དུ་བླུད་དོ། །དུག་མོ་ཉུང་གི་ས་བོན་ཨརྐའི་འོ
་མའི་ནང་དུ་ཞག་བདུན་གྱི་བར་དུ་བསྒོས་ཤིང་བྲན་ཏེ། བསྐམས་ལ་བཏགས་པའི་ཕྱེ་མ་པོ་སོན་ཆ་དང། ཛི་མུ་ཏ་དང། སྐུ་བ་ཁ་བོ་དང། ཛི་བནྟི་དང། ཛི་བ་ཀ་དང། དེ་རྣམས་གང་ཡང་རུང་བ་གཅིག་བསྐོལ་བའི་ཁུ་བའི་ནང་དུ་བཏབ་ཏེ་བླུད་དོ། །སློན་སྨན་གྱི་སྦྱོར
་བ་བོ་སོན་ཆ་ལ་སོགས་པ་འདི་དག་ནི་གཙོར་སྨོས་པ་ཙམ་དུ་ཟད་ཀྱི། སྐྱེས་བུ་བློ་དང་ལྡན་པ་རྣམས་ཀྱིས་གཞུང་གཞན་ལས་འབྱུང་བ་རྣམས་ཀྱང་ཅི་རིགས་སུ་སྦྱོར་ཅིག་ཆོ་ག་གྲུབ་པའི་གནས་ལས་ལེའུ་དང་པོ་རྫོགས་སོ།། །།
་དེ་ནས་བཀྲུ་སྨན་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་དུར་བྱི་དང་པོ་ཟོས་ཤིང་མ་ཞུ་བའི་ཚེ་ན་ནི་རོ་བསྐལ་མངར་ཞིང་རྩུབ་པ་ཡིན་ཏེ་ཞུ་ནས་ནི་རོ་ཚ་བ་ཡིན་ལ་བད་ཀན་དང་མཁྲིས་པ་འཇོམས་ཤིང་རྩུབ་པས་ནི་རླུང་འཁྲུགས་པར་བྱེད་དོ། །དུར
་བྱིད་དེ་སྨན་དང་སྦྱར་ན་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་འཇོམས་ཏེ། ཁྱད་པར་དུ་ཆོ་ག་བཞི་ལྡན་པར་བྱས་ན་ནད་གཞི་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །དུར་བྱིད་དེ་ཡང་རྣམ་པ་གཉིས་ཏེ། རྩ་བ་སྨུག་ནག་དུ་འདུག་པ་དང། དུར་བྱིད་དཀར་པོ་དང་གཉིས་སུ
་བཤད་དེ་དེ་གཉིས་ཀྱང་དུར་བྱིད་དཀར་པོ་ནི་མཆོག་ཏུ་བསྔགས་ཏེ། ཆོ་ག་བསྲུང་མི་དགོས་ཤིང་བགུ་སྨན་འཇམ་པོ་ཡིན་ཏེ། སྐྱིད་དེ་བསྡུག་མ་མྱོང་བ་རྒན་པོ་དང་རྒྱུ་སྙི་བ་རྣམས་ལ་བཏང་བ་ཡིན་ནོ། །དུར་བྱིད་མུག་ནག་ནི་བརྒྱལ་ཞིང་རྨོང་བག་དུ་བྱེད་ལ།
་མགྲིན་བགྲ་མས་གང་ཞིང་བླུད་པ་ལྟར་བྱེད་ལ། རྣོ་ཞིང་མྱུར་དུ་འཁྲུ་བའི་བདག་ཉིད་ཡིན་བས་ལྟོ་ཤིན་ཏུ་སྲ་བ་དང། ནད་གཞི་མང་བོས་ཉམ་ཐག་སྟེ་ལུས་ཤིན་ཏུ་ཟད་པ་ལ་བསྔགས་སོ། །དུར་བྱིད་དེ་བཏུང་བའི་དུས་སུ་ཡང་རྩ་བ་གཡས་གཡོན་དུ་མ་འཕྲོས
་ཤིང་བཟབས་སུ་དྲང་པོར་འདུག་པ་དེ་ཕྱུང་ལ་དབུས་ཀྱི་སྙིང་པོ་བོར་ཏེ་ཤུན་པ་བསྐམས་ལ་སྦས་ནས་སྣོད་དུ་གཞུག་གོ་།དེ་བཀྲུ་སྨན་དུ་སྦྱར་བ་ནི་སླུད་ནད་ཅན་ལ་ནི་དུར་བྱིད་ཕྱེ་མར་བྱ་སྟེ། རྒྱམ་ཚ་དང། བཅའ་སྒ་ཟད་དང། སྐྱུར་དང་སྦྱར་ཏེ་བླུད་དོ། །མཁྲིས
་པ་ལས་གྱུར་པའི་ནད་ལ་ནི་དུར་བྱིད་མར་དང། སྦྲང་རྩི་དང་ཁར་དང་བཅས་པ་འོ་མ་དང་རྒུན་ཆུ་དང་བུ་རམ་ཤིང་གི་ཁུ་བ་དང་ཏམ་བ་ལ་དང་སྨན་མངར་བའི་སྡེ་ཚན་དང། འབྲས་བུ་གསུམ་དང། དེ་རྣམས་ཀྱི་ཁུ་བ་གང་ཡང་རུང་བ་དང་སྦྱར་ལ་བླུད་དོ། །བད
་ཀན་ལས་གྱུར་བའི་ནད་ལ་ནི་སཱ་ལུའི་ཁུ་བ་དང། བ་གཅིན་དང། རྩ་བས་སྐྱུར་པོ་དང། ཚ་བ་རྣམ་པ་ལྔའི་ཁུ་བ་དང་བད་ཀན་འཇོམས་པའི་སྨན་ཉུང་ཤས་དུར་བྱིད་ཀྱི་ཕྱེ་མ་དང་སྦྱར་བ་བླུད་དོ། །དུར་བྱིད་བསྐོལ་བའི་ཁུ་བ་གྲངས་པའི་ནང་དུ་ཁར་དང། སྦྲང་རྩི་དང། དྲི
་སྣ་གསུམ་དང་སྦྱར་བ་བླུད་པའམ། ཡང་ན་དུར་བྱིད་ཀྱི་ཕྱེ་མ་ཁ་ར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡགས་ན་བཀྲུ་སྨན་ཡིད་དུ་འོང་བ་ཡིན་ན། ། ཛཱ་གནདྷ་དང། སྨྱིག་རྐང་དང་ཁི་ད་རི་དང་ཤ་ཁར་དང། འདི་རྣམས་དང་དུར་བྱིད་ཀྱི་ཕྱེ་མ་སྦྲང་རྩི་དང་མར་སྦྱར
་བའི་ལྡེ་གུ་བལྡོགས་ན་འདུས་པ་དང། རིམས་དང། ལུས་རེངས་པ་དང། ལུས་ཚ་བ་དང། སྐོམ་དད་ཀྱིས་གཟིར་བ་ལེགས་པར་འཁྲུ་བར་བྱེད་དོ། །ཡང་ན་བུ་རམ་ཤིང་གི་སྡོང་བུ་བཀས་ཏེ། དུམ་བུ་གཉིས་སུ་བྱས་པའི་ནད་ངོས་དུར་བྱིད་ཀྱི་ཕྱེ་མ་ལྡེ་གུར་བྱས་ཏེ།
་བསྐུས་ཏེ་སླར་སྦྱར་བས་སྣོད་ཁ་སྦྱར་གྱི་ནང་དུ་ཆོ་ག་བཞིན་དུ་ཚོས་པར་བྱས་ནས་ཟོས་ན་འདུས་པ་ལས་གྱུར་པའི་ནད་ལེགས་པས་འཁྲུ་བར་འགྱུར་རོ། །ཤིང་ཆ་དང་སུང་སྨེལ་ཆ་མཉམ་པ་དང། དེ་གཉིས་དང་ཆ་མཉམ་པའི་ནི་ལི་ནི་དང། སྨན་གསུམ་པོ་དེ་དག་དང
་མཉམ་པའི་དུར་བྱིད་དང། སྨན་དེ་བཞི་དང་མཉམ་པའི་ཤ་ཁ་ར་དང། འདི་རྣམས་ཀྱི་ཕྱེ་མ་རྒུན་འབྲུའི་ཁུ་བའི་ནང་དུ་སྦྲང་རྩི་དང་ཕྱེས་བཏབ་པའི་སྐྱོ་མ་འཐུངས་ན་རླུང་དང། མཁྲིས་པ་དང་བད་ཀན་ལས་གྱུར་པའི་ནད་དང། མེའི་དྲོད་ཆུང་བ་དང། སྐྱེས་བུ་སྐྱིད་དེ་བ་དང།
་ཤིན་ཏུ་གཞན་བ་རྣམས་ལ་ཆོ་ག་བསྲུང་མི་དགོས་པར་འཁྲུ་བར་བྱེད་དོ། །བི་དང་ག་ཕུབ་མ་མེད་པ་དང་འབྲས་བུ་གསུམ་དང། ནས་ཚིག་འཁུས་བའི་ཐལ་བ་དང། པི་པི་ལིང་དང། སྨན་སྣ་གཅིག་གི་གསུམ་འགྱུར་གྱི་?་?་ཙ་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་འམ། མར།
་རམ་བུ་རམ་དེ་རྣམས་གང་ཡང་རུང་བའི་ལྡེ་གུ་བལྡགས་ན་ཡི་ག་འཆུས་བ་དང། སྐྲན་དང་མཆེར་བ་དང། མདུ་རྫིང་དང། ལུད་པ་དང། ནད་དྷ་ལི་མ་ཀ་དང། གཞན་ཡང་བད་ཀན་དང། རླུང་ལས་གྱུར་པའི་ནད་མྱུར་དུ་སྦྱོར་བར་བྱེད་དོ། །བི་དང་ཀ་དང། པི་པི་ལིང་མུ་ལ་དང
་འབྲས་བུ་གསུམ་དང། འུ་སུ་དང། ཙི་ཏྲ་ཀ་དང། ན་ལེ་ཤམ་དང། དུག་མོ་ཡུངས་དང། ཟིར་དང། པི་པི་ལིང་དང། ཧསྟིའི་པི་པི་ལིང་དང། ཏིང་མུས་དང། ལན་ཚ་རྣམ་ལྔ་དང། འདི་རྣམས་ཞོ་གཉིས་གཉིས་ཕྱེ་མར་བྱས་པ་དང། ཏྲི་བི་ཙ་སྲང་བརྒྱད་ཀྱི
་ཕྱེ་དང། ཏིལ་མར་སྲང་བརྒྱད་དང། སྐྱུ་རུ་རའི་འབྲས་བུའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་དང། བུ་རམ་སྲང་སུམ་བརྒྱ་ལྔ་བཅུ་དང། དེ་རྣམས་ལྷན་ཅིག་མེ་མི་ཆེ་བ་དང་བསྐོལ་བ་ནི་དགེ་བའི་བུ་རམ་ཞེས་བྱ་བའི་སྦྱོར་བ་ཡིན་ཏེ། དུས་ཐམས་ཅད་དུ་སྦྱོར་བ་འདི་བྱང
་ཡང་རུང་སྟེ། ཆོ་ག་བསྲུང་མི་དགོས་བར་འདི་ལས་རན་པར་འཐུངས་ན་མཛེ་དང། མིག་སེར་དང། གཅིན་ནད་དང། སྐྲན་དང། མདུ་རྫིང་དང། མཚན་བར་རྡོལ་བ་དང། ཕོ་བའི་ནད་དང། སྐྱ་རྦབ་ཀྱི་ནད་རྣམས་འཇོམས་ཤིང་བུད་མེད་བུ་མེད་པ་ལ་བུ་ཡང་སྐྱེ་བར
་བྱེད་དོ། །ཚ་བ་གསུམ་དང། དྲི་སྣ་གསུམ་དང། གླ་སྒང་དང། བི་དང་ག་དང། སྐྱུ་རུ་ར་དང། སྤྱི་དང་མཉམ་པའི་དུར་དང། དེ་དང་མཉམ་པའི་ཁར་དཀར་པོ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་རི་ལུར་བྱས་བ་ཟོས་ན་གཅིན་སྲི་བ་དང། རིམས་དང། སྐྱུག་པའི་ནད
་དང། ལུད་པ་དང། སྐེམ་བྱེད་དང། མགོ་འཁོར་བ་དང། ཟད་བྱེད་ཀྱི་ནད་དང། ལུས་ཚ་བ་དང། སྐྱ་རྦབ་ཀྱི་ནད་དང། མེ་དྲོད་ཆུང་བ་དང། དུག་ཐམས་ཅད་ལ་རབ་ཏུ་བསྔགས་སོ། །དུར་བྱིད་དང་དུག་མོ་ཡུངས་དང། པི་པི་ལིང་དང། བཅའ་སྒ་འདི་རྣམས་ཀྱི་ཕྱེ་མ
་སྦྲང་རྩི་དང་རྒུན་འབྲུའི་ཁུ་བ་དང་སྦྱར་ཏེ། དབྱར་གྱི་དུས་སུ་བཀྲུ་སྨན་བཏང་བར་བཟང་ངོ། །དུར་བྱིད་དང། བྱི་ཚེར་བ་དང། གླ་སྒང་དང། ཁར་དང། བ་ལ་ཀ་དང། ཙན་དན་དང། ཤིང་མངར་དང་ས་ཧ་ལ་དང། འདི་རྣམས་ཀྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་སྟོན་གྱི་དུས་སུ
་བཀྲུ་སྨན་དུ་བཟང་ངོ། །ཏྲི་བ་ཏའི་དང། ཙི་ཏྲ་ཀ་དང། པ་ཐ་དང། ཟིར་དང། ས་ར་ལ་དང། ཤུ་དག་དང། རྩ་སྨན་ཁྲོན་བུ་དང། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་གུན་གྱི་དུས་སུ་བཀྲུ་སྨན་དུ་བཟང་ངོ། །དུར་བྱིད་དང་ཁར་ཆ་མཉམ་བ་ནི་སོ་གའི་བཀྲུ་སྨན་དུ་བཟང་ངོ།
་དུར་བྱིད་དང། ཁྱི་ལྕེ་བ་དང། སྤ་མའི་འབྲས་བུ་དང། པུ་ཙེ་ཤེལ་དང། ཁྲོན་བུ་དང་འདི་རྣམས་ཀྱི་ཕྱེ་མ་ཞག་གསུམ་གྱི་བར་དུ་གཅིན་གྱི་ནང་དུ་སྦང་ཞིང་སྣུམ་བཅོས་བྱས་པའི་མེ་ལ་བཏང་ན་དྲི་མ་ཐམས་ཅད་འབྱིན་པར་བྱེད་དོ། །ཤ་མ་དུར་བྱིད་དང། ཕྱི་ཚེར་བ་དང
་ཧ་ཏོ་པི་པི་ལིང་དང། དུག་མོ་ཡུངས་དང། ནི་ལི་ནི་དང། པུ་ཙེ་ཤེལ་དང། གླ་སྒང་དང། འབྲས་བུ་གསུམ་དང་འདི་རྣམས་ཀྱི་ཕྱེ་མ་ཤ་ཁུ་དང་མར་དང། ཆུ་དྲན་གང་ཡང་རུང་བ་ལས་དུས་ཐམས་ཅད་དུ་བཏང་ན་ཁོང་རྩུབ་པ་ལ་རབ་ཏུ་བསྔགས་སོ། །བཀྲུ་སྨན་དོང་ཀ
་ཛི་བཀྲུ་སྨན་འཇམ་ཞིང་རོ་མངར་ལ་བསིལ་བའི་ནུས་པ་དང་ལྡན་པ་ཡིན་པས་རིམས་དང། སྙིང་ནད་དང་དྲེག་ནད་དང། ཕྱིས་འགགས་པ་ལ་སོགས་པའི་ནད་ལ་རབ་ཏུ་ཕན་ནོ། །དོད་ཀ་ན་འཇམ་ཞིང་ཉེན་མེད་པའི་བཀྲུ་སྨན་གྱི་མཆོག་ཡིན་ཏེ་བྱིས་པ་དང།
་རྒན་བོ་དང་ལུས་སྐེམ་ཞིང་ཟད་པ་དང། ཤིན་ཏུ་བཞོན་པ་ལ་ཡང་སྦྱར་རོ། །དེ་ཡང་དོང་ཀའི་འབྲས་བུ་ལེགས་པར་སྨིན་པའི་དུས་སུ་བླངས་ན་དོང་ཀ་དེ་ཡང་སྐྱོན་མེད་ཅིང་སྲིན་བུས་མ་ཟོས་བ་ཁུར་གཅིག་ཙམ་བླངས་ཏེ་ཕྱེ་མའི་ནང་དུ་གཞུག་གོ། ནུབ་བདུན
་ལོན་པ་དང་ཕྱུང་ལ་ཉི་མ་ལ་བསྐམ་པར་བྱའོ། །དེ་ནས་ཤུན་པ་དང་འབྲས་བུ་བལ་ཏེ། སྙིང་པོ་སྣོད་གཙང་མའི་ནང་དུ་བཞག་གོར་བྱིས་པ་ལོ་བཞི་ནས་བཅུ་གཉིས་ཀྱི་བར་དུ་ལོན་པ་དང། མི་སྐྱིད་དེ་བ་ལུས་ཚ་བས་གདུངས་ཤིང་རྟུག་སྐམས་ཀྱིས་བཏབ
་པ་ལ་ནི་དོང་ཀའི་སྙིང་པོ་རྒུན་ཆུ་དང་སྦྱར་ལ་བཏང་ངོ། །དོང་ཀའི་སྙིང་པོ་བསྐོལ་བ་གྲང་མོ་ཆང་གི་དངས་མ་འམ། ཞོ་ག་ཆུ་འམ། སྐྱེ་རུ་རའི་འབྲས་བུ་འམ། སྐྱུར་བོ་གང་ཡང་རུང་བ་དང་ལྷན་ཅིག་སྦྱར་བའི་ནང་དུ་ཏྲི་བིད་ཀྱི་ཕྱེ་མས་བཏབ་པ་བླུད་དོ། །དནད
་བསྐོལ་བའི་ཁུ་བའི་ནང་དུ་དོང་ཀའི་སྙིང་པོ་དང་བུ་རམ་བཅུག་སྟེ་ཟླ་བ་ཕྱེད་དམ་གཅིག་གི་བར་དུ་བཞག་པའི་ཆང་བཏུང་བར་བྱའོ། །སེང་ཕྲོམ་གྱི་རྩ་བའི་ནང་དུ་ཤུན་བོར་ཏེ་ཕྱི་ཤུན་བླངས་ཏེ་སྐམས་ལ་ཕྱེ་མར་བྱ་སྟེ་དེའི་ཕྱེ་མའི་སུམ་ཆ་གཉིས་ནི་སེང
་ཕྲོམ་བསྐོལ་བའི་ནང་དུ་སྤངས་ཏེ། ཁ་ཅིག་ནི་རྩ་བ་བཅུ་བ་བསྐོལ་བའི་ཁུ་བའི་ནང་དུ་སྤངས་པ་ཡང་བསྐམས་ཏེ། ཡང་ཕྱེ་མར་བྱས་པའི་ཞོ་ག་ཆུ་དང། བ་གཅིན་དང། ཆང་གི་སྙིང་པོ་དང། རྒྱ་ཤུག་དང། སྐྱུ་རུ་རའི་ཁུ་བ་རྣམས་ལས་གང་ཡང
་རུང་བ་དང་སྦྱར་ཏེ། ལག་མཐིལ་དུ་བཞག་ལ་བཏུང་ངོ། །ཡང་ན་ནས་བསྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ་དང། ཤ་ཁ་ར་དང། མར་དང་སྦྱར་བའི་ལྡེ་གུ་དེ་ཡང་བཀྲུ་སྨན་གྱི་དམ་པ་ཡིན་ནོ། །དེ་ལ་སུ་དཀྵི་ར་ནི་ནད་གཞི་ཤ་ཆེར་གསོགས་ཤིང་གསོ་དཀའ་བ་ཡང་མྱུར
་དུ་འཇིག་བར་བྱེད་ལ། ཤིན་ཏུ་དྲག་ཅིང་རྩུབ་པ་ཡིན་བས་ལྟོ་སྟི་བ་དང། བྱིས་པ་དང། རྒན་པོ་དང། ནད་སྙིང་ཅན་ཉམ་ཆུང་བ་ལ་བཏད་དུ་མི་རུང་ངོ། །སུ་དཀྵི་ར་ཏེ་སྐྲན་དང། དམུ་རྫིང་དང། སྦྱར་བའི་དུག་དང། པགས་པའི་ནད་དང། གཅིན་སྦྲང་རྩི་ལྟ་བུ་བྱུང་བའི་ནད་དང།
་སྐྱ་རྦབ་དང། དུག་འཇོམས་པ་དང། སྐྲངས་པ་དང་ནད་གཞིས་སེམས་མི་དྲན་པ་ལ་ཡང་སུ་དཀྵི་ར་ཞེས་བྱ་བ་སྤུ་ཧི་སྦྱར་ན་ཕན་ནོ། །སུ་དཀྵི་རའི་ཤིང་དེ་ཡང་ཚེར་མ་རྣོ་བ་མང་པོས་ཁྱབ་པ་རབ་ཏུ་བཟད་དོ། །ཤིང་དེ་ཡང་ལོ་གཉིས་སམ་གསུམ་ལོན་པར་དཔྱིད་ཀྱི
་དུས་སུ་མཚོན་གྱིས་དྲལ་ཏེ་ལོ་མ་དབྱུང་བར་བྱའོ། །བིལྤ་ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང། པྲི་ཧ་སྟེ་རྣམ་གཉིས་དང། དེ་དག་གང་ཡང་རུང་བ་རེ་རེ་བསྐོལ་བའི་ཁུ་བ་དང་མཉམ་པའི་སུ་དཀྵི་ར་དང་བསྲེས་ཏེ། མེའི་མངག་མ་ལམ་རེག་བ་ཙམ་དུ་བསྐམས་ལ་རི
་ལུར་བྱས་ལ་ཞོ་ག་ཆུ་དང། བ་གཅིན་དང། ཆང་གང་ཡང་རུང་བ་དང་སྦྱར་ཏེ་བླུད་དོ། །དུར་བྱིད་དང། དོང་ཀ་དང། ཤང་ཀི་ནི་དང། དནྟི་དང། དྲ་བནྟི་དང། ས་ཏ་ལ་དང། འབྲས་བུ་གསུམ་དང་ཁྲོན་བུ་དང། དེ་རྣམས་གང་ཡང་རུང་བ་གཅིག་གི་ཕྱེ་མ་སུ་དཀྵི་རའི་འོ་མའི་ནང་དུ
་སྤང་ཞིང་བསྐམ་པར་བྱ་སྟེ། དེའི་འོག་ཏུ་ཤ་ཁུ་འམ་མར་གང་ཡང་རུང་བ་སྦྱར་ཏེ་བླུད་དོ། །དེ་བཞིན་དུ་ཚ་བ་གསུམ་དང། འབྲས་བུ་གསུམ་དང། ཏྲི་བི་ཙ་དང། དནྟི་དང། ཀྲུ་རྡུག་ཏྲེས་དང། དེ་རྣམས་ཀྱང་རེ་རེ་ན་སུ་དཀྵི་རའི་འོ་མ་དང། གོང་མ་བཞིན་དུ་བྱས་པ་བུ་རམ
་དང། ཆུ་དང་སྦྱར་ཏེ་གཏོང་ངོ། །སྨན་ཤང་ཁི་ནིའི་འབྲས་བུ་ཏིག་ཏ་ཞེས་བྱ་བ་ཧ་ཅང་མི་སྐམ་བ་བླངས་ཏེ་ཕུབ་མ་མེད་པར་བྱས་པ་དང། ས་ཏ་ལའི་རྩ་བ་ཡང་དེ་ལྟར་བྱས་ལ་དེ་གཉི་ག་ཡང་རྣོ་བར་འཁྲུ་བར་བྱེད་པ་ཡིན་ཏེ། བད་ཀན་གྱི་ནད་དང། དམུ་རྫིང་དང། སྦྱར་བའི་དུག་དང། སྐྲངས་པ
་ལ་སོགས་པ་ལ་སྦྱར་བར་བྱའོ། །སྙིང་ནད་དང། བད་ཀན་དང་རླུང་ལས་གུར་པའི་ནད་དང། དེ་བཞིན་དུ་ཁྲག་ལ་ཡང་བྱས་??་ཁི་ན་དང། ས་ཏ་ལ་གཉིས་ཆང་དང་ལན་ཚ་དང་བཅས་པ་ཞོ་གཉིས་ཙམ་གྱི་རི་ལུར་བྱས་ཏེ་སྦྱར་བར་བྱའོ། །དནྟིའི་ཙ་བ་བླང་པོ་ཆེའི་ཤ་ལྟར་བརྟན
་ཞིང་སྦོམ་བ་དང་དྲ་བནདའི་རྩ་བ་དམར་ལ་ཅུང་ཟད་གནག་བར་འདུག་པ་དང། གཉིས་ནི་རྣོ་བ་དང། དྲོད་ཆེ་ལ་མྱུར་དུ་འཁྲུ་བར་བྱེད་ལ། མཁྲིས་པ་དང་བད་ཀན་ནི་འཇུ་བར་བྱེད་དོ། །དནྟིའི་རྩ་བ་གླང་པོའི་སོ་ལྟར་བརྟན་ཞིང་སྤོམ་པ་དང། ཏྲ་བནྟིའི་རྩ་བ་དམར་ལ་ཅུང་ཟད
་གནག་པར་འདུག་པ་དང་གཉིས་ནི་རྣོ་བ་དང། དྲོང་ཆེ་ལ་མྱུར་དུ་འཁྲུ་བར་བྱེད་པ་ཡིན་པས། རླུང་ལྕི་བ་ནི་འཁྲུ་བར་བྱེད་ལ་མཁྲིས་པ་དང། བད་ཀན་ནི་འཇུ་བར་བྱེད་དོ། །དནྟི་དང་ཏྲ་བནྟིའི་རྩ་བ་དེ་གཉིས་སྦྲང་རྩི་དང་པི་པི་ལིང་གི་ལྡེ་གུས་ཕྱི་རོལ་ལྔས་བྱུགས་ལ་རྩཝ་དུར
་བས་དཀྲིས་ཏེ། དེའི་ཕྱི་རོལ་ནས་འཇིམ་པས་བསྐུས་ནས་མེ་ཆུང་ངུ་ཉི་མ་ལ་སྐམ་མོ། །དེ་ལྟར་བྱ་བ་ནི་ལུས་ཟུང་ཟད་པའི་ནུས་པ་ཞིལ་བར་བྱ་བའི་ཕྱིར་བྱ་བ་ཡིན་ནོ། །དེ་ལྟར་བསྐམས་པ་དང། ཞོ་ག་ཆུ་དང། ཆང་དང་དར་བ་དང། ཨ་ས་བའི་ཆང་དང། པི་ལུའི་ཁུ་བ་གང
་ཡང་རུང་བ་དང་ལྷན་ཅིག་སྦྱར་ཏེ་བཏང་ན་སྐྲན་དང། གཅིན་ནད་དང། དམུ་རྫིང་དང། སྦྱར་བའི་དུག་གིས་ལུས་ཉམ་ཐག་པ་ལ་ཕན་ནོ། །ཡང་ན་དེ་གཉིས་ཀྱི་ཕྱེ་མ་དང། རི་དགས་དང། རའི་ཤ་ཁུ་དང་སྦྱར་ཏེ་བཏང་ན་སྐྱ་རྦབ་དང། ལྟོ་བའི་སྲིན་བུ་དང། མཚན་བར་རྡོལ་བ་ལ་ཕན
་ནོ། །རྩ་བ་བཅུ་པ་དང། དནྟི་དང། ཏྲ་དནྟི་གཉིས་ཀྱི་ཕྱེ་མ་ཆོ་ག་བཞིན་ཡང་བསྐོལ་ལ་མར་ལྷག་མ་ལུས་པ་ལས་འཐུངས་ན་མེ་དཔལ་དང། མེ་དཔལ་ཕྲ་མོ་དང། ཁོང་འབྲས་དང། མཚན་ཁུང་ཚ་བ་དང། འདི་རྣམས་ལས་རྒྱལ་བར་བྱེད་དོ། །ཆོ་ག་དེ་བཞིན་དུ་ཏིལ་མར
་བསྐོལ་བ་དང་སྦྱར་ན་ཡང། གཅིན་ནད་དང། སྐྲན་དང། གཞང་འབྲུམ་དང། རྟུག་པ་འགགས་པ་དང། བད་ཀན་དང། རླུང་ལས་རྒྱལ་བར་བྱེད་དོ། དེ་བཞིན་དུ་སྣུམ་ཆེན་པོ་བཞི་ཆོ་ག་དེ་ལྟར་བྱས་ནས་འཐུངས་ན། རྟུག་པ་དང་རླུང་འགགས་པ་དང
་རྩ?་བཞིན་དུ་རླུང་ག་གོ་ནད་པར་གྱུར་པ་ལ་ཡང་ཕན་ནོ། དུར་བྱིད་ལ་སོགས་པ་སྨན་གོང་དུ་བསྟན་པ་དགུ་པོ་དེ་དག་ནི་བཀྲུ་སྨན་གྱི་ནང་ན་མཆོག་ཏུ་བཤད་དོ། ། རུ་ར་ཡང་དུར་བྱིད་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་ཉེ་བར་བརྟག་ཅིང་དཔྱད་པར་བྱའོ། །བུ་རམ་སྲང་བརྒྱད
་དང། ཨ་རུ་ར་རྔོག་མ་ཉི་ཤུ་དང། དནྟི་དང། ཙི་ཏྲ་ཀ་སྲང་རེ་རེ་དང། པི་པི་ལིང་དང། དུར་བྱིད་ཞོ་གཉིས་དང། འདི་རྣམས་ལྷན་ཅིག་སྦྱར་ཏེ་རི་ལུ་བ་ཅུར་བྱས་ལ་ཞག་བཅུ་བཅུ་ཞིང་རི་ལུ་རེ་རེ་ཟོས་ཏེ་དེའི་རྗེས་ལ་ཆུ་དྲོན་པོ་འཐུངས་ཞིང་རི་ལུ་བཅུ་པོ་ཟད་ཀྱི་བར་ལ
་ཐབས་དེ་ལྟར་བྱས་ན། ཆོ་ག་བསྲུང་མི་དགོས་པར་ནད་ཐམས་ཅད་ཟློག་བར་བྱེད་དོ། །ཁྱད་པར་དུ་ཕོ་བའི་ནད་དང། སྐྱ་རྦབ་དང་མཛེ་ནད་ཐིག་ལེ་དམར་པོ་ཅན་དང། གཞང་འབྲུམ་དང་གཡའ་བ་འདི་ལ་ཕན་ནོ། སྨན་གྱི་དངོས་པོ་ནུས་ཆུང་པ་ཡིན་ན་སྨན་རྣོན་པོ་དང་སྦྱར
་ན་ལས་ཆེན་པོ་བྱེད་དོ། །སྨན་ཐུན་ཆེ་བ་ཡིན་ན་ཡང་སྨན་རྣོ་བ་དང་མ་སྦྱར་ན་ནི་ལས་ཉུང་ངུ་བྱེད་པ་ཡིན་ནོ། །དུས་ཀྱི་བྱེ་བྲག་ལས་བརྟགས་ཏེ་རྣ་བ་དང་འཇམ་པའི་སྨན་ལེགས་པར་སྦྱར་ཏེ་བཏང་ངོ། །དེ་ལྟར་ལེགས་པར་སྦྱར་ན་ནི་སྨན་རྣོ་བ་ཡང་འཇམ་པོར
་འགྱུར་ལ། འཇམ་པོ་ཡང་རྣོ་བར་འགྱུར་རོ། །དེ་ལྟར་གོང་དུ་བཤད་པའི་བཀྲུ་སྨན་དེ་དག་ཀྱང་ཡིད་དང་རྗེས་སུ་མཐུན་པའི་སྨན་ཤིང་ཚ་དང། ནཱ་ག་གེ་སར་དང། ཨ་མྲ་ཏ་ཀ་དང་སེའུ་འབྲུ་དང། སུག་སྨེལ་དང། ཁ་ར་དཀར་པོ་དང། སྦྲང་རྩི་དང། ཁ་ལུང་དང་ཆང་ལ
་སོགས་པ་དྲི་ཞིམ་པོས་བསྒོས་ཤིང་བཏབ་ལ་ལྡན་པར་བྱས་ལ་བླུད་པར་བྱའོ། །ཆོ་ག་གྲུབ་པའི་གནས་ལས་བཀྲུ་སྨན་བཏང་བའི་ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་སྐྱུགས་སྨན་དང་བཀྲུ་སྨན་དང་དེ་གྲུབ་བར་བྱ་བའི་ཆོ་གའི་ལེའུ
་བཤད་པར་བྱ་སྟེ། གལ་ཏེ་སྐྱུགས་སྨན་དེ་ལྟོ་སྙི་བ་དང། ཤིན་ཏུ་ལྟོགས་པ་དང། བད་ཀན་ཆུང་བ་ལ་བཏང་ངམ། ཡང་ན་སྨན་ཤིན་དུ་རྣོ་བ་འམ། གྲང་ཆེས་པ་འམ་ཐུན་ཆུང་བ་འམ། ཟས་མ་ཞུ་བ་འམ། མཉམ་ཆུང་ཆེས་བ་ལ་བླུད་ན། སློན་གྱེན་དུ་མི་འབྱུང་བར་ཐུར་དུ་འགྲོ
་བར་འགྱུར་ཏེ། ཉེས་པ་ཕྱིར་སོགས་པར་འགྱུར་བས། དེ་བས་ན་དེ་ནི་ཡང་སྣུམ་པ་སོགས་པ་གོང་མའི་རིམ་པ་བྱས་ན་སློན་སྨན་ཡང་བཏང་ངོ། །བཀྲུ་སྨན་ཡང་ཟས་མ་ཞུ་བ་དང། བད་ཀན་དང་ལྡན་པ་ལ་བཏང་ངམ། ཡང་ན་བཀྲུ་སྨན་དེ་ཉིད་ཤིང་དུ་རྣོ་བ་དང། དྲོ་ཆེས་པ
་དང། ལན་ཚ་མང་ཞི་སྨན་ཐུན་ཆེས་པ་དང། ཡི་གར་མི་འོང་བཞིན་དུ་བྱིན་ན་སླར་སྟོད་དུ་འབྱུང་བར་འགྱུར་ཏེ། དེ་ལ་ནི་གོང་དུ་བཤད་པའི་ཆོ་ག་བཞིན་དུ་བཀྲུ་སྨན་ཡང་བྱའོ། །བཀྲུ་སྨན་དེ་བཏང་ཡང་ལེགས་པར་མ་གྱུར་ཏེ་ཕོ་བ་ལ་བརྟེན་ཅིང་འཁྲུར་མ་དེ་ཏུབ
་པ་ལ་ནི་གོམས་ཤིང་ཡི་གར་འོང་བ་སྤངས་ལ། གང་གནོད་པ་མི་སྐྱེད་པའི་བཀྲུ་སྨན་གྱིས་བསྣན་ནོ། །སྐྱེས་བུ་གང་གི་ལུས་སྣུམ་བཙོས་དང་དུགས་ཀྱིས་ཞེན་པར་བྱས་པ་ལ་སྨན་རྙིང་པ་རྩུབ་པའི་བཀྲུ་སྨན་བཏང་བས་ནད་རང་གི་གནས་ནས་སྐྱོང་ཅིང་འཁྲུམ་ནུས
་པས་མགོ་འཁོར་བ་དང། སྐྲང་བ་དང། སྐྱིགས་བུ་དང། མུན་པར་མཐོང་བ་དང། སྐོམ་དང་ཆེ་བ་དང། བྱིན་པའི་ཉན་བ་དང། ལུས་གཡའ་བ་དང། མགོ་བོ་ཚ་བ་ཆེ་ཞིང་མདོག་འགྱུར་བ་ལ་སོགས་པའི་ནད་དེ་རྣམས་སྐྱེད་པར་བྱེད་དོ། །ནད་པ་དེ་སྣུམ་དང་དུགས་ཀྱིས་ལེགས
་པར་བྱས་ཀྱང་མེ་དྲོས་ཆེ་བ་ལས་སྨན་རྙིང་པ་ཐུན་ཆུང་ངུ་བཏང་བ་འམ། ཡང་ན་གྲང་བ་དང། མ་ཞུ་བས་ཁོང་འཁྲིལ་ལ་གཏམ་ཞིང་དྲི་མ་འབྱུང་མི་ནུས་ཏེ། སྦྱོར་བ་ལ་སོགས་པས་གོང་གི་ནད་དེ་དག་འབྱུང་བར་འགྱུར་ཏེ། དེ་ལ་ནི་ཏིལ་མར་དང། ལན་ཚས་ལུས་བསྐུ་བྱུག
་བྱས་ལ་གདིང་བའི་དུགས་དང་ཤ་ཁ་ར་ཞེས་བྱ་བའི་དུགས་བྱ་སྟེ། དེའི་འོག་ཏུ་ནི་རུ་ཧ་བཏང་ཞིང་ཟས་སུ་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུ་སྦྱིན་ནོ། །དེའི་འོག་ཏུ་པོ་སོན་ཆ་དང། པི་པི་ལིང་དང་ཐང་ཤིང་དང། ཏིལ་མར་དང་སྦྱར་བའི་འཇམ་རྩི་བཏང་ངོ། །དེ་ནས་རླུང
་འཇོམས་པའི་སྨན་གྱིས་སྣུམ་བཅོས་བྱས་ལ། བཀྲུ་སྨན་རྣོན་པོ་བཏང་ངོ། །ནད་གཞི་སྟོབས་ཆེ་ཞིང་ཁོང་རྩུབ་ལ་མེ་དྲོད་ཚ་བ་ལ་སྨན་ཐུན་ཉུང་ངུ་བཏང་བས་ནད་གློངས་ཁོང་དུ་འཁྱིལ་ཞིང་ནད་གཞིས་ལམ་བཀག་ནས་ལྟེ་བའི་ཕྱོགས་སུ
་ཤས་ཆར་སྦོ་ཞིང། རྒྱབ་དང། རྩིབ་ལོགས་དང། མགོ་བོ་རྣམས་སུ་ཟུག་པ་དང། དབུགས་མི་བདེ་བ་དང། ཕྱིས་དང། གཅིན་དང། རླུང་རྣམས་མི་བཟད་པར་འགགས་པར་བྱེད་དེ་དེ་ལ་ནི་བསྐུ་བྱུག་དང། དུགས་དང། རེད་བུ་མས་བཏང་བ་དང། བཀྲུ་སྨན་དྲག་བོ་དང།
་འཇམ་རྩི་མས་བཏང་བ་རྣམས་བྱའོ། །ཡང་ན་གཞང་འབྲུམ་གྱི་སྐབས་སུ་བཤད་པའི་རྟུག་སྐམ་གསོ་བའི་ཆོ་ག་བྱས་ན་རབ་ཏུ་བསྔགས། །རྩ་བ་ལྔ་པ་དང། ནས་ཚིག་འཁུས་པའི་ཐལ་བ་དང། ཤུ་དག་དང། པུ་ཏི་ཀ་རཉྫ་དང། ལྕེ་མྱང་ཚ་དང། འདི་རྣམས་ནས་ཀྱི
་ཐུག་པ་དང་ལེགས་པར་སྦྱར་བ་འཐུངས་ན་ཟུག་གཟེར་དང། རྟུག་པ་འགགས་པ་དང། ལྟོ་སྦོ་བ་རྣམས་འཇོམས་སོ། །པི་པི་ལིང་དང། སེའིའུ་འབྲུ་དང། ཐལ་སྨན་དང། ཤིང་ཀུན་དང། བཅའ་སྒ་དང། སྟར་བུ་དང། ལྕེ་མྱང་ཆ་དང་འདི་རྣམས་ཆང་ངམ་མར་རམ་ཆུ་དྲོན
་པོ་གང་ཡང་རུང་བ་དང་སྦྱར་བ་བཏང་ན། ཚད་པ་དང་བད་ཀན་དུ་འཁྲུ་བ་དང། རྟག་ཏུ་འཛག་པ་དང། ཟུག་ཅིང་ན་བ་དང། མཁྲེག་པ་རྣམས་ལ་ཕན་ནོ། །སྨན་འཐུངས་ནས་དྲི་མ་ཅི་བདེར་མ་བཏང་སྟེ་འགགས་ན། ནད་གཞི་གསུམ་འཁྲུར་ཏེ་སྙིང་གི་ཕྱོགས་སུ་ནད་ལོག
་ནས་རོ་སྟོང་ཤིན་ཏུ་མི་བཟད་པར་འཛིངས་པར་འགྱུར་ཏེ། དེ་བཞིན་དུ་རྩིབས་ལོགས་སུ་ཟུག་པ་དང། སྐྱིགས་བུ་དང། ལུད་པ་དང་ཉམས་ཆུང་བ་དང། ཁ་ཆུ་འཛག་པ་དང། མིག་མི་བརྟན་པར་འགུལ་བ་དང། ལྕེ་འཆའ་བ་དང། དྲན་པ་ཉམས་པ་དང། སོ་ཀྲིག་ཀྲིག
་བདར་བར་འགྱུར་ཏེ། དེ་ལ་ནི་སྨན་པ་རྨོངས་པ་མེད་པར་བྱས་ཏེ། ནད་མཁྲིས་པ་ཡིན་པ་ལྟར་སྣང་ན་ནི་སྨན་མངར་བ་དང་སྦྱར་བའི་སྐྱུགས་སྨན་བཏང་ངོ། །བད་ཀན་ལྟར་སྣང་ན་ནི་སྨན་ཚ་བ་དང། ལྷན་ཅིག་སྐྱུགས་སྨན་བཏང་ངོ། །དེ་ནས་ཉས་བའི་ལྷག་མ་ལུས
་པ་ལྟ་ན་མེ་དྲོད་སྐྱེད་པའི་སྨན་བཏང་ལ་ནད་སྨིན་པར་བྱའོ། །དེའི་འོག་ཏུ་ནད་པ་དེའི་མེ་དྲོད་དང། ཉམས་སྟོབས་སྐྱེད་པའི་ཕྱིར་སྨན་དང་བཏུང་བ་རྣམས་བྱའོ། །སྨན་གྱི་སྦྱོར་བ་དྲགས་ཏེ་ཤས་ཆེར་སྐྱུག་པ་ལ་ནི་རླུང་གིས་སྙིང་གཟེར་ཅིང་ན་བར་འགྱུར་རོ། །དེ་ལ་ནི་སྣུམ་པ
་དང། སྐྱུར་བ་དང། ལན་ཚ་སྦྱིན་ནོ། མཁྲིས་པ་དང་བད་ཀན་གྱིས་སྙིང་ན་བལ་ནི་རང་རང་གི་སྨན་སྦྱར་བ་བཏང་ངོ། །དེ་ལ་སྨན་འཐུངས་ནས་བད་ཀན་གྱིས་རླུང་བཀག་སྟེ་འབྱུང་དུ་མི་སྟེར་བ་འམ། ཡང་ན་ནད་ཚ་བས་ཆེར་འབྱུང་སྟེ་རླུང་འཁྲུགས་ནས་ཡན་ལག་འཁུམས
་པ་དང། རེངས་པ་དང། འདར་བ་དང། ཟུག་གཟེར་བྱེད་པ་དང། ལུས་ཞིགས་པ་དང། ལུས་རྡུང་བ་སྙམ་བྱེད་པ་དང། ཟུག་པར་འགྱུར་ཏེ་དེ་ལ་ནི་རླུང་འཇོམས་པའི་སྨན་ཐམས་ཅད་དང་སྣུམ་བཅོས་དང། དུགས་དང་འཇམ་རྩི་མས་བཏང་བ་དང། བསྐུ་བྱུག་དང། ཆུ་ལུམས
་ལ་སོགས་པ་བྱས་ན་རབ་ཏུ་བསྔགས་སོ། །ལྟོ་སྙི་ཞིང་ཤིན་ཏུ་བཀྲེས་པ་ལས་བཀྲུ་སྨན་ཐུན་ཆེ་ཞིང་རྣོ་བ་བྱིན་ན། མྱུར་དུ་བད་ཀན་དང་མཁྲིས་པ་ཡང་འདྲེན་ཞིང་ལུས་བྲུངས་རྣམས་འབྱིན་ཞིང་ཟད་བར་བྱེད་དོ། །དེ་ལྟར་བཀྲུ་སྨན་གྱི་སྦྱོར་བ་དྲགས་པ་དེ་ལ་ནི་སྨན་ལྷག
་མ་ཁོང་ན་འདུག་པ་དེ་སྐྱུག་སྨན་གྱིས་ཡང་དྲང་བར་བྱའོ། །སྐྱུགས་སྨན་གྱི་སྦྱོར་བ་དྲགས་བས་མང་དུ་སྐྱུགས་པ་ལ་ནི་བཀྲུ་སྨན་འཇམ་པོ་བཏང་ངོ། །གཞན་ཡང་སྦྱོར་བ་དྲགས་པ་དེ་ལ་ནི། ལུས་ལ་བླུགས་པ་གྲང་མོ་དང། ཆུ་གྲང་གི་ནང་དུ་ལུས་གཞུག་པ་དང། བཟའ་
་བ་དང་བཏུང་བ་ལ་སོགས་པ་ཡང་གྲང་མོ་སྦྱར་ན་འཆད་པར་འགྱུར་རོ། །ཙན་དན་དཀར་པོ་དང། སྟང་ཟིལ་དང། པུ་ཙེ་ཤེལ་དང། དེ་རྣམས་ཀྱི་ཕྱེ་མ་དང། རའི་ཁྲག་དང། ཤ་ཁ་རའི་ཆུའི་ནང་དུ་འབྲས་ཡོས་ཀྱི་ཕྱེ་མ་བཏབ་པའི་སྐྱོ་མ་འཐུངས་ན། འཁྲུ་པའི་སྦྱོར་བ
་དྲགས་པ་གཅོད་ཅིང་ཕན་པའི་མཆོག་ཡིན་ནོ། །སློན་སྨན་གྱི་སྦྱོར་བ་དྲགས་པ་ལ་ནི་ཆུ་གྲང་མོས་བླུགས་པ་དང། རྒུན་འབྲུ་ལ་སོགས་པའི་ཁུ་བ་མར་དང་སྦྲང་རྩི་དང་ཁ་ར་དང་ལྡན་པའི་སྐྱོ་མ་བླུད་དོ། །སྒྲེགས་པ་དང་བཅས་པའི་སློན་ཚབས་ཆེར་འབྱུང་བ་ལ
་ནི་མུར་བ་དང། འུ་སུ་དང། གླ་སྒང་དང། མདུ་ཀ་དང། སྟང་ཟིལ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་སྦྱར་བ་བྱིན་ནོ། །སྐྱུག་བཞིན་དུ་ལྕེ་ནང་དུ་འཁུམས་པ་ལ་ནི་སྣུམ་པ་དང། སྐྱུར་བ་དང། ལན་ཚ་དང་ལྡན་པ་ཡིད་དུ་འོང་བའི་སྨན་མ་ཁུར་བར
་བཅད་བ་དང། དེ་བཞིན་དུ་ཡིད་དུ་འོང་བའི་མུངྒ་ལ་སོགས་པའི་ཁུ་བཅུད་དང་ཤ་ཁུ་ཕན་ནོ། །ལྕེ་ནང་དུ་འཁུམས་པའི་ནང་པའི་དྲུང་དུ་སྐྱེས་བུ་གཞན་ཞིག་ཤིང་ཏོག་སྐྱུར་བ་ཟར་བཅུག་ན་ཕན་ནོ། །ལྕེ་ཕྱིར་ཕྱུང་སྟེ་སྡུད་མི་ནུས་པ་ལ་ནི་ཏིལ་དང་རྒུན་འབྲུམ་བཏགས
་པའི་ལྡེ་གུས་བསྐུས་ཏེ་སླར་གཞུག་པར་བྱའོ། །སྐད་འགག་ས་ཤིང་རླུང་ནད་སྐྱེས་པ་ལ་ནི་དུས་ཤེས་པའི་སྨན་པས་ནས་ཐུག་མར་དང་ཤ་ཁུ་ལས་གཞི་བླངས་པའི་ཐུག་པ་སླ་མོ་བྱིན་ཏེ། དེ་བཞིན་དུ་སྣུམ་བཅོས་དང་དུགས་སྦྱར་བར་བྱའོ། །དེ་ལ་སྨན
་གྱི་སྦྱོར་བ་ཐུན་ཆེས་ཏེ་དྲགས་པས་ཁྲག་དབྱུང་སྟེ། དེའི་མིང་ནི་སྲོག་སྟོང་པ་ཞེས་བྱ་བར་བཤད་དེ། འདི་ནི་སྲོག་དང་བཅས་པར་འབྱུང་བ་ཡིན་ནོ། །དེ་ལྟར་འབྱུང་བའི་ཁྲག་དང་ཟས་སུ་བསྲེས་ཏེ་ཁྱི་འམ་བྱ་རོག་ལ་བྱིན་ལ་དེས་ཟོས་པར་གྱུར
་ན་ནད་པ་འཚོ་བ་ཡིན་ལ། མ་ཟོས་ན་ནི་མཁྲིས་པ་སྲོག་ཅེས་བྱ་བ་འབྱུང་བ་ཡིན་པས་འཆི་བར་སྟོན་ཏོ། །ཡང་ན་རས་དཀར་པོ་ལ་ཁྲག་གིས་བསྒོས་ཏེ་བསྐམས་ལ་དེའི་འོག་ཏུ་ཆུ་དྲོན་གྱིས་བཀྲུས་ན། མདོག་འགྱུར་བ་ཙམ་ལས་མ་དག་པར་གྱུར་ན
་སྲོག་ཅེས་བྱ་བའི་མཁྲིས་པ་བྱུང་བ་ཡིན་པས་འཆི་བ་ཡིན་ལ་དག་ཅིང་རྗེས་མེད་པ་ཡིན་ན་ནི་ཁྲག་ཡིན་ཏེ་འཚོ་བར་བསྟན་ནོ། །སྦྱོར་བ་དྲགས་པ་ལས་སྐོམ་དང་ཆེ་བ་དང། བརྒྱལ་བ་དང། མ་ཞུ་བས་ཉམས་ཐག་པར་འགྱུར་ཏེ། དེ་ལ་ནི་མི་འཆི་བར་བྱ་བའི་གསོ་བ
་མྱུར་དུ་ཁྲག་དང་མཁྲིས་པའི་འཁྲུ་བ་གཅོད་པའི་སྨན་གྱིས་སྲོག་བསྲུང་བར་བྱའོ། །རི་དགས་དང། བ་ལང་དང། མ་ཧེ་དང། ར་དང་འདི་རྣམས་གསོན་པའི་ཁྲག་ཕྱུང་མ་ཐག་བླུད་ན་སྲོག་སླར་རྙེད་དེ་བརྟན་པར་འཛིན་པར་འགྱུར་རོ། །དེ་བས་ཁྲག་དེ་སྲོག་ཅེས་བྱ་བའི་མཁྲིས
་པའི་གནས་སུ་སོང་སྟེ་བརྟས་པར་བྱེད་དོ། རི་དགས་ལ་སོགས་པའི་ཁྲག་དེ་ཉིད་དཀྲུགས་ཏེ་ཁྲག་གིས་འཇམ་རྩི་མས་བཏང་བར་ཡང་བྱའོ། །ཡང་ན་པི་པི་ལིང་དང། ཏམ་པ་ལ་དང་ཤིང་མར་དང། དུར་བ་དང། པུ་ཙེ་ཤེལ་དང། འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བའི་ནང་དུ་མར
་གྱི་ཉིང་ཁུ་དང་སྟང་ཟིལ་དང་བཅས་པ་གྲང་མོའི་འཇམ་རྩི་མས་བཏང་བར་བྱའོ། །ཡང་ན་འཁྲུ་བ་གསོ་བའི་སྐབས་སུ་བཤད་པའི་བིད་རྩའི་འཇམ་རྩི་ཤིན་ཏུ་གྲང་བ་འམ། ཡང་ན་མར་གྱི་ཉིང་ཁུ་འཇམ་རྩི་མས་གཏང་བར་བྱའོ། །གཞང་ཕྱིར་བྱུང་བའི་ནད་ལ་ནི་དང་པོ་སྨན་བསྐོལ
་བའི་ཁུ་བས་འཁྲུ་བ་བཅད་ལ་དེ་ནས་སླར་གཞུག་གོ་།དྲན་པ་ཉམས་པ་ལ་ནི་སྙན་ཚིག་གི་རིག་བྱེད་དང། གླིང་བུ་དང། གླུ་དབྱངས་ལ་སོགས་པ་སྙན་པའི་སྒྲ་ཐོས་པར་བྱས་ན་དྲན་པ་རྙེད་པར་འགྱུར་རོ། །སྐྱུག་སྨན་དང་བཀྲུ་སྨན་དེ་གྲུབ་པར་བྱ་བའི་ཆོ་གའི་ལེའུ་གསུམ་པ་རྫོགས་སོ།
་དེ་ནས་སྨན་མས་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། བ་བླ་དང་སླེ་ཏྲེས་དང། འབྲས་བུ་གསུམ་དང། ར་སྣ་དང། རྩ་བ་བཅུ་པ་དང། འདི་རྣམས་སྲང་རེ་རེ་དང་པོ་སོན་ཆའི་རྡོག་མ་བརྒྱད་དང། རའི་ཤ་སྲང་ལྔ་བཅུ་དང་སྨན་དེ་རྣམས་ཀྱི་བཅུ་དྲུག་འགྱུར་གྱི་ཆུ་སྲང་ཉིས
་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ་བཙགས་ལ། ཚིགས་མ་བོར་ཏེ་བཞི་ཆ་སྲང་དྲུག་ཅུ་རྩ་བཞི་ལུས་པའི་ནང་དུ། ལ་ལ་པུད་དང། པོ་སོན་ཆ་དང། བིལྦ་དང། རུ་རྟ་དང། ཤེ་ཏ་པུཥཔ་དང། ཤུ་དག་དང། གླ་སྒང་དང། པི་པི་ལིང་དང། འདི་རྣམས་ཀྱི་ཕྱེ་མ་དང་བུ་རམ་དང་སྦྲང་རྩི
་དང། མར་དང། ཏིལ་དང། ལན་ཚ་དང་ལྡན་པར་བྱ་སྟེ། དྲོ་འཇམ་ཙམ་ལས་ཆོ་ག་བཞིན་དུ་འཇམ་རྩི་མས་བཏང་ན་མཆོག་ཡིན་ཏེ། ནད་ཐམས་ཅད་འཇོམས་པར་བྱེད་དེ། ནད་མེད་པ་ལ་བཏང་ན་ཡང་ཚེ་རིང་བ་དང་ལུས་བརྟ་བར་བྱེད་དོ། །ཕྱེ་མ་དང་བསྐོལ་བའི་ཚད་ནི
་སྨན་སྐོལ་བའི་ཁུ་བའི་བརྒྱད་ཆའི་ཕྱེ་མ་དང། བུ་རམ་སྲང་གཅིག་དང། མར་དང། སྦྲང་རྩི་བཞི་ཆ་དང་ལན་ཚ་ཅི་རན་ཙམ་བཏབ་ཏེ་སྐོལ་ལ་བཏང་ངོ། །འཇམ་རྩི་བཏང་བའི་ཆང་གཞན་དུ་མ་སྨོས་པ་རྣམས་ཀྱང་ཐབས་འདི་བཞིན་དུ་སྦྱར་བར་བྱའོ། །རྩ་བ་བཅུ་པ་དང
་ར་ཤ་ལྷན་ཅིག་ཆོ་ག་བཞིན་བསྐོལ་བའི་ནང་དུ་ཏིལ་མར་དང། མར་དང། ཞག་དང། སྣུམ་པོ་གསུམ་བཏབ་ཏེ། མས་བཏད་ན་ནི་རུ་ཧའི་མཆོག་ཏུ་དྲང་སྲོང་རྣམས་ཀྱིས་བཤད་དེ་རླུང་ནད་ཐམས་ཅད་འཕྲོག་གོ་།བ་ལ་དང། པ་ཏོ་ལ་དང། རྩ་བ་ཆུང་ངུ་དང། ཨེ་རཎྚ་དང།
་ནས་དང། སྨན་དེ་རྣམས་ཚུལ་བཞིན་དུ་བསྐོལ་བའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་རའི་ཤ་ཁུ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ་ཡང་བསྐོལ་ཏེ་ཁུ་བ་སྲང་སུམ་ཅུ་རྩ་གཉིས་ལུས་བའི་ནང་དུ་པྲི་ཡང་ཀུ་དང། པི་པི་ལིང་དང། གླ་སྒང་གསུམ་གྱི་ཕྱེ་མས་སྨན་ཁུའི
་བརྒྱད་ཆ་དང། ཏིལ་མར་དང། མར་དང། སྦྲང་རྩི་དང། རྒྱམ་ཚ་རྣམས་ལྷན་ཅིག་བསྐོལ་ཏེ་འཇམ་རྩི་མས་བཏང་ན་དེ་མ་ཐག་མེ་དྲོད་དང་ཉམས་སྟོབས་དང། ཤ་སྐྱེ་བར་བྱེད་ཅིང་མིག་གསལ་བར་འགྱུར་རོ། །ེ་རཎྚའི་རྩ་བ་སྲང་གསུམ་དང། པ་ལ་ཤ་སྲང་གསུམ
་དང། རྩ་བ་ལྔ་ཆུང་ངུ་དང། རྭ་སྣ་དང། བ་ལ་དང། སླེ་ཏྲེས་དང། ཨ་ཤ་གནདྷ་དང། བ་སྤྲུ་བ་དང། དོང་ཀྲ་དང། ཐང་ཤིང་དང། དེ་རྣམས་སྲང་རེ་རེ་དང། པོ་སོན་ཆ་རྡོག་མ་བརྒྱད་དང། དེ་རྣམས་ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ་བརྒྱད་ཆ་ལུས་པའི་ནང་དུ་ཤུ
་དག་དང། ཤུ་ཏི་དང། སྤ་མའི་འབྲས་བུ་དང། པྲི་ཡང་ཀུ་དང། ཤིང་མངར་དང། པི་པི་ལིང་དང། དུག་མོ་ཡུངས་ཀྱི་ས་བོན་དང། གླ་སྒང་དང། སྐྱེར་ཁཎྚ་དང། འདི་རྣམས་ཞོ་གཉིས་ཞིབ་དུ་བཏགས་པ་དང། ལན་ཚ་ཅི་རན་ཙམ་དང། སྦྲང་རྩི་དང། ཏིལ་མར་དང། བ
་གཅིན་དང། འདི་རྣམས་དང་སྦྱར་བའི་འཇམ་རྩི་མས་བཏང་ན་སྟོང་དུ་སྐྱུགས་པ་དང། མེ་དྲོད་སྐྱེད་པ་དང། བྱིན་པ་དང། བརླ་དང། རྐང་བ་དང། མཇུག་དོ་དང། རྒྱབ་དང། ལྟོ་བ་དང། སྙིང་དང། ཕོ་མཚན་རྣམས་སུ་ཟུག་བ་དང། ལུས་ལྕི་བ་དང། རླུང་དང་བཤང་གཅི་འགགས
་པ་དང་སྐྲན་དང། རྡེའུ་ཆགས་པ་དང། རླིག་རླུགས་དང། ཕོ་བའི་ནད་དང་གཞང་འབྲུམ་དང། དེ་དང་དེ་ལ་སོགས་པ་བད་ཀན་དང། རླུང་ལས་གྱུར་པའི་ནད་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །ཤིང་མངར་དང། སེང་ཕྲོམ་དང། ཨ་རུ་ར་དང་ཙན་དན་དང། པདྨ་དང། ཨུཏཔལ
་དང། འདི་རྣམས་འོ་མའི་མཆོག་པའི་འོ་མ་དང། ཚུལ་བཞིན་བསྐོལ་ཏེ་བསྒྲངས་པའི་ནང་དུ་འཚོ་བྱེད་སྡེ་བཅུའི་ཕྱེ་མ་དང། ཁ་ར་དང། སྦྲང་རྩི་དང། མར་དང་སྦྱར་བའི་འཇམ་རྩི་མས་བཏང་ན་མཁྲིས་པ་ལས་གྱུར་པའི་ནད་ལ་ཕན་ནོ། །ར་སྣ་དང། བ་ཤ་ཀ་དང། བཅོད་དང།
་བྱི་ཚེར་བ་དང། བ་བླ་དང། རྩའི་རྩ་བ་ལྔ་ཞེས་བྱ་བ་དུར་བྱིད་དང། ཀུ་ཤ་དང། བུ་རམ་ཤིང་དང། འདམ་བུ་དང། འབྲས་སཱ་ལུ་དང་འདི་རྣམས་ཀྱི་རྩ་བ་དང། རྩ་བ་ཆུང་ངུ་དང། ཐལ་ཏྲེས་དང། ཙན་དན་དང། ཤུག་པ་རྣམས་གཉིས་དང། ཤིང་མངར་དང། གསེང་ཕྲོམ་རྣམ་གཉིས
་དང། འདི་རྣམས་སྲང་ཕྲེད་ཕྱེད་ཆུ་དང། ཚུལ་བཞིན་བསྐོལ་བའི་ཁུ་བ་དང། འོ་མ་སྲང་དྲུག་ཅུ་རྩ་བཞི་དང་ཡང་བསྐོལ་ཏེ་འོ་མ་ཉི་ཚེ་ལུས་པ་དང། དེའི་ནང་དུ་ཛི་བནྟི་དང་མེ་ད་རྣམ་གཉིས་དང། ཉེའུ་ཤིང་དང། བི་ད་རི་དང། རམ་ཉེ་བ་རྣམ་གཉིས་དང། རྒུན་འབྲུ་དང་ཁ་ར་དཀར་པོ
་དང་ཛི་བ་ཀ་དང། པདྨ་གེ་སར་དང། པྲ་པུཎྜ་རི་ཀ་དང། ཨུཏཔལ་དང། པུཎྚ་རཱི་ཀ་དང། སེང་ཕྲོམ་དང། ཁྲ་ཏྲ་མ་ཕྲེའུ་དང། ཤིང་མངར་དང། ནཱ་ག་གེ་སར་དང། མུཉྫ་ཏ་ཀ་དང། ཙན་དན་རྣམ་གཉིས་དང། འདི་རྣམས་ཀྱི་ཕྱེ་མ་བཏགས་པ་དང། མར་དང་སྦྲང་རྩི་དང་རྒྱམ་ཚ་དང་ལྡན་བར་བྱ
་སྟེ། བསྒྲངས་པའི་ནི་རུ་ཧ་མས་བཏང་ངོ། །ནི་རུ་ཧ་བཏང་ནས་སླར་བྱུང་བ་ལྟ་ན་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་འམ། ཡང་ན་འོ་མ་དང་ལྷན་ཅིག་འབྲས་ཆེན་བྱིན་ལ་དེའི་འོག་ཏུ་ལུས་ཁྲུས་བྱས་ལུས་ཚ་བ་དང། འཁྲུ་བའི་ནད་དང། ཁྲག་དང་མཁྲིས་པ་རྒྱས་པ་དང། སྙིང
་ནད་དང། སྐྱ་རྦབ་ཀྱི་ནད་དང། རིམས་མི་བཟད་པ་རྣམས་དང། སྐྲན་དང་གཅིན་འགགས་པ་དང། མིག་སེར་ལ་སོགས་པ་མཁྲིས་པ་ལས་གྱུར་པའི་ནད་དོ་ཅོག་སེལ་ཏོ། །ཀོ་ཤ་ཏ་དང། དོང་ཀ་དང། ཐང་ཤིང་དང། མུར་བ་དང། གཟེ་མ་དང། དུག་མོ་ཅུང་དང། ཨརྐ་དང། པ
་ཐ་དང། རྒྱ་སྲན་དང། བྲི་ཧ་ཏཱི་དང། འདི་རྣམས་སྲང་ལྔ་དེ་དྲུག་འགྱུར་གྱི་ཆུ་སྲང་བརྒྱ་བཅུ་དང་བསྐོལ་ལ། བཞི་ཆ་སྲང་ཉི་ཤུ་ལུས་པ་དང། དེའི་ནང་དུ་ཡུངས་ཀར་དང། སུག་སྨེལ་དང་པོ་སོན་ཆ་དང། རུ་རྟ་དང། འདི་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང། སྦྲང་རྩི
་དང། པོ་སོན་ཆའི་མར་དང་ཐལ་སྨན་དང། ཡུངས་ཀར་གྱི་མར་དེ་རྣམས་སྲང་གཉིས་གཉིས་དང་ལྡན་པའི་ནི་རུ་ཧ་མས་བཏང་ན་མེ་དྲོད་ཆུང་བ་དང། ཟས་ཡི་གར་མི་འོང་བ་དང། བད་ཀན་ལས་གྱུར་པའི་ནད་ཐམས་ཅད་འཇོམས་སོ། །དེ་ནས
་ཤིན་ཏུ་གཞོན་པ་འམ་སྐྱིད་དེ་བའི་མི་ལ་ནི་སྣུམ་ཞིང་འཇམ་པའི་སྨན་སྲང་གཉིས་གཉིས་ཙམ་གྱི་ཚད་ཙམ་བཏང་བར་བྱ་སྟེ། དེ་ཡང་འོ་མ་སྲང་བཞི་དང། སྦྲང་རྩི་དང། ཏིལ་མར་དང། མར་སྲང་གཉིས་གཉིས་དང། འདི་རྣམས་ཁ་གཟར་དང་དཀྲུགས
་ཏེ་འཇམ་རྩི་མས་བཏང་ན་རླུང་ནད་འཇོམས་སོ། །སྟོབས་འཕེལ་ཞིང་མདོག་གསལ་བར་བྱེད་དོ། །ཏིལ་མར་དང་ཆང་གི་དངས་མ་དང། སྦྲང་རྩི་དང། མར་དང། དེ་དག་ཁྱོར་རེ་རེ་དང། བིལྦ་ལ་སོགས་པ་རྩ་བ་ཆེན་བསྐོལ་བའི་ཁུ་བ་སྲང་བཞི་དང། འདི་རྣམས
་མས་བཏང་ན་རླུང་ནད་རྣམས་ལས་རྒྱལ་བར་བྱེད་དོ། ཁ?་ཏོལ་དང། ནིམྦ་དང། པུ་ཏི་ཀ་དང། ར་སྣ་དང། ལོ་མ་བདུན་བ་དང། འདི་རྣམས་སྲང་རེ་རེ་བསྐོལ་བའི་ཁུ་བ་སྲང་གཉིས་གཉིས་དང། མར་སྲང་གཉིས་ཀྱི་ནང་དུ་ཡུངས་ཀར་གྱི་ཕྱེ་མ་བཏགས་པའི་ཁུ་བ་ལྔ
་ཞེས་བྱ་བ་ཡིན་ཏེ། མས་བཏང་ན་མིག་ནད་དང། སྲིན་ནད་དང། མཛེ་ནད་དང། གཅིན་ནད་རྣམས་འཇོམས་སོ། །ཏིལ་མར་དང། བ་གཅིན་དང། ཞོ་ཁ་ཆུ་དང། རྩབས་སྐྱུར་པོ་དེ་རྣམས་སྲང་གཉིས་གཉིས་ཡུངས་ཀར་བཏགས་པའི་ཕྱེ་མ་དང། སྦྲང་རྩི་དང་སྦྱར
་བའི་འཇམ་རྩི་བྱས་ན་བུད་མེད་ལ་ཕོད་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་སྦྱར་བ་མས་བཏང་ན་རྟུག་པ་འགགས་པ་དང། ལྟོ་སྤོ་བ་འཇིག་པར་བྱེད་དོ། །པ?་ཡསསྱ་དང། བུ་རམ་ཤིང་དང། ས་ལ་བརྞི་དང། ར་སྣ་དང་འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ནང
་དུ་པི་པི་ལིང་བཏགས་པའི་ཕྱེ་མ་དང། སྦྲང་རྩི་དང་མར་དང་བསྲེས་པའི་འཇམ་རྩི་བྱས་ན་བུད་མེད་ལ་ཕོད་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་ཀུན་ལ་འབྲས་བུ་མངོན་དུ་གྲུབ་ཅིང་གནོད་པ་མེད་ལ་སྟོབས་དང་ལུས་འཕེལ་ཞིང་རྒྱས་པ་དང། བདེ་བར
་བྱེད་པའི་འཇམ་རྩི་དུས་ཐམས་ཅད་དུ་སྦྱར་བར་བྱ་བ་བཤད་པར་བྱ་སྟེ། དེ་ཡང་སྦྲང་རྩི་དང། ཏིལ་མར་ཆ་མཉམ་པ་དང། རྒྱམ་ཚ་ཞོ་གཉིས་དང། ཤུ་ཏི་ཞོ་བཞི་དང། འདི་རྣམས་བཏགས་པའི་ཕྱེ་མ་ཨེ་རཎྚའི་རྩ་བ་བསྐོལ་བའི་ནང་དུ་སྦྱར་བ་ནི། སྦྲང་རྩི་དང
་ཏིལ་མར་ཆ་མཉམ་པ་ཞེས་བྱ་བ་ཡིན་ཏེ། དེ་ལ་ནི་རུ་ཧ་མས་བཏང་ན་བཅུད་ཀྱི་ལེན་དུ་འགྱུར་ཏེ། གཅིན་ནད་དང། གཞང་འབྲུམ་དང། སྲིན་བུའི་ནད་དང། སྐྲན་དང། རྒྱུ་ཆེར་སྐྱེས་པའི་ནད་སེལ་ཏོ། །སྦྱོར་བ་གོང་མའི་ནང་དུ་ཤིང་མངར་གྱི་ཕྱེ་མས་བསྲེས་ན་མིག་ལ
་ཕན་ཏེ་ཁྲག་དང་མཁྲིས་པ་ལ་ཕན་ནོ། །གླ་སྒང་བཏང་བའི་ཕྱེ་མ་སྦྲང་རྩི་དང་ཏིལ་མར་དང་ཤ་ཁུ་དང་མར་སྦྱར་བ་ནི་ཡ་བ་ན་ཞེས་བྱ་སྟེ། དེའི་འཇམ་རྩི་བྱས་ན་གཞང་འབྲུམ་དང། བརླ་དང། རླིག་པ་དང། ཕོ་མཚན་རྣམས་སུ་ཟུག་པ་ལས་རྒྱལ་བར་བྱེད་དོ། །ཡང་ན་སྦྲང་རྩི
་དང། མར་དང། ཞག་དང། ཏིལ་མར་སྲང་གཉིས་གཉིས་ཀྱི་ནང་དུ་རྒྱམ་ཚ་ཞོ་གཅིག་དང། སྤ་མའི་འབྲས་བུ་སྲང་ཕྱེད་ཀྱི་ཕྱེ་མ་དང་སྦྱར་བ་ནི་དེ་ཡང་ཡ་བས་ཞེས་བྱ་སྟེ། འཇམ་རྩི་མས་བཏང་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཨ་རཎྚའི་རྩ་བ་བསྐོལ་བའི་ཁུ
་བའི་ནང་དུ་ཤུ་དག་དང། པི་པི་ལིང་དང། པོ་སོན་ཆ་གསུམ་པའི་ཕྱེ་མ་དང། སྦྲང་རྩི་དང། ཏིལ་མར་དང། རྒྱམ་ཚ་ཅི་རན་ཙམ་བཏབ་པ་ཡུཀྟི་ར་ཐ་ཞེས་བྱ་སྟེ། དེའི་འཇམ་རྩི་མས་བཏང་བར་བྱའོ། །ཡང་ན་ཨེ་རཎྚའི་རྩ་བ་བསྐོལ་བའི་ནང་དུ་ཤུ་དག་དང། ཤུ་ཏི་དང།
་ཤིང་ཀུན་དང། རྒྱམ་ཚ་དང་ཐང་ཤིང་དང། ར་སྣ་དང། དེ་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང། སྦྱར་བ་ནི་ཉེས་པ་འཕྲོག་པ་ཞེས་བྱ་བའི་འཇམ་རྩི་ཡིན་ཏེ། འཇམ་རྩི་མས་བཏང་ན་དགེ་བར་འགྱུར་རོ། །ཡང་ན་རྩ་བ་ལྔ་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་དང། རྒྱམ་ཚ
་དང། ཤིང་མངར་དང། དེ་རྣམས་བཏགས་པའི་ཕྱེ་མ་དང། སྦྲང་རྩི་དང། ཏིལ་མར་བཏབ་པ་ནི་གྲུབ་པའི་འཇམ་རྩི་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཡང་ན་རྩ་བ་བཅུ་པ་དང། འབྲས་བུ་གསུམ་དང། པོ་སོན་ཆ་དང། བིལྤ་དང། དེ་རྣམས་བ་གཅིན་དང་ཚུལ་བཞིན
་བསྐོལ་བའི་ནང་དུ་པ་ཐ་དང། དུག་མོ་ཉུང་དང། གླ་སྒང་དང། པོ་སོན་ཆ་དང། ལན་ཚ་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང། ཏིལ་མར་དང། མར་དང་ཐལ་སྨན་བཏབ་པ་ནི་ཡུཀྟི་ར་ཐ་ཞེས་བྱ་སྟེ། དེ་ལས་རན་པར་མས་བཏང་ན། བད་ཀན
་གྱི་ནད་དང། སྐྱ་རྦབ་དང། གསུང་པ་དང། ཁུ་ཆུ་དང། རླུང་འགགས་པ་དང། ཁོང་འཁྲུགས་པ་རྣམས་ལ་རབ་ཏུ་བསྔགས་སོ། །གླ་སྒང་དང། པ་ཐཱ་དང་སླེ་ཏྲེས་དང། ཨེ་རན་དང། བ་བླ་དང། ར་སྣ་དང། བ་སྤྲུ་བ་དང། བཙོད་དང། དོ་དག་དང། པུ་ཙེ་ཤེལ་དང། ཁྱི་ལྕེ
་བ་དང། བ་རུ་ར་དང། པུ་ཙེ་ཤེལ་དང། རྩ་བ་ལྟ་བ་ཆུང་ངུ་དང། དེ་རྣམས་སྲང་རེ་རེ་དང། དེ་རྣམས་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ཚུལ་བཞིན་བསྐོལ་ཏེ་བཞི་ཆ་ལུས་པ་དང་བཙགས་ཏེ། ཚིག་མ་པོར་བའི་དངས་མ་འོ་མ་སྲང་དྲུག་ཅུ་རྩ་བཞི་དང་ཡང
་བསྐོལ་ཏེ། འོ་མ་ལུས་པ་དང། འོ་མའི་བཞི་ཆའི་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་མར་དང། སྦྲང་རྩི་དང། རྒྱམ་ཚ་དང། ཤིང་མངར་དང། ཤུ་ཏི་དང། པི་པི་ལིང་དང། དུག་མོ་ཉུང་དང། སྐྱེར་ཁཎྚ་དང། འདི་རྣམས་བཏགས་པའི་ཕྱེ་མ་བཏབ
་སྟེ་བསྲེས་པའི་འཇམ་རྩི་དྲོ་འཇམ་ཙམ་མས་བཏང་ན། ལུས་ཀྱི་ཤ་དང་མེ་དྲོད་དང། སྟོབས་དང། ཁུ་ཆུ་རྣམས་འཕེལ་ཞིང་དྲེག་ནད་དང། རྨོང་བག་དུ་འདུག་པ་དང། གཅིན་ནད་དང། གཞང་འབྲུམ་དང། སྐྲན་དང། བཤང་གཅི་འགགས་པ་དང། རིམས
་མི་བཟད་པ་དང། ཤུ་བ་མཆེད་པ་དང། རྒྱུ་རླུགས་དང། བད་ཀན་ཚད་པར་འཁྲུ་བ་རྣམས་འཇོམས་ཏེ། དེ་བཞིན་དུ་བརླ་དབྲག་དང། བརླ་དང་རྐེད་པ་དང། དཀུ་དང། གཉའ་རེངས་དང། རྣ་བ་དང། མགོ་བོ་རྣམས་སུ་ན་ཞིང་ཟུག་པ་དང། ཟླ་མཚན་གྱི་ནད་དང།
་སྨྱོ་བྱེད་དང། སྐྲང་བ་དང། ལུས་པ་དང། རྡེའུ་ཆགས་པ་དང། རླུང་འཁྱིལ་པ་རྣམས་སེལ་ཏོ། །གཞན་ཡང་མིག་ལ་ཕན་ཞིང་བུ་སྐྱེ་བར་བྱེད་དེ། ཡ་ག་ན་ཞེས་བྱ་བའི་འཇམ་རྩིའི་མཆོག་ཡིན་ཏེ། བཅུད་ཀྱི་ལེན་དུ་འགྱུར་རོ། །རི་དགས་གདོང་ཆུང་བ་རི་བོང་དང།
་ཕག་ལ་སོགས་པའི་ཤ་རྩ་བ་བཅུ་པ་དང་ལྷན་ཅིག་བསྐོལ་བའི་ཁུ་བའི་ནང་དུ་སྤ་མའི་འབྲས་བུ་དང། ཤུ་ཏི་དང། གླ་སྒང་བཏགས་པའི་ཕྱེ་མ་དང། སྣུམ་ཆེན་པོ་དང། ལྡན་པའི་ནི་རུ་ཧ་མས་བཏང་ན། ཤིན་ཏུ་བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །རྨ་བྱའི་གཤོག་པ་དང།
་མཁྲིས་པ་དང། རྒྱུ་མ་དང། རྐང་པ་དང་མཆུ་དང། རྟུག་པ་རྣམས་བོར་བའི་ཤ་འབའ་ཞིག་དང། རྩ་བ་ཆུང་ངུ་ལྔ་སྲང་རེ་རེ་དང། སྨན་གྱི་བརྒྱད་འགྱུར་གྱི་ཆུ་དང། འོ་མ་ལྷན་ཅིག་བསྐོལ་ཏེ་འོ་མ་ལུས་པའི་ནང་དུ། བི་ད་རི་དང། པི་པི་ལིང་དང། ཤིང་མངར་དང། ཤུ་ཏི
་དང། པོ་སོན་ཆ་བཏགས་པའི་ཕྱེ་མ་དང། མར་དང་སྦྲང་རྩི་དང། ལན་ཚ་ཅུང་ཟད་བཏབ་ཏེ། དེ་ལས་འཇམ་རྩི་མས་བཏང་ན་ལུས་ཀྱི་སྟོབས་དང་ཁུ་ཆུ་འཕེལ་བར་བྱེད་པའི་མཆོག་ཡིན་ཏེ། རྨ་བྱའི་ཆོ་ག་ཇི་ལྟ་བ་བཞིན་དུ་སྲེགས་པ་ལ་སོགས་པ་ཁྲོན་རྐོ་བས
་ཁ་ཟས་ཚོལ་བ་ཐམས་ཅད་དང། བྱེའུ་ལ་སོགས་པ་མཆུས་ཟས་ཐུ་བ་ཐམས་ཅད་དང། སེང་གེ་ལ་སོགས་པ་མཐུ་རྩལ་གྱིས་ཟས་ཚོལ་བ་ཐམས་ཅད་ཀྱི་ཤ་རེ་རེ་ལ་ཡང་ཆོ་ག་དེ་ལྟ་བྱ་སྟེ། དེ་བཞིན་དུ་ཆུ་ལ་གནས་པ་དད?་པ་དང། རོ་ཧ་སྟེ་ལ་སོགས
་པའི་ཤ་རྣམས་རྨ་བྱའི་ཆོ་ག་ལྟར་བྱ་སྟེ། ཉ་ཤ་ལ་ནི་འོ་མ་སྤང་ངོ། །སྲོག་ཆགས་གོ་ང་དང། སྲེ་མོ་དང། བྱི་ལ་དང། ཤ་ལྱ་ཀ་དང། བྱི་བ་དང། དེ་རྣམས་ཀྱི་ཤ་སྲང་བཅུ་བཅུ་དང། རྩ་བ་ལྔ་པ་དེ་དང་མཉམ་པ་དང་ཚུལ་བཞིན་བསྐོལ་ལ་འོ་མ་ལུས་པའི་ནང་དུ།
་པོ་སོན་ཆ་དང། པི་པི་ལིང་དང། ལན་ཚ་རྣམ་གཉིས་ཀྱི་ཕྱེ་མ་དང། ཁར་དང། ཏིལ་མར་དང། སྦྲང་རྩི་དང། མར་དང་ལྡན་པའི་འཇམ་རྩི་སྦྱར་ཏེ་བཏང་ན་བཅུད་ཀྱིས་ལེན་དུ་འགྱུར་ཏེ། ལུས་ཀྱི་རྩོལ་བས་གློག་འགྲམས་པ་དང། དབང་པོ་རྣམས་མི་གསལ་བ་དང།
་སྟོབས་དང། གཟི་མདངས་ཉམས་པ་དང། ཁུ་ཆུ་དང་བཤང་གཅི་འགགས་པ་དང་དྲེག་ནད་ལ་ཕན་ཞིང་དེ་བཞིན་དུ་རྟ་དང་གླང་པོ་ཆེ་དང། ཤིང་རྟ་ལ་སོགས་པ་ལས་ལྷུང་ཞིང་རྐང་ལག་ཆག་ཅིང་གྲུགས་པ་རྣམས་ལ་འཇམ་རྩི་བཏང་ན་སླར་འཚོ་བར
་འགྱུར་ཏེ། རོ་རྩ་བར་བྱེད་པའི་ཡུལ་ཡིན་ནོ། །བཟའ་བ་ནི་ཁ་སྲལ་དང། བྱི་ཚེར་བ་ལས་གཞི་བླངས་པའི་འོ་ཐུག་སྦྱིན་ནོ། །ེ་རཎྚ་ལ་སོགས་པའི་འཇམ་རྩི་མས་བཏང་བའི་སྦྱོར་བ་དེ་དག་ནི་ཆོ་ག་བསྲུང་མི་དགོས་པར་གྲུང་བའི་སྨན་དུ
་བཤད་པ་ཡིན་ནོ། །ད་ནི་རླུང་ནད་འཇོམས་ཤིང་བསྲུང་བ་དང་བཅས་པའི་འཇམ་རྩི་མས་བཏང་བ་བརྗོད་པར་བྱ་སྟེ། དེ་ཡང་རྩ་བ་བཅུ་པ་དང། བ་ལ་དང། རྭ་སྣ་དང། ཨ་ཤ་གནདྷ་དང། བ་སྤྲུ་བ་དང། སླེ་ཏྲེས་དང། ཨེ་རཎྚ་དང། ཏིཀྟ་དང། ག་བྲའི་རྩ་བ་དང། བ་ཤ་ཀ་དང།
་བྷུ་ཏི་ཀ་དང་ཉེའུ་ཤིང་དང། ས་ཧ་ཙ་ར་དང། ཀ་ཀ་ན་སེ་དང། དེ་རྣམས་སྲང་རེ་རེ་དང་ནས་དང། མོན་སྲན་གྲེའུ་དང། ཟར་མ་དང། རྒྱ་ཤུག་དང་རྒྱ་སྲན་དང། འདི་རྣམས་སྲང་གཉིས་གཉིས་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང་ཚུལ་བཞིན་བསྐོལ་ཏེ་བཞི་ཆ་ཁུ་བ་སྲང
་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པའི་ནང་དུ་ཨ་རུ་ར་དང། འཚོ་བྱེད་སྡེ་བཅུ་སྲང་རེ་རེའི་ཕྱེ་མ་དང་ཏིལ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་བསྐོལ་ཏེ། འཇམ་རྩི་མས་བཏང་ན་རླུང་ནད་ཐམས་ཅད་སེལ་བར་བྱེད་དོ། །ཡང་ན་ཐང་ལ་གནས་པའི་སྲོག་ཆགས་ཀྱི་ཞག
་འཚོ་བྱེད་སྡེ་བཅུ་དང། གོམས་པ་བཞིན་བྱས་པའི་འཇམ་རྩི་བཏང་ན་རླུང་ནད་ཐམས་ཅད་སེལ་ཏོ། །ཡང་ན་ཤུ་ཏི་དང། ནས་དང། བིལྦ་དང། རང་སྐྱུར་དང། ཏིལ་མར་དེ་རྣམས་ཚུལ་བཞིན་བསྐོལ་བའི་ཏིལ་མར་ནི་རླུང་ནད་ཅན་ལ་སྦྱར་རོ། །ཡང་ན་རྒྱམ་ཚ་མེའི་ནང་དུ་སྲེགས་ཏེ་དམར་པོར
་གྱུར་བ་དང། མར་གྱི་ནང་དུ་བསྙུགས་ཏེ། དེ་བཞིན་དུ་ཡང་དང་ཡང་བྱས་པའི་མར་གྱི་འཇམ་རྩི་མས་བཏང་ན་རླུང་ནད་ལས་རྒྱལ་བར་བྱེད་དོ། །ཛི་བནྟི་དང། པོ་སོན་ཆ་དང། མེ་ད་རྣམ་གཉིས་དང། སྲ་བ་ནི་དང། ཤིང་མངར་དང། བ་ལ་དང། ཤུ་ཏི་དང། ཟངས་རྩི་བ་དང། པི
་པི་ལིང་དང། ཀ་ཀ་ན་སེ་དང། ཉེའུ་ཤིང་དང། ཁ་སྲལ་དང། རམ་ཉེ་བ་འོ་མ་ཅན་དང། ཀ?་ཧ་སྲིཾ་གི་དང། ཟུར་བ་དང། ཤུ་དག་དང་འདི་རྣམས་བཏགས་པའི་ཕྱེ་མ་དང། མར་དང། ཏིལ་མར་དང། དེའི་གཞི་འགྱུར་གྱི་འོ་མ་དང་སྦྱར་ཏེ་འཇམ་རྩི་མས་བཏང་ན། ཉམས་རྟ་བ
་དང། རླུང་དང་མཁྲིས་པ་འཇོམས་ཤིང་ཉམས་སྟོབས་དང་མེ་དྲོད་དང་ཁུ་ཆུ་འཕེལ་བར་བྱེད་དེ། ཁྲག་དང་ཁུ་བའི་ནད་ཕྲོག་ཅིང་བུ་སྐྱེད་པར་བྱེད་དོ། །ཡང་ན་རྒྱམ་ཚ་དང་པོ་སོན་ཆ་དང་རུ་རྟ་དང། ཤུ་ཏི་དང་ལྕང་མ་དང། ཤུ་དག་དང། བ་བླ་ཀ་དང། ཤིང་མངར་དང། ག་བྲའི་རྩ་བ་དང། ཐང་ཤིང་དང།
་ཀཏཔ་ལ་དང། དོང་གྲ་དང། མ་ནུ་དང། མེ་ད་དང། དབྱི་མོ་དང། ཙི་ཏྲ་ཀ་དང། ཟུར་བ་དང། བི་དང་ག་དང། བོང་ང་དཀར་པོ་དང། ཏྲི་བ་ཙ་དང། ཧ་རེ་ནུ་ག་དང། ནི་ལི་ནི་དང། ཐི་ར་དང། བིལྦ་དང། ཏིང་མུ་ས་དང། པི་པི་ལིང་དང། དནྟི་དང། ར་སྣ་དང། འདི་རྣམས་ཆ་མཉམ་སྟེ་ཨེ་རཎྚའི་མར་རམ། ཏིལ
་མར་དང། བསྐོལ་བ་ལས་འཇམ་རྩི་བྱས་ན། བད་ཀན་ལས་གྱུར་པའི་ནད་ཐམས་ཅད་འཇམས་ཏེ། དེ་བཞིན་དུ་རླིག་རླུགས་དང། ཕྱི་ས་འཁྱིལ་བ་དང། སྐྲན་དང། གཞང་འབྲུམ་དང། མཆེར་བ་ན་བ་དང། གཅིན་ནད་དང། བརླ་རེངས་པའི་ནད་དང། ལྟོ་སྦོ་བ་དང། རྡེའུ་ཆགས་པ་རྣམས
་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་བིལྤ་ལ་སོགས་པའི་རྩ་བ་ལྔ་ཏིལ་མར་དང་བསྐོལ་བའི་འཇམ་རྩི་མས་བཏང་ན་རླུང་ནད་དང་བད་ཀན་གྱི་ནད་འཇོམས་སོ། །ཡང་ན་བད་ཀན་ལ་ཕན་པའི་སྨན་ཚ་བ་ལྔ་ལ་སོགས་པ་དང་ཏིལ་མར་ལྷན་ཅིག་བསྐོལ་ཏེ་འཇམ་རྩི་བྱས་ན་ཡང་ཕན?་ནོ?། །ཡང་ན
་ཏིལ་མར་དང་དེའི་བརྒྱད་འགྱུར་གྱིས་བསྐྱུར་དང་ལྷན་ཅིག་བསྐོལ་བའི་ནང་དུ། པོ་སོན་ཆའི་ཕྱེ་མས་བཏབ་པའི་འཇམ་རྩི་བད་ཀན་ཅན་ལ་བཏང་ངོ། །རྨོད་དག་ཏུ་གྱུར་པ་ལ་ནི་མས་བཏང་བ་རྣོ་བ་འཇམ་པོ་འདོད་དོ། དེ་རྣོ་བ་བཏང་བའི་རྗེས་ལ་ནི། འཇམ་པའི་སྨན་བཏང་སྟེ། དེ་ཡང་འཇམ
་པ་ནི། སྣུམ་པ་དང་མངར་བ་དང། བསིལ་བ་རྣམས་སོ། །འཇམ་པའི་རྗེས་ལ་ནི་རྣོན་པོ་བཏང་སྟེ། དེ་ལ་རྣོ་བའི་སྨན་ནི་བ་གཅིན་དང། བི་ལུ་དང། ཀྲུ་ཏྲུག་ཏྲེ་ས་དང། ལན་ཚ་དང། ཐལ་སྨན་དང། ཡུངས་ཀར་རྣམས་སོ། །དེ་ཡང་དུག་དང་གནས་སྐབས་ཤེས་པར་བྱས་ནས་འོ་མ་དང
་མར་ལ་སོགས་པ་ནི་འཇམ་པ་ལ་སྦྱར་རོ། །ཐོག་མར་སྨན་པ་བློ་དང་ལྡན་པས་ནད་པའི་ཉམས་སྟོབས་དང་དུས་ཀྱི་བྱེ་བྲག་དང། ནད་གཞི་དང། རང་བཞིན་གྱི་བྱེ་བྲག་ཤེས་པར་བྱས་ནས་ནད་བཞི་སོ་སོ་དང་མཐུན་པའི་སྨན་གྱི་སྡེ་མཚན་གང་ཡིན་པ་དང་སྦྱར་བའི
་འཇམ་རྩི་མས་བཏང་བར་བྱའོ། །ནད་པ་ཚ་བས་ཉམ་ཐག་པ་ལ་ནི་བསིལ་བའི་འཇམ་རྩི་བཏང་ཞིང་ཉམས་བརྟ་བའི་ཁ་ཟས་ལ་སོགས་པ་བསིལ་བག་སྦྱར་རོ། །གྲང་བས་ཉམས་ཐག་པ་ལ་ནི་སྨན་དང་ལྡན་པའི་འཇམ་རྩི་ཁ་ཟས་ལ
་སོགས་པ་དྲོད་བག་སྦྱར་རོ། །སྐྱེས་བུ་གང་གི་མཛེ་ནད་དང་ཚིལ་རྒྱས་པའི་ནད་དང། གཅིན་ནད་རྣམས་ལ་ནི་བཀྲུ་སྨན་སྦྱར་བར་རིགས་ཀྱི་ཉམས་བརྟ་བའི་འཇམ་རྩི་མི་བྱའོ། །ལུས་ཟད་པ་དང། གློ་འགྲམས་པ་དང། ཉམ་ཆུང་བ་དང། བརྒྱལ་བ་དང། ལུས
་རྗུད་པ་དང། སྐེམ་པ་དང། སློན་ཁྲུས་ཀྱིས་ལུས་དག་ཟིན་པ་རྣམས་ལ་ནི། སྐྱུག་སྨན་མི་བྱའོ། །དེ་བཞིན་དུ་གང་གི་སྲོག་ཟུངས་ཕྱི་ས་བརྟན་པར་འཛིན་པ་ལ་ཡང་བཀྲུ་སྨན་མི་བཏང་ངོ། །ཆོ་ག་གྲུབ་པའི་གནས་ལས་སྨན་མས་བཏང་བའི་ཆོ་གའི་ལེའུ་སྟེ་བཞི
་པ་རྫོགས་སོ།། །།དེ་ནས་སྨན་མས་བཏང་བའི་ཆོ་གས་ནད་ཕྱིན་ཏེ་སོས་པར་བྱ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ནད་པ་སྣུམ་དང་དུགས་མ་བྱས་པ་དང་ལྟོ་ཤིན་ཏུ་ལྕི་བ་མས་བཏང་བའི་སྨན་གྲང་མོ་དང། སྣུམ་དང། ལན་ཚ་ཉུང་བ་དང
་སྨན་ཐུན་ཚད་ཆུངས་པ་དང། ཡང་ན་བསྐ་བ་མས་བཏང་ན་སྨན་གྱི་སྟོབས་ཆུང་བས་ནད་གཞི་འཁྲུགས་ནས་མི་འབྱུང་སྟེ་སྦྱོར་བ་ལོག་པ་དེས་ནི་རུང་དང་ཕྱི་ས་དང་གཅིན་འགག་ཅིང་ཆུ་སོ་དང་ལྟེ་བ་ན་བ་ཡིན་ལ། ལུས་ཚ་ཞིང་དང་ཀ་མེར་མེར་པོར་བྱད
་པ་དང། གཞང་སྐྲང་བ་དང། གཡའ་བ་དང། འབྲས་བྱུང་བ་དང། མདོག་འགྱུར་བ་དང། གནས་ལ་མིང་དང་བ་དང། མེ་དྲོད་ཆུང་བར་འགྱུར་ཏེ། དེ་ལ་ནི་འཁྲུ་བ་གསོ་བའི་ལེའུ་ལས་འབྱུང་བའི་སྨན་བུ་ཏིཀ་དང། པི་པི་ལིང་དང། བཅའ་སྒ་དང། ཤུ་དག་དང།
་འུ་སུ་དང། ཨ་རུ་ར་བསྐོལ་བ་འམ། ཡང་ན་བིལྤ་དང། འུ་སུ་དང། གླ་སྒང་དང། བཅའ་སྒེ་དང། བ་ལ་ཀ་དང། དེ་རྣམས་བསྐོལ་བ་འམ། སྦྱོར་བ་དེ་གཉིས་གང་ཡང་རུང་བ་དྲོན་པོ་འཐུངས་ན་རབ་ཏུ་བསྔགས་སོ། །ཡང་ན་རྟུག་པ་འགགས་ཏེ་ཟུག་གཟེར་ཆེ་བ
་ལ་ན་པོ་སོན་ཆ་ལི་རེང་བུ་བཏང་ཞིང་དུགས་བྱ་བ་དང། དུས་ཚོད་ཤེས་པར་བྱས་ལ་བཀྲུ་སྨན་ཡང་བཏང་སྟེ། བིལྦའི་རྩ་བ་དང། དུ་རྦིད་དང། ཐང་ཤིང་དང། ནས་དང། རྒྱུ་ཤུག་དང། རྒྱ་སྲན་དང། འདི་རྣམས་བཏགས་པའི་ཆང་དང་བ་གཅིན་དང། ལྷན་ཅིག་མས་བཏང་ན་ཕྱི
་ས་འགགས་བསེལ་བར་འགྱུར་རོ། །དེ་ལ་ནད་གཞི་སྟོབས་ཆེ་བ་འམ། ཁོང་དུ་རྩུབ་པ་འམ། ལྟོ་སྲ་བ་ལ་སྨན་ཐུན་ཆུང་བ་འམ། ནུས་པ་ཆུང་བའི་སྨན་མས་བཏང་ན། ནད་གཞི་རྣམས་སློང་ཏེ། རླུང་རྒྱུ་བའི་རྒྱུ་སྲང་འགགས་ནས། རླུང་ལ་མ་ལོག་པར་སོང་སྟེ། ལྟོ་སྦོས
་ཤིང་གནད་རྣམས་ཀྱང་ཤིན་ཏུ་གཟིར་ཅིང་ན་བར་འགྱུར་རོ། །དེ་བཞིན་དུ་ལུས་ཚ་བ་དང། གཞང་དང། ལྟོ་བ་དང། རླིག་པ་དང། ཆུ་སོ་རྣམས་སུ་ཟུག་ཅིང་ན་བ་དང། རླུང་དེ་སྙིང་ལ་བརྟེན་ཅིང་ལུས་ཐམས་ཅད་དུ་འཕོ་སྟེ། ན་བར་འགྱུར་རོ། །དེ་ནི་བསྐུ་བྱུག་དང་དུགས་བྱ་སྟེ། པོ
་སོན་ཆའི་རེང་བུ་སྦྱར་བར་བྱའོ། །ཡང་ན་བིལྦ་ལ་སོགས་པ་གོང་དུ་སྨོས་པའི་སྨན་བསྐོལ་བའི་ནང་དུ་པི་ལུའི་འབྲས་བུ་དང། དུག་མོ་ཉུང་གི་ཕྱེ་མ་དང། བ་གཅིན་དུ་སྦྱར་བ་ནི་རུ་ཧ་མས་བཏང་ན་ཕན་ནོ། །ཡང་ན་ཀོ་ཉོན་ཙེ་དང། ཐང་ཤིང་དང། ཏིལ་མར་དང་སྦྱར་བའི
་འཇམ་རྩི་མས་བཏང་བར་བྱའོ། །མས་བཏང་བ་དེ་བར་དུ་བཅད་ཅིང་བཏང་བ་འམ། ཡང་ན་བཙིར་དྲགས་པ་འམ། ཐུན་ཆེས་པ་འམ། ལན་ཚ་དང་སྣུམ་མེད་པ་འམ། གྲང་བ་འམ། སྨན་ཉུང་བ་འམ། འཇམ་པོ་བཏང་བར་གྱུར་ན་ནི་རླུང་གིས་གྱེན་ཏུ་ཕུལ་ཏེ་ཁ་འམ།
་སྣ་ནས་འབྱུང་བར་འགྱུར་ལ། དེའི་དབང་གིས་བརྒྱལ་བ་དང། བྲང་ཆེ་ཞིང་ཁ་ནས་ཆུ་འབྱུང་བ་དང། སྐོམ་དད་ཆེ་བ་དང། ལུས་ཚ་བ་ལ་སོགས་པ་སྐྱེ་བར་འགྱུར་རོ། །དེ་ལྟར་བརྒྱལ་བ་ལ་སོགས་པར་གྱུར་ན། དེ་མ་ཐག་ཏུ་ཆུ་གྲང་མོས་གདོང་ལ་གཏོར་རོ། །བརྒྱལ་བ
་དེས?་དུབ་བར་གྱུར་པ་ལ་ནི། རླུང་ཡབ་ཀྱིས་གཡབ་ཅིང་དབུགས་བསྡམས་ཏེ་རྡུབ་དུ་གཞུག་གོ་།དེ་ནས་ནད་བ་དེ་ཁ་བུབ་དུ་བཞག་སྟེ། རྒྱབ་དང་རྩིབ་ལོགས་དང་ལྟོ་བ་རྣམས་སུ་ལག་པ་ལ་སོགས་པ་དྲོན་པོས་མཉེ་ཞིང་དུགས་བྱའོ། །དེ་ནས་རྒྱལ་བུའི་སྐྱེས་བུས
་ཚིག་སྤྱོ་བ་དང་བཅས་པས་སྐྲ་ལས་དྲངས་ཤིང་དྲུད་པ་དང། མཚོན་དང་མེ་མཆེད་པ་དང། སྦྲུལ་དང། མཆེ་བ་ཅན་ལ་སོགས་པས་འཇིགས་པར་བྱས་ན་མས་བཏང་བ་དེ་ཚུལ་བཞིན་དུ་འབྱུང་བར་འགྱུར་རོ། །དེས་ཀྱང་མ་ཐུབ་ན་ཇི
་ལྟར་ཡང་མི་འཆི་བའི་ཐབས་བྱ་སྟེ། ལག་པ་གཉིས་སམ་རས་ཀྱིས་མགུལ་བ་དམ་དུ་བཅིངས་ན་སྲོག་ཅེས་བྱ་བ་དང། གྱེན་དུ་རྒྱུ་བའི་རླུང་གིས་ལམ་འགགས་ཏེ། ཐུར་དུ་སེལ་བའི་རླུང་ཞེས་བྱ་བ་དེས་རང་གི་གནས་སུ་འོག་ཏུ་མྱུར་དུ་འདྲེན་པར་བྱེད་དོ། །
་ཡང་ན་རུ་རྟ་དང་གསེང་ཕྲོམ་གཉིས་ཀྱི་ཕྱེ་མ་རང་སྐྱུར་དང་བསྐོལ་ཏེ་བླུད་ན་དྲོ་བ་དང། རྣོ་བ་དང། འཁྲུ་བའི་རང་བཞིན་ཡིན་པས། མས་བཏང་བའི་སྨན་དེ་ལུགས་བཞིན་འབྱུང་ངོ། །ཡང་ན་དུར་བྱིད་དང། ཨ་རུ་རའི་ཕྱེ་མ་བ་གཅིན་དང་བསྐྱོས་པ་འཐུངས
་ན་ཐུར་དུ་འབྱུང་བར་འགྱུར་རོ། །ཞུ་བའི་གནས་སུ་མས་བཏང་བའི་སྨན་འདུག་པ་ལ་ནི་ཐོག་མར་དུགས་བྱས་ལ། དེའི་འོག་ཏུ་རྩ་བ་བཅུ་པ་དང་ནས་དང་རྒྱ་ཤུག་དང་རྒྱ་སྲན་རྣམས་པ་གཅིན་དང་ལྷན་ཅིག་བསྐོལ་ཏེ་ནི་རུ་ཧ་མས་བཏང་ངོ། །ཡང་ན་སླེ་ཏྲེས་དང
་སྨྱུག་མའི་ལོ་མ་དང། པུ་ཏ་ཀ་རཉྫའི་ཤུན་པ་དང། ལོ་མ་དང། ཟུར་བ་དང། ཐང་ཤིང་དང། བྷུ་ཏི་ཀ་དང། འདི་རྣམས་བ་གཅིན་དང་བསྐོལ་ལ། ཏིལ་མར་དང་བུ་རམ་དང། རྒྱམ་ཚ་དང་བཅས་པའི་ནང་དུ་བཀྲུ་སྨན་གྱི་ཕྱེ་མས་བཏབ་པ་མས་བཏང་ངོ། །མས་བཏང
་བའི་སྨན་དེ་བྲང་གི་ནང་དུ་བྱུང་བ་ལ་ནི་བིལྦ་ལ་སོགས་པ་རྩ་བ་ལྔ་བསྐོལ་བ་མས་བཏང་ངོ། །མགོ་བོར་བྱུང་བ་ལ་ནི་སྣར་བླུགས་པའི་སྨན་དང་དུད་པ་བཏང་བ་དང། ཡུངས་མར་གྱི་ལྡེ་གུས་མགོ་བོ་བསྐུའོ། །མས་བཏང་བའི་སྦྱོར་བ་དྲོད་ཆེས་པ་དང། རྣོ་ཆེས
་པ་དང། སྒྱུར་དྲགས་པ་དང། བསྐ་ཆེས་པའི་སྨན་ནད་པ་དུགས་མ་བྱས་པ་དང། ནད་གཞི་ཆུང་བ་དང། རྒྱུ་སྙི་བ་ལ་བཏང་བ་འམ། ཡང་དང་ཡང་བཏང་ན་ནི་སྦྱོར་བ་དྲགས་པ་ཡིན་ཏེ། ཁོང་པའི་ནང་དུ་ནད་སྐྱེད་པར་བྱེད་དོ། །མས་བཏང་བའི་སྦྱོར་བ་དྲགས་ཏེ་མང་དུ
་འབྲུ་ན་བཀྲུ་སྨན་དྲགས་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །ཡང་ན་མས་བཏང་བའི་སྨན་དང། ཐལ་སྨན་དང། སྐྱུར་བ་དང། དོ་བ་དང་ལན་ཚ་རྣམས་མཁྲིས་པའི་རང་བཞིན་ཅན་ལ་སྦྱར་ལ། གཞང་གི་ནང་དུ་ཚ་བ་སྐྱེས་ཏེ་ཟུས་པ་སྙམ་བྱེད་ཅིང་གནོད་པ་དང་བཅས
་?་པར་འཁྲུ་བར་བྱེད་དོ། །འཁྲུ་བ་དེ་ཡང་ཁྲག་བཅས་པ་ལྟ་བུ་འབྱུང་ལ་མཁྲིས་པ་ཡང་ཤུགས་དྲག་པོས་ཤས་ཆེར་འབྱུང་སྟེ། ཡང་ནས་ཡང་དུ་དྲན་པ་སྟོར་བར་འགྱུར་རོ། །དེ་ལ་ནི་ཁྲག་དང་མཁྲིས་པའི་འཁྲུ་བའི་གསོ་བ་རབ་ཏུ་བསྔགས་སོ། །དེ་བཞིན་དུ་གཞང
་ཚ་བ་ལ་སོགས་པའི་ནད་དེ་ལ་ནི། དུར་བྱིད་ཀྱི་ཕྱེ་མ་རྒུན་ཆུའི་ནང་དུ་བསྐྱོས་པ་བླུད་དོ། །ཇི་ལྟར་མཁྲིས་པའི་འཁྲུ་བ་གསོ་བ་བཞིན་དུ། རླུང་དང་མཁྲིས་པ་གསོ་བའི་ཆོ་ག་བྱས་ན་ཡང་གནོད་པ་སེལ་བར་བྱེད་དོ། །དེ་ལྟར་སྐྱེས་བུ་དེའི་ཁོང་དང། བ་ལྟ་ན། ཐུག
་པ་གྲང་པོ་ཁ་ར་དང་བཅས་པ་བླུད་དོ། །དེ་ལྟར་འཁྲུ་བའི་འོག་ཏུ་བཤད་པ་ཟད་པར་འགྱུར་བ་དང། བཟའ་བར་ནི་མོན་སྲན་གྲེའུའི་ཁུ་བཅུད་དང། མོན་སྲེན་རྡེའུ་ལ་སོགས་པའི་ཆན་དང་ལྷན་ཅིག་སྦྱིན་ནོ། །བཏུང་བར་ནི་ཞོ་དང་ཆང་བླུད་དོ། །དེ་རྩུབ་པོར་གྱུར་པའི
་སྦྱོར་བས་ནད་ཕྱིན་ཏེ་སོས་པར་བྱ་བ་བསྟན་ནས། ད་ནི་སྣུམ་བཅོས་ཀྱི་འཇམ་རྩི་མས་བཏང་བས་ནད་ཕྱིན་ཏེ་སོས་པར་བྱ་བ་བཤད་པར་བྱ་སྟེ། དེ་ཡང་རླུང་ལས་གྱུར་པའི་ནད་འཇམ་རྩི་གྲང་བའམ། ཉུང་བ་བཏང་བ་དང། མཁྲིས་པ་ལས་གྱུར་པ་ལ་ནི་ཤིན
་ཏུ་རྣོ་ཆེས་བ་བཏང་བ་དང། བད་ཀན་ལས་གྱུར་པ་ལ་འཇམ་པ་དང་དེ་བཞིན་དུ་དངས་པ་ལ་འཇམ་རྩི་འཇུ་དཀའ་བ་དང། ཧི་མ་མང་དུ་གསོགས་པ་ལ་སྨན་ནུས་སྟོབས་ཆུང་བ་བཏང་ན། སྣུམ་རླུང་ལ་སོགས་པའི་ནད་གཞི་དང་འདྲེས་ནས་ནང་དུ་འཁྱིལ་ཏེ་སླར་འབྱུང
་བར་མི་འགྱུར་ཏེ། དེ་ལྟར་རླུང་དང་འདྲེས་ཏེ་ཕྱིར་མི་འབྱུང་བ་དེས་ནི། རེངས་པ་དང། མཁྲིས་པ་ལས་གྱུར་པ་ལ་ནི། བརླ་སྟོབས་ཞན་པ་དང། སྐྱིགས་བུ་དང། རིམས་དང། གཟེར་བ་དང། ཡན་ལག་བརྟུང་བརྟུང་བ་སྙམ་བྱེད་པ་དང། རྩིབ་ལོགས་ན་བ་དང། འདར
་བུ་རྣམས་འབྱུང་བར་ཤེས་པར་བྱའོ། །དེ་ལྟ་བུ་ལ་ནི་སྣུམ་པ་དང། ལན་ཚ་དང། དྲོ་བ་དང། རྣོ་བའི་སྨན་ཀོ་ཉོན་ཙིའི་མར་དང། ར་སྣ་དང། རང་སྐྱུར་དང། ཚང་དང། རྒྱ་ཤུག་དང། རྒྱ་སྲན་དང། ནས་རྣམས་བསྐོལ་བ་འམ་ཡང་ན་ནི་རུ་ཧ
་མས་བཏང་ན་སེལ་བར་བྱེད་དོ། །དེ་ནས་ཟས་ཟོས་ལ་གོང་གི་ནི་རུ་ཧའི་སྨན་གྱི་སྦྱོར་བ་གཉིས་པོ་གང་ཡང་རུང་བ་ཏིལ་མར་དང་སྦྱར་བའི་འཇམ་རྩི་ཉི་མ་ཕྱེད་ཕྱེད་ཙམ་ན་བཏང་ངོ། །འཇམ་རྩི་མས་བཏང་བ་དེ་ནང་དུ་མཁྲིས་པ་དང་འདྲེས་ནས་ཕྱིར་མི་འབྱུང
་བའི་མཚན་མ་ནི་སྐོམ་དང་ཆེ་བ་དང། ཚ་བ་ཆེ་བ་དང། མདོག་དངར་བ་དང། རྨོང་བག་དུ་འདུག་པ་དང། མདོག་འགྱུར་བ་དང། མུན་པར་མཐོང་བ་དང། རིམས་ཀྱིས་འདེབས་པ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནི་ཁ་བ་དང། མངར་བའི་སྨན་དང་སྦྱར
་བའི་ནི་རུ་ཧ་མས་བཏང་བར་བྱའོ། །འཇམ་རྩི་མས་བཏང་བ་དེ་བད་ཀན་གྱི་ནང་དུ་འཁྱིལ་ཏེ་ཕྱིར་མ་བྱུང་བའི་མཚན་མ་ནི་སྙོམ་པ་དང། རིམས་གྲང་མོས་ཐེབས་པ་དང། སྐྱིད་ཞན་པ་དང་ཆམ་པས་བཏབ་པ་དང། ཡི་ག་འཆུས་པ་དང། ལུས་ལྕི་བ་དང།
་བརྒྱལ་བ་དང། རབ་ཏུ་ན་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནི་བསྐ་བ་དང། ཁ་བ་དང། ཚ་བའི་སྨན་ཆང་དང། བ་གཅིན་ལས་གཞི་བླངས་ལ། བོ་སོན་ཆ་དང། སྐྱུར་དང། ཏིལ་མར་དང། བཅས་པའི་ནི་རུ་ཧ་མས་བཏང་བས་ཞི་བར་བྱའོ། །འདྲངས་ཆེས་བ
་ལ་འཇམ་རྩི་མས་བཏང་ནས་ཕྱིར་མ་བྱུང་བའི་མཚན་མ་ནི། སྐྱུག་བྲོ་བ་དང། བརྒྱལ་བ་དང། ཡི་ག་འཆུས་པ་དང། སྙོམ་པ་དང། གཟེར་བ་དང། རྨྱ་བ་དང་ཡན་ལག་བརྡུང་བརྡུང་བ་སྙམ་བྱེད་པ་དང། གཞན་ཡང་མ་ཞུ་བའི་མཚན་མ་རྣམས་འབྱུང
་ཞིང་ལུས་ཚ་བར་བྱེད་དེ། དེ་ལ་ནི་སྨན་རྣོ་བ་བསྐོལ་བའི་ནང་དུ་ལན་ཚའི་ཕྱེ་མ་བཏབ་པ་བླུད་དེ་ཞུ་བར་གྱུར་པ་དང། བཀྲུ་སྨན་འཇམ་པོ་བཏང་ལ་དར་བ་ལས་གཞི་བླངས་པའི་བཟའ་བ་དང་བཏུང་བ་ཕན་ནོ། །འཇམ་རྩི་མས་བཏབ་པ་དེ་ཕྱི་ས་དང
་གཉིས་འདྲེས་ནས་ནང་དུ་གསོགས་ཤིང་ཕྱིར་འབྱུང་དུ་མི་འདོད་པའི་མཚན་མ་ནི་ཕྱི་ས་དང་གཅིན་དང། རླུང་འགགས་པས་ཉམས་ཐག་པ་དང། ལུས་ལྕི་བ་དང། ལྟོ་སྦོ་བ་དང། རོ་སྟོད་འཛིངས་པ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནི་སྣུམ་པ་དང་དུགས་དང། རེང་བུ
་མས་བཏང་བ་དང། དུར་བྱིད་དང། བིལྦ་ལ་སོགས་གོང་དུ་སྨོས་པའི་སྦྱོར་བས་ནི་རུ་ཧ་དང། ཨ་ནུ་བས་ནམས་བཏང་ངོ། །ཡང་ན་རྟུག་པ་འགགས་པའི་ཆོ་གར་བཤད་པ་བཞིན་བྱ་སྟེ་ཞི་བར་བྱའོ། །ཁ་ཟས་མ་ཟོས་ཏེ་ལྟོགས་པ་དང། གཞང་ཚེ་སྟེ་ལྟོགས་པ་དང། ཐུག་པ
་འཐུང་བ་འམ། ཡང་ན་ཉུང་ངུ་འཐུང་བ་འཇམ་རྩི་ཤུགས་དྲག་པོས་མས་བཏང་བར་བྱས་ན་རོ་སྟོང་དུ་འབྱུང་ཞིང་དེ་ནས་མགྲིན་པར་འབྱུང་སྟེ། མགོ་བོའི་བུག་པ་སྣ་ཚོགས་སུ་འབྱུང་བར་འགྱུར་རོ། །དེ་ལྟར་བྱུང་བ་ནི་ནས་དང། དུར་བྱིད་དང། རྒྱ་ཤུག་དང། རྒྱ་སྲན་དང། འདི
་རྣམས་པ་གཅིན་དང། ཏིལ་མར་དང། ཚུལ་བཞིན་དུ་བསྒྲུབས་ལ་ནི་རུ་ཧ་དང་འཇམ་རྩི་མས་བཏང་བར་བྱའོ། །འཇམ་རྩི་མས་བཏང་བ་དེ་མགུལ་བར་བྱུང་ལ་ནི་མགུལ་བ་བསྡམ་བ་དང། བཅིང་བ་དང། བཀྲུ་སྨན་བཏང་བ་དང། སྐྱུག་པ་འཇོམས་ཤིང་སྨན་གྱིས་བཟློག་པར་བྱའོ། །
་འཇམ་རྩི་དེ་མ་ཚོས་པར་བཏང་ན་ནི་གཞང་གི་ནང་དུ་ཡོག་པ་ལྟར་འདུག་ཅིང། རྒྱུན་སྲན་རྣམས་སུ་ཚུལ་བཞིན་མི་འགྲོ་སྟེ། དེ་ཡང་ཟུག་གཟེར་ཆེ་ལ་རྨོང་བག་དུ་འདུག་ཅིང་གཡའ་བ་དང། སྐྲང་བར་བྱེད་དོ། །དེ་ལ་ནི་སྨན་རྣོ་བ་མས་བཏང་བ་འམ། དེ་བཞིན་དུ་ཨརྒའི་ལོ་མ་བསྐོལ
་བའི་ཏིལ་མར་དང་བསྒྲུབས་བསམས་བཏང་ངོ། །འཇམ་རྩི་ནང་དུ་གཏོང་ཁར་རླུང་ལེགས་པར་མ་བྱུང་སྟེ། སྤུ་བུའི་ཁ་ནས་སྔོན་རླུང་སོང་ངམ། ཡང་ན་རྒྱུན་སྲང་རྣམས་འགགས་ཏེ་འགྲོར་མ་འདོད་པ་འམ། ཡང་ན་སྨན་ལྷག་མ་མ་ལུས་པར་བཏང་སྟེ། དེའི་རྗེས་ལ་སྦུགས་སུ
་ཞུགས་ནས་རླུང་འཁྲུགས་པར་འགྱུར་ཏེ། ན་ཞིང་ཟུག་པར་གྱུར་པ་དེ་ལ་ནི་བསྐུ་བྱུག་དང། གཞང་གི་ཕྱོགས་སུ་དུགས་བྱ་བ་དང། རླུང་འཇོམས་པའི་སྨན་སྦྱར་རོ། །འཇམ་རྩི་ནང་དུ་བརྟང་ཐབས་སུ་བཅུག་སྟེ། ཕྱུང་བའི་དུས་སུ་ཡང་རིང་ཐབས་སུ་ཕྱུང་ངམ། སྤུ་བུ་ཡོན་པོར་བཏང
་ངམ། གཏོང་ཞིང་ནད་པས་ལུས་འགུལ་སྐྱོད་བྱས་ན། རྐེད་པ་དང། གཞང་དང། རྗེ་དར་དང། བརླ་དང། ཆུ་སོ་རྣམས་སུ་རེངས་ཤིང་ནད་ཀྱིས་ཉམས་ཐག་པར་འགྱུར་སྟེ། དེ་ལ་ནི་རླུང་འཇོམས་པའི་བཟའ་བ་དང། དུགས་དང། བསྐུ་བྱུག་དང། མས་བཏང་བ
་རྣམས་ཀྱང་རླུང་ལ་ཕན་པའི་སྨན་དང་སྦྱར་བ་བཏང་ན་ཕན་ནོ། །འཇམ་རྩི་གཏོང་བཞིན་དུ་བཅིང་བ་ལྷོད་དམ་གྲོལ་ཏེ་མར་ཕྱིར་བོར་ཏེ། རླུང་ནང་དུ་ཞུགས་ནས་བྲང་དང་མགོ་བོར་ཟུག་གཟེར་སྐྱེ་ཞིང་རླུང་གི་སྟོབས་ཆེན་ནི་གོང་མའི་གནོད་པ་རྣམས་ཀྱང་སྐྱེད་པར་འགྱུར་ཏེ། དེ
་བས་ན་དེ་ལ་ནི་བིལྦ་ལ་སོགས་པ་རྩ་བ་ལྔ་འམ། ཡང་ན་པོ་སོན་ཆ་ལ་སོགས་པ་འམ། ཤ་མ་དུར་བྱིད་ལ་སོགས་པ་སྦྱོར་ཏེ་དེ་གསུམ་གང་ཡང་རུང་བ་གཅིན་དང་སྦྱར་བ་མས་བཏང་ངོ། །འཇམ་རྩི་མས་བཏང་བ་དེ་བཙིར་དྲགས་ན་ནི་ཁོང་པ་དང། མགུལ་བར་འགྲོ་བར
་འགྱུར་ཏེ། དེ་ལ་ནི་སྨན་མས་བཏང་བ་དང། བཀྲུ་སྨན་བཏང་བ་དང། མགུལ་བ་བསྡམས་པའི་ལས་རྣམས་བྱའོ། །དེ་ལྟར་སྨོན་ཁྲུས་ལ་སོགས་པས་ལུས་དག་པར་བྱས་ནས། དེའི་འོག་ཏུ་སྨན་པས་ལུས་ཀྱིས་ཉམས་སྟོབས་དང། མེའི་དྲོད་ཆུང་བ་ལས་བཟའ་བ་དང་བཏུང་བ་མི
་མཐུས་ལ་རྣམས་བསྒྲིམས་ནས་བསྲུང་བར་བྱ་སྟེ། ཇི་ལྟར་སྒོང་གཞོན་ནུ་འམ་འབྲུ་མར་གྱིས་གང་བའི་སྣོད་བཞིན་བསྲུང་བར་བྱའོ། །དེ་ལྟར་སློན་ཁྲུས་ཀྱིས་ལུས་དག་པའི་ནད་པ་དེ་ལ་ནི་ཐོག་མར་ཁ་ཟས་མངར་བ་དང། དེའི་འོག་ཏུ་སྐྱུར་བ་དང་ལན་ཚར་བཅས་པ
་སྦྱིན་ནོ། །དེའི་འོག་ཏུ་མངར་བ་དང། ཁ་བ་སྦྱིན་ནོ། །དེའི་འོག་ཏུ་བསྐ་བ་དང་ཚ་བ་སྦྱིན་ནོ། །དེ་ལྟར་རོ་རྣམས་གཅིག་ལ་གཅིག་མི་མཐུན་པ་སྦྱིན་ནོ། །ཇི་ལྟར་སྣུམ་པ་དང་རྩུབ་པ་བཞིན་ནོ། །རིམ་པ་དེ་ལྟར་བྱས་པའི་སྦྱོར་བས་ལུས་ཉམས་ཐ་མལ་བར་སྦྱར་བར་བྱའོ།།
་ལུས་ཀྱི་ཉམས་ཐ་མལ་བ་ཞེས་བྱ་བ་ནི་ལས་ཐམས་ཅད་ནུས་ཤིང་ཉམས་རྟོགས་བརྟན་པ་ཡིན་ཏེ། རང་བཞིན་གྱི་ལུས་ཞེས་བྱའོ། །ཆོ་ག་གྲུབ་པའི་གནས་ལས་སྨན་མས་བཏང་བའི་ཆོགས་དང་ཕྱིན་ཏེ་སོས་པར་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།
་དེ་ནས་སྨན་གྱི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མ་སྨན་ས་ཡུལ་ཇི་ལྟ་བུ་ལས་བཏུ་བར་བྱ་ཞེན་དྲོ་གྲང་མཉམ་པའི་ཡུལ་དང་ཐང་མཉམ་པའི་ཡུལ་དང་ཐང་མཉམ་པ་དང། ས་མདོག་སྣུམ་པ་དང། གནག་པ་དང་གསེར་གྱི་མདོག་ལྟར་འདུག་པ་དང། དེ་དག
་?་ཕྱོགས་གང་གཙང་ཞིང་སྙི་བ་དང། ཆུ་གཡས་ཕྱོགས་སུ་འབབ་ཅིང་རྩཝ་ཀུ་ཤ་དང། བྷུ་ཏི་ཀ་ལ་སོགས་པ་ཡོད་པའི་ས་དང། གཤོལ་ལ་སོགས་པས་རྨོས་པའི་ས་ལས་སྐྱེས་པ་བླངས་ལ། ཤིང་ཆེན་པོའི་སྒྲིབ་མ་ལ་སོགས་པས་གནོད་པ་བྱས་པ་དང། དེ་བཞིན་དུ
་དུང་ཁྲོད་དང། མཆོད་རྟེན་དང། ལྷ་ཁང་དང། མཆོད་རྟེན་རྙིང་བའི་དྲུད་དུ་སྐྱེས་པ་དང་གྲོག་མའི་གནས་སུ་སྐྱེས་པའི་སྨན་རྣམས་དང་སྤང་སྟེ། དེ་བཞིན་དུ་སྲིན་འབུ་ལ་སོགས་པས་ཟོས་པ་དང། ཉི་མས་ཚིག་པ་དང། ནགས་ཚིག་པའི་ནང་དུ་སྐྱེས་པ་དང། འབྱུང་པོ་གནས
་པའི་ཤིང་དྲུང་དུ་སྐྱེས་པ་དང། ཤིང་ཆེན་པོའི་ལོ་མ་དང། ཡལ་ག་ལ་སོགས་པ་ལས་འབབ་པའི་ཆུ་ཕོག་པ་དང། ཤིང་གི་ལོ་མ་ལས་ཉི་མ་འབབ་པའི་དུགས་ཀྱི་ས་ཕོག་པའི་སྨན་དང། འདི་རྣམས་ལྟ་བུ་སྤངས་ཏེ། རྩ་བ་ཆེན་པོ་བྱང་ཕྱོགས་སུ་བསྟན་ཏེ་ཟུག་པའི
་སྨན་རྣམས་དུས་ཇི་ལྟ་བ་བཞིན་བརྔས་པ་དང། མདོག་དང་དྲི་ལ་སོགས་པ་དང་ལྡན་པ་རྣམས་བླངས་ན་རབ་ཏུ་བསྔགས་སོ། །དེ་ནས་སྨན་པ་བདག་ཉིད་ལུས་ཁྲུས་དང་གཙང་སྦྲ་དང་སྨྱུང་བ་བྱས་ལ་བཀྲ་ཤིས་པའི་ཆོ་ག་འདོན་ཅིང་ཤིན་ཏུ་གུས་པ་དང་བཅས་པས་གནས
་དག་ཞིང་ཤིས་པ་ལས་སྐྱེས་པའི་སྨན་རྣམས་བཅུད་དང། ཡོན་ཏན་འདུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ་ལོ་གཅིག་ཚུན་ཆད་ཀྱི་སྨན་སར་པ་བཏུ་ཞིང་དཔྱད་པར་བཟང་ངོ། །བུ་རམ་དང། མར་དང། སྦྲང་རྩི་དང། འབྲུ་ཐམས་ཅད་དང། པི་པི་ལིང་དང། བི་དང་ག་དང།
་མིང་དུ་སྨོས་པ་དེ་དག་ནི་རྙིང་པ་བཟང་ངོ། །དེ་ལ་བ་ལང་ལ་སོགས་པའི་འོ་མ་ཐམས་ཅད་དཔྱད་པའི་ཚུལ་ནི་བ་གཞོན་ཞིང་ཉམས་སྟོབས་དང་ལྡན་པ་ཁྲག་ལ་སོགས་པའི་ལུས་ཟུངས་མ་ཉམས་པ་དང། སྤུ་དང། རྭ་དང་རྨིག་པ་ལ་སོགས་པས་བརྒྱན་པ།
་ནད་མེད་ཅིང་བེའུ་བཙས་ནས་ཡུན་རིང་དུ་ལོན་པའི་འོ་མ་དང། གཅིན་དང་ལྕི་བ་ལ་སོགས་པ་བླང་ངོ། །ལན་ཚ་མ་གཏོགས་པ་སྨིན་ཐམས་ཅད་ཁུ་བ་དང་ཕྱེ་མ་དང། བསྐོལ་བ་དང། སྤངས་པ་གྲང་མོ་དང་ཕན་ཊ་དང། དེ་དག་འདི་ལྟར
་བཏགས་པར་བྱ་སྟེ། སྦྱོར་བ་ལྔ་པོ་དེ་དག་ཀྱང་གོང་མ་བཞིན་དུ་ནུས་པ་ཆེ་བ་ཡིན་ནོ། །དེ་ལ་རང་གི་ཁུ་བ་ཞེས་བྱ་བ་ནི་སྨན་དེ་མ་ཐག་བཏུས་ལ་བརྡུངས་ཏེ་ཚོགས་ཀྱིས་བཙགས་པའི་རང་གི་ཁུ་བའོ། །ཕྱེ་མ་ཞེས་བྱ་བ་ནི་སྨན་བཏགས་པའི་ཕྱེ་མ་གཞན་ལ
་གདབ་པའི་ཆེད་དུ་བྱས་པའོ། །ཡང་ན་སྨན་སྐམ་པོ་བཏགས་པའི་ཕྱེ་མ་ལ་ཡང་བྱའོ། །བསྐོལ་བ་ཞེས་བྱ་བ་ནི་སྨན་ཐམས་ཅད་པ་འམ། ཆམ་ཆོམ་བརྡུངས་པ་ཆོ་ག་བཞིན་དུ་ཆུ་དང་ལྷན་ཅིག་བསྐོལ་བ་ལ་བྱའོ། །སྤངས་པའི་གྲང་མོ་ཞེས་བྱ་བ་ནི་སྨན
་རྣམས་ཆུ་གྲང་གི་ནང་དུ་བཅུག་ལ་བསིལ་བའི་སར་ནུབ་གཅིག་བཞག་ཏེ་ཐོ་རངས་བཏུང་བའོ། །ཕན་ཊ་ཞེས་བྱ་བ་ནི་ཆུ་བསྐོལ་བ་དྲོན་པོའི་ནང་དུ་སྨན་བཅུག་ལ་བརྡུངས་ཏེ་མཉེས་ལ་བསྲོས་ཏེ་བཅགས་ཏེ་བཏུང་བའོ། །རང་གི་ཁུ་བ་ལ་སོགས་པ་དེ
་དག་ཀྱང་ནད་ཀྱི་སྟོབས་ཆེ་ཆུང་ལ་བརྟགས་ཏེ་ཆོ་ག་བཞིན་དུ་རན་པར་བཏང་ངོ། །དེ་ཡང་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་བཤད་པ་ན་རེ་སྨན་གྱི་ཚད་རན་བ་ཞེས་བྱ་བ་ནི་ངེས་པ་མེད་དེ། ནད་ཀྱི་བྱེ་བྲག་དང་ལྟོ་སྲ་སྙི་དང། ཉམས་སྟོབས་ཆེ་ཆུང་དང། དུས
་དང་ཡུལ་གྱི་བྱེ་བྲག་ཤེས་པར་བྱས་ནས་སྨན་ཡང་དེ་བཞིན་དུ་བརྟག་པར་བྱའོ། །འོན་ཀྱང་རང་གི་ཁུ་བ་བཏུང་བའི་འབྲིང་ཚད་ནི་སྲང་བཞིའི་ཚད་ཙམ་ནི་རན་བ་ཡིན་ནོ། །ཞེས་བཤད་དོ། །ཕྱེ་མ་བསྐོལ་བའི་ཚད་ནི་སྨན་གཅིག་ཆུ་སྲང་བཅུ་དྲུག་དང་བསྐོལ
་ཏེ་བཞི་ཆ་གཅིག་ལུས་པ་བཏུང་བའོ། །སྨན་བསྐོལ་ཏེ་བསྒྲངས་པའི་སྨན་བསྐོལ་བའི་ཁུ་བ་སྲང་དྲུག་གི་ནང་དུ་སྨན་གཅིག་བཅུག་ནས་ནུབ་གཅིག་སྤངས་པ་བླུད་དོ། །ཕན་ཊ་ནི་ཆུ་སྲང་བཞིའི་ནང་དུ་སྨན་སྲང་གཅིག་བཅུག་ལ་ནུབ་གཅིག་སྤངས
་པའོ། །མར་བསྐོལ་བའི་ཚང་མ་སྨོས་པ་རྣམས་ནི་སྨན་གྱི་ཕྱེ་མའི་བཞི་འགྱུར་གྱི་འོ་མ་དང། དེའི་བཞི་འགྱུར་གྱི་ཆུ་དང་བསྐོལ་ལོ། །ཆུ་ཉི་ཚེ་དང་བསྐོལ་བ་ཡིན་ན་ནི་མར་ཅི་ཙམ་པའི་བཞི་ཆའི་ཕྱེ་མ་དང། དེའི་བཅུ་དྲུག་འགྱུར་གྱི་ཆུ་དང་བསྐོལ་བའོ། །སྨན་བསྐོལ
་བའི་ཁུ་བ་དང་སྦྱོར་བ་ཡིན་ན་ནི་མར་གྱི་བརྒྱད་ཆའི་ཕྱེ་མ་དང་ལྷན་ཅིག་བསྐོལ་བའོ། ཞེས་ཟེར་རོ། །བསྐོལ་ཏེ་ཚོས་པའི་ཚད་ནི་སྨན་གྱི་ཚིགས་མ་ལག་པ་ལ་མི་འབྱར་ཏེ་དྲིལ་ཏུ་བཏུབ་པ་འམ། ཡང་ན་མེར་བཅུག་ཏེ་སྒྲ་མེད་པ་དང། གང་གི་ཚེ་མདོག་དང་དྲི་དང་རོ
་རྣམས་མ་གྱུར་ཏེ་ལྡན་པའི་ཚེ་ན་ནི་ཚོས་པའི་ཚད་ཡིན་ཏེ་དེ་མ་ཐག་བྱུང་ངོ། །མར་ཆོས་པའི་ཚད་ནི་ལྦུ་བ་ཞི་པའོ། །ཏིལ་མར་ཆོས་པའི་ཚད་ནི་ལྦུ་བ་བྱུང་བའོ། །ལྡེ་གུའི་ཚད་ནི་གང་དུ་བཏུབ་ཅིང་ཆུ་ནང་དུ་བཅུག་ན་ནང་དུ་འབྱིང་བའོ། །ཚོས་པའི་ཚད་ཀྱང་རྣམ
་པ་གསུམ་སྟེ། ཆོས་པ་དང་པོ་ཚིགས་མ་དང་དངས་མ་འདྲེས་པའོ། །ཆོས་པ་རན་པའི་ཚད་ནི་དངས་སྙིགས་ཕྱེད་པའོ། །རབ་ཏུ་ཚོས་པ་ནི་སྙིགས་མ་ཅུང་ཟད་ཅིག་མདོག་ནག་པོར་གྱུར་ལ། དེ་ཡང་དྲིལ་དུ་བཏུབ་པའི་ཚད་དོ། །རབ་ཏུ་ཚོས་པ་དེ་ནི་སྣུམ་ཤས
་ཆུང་ཞིང་ནུས་པ་ཞན་པ་ཡིན་ནོ། །ཚོས་པ་དང་པོ་ནི་དྲོད་ཉམས་པར་བྱེད་དོ། །ཚོས་པ་རན་པ་ནི་བླུགས་པ་ལ་སྦྱར་རོ། །རབ་ཏུ་ཚོས་པ་ནི་ལུས་བསྐུ་བ་ལ་སྦྱར་རོ། །ཚོས་པ་རན་པ་ནི་བཏུང་བ་དང་མས་བཏང་བ་གཉིས་ལ་སྦྱར་རོ། །མ་ཤ་དྲུག་ལ་ཤན་གཅིག་ཤན་བཞི་ལ
་ཞོ་གཉིས་དེ་བཞི་ལ་སྲང་གཅིག་།དེའི་བཞི་འགྱུར་ནི་ཀུ་དྷ་བ་ཞེས་སྟེ་སྲང་བཞིའོ། །དེའི་བཞི་འགྱུར་ལ་བྲེའུ་ཆུང་གང་ངོ། །བྲེའུ་ཆུང་བཞི་ལ་ཨ་དྷ་ཀ་སྟེ་བྲེ་འབྲིང་ངོ། །བྲེ་འབྲིང་བཞི་ལ་བྲེ་བོ་གཅིག་གོ་།བྲེ་བོ་ཆེ་བཞི་ལ་བ་ཧ་ཞེས་བྱ་བའི་ཚད་དོ། །ཀུ་དྷ་བ་ལ་སོགས
་པའི་ཚད་བསྟན་པ་དེ་དག་ནི་ཕྱེ་མ་དང་སྨན་བསྐོལ་བའི་ནང་དུ་གདབ་པ་སྐམ་པོའི་ཚད་བསྟན་པ་ཡིན་གྱི། གལ་ཏེ་སྨན་རློན་པ་འམ། སྨན་ཁུ་ལྟ་བུ་ནི་ཉིས་འགྱུར་དུ་སྐྱེད་དེ་སྦྱར་རོ། །གང་དུ་སྨན་གྱི་སྲང་ཚད་ངེས་པར་མ་སྨོས་པ་རྣམས་ནི་ཆབ་སྙམས་ཏེ་སྦྱར་རོ། །
་ཤ་ན་གཉིས་ལ་ཞོ་གཅིག་ཡིན་ཏེ། དེའི་མིང་གི་རྣམ་གྲངས་ནི་པཱ་ཏེ་ཀ་དང། ཀོ་ལ་དང། བ་ཏ་དང། ཏྲ་ཀཱུ་མ་སྟེ། དེ་དག་ནི་མིང་གི་རྣམ་གྲངས་སོ། །ཞོ་གཉིས་ལ་ཀརཤ་གཅིག་ཡིན་ཏེ་དེའི་མིང་ནི་ཨཀྵ་དང། པི་ཙུ་དང། པ་ནི་ཏྭ་ལ་དང། སུ་པརྞ
་དང། ཀ་པ་ལ་གྲ་ཧ་དང། ཀརཤ་དང། བི་དྷ་བ་ད་དང། ཏིནདུ་ཀ་དང། པ་ནི་དང་མ་ནི་ཀ་དང། དེ་དག་ནི་ཀརཤའི་མིང་གི་རྣམ་གྲངས་སོ། །ཀརཤ་གཉིས་ལ་ཤུ་སྟེ་ཞེས་བྱ་བ་ཡིན་ཏེ། དེའི་མིང་ནི་ཨཏཱ་མྱ་ཀ་དང་བི་ཙུ་ཞེས་བྱ་སྟེ་མིང་གི་རྣམ་གྲངས་སོ། །ཀརཤ་བཞི་ལ་སྲང་གཅིག
་སྟེ་དེའི་མིང་ལ་པ་ལ་དང། པྲ་བུན་ཙ་དང། བིལྤ་དང། མུཤཊི་དང། ཨ་ས་དང། ཙ་ཏུརྟི་ཀ་དང། དེ་དག་ནི་སྲང་གཅིག་གི་མིང་གི་རྣམ་གྲངས། །སྲང་གཉིས་ལ་ཁྱོར་གང་ཁྱོར་དོ་ལ་སྙིམ་གང། སྙིམ་པ་དོ་ལ་ཕུལ་གང། ཨ་ད་ཀ་ཞེས་བྱ་བ་བྲེ་འབྲིང་གི་མིང་གི་རྣམ
་གྲངས་ལ། ཨཱདྷ་ཀམ་དང། བྷ་ཛཱ་ན་དང། ཀ་ནས་ཏེ་དེ་དག་ནི་བྲེ་འབྲིད་གི་མིང་གི་རྣམ་གྲངས་སོ། །དྲོ་ན་ཏེ་བྲེ་བོའི་མིང་ནི་ཀུམཔ་དང། གྷ་དྷ་དང། མ་ན་སྟེ་དེ་དག་ནི་མིང་གི་རྣམ་གྲངས་སོ། །སྲང་བརྒྱ་ལ་ཏུ་ལ་ཞེས་བྱ་སྟེ། དེའི་ཉིས་འགྱུར་ལ་ཁུར་ཅིག་ཅེས་བརྗོད་དོ།།
་རི་གངས་ཅན་དང། རི་འབིགས་བྱེད་རི་བྲན་སྣ་ཚོགས་ཀྱིས་བསྐོར་བ་ནི་སྨན་སྣ་ཚོགས་པའི་གཞི་ཡིན་ཏེ། དེ་ཡང་རི་གངས་ཅན་ནི་བྱང་ཕྱོགས་ན་གནས་ཏེ་དེ་ལ་ནི་བསིལ་བའི་ནུས་པ་དང་ལྡན་པའི་སྨན་སྣ་ཚོགས་སྐྱེའོ། །རི་འབིགས་བྱེད་ནི་ལྷོ་ཕྱོགས་ན
་གནས་ཏེ། དེ་ལ་ནི་དྲོ་བའི་ནུས་པ་དང་ལྡན་པ་སྣ་ཚོགས་སྐྱེའོ། །ཆོ་ག་གྲུབ་པའི་གནས་ལས་སྨན་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།སྨན་པའི་བདག་པོ་སེང་གེ་སྤས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས
་ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས། ཡན་ལག་བརྒྱད་པའི་སྙིང་པོའི་གནས་ལྔ་པའོ། །སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས་མཆོག་བཞི་བཅུ་པའི་ཆོ་གའི་ལེའུ་བརྗོད་པར་བྱ་སྟེ། དེ་ཡང་ཐོག་མར་བྱིས་པ་གསོ་བའི་ཆོ་གའི་ལེའུ་བཤད
་བར་བྱའོ། །དང་པོ་བྱིས་པ་བཙས་མ་ཐག་ཏུ་མར་དང་རྒྱམ་ཚར་ལྡན་པའི་ཆུས་ལུས་བཀྲུ་བར་བྱའོ། །དེ་ནས་མངལ་ནས་བྱུང་བའི་སྡུག་བསྔལ་གྱིས་ཉོན་མོངས་པ་ལ། བ་ལ་དང་འབྲུ་མར་གྱིས་བཀྲུའོ། །དེའི་འོག་ཏུ་བྱིས་པའི་རྣ་བའི་དྲུང་དུ་རྡོ་གཉིས་བརྡུངས་པའི་སྒྲ
་བསྒྲག་གོ་།དེ་ནས་བྱིས་པའི་གཡོན་ཕྱོགས་ནས་སྔགས་འདི་བརྗོད་དོ། །ཱ་དག་དཱ་དག་ཏྶ་མ་བྷ་བ་སི། ཧྲི་ད་ཡཱ་ད་བྱི་ཛཛ་ཡ་སོ། །ཏྨ་བེ་སུ་ན་མཱ་སི། ས་ཛ་བ་ཤར་ཎ་ཤ་ཏཾ། ཤ་ཏཱ་པུ་ཤ་ཏ་བར་ཤོས། དྷིརྒྷཾ་ཡུ་ར་བྷ་ས་ནུ་ཧི། ནཀྵ་ཏྲ་ཎི་ཏྲི་ཤོ་རཱ་ཏྲི་ར་ཧ་ཤཤ་ད་ཏྭ་བི་རཀྵ་ཏུ། དེ་ནས
་བྱིས་པ་དེ་ནད་མེད་ཅིང་བདེ་བར་གྱུར་པ་དང། ལྟེ་བའི་རྩ་བ་སོར་གཅིག་ལ་ཐེ་གུས་བཅིངས་ཏེ། དེ་ནས་སོར་བཞི་ལུས་པ་དང་བཅད་ལ། ཐེ་གུ་གོང་དུ་སྐེ་བ་ལ་བརྟོད་ཏེ་བཞག་ལ་སྐམ་མོ། །དེའི་འོག་ཏུ་ལྟེ་བ་ལ་རུ་རྟ་ཏིལ་མར་དང་ལྡན་པས་བསྐུའོ། །དེའི་འོག་ཏུ
་ཤིང་འོ་མ་ཅན་རྣམས་སམ། ཡང་ན་སྨན་དྲི་ཞིམ་པོ་རྣམས་ཚུ་དང་བསྐོལ་བ་རྣོ་འཇམ་ཙམ་གྱི་ནང་དུ་གསེར་དང་དངུལ་བསྲེགས་ཏེ་ནང་དུ་བསྙུགས་ལ་དེས་ལྟེ་བ་བཀྲུའོ། །དེ་ལ་ལག་པ་གཡས་པའི་མ་ཚོགས་མའི་སྟེང་དུ་རས་བལ་སྣུམ་ཅན་གྱི་ལན
་གཉིས་ལན་གསུམ་ཅུང་ཞིག་མནན་ཏེ་བཞག་སྟེ། མགོ་བོར་དས་དཀྲིས་ཏེ་བཞག་གོ་།དེ་ནས་བློ་དང་ཚེ་དང་ཉམས་སྟོབས་སྐྱེད་པའི་ཕྱིར། བི་ཤ་ལ་དང། བྲ་ཧམི་དང། ཤུ་དག་དང། ཤངཀ་པུཥཔ་དང་དེ་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་ལྡེ་གུར
་བྱས་ཏེ། ཐུན་ཚད་ཧ་རེ་ནུ་ཀའི་ཚད་ཙམ་བྱའོ། །ཡང་ན་གསེར་དང། ཤུ་དག་དང། མུ་མེན་དང། ཨ་རུ་ར་དང། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་གསེར་དང་སྐྱུ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བཏང་ངོ། །མངལ
་གྱི་མི་གཙང་བའི་དྲི་མ་དག་པར་བྱ་བའི་ཕྱིར་ཤུ་དག་དང་རྒྱམ་ཚ་མར་དང་སྦྱར་བས་སློན་བྱའོ། །བྱིས་པ་བཙས་པའི་ལས་དང་ཆོ་ག་ལྷག་མ་རྣམས་ནི་སྐྱེ་དགུའི་བདག་གིས་བཤད་པ་བཞིན་དུ་བྱས་ན་སྙིང་ལ་གནས་པའི་རྩེ་རྣམས་འཕེལ་ཞིང
་རྒྱས་པར་འགྱུར་རོ། །དེ་ནས་ཞག་གསུམ་པ་འམ་བཞི་པ་ནས་བུད་མེད་ཀྱི་འོ་མ་འབྱུང་བར་འགྱུར་རོ། །འོ་མ་མི་འབྱུང་བའི་ཞག་དང་པོ་ལ་ནི་མར་དང་སྦྲང་རྩི་དང་སྨན་ཨ་ནམཏ་བསྲེས་ཏེ་སྦྱར་བ་ལ་སྔགས་ཀྱིས་བཏབ་སྟེ་བྱིས་པ་ལ
་དུས་གསུམ་དུ་སྦྱིན་ནོ། །ཞག་གཉིས་པ་ལ་ནི་སྨན་ལག་ཤམ་ན་དང་མར་སྦྱར་བ་སྦྱིན་ནོ། །ཞག་གསུམ་པ་ལ་ནི་ཞུན་མར་ཉི་ཚེ་བླུད་དོ། །ནམ་གྱི་མཚན་སྟོད་ལ་ནི་ཞུན་མར་རམ་མའི་ནུ་ཞོ་ལག་མཐིལ་གང་ཙམ་སྦྱིན་ནོ། །འོ་མ་འམ་མར་སར་ནི་དུས་གཉིས
་སུ་བླུད་དོ། །ནུ་ཞོ་ནི་མ་ཉིད་ཀྱིས་བླུད་ན་སྙམས་སྟོབས་འཕེལ་བར་འགྱུར་རོ། །འོ་མ་མང་བ་དང་བུ་ལ་མཉེན་གཤིན་ཅིང་བརྩེ་བའི་ནུ་མ་མནུན་པའི་མམ་གཉིས་བྱ་སྟེ། དེ་ཡང་ཡན་ལག་ལྷག་ཆད་མེད་ཅིང་སྨད་པ་མ་ཡིན་པ་དང། ཚངས་པར་སྤྱོད་པ་དང
་རིགས་མཉམ་པ་དང། ནད་མེད་ཅིང་རང་བཞིན་དུ་གནས་པ་དང། དར་ལ་བབ་པ་དང། བདག་ཉིད་ཀྱི་བུ་ཚ་སྔར་སྐྱེས་པ་ཤི་མ་མྱོང་བ་དང། ལྟོ་འདུན་ཆུང་བ་རྣམས་ལས་བྱ་སྟེ། མ་མ་དེ་གཉིས་ཀྱང་བཟའ་བ་དང་བཏུང་བ་ཕན་པ་བསྟེན་པར་བྱའོ། །དེ་ལ་ནུ
་ཞོ་ཉམས་པའི་རྒྱུ་ནི་བསྲེས་པ་དང་ཁྲོ་བ་དང་སྨྱུང་བར་འདུག་པ་དང། ལུས་ཀྱི་རྩོལ་བ་དྲགས་པ་རྣམས་ཡིན་ནོ། །ནུ་ཞོ་སྐྱེད་པའི་ཕྱིར་བུ་རམ་ཆང་མ་གཏོགས་པའི་ཆང་དང་སྲོག་ཆགས་གཤེར་སན་འདུས་པའི་ཤ་ཁུ་དང་གང་ཡང་འོ་མ་དང་འོ་མ་འཕེལ
་བར་བྱེད་པའི་སྨན་བསྟེན་པར་བྱའོ། །མྱ་ངན་ལ་སོགས་པ་ནི་འོ་མ་བྲི་བར་བྱེད་པའི་རྒྱུ་ཡིན་ནོ། །ཁ་ཟས་མི་མཐུན་པ་རྣམས་བསྟེན་པ་དང། བཀྲེས་པར་འདུག་པ་དང། སེམས་གཞན་དུ་གྱུར་པ་དང། སྦྲུམ་པའི་དུས་སུ་ལུས་ཟུངས་རྣམས་ཉམས་པར་གྱུར་ཏེ། དེས
་ནུ་ཞོ་མ་རུངས་པར་བྱས་ཏེ་བྱིས་པའི་ནང་སྐྱེད་པར་བྱེད་དོ། །བུད་མེད་ནུ་ཞོ་བསྐམས་ཤིང་མེད་པར་གྱུར་ན་ནི་རའི་འམ་བའི་འོ་མ་ཡང་ཡོན་ཏན་དེ་དང་འདྲ་བས་བླུད་པར་བྱའོ། །ཡང་ན་འབྲི་ཧ་ཏི་ལ་སོགས་པ་རྩ་བ་ཆུང་ངུ་ལྔ་གོང་མའི་འོ་མ་དང་བསྒྲུབས་པ་འམ།
་ཡང་ན་ཟིར?་རྣམ་གཉིས་ལི་ཁར་དང་ལྡན་པ་བླུད་པར་བྱའོ། །ཁྱད་པར་དུ་ཞག་དྲུག་གི་བར་དུ་བསྲུང་བ་དང་གཏོར་མ་ཡང་བྱ་སྟེ། དེ་བཞིན་དུ་དེའི་ཉེ་དུ་རྣམས་ཀྱིས་ཀྱང་གཉིད་མི་ལོག་པར་དགའ་བ་དང་མཆོག་ཏུ་དགའ་བ་བསྐྱེད་པར་བྱའོ། །དེ་ནས་ཞག་བཅུ་ཚང་བ་དང། རང་རང་གི་རིགས
་དང་མཐུན་པའི་ཆོ་ག་བྱས་ཏེ། བཙོས་པའི་མལ་ལས་བླང་བར་བྱའོ། །དེ་ནས་ལྷ་ལ་མཆོད་པ་ལ་སོགས་པ་བྱས་ནས་བྱིས་པའི་མིང་གདགས་སོ། །ལུས་མདོག་མཛེས་པར་བྱ་བའི་ཕྱིར་ལྡོང་རོས་དང། བ་བླ་དང། གི་ཝང་དང། ཨ་ཀ་རུ་དང། ཙན་དན་རྣམས་ཀྱི་བྱུགས་པས་ལུས་བསྐུའོ། །
་མིང་བཏགས་པ་ཡང་རྒྱུ་སྐར་དང། རང་ལྷ་དང། ཉེ་དུ་རྣམས་གང་ཡང་རུང་བ་ལས་ཆ་དྲས་ཏེ་འམ། ཡང་ན་ཡི་གེ་མཉམ་པ་ལས་མིང་གདགས་སོ། །དེ་ནས་གཟུགས་ཀྱི་བྱེ་བྲག་བཤད་པ་ལ་བརྟེན་ནས་ཆེ་བརྟག་པར་བྱའོ། །ཕྱིས་པ་གསོ་ཤེས་པའི་སྨན་པས་ཤར་རམ། བྱང་དུ
་མགོ་བསྟན་པར་བྱའོ། །གོས་བཀྲུས་པ་གཙང་ལ་གཉེར་མ་མེད་ཅིང་འཇམ་པས་བསྐོན་ཏེ་རྩའི་མལ་སྟན་ལ་བཞག་སྟེ། གོས་དང་སྟན་རྣམས་ལ་གདོན་འཇོམས་པའི་སྨན་གྱིས་བདུག་པས་བདུགས་ཏེ། དེ་ཡང་བྱ་རོག་གི་དུག་དང། དུར་བྱིད་སྦྱར་བས་བདུགས་ན་རབ་ཏུ
་བསྔགས་སོ། །ཤང་ཤང་ཏེའུ་དང། བསེ་རྭ་གཅིག་ལ་སོགས་པའི་རྭ་ན་ཡོད་པའི་ནོར་བུས་བྱིས་པ་བསྲུང་བའི་ཆེད་དུ་རྟག་ཏུ་གདགས་སོ། །སྨན་བྲ་སྨི་དང། ཨིནྡྲི་ཞེས་བྱ་བ་ཤ་ལ་དང། ཛི་བ་ཀ་ལ་སོགས་པའི་སྨན་དེ་རྣམས་གང་ལ་དགའ་བའི་སྨན་གྱིས་ལག་པ་གཉིས་དང་མགུལ
་པ་དང། སྤྱི་བོ་རྣམས་སུ་གདགས་སོ། །ཁྱད་པར་དུ་ཤུ་དག་དུས་སུ་རྟག་ཏུ་དྲུང་དུ་བསྟེན་ན་ཚེ་རིང་བ་དང། ཡིད་གཞུངས་པ་དང། དྲན་པ་དང། བདེ་ལེགས་སུ་བྱེད་ཅིང་གདོན་རྣམས་ལས་བསྲུང་བར་བྱེད་དོ། །དེ་ནས་བྱིས་པ་ནད་མེད་ཅིང་ཟླ་བ་དྲུག་གམ་བདུན་ནམ་བརྒྱད་ལོན་པ་དང་དགུན་གྱི་དུས
་སུ་ཉིན་ཞག་དགེ་བ་ལ་མ་མའི་སར་བཞག་ནས་དབུགས་དབྱུང་ཞིང་སྤྲོ་བ་སྐྱེད་དེ། རྣ་བ་གཉིས་དབུག་པར་བྱ་སྟེ། སྨན་པས་ཁྱེའུ་ཡི་རྣ་བ་གཡས་པ་ཐོག་མར་ཕུག་ལ་བུ་མོའི་ནི་གཡོན་པ་དང་པོར་དབུག་གོ་།དེ་ཡང་སྨན་པའི་ལག་པ་གཡོན་པས་ཁས་བླངས་ཏེ། ལག་པ
་གཡོན་པས་རྣ་བཤལ?་བཟུང་ལ་དེའི་དབུས་སུ་མཁུར་ཚོས་དང་ཅུང་ཞིག་ཉེ་བར་ཉི་མའི་དེས་སུ་བསྟན་ན། ཤ་མ་བཞིན་དུ་ཤིན་ཏུ་སྲབ་པར་སྣང་བ་དེ་ན་ལྷའི་བུག་པ་ཞེས་བྱ་བ་ཡོད་དེ། དེར་ལེ་བརྒན་རྩིའི་ཐིག་ལེའི་མཚན་མ་བཏབ
་སྟེ། ལག་པ་གཅིག་གིས་དལ་གྱིས་ལན་གཅིག་དབུག་སྟེ་གོང་འོག་དང་ངོས་གཉིས་སུ་མི་ཡོ་བར་བྱའོ། །གལ་ཏེ་ཡོ་བ་ལྟ་ན་ནི་དེ་དག་ཏུ་ཀ་ལི་ཀ་ཞེས་བྱ་བ་དང། མརྡྷ་ནི་ཞེས་བྱ་བ་དང་རཀྐ་ཏ་ཞེས་བྱ་བའི་རྩ་རྣམས་ཡོད་དོ། །དེ་དག་ཏུ་ཕོག་ན་མདོག་དམར་བ་དང།
་ན་བ་དང། ཚ་བ་དང། སྐྲང་པ་དང། ཚ་བ་འུར་འུར་བོར་འདུག་པ་དང། དྲག་ཏུ་ན་བ་དང་གཉའ་རེངས་པ་དང། པ་ཏ་ན་ཀ་ཞེས་བྱ་བའི་རླུང་ནད་དུ་འགྱུར་རོ། །གལ་ཏེ་དེ་དག་ཏུ་གྱུར་ན་ནི་དེ་དག་གིས་བྱེ་བྲག་ཤེས་པར་བྱས་ནས་མྱུར་དུ་གསོ་བར་བྱའོ། །གནས་མ་ནོར་བར་ཕུག
་ན་ནི་ཁྲག་མི་འབྱུང་ལ་ནད་མེད་ཅིང་དམར་བ་ལ་སོགས་པའི་སྐྱོན་ཡང་མེད་དོ། །འབུགས་པའི་ཁབ་དེ་ཡང་སྐུད་པས་བཏགས་ལ་མར་གྱིས་བསྐུས་ཏེ་ཕུག་ལ་སྐུད་པ་དྲང་བར་བྱ་སྟེ། དེ་ནས་ཡང་ཏིལ་མར་ཆོས་པའི་རྒྱུན་གྱིས་བུ་གར་བླུགས་སོ། །དེ་ལྟར་རྣ་བ་ཤལ་ཆུག་ཟིན
་པའི་འོག་ཏུ་ཕན་པའི་ཟས་སྦྱིན་ནོ། །དེ་ནས་བལ་གྱི་འདའ་བས་རྣ་བ་གཡོན་གྱི་བུ་ག་གླན་ལ་ཞག་གསུམ་གྱི་བར་དུ་བཞག་གོ་།རྨ་འཚོ་བ་དང་རིམ་གྱིས་དལ་བུས་བུ་ག་བསྐྱེད་པར་བྱའོ། །དེ་ནས་བྱིས་པ་དེའི་སོ་སྐྱེས་པ་དང། རིམ་གྱིས་བུ་ཞོ་དེ་ལས་བཟློག་པར་བྱའོ། །འོ
་མ་ནི་གོང་དུ་སྨོས་པ་བཞིན་སྦྱར་རོ། །ཁ་ཟས་ཀྱང་ཡང་ཞིང་ཉམས་བརྟ་བ་རྣམས་སྦྱིན་ནོ། །བྱིས་བཅུ་ཞོ་མི་འཐུང་བ་ལ་ནི་ཤིང་པི་ཡ་ལའི་རྐང་དང། མ་དུ་ཀའི་མེ་ཏོག་དང། སྦྲང་རྩི་དང། འབྲས་ཡོས་དང། །བ་ར་དཀར་པོ་དང། འདི་རྣམས་ལ་ཏུར་བྱས་ཏེ་བྱིས་པ་ལ་བྱིན་ན
་ཚིམ་ཞིང་ཉམས་སྟོབས་སྐྱེད་དོ། །བིལྤ་གཞོན་ནུ་དང། ཤ་ཁར་དང། སུག་སྨེལ་དང། འབྲས་ཡོས་ཀྱི་ཕྱེ་མ་དང་དེ་རྣམས་ཀྱི་སྐྱོ་མ་བླུད་ན། མེ་དྲོད་སྐྱེད་དོ། །ད་ཧའི་མེ་ཏོག་དང། ཤ་ཁར་དང། འབྲས་ཡོས་ཀྱི་ཕྱེ་མ་དང། སྐྱོ་མ་བླུད་ན་སླ་ཚ་སྐ་སླ་རན་པར་འབྱུང་ངོ། །གལ
་ཏེ། བྱིས་པ་དེ་ནད་བྱུང་ན་གནོད་པར་མི་འགྱུར་བའི་སྨན་འཇམ་པོ་སྦྱིན་ནོ། །ནད་གཞན་གྱི་བརླ་གཉན་གྱིས་འདྲེས་པ་ལས་ན་ཡང་བཀྲུ་སྨན་གྱིས་ཞི་བར་བྱའོ། །ཇི་ལྟར་བྱིས་པའི་བློ་གཞན་དུ་གྱུར་པ་ན་ཡང། སྡངས་པར་འགྱུར་བའི་པག་མི་བྱ་སྟེ། གལ་ཏེ་སྡངས་པར་གྱུར་ན་ནི་གདོན
་གྱིས་ཟིན་པའི་རྒྱུར་འགྱུར་རོ། །བྱིས་པ་དེ་གོས་ཀྱི་རླུང་ཡབ་ཀྱིས་གཡབ་པ་དང། གཞན་གྱི་སྒོམ་ཞིང་རེག་པ་ལས་ཀྱང་བསྲུང་བར་བྱའོ། །བྲི་ཧམ་དང། ཡུངས་ཀར་དང། ཤུ་དག་དང། ཐལ་ཏྲེས་དང། རུ་རྟ་དང། རྒྱམ་ཚ་དང། པི་པི་ལིང་དང། འདི་རྣམས་དང་ཚུལ་བཞིན་བསྐོལ་བའི
་སྨན་མར་བླུད་ན། སྐད་གསལ་བ་དང། ཡིད་གཞུངས་པ་དང། དྲན་པ་མྱུར་བར་བྱེད་དོ། །དེ་བཞིན་དུ་ཚེ་རིང་བ་དང། སྡིག་པ་ཞི་བར་བྱེད་པ་དང། གདོན་འཇོམས་པ་དང། འབྱུང་པོ་དང། སྨྱོ་བྱེད་རྣམས་ལས་ཟློག་པར་བྱེད་དོ། །ཤུ་དག་དང། སོམ་ར་ཚ་དང། མནདུ་ཀ་པར་ནི་དང། ཤད
་ཀེ་པུཥཔ་དང། ཉེའུ་ཤིང་དང། བྲཧམ་སོ་མ་ཞེས་བྱ་བ་ནི་ནཱ་དང། སླེ་ཏྲེས་དང། བྲཧམི་དང། འདི་རྣམས་སྲང་རེ་རེ་ཆམ་ཆོམ་བརྡུངས་ཏེ། མར་སྲང་སུམ་ཅུ་རྩ་གཉིས་དང། འོ་མ་མར་གྱི་བཞི་འགྱུར་དང། ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ནི་ཡན་ལག་བརྒྱད་པའི་མར་ཞེས་བྱ
་སྟེ། དེ་ལས་རན་བར་བླུད་ན་སྐལ་པ་ལྡན་པ་དང། ཚེ་རིང་བ་དང། ཚིག་གསལ་བ་དང། ཡིད་གཞུངས་པ་དང། དྲན་པ་གསལ་བར་བྱེད་པའི་མཆོག་ཡིན་ནོ། །རའི་འོ་མ་དང། ཨ་རུ་ར་དང། ཚ་བ་གསུམ་དང། པ་ཏ་དང། ཤུ་དག་དང། ཤི་ཏྲུ་དང། རྒྱམ་ཚ་དང། དེ་རྣམས་མར་དང།
་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ནི་དབྱངས་ཅན་ཞེས་བྱ་བའི་མར་ཡིན་ཏེ། དེ་ལས་རན་པར་འཐུངས་ན། སྐད་གསལ་བ་དང། ཡིད་གཞུངས་པ་དང། དྲན་པ་མྱུར་བ་དང། མེ་དྲོད་སྐྱེད་པར་བྱེད་དོ། །ཤུ་དག་དང། སླེ་ཏྲེས་དང། ཉེའུ་ཤིང་དང། ཨ་རུ་ར་དང། ཤིང་གི་ནི་དང།
་པི་དང་ཀ་དང། བཅའ་སྒ་དང། ཨ་པ་མརྒ་དང། འདི་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་འཐུངས་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །གསེར་དང། གེ་རི་ཀརྞི་ཀ་དང། ཤུ་དག་དང། རུ་རྟ་རྣམས་ལྷན་ཅིག་སྦྱར་བ་འམ། ཀྵ་རི་ཀི་དང། གསེར་ལྷན་ཅིག་སྦྱར་བ་འམ། གསེར
་དང་མཙྪ་ཨཀྵ་ཞེས་བྱ་བ་གནད་དུརྦ་དང། ཤངཀ་པུ་པི་དང། དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་གི་རི་ཀརྞི་ཀ་དཀར་པོ་དང། གསེར་དང། ཤུ་དག་དང། དེ་རྣམས་ལྷན་ཅིག་སྦྱོར་བ་འམ། སྦྱོར་བ་བཞི་པོ་དེ་དག་གང་ཡང་རུང་བ་སྦྲང་རྩི
་དང། མར་དང་སྦྱར་བའི་ལྡི་གུ་བྱིས་པ་ད་ལོ་གཅིག་གཟེར་དུ་ལྡག་ཏུ་བཅུག་ན་ལུས་ཀྱི་ཉམས་སྟོབས་དང། མདོག་དང། བློ་གསལ་བར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་དང། ཤིང་མངར་དང། རྒྱམ་ཚ་དང། ཨ་རུ་ར་དང། དོང་གྲ་དང། ཏིང་མུས་དང། རུ་རྟ་དང། པི་པི་ལིང
་དང། ཟིར་དང་དེ་རྣམས་ཀྱིས་ལྡེ་གུ་བྱིན་ན་ཡང་ཚིག་གསལ་བར་བྱེད་པའི་མཆོག་ཡིན་ནོ། །བྱིས་པ་གསོ་བའི་ཆོ་གའི་ལེའུ་དང་པོ་རྫོགས་སོ།། །།དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བྱིས་པ་གསོ་བ་ནི་རྣམ་པ་གསུམ
་དུ་བཤད་དེ། འོ་མ་དང་ཟས་དེ་གཉིས་ཀའོ། །དེ་གཉིས་ལ་སྐྱོན་མེད་ན་ནི་ཐ་མལ་བར་གནས་ཤིང་ནད་མེད་པ་ཡིན་ལ་དེ་གཉིས་སྐྱོན་དང་བཅས་ན་ནི་ནད་འབྱུང་བ་ཡིན་ནོ། །འོ་མ་སྐྱོན་མེད་པ་ནི་ཆུའི་ནང་དུ་བཅུག་ན་ཆུ་དང་ལྷན་ཅིག་ཏུ་འགྱུར་བ་ནི་སྐྱོན་མེད་ཅིང་དག་པ
་ཡིན་ནོ། །དེ་ལ་མའི་ནུ་ཞོ་རླུང་གིས་མ་རུང་ན་ནི་འོ་མ་ཆུའི་ནང་དུ་བླུགས་ན་སྟེང་དུ་འབྱུང་ཞིང་རོ་བསྐ་བ་དང། སྤུ་བ་དང་བཅས་པ་དང། རྩུབ་དང་བྱིས་པའི་བཤང་གཅི་སྲི་ཞིང་འགག་པར་བྱེད་དོ། །མཁྲིས་པས་མ་རུངས་པའི་རྟགས་ནི་འོ་མ་བསྲེགས་ན་དྲོ་ཞིང་རོ་སྐྱུར
་བ་འམ། ཚ་བ་དང་ཆུར་བླུགས་ན་པོ་ཤར་ཤར་པོ་སྣང་བ་དང་བྱིས་པས་འཐུངས་ན་ལུས་ཚ་བ་སྐྱེད་དོ། །བད་ཀན་གྱིས་མ་རུངས་པའི་རྟགས་ནི་འོ་མའི་རོ་ལན་ཚ་བྲོ་ཞིང་སྐ་བ་དང། ཆུར་བླུགས་ན་འོག་ནས་བྱིད་བ་དང། སྤྱི་བག་ནལ་ནལ་བོར་འདུག་པ་ཡིན་ནོ། །ནད
་གཉིས་འདྲེས་པ་ནི་ལྡན་པ་ཞེས་བྱའོ། །གསུམ་འདྲེས་པ་ནི་འདུས་པ་ཞེས་བྱའོ། །འོ་མའི་རང་གཉིས་པ་ཇི་ལྟ་བ་བཞིན་པའི་འོ་མ་བླུད་ན་བྱིས་པ་ལ་ཡང་ནད་དེ་དག་སྐྱེད་པར་བྱེད་དོ། །དེ་ལ་བྱས་པ་ཆུང་ངུ་ན་བའི་མཚན་མ་ནི་ཡང་དང་ཡང་དུ་དྲག་ཏུ་ངུ་བ་དང། ཡང་ན་བྱིས
་པས་རང་ཉིད་ཀྱི་ལག་པས་ལུས་ལ་ལྷག་པར་ཉུག་པ་འམ། ཡང་ན་གང་དུ་དག་པར་མི་བཟོད་པ་དེར་ན་བ་ཡིན་ནོ། །གལ་ཏེ་མགོ་བོ་ན་ན་ནི་མིག་འཛུམས་པར་བྱེད་པ་ཡིན་ནོ། སྙིང་མི་བདེན་ནི་ལྕེ་དང་མཆུ་སོས་གནོན་ཞིང་དབུགས་མི་བདེ་ལ་བུ་ཚུར་འཆང་བར་བྱེད་པ་ཡིན་ནོ།
་ཁོང་པ་མི་བདེན་བཤང་གཅི་འགག་སྟོད་དུ་རྒྱུག་།ནུ་ཞོ་མི་འདོད། རྒྱུ་མ་ཁྲུ་ལུ་ལུ་ཟེར། ལྟོ་སྦོ། །རོ་སྟོད་སྒུ་གསུས་པ་མཐོ་བར་འདུག་པ་རྣམས་ཡིན་ནོ། །ཆུ་སོ་དང་ཕོ་མཚན་དུ་མི་བདེ་ན་ནི་བཤང་གཅི་འགག་སྡང་ཞིང་ཕྱོགས་ཀུན་ཏུ་ལྟ་བ་ཡིན་ནོ། །དེ་ལྟར་མི་བདེན
་ནུ་ཞོམ་ནུན་པའི་མ་མ་ལ་ནད་གཞི་ཇི་ལྟ་བ་བཞིན་དུ་གསོ་བ་བྱ་སྟེ། རླུང་གི་བདག་ཉིད་ཀྱིས་ནུ་ཞོ་མ་རུང་བར་གྱུར་པ་ལ་ནི་རྩ་བ་བཅུ་བ་བསྐོལ་བའི་ཁུ་བ་ཞག་གསུམ་བླུད་དོ། །ཡང་ན་ཙི་ཏྲ་ཀ་དང། ཤུ་དག་དང། པ་ཐ་དང། པུ་ཙེ་ཤེལ་དང། རུ་རྟ་དང། ལ་ལ་པུད་དང།
་ཐང་ཤིང་དང། ཀོ་ཉོན་ཙེ་དང། བྲི་ཤཙི་ཀལ་དང། པི་པི་ལིང་དང། བཅའ་སྒ་དང། དེ་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །དེ་ནས་རླུང་འཇོམས་པའི་སྨན་མར་བླུད་དོ། །བཏུང་བར་ནི་ཆང་གི་དངས་མ་བླུད་དོ། །དེའི་འོག་ཏུ་སྣུམ་དང་ལྡན་པའི་བཀྲུ་སྨན་བཏང་ངོ། །དེ་ནས་སྨན
་མས་བཏང་བའི་ལས་བྱ་སྟེ། དུགས་ལ་སོགས་པ་རླུང་འཇོམས་པའི་སྨན་ཡང་བཏང་ངོ། །ར་སྣ་དང། ཏིང་མུ་ས་དང། ཀོ་ཉོན་ཙི་དང། ཐང་ཤིང་དང་དེ་རྣམས་ཕྱེ་མར་བྱས་ཏེ་མར་དང་སྦྱར་བའི་ལྡེ་གུ་སྦྱིན་བའམ། ཡང་ན་སྨན་ད་རྣམས་ཚུལ་བཞིན་བསྐོལ་ཏེ་ཁར་དཀར
་པོ་དང་སྦྱར་བ་བླུད་དོ། །མཁྲིས་པས་ནུ་ཞོ་མ་རུངས་པར་གྱུར་པ་ལ་ནི། སླེ་ཏྲེས་དང། ཉེའུ་ཤིང་དང། པ་ཏ་ལ་དང། ནིམཔ་དང། ཙན་དན་དང། ཕལ་ཏེས་དང། དེ་རྣམས་བསྐོལ་བའི་ཁུ་བ་མ་མ་དང་བྱིས་པ་གཉི་ག་ལ་བླུད་དོ། །ཡང་ན་འབྲས་བུ། གསུམ་དང། འབྲས
་གང་དང། ཏིཀྟ་དང། པུ་ཙེ་ཤེལ་དང། ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་དང། བ་ཏལ་ལ་སོགས་པའི་སྡེ་ཚན་དང། ཤུག་པའི་སྡེ་ཚན་དང། སྡེ་ཚན་གྱི་སྦྱོར་བ་དེ་དག་གང་ཡང་རུང་བ་མར་དང་ལྷན་ཅིག་བསྐོལ་བའི་སྨན་མར་བླུད་ནས་དེའི་འོག་ཏུ་མཁྲིས་པ་ལ
་ཕན་པའི་བཀྲུ་སྨན་བཏང་ངོ། །སྨན་བསིལ་བས་བསྐུ་བ་དང་བྱུག་བ་ལ་སོགས་པ་ཡང་སྦྱར་རོ། །བད་ཀན་གྱི་མ་རུངས་པར་གྱུར་པ་ཡང་ཤིང་མངར་དང་ལྕེ་མྱང་ཚ་དང་ལྡན་པའི་མར་གྱིས་བྱིས་པ་ལ་བླུད་དོ། །དེའི་འོག་ཏུ་རྒྱམ་ཚ
་དང་ཤིང་མངར་དང། པི་པི་ལིང་རྣམས་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་སློན་བྱའོ། །ཡང་ན་པོ་སོན་ཆའི་མེ་ཏོག་གི་ལྡེ་གུས་མའི་ནུ་མ་དང། བྱིས་པའི་སོ་དང། མཆུ་ལ་བསྐུས་ན་བྱིས་པ་བདེ་བར་སྐྱུག་པར་འགྱུར་རོ། །མ་ལ་ནི་སྐྱུག་སྨན་དྲག་པོས་སློན་དུ
་གཞུག་གོ། ལྡན་པའི་ནང་ལ་ནི་གླ་སྒང་ལ་སོགས་པ་བསྐོལ་བ་བླུད་དོ། །དེ་བཞིན་དུ་རྒྱ་སྤོས་དང། སྲི་ཐཱི་ཀི་དང། སྒྲོན་ཤི་དང། དུག་མོ་ཡུངས་དང། དེ་རྣམས་བསྐོལ་བ་ཡང་བླུད་དོ། །ཡང་ན་བོང་དཀར་པོ་དང། གླ་སྒང་དང། ཤུ་དག་དང། ཚ་བ་ལྔ་དང་དེ
་རྣམས་བསྐོལ་བ་བླུད་དོ། །ནུ་མའི་ཞོ་ལ་ནད་གཞི་གསུམ་གྱི་མཚན་མ་ནི་མ་ཞུ་བ་བེའུ་སྣབས་འབྱུང་ཞིང་དྲི་ང་ལ་ཆུ་དང་འདྲ་བར་སླན་ཏེར་འབྱུང་བ་དང། ཕྱིས་སྲི་བ་དང། མར་ཡང་དང་ཡང་རྒྱུན་མི་འཆད་པར་འབྱུང་བ་དང། ལྦུ་བ་དང་བཅས་ཤིང་ནད
་མདོག་སྣ་ཚོགས་སུ་འབྱུང་སྟེ། གཅིན་མདོང་ཀྱང་སེར་བ་དང། བསྐ་བར་འབྱུང་བ་དང། རིམས་ཀྱིས་འདེབས་པ་དང། ཁ་ཟས་ཡི་གར་མི་འོང་བ་དང་སྐོམ་དང་ཆེ་བ་དང། སྐྱུག་བྲོ་དང། སྒྲེགས་པ་སྐྱུར་བོར་འབྱུང་བ་དང། བྱ་རྨྱང་བྱེད་པ་དང། ཡན་ལག་ཆག
་པ་སྙམ་བྱེད་པ་དང། ཡན་ལག་སྐྱོད་ཅིང་འདེབས་པ་དང། འཁུན་པ་དང། ལུས་འདར་བ་དང། མགོ་བ་ཁོར་བ་དང། སྣ་དང། མིག་དང། གདོང་ཚོས་པ་ལ་སོགས་པའི་ནང་སྐྱེ་བར་འགྱུར་ཏེ། གཞན་ཡང་དེ་དང་འདྲ་བའི་ནད་མང་དུ་འབྱུང། དེའི་མིང་ནི་ནད
་ཤིན་ཏུ་མི་བཟད་པཀྵི་རས་ཀ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་ནད་པ་ལ་ནི་མ་བུ་གཉིས་ཀ་ལ་སྐྱུག་སྨན་བྱ་སྟེ། ཐུག་པ་རྐྱང་རྐྱང་པོ་ལ་སོགས་པའི་རིམ་པ་ཡང་སྦྱར་ཏེ། ཤུ་དག་ལ་སོགས་པའི་སྡེ་ཚན་ཡང་སྦྱར་རོ། །ཡང་ན་སེར་པོ་གཉིས་ལ་སོགས་པ་འམ
་ཡང་ན་བོང་དཀར་བོ་དང། པཱ་ཐཱ་དང། པི་པི་ལིང་དང། བུ་ཙེ་ཤེལ་དང། གླ་སྒང་དང་དེ་རྣམས་བསྐོལ་བ་འམ། ཡང་ན་བ་ཐཱ་དང། བཅའ་སྒ་དང། སྤེ་ཏེ་བ་དང། པུ་ཙེ་ཤེལ་དང། ཏེ་ཛོ་བ་ཏི་དང། ཐང་ཤིང་དང། ཐལ་ཏྲེས་དང། གླ་སྒང་དང། མུརྦ་དང། དུག་མོ་ཡུངས་དང། དེ་རྣམས་བསྐོལ་བའི་ཁུ་བ
་བླུད་ན་ཡང་ནུ་ཞོའི་སྐྱོན་སེལ་བའི་མཆོག་ཡིན་ནོ། །དུས་ལ་མཁས་པའི་སྨན་པས་ནད་གཞི་ཇི་ལྟ་བུའི་རྗེས་སུ་འབྲེལ་བའི་ནད་ཀྱི་གསོ་བ་ལ་ཡང་ཅི་རིག་པར་བྱའོ། །བྱིས་པ་དེ་ཐོག་མ་སོ་སྐྱེས་པའི་དུས་སུ་ནད་ཐམས་ཅད་སློང་བར་བྱའོ། །ཁྱད་པར་དུ་རིམས་དང། ཁོང་འཁྲུ་བ་དང། ལུད་པ་ལུ
་བ་དང། སྐྱུག་པ་དང། མགོན་པ་དང། མིག་རྣག་འཇག་པ་དང། མིག་མཆུ་ཤ་སྐྱེས་པ་དང། མེ་དཔལ་ལ་སོགས་པ་སྐྱེ་བར་འགྱུར་རོ། །ཇི་ལྟར་བྱིས་བསྐལ་ཚིགས་བྱེ་བའི་དུས་དང། རྨ་བྱ་ཅོད་པན་སྐྱེས་པའི་དུས་དང། བྱིས་པ་སོ་སྐྱེས་པའི་དུས་དེ་ནི་དམ་རུངས་པ་ཐམས་ཅད་སློང
་བར་བྱེད་དོ། །སྐྱོན་གྱི་རང་བཞིན་ལས་ན་ཇི་ལྟར་འབྱུང་བ་དང། ནད་ཇི་ལྟར་ཤེས་ཆེ་ཞིང་སྟོབས་ཆེ་བ་དང། དུས་དང་ཡུལ་ལ་སོགས་པ་རྣམས་བརྟགས་ནས་སྨན་པས་སྨན་སྦྱར་བར་བྱའོ། །ནད་གཞི་འཁྲུགས་ཏེ་རིམས་ལ་སོགས་པ་རྣམས་སུ་གྱུར་བ་ནི། སྨན་ཡང་དེ་དག་ཉིད
་ཀྱིས་གསོ་བར་བྱ་སྟེ། སྨན་གྱི་ཐུན་ཚད་ཆུད་ཚད་དུ་བཏང་ངོ། །ལུས་ཆུང་བ་དང། སྡུག་མ་མྱོང་བ་དང། ཟས་ཐམས་ཅད་ལ་བསྟེན་ཏེ་བརྟག་ཏུ་འོ་མ་དང་མར་ལས་གོམས་པར་བྱས་པའི་བྱིས་པའི་ལུས་ནི་སྣུམ་བ་ཡིན་ཏེ། དེ་བས་ན་འབྲལ་སྨན་འཇམ་པོའི་སློན་སྨན་བཏང་སྟེ། དེ་ཡང
་ནུ་ཞོ་རིམས་བར་འཐུར་དུ་བཅུག་ན་སྐྱུག་པར་འགྱུར་རོ། །འོ་མ་དང་ཁ་ཟས་གཉིས་ཀྱིས་འཚོ་བའི་བྱིས་པ་ལ་ནི་སྐྱུག་སྨན་ཐུག་པ་སླ་བ་དང་བསྲེས་པ་བླུད་ལ་སྐྱུག་དུ་གཞུག་གོ་།ཟས་ཉི་ཚེར་འོ་ཆ་བའི་བྱིས་པ་ལ་ནི་སྐྱུག་སྨན་མར་དང་སྦྱར་བ་བཏང་ངོ། །གལ་ཏེ་མས་བཏང
་བའི་སྨན་ཟོས་པ་ཡིན་ན་ནི་མས་བཏང་བའི་བཀྲུ་སྨན་བྱའོ། །སྣ་སྨན་རྡུབ་པའི་སྨན་དང། སྣའི་བཀྲུ་སྨན་ཡང་བྱའོ། །བཀྲུ་སྨན་ལ་སོགས་པ་གོང་དུ་བཤད་པ་དེ་དག་མ་མ་ལ་ཡང་སྦྱར་རོ། །མུརྦ་དང། ཚ་བ་གསུམ་དང་འབྲས་བུ་གསུམ་དང། རྒྱ་ཤུག་གི་འབྲས་བུ་དང། འཛམ་བུའི
་ཤུན་པ་དང། ཐང་ཤིང་དང། ཡུངས་ཀར་དང། པཱ་ཐཱ་དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ལྡག་ཏུ་བཅུག་ན་ནུ་ཞོའི་སྐྱོན་སེལ་བའི་མཆོག་ཡིན་ནོ། །པི་པི་ལིང་དང། དནད་ཀའི་མེ་ཏོག་དང། སྐྱུ་རུ་རའི་འབྲས་བུ་དང། དེ་རྣམས་ཀྱི་བྱེ་མ་དང། སྦྲང་རྩི
་སྦྱར་བས་སོ་རྩ་བསྐུས་པ་འམ། ཡང་ན་བྱ་ལཱ་བི་དང། སྲེག་པའི་ཤ་སྐམ་ཞིབ་ཏུ་བཏགས་བ་སྦྲང་རྩི་དང་སྦྱར་བས་ས་རྩི་བསྐུས་ན་བྱིས་པའི་སོ་རྩ་མྱུར་དུ་བདེ་ལ་སྐྱེའོ། །ཤུ་དག་དང་འབྲི་ཧ་སྟི་རྣམ་གཉིས་དང། པཱ་ཐཱ་དང། ཚ་བ་གསུམ་དང། བོང་དཀར་པོ་དང། གླ་སྒང་དང། སྨན་མངར
་བའི་སྡེ་ཚན་དང། དེ་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པས་སོ་རྩ་བསྐུས་ན་སོ་བདེ་བར་སྐྱེད་དོ། །སྐྱར་བ་དང། སྲེ་ཡ་ནི་དང། བྲི་ཧ་ཏི་དང། ཀྲིཎ་པརྞི་དང། ཤུ་ཏི་དང། དེ་རྣམས་སྦྲང་རྩི་དང་མར་དང་ལྷན་ཅིག་ལྡེ་གུར་བྱས་ཏེ་ལྡག་དུ་བཅུག་ན། ཕོ་བའི་མེ་དྲོད་སྐྱེད་པའི
་མཆོག་ཡིན་ཏེ། རླུང་ནད་ལུགས་བཞིན་འབྱུང་ཞིང་ཚད་པར་འཁྲུ་བ་དང། རིམས་དང། དབུགས་མི་བདེ་བ་དང། མིག་སེར་དང། སྐྱ་རྦབ་དང། ལུད་པ་ལས་རྒྱལ་བར་བྱེད་དོ། །ཁྱད་པར་དུ་བྱིས་པའི་ནད་ཐམས་ཅད་ལ་བསྔགས་ཏེ། ཉམས་སྟོབས་དང་མདོག་གསལ་བར་བྱེད་དོ
་བཅོད་དང། ད་ཏ་ཀི་དང། གསེར་ཕྲོམ་དང། ཀུ་ཊ་?་ཊ་དང། མུངྒ་པརྞི་དང། བ་ཤ་པརྞི་དང། མུངྒའི་འབྲས་བུ་དང། བིལྦ་གཞོན་ནུ་དང། རས་བལ་གྱི་ས་བོན་དང། འདི་རྣམས་ཆུ་དང་ལྷན་ཅིག་བསྐོལ་བའི་ཁུ་བའི་ནང་དུ་མར་དང་ཐལ་སྨན་གྱི་ཁུ་བ་དང། ཞོག་ཆུ་དང་ལྡན་པར་ལྷན
་ཅིག་བསྐོལ་ཏེ་མར་ལུས་པ་ལས་རན་པར་བླུད་ན་སོ་ལས་གྱུར་པའི་ནད་མྱུར་དུ་འཇིག་པར་བྱེད་དོ། །དེ་བཞིན་དུ་ནད་རྣམ་པ་སྣ་ཚོགས་པ་ཡང་སེལ་བར་བྱེད་དོ། །ཞེས་དྲང་སྲོང་འགྲོ་བ་སྐྱོང་གི་བཤད་དོ། །སོ་ལས་གྱུར་བའི་བྱིས་པའི་ནད་ལ་ནི་ཧ་ཅང་གསོ་བ་མི་བྱ་སྟེ། སོ
་སྐྱེས་པའི་ནད་ནི་རང་ཉིད་ཞི་བར་འགྱུར་རོ། །བྱིས་པ་དེ་ཉིན་པར་ལྷག་པར་གཉིད་ལོག་པ་དང། ཆུ་གྲང་འཐུངས་པ་དང། བད་ཀན་སྐྱེས་པའི་ནུ་ཞོ་བསྟེན་པའི་རྒྱུད་བཅུད་དངས་མ་རྒྱུ་བའི་སྤུ་གུ་རྣམས་བད་ཀན་གྱིས་འགགས་ཏེ། དེ་ལས་ཁ་ཟས་ཡི་གར་མི་འོད་བ་དང། ཆམ
་པས་འདེབས་ཤིང་སྣ་ཆུ་འཛག་པ་དང། རིམས་ཀྱིས་འདེབས་པ་དང། ལུད་པ་རྣམས་སྐྱེ་བར་འགྱུར་ཏེ། དེས་ན་བྱིས་པའི་ལུས་སྐྲམ་པར་འགྱུར་ཞིང་ཟད་པ་དང། ལུས་སྣུམ་ཞིང་མིག་དང་གདོང་དཀར་བར་འགྱུར་ཏེ། དེ་ལས་རྒྱམ་ཚ་དང། ཚ་བ་གསུམ་དང། ཤ་རི་ག་ཤ་དང། བཱ་ཐཱ་དང།
་གི་རིག་དམྦ་ཀ་དང། དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བས་ཁ་ཟས་ཡི་ག་རིམ་འོང་བ་དང། ལུས་སྐེམ་པ་ལ་སྦྱར་རོ། །ཤིང་ཨ་ཤོ་ཀ་དང། པུ་ཙེ་ཤེལ་དང། ཚ་བ་རྣམ་ལྔ་དང་དེ་རྣམས་ཀྱི་ཕྱེ་མ་འམ། ཡང་ན་རྒྱ་ཤུག་དང། ད་ཏ་ཀི་དང། སྐྱུ་རུ་ར་དང། དེ་རྣམས་ཀྱི་ཕྱེ་མ་དང། ཕྱེ་མ
་དེ་གཉིས་གང་ཡང་རུང་བ་མར་དང་སྦྱར་བ་བྱིན་ན་ཕན་ནོ། །སྟི་ར་དང། ཤུ་དག་དང། བྲི་ཧ་ཏི་རྣམས་གཉིས་དང། བུ་ཚང་རྡོ་དང། པི་པི་ལིང་དང། རྒྱ་སྤོམ་དང། ལྕང་མ་དང། ཨུཏཔལ་དང། ཁ་སྤྲུ་བ་དང། ཁ་ཁྲའི་རྩ་བ་དང། གླ་སྐང་དང། དེ་རྣམས་ཞོ་གཉིས་དང། མར་སྲང་བཅུ་དྲུག་དང། ལྷན་ཅིག
་བསྐོལ་ཏེ་བསྒྲུབས་པ་ལས་རན་པར་བླུད་ན་རྒྱུན་སྲང་དག་པར་བྱེད་པའི་མཆོག་ཡིན་ནོ། །ཡང་བྲི་ཧ་ཏཱི་དང། ཨ་ཤྭོ་གྷནདྷ་དང། བྱིའུ་རུག་པ་དང། པི་པི་ལིང་དང། དེ་རྣམས་ཀྱི་ཕྱེ་མའི་སྦྱོར་བའི་སྨན་བསྐོལ་བའི་ནང་དུ་བཏབ་སྟེ། མར་དང་ཡང་བསྐོལ་ལ་མར་ལུས་པ་ལས་རན་པར
་བླུད་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཤིང་མངར་དང་པི་པི་ལིང་དང། སེང་ཕྲོམ་དང། དུག་མོ་ཡུངས་དང། ཨུཏཔལ་དང། ཙན་དན་དང། བལ་བུ་དང། ཐལ་ཏྲེས་རྣམ་གཉིས་དང་དེ་རྣམས་མར་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན་ལུས་སྐེམ
་པ་ལས་རྒྱལ་བར་བྱེད་དོ། །བུ་བྲན་ཤིང་དང་ཆུ་ནས་སྐྱེས་པའི་ཤིང་མངར་དང། ག་བྲ་རྩ་བ་དང། པི་པི་ལིང་དང། ཐིང་ཤིང་དང། ཨ་ཤྭ་གནདྷ་དང། ར་མཉེ་བ་རྣམ་གཉིས་དང། ར་སྣ་དང། བྲངས་རྩི་བ་དང། ཇི་བ་ཀ་དང། དམྦ་གཉིས་དང། བི་དང་ཀ་དང། དེ་རྣམས་ཆམ་ཆོམ
་བརྡུང་སྟེ་མར་དང་རི་བོང་གི་མགོ་བོ་བསྐོལ་བའི་ཁུ་བ་དང། ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན། ལུས་སྐེམ་པ་ལས་འཕེལ་ཞིང་བརྟས་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་དང། སྐྱུ་རུ་ར་དང། རྒྱ་སྤོས་དང། ཨ་རུ་ར་དང། ཙ་རོང་དང་དེ་རྣམས་ར
་ཐུག་གི་གཅིན་དང་ཆང་དང། འབྲུ་མར་དང་དེ་རྣམས་ལྷན་ཅིག་བསྐོལ་བའི་མར་གྱིས་བསྐུས་ན་ཕན་ནོ། །རྒྱ་སྐྱེགས་ཀྱི་ཁུ་བ་བྲེ?་གང་དང། དེ་དང་མཉམ་པའི་ཏིལ་མར་དང། དེའི་གཞི་འགྱུར་གྱི་ཞོ་ག་ཆུ་དང། ཨ་ཤྭ་གནདྷ་དང། སྐྱེར་པ་དང། ཐང
་ཤིང་དང། རུ་རྟ་དང། གླ་སྒང་དང། ཙན་དན་དཀར་པོ་དང། མུརྦ་དང། པུ་ཙེ་ཤེལ་དང། ཤུ་ཏི་དང། ར་སྣ་དང། ཤིང་མངར་དང། དེ་རྣམས་ཆ་མཉམ་སྟེ་ཆམ་ཆོམ་བརྡུངས་པ་དང་ལྷན་ཅིག་བསྐོལ་ཏེ་ཏིལ་མར་ལུས་པ་ནི་རྒྱ་སྐྱེགས་ལ་སོགས་པའི་ཏིལ་མར་ཞེས་བྱ་སྟེ
་དེས་བསྐུ་བྱུག་བྱས་ན་ཉམས་སྟོབས་དང། རིམས་དང། གློ་གཅོང་ཟད་བྱེད་དང། སྨྱོ་བྱེད་དང། དབུགས་མི་བདེ་བ་དང། བརྗེད་བྱེད་དང། རླུང་སེལ་བར་བྱེད་དོ། །གནོད་སྦྱིན་དང། སྲིན་པོ་དང། འབྱུང་པོ་རྣམས་འཇོམས་ཏེ་བུད་མེད་སྦྲུལ་མ་ལ་ཡང་བསྔགས་སོ། །བོང་ང
་དཀར་པོ་དང། ཀརྟ་སྲིཾ་གི་དང། པི་པི་ལིང་དང། དེ་རྣམས་ཀྱི་བྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ལྡག་གོ། བོང་ང་དཀར་པོ་སྦྲང་རྩི་དང་སྦྱར་བ་གཅིག་པུས་ཀྱང་ལུད་པ་དང། རིམས་དང། སྐྱུག་བྲོ་བ་དང། བརླ་གཉན་གྱི་ནང་རྣམས་ལ་ཕན་ནོ། །བྱིས་པ་གང་ནུ་ཞོ་འཐུངས
་པ་ཡང་སློན་པ་ནི་བྲི་ཧ་སྟི་རྣམ་གཉིས་ཀྱི་འབྲས་བུའི་ཁུ་བ་འམ། ཚ་བ་རྣམ་ལྔའི་ཕྱེ་མ་དང། མར་དང་སྦྲང་རྩི་དང་དེ་རྣམས་ལྡེ་གུར་བྱས་ཏེ་བྱིན་ནོ། །པི་པི་ལིང་དང། ལན་ཚ་རྣམ་ལྔ་དང། བི་དང་ག་དང། མརྡ་ར་ཞེས་བྱ་བ་ནི་བྷ་ཏྲ་ཀ་དང་དེ་རྣམས་མར་དང། སྦྲང
་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་ཚ་བ་གསུམ་དང། སྲོག་ཆགས་ཤ་ལྱ་ཀ་དང། གོང་དང། ཤྭ་བིད་དང། རྨ་བྱ་དང་དེ་རྣམས་གང་རྙེད་པ་བསྲེགས་ཏེ་སྣག་ཚར་བྱས་པ་ལས་མར་དང་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་སེང་ལྡེང་དང་ཀ་གུ་བ་དང། པལ་བུ་དང། རུ
་རྟ་དང། ཙན་དན་དཀར་པོ་དང། དེ་རྣམས་ཀྱི་ཕྱེ་མ་འོ་མ་དང། མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་འཐུངས་ན་བྱིས་པའི་ནང་སྐྱུག་པ་སེལ་བར་བྱེད་དོ། །གལ་ཏེ་བྱིས་པ་དེ་མའི་ཁོང་ནས་སོ་སྐྱེས་པ་བྱུང་ངམ་ཡ་སོ་དང་པོ་སྐྱེས་པ་བྱུང་ན་མི་དགེ་བ་ཡིན་ཏེ། དེ
་ལ་ནི་བྲམ་ཟེ་ལ་ཞི་བའི་ཆོ་ག་བྱའོ། །བྱིས་པའི་བད་ཀན་འཁྲུགས་ཏེ་རྐན་ལས་མཛེར་འགྱུར་ཞིང་སྐྲང་ཞིང་འོག་ཏུ་འབབ་པར་གྱུར་ན། ནུ་ཞོ་མི་འདོད་ཅིང། གཅིན་སྲི་བ་དང། ལྟོ་སྦོ་བ་དང། ཁོང་འཁྲུག་པ་དང། སྐོམ་དང་ཆེ་བ་དང། ཁ་དང། ལྐོག་མ་དང། མིག་ན་བ་དང།
་གཟའ་བ་འདེགས་མི་ནུས་པ་དང། སྐྱུག་པ་ཡིན་ཏེ་དེ་ལ་ནི་དེ་ནད་ཚིག་འཁུས་པའི་ཐལ་བ་དང། སྦྲང་རྩི་དང་སྦྱར་ཏེ་སྐྲད་བར་བསྐུ་ཞིང་འབབ་པ་བཏེག་པར་བྱའོ། །རྐན་བསྐམས་པ་ལ་ནི་པི་པི་ལིང་དང། བཅའ་སྒ་དང། བའི་གཅིན་བུ་དང། རྒྱམ་ཚ་དང་དེ་རྣམས་ལྷན་ཅིག་སྦྱར་བ
་འམ། མང་ན་བཅའ་སྒ་དང། སྐྱེར་པ་དང། ཟི་གཾ་ར་ཛ་དང། ནྱ་གྲོ་དྷའི་འོ་མ་དང། དེ་རྣམས་ཀྱི་ཕྱེ་མ་དོག་ལའི་ནང་བ་ལང་གི་གཅི་ཁུ་དང་བསྲེས་བ་བླུགས་ལ་བསྲོས་ཏེ། དེས་ནྱ་གྲོ་དྷའི་ལོ་མ་དང་བསྒོས་ཏེ་སྤྱི་བོའི་སྟེང་དུ་བཀབ་ལ་བཅིངས་ཏེ་བཞག་གོ། དོག་ལེའི་ནང་དུ་བ
་ལང་གི་གཅི་ཁུ་དང་སྨན་མར་སྦྱར་བས་དར་ལ་བསྒོས་ཏེ་རྐན་དང་ཁ་ལ་བསྐུ་ཞིང་གླན་པར་བྱའོ། ། རུ་ར་དང། ཤུ་དག་དང། རུ་རྟ་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་བཅས་པ་ནུ་ཞོ་དང་བཅས་པ་ལྷན་ཅིག་བྱིས་པ་ལ་གླུད་ན་རྐན་འབབ་སྟེ་སྐྲང་ཞིང་ཤ་འཛེར་འབྱུང
་བ་ལས་གྲོལ་བར་བྱེད་དོ། །བྱིས་པའི་ལུས་དྲི་མས་ཡོགས་པ་འམ། ལུས་རབ་ཏུ་རྡུལ་བའི་དབང་གིས་གཞང་གི་ནང་དུ་ཁྲག་དང་བད་ཀན་ལས་གྱུར་པའི་རྨ་ཟངས་མའི་མདོག་ལྟ་བུ་ཤིན་ཏུ་གཡའ་བ་དང་བཅས་པ་འབྱུང་སྟེ་དེའི་རྒྱུས་བརླག་ཉན་གཞན་གྱི་ནང
་མང་དུ་འབྱུང་བར་འགྱུར་ཏེ། དེ་ལ་ཁ་ཅིག་ན་རེ་མ་ཏྲི་ཛ་ཞེས་བྱ་བའི་བྱིས་པའི་གདོན་ཡིན་ནོ། །ཞེས་སྨྲའོ། །གཞན་དག་ནི་སྲུལ་པོའི་གདོན་ཡིན་ནོ་ཞེས་ཀྱང་ཟེར་རོ། །བྱིས་པའི་རྒྱབ་དང། ཟད་དང། གཞང་དང་རྐེད་བར་གོང་མའི་ནད་དེ་འབྱུང་བ་ཡོད་དེ། དེ་ནི་མིང་མེད་ཅིང
་སྨད་པ་ཡིན་ནོ་ཞེས་ཁ་ཅིག་སྨྲ་སྟེ་དེ་ལྟ་བུའི་ནད་ལ་ནི་སྐྱུ་རུ་ར་དང། འོ་མ་དང་སྦྱར་བས་བཀྲུས་ལ་དག་པར་བྱའོ། །དེ་བཞིན་དུ་མཁྲིས་པ་དང་བད་ཀན་འཇོམས་པའི་སྨན་གྱིས་ཡང་དག་པར་བྱའོ། །ཡང་ན་ཙན་དན་དང། བ་ར་དཀར་པོ་དང་བཅས་པའི་ཆུ་གྲང་མོས
་ཁོང་བ་ནས་བཏུང་བར་བླུད་དོ། །སྐྱེར་ཁཎྚ་དང་སྦྲང་རྩི་སྦྱར་བས་རྨ་ལ་བྱུག་གོ། བི་དང་རི་དང་འབྲས་བུ་གསུམ་དང། རྒྱ་ཤུག་དང། ཤིང་བླཀྵ་བསྐོལ་བའི་ཁུ་བས་བླུགས་པར་བྱའོ། །ནག་ཚུར་དང། གིའུ་ཝང་དང། སྤངས་མ་དང། ལྡོང་རོས་དང། བ་བླ་དང།
་སྐྱེར་ཁཎྚ་དང། དེ་རྣམས་བཏགས་པའི་ཕྱེ་མས་རྨ་བ་གདབ་པ་འམ། ཡང་རྨ་ཉིད་སྐྱུར་དང་བཏགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཡང་ན་ཤིང་མར་དང། དུང་དང། སྟང་ཟིལ་ཞིག་ཏུ་བཏགས་པ་འམ། ཡང་ན་ཐལ་ཏྲེས་དང། དུང་གི་སྙིང་པོ་དང་དེ་གཉིས་ཀྱི་ཕྱེ་མ་འམ། ཡང་ན་ཨ
་ས་ནའི་ཤུན་ལྤགས་ཞིབ་ཏུ་བཏགས་པའི་ཕྱེ་མ་འམ། སྦྱོར་བ་དེ་དག་གང་ཡང་རུང་བ་རྨ་ལ་གདབ་བོ། །གང་དུ་དམར་ཞིང་སྐྲང་བའི་ཤས་ཆེ་བ་དེར་ནི་སྲིན་བུ་པདྨས་ཁྲག་འཇིབ་ཏུ་གཞུག་གོ། གཞང་གི་ནང་དུ་བྱུང་བའི་སྨད་པའི་ནང་ཀུ་ཊ་ཀ་ཞེས་བྱ་བ་དེ་ལ་ནི་མཁྲིས་པའི
་རྨ་གསོ་བའི་སྨན་ཐམས་ཅད་རབ་ཏུ་བསྔགས་སོ། །པཱ་ཐཱ་དང། བི་དང་ཀ་དང། སེར་པོ་རྣམ་གཉིས་དང། གླ་སྒང་དང། ག་བྲའི་རྩ་བ་དང། བ་སྦྲུ་བའི་རྩ་བ་དང། བིལྦ་དང། ཚ་བ་གསུམ་དང། བྲི་ལྕི་ཀ་ལི་དང། དེ་རྣམས་མར་དང་ལྷན་ཅིག་ལྡེ་གུར་བྱས་པ་ཟོས་ན་བྱིས་པ་ནང
་མ་ཏྲི་ཛ་ཞེས་བྱ་བ་དང། མ་ཟོས་ཏེ་ནང་དུ་གྱུར་པ་ལས་གྲོལ་བར་བྱེད་དོ། །ནད་ལ་ཕན་པའི་སྨན་གང་ཡང་རུང་ནུ་མ་ལ་བྱུགས་ཏེ་བྱིས་པ་འཐུང་དུ་བཅུག་ན་ནད་ལས་རྒྱལ་བར་བྱེད་དོ། །དེ་ནས་ཅུང་ཟད་ན་བཀྲུ་བར་བྱའོ། །བྱིས་པའི་ནད་གསོ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།
་དེ་ནས་བྱིས་པ་གདོན་གྱིས་ཟིན་པ་གསོ་བའི་ལེའུར་བཤད་པར་བྱ་སྟེ། སྔོན་ལྷ་ཆེན་པོ་མཧཱ་དེ་བས་རང་གི་བུ་གཞོན་ནུ་གདོང་དྲུག་བསྲུང་བར་བྱ་བའི་ཆེད་དུ་སྐྱེས་པའི་གཟུགས་ཅན་ལྔ་དང། བུད་མེད་ཀྱི་གཟུགས་ཅན་བདུན་ཏེ་དེ་ལྟར་གདོན་གྱི་ལུས་སྤྲུལ་པར
་གྱུར་ཏེ། དེ་ལ་སྐྱེས་པའི་གདོན་རྣམ་པ་ལྔ་ནི། སྐེམ་བྱེད་ཀྱི་གདོན་དང། བྱི་ཤ་ཀ་ཞེས་བྱ་བ་དང། ལུག་མགོ་ཅན་གྱི་གདོན་དང། ཁྱིའི་གདོན་དང། ཡི་དགས་ཀྱི་གདོན་ནི་ལྔ་པོ་དེ་དག་གོ། བུད་མེད་ཀྱི་གཟུགས་ཅན་གྱི་གདོན་ནི་བྱའི་གདོན་དང། སྤྲུལ་བོའི་གདོན
་དང་སྲུལ་པོ་བསལ་བྱེད་ཀྱི་གདོན་དང། སྲུལ་པོའི་མཐོང་བྱེད་ཅེས་བྱ་བའི་གདོན་དང། གདོང་འཁུར་བ་ལྟ་བུའི་གདོན་དང། ནམ་གྲུའི་གདོན་དང། ནམ་གྲུ་སྐྱེམ་པའི་གདོན་དང། བདུན་པོ་དེ་དག་གོ། གདོན་དེ་རྣམས་ཀྱིས་ཐོག་མར་ཟིན་པའི་སྤྱིའི་རྟགས་ནི་རྟག་ཏུ་དུ་བ་དང
་རིམས་ཀྱིས་འདེབས་པ་དང། སྡང་བ་དང། གླལ་བ་དང། སྨིན་མ་འདེགས་པ་དང། དམན་བར་འདུག་པ་དང། ཁ་ནས་དབུ་བ་འཛག་པ་དང། གྱེན་དུ་ལྟ་བ་དང། མཆུ་ལ་སོས་འདེབས་པ་དང། མཚན་མོ་གཉིད་མི་ལོག་ཅིང་དུ་བ་དང། འཁུན་བ་དང། ནུ་ཞོ་མི་འདོད་པ་དང། སྐང
་འགྱུར་བ་དང། རང་གི་མ་མའི་ལུས་ལ་བློ་བུར་སེན་མོས་འབྲང་བ་རྣམས་ཏེ། དེ་དག་ནི་གདོན་སྤྱིའི་མཚན་མ་ཡིན་ནོ། །དེ་སྐེམ་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ཀྱི་མིག་ཡ་གཅིག་མཆི་མ་འཛག་ཅིང་ཡང་དང་ཡང་མགོ་སྤྲུག་པ་དང། ལུས་ཀྱི་གཞོགས་ཕྱེད་ཉམས
་པ་དང། ལུས་ཀྱི་ཁོངས་རེངས་བ་དང། རྡུལ་པ་དང། གཉའ་བ་མ་ཕོན་པོར་འདེགས་པ་དང། སོ་འཁྲིགས་པ་དང། ནུ་ཞོ་མི་འདོད་པ་དང། སྡངས་བཞིན་དུ་དུ་བ་དང། སྐད་འགགས་པ་དང། ཁ་ཡོ་བར་འགྱུར་པ་དང། ཁ་ཆུ་འཛག་པ་དང། ཤས་ཆེར་བར་སྣང་ལ་ལྟ་བ
་དང། ཁྲག་དང་ཞག་གི་དྲི་བྲོ་བ་དང། རྟག་ཏུ་སྐྱོ་ཞིང་ཡིད་མི་བདེ་བ་དང། བྱིས་པ་དེ་ཡང་དང་ཡང་ཁུ་ཚུར་འཆད་བ་དང། མིག་དང་ཟ་འགྲམ་དང། སྨིན་མ་ཡ་གཅིག་འགུལ་བ་དང་མིག་གཉིས་ཀ་དམར་བ་ཡིན་ཏེ་དེ་ཟིན་ན་ནི་ངེས་པར་ལུས་ཉམས་བ་འམ
་འཆི་བར་འགྱུར་རོ། །དེ་ལ་བྱི་ཤ་ཀའི་གདོན་གྱིས་ཟིན་པའི་རྟགས་ནི་འདུ་ཤེས་ཉམས་པ་དང། སྐྲ་ཡང་དང་ཡང་འབལ་བ་དང། མགོ་ལུད་ཅིང་གཉའ་བ་གུག་བ་དང། གླལ་ཞིང་རྐྱང་བར་བྱེད་པ་དང། གཤང་གཅི་འབྱུང་བ་དང། དབུ་བས་སློན་པ་དང། ནམ་མཁའ་ལ་ལྟ་བ་དང། ལག་པ
་དང། སྨིན་མ་དང་རྐང་པ་རྣམས་ཀྱིས་གར་བྱེད་པ་དང། རང་གི་ལྕེ་དང་ནུ་མ་ལ་སོས་འདེབས་པ་དང། རིམས་དྲག་པོས་འདེབས་པ་དང། མཚན་མོ་གཉིད་མི་འོང་བ་དང། རྣག་དང་ཁྲག་གི་དྲི་བྲོ་བ་རྣམས་ཡིན་ནོ། །དེ་ལ་ལུག་མགོ་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི། སྤོ་བ་དང། ལག
་པ་དང། རྐང་པ་གཉིས་འགུལ་བ་དང། སྤུབས་སྐྱུག་པ་དང། སྐོམ་དང་ཆེ་བ་དང། ཁུ་ཚུར་འཆའ་བ་དང། སྐད་གསང་དམའ་བ་དང། མདོག་འགྱུར་བ་དང། འཁུན་པ་དང། ཚད་པ་བད་ཀན་དུ་འཁྲུ་བ་དང། སྐྱུག་པ་དང། ལུད་པ་ལུ་བ་དང། སྐྱིགས་བུ་འབྱུང་བ
་དང། ནུབ་མོ་གཉིས་མི་ལོག་པ་དང། མཆུ་ལ་སོས་གནོན་བ་དང་ལུས་འཁུམས་པ་དང། ཁོང་རེངས་པ་དང། ར་ཐུག་གི་དྲི་བྲོ་བ་དང། བར་སྣང་ལ་ལྟ་ཞིང་རྒོད་བ་དང། རྐང་ལག་རྐྱོང་བ་དང། རིམས་ཀྱིས་འདེབས་པ་དང། བརྒྱལ་བ་དང། མིག་ཡ་གཅིག་སྐྲང་པ་ལ་སོགས་པའི་ནད
་རྣམས་དང་ལྡན་པ་ཡིན་ནོ། །ཁྱིའི་གདོན་གྱིས་ཟིན་པའི་རྟགས་ནི་ལུས་འདར་བ་དང། བ་སྤུ་ལངས་པ་དང། ལུས་རྡུལ་བ་དང། མིག་འཛུམ་པ་དང། ལྕེ་ཕྱིར་འབྱིན་ཅིང་སོས་གནོན་པ་དང། སྐད་འཛེར་བ་དང། སྐྱུག་པ་དང། བཤད་བའི་དྲི་བྲོ་བ་དང། ཁྱི་བཞིན་དུ་ཟུག་པ་རྣམས་ཡིན་ནོ། །དེ་ལ་ཡི་དགས
་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི་བ་སྤུ་ལྡང་བ་དང། ཡང་དང་ཡང་ལྡང་བ་དང། བབ་བབ་དུ་དུ་ཞིང་ལུས་ཚ་བ་དང། ལུད་པ་ལུ་བ་དང། ཚད་པར་འཁྲུ་བ་དང། སྐྱུལ་བ་དང། གླལ་བ་དང། སྐོམ་དང་ཆེ་བ་དང། བརྐྱང་བསྐུམ་བྱེད་པ་དང། ལུས་བསྐམས་པ་དང། ཁོང་རེངས་པ་དང། མདོག་འགྱུར
་བ་དང། ཁུ་ཚུར་འཆའ་བ་དང། མཆི་མ་འཛག་པ་དང། མཚན་མ་དེ་དག་དང་ལྡན་ན་བྱིས་པ་གདོན་གྱིས་ཟིན་པ་ཡིན་ནོ། །དེ་ལ་བྱའི་གདོན་གྱིས་ཟིན་པའི་རྟགས་ནི། རྐང་ལག་གནས་ནས་ཉམས་པ་དང། ཚད་པར་འཁྲུ་བ་དང། ལྕེ་དང་རྐན་དང་ལྐོག་མར་རྨ་བྱུང་བ་དང། ཚིགས་སུ་འབྲུམ
་བུ་འབྱུང་ཞིང་ཚ་བ་དང། ན་བ་དང། སྨིན་པ་དང། དེ་ཡང་ཚིགས་རྣམས་སུ་ཡང་དང་ཡང་འཕོ་བ་དང། ཉིན་མཚན་དུ་འབྲུམ་བུ་དེས་ཆུ་སེར་འཛག་པ་ཡིན་ཏེ། ཁྱད་པར་དུ་ཁ་དང་རྐུབ་ཏུ་ཡང་སྨིན་པ་དང། འཇིགས་པ་དང། བྱའི་དྲི་བྲོ་བ་དང། རིམས་ཀྱིས་འདེབས་པ་རྣམས་ཡིན་ནོ།།
་སྲུལ་པོའི་གདོན་གྱིས་ཟིན་པའི་རྟགས་ནི། སྐྱུག་པ་དང། ལུས་འདར་བ་དང། སྒོམ་པ་དང་མཚན་མོ་གཉིས་མི་འོང་བ་དང། སྐྱིགས་བུ་དང། ལྟོ་སྤོ་བ་དང། ཁོད་འཁྲུ་ཞིང་ཕྱིས་སླ་བ་དང། སྐོམ་དང་ཆེ་བ་དང། གཅིན་འགགས་པ་དང། ཡན་ལག་གནས་ནས་ཉམས་པ་དང། སྤུ
་ཟིང་ཞེས་བྱེད་པ་དང། བྱ་རོག་ལྟར་ལུས་རྡུལ་བྲོ་བ་རྣམས་ཡིན་ནོ། །སྲུལ་པོ་བསྲིལ་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི་ལུས་འདར་བ་དང། དུ་བ་དང། འཕྲེད་མིག་ཏུ་ལྟ་བ་དང། སྐོམ་དང་ཆེ་བ་དང། རྒྱུ་མ་འཁྲུ་བ་དང། ཞག་དང་རྣག་གྲི་དྲི་བྲོ་བ་དང། རྩིབ་ལོགས་ཡ་གཅིག་དྲང་ཞིང་དྲོ་བ་རྣམས
་ཡིན་ནོ། །དེ་ལ་སྲུལ་པོ་མཐོང་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི་སྐྱུག་པ་དང། ལུས་ཚ་བ་དང། ལུད་པ་ལུ་བ་དང། གཉིད་ཆུང་བ་དང། ཁོང་འཁྲུ་བ་དང། ཕྱི་སའི་མདོག་འགྱུར་བ་དང། དྲི་ང་བ་དང། ཤས་ཆེར་ལུས་སྐེམ་པ་དང། མཐོང་བ་ཞན་པ་དང། མིག་ན་བ་དང། གཡའ་བ་དང། མིག
་མཆུའི་ཤ་སྐྱེས་པའི་མིག་ནང་འབྱུང་ཞིང་སྐྲང་བ་དང། སྐྱིགས་གུ་དང། ཡིད་མི་བདེ་བ་དང། ནུ་ཞོ་མི་འདོད་པ་དང། ལུས་མདོག་འགྱུར་བ་དང། སྐད་དྲག་ཏུ་འདོན་པ་དང། འདར་བ་དང། ཉ་འམ་སྐྱུར་བའི་དྲི་བྲོ་བ་རྣམས་ཡིན་ནོ། །ཁུར་བ་ལྟ་བུའི་གདོན་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི་ལག་པ
་དང་རྐང་པ་དང་གདོང་རྣམས་མི་མཛེས་ཤིང་མི་སྡུག་པར་འགྱུར་བ་དང། དྲག་ཏུ་འདོན་པ་དང། ལྟོ་བའི་སྟེང་གི་རྩ་རྣམས་ནག་པོར་འགྱུར་ཞིང་མདོག་ནག་པས་ཁྱབ་པར་འདུག་པ་དང། ལུས་ཚ་བ་དང། ཟས་ཡི་གར་མི་འོང་བ་དང། རྐང་ལག་མི་བདེ་བ་དང། བ་གཅིན་གྱི་དྲི་བྲོ་བ་རྣམས་ཡིན་ནོ། །ནམ
་གྲུའི་གདོན་གྱིས་ཟིན་པའི་རྟགས་ནི། མདོག་སྔོ་བསངས་སུ་འདུག་པ་དང། རྣ་བ་དང་མིག་ཉེད་པ་དང། ལུད་པ་ལུ་ཞིང་དབུགས་མི་བདེ་བ་དང། མིག་ཕན་ཚུན་འགུལ་བ་དང། ཁ་ཡོ་ཞིང་དམར་བ་དང། ར་ཐུག་གི་དྲི་བྲོ་བ་དང། ལུས་ཚ་བ་དང། སྐེམ་པ་དང། ཕྱིས་སེར་པོར་འབྱུང་ཞིང་སླ་བ་རྣམས
་ཡིན་ནོ། །དེ་ལ་ནམ་གྲུ་སྐེམ་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། རིམས་ཀྱིས་ལུས་ཟད་པ་དང། སྐྲ་འབལ་བ་དང། ཟས་མི་འདོད་པ་དང། སྐད་གསང་དམའ་བ་དང། མདོག་འགྱུར་བ་དང། བྱི་སའི་མདོག་སྣ་ཚོགས་སུ་འདུག་པ་དང། ལྟོ་བ་ལ་ཐོར་བུ་འབྱུང་ཞིང་སྲ་པ་དང། དུ་བ་དང། བྱ་རྒོད་ཀྱི
་དྲི་བྲོ་བ་དང། ཡུན་རིང་དུ་ན་བ་དང། ལྟེའི་ཐོར་བུ་དེ་ཡང་ཟླུམ་པོར་འདུག་པ་དང། བཤང་གཅི་སྣ་ཚོགས་སྣང་བ་དང། ལྕེའི་དབུས་དམར་ཞིང་དཀར་མདོག་སྔོ་བསངས་སུ་འདུག་པ་དེ་ནི་སྤང་བར་བྱ་སྟེ། ཁ་ཟས་མང་དུ་ཟོས་ཀྱང་ཉམས་སྟོབས་ཡོངས་སུ་ཟད་ཅིང་སྐོམ་དང་ཀྱིས་ཟིན་ཏེ། མིག
་སྐོང་དུ་བྲོས་པ་ནི་ནམ་གྲུ་སྐེམ་བྱེད་ཀྱིས་ཁྱེར་བ་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ནི་བུད་མེད་ཀྱི་གཟུགས་ཅན་གྱི་གདོན་བདུན་ཡིན་ནོ། །གདོན་དེ་དག་ནི་མི་ལ་ཅིའི་ཕྱིར་འཚེ་ཞིང་འཇུག་ཅེ་ན། མཆོད་པ་འདོད་པའི་ཕྱིར་འཇུག་པ་ཡིན་ནོ། །དེ་ལ་འཚེ
་པའི་བདག་ཉིད་ཅེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་བྱིས་པའི་སྣ་ཆུ་འཛག་པ་དང། ལྕེ་འགས་པ་དང། སྤྲིད་པ་རྟག་ཏུ་འབྱུང་བ་དང། ལུས་མི་བདེ་བ་དང། མཆི་མ་འཛག་པ་དང། མདོག་སྡུག་པ་དང། སྐད་གསང་དམའ་བ་དང། དྲི་ང་འབྱུང་བ་དང། ལུས་ཟུངས
་ཟད་པ་དང། རང་གི་བཤང་གཅི་མི་སྤེད་པར་ཉེད་པ་དང། ལག་པ་གཉིས་བསྐོར་ཞིང་བདག་གམ་གཞན་ལ་རྡེག་པ་དང། དེ་བཞིན་དུ་མཚོན་དང་ཤིང་ལ་སོགས་པས་ཀྱང་དེ་ལྟར་རྡེག་པ་དང། མེ་འབར་བའི་ནང་དུ་འཇུག་པ་དང། ཆུའི་ནང་དུ་མཆོད་པ་དང། ཁྲོན་པའི་ནང་དུ
་བབ་ཚོལ་དུ་འཇུག་པ་དང། གཞན་ཡང་དེ་དང་འདྲ་བའི་རྣམ་པར་བྱེད་པ་དང། སྐོམ་དང་ཆེ་བ་དང། ལུས་ཚ་བ་དང། རྨོང་བག་ཏུ་འདུག་པ་དང། ཁ་ནས་རུལ་དྲི་བྲོ་བ་དང། རྟག་ཏུ་སྐྱུག་པ་དང། བུ་གའི་སྒོ་ཀུན་ནས་ཁྲག་འཛག་པ་དང། འཆི་ལྟས་འབྱུང་བ་དེ་དག་དང་ལྡན
་པ་དེ་ནི་ཡོངས་སུ་སྤང་བར་བྱའོ། །འདོད་པ་ལ་དགའ་བ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་རྟགས་ནི། བུད་མེད་དང་དབེན་པར་འདོད་པ་དང་ལྡན་པའི་ཚིག་སྨྲ་བ་དང། དྲི་ཞིམ་པོ་དང། ཕྲེང་བ་དང། རྒྱན་ལ་དགའ་བ་དང། སྙིང་དགའ་བ་དང། སེམས་ཞི་བར་གནས་པ་ཡིན་ཏེ།
་དེས་ཟིན་ན་ནི་དཀའ་བ་ཡིན་ནོ། །གཏོར་མ་འདོད་པའི་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི། སྒྱིད་ཞན་པ་དང། ཁ་མྱང་ཞིང་ལྡག་པར་བྱེད་པ་དང། མཆུ་དང། ལྐོག་མ་དང། རྐན་སྐམ་པ་དང། ལྟོགས་པའི་ཚུལ་དུ་ལྟ་བ་དང། དུ་བ་དང། དམན་པའི་སེམས་ཀྱིས་རྒྱུག
་བ་དང། ཁ་ཟས་སློང་ཞིང་བྱིན་ན་འདྲངས་ཤིང་ངོམས་པར་མི་འགྱུར་ཏེ། དེ་ནི་གསོ་སླ་བ་ཡིན་པ་ཞེས་བྱའོ། །དེ་ལ་འཚེ་བའི་བདག་ཉིད་ཅན་གྱི་གདོན་ལ་ནི་དུད་པས་བདུག་པ་དང། གྲུབ་པའི་སྔགས་ཡང་དང་ཡང་བཟླས་པས་ཞི་བར་བྱའོ། །འདོད་པ་ལ་དགའ་བ་དང། གཏོར
་མ་འདོད་པ་ལ་ནི་ཇི་ལྟར་འདོད་པ་བཞིན་དུ་གཏོར་མ་སྦྱིན་ནོ། །དེ་ལ་གསོར་རུང་བའི་གདོན་ལ་ནི་ཁང་ཐོག་དབེན་པར་ཆག་ཆག་དང། སྐྱང་ནུལ་བྱ་བའི་སྟེང་དུ་བྱིས་པ་བཞག་ལ་ཞག་གསུམ་གྱི་བར་དུ་མེ་མ་ཤི་བར་བཞག་སྟེ་ཐལ་བས་བྱིས་པའི་མཛའ་ནས་བསྐོར་ནས་མེ་ཏོག་དང
་ལོ་མ་དང་འབྲས་བུ་དང། ཁ་ཟས་དང་ཡུངས་ཀར་གྱིས་ཆལ་བར་བཀྲམ་ལ་གདོན་འཇོམས་པའི་ཡུངས་ཀར་དང་སྐེ་ཚེའི་འབྲུ་མར་གྱི་མེ་མར་སྤར་ན་སྡིག་པ་སེལ་བར་བྱེད་དོ། །ལས་བྱེད་པའི་གཡོག་ཀྱང་འཁྲིག་པ་དང། ཤ་དང་ཆང་ལས་ལྡོག་པར་བྱའོ། །དེ་ནས་བྱིས་པ་མར་རྙིང་བས
་བསྐུ་བྱུག་བྱས་ན། ཆུ་དྲོ་འཇམ་ཙམ་གྱིས་ཁྲུས་བྱས་ཏེ། དེའི་འོག་ཏུ་བ་བླ་དང། ནིམྦ་དང། ཨགནི་མནྠ་དང། དོང་ཀ་དང། བ་རི་བྷ་ཏྲ་ཞེས་བྱ་བ་མནད་ར་དང། ཀ་ཊ་ཀ་དང། འཛམ་བུ་དང། ཏ་མ་ལ་དང། བུ་དི་ཀ་དང། ལྕམ་པ་དང། ཨ་པ་མརྒ་དང། པི་པི་ལིང་དང། ཤིག་ཏྲུ་མངར་པོ་དང། ཀ
་ཀ་ཛངྒ་དང། གེ་རི་ཀརྞེ་ཀ་དཀར་པོ་དང། ཀ་པིཏྠ་དང། འོ་མ་ཅན་གྱི་ཤིང་ལྔ་དང། ཀ་རཉྫ་དང། ཀ་དམྦ་དང། དེ་རྣམས་སྦྱར་བའི་དུད་པས་བདུག་གོ་།ཡང་ན་གུང་དང། སྟག་དང། སྤྲུལ་དང། སེང་གེ་དང། དྲེད་དང་དེ་རྣམས་ཀྱི་ལྤགས་པ་མར་དང་བསྲེས་པའི་དུད་པས་བདུག་པ་འམ། ཡང
་ན་པུ་ཏི་ཀ་ར་ཤྫའི་རྩ་བ་ལ་སོགས་པའི་ཡན་ལག་བཅུ་པ་དང། ཡུངས་ཀར་དང། ཤུ་དག་དང། གོ་བྱེ་དང། ཏིངམུས་དང། རུ་རྟ་དང། དེ་རྣམས་མར་དང། སྦྱར་བའི་དུད་པས་བདུགས་ན་ཡང་གདོན་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱེད་དོ། །ཡང་ན་ཡུངས་ཀར་དང། ནིམྦའི་ལོ
་མ་དང། ཨ་ཤ་ཁུ་རའི་རྩ་བ་དང། ཤུ་དག་དང། སྟག་པའི་ལོ་མ་དང། དེ་རྣམས་མར་དང་སྦྱར་བའི་དུད་པས་བདུགས་ན་ཡང། གདོན་ཐམས་ཅད་སེལ་ལོ། །ཡང་ན་གླང་གི་རྭ་དང་སྤུ་དང། རུས་པ་དང་པགས་པ་དང། བྱི་ལའི་རྟུག་པ་དང། ནིམྦའི་ལོ་མ་དང། ནིམྦའི་ཐང་ཆུ་དང
་པུ་ཙེ་ཤེལ་དང། སྤྲ་ཚིལ་དང་ཁྲི་ཧ་ཏཱི་རྣམ་གཉིས་དང། རས་བལ་གྱི་ས་བོན་གྱི་རུས་པ་དང། ནས་སོ་བ་དང། རའི་སྤུ་དང། ཐང་ཤིང་དང། ཡུངས་ཀར་དང། རྨ་བྱའི་སྒྲོ་དང། ཤྲི་བིས་ཞེས་བྱ་བ་ཀོ་ཉོན་ཙེའི་ཐང་ཆུ་དང། ཕུབ་མ་དང། མིའི་སྐྲ་དང། ཤིང་ཀུན་དང། དེ་རྣམས་ཀྱི་ཕྱེ་མ
་རས་མའི་སྣོད་ཀྱི་ནང་དུ་ར་གཅིན་དང་སྤངས་ཏེ། དུད་པས་བདུགས་ན་གདོན་ཐམས་ཅད་དང་རིམས་མི་བཟད་བ་རྣམས་ལ་ཕན་ནོ། །ཡང་ན་དུར་བ་དང། ཨ་མྲའི་ཚིག་གུ་དང། རྒྱ་སྤོས་དང། ན་ལེ་ཤམ་དང། སྦྲང་རྩི་དང། དོང་གྲ་དང། ཀྲི་ཤྐི
་པརྞི་དང། གླ་སྒང་དང་དེ་རྣམས་བཏགས་པའི་ཕྱེ་མ་མར་དང་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་བར་བླུད་ན་གདོན་ལས་རྒྱལ་བར་བྱེད་པའི་མཆོག་ཡིན་ནོ། །ར་སྣ་དང། ཨ་ཤུམ་ཏིའི་ལོ་མ་དང། རྩ་བ་ལྔ་པ་དང། བ?་ལ
་དང། གླ་སྒང་དང། དེ་རྣམས་བསྐོལ་བའི་ཁུ་བའི་ནང་དུ། ཐལ་ཏྲེས་དང། ཚ་བ་གསུམ་དང། ཙི་ཏྲ་ཀ་དང། པཱ་ཐཱ་དང། བི་དང་ཀ་ཤིང་མངར་དང་པ་ཡསསྱ་དང། ཤིང་ཀུན་དང། ཐང་ཤིང་དང། པི་པི་ལིང་དང། མུ་ལ་དང། དུག་མོ་ཡུངས་དང། དེ་རྣམས་བཏགས་པའི་ཕྱེ་མ་དང།
་མར་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རན་པར་བླུད་ན་བྱིས་པ་ལ་རྟག་ཏུ་ཕན་པ་ཡིན་ཏེ། ནད་ཐམས་ཅད་དང་གདོན་འབྲོག་ཅིང་མེ་དྲོད་སྐྱེད་པ་དང་སྟོབས་དང་མདོག་སྟེར་བར་བྱེད་དོ། །ཐལ་ཏྲེས་དང། མུར་དང། བྲཧམི་དང། ཤང་ཁི་ནི་དང། རུ་རྟ་དང། ཤུ་དག་དང། ཡུངས
་ཀར་དང། ཨ་ཤྭ་གནདྷ་དང། བྱིའུ་རུག་པ་དང། དེ་རྣམས་མར་དང་ལྷན་ཅིག་བསྐོལ་བའི་མར་ལུས་པ་དེ་ལས་བཏུང་བ་དང་བྱུག་པ་བྱས་ན་གདོན་ཐམས་ཅད་འཇིག་པར་བྱེད་དོ། །གང་ཡང་འབྱུང་པོའི་རིག་སྔགས་ཀྱིས་སྨན་མར་ལ་བཟླས་པར་བྱའོ། །ས་གཙང་མར་དཀྱིལ
་འཁོར་ཁྲུ་གང་བར་བྱས་ཏེ་བ་ལང་གི་ལྕི་བས་བྱུགས་ནས་འབྲས་བྲུས་པ་དཀར་པོ་ཆག་བྲུམས་མེད་པའི་སྣོད་ཀྱི་ནང་དུ་བཀང་ལ་ཡོན་དང་བཅས་པ་དེར་བཞག་གོ་།དུ་བ་མེད་པའི་མེ་སྣོད་དང་བཅས་པ་དང། ཆུ་སྣོད་དང་བཅས་པ་དང། གུ་གུལ་དང། མར་དང་མེ་ཏོག
་དཀར་པོ་དང། གཏོར་མ་དང། སྤོས་དང་དུར་བ་དཀར་པོ་དང། ཡུངས་ཀར་དང། བསྲེག་བླུགས་ཀྱི་རྫས་དེ་དག་ཀྱང་བཞག་ལ། དེ་ནས་སྨན་པ་གསོ་གཙང་མ་ཁ་དོག་གསུམ་དང་ལྡན་པ་འམ། ཡང་ན་གོས་དཀར་པོ་གྱོན་ཏེ་ལ་ཤར་དུ་བལྟས་ནས་དཀྱིལ་འཁོར་གྱི
་སར་འཇུག་བར་བྱ་སྟེ། གྲོ་བའི་དུམ་བུ་བླངས་ནས་གྲོ་བ་ལ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་རིག་སྔགས་གི་ཟང་གིས་ཁྲིས་པས་དཀྲིས་ལ་ཆོག་བཞིན་དུ་བསྐྲུབས་ན་འབྱུང་པོ་དང་གདོན་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །ལག་ཤམན་དང། ས་ཧ་དེ་བ་དང། མཱག་དནྟི
་དང། །དམྦི?་ར་དང། ཁ་སྲལ་དང། ཀརྐ་ཏི་ཤྲིཾ་ག་དང། ཀུ་བ་ཁ་བོ་དང། བྲི་ཧ་ཏི་དང། ཁ་ར་ནས?་དང། བེ་ཤ་ལ་དང། མ་ཧེ་ཀི་ཤ་དང། ཉེའུ་ཤིང་བ་དང། དེ་རྣམས་བཏགས་ཏེ་རིག་སྔགས་ཀྱིས་བཏབ་ནས་གྲོ་བའི་ནང་དུ་བཅུག་སྟེ། བྱིས་པ་བྱང་ཕྱོགས་སུ་ཁ་ལྟར་བཅུག་ལ་མགུལ་དུ
་གདགས་སོ། །དེ་དག་མ་འབྱོར་ན་ཟར་མའི་སྐུད་པ་སྲ་བ་ལ་མདུད་པ་བོར་ཏེ་སྔགས་བཟླས་པར་བྱའོ། །བྱིས་པ་བསྲུང་བའི་ཕྱིར་དང་པོར་རང་བྱུང་ཆེན་པོ་ལ་ཕྱག་བྱ་སྟེ། སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་ཞི་བར་བྱས་པ་ཡིན་པས་གདུ་བུའི་བསྲུང་བའི་སྐུད་པ་གདགས་པར
་བྱའོ། །ིན་ཏྲ་པྲ་ཏི་ས་རམ་དུ་བྷཡམ། ཡེ་ཙ་ཏས་ནུ་ཙཱ་རི་ཎ། བཛྲ་རཱ་ཤ་ནི་དྷར་བྷུད་ཏ་མེ་གྷ་བིན་དཱ་ནུ་སྭ་རི་ཎ་ཨེ་ར་བ་ཎ། སྐན་དྷ་གཏམ། ཡེ་ན་ཡ་ཏི་པཱུ་ར་ཎ་ད་རམ། ཡ་མ་བྷི་བ་སོ་ཏོ་རཱ་ཛ་ཡ་ཛ་ཏ་སྱཱ་ནུ་ཙ་རི་ཎ། མེ་ཙ་སུམ་ཀ་ར་སྲིཾ་ཧོཥྞ། ག་ཛ་བ་ཛི་སཱ་མཱ་ནཱ་ནཱ། ཀཱ་ལཱ་ཀྵ་ཀ་ལ་ཡ་སི་ཀ
་ཤཻ་སྟམ་ད་ཀྵ། བྷྲི་ཀུ་ཊི་མུ་ཁ་ཤག་ཏི་མུད་གར། ཧ་སྟེ་ཙ་ཁ་དག་བྲ་སཱ་དྷཱ་ར་ཤུ་ཡེ། པཱ་ཤ་རཏན་ཀ་རོ་རཱ་ཛ། ཏོ་བྲིད་སཱ་ག་རཱ་ལ་ཡ། ཤ་རད་བྲ་ག་ན་ཀཱར། ཡོ་ཙ་ཏ་སྱ་ན་ནུ་ཙཱ་རེ་ཎ། མཱ་ཧོ་ར་ནྱི་མན་ཏམ་བེ་གེ་ན། ཀྵོ་བ་ཡན་ཏི། སེར་མ་པ་ཏི། དཱ་ནཱ་དྷཱི་པོ་བྷེ་ཤ་བྷ་ན་སརྠ་ཡཀྵ་དེ་པོ། །བཱུ་བ་ནE་ནཱ།
་ར་ཤཙ་ཡེ། བྷུ་ཏ་སྟྱ་བ་ནུ་ཙཱ་རཱ་སཱ་དཱ། ཨཱ་དིད?་ཏྱ་བྷ་སཱ་བྷོ་རུ། ཏྲ་མ་ཏུ་ཏྲ་ཤཙ་ཤི་ནཱ་བཱ་བཻ་ཏེ། སརྦ་ན་མ་སཱ་ཏམ། ཨི་མམ་པྲ་ཏི་ས་ཀྲི་ཡམ། དཱིར་གཱ་མཱ་ཡུར་རོ་གན་ཙཱ། ད་བཱ་དཱ་ས་ན་ཏུ། སན་ཏི་དེ་བྷ་ག་བན་པྲ་ཧམ་སྭ་སྟེ་ན་རད་ཏ། པ་ར་བྷ་ཨུ་སྭསྟི་བེ་དང་ཤཙ་ཡག་ནྱ་ཤཙ་ཨིག་ནི་ཤ་མ་ཨུ་ཙ།
་སྭསྟི་ཏི་ཤྲི་རི་ཏ་བྷི་ར་ཧ་ལ། ཤམE་མི་དྷཀྵ་མ་ཏྱི་ཏ། སྭ་སྟི་དུཥྚ་ཤཙ་པུཤཊ་ཤཙ། བ་སུ་ཧྲཱི་བྷུ་ད་དྷི་རེ་བ་ཙ། སྭསྟི་རུ་ཏྲི་པ་ཤ་བ་ཀཱ་ཤུ། སྐན་དྷ་ཤག་ཏི་དྷ་ར་བྷུ་ཏི། སྭསྟི་སྙ་ཏ་ཙ། སུ་བར་ན་ཤཙ་མ་ཧཱ་ལ། སྭསྟི་ད་བཱ་ཤཙ་རཀྵ་ཤཙ། མ་ཙཱ་དེ་བ་པཱ་མ་ག་མ། དུར་བྱ་ཧྲི་ད་ནི། དུ(མདོ་འགྲེལ་ཏ་ནི་ཙ། དུཥྚ་དྷི་ན་མ་བྷ་ཡང་ཀྲི་ཏོ། །བཱ་ཙ་པྲ་ཏི་ཧི། ཏེ་མ་ཡ། རཀྵ་པྲ་ཏི་ས་རཱ། ཏྱཱུ་བྷཡ་མ། བྷ་དེ་ཡང་བ་བཱ་གཱ་ཏེ་ནཱི། ནིར་བྲིད་ཏ་མ་ནི་རུ་དེ་གོ་།ཛི་བ་བར་ཤེ་ཤ་ཏམ་སུ་ཁི། སྣུམ་ཁུར་དང། ནས་ཀྱི་ཁུར་བ་དང་ཚོད་མ་དང། སྭསྟི་ཀ་དང། ཨུ་ལོ་པི་ལ་སོགས
་བ་དང། མི་སྲི་ཀ་དང། ཀུརྨ་དང། བུ་ད་སྟུ་ང་དང། ཡུང་བ་དང། ཀྲི་ས་ར་དང། ཡ་བ་ཀ་དང། སྦྲང་རྩི་དང། ཏིལ་བཏགས་པའི་ཕྱེ་མ་དང། ལན་ཚ་དང། ཞོ་དང། ཟན་དོན་དང། ནིས་བ་བ་དང། འབྱུང་པོའི་ཟས་ཅན་དང། འོ་མ་དང། ཤ་ཁྲག་རྗེན་པ་དང། བཙོས་བ་དང། ཉ
་དང། ཕྱེ་དང། ཆང་དང། ཨ་ས་པའི་ཆང་དང། དྲི་དང། ཕྲེང་བ་དང། འབྲས་བུ་དང། གསེར་དང། གུ་གུལ་དང། བོག་དཀར་པོའི་བདུག་པ་དང། བྱིའུ་རུག་པ་དང། ཟིམ་ཐིག་ལེ་དང། ནི་རྐུན་ཐི?་དང། མེ་ཏོག་ལོ་མ་དང་བཅས་པ་དང། དེ་རྣམས་པགས་དང་བཅས་པའི
་གཏོར་མ་བྱས་ལ་བྱིས་པའི་ཁྱིམ་དེ་ཉིད་ཀྱི་ཕྱོགས་བཞི་ནས་སྦྱིན་པར་བྱ་སྟེ། དེ་བཞིན་དུ་བཞི་མདོ་དང། སུམ་མདོ་དང། ལྷའི་གནས་དང། བ་ལང་གི་ལྷས་དང། ཤིང་གཅིག་གི་དྲུང་དང། ཆུ་མི་དང་དེ་རྣམས་ལས་ནམ་སྲོས་པའི་དུས་སུ་མར་མེ་དང་བཅས
་པར་བཏང་ངོ། །དེ་ནས་དཀྱིལ་འཁོར་ཟླུམ་པོ་འམ། གྲུ་བཞིར་བྱས་ཏེ་བ་ལང་གི་ལྕི་བས་ལ་མ་ལྟུང་བར་བྱུགས་ལ་རྩ་དར་བ་དང། མེ་ཏོག་ཡིད་དུ་འོང་བས་བརྒྱན་ཏེ། དེའི་སྟེང་དུ་འབྱུང་པོའི་བདག་པོ་འཁོར་དང་བཅས་པ་བཀོད་ལ་འབྱུང་པོའི་ཕྱོགས་སུ
་ཁ་ཤར་དུ་བདག་ལྟས་ལ། རིག་སྔགས་འདི་བརྗོད་ཏེ་གཏོར་མ་སྦྱིན་ནོ། །དེ་ལ་སྔགས་ནི། ཨོཾ་ན་མ(མདོ་འགྲེལ་གཟུགས་ཅན་གྱི་གདོན་སྤྱན་དྲངས་པ་ཡང་ཡིན་ནོ། །སྔགས་དེས་ཁྱེར་བ་གང་གི་ཆུ་ལ་ལན་བདུན་བཟླས་བརྗོད་བྱ་སྟེ། བདག་གི་ལུས་ལ་གཏོར་ན་བདག་ཉིད་བསྲུང་བ་བྱས་པར་འགྱུར་རོ། །གདོན་དེ་རྣམས་འདུས་པ་དང་གཏོར་མ་ལ་སོ་སོའི་བདེན་པའི་དམོད་པ་དང་ལྡན་པའི
་སྔགས་འདི་བརྗོད་པར་བྱ་སྟེ། པྲ་ཛ་བ་ཏཽ་ཙ་ཡ་སྱ་ཏྱམ། ཨ་མི་རི་ཤཱ་རི། དྷརྨཱ་རཱ་ཛཱ་ཡ་སྱ་ཏྱ་མ། ཏ་པ་སི་ཤུ། དྷཱ་ནཱ་དྷཱི་པ་ཏི་ཡ་ཚེ་ཏྱ་མ། ཛཱ་ལ་དྷཱི་བེ། ཡ་སྱ་ཏྱམ། ཨག་ནི་ཧོ་ཏྲེ་ཤུ་སྱ་ཏྱ་མ་ཡང་ཤྲཱི་ཏྲི་ཡེ་ཤུད་ཙ་པ་ཏི་པྲ་སྟ། སུ་ཡང་སྱ་ཏྱ་མ། ཨི་ཤཱི་རི་ཙ་མ་ཧཱ་རམ?་ནི། ཨ་ཏེ་ཏུ་སྱ་ཏྱ་ས་མ་ཡེ་གུ
་ཏྱ་ཀ་སྱ་ད་ཏྱ་བ་ཏི་ན། དར་ཤ་ཡ་དྭ་མ་སྭ་རུ་པ་ནི། སྱ་ཏྱ་མ་རཀྵ་ཏེ་སརྠ་ཤི། ཨ་མན་ཏྲི་ཏྲ་མ་ཡ་སྱོ་མྱ་རུ་སྱ་མྱ་རུ་བེ་པྲེ་ཏཱི་ཙྪུ་ད། བ་ལཱི་ཚ་སུ་བ་ཧྲི་ཏྲེ་སརྦཾ་སརྦ་ཀོ་མ་ཀ་གྲ་ཧེ། དར་ཤ་ཡ་དྭ་མ་སྭ་རུ་པཱ་ཎ། བ་ལན་ཙ་བྲི་ཏེ་གྲ་ཡ་སྟ་མ། དེ་ནས་དེའི་འོག་ཏུ་མཉམ་པར་བཞག་སྟེ། རིགས་ཀྱི
་གསང་སྔགས་འདི་བརྗོད་དོ། །ོཾ་ལཱ་ནི་ལཱ། ཁཱ་ལཱ་ཁཱ་ལཱ། ན་གུ་ལ་གྲ་ཧ་ཀཱ་རི་ཀ་སེ་ནུ་ནུ་སེ་ན། མཱ་ཏཱ་ཙ་མ་ཧཱ་སེ་ན་ཡ་ཤ་སྭ་མ་ཀྲི་ཏ་མཱ་ལཱཀྵ་ཏ་ཤ་ར། ཨེ་ཏཱ་སྟུ་གྲ་ཧ་མཱ་ཏ་ར། ཀུ་མཱ་ར་བ་ཙ་ནཱ་ཤྲི་གྲམ་པྲ་མུན་ཙན་དུ་ཤི། ཤུམ་ཏི་མཱ་མ། ཀ་ལ་ཀལ་པོ་ཛ་ལ་ཤ་ཀ་ཏི། ཀིང་ཀི་ནི་ཛ་ལ་བྷུ་ཤི་ཏ། ཀུ་མཱ
་རཱ་བ་ཙ་ནཱ། དྷུ་ཏི་མ། སམ་པྲ་ཏ་མུ་ཙ་ཏ་མ་ཤི་ཤུ་པ་ཏ་ཀ་ཀུར་ཀུ་ཊ་ཚ་ཊམ། གན་དྷ་བར་ཧྲི་ད་ར་ཤི་ཁི་ཤ་ར་སྟམ་བཤཙ་ཏེ་མུ་ཏྲ་མུད་ཙ་ཏ་མཱ་ཏུ་ར་ཤི་ཤུ་གན་ད་དྷུ་པ་མཱཾ་ཡྱོ་ཙྪ་ཊིཀ་མཱ་ར་ཏེ་པྲ་ཡཙྪ་ཏྲི། ན་སྠ་ཏ་བྱ་མ་ཏ་ད་གྲ་ཡ། སྭང་གྲཱ་ཏི་མ་གྷ་ཙ་མ་ཙི་ར་མ། ད་ཏྲ་སརྦ་ཀུ་མཱ་ར་ནམ་སད་ག་ཏ
་གན་མཱ་ད་ན། ངག་ཏེ་རྦ་ཙ་བ་ཏ་རཀྟ་ཤུ་ག་ནི་བ་ས་ནི། ཀུ་མཱ་ར་སྱ་ལ་ཡཾ་ཏ་ཏྲི། ཡཱ་ཏ་བ་ལམ་བི་མུན་ཙ་ཏ་ཤ་ན་མུ་ཁ་དྷ་ཤ་ཀྵོ། །བེ་ཏྲ་སི་ཀ་ལ་བྲི་དོ་བར། བི་ར་ཀུ་མཱ་རི་དི་བ་ཏི། སྟེ་བ་པུ་སྟོ་པི་ཤི་དྱ་ཏྱམ་བྲ་ཧ་མ་ནོ་བྲ་ཧམ་ན་ནན་ཏྲུ། སརྦ་པེ་དི་བ་ད་མཱ་བར། ཡཀྵ་རཱ་ཀཱ་ས་ནཱ་གྷ་ནམ་གན་དྷར
་བཱ་ཨ་སུ་ང་ཡོ་ར་པི། པི་ཤཱ་ཙ་བྷཱུ་ཏ་སང་ག་ནཱ་མ། བྱ་དི་མ། ཙཱ་མཱ་རི་ཤཱ་རཱ། ཨག་ནྱ་བ་ཡ་ཏི་སྐན་དྷོ། །ག་མྱ་ཏྲཱ་མཱ་གན་ད་མ་ད་ནམ། གྲ་ཧོ་ཡ་ཀོ་བ་ཡོད་ད་ཏྱམ། ཀུ་མཱ་ར་སྭ་ཡ་ཤ་སྨི་ནི། ཏ་ནི་ཙུ་ཏ་ས་པྲེཀྵི་པྲ་མ་བྷ་ཡ་པ་དི་ཤ་དྷོ་བྷ་བེ་དང། དེ་ལྟར་གཏོར་མ་བཏང་བའི་འོག་ཏུ་མེ་ལ་སྦྱིན་སྲེག
་གིས་མཆོད་པར་བྱ་སྟེ། དེ་ཡང་བཅའ་བ་དང། བཟའ་བ་དང། མེ་ཏོག་ལ་སོགས་པ་སེར་སྐྱ་དང། དམར་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་དང། དྲི་རྣམ་པ་སྣ་ཚོགས་དང། གུ་གུལ་གྱི་བདུག་པ་དང། སེང་ལྡེང་ལ་སོགས་པའི་ཡམ་ཤིང་བྱའོ། །ཡང་ན་ཙན་དན་གྱི་ཤིང་གིས་བྱ་སྟེ།
་དེ་ཡང་གྲངས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །གདོན་ཐམས་ཅད་ལས་གྲོལ་བར་བྱེད་པའི་མེ་དབྱུག་པ་ལྟ་ཞེས་བྱ་བའི་རིག་སྔགས་བརྗོད་པར་བྱ་སྟེ། ཨོཾ་བྲ་ཧམ་བྱ་ཏ་ན་ལམ་དེ་བམ། ཧ་སྱག་བྱ་པ་ཏི་ཙམ་ཀམ། དེ་བ་ནས་པྲ་མུ་ཁ་མ་སྭཱ་ཏི་སྭཱཧཱ། ཨ་བ
་ཧ་ར་དྷུ་ཛ་མ། ས་ཧི་བད་ཏྱམ་ཧ་ན་ཏན་སི། པཱ་དཱ་ཀ་ས་བཀྵ་ན། ཏྭམ་ཡག་ཉ་ཤཙ་ཡུ་པ་སྠཙ། ཏྭམ་ཧི་དྷ་ར་མ་བཏང། ག་ཏི་ཧི་རན་ནྱ་རཱ་ཏཱ་དེ་བ་སྟཱ་མ། ཏྭམ་ཧི་བེ་དང་བི་དང་ག་ཏི། དུར་བྲིད་ཏཱ་ནཱ་མ། བེ་ན་ཡ་ཤ་ཡཱ་ཏྭ་མ། ཧི་ཨུད་པ་དི་ཏ་སུ་རེ། ད་ཧ་ས་གྲ་ཧ་དེ་བ་ཏྭ་མ། ཨི་དམ་དུཥྚ་ས་བྲི་གྲ
་ཧ། ཨག་ནི་ཡེ་སྭཱཧཱ། ཏྭམ་ཏི་ཤན་ཏི་ཀ་རོ་བ་ན་ནི། སྟམ་མ་རུ་ཏ་རོ་དམ་ཧ་རི་པྲད་དཱ་ན་གྷ་དི་རི་ཤི། དཱི་མཱ་མ་ནི་གྲི་ཧཡ་གུ་ཧཡམ་ཀམ། ཨུད་མ་ད་ཡ་ཏི། ཏེ་ཛ་སྭ་ཙཱ། ན་མ(མདོ་འགྲེལ་ཡ་དེ་ཨ་ཧི་བྷ་ནི་ཏི་དེ་བ་ནམ། ཏྭམ་ཧི་བག་ཏྲམ་པུ་ར་ཏ་ནམ། ཏེ་ནས་ཡ་ཏེ་ན་དེ་བཱ་ཤད། ཨི་མ་ས་དྷ་ཡ། མེ་གྲ་ཧམ། ན་མ་སྟུ་ཧེ་བྱ་བཱ་ཧ་དན་དི། ད་ཧ་ད་ཧ། དར་ཤ་ཡ་དར་ཤ་ཡ་ཏེ་ཛ།། །།
་ཏ་ཛ་མོ་ཊ་ཡ་མོ་ཊ་ཡ། ཨ་པདྨ་ར་མུད་གྷ་ཊ་ཡ། ཀུ་མཱ་ར་བི་ཤཱ་ཙ། རཻ་བ་ཏི་རོ་ད་ན་ཏྲ་ས་ན། བི་ཏྲཱ་ས་ན། ཀམ་པ་ན། ཨུད་ཀམ་པ་ན། བཱི་ཛྲ་བད་དེ་བ་ཡཀྵཱ་གན་དྷ་ར་བ། བྷུ་ཏཱ་ནཱ་མ། ནཱ་ག་རཀྵ་ས། སན་དར་ཛན། བྷན་རྡ་ན། བི་དྷུ་གྲ་སར་ཡ། བྷ་ན་བྷ་ནཱ། ཨ་ག་ན་དྷ་ན་ཊ། ཨ་ག་ནི
་བཱི་ཏྱ་ན་མ་ཏེ། ཛ་ས་སྭ་ན། ཨུ་ན་མཱ་ན་ད་ཡ་སྭཱཧཱ། བྷུར་བྷུ་བ་ཡ་སྭཱཧཱ། དི་བ་ཏ་ཏེ་ཛས་སྭཱཧཱ། ཡ་མ་ཡེ་སྭཱཧཱ། སྦྱིན་སྲེག་འདིས་ནི་བྱིས་པའི་གདོན་མཛའ་དག་འཇིག་པར་བྱེད་དོ། །དེ་བཞིན་དུ་གཏོར་མ་དང། སྦྱིན་སྲེག་དང། བདུག་པ་དང། ཁྲུས་ཀྱི་ཚུལ་སྔགས་ཀྱི་རྒྱུད
་རིག་པར་སྦྱར་བར་བྱའོ། །བུ་ཏི་ཀ་རཉྫའི་ཤུན་པ་དང་ལོ་མ་དང། འོ་མ་ཅན་གྱི་ཤིང་ག་ཤུན་པ་དང། ལོ་མ་དང། སྐུ་བ་དང། བི་ལ་ཤ་དང། སྱོ་ན་ཀ་དང། བིལྦ་དང། ཀ་པི་ཐ་དད་དེ་རྣམས་ཆ་མཉམ་སྟེ་ནུབ་མོ་བསྐོལ་ལ་བྱིས་པ་རྣམས་ལ་ནུབ་མོ་ཁྲུས་བྱས་ན་ཤིས
་པ་ཡིན་ནོ། །གཞན་དུ་ན་གདོན་གྱིས་ཟིན་པ་ལས་བརླ་བརྙན་གྱི་ནད་ལྡན་པ་ལྟ་བུའི་ནད་གསོ་བ་བྱུང་ན་ནི། བྱིས་པའི་ནད་གསོ་བ་ལས་བཤད་པའི་སྨན་གྱི་སྦྱོར་བ་རྣམས་བྱའོ། །བྱིས་པ་གདོན་གྱིས་ཟིན་པ་གསོ་བའི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས
་གདོན་གྱི་དམིགས་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། ཐོག་མར་སྨན་པས་ནད་པའི་ཤེས་པ་དང། སྨྲ་བ་དང། སྤྱོད་པ་དང། སྟོབས་ཅི་འདྲ་བ་ལས་གདོན་གྱི་རྟགས་ཤེས་པར་བྱ་སྟེ་བརྗོད་པར་བྱའོ། །དེ་ཡང་སྐྱེས་བུ་གང་གིས་སྤྱོད་ཚུལ་དང། རང་བཞིན་དང་འགྲོ་བ་དང།
་བྱེད་པ་རྣམས་ལྷ་དང་ལྷ་མ་ཡིན་དང། དྲི་ཟ་ལ་སོགས་པ་གང་གི་རྟགས་དང། མཐུན་པར་བྱེད་པ་དེའི་མཚན་ཉིད་ཤེས་པར་བྱ་སྟེ་བརྟག་གོ་།དེ་ལ་ལྷ་དང་ལྷ་མ་ཡིན་ལ་སོགས་པ། གདོན་གྱི་རིགས་རྣམ་པ་བཅོ་བརྒྱད་ཡོད་དོ། །དེ་དག་ཀྱང་རྒྱུ་མེད་པར་ནི་གདོན་འཇུག་མི
་ནུས་ཏེ། རྒྱུ་དེ་ཡང་གང་ཞེ་ན། འཕྲལ་གྱི་རྐྱེན་དང། སྔོན་གྱི་ལས་ལས་གྱུར་པ་ཡིན་ཏེ། དེ་ཡང་ཤེས་རབ་ཉམས་པས་ཆགས་པ་དང། ཞེ་སྡང་དང། གཏི་མུག་ལ་སོགས་པ་ཤས་ཆེར་སྐྱེས་པ་དང། ཆོས་ལུགས་ཉམས་པར་བྱས་པ་དང། བརྟུལ་ཞུགས་ཉམས་པ་དང། སྤྱོད་ལམ
་ལོག་པར་བྱེད་པ་དང། བླ་མ་ལ་སོགས་པ་མཆོད་པར་འོས་པ་ལ་མི་མཆོད་པ་དང། བདག་ཉིད་ཀྱི་གཞུང་ལུགས་ཉམས་པར་བྱས་པ་དང། བདག་ཉིད་གསོད་པར་བྱེད་པ་དང། རྒྱུ་དེ་དག་བྱས་པས་གདོན་གྱིས་གླགས་རྙེད་དེ་སྐྱེས་བུའི་ལུས་ལ་འཇུག་ཅིང་གནོད་པར་བྱེད་དོ།།
་གཞན་ཡང་གདོན་གྱིས་གླགས་རྙེད་པར་བྱེད་པའི་རྒྱུ་ནི་སྡིག་པའི་ལས་རྩོམ་པ་དང། སྔོན་མི་དགེ་བའི་ལས་བྱས་པ་དང། བདག་ཉིད་གཅིག་པུར་གྲོགས་མེད་པ་ཁང་སྟོང་དང། དུར་ཁྲོད་དང། བཞི་མདོ་དང། མཆོ་རྟེན་ལ་སོགས་པའི་དྲུང་དུ་མཚན་མོ་བརྟེན་ཅིང་གནས་པ
་དང། མཚན་མོ་གཅེར་བུར་རྒྱུ་བ་དང། དེ་བཞིན་དུ་བླ་མ་མཆོད་པར་འོས་པ་སྨོད་པ་དང། དུས་དང་ཆོ་ག་མ་ཡིན་པར་འཁྲིག་པ་སྤྱོད་པ་དང། མི་གཙང་བས་ལྷ་མཉེས་པར་བྱེད་པ་དང། གཞན་གྱི་བུད་མེད་བུ་བཙས་མ་ཐག་པ་ལ་མ་འདྲེས་པར་སྤྱོད་པ་དང། སྦྱིན་སྲོག་དང། སྔགས
་དང། གཏོར་མ་དང། མཆོད་པ་ལ་སོགས་པ་ལ་ཡོ་བྱད་མི་འབྱོར་པ་དང། མདོར་ན་མདོའི་གནས་སུ་ཉིན་པར་གྱི་སྤྱོད་ལམ་བསྟན་པ་ལོག་པར་བྱེད་པ་ལས་གདོན་འཇུག་ཅིང་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་ལྷའི་གདོན་ནི་ཟླ་བ་ཡར་ངོའི་ཚེས
་གཅིག་དང། ཚེས་བཅུ་གསུམ་ལ་འཇུག་པར་འགྱུར་རོ། །ལྷ་མ་ཡིན་གྱི་གདོན་ནི་ཡར་ངོའི་ཚེས་བཅུ་གསུམ་དང་མར་ངོའི་བཅུ་གཉིས་ལ་འཇུག་པར་འགྱུར་རོ། །དྲི་ཟའི་གདོན་ནི་ཚེས་བཅུ་བཞི་དང། བཅུ་གཉིས་ལ་འཇུག་གོ་།ཀླུའི་གདོན་ནི་ཚེས་ལྔ་ལ་འཇུག་པར
་འགྱུར་རོ། །གདོན་སྦྱིན་གྱི་གདོན་ནི་ཟླ་བ་ཡར་ངོའི་ཚེས་བདུན་དང་བཅུ་གཅིག་ལ་འཇུག་པར་འགྱུར་རོ། །ཚངས་པའི་སྲིན་པོའི་གདོན་ནི་ཡར་ངོའི་ཚེས་ལྔ་དང། ཚེས་བརྒྱད་དང། བཅོ་ལྔ་ལ་འཇུག་པར་འགྱུར་རོ། །སྲིན་པོ་དང་ཤ་ཟའི་གདོན་ནི་ཟླ་བ་མར་ངོའི་ཚེས་གཅིག་དང
་དགུ་དང་བཅུ་གཉིས་ལ་འཇུག་པར་འགྱུར་རོ། །ཡི་དགས་ཀྱི་གདོན་ནི་གནམ་སྟོང་དང་ཚེས་བཅུ་ལ་འཇུག་པ་ཡིན་ནོ། །བླ་མ་རྒན་པ་ལ་སོགས་པས་སྨོད་པ་བྱས་པ་ལས་བྱུང་བའི་གདོན་ནི་ཕལ་ཆེར་ཚེས་བརྒྱད་དང་དགུ་ལ་འཇུག་གོ་།གདོན་དེ་དག་ཕལ་ཆེར་ནམ
་སྲོས་པའི་དུས་སུ་འཇུག་པ་ཡིན་ནོ་དེ་ལ་སྐྱེས་བུ་ལྷའི་གདོན་གྱིས་ཟིན་པའི་རྟགས་ནི་བཞིན་མདངས་པདྨ་ཁ་བྱེ་བ་ལྟ་བུར་འདུག་པ་དང། ཞི་བའི་མིག་ལྟ་བུ་དང། མིག་ཁྲོ་བ་དང། སྨྲ་བ་ཉུང་བ་དང། རྡུལ་དང། བཤང་གཅི་འབྱུང་བ་དང། ཟས་མི་འདོད་པ་དང། ལྷ་དང
་བྲམ་ཟེ་ལ་མཆོག་ཏུ་འཛིན་པ་དང། གཙང་སྦྲ་ཆེ་བ་དང། སཾ་སྐྲི་ཏའི་སྐད་དུ་སྨྲ་བ་དང། ཡུན་རིང་པོ་ནས་མིག་འབྱེད་པ་དང། ལུས་དྲི་ཞིམ་པ་དང། གཞན་ལ་མཆོག་སྟེར་ཞིང་བཀྲ་ཤིས་པ་ལ་སོགས་པའི་ཚིག་སྦྱིན་པ་དང། ཕྲེང་བ་དང། གོས་དཀར་པོ་དང། འབབ
་ཆུ་དང། རི་བོང་དང། ཁང་པ་མཐོན་པོ་ལ་དགའ་བ་དང། གཉིད་མེད་པ་དང། གཞན་ལ་གནོད་པ་མི་བྱེད་པ་དང། མཚན་མ་དེ་དག་དང་ལྡན་ན་ལྷས་དབང་དུ་བྱས་པ་ཡིན་ནོ། །དེ་ལ་ལྷ་མ་ཡིན་གྱི་གདོན་གྱིས་ཐེབས་པའི་རྟགས་ནི། མིག་ཡོན་པོར་ལྟ་བ་དང། རང
་བཞིན་མ་རུངས་པ་དང། ལྷ་དང་བླ་མ་དང། བྲམ་ཟེ་རྣམས་ལ་ཞེ་སྡང་བ་དང། འཇིགས་པ་མེད་པ་དང། རིམས་ཀྱིས་སྙེམས་པ་དང། དཔའ་ཞིང་བརྟན་པ་དང། ཁྲོ་བ་ཅན་དང། རྩོལ་བ་ཞན་པ་དང། དྲག་པོ་དང། སྐེམ་བྱེད་དང། ཁྱབ་འཇུག་དང། དབང་པོ་ཡང་བདག་ཡིན་ནོ།
་ཞེས་སྨྲ་བ་དང། ཤ་དང་ཆང་ལ་དད་ཅིང་དགའ་བ་ནི་ལྷ་མ་ཡིན་གྱི་གདོན་ཡིན་ནོ། །དྲི་ཟའི་གདོན་གྱིས་ཐེབས་པའི་རྟགས་ནི། རང་གི་སྤྱོད་པ་ལ་དགའ་ཞིང་ལུས་དྲིས་ཞིམ་པ་དང། རྟག་ཏུ་སྙིང་དགའ་ཞིང་གླུ་གར་ལ་དགའ་བ་དང། དེ་བཞིན་དུ་ཁྲུས་དང། སྐྱེད་མོས
་ཚལ་དང། གོས་དང་ཕྲེང་བ་ལ་དགའ་ཞིང་བྱུག་པ་དམར་པོ་ལ་མོས་པ་དང། སྒེག་པ་དང། འགྱིང་བ་འདོད་པ་ནི་དྲི་ཟའི་གདོན་གྱིས་ཟིན་པའི་རྟགས་སོ། །ཀླུའི་གདོན་གྱིས་ཟིན་བའི་རྟགས་ནི་མིག་དམར་བ་དང། ཁྲོ་བའི་དང་ཚུལ་དང། མིག་ཧར་ཧར་བོར་དགྲད་པ་དང།
་ཡོན་པོར་འགྲོ་བ་དང། མི་བརྟན་ཞིང་འགུལ་བ་དང། རྒྱུན་དུ་དབུགས་རྒོད་པ་དང། ལྕེ་ཡང་ནས་ཡང་དུ་འབྱིན་པ་དང། ཁའི་གྲ་ལ་ལྕས་བྱུག་པ་དང། འོ་མ་དང། བུ་རམ་དང། ཁྲུས་ལ་དགའ་བ་དང། ཁ་བུབ་ཏུ་ཉལ་བ་དང། གདུགས་མཐོང་ན་འཇིགས་པ་སྟེ་དེ་ནི
་ཀླུའི་གདོན་གྱིས་ཟིན་པའི་དབང་དུ་བྱས་པའོ། །གདོན་སྦྱིན་གྱི་གདོན་གྱིས་ཟིན་པའི་རྟགས་ནི་མིག་དགྲད་ཅིང་དམར་ལ་འབུར་བ་དང། ལུས་དྲི་ཞིམ་པ་དང། གཟི་མདངས་ཤིན་ཏུ་བཟད་བ་དང། གར་དང་གཏམ་དང། གླུ་དང། ཁྲུས་དང། ཕྲེང་བ་དང། བྱུག་པ་ལ་དགའ་
་བ་དང། ཉ་དང་ཤ་ལ་སྲེད་པ་དང། སྤྲོ་བ་དང། དགའ་བ་ཆེ་བ་དང། སྟོབས་ཆེ་བ་དང། ནད་མེད་པ་དང། ལག་པའི་རྩེ་མོ་འགུལ་ཞིང་ཁྱེད་ཅག་རྣམས་ལ་ནོར་ལ་སོགས་པ་ཅི་ཞིག་སྦྱིན་ཞེས་སྨ་བ་དང། གསང་བའི་ཚིག་མི་ཐུང་པ་དང། སྨན་པ་དང། བྲམ་ཟེ་ལ་སྤྱོད་པ་དང
་ཁྲོ་བག་ཆུང་བ་དང། འགྲོས་མྱུར་བ་དང། འདི་དག་ནི་གདོན་སྦྱིན་གྱི་གདོན་གྱིས་ཟིན་པའི་རྟགས་སོ། །ཚངས་པ་སྲིན་པོའི་གདོན་གྱིས་ཟིན་པའི་རྟགས་ནི་རྒོད་ཅིང་གར་ལ་དགའ་བ་དང། ལས་དྲག་པོ་བྱེད་པ་དང། རྒྱུ་མེད་པར་རྡེག་པ་དང། དམོད་པ་དང་བཅས་པའི
་ཚིག་ངན་པ་སྨ་བ་དང། འགྲོས་མྱུར་བ་དང། ལྷ་དང་བྲམ་ཟེ་དང་སྨན་པ་ལ་སྡང་བ་དང། ཤིང་ངམ་མཚོན་ལ་སོགས་པས་བདག་ཉིད་ལ་བསྣུན་པ་དང། ཀྭ་ཡེ་ཀྭ་ཡེ་ཞེས་བོད་པར་སྨྲ་བ་དང། བསྟན་བཅོས་དང་རིག་བྱེད་སྔོན་ཐོས་པ་འདོན་པ
་དང། དེ་དག་ནི་ཚངས་པའི་སྲིན་པོའི་གདོན་གྱིས་ཟིན་པའི་མཚན་མའོ། །སྲིན་པོའི་གདོན་གྱིས་ཟིན་པའི་རྟགས་ནི་ཁྲོ་མིག་ཏུ་ལྟ་བ་དང། ཁྲོ་གཉེར་དང་ལྡན་པ་དང། རྟགས་བག་ཏུ་བྱེད་པ་དང། གཞན་ལ་རྡེག་པ་དང། རྒྱུག་ཅིང་འགྲོ་བ་དང། སྐད་ཀྱི་བོར་འདོན
་པ་དང། གདོང་འཇིགས་སུ་རུང་བ་སྟོན་པ་དང། ཁ་ཟས་མ་ཟོས་ཀྱང་སྟོབས་དང་ལྡན་པ་དང། གཉིད་མེད་པ་དང། མཚན་མོ་རྒྱུ་བ་དང། ངོ་ཚ་མི་ཤེས་པ་དང། གཙང་སྦྲ་མེད་པ་དང། དཔའ་བ་དང་མ་རུངས་པའི་ལས་བྱེད་པ་དང། ཚིག་རྩུབ་པོ་སྨྲ་བ་དང། ཁྲོ་བ་དང། ཁྲག
་དང། ཕྲེང་བ་དམར་པོ་དང། བུད་མེད་དང། ཤ་དང་ཆང་ལ་དགའ་བ་དང། ཁྲག་གམ་ཤ་མཐོང་ན་རྐན་གཏོག་ཅིང་མཆུ་ལྷག་པ་དང། ཁ་ཟས་ཟ་བའི་དུས་སུ་རྒོད་པ་དང། འདི་དག་ནི་སྲིན་པོའི་གདོན་གྱིས་མཚན་མའོ། །ཤ་ཟའི་གདོན་གྱིས་ཟིན་པའི་ཆ་རྟགས
་ནི། སེམས་ཐ་མལ་པར་མི་འདུག་པ་དང། ས་གཅིག་ལ་མི་གནས་པ་དང། ཀུན་ཏུ་རྒྱུག་པ་དང། ཟས་ཀྱི་ལྷག་མ་དང། གླུ་དང། གར་དང། ཤ་དང་ཆང་རྣམས་ལ་དགའ་བ་དང། དམོད་མོ་དང་བཅས་པའི་ཚིག་ངན་པ་སྨྲ་བ་དང། བཞིན་མདོག་ཞན་པ་དང།
་རྒྱུ་མེད་པར་དུད་མོ་འདེབས་ཤིང་སེན་མོས་ལུས་འབྲུད་པ་དང། ལུས་རྩུབ་པ་དང། སྐད་ཉམས་པ་དང། བདག་སྡུག་གོ་ཞེས་སྨྲེ་སྔགས་འདོན་པ་དང། འབྲེལ་པ་དང་མི་འབྲེལ་བའི་ཚིག་ཏུ་སྨྲ་བ་དང། དྲན་པ་ཉམས་པ་དང། གནས་ལ་དགའ་བ་དང། མི
་བརྟན་པ་དང། གཅེར་བུར་བྱུང་བ་དང། དྲི་མ་ཅན་དང། སྲང་ཁ་ན་འདུག་པའི་གོས་ཅི་རྙེད་པ་གོན་པ་དང། རྩཝ་ཕྲེང་བར་བྱས་ནས་ལུས་ལ་བརྒྱན་པ་དང། ཤིང་ལ་རྟ་ཟེར་ཏེ་ཞོན་པ་དང། མི་གཙང་བ་ལུད་ཕུང་གི་སྟེང་དུ་འདུག་པ་དང། ཟས་མང་དུ་ཟ་བ
་སྟེ་འདི་ནི་ཤ་ཟའི་གདོན་གྱིས་ཟིན་པའི་མཚན་མའོ། །ཡི་དགས་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི་གཟུགས་དང་བྱ་བ་དང་དྲི་ཡི་དགས་དང་འདྲ་ཞིང་འཇིགས་སྐྱེན་པ་དང། ཟས་མི་འདོད་པ་དང། རྟག་ཏུ་རྩ་གཅོད་པ་དང། འདི་དག་ནི་ཡི་དགས་ཀྱི་གདོན་གྱིས་ཟིན
་པའི་མཚན་མའོ། །གྲུལ་བུམ་གྱིས་གདོན་གྱི་ཟིན་པའི་རྟགས་ནི་ཚིག་མང་པོ་སྨྲ་ཞིང་གླལ་བ་དང། གདོང་ནག་པ་དང། མི་སྡོད་པར་འགྲོ་བ་དང། རང་གི་རླིག་པ་ཆེར་སྐྲང་ཞིང་འཕྱང་བ་ནི་གྲུལ་བུམ་གྱི་གདོན་གྱི་མཚན་མའོ། །བྱད་སྟེམས་ཀྱི་གདོན་གྱིས་ཟིན
་པའི་རྟགས་ནི་ཤིང་དང་བོང་བ་ཐོགས་ཤིང་འགྲོ་བ་དང། སྲང་ཁའི་ཕྱག་དར་གྱི་དུམ་བུ་གྱོན་པ་དང། གཅེར་བུར་རྒྱུག་པ་དང། སྟབས་མིག་ཏུ་ལྟ་བ་དང། རྩའི་རྒྱན་བྱེད་པ་དང། དུར་ཁྲོད་དང། གནས་སྟོང་པ་དང། སྲང་དང། ཤིང་གཅིག་གི་དྲུང་དུ་བརྟེན་པ
་དང། ཏིལ་གྱི་ཟས་དང། ཤ་དང་ཆང་ལ་ཆགས་པ་སྟེ་འདི་ནི་བྱད་སྟེམས་ཀྱི་གདོན་གྱིས་ཟིན་པ་ཡིན་ནོ། །གཡེངས་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། ཚིག་རྩུབ་བ་སྨྲ་བ་དང། ཟས་མི་འདོད་ཅིང་ཆུ་ཉེ་ཚེ་སློང་པ་དང། སྡངས་ཤིང་མིག་དམར་བས་ལྟ་བ་དང། ཚིག
་དྲག་པ་འདི་ནི། ཨོ་ཀིར་ཎ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མའོ། །རོ་ལངས་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། དྲི་དང་ཕྲེང་བ་ལ་དགའ་བ་དང། ཚིག་བདེན་པར་སྨྲ་བ་དང། ཚིག་ཡོངས་སུ་འདར་བ་དང། གཉིད་ཆེ་བ་ནི་རོ་ལངས་ཀྱི་གདོན་གྱིས་ཟིན་པ་ཡིན་ནོ།།
་སྔོན་གཉེན་ཤི་བ་འདྲེར་གྱུར་བའི་གདོན་གྱིས་ཟིན་པའི་རྟགས་ནི། མཐོང་བ་མི་གསལ་པ་དང། བཞིན་ཞན་པ་དང། རྐན་བསྐམས་པ་དང། མིག་དང་རྫི་མ་འགུལ་བ་དང། གཉིད་ཆེ་བ་དང། མེའི་དྲོད་ཆུང་བ་དང། གཡོན་ཕྱོགས་སུ་གོས་གྱོན་པ་དང། ཏིལ་དང། ཤ
་དང། བུ་རམ་ལ་དགའ་བ་དང། ཚིག་འཁྲུལ་པ་དང། འདི་ནི་སྔོན་གྱི་གཉེན་ཤི་བའི་གདོན་གྱི་ཟིན་པའི་མཚན་མའོ། །བླ་མ་དང་རྒན་པ་དང་གྲུབ་པ་རྣམས་ཀྱི་དམོད་པ་ལས་བྱུང་བའི་གདོན་གྱིས་ཟིན་པའི་རྟགས་ནི། སྤྱོད་ལམ་དང་ཟས་ལ་སོགས་པ་གདོན་སོ
་སོའི་རྟགས་དང། ཇི་ལྟར་མཐུན་པ་ཡིན་པ་དེ་ལྟར་ངོས་གཟུང་བར་བྱའོ། །མདོར་ན་བྱིས་པའི་ཚོགས་ཀྱི་རྗེས་འབྲང་བའི་གདོན་དང། གཅེར་བུར་འདུག་ཅིང་སྐྲ་གྱེན་དུ་རྫེས་པ་དང། སེམས་སྡུག་བསྔལ་གྱིས་གདུངས་བ་དང། ཡུན་རིང་པོར
་གདོན་གྱིས་ཟིན་པ་ནི་སྤང་བར་བྱའོ། །གདོན་གྱི་དམིགས་བསྟན་པའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།དེ་ནས་གདོན་ནད་དེ་དག་གསོ་བའི་ལེའུ་བརྗོད་པར་བྱ་སྟེ། གང་གི་ལུས་ལ་འཁྲིག་པ་དང་གཏོར་མ་ལ་སོགས་པ་འདོད་པའི་གདོན་རྣམས་ཀྱིས་མི
་གཙེ་བར་འདོད་པ་རྣམས་ཀྱིས་བཟླས་བརྗོད་དང། སྦྱིན་སྲེག་དང། གཏོར་མ་དང། བརྟུལ་ཞུགས་དང། དཀའ་ཐུབ་དང། ཚུལ་ཁྲིམས་དང། བསམ་གཏན་དང། སྦྱིན་པ་དང། ཤེས་རབ་དང། སྙིང་རྗེ་ལ་སོགས་པ་རྣམས་བསྟེན་ན་རྒྱལ་བར་བྱེད་དོ། །གདོན་གྱིས་མི་བརྫིའོ།།
་ཤིན་ཀུན་དང། ཚ་བ་གསུམ་དང་བ་བླ་དང། གླ་རྩི་དང། སྒོག་པ་དང། ཨརྐའི་རྩ་བ་དང། སྤང་སྤོས་དང། ཨ་ཛ་ལོ་མི་དང། གོ་ལོ་མི་དང། འབམ་པོ་དང། ཤུ་དག་དང། གྷནདྷ་བྲི་ཡཾ་ཀུ་དང། ཀུ་ཀཱུ་ཏི་དང། སརྦ་གནདྷ་ཞེས་བྱ་བ་གྷནདྷ་ཀུ་ལི་དང། ཀ་ན་ཞེས་བྱ་བ་ཀ་ཀ་དང། བ་ལ
་ཀ་དང། རམ་ཉེ་བ་འོ་མ་ཅན་དང། བཛྲ་ཀྲོ་དྷ་དང། སླེ་ཏྲེས་དང། ཀར་ཀ་ཏ་ཤྲིཾ་གི་དང། མོ་ཧ་ན་བ་ལི་ལི་དང། ལིག་བུ་མིག་དང། ཡུངས་ཀར་དང། གཞན་ཡང་གདོན་འཇོམས་པའི་སྨན་ཇི་སྙེད་པ་དང། བོང་བུ་དང། རྟ་དང། ཁྱི་དང། ལུག་དང། རྔ་མོ་དང། རིཀྵ་དང། གོ་དྷ་དང།
་སྲེ་མོ་དང། རེག་འབྱམ་དང། གུང་དང། བྱ་ལ་དང། བ་ལང་དང། སེང་གེ་དང། སྟག་དང། རྒྱ་མཚོན་གནས་པའི་སྲོག་ཆགས་ཀྱི་པགས་པ་དང། མཁྲིས་པ་དང། སོ་དང། སེན་མོ་དང་དེ་རྣམས་མར་རྙིང་པ་འམ། སར་པ་འམ། ཏིལ་མར་རམ་གང་ཡང་རུང་བ་དང་ལྷན་ཅིག
་བསྒྲུབས་ཏེ། དེས་བཏུང་བ་དང། སྣར་བླུགས་པ་དང། བསྐུ་མཉེ་དང། ཕྱེ་མའི་དུད་པས་བདུག་པ་དང། རི་ལུར་བྱས་ཏེ་དེ་ལ་མིག་སྨན་དང། སྣར་ཕྱེ་མས་བུད་བ་དང། བསྐུ་བ་དང། བསྐོལ་བའི་ཁུ་བས་བླུགས་པ་ལ་སོགས་པ་ཅི་རིགས་པར་བྱས་ནས་གདོན་སྨྱོ་བྱེད་དང།
་བརྗོད་བྱེད་དང་བཅས་པ་ཞི་བར་བྱའོ། །ཧ་སྟི་པི་པི་ལིང་དང། པི་པི་ལིང་གི་རྩ་བ་དང། ཚ་བ་གསུམ་དང། སྐྱུ་རུ་ར་དང། ཡུངས་ཀར་དང། སྲོག་ཆགས་གོ་དྷ་དང། སྲི་མོ་དང། བྱི་ལོ་དང། ཛ་ཤ་དང། དེ་རྣམས་ཀྱི་མཁྲིས་པ་ལྷན་ཅིག་བཏགས་པའི་ཕྱེ་མ་སྣ་ནས་བཏང་བ་དང། བསྐུ་བྱུག་
་དང། བླུགས་པ་ལ་སོགས་པ་བྱས་ན་གདན་འཇོམས་སོ། །ཡུངས་ཀར་དང། ཤུ་དག་དང། ཤིང་ཀུན་དང། བྲི་ཡང་ཀུ་དང། སེར་པོ་རྣམ་གཉིས་དང། བཅོད་ཀ་ནི་དཀར་པོ་དང། འབྲས་བུ་གསུམ་དང། ཤཊི་ཏ་ཀཊ་བི་དང། ནིམྦའི་ལོ་མ་དང། ཀ་རཉྫ་ཀ་དང། ཤྲི་ཡའི་ས་བོན་དང།
་ཐང་ཤིང་དང། ཚ་བ་གསུམ་དང། དེ་རྣམས་བཏགས་པའི་ཕྱེ་མ་དང། མར་ཅི་ཙམ་པའི་བཞི་འགྱུར་གྱི་བ་གཅིན་དང། བསྐོལ་བའི་སྨན་མར་ནི་དོན་གྲུབ་ཀྱི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་བཏུང་བ་དང་སྣར་བླུགས་པ་བྱས་ན། གདོན་ཐམས་ཅད་འཇོམས་ཤིང
་ཁྱད་པར་དུ་ལྷ་མ་ཡིན་གྱི་གདོན་སེལ་ཏེ། གཤེད་བྱེད་དང། བཀྲ་མི་ཤིས་པ་དང། དུག་དང། སྨྱོ་བྱེད་དང། རིམས་དང། བརྗེད་བྱེད་དང། སྡིག་པ་རྣམས་འཇོམས་སོ། །སྨན་དེ་ཉིད་ཀྱི་ཕྱེ་མར་གཅིན་དང་སྦྱར་ཏེ་བཏུང་བ་འམ། སྣར་བླུགས་པ་དང། བྱུག་པ་དང། ཁྲུས་དང། དྲིལ
་བ་རྣམས་བྱས་ན་གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་དང་ཁྱད་པར་དུ་རྒྱལ་པོའི་སྒོར་ཡང་དགོས་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡུངས་ཀར་དང། ཚ་བ་གསུམ་དང། ཤུ་དག་དང་ཨ་ཤྭ་གྷནདྷ་དང། སེར་པོ་རྣམ་གཉིས་དང། ཤིང་ཀུན་དང། ཀུན་དོང་གི
་རྩ་བ་དང། ཀ་རཉྫའི་ས་བོན་དང། ཤི་རི་ཤིའི་མེ་ཏོག་དང། ཀ་པིད་ཏའི་འབྲས་བུ་དང། ཤུན་ལྤགས་དང། རྒྱམ་ཚྭ་དང། ཏ་ག་རུ་དང། རུ་རྟ་དང། སོ་ན་ཀའི་རྩ་བ་དང། གེ་རི་ཀརྞི་དཀར་པོ་དང། དེ་རྣམས་བཏགས་ལ་ར་གཅིན་དང་ལེགས་པར་བསྒོས་ཏེ་བ་ལང་གི་མཁྲིས
་པ་དང་བསྲེས་ཏེ་རི་ལུར་བྱས་ལ་སྦྱིན་ན། རྨ་རེད་པ་དང། སྨྱོ་བྱེད་དང། མུན་ཐིབས་ཞེས་བྱེད་པ་དང། མཚན་མོ་མི་མཐོང་བ་དང། དྲན་པ་སྟོར་བ་དང། ཆུས་ཁྱེར་ཏེ་བརྒྱལ་བ་དང། དུག་མངའ་ལ་སོགས་པས་ཕོག་པ་དང། སྤྲུལ་གྱིས་མཆེ་བས་ཟིན་ཏེ་བརྒྱལ་བ་དང།
་དེ་རྣམས་ལ་མིག་ཏུ་བསྐུ་པ་དང། སྣར་བླུགས་པ་དང། བསྐུ་བ་བྱས་ན་ཞི་བར་བྱེད་དོ། །རས་བལ་གྱི་ས་བོན་དང། རྨ་བྱའི་སྒྲོ་དང། བྲི་ཧ་སྟི་དང། མ་ཧཱ་དེ་བ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང། པོ་སོན་ཆ་དང། ཤིང་ཚ་དང་སྤང་སྤོས་དང།
་བྱི་ལའི་རྟུག་པ་དང། འབྲས་ཀྱི་ཕུབ་མ་དང། ཤུ་དག་དང། མིའི་སྐྲ་དང་སྤྲུལ་གྱི་པགས་པ་རྗེས་པ་དང། གླང་པོ་ཆེའི་སོ་དང། གླང་གི་རྭ་དང། ཤིང་ཀུན་དང། ན་ལེ་ཤམ་དང། འདི་རྣམས་ཆ་བསྙམས་ཏེ། བཏགས་པ་བསྲེགས་པའི་དུད་པས་བདུགས་ན
་སྐེམ་བྱེད་ཀྱི་གདོན་དང། སྨྱོ་བྱེད་དང། ཤ་ཟ་དང། ལྷའི་གདོན་གྱིས་ཐེབས་པ་རྣམས་སེལ་བའི་མཆོག་ཡིན་ནོ། །ཡང་ན་བཅའ་སྒ་དང། པི་པི་ལིང་དང། ན་ལེ་ཤམ་དང། ག་ཏ་པྲ་ཏྲ་དང། གུར་ཀུམ་དང། པི་པི་ལིང་གི་རྩ་བ་དང། ཀཎྚ་ཀཱ་རི་དང། ཡུང་བ་དང། སྐྱེར
་བའི་རྩ་བ་དང་རུ་རྟ་དང། ཡུངས་ཀར་དང། ཡུངས་ནག་དང། བལ་ཀ་དང། དུག་མོ་ཡུངས་དང། ཙན་དན་དཀར་པོ་དང། སྒོག་སྐྱ་དང། ཨ་རུ་ར་དང། བ་རུ་ར་དང། པུ་ཤེལ་ཙི་དང། པུ་ཙེ་ཤེལ་དང། ཤུ་དག་དང། སྤངས་མ་དང། ཤིང་མངར་དང། བ་བླ་དང། ཙན་དན
་དམར་པོ་དང་སྡུག་སྨེལ་དང་ལྡོང་རོས་དང། ཤུག་པ་དང། པོག་དཀར་པོ་དང། རྒྱ་སྤོས་དང། མེ་ཏོག་མ་དུ་ཀའི་ཤིང་དང། བྲི་ཡང་ཀུ་དང། བོང་ང་དཀར་པོ་དང། སྐྱེར་ཁཎྚ་དང། དབྱི་མོ་རྣམས་ཆ་བསྙམས་སྟེ། ཞིབ་རབ་ཏུ་བཏགས་ལ་དེ་རྣམས་སྤྱིར་བསྡོམས
་པའི་བཞི་འགྱུར་གྱི་མར་རྙིང་པ་དང། གཅིན་གྱི་སྡེ་ཚན་མདོའི་གནས་སུ་བསྟན་པ་ལས་གཅིན་མར་དང་ཆ་བསྙམས་ཏེ་རེ་རེ་ནས་བསྐོལ་ལ་གཅིན་དུ་མར་ལུས་པ་བཙགས་པ་ནི་གདོན་ཁྲུས་འདེབས་པའི་མར་ཡིན་ནོ་ཞེས་སྔོན་གྱི་མཁས་པ་འདོད་དེ། དེ
་ལས་རན་པར་འཐུངས་ན་གདོན་སེལ་བའི་མཆོག་ཡིན་ནོ། །ཡང་ན་སྤོས་དང། ཤིང་མངར་དང། ཀ་རཉྫ་དང། རྒྱ་སྐྱེགས་དང། བ་ཏོ་ལའི་རྩ་བ་དང། བཙོད་དང། ཤུ་དག་དང། པ་ཏོ་ལ་དང། ཤིང་ཀུན་དང། ཡུངས་ཀར་དང། ཀཎྚ་ཀཱ་རི་དང། སེར་པོ་རྣམ་གཉིས
་དང། གྷནདྷ་པྲི་ཡི་ཀུ་དང། པུ་ཙེ་ཤེལ་དང། རྒྱ་ཤུག་གི་འབྲས་བུ་དང། ཚ་བ་གསུམ་དང། འབྲས་བུ་གསུམ་དང། བཙོ་འབྲས་དང། ཐང་ཤིང་དང། བི་དང་ག་དང། ཨི་ཛ་གྷནདྷ་དང། སླེ་ཏྲེས་དང། ཨང་ཀོ་ལ་དང། ཀོ་ཤ་ཏ་ཀི་དང། ཤིག་ཏྲུ་དང། ནིམྦ་དང། གླ་སྒང་དང
་དུ་གམ་ཡུངས་དང། རུ་རྟ་དང། ཤི་རི་ཤའི་མེ་ཏོག་དང། ས་བོན་དང། གི་རི་ཀརྞི་དང། དནྟི་དང། ཀྲུ་ཏྲུག་ཏྲེས་དང། བིལྦ་རྣམས་ཆ་བསྙམས་ཏེ་ཞིབ་ཏུ་བཏགས་ལ་དེ་རྣམས་སྤྱིར་བསྡོམས་པའི་བཞི་འགྱུར་གྱི་མར་རྙིང་པ་དང། གཅིན་རྣམ་བརྒྱད་དང། རེ་རེ་ནས
་གོང་མ་བཞིན་དུ་བསྐོལ་ལ། གཅིན་དུ་མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི་གདོན་ཁྲུས་ལེགས་པའི་མར་ཆེན་པོ་ཞེས་བྱ་སྟེ། ཆོ་ག་བཞིན་དུ་ལེགས་པར་སྦས་ལ། དེ་ལས་བཏུང་བ་དང། མིག་བསྐུ་བ་དང། སྣར་བླུགས་པ་དང། ལུས་བསྐུ་བ་བྱས་ན་གདོན
་ཡིན་ནོ་ཅོག་ཐམས་ཅད་དང། སྨྱོ་བྱེད་དང། མཇེ་དང། རིམས་རྣམས་སེལ་བར་བྱེད་དོ། །དུས་གང་དང་གང་གི་ཉིན་ཞག་ལ་གདོན་གྱིས་ཟིན་པའི་ཉིན་ཞག་དེ་དང་དེའི་དུས་སུ། ལྷག་པར་གཏོར་མ་དང། སྦྱིན་སྲེག་ལ་སོགས་པ་སྨན་པས་ཇི་ལྟ་ཇི་ལྟར་རིགས་པ་བཞིན
་སྦྱར་རོ། །གཞན་ཡང་ཁྲུས་དང། གོས་དང། ཤ་དང། ཚིལ་དང། ཆང་དང། འོ་མ་དང། བུ་རམ་ལ་སོགས་པ་གདོན་གང་ལ་དད་ཅིང་སྲེད་བ་དེའི་ཚེ་དེ་ལ་སྦྱིན་ནོ། །གདོན་ཐམས་ཅད་ལ་ནི་རིན་པོ་ཆེ་རྡོ་རྗེ་དང། བཻཌཱུརྱ་དང། མརྒད་ལ་སོགས་པ་དང། སུ་མ་ན་ལ་སོགས་པ་མེ
་ཏོག་དྲི་ཞིམ་པའི་ཕྲེང་བ་འམ། ཡང་ན་སྨན་གྱི་རིགས་དྲི་ཞིམ་པ་དང། ཕྲེང་བ་དང། མོན་སྲན་སྡེའུ་དང། མོན་སྲན་ན་གུ་ལ་སོགས་པའི་འབྲུ་དང། སྦྲང་རྩི་དང། ཞུན་མར་དང། ཁུར་བ་དང། ལ་ཏུ་ལ་སོགས་པ་སྦྱིན་ཏེ་སྦྱོར་བ་དེ་དག་ནི་གདོན་གྱི་ཆོ་ག་སྤྱིར་བསྟན་པ
་ཡིན་ནོ། །དེ་ལ་ལྷའི་གདོན་དང། དྲང་སྲོང་དང། རྒན་པོ་དང། གྲུབ་པ་དང། བླ་མ་དང། གདོན་ལྔ་པོ་དེ་དག་ལ་ནི་ལྷ་ཁང་ནས་གཏོར་མ་སྦྱིན་ནོ། །དེ་ལས་ཀྱང་ལྷའི་གདོན་ལ་ནི་བྱང་ཕྱོགས་སུ་ལྟས་ཏེ་སྦྱིན་ནོ། །ལྷ་མ་ཡིན་གྱི་གདོན་ལ་ནི་དུས་ཇི་ལྟ་བ་བཞིན་དུ་ནུབ་ཕྱོགས་སུ
་ཁ་ལྟས་ཏེ། བཞི་མདོ་ནས་གཏོར་མ་སྦྱིན་ནོ། །དྲི་ཟའི་གདོན་ལ་ནི་བ་ལང་གི་ལམ་ནས་གོས་དང་རྒྱན་དང་བཅས་པའི་གཏོར་མ་སྦྱིན་ནོ། །སྔོན་གཉེན་ཤི་བ་འདྲེར་གྱུར་པའི་གདོན་དང། ཀླུའི་གདོན་ལ་ནི་འབབ་ཆུའི་ངོས་ནས་གཏོར་མ་བཏང
་སྟེ། དེ་ལས་ཀྱང་ཀླུའི་གདོན་ལ་ནི་ཤར་ལྷོའི་མཚམས་སུ་ཁ་ལྟས་ཏེ་གཏོར་མ་བཏང་ངོ། །གནོད་སྦྱིན་གྱི་གདོན་ལ་ནི་གནོད་སྦྱིན་གྱི་གནས་སམ། ཡང་ན་ཆུ་བོ་གཉིས་འདོམས་པའི་མདོ་ལས་བཏང་ངོ། །སྲིན་པོའི་གདོན་དང། ཚངས་པ་སྲིན་པོའི་གདོན་ལ་ནི
་ལམ་གྱི་བཞི་མདོ་དང། ནགས་ཚང་ཚིང་འཇིགས་སུ་རུང་བའི་ལས་ལྷོ་ཕྱོགས་སུ་ཁ་ལྟས་ཏེ་གཏོར་མ་སྦྱིན་ནོ། །ཚངས་པ་སྲིན་པོའི་གདོན་ལ་ནི་ཤར་ཕྱོགས་སུ་ཁ་ལྟས་ཏེ་སྦྱིན་ནོ། །ཤ་ཟའི་གདོན་ལ་ནི་གནས་སྟོང་པ་ནས་ནུབ་ཕྱོགས་སུ་ཁ་ལྟས་ཏེ་གཏོར་མ་སྦྱིན་ནོ། །དེ་ལ
་ལྷའི་གདོན་ལ་ནི་གཏོར་མ་ཤིན་ཏུ་གཙང་ཞིང་དགེ་བར་བཤམས་ལ། དེ་ཡང་མེ་ཏོག་དཀར་པོ་ལས་བྱས་པའི་ཕྲེང་བ་དང། ཨ་ཀ་རུ་ལ་སོགས་པ་དྲི་ཞིམ་པོ་དང། འབྲས་ཀྱི་འོ་ཐུག་དང། འབྲས་ཆན་དང། ཞོ་དང། གདུགས་དཀར་པོ་དང་བཅས་པ་འདོད་པ་ཡིན་ནོ།།
་ཤིང་ཀུན་དང། ཡུངས་ཀར་དང། ཤུ་དག་དང། ཚ་བ་གསུམ་དང། འདི་རྣམས་སྲང་ཕྱེད་ཕྱེད་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང། མར་བཞི་འགྱུར་གྱི་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་བཏུང་བ་དང། སྣར་བླུགས
་པ་དང། བསྐུ་བ་བྱས་ན་ལྷའི་གདོན་ལས་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ཤུ་དག་དང། ཤིང་ཀུན་དང། སྒོག་སྐྱ་དང། དེ་རྣམས་ཀྱི་ཕྱེ་མ་གཅིན་དང་བཏགས་ཏེ། སྣར་བླུགས་པ་དང། མིག་ཏུ་བསྐུས་ན་ཡང་ལྷའི་གདོན་ལས་ཐར་རོ། །ལྷ་མ་ཡིན་གྱི་གདོན་ལ་ནི
་ཤིང་ཏོག་ཇི་སྙེད་པ་དང། པུ་ཤེལ་ཙི་དང། པདྨ་དང། ཨུཏཔལ་དང་སྦྱར་བའི་གཏོར་མ་སྦྱིན་ནོ། །ཀླུའི་གདོན་ལ་ནི་སུམ་ན་ལ་སོགས་པའི་མེ་ཏོག་དང། འབྲས་སྤོས་དང། བུ་རམ་དང་སྦྱར་བའི་སྣུམ་ཁུར་དང། བུ་རམ་དང་སྦྱར་བའི་འབྲས་ཆན་དང། ཟས་མཆོག་ཅེས་བྱ
་བའི་འོ་ཐུག་དང། སྦྲང་རྩི་དང། འོ་མ་དང། ས་ནག་པོ་དང། ནཱ་ག་གེ་སར་དང། ཤུ་དག་དང། པདྨ་དང། གུ་གུལ་དང། པུ་ཤེལ་ཙེ་དང། ཨུཏཔ་ལ་དམར་པོའི་འདབ་མ་དང་ལྡན་པའི་གཏོར་མ་སྦྱིན་ནོ། །གསེང་ཕྲོམ་དཀར་པོའི་ལོ་མ་དང། རྒྱ་སྤོས་དང། ནཱ་ག་གེ་སར་དང། ཡུངས
་ཀར་དང་འདི་རྣམས་ཆུ་གྲང་མོ་དང་བཏགས་ཏེ། སྣར་བླུགས་པ་དང། མིག་བསྐུས་ན་ཀླུའི་གདོན་ལས་ཐར་རོ། །གནོད་སྦྱིན་གྱི་གདོན་ལ་ནི་འོ་མ་དང། ཞོ་དང། མར་དང། འབྲས་ཆེན་བསྲེས་པའི་ཟས་དང། གུ་གུལ་དང། སྒྲོན་ཤིང་དང། པདྨ་དང། པུ་ཤེལ་ཙི་དང། གོས་དང།
་གསོར་བརྒྱན་དུ་བྱས་པ་འམ། མ་བྱས་པ་འང་རུང་བའི་གཏོར་མ་སྦྱིན་ནོ། །མར་དང། འོ་མ་དང། བ་གཅིན་དང། ཆ་བསྙམས་ཏེ་བསྐོལ་བ་ལས་བཏུང་བ་དང། སྣར་བླུགས་པ་དང། བསྐུ་བྱུག་བྱས་ན་གདོན་སྦྱིན་གྱི་གདོན་ལ་ཕན་ནོ། ། རུ་ར་དང། སེར་པོ་རྣམ་གཉིས་དང།
་སྒོག་སྐྱ་དང། ན་ལེ་ཤམ་དང། ཤུ་དག་དང། ནིམྦའི་ལོ་མ་དང། འདི་རྣམས་བཏགས་པར་གཅིན་དང་སྦྱར་ཏེ། སྣར་བླུགས་པ་དང། མིག་ལ་བསྐུས་ན་ཡང་གནོད་སྦྱིན་གྱི་གདོན་ལས་གྲོལ་ལོ། །ཚངས་པ་སྲིན་པོའི་གདོན་ལ་ནི་ནས་ཕྱེ་བྲེ་དོ་ལས་བྱས་པའི་སྣོད་བཀང་བ་དང།
་བུམ་པ་གང་གི་ཆུ་དང། ཏིལ་བཏགས་པའི་ཕྱེ་དང། གདུགས་དང་གོས་དང། གུར་ཀུམ་ལ་སོགས་པའི་བྱུག་པ་དང་ལྡན་པའི་གཏོར་མ་སྦྱིན་ནོ། །སེང་ལྡེང་སྲང་ཉི་ཤུ་བསྐོལ་བའི་ནང་དུ་ཚ་བ་གསུམ་དང། འབྲས་བུ་གསུམ་དང། ཤིང་ཀུན་དང། ཤུ་དག་དང། ཤུ་ཏི་དང།
་ཡུངས་ཀར་དང། ནིམྦའི་ལོ་མ་དང། སྒོག་སྐྱ་དང། དེ་རྣམས་ཀྱི་ཕྱེ་མ་མར་སྲང་ཉི་ཤུ་རྩ་བརྒྱད་དང། བ་གཅིན་མར་གྱི་སུམ་འགྱུར་དང། ལྷན་ཅིག་བསྐོལ་ལ་དེ་ལས་ཡང་བཏུང་བ་དང། སྣར་བླུགས་པ་དང། བསྐུ་བྱུག་བྱས་ན་ཕན་ནོ། །སྲིན་པོའི་གདོན་ལ་ནི་ཏིལ
་བཏགས་པའི་ཕྱེ་མ་དང། མེ་ཏོག་དཀར་པོ་དང། འབྲས་དང། མོན་སྲན་གྲེའུ་ལ་སོགས་བསྲེས་པའི་ཆན་དང། ཤ་བཙོས་པ་དང། ཤ་རྗེན་པ་དང། ནིས་པ་ས་དང། ཁྲག་དང་བཅས་པའི་གཏོར་མ་སྦྱིན་ནོ། །ཀ་རཉྫ་དང། ཤྲི་ཤ་དང། པྲ་ཏྲ་ལ་ནག་པོ་གཉིས་ཀྱི་རྩ་བ
་དང། ཤུན་ལྤགས་དང། མེ་ཏོག་དང་འབྲས་བུ་དང། བིལྦའི་རྩ་བ་དང། ཚ་བ་གསུམ་དང། ཤིང་ཀུན་དང། དུག་མོ་ཡུངས་དང། སྒོག་སྐྱ་དང་སྐྱུ་རུ་རའི་འབྲས་བུ་དང། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ཧ་ཅང་མི་སླ་མི་སྐ་ཙམ་དུ་སྦྱར་ཏེ།
་སྣར་བླུགས་པ་དང་མིག་ཏུ་བསྐུས་ན་སྲིན་པོའི་གདོན་ལ་ཕན་ནོ། །ཡང་ན་སྨན་དེ་དག་ཉིད་མར་དང་གཅིན་མར་གྱི་བཞི་འགྱུར་དང་ལྷན་ཅིག་བསྒྲུབས་ཏེ་བསྐོལ་ལ་མར་ལུས་པ་དང། བཏུང་བ་དང་སྣར་བླུགས་པ་དང། བསྐུ་བྱུག་བྱས་ན་སྲིན་པོའི་གདོན
་ཟློག་པར་བྱེད་དོ། །ཤ་ཟའི་གདོན་ལ་ནི་བུ་རམ་ཆང་དང། ཏིལ་གྱི་ཚིགས་མ་དང། ཏིལ་གྱི་ཕྱེ་མ་དང། ཞོ་དང། ལ་ཕུག་དང། ལན་ཚ་དང། མར་དང་འབྱུང་པོའི་ཟས་འབྲས་དང། སྲན་མ་ཤ་ལ་སོགས་པ་བསྲེས་པའི་ཆན་དང། ཕྱེ་ལས་བྱས་པའི་ཟན་དང
་བཅས་པའི་གཏོར་མ་སྦྱིན་ནོ། །སེར་པོ་རྣམ་གཉིས་དང། བཅོད་དང། ཤུ་ཏི་དང། ལན་ཚ་དང། དོད་གྲ་དང། ཤིང་ཀུན་དང། པྲི་ཡང་ཀུ་དང། ཚ་བ་གསུམ་དང། སྒོག་སྐྱ་དང། འབྲས་བུ་གསུམ་དང། ཤུ་དག་དང། པྲ་ཊ་ལི་དང། གེ་རི་ཀརྞི་ཀ་དཀར་པོ་དང། ཤྲི
་ཤམ་མེ་ཏོག་དཀར་པོ་དང། འདི་རྣམས་བ་གཅིན་དང། དེའི་བཞི་ཆའི་མར་དང་ལྷན་ཅིག་བསྐོལ་ཏེ། དེ་ལས་བཏུང་བ་དང། བསྐུ་བྱུག་བྱས་ན་ཤ་ཟའི་གདོན་སེལ་ཏོ། །ཡང་ན་སྨན་དེ་ཉིད་རའི་གཅིན་དང་བཏགས་ཏེ་མིག་ཏུ་བསྐུ་བ་དང་སྣར་བླུགས
་པ་ཡང་ཕན་ནོ། །ལྷའི་གདོན་དང་དྲང་སྲོང་གི་གདོན་དང་སྔོན་གྱི་གཉེན་ཤི་བ་འདྲེར་གྱུར་བའི་གདོན་དང། དྲི་ཟའི་གདོན་དང་དེ་དག་ལ་ནི་སྣ་སྨན་རྣོ་བ་བཏང་བར་བྱ་སྟེ། འཇམ་པའི་བག་སྨན་མར་ལ་སོགས་པ་སྤྱད་པར་བྱའོ། །ཤ་ཟའི་གདོན་མ་གཏོགས་པའི
་གདོན་ཐམས་ཅད་ལ་མི་མཐུན་ཞིང་མི་འཕྲོད་པའི་ཟས་མི་སྦྱིན་ཏེ། གལ་ཏེ་མི་མཐུན་པ་བྱིན་པར་གྱུར་ན། གདོན་དེ་དག་ནི་མཐུ་སྟོབས་ཆེ་བ་ཡིན་པས་ཁྲོས་ཏེ་སྨན་པ་དང་ནད་པ་གཉིས་ཀ་གསོད་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཇིག་རྟེན
་མགོན་པོ་ཕྲག་བཅུ་གཉིས་པའི་གཟུང་སྔགས་བཟླས་ན། ནད་ཐམས་ཅད་གསོ་བར་བྱེད་ཅིང་གདོན་ཐམས་ཅད་ལས་ཀྱང་རྒྱལ་བར་བྱེད་དོ། །དེ་བཞིན་དུ་སྨྱོ་བྱེད་དང། བརྗེད་བྱེད་ལ་སོགས་པ་མདོར་ན་སེམས་འཁྲུགས་པའི་གདོན་ཐམས་ཅད་ཟློག་པར་བྱེད་པའི་མཆོག་ཡིན་ནོ། །གཞན
་ཡང་ནད་པ་དེས་ལུས་གཙང་སྦྲ་བྱས་ཏེ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་དུས་རྟག་ཏུ་མདུན་དུ་བཀླགས་ཏེ་ཉན་དུ་བཅུག་ན་ཡང་ཕན་ནོ། །གཞན་ཡང་གདོན་གྱི་མགོན་པོ་དཔལ་ལྡན་དབང་ཕྱུག་ཆེན་པོ་དང། དེའི་འཁོར་རྣམས་མཆོད་པའི་བྱ་བ་དང། དེ་བཞིན་དུ་གྲུབ་པའི་རིག་སྔགས
་བསྟན་བརྗོད་བྱས་ན་ཡང་གདོན་ཐམས་ཅད་སེལ་བར་བྱེད་དོ། །གཞན་ཡང་འོག་ནས་སྨྱོ་བྱེད་ཀྱི་ཆོ་ག་ཐམས་ཅད་འདིར་བྱས་ན་ཕན་ནོ། །འདིར་བརྗོད་པ་ཐམས་ཅད་ཀྱང་སྨྱོ་བྱེད་ལ་ཕན་ཏེ། གཅིག་ལ་གཅིག་ཕན་ཚུན་ཕན་པ་ཡིན་པས་ཅི་རིགས་པར་སྦྱར་ན་ཞི་བར་འགྱུར་རོ། །གདོན་ནད་གསོ
་བའི་ལེའུ་སྡེ་ལྔ་པ་རྫོགས་སོ།། །།དེ་ནས་སྨྱོ་བྱེད་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྨྱོ་བྱེད་ཀྱི་ནང་ནི་ནད་གཞི་གསུམ་རེ་རེ་ལས་གྱུར་པ་དང། སེམས་གདུངས་པ་ལས་གྱུར་པ་དང། དུག་ལས་གྱུར་པ་སྟེ་དྲུག་ཡོད་དོ། །དེ་ལ་སྨྱོ་བྱེད་ཅེས་བྱ་བ་ནི་ལུས་དང་སེམས་ཀྱི་རྒྱུན
་སྲད་ནད་གཞིས་ལོག་པར་བསྒྱུར་ཏེ། གནོད་པར་གྱུར་པ་ལ་སྨྱོ་བྱེད་ཅེས་བྱའོ། །དེ་ལ་སྨྱོ་བྱེད་ནི་བཟའ་བ་དང། གཏུང་བ་གནོད་པ་བརྟེན་པ་དང། བཟའ་བ་དང་བཏུང་བ་གཡོས་རྙིངས་པར་གྱུར་པའི་ཟས་དང། མི་འདོད་བཞིན་དུ་ཟོས་པ་དང། ཟས་སྐོམ་མི་གཙང་བ་ཟོས་པ་དང། ཁ་ཟས་མི་སྙོམས་པ་ཟོས
་པ་དང། ཁ་ཟས་ཀྱི་སྦྱོར་བ་ལོག་པར་བྱས་པ་དང། སེམས་གདུངས་པ་དང། སྙིང་སྟོབས་ཆུང་བ་དང། ནད་ཀྱི་ཤུགས་ཀྱི་དྲན་པ་ཉམས་པ་དང། གློ་ཅུང་ཟད་བྱེད་ཀྱི་ནད་ལ་མི་ཟད་པ་བསྟེན་པ་དང། མཆོད་བར་འོས་པའི་ལྷ་དང་བླ་མ་ལ་སོགས་པ་ལ་མཆོད་པ་མི་བྱེད་པ་དང། སྙིང་ན་བ་དང། སྙིང་མི་དྲན་པ་དང། དུག་དང
་དབྱིག་དུག་དང། ཉེས་པའི་དུག་ལ་བརྟེན་པས་སྨྱོ་བྱེད་ཀྱི་ནད་འབྱུང་བ་ཡིན་ནོ། །རྒྱུ་གོང་མ་དེ་དག་གི་སྐྱེས་བུ་སྙིང་སྟོབས་ཞན་པའི་སྙིང་གི་ནད་དུ་ནད་གཞི་རྣམས་ཀྱིས་གནོད་པར་བྱས་པས་བློ་དྲི་མ་དང་བཅས་པར་གྱུར་ཏེ། ཡིད་རྒྱུ་བའི་སྤུ་བུ་རྣམས་བཀག་ནས་དེའི་འོག་ཏུ་སྨྱོ་བྱེད་དུ་འགྱུར་ཏེ། དེས་བློ་དང་རྣམ་པར་ཤེས་པ་དྲན་པ
་རྣམས་འཁྲུགས་ཤིང་ལུས་ཀྱིས་བདེ་བ་དང་སྡུག་བསྔལ་བ་ཡང་མི་ཚོར་ཏེ་ཉམས་ལ་ཇི་ལྟར་ཤིང་རྟ་ཁ་ལོ་བསྒྱུར་བ་དང་བྲལ་བ་བཞིན་དུ། རྩོམ་བ་ཐམས་ཅད་ཀྱང་མ་བསམས་བཞིན་དུ་གཏང་མེད་པར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ཀྱི་མཚན་མ་ལ་ནི་ལུས
་ཤ་ཟད་དེ་རིང་པར་གྱུར་པ་དང། གཞི་མེད་པར་དུ་བ་དང། དམོད་པར་མོད་པ་དང། རྒོད་པ་དང་འཛུམ་པ་དང། གར་བྱེད་པ་དང། གླུ་ལེན་པ་དང། རོལ་མོ་བྱེད་པ་དང། ལུས་འགུལ་སྐྱོང་བྱེད་པ་དང། ཡན་ལག་གི་ཚིགས་ཉེད་ཅིང་ཚེག་སྒྲ་འདོན་པ་དང། གཞི་ཡོད་བཞིན་དུ་ཅིའང་མི་བྱེད
་པ་དང། གླིང་བུ་དང། པི་ཝང་དང། རྗེས་སུ་མཐུན་པའི་སྒྲ་ཡང་དང་ཡང་དུ་འདོན་པ་དང། ཁ་ནས་ལྦུ་བ་རྒྱུན་དུ་འཛག་པ་དང། ཁ་ནས་ཚིག་ཅལ་ཅོལ་མང་དུ་སྨྲ་བ་དང། ལུས་ལ་རྒྱན་མེད་བཞིན་དུ་རྒྱན་ཡོད་དོ་ཞེས་ཟེར་བ་དང། བཞོན་པ་མ་ཡིན་པ་ལ་ཞོན་པ་ཡིན་ནོ་ཞེས་ཟེར་ཞིང
་ཞོན་པར་རྩོལ་བ་དང། ཟས་མེད་པ་ལ་ཟས་འདོད་པ་སྐང་ཟེར་ལ། ཟས་རྙེད་ཅིང་མཐོང་ན་མི་འདོད་པ་དང། མིག་ཤིན་ཏུ་ཟླུམ་ཤིང་རྩ་དམར་བ་དང། ཁ་ཟས་ཞུ་བའི་འོག་ཏུ་ནད་ཆེར་ལྡང་བ་ཡིན་ནོ། །མཁྲིས་པས་བསྙོས་པའི་མཚན་མ་ནི་གཞན་ལ་སྡིགས་མཛུབ་བསྒྲང་བ་དང།
་ཁྲོ་ཞིང་རྔམ་པ་དང། ཁུ་ཚུར་དང་བོང་བས་གཞན་ལ་རྡེག་ཅིང་སྐྲོད་པ་དང། གྲང་བ་དང། གྲིབ་མ་དང། ཆུ་འདོད་པ་དང། གཅེར་བུར་འདུག་བ་དང། ལུས་ཀྱི་མདོག་སེར་བ་དང། མེ་མི་སྣང་བར་མེ་འབར་རོ་ཞེས་སྨྲ་བ་དང། ཉིན་པར་སྐར་མ་མཐོང་བ་དང། མར་མེ་མེད་པར་མར་མེ
་མཐོང་བ་རྣམས་ཡིན་ནོ། །བད་ཀན་ལས་སྤྱོ་བྱེད་དུ་གྱུར་པའི་རྟགས་ནི་ཁ་ཟས་ཡི་གར་མི་འོང་བ་དང། སློན་དང་ཁ་ཟས་ཉུང་ངུ་ཟ་ཞིང་སྨྲ་བ་ཉུང་བ་དང། བུད་མེད་ཤས་ཆེར་འདོད་པ་དང། གཅིག་པུ་དབེན་བ་ལ་དགའ་བ་དང། ཁ་ཆུ་དང་སྣ་དང་འཛག་པ་དང། འཇིགས་སྐྱེན་པ
་དང། གཙང་བ་ལ་མི་དགའ་བ་དང། གཉིད་ཆེ་བ་དང། གདོང་སྐྲང་བ་དང། ནད་དེ་ཡང་ནུབ་མོ་ཆེར་ལྡང་ཞིང་ཟས་ཟོས་མ་ཐག་ཤས་ཆེར་ལྡང་བ་རྣམས་ཡིན་ནོ། །མཚན་མ་ཐམས་ཅད་དང་ལྡན་ན་ནི་འདུས་པ་ལས་གྱུར་པའི་སྨྱོ་བྱེད་ཀྱི་རྟགས་སུ་ལྟ་སྟེ། དེ་ནི་མི་ཟད་པ་ཡིན་པས་སྨན
་པས་ཡོངས་སུ་སྤང་བར་བྱའོ། །སེམས་གདུངས་པ་ལས་སྨྱོ་བྱེད་དུ་གྱུར་བའི་མཚན་མ་ནི། ནོར་དང་སྙིང་དུ་སྡུག་པ་ལ་སོགས་པ་བྲལ་བར་དཀའ་བ་དང་བྲལ་ཏེ། དེའི་སྡུག་བསྔལ་ཟིལ་གྱིས་མནན་ནས་ལུས་ཀྱི་དཔལ་སྐྱ་ཞིང་བཞིན་ཤིན་ཏུ་ཞན་པས་དུ་ཞིང་ཀྱི་ཧུད་ཅེས་སྨྲེ་སྔགས
་འདོན་ཅིང་ཡང་དང་ཡང་དྲན་པ་སྟོར་བར་གྱུར་པ་དང། གློ་བུར་དུ་བརྒྱལ་བར་གྱུར་ཏེ། ནོར་དང་སྙིང་དུ་སྡུག་བ་ལ་སོགས་པའི་ཡོན་ཏན་བརྗོད་ཅིང་མྱ་ངན་གྱིས་སེམས་ཉོན་མོངས་ཏེ། དེ་ལ་རྩེ་གཅིག་ཏུ་སེམས་པ་དང། མཚན་ཐོག་ཐག་ཏུ་མི་ཉལ་བར་སེམས་སྣ་ཚོགས་སུ
་སེམས་བ་ཡིན་ནོ། །དུག་འཐུངས་པ་ལས་སྨྱོ་བྱེད་དུ་གྱུར་བའི་རྟགས་ནི་གདོང་སྔོ་སྐྱར་འདུག་པ་དང། གཟི་མདངས་ཉམས་པ་དང། མིག་ལ་སོགས་པ་དབང་པོའི་སྟོབས་ཉམས་པ་དང། དུག་གི་མཐུས་འཇུ་བའི་དུས་ན་ཡང་དྲན་པ་ཉམས་ཤིང་མིག་དམར་བར་གྱུར་པ་ལ་ནི
་གསོ་བའི་ཆོ་ག་མེད་དེ་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ཀྱི་ནང་ལ་ནི་ཐོག་མར་སྨན་མར་སྦྱར་ཏེ་བཏུང་བར་བྱའོ། །རླུང་དང་གཞན་འདྲེས་པ་ཡིན་ན་ནི། བཀྲུ་སྨན་དང་སློན་སྨན་འཇམ་པོས་སྣུམ་དང་བཅས་པར་བཏང་ངོ། །བད་ཀན་དང་མཁྲིས་པ་ལས་གྱུར་པའི
་སྨྱོ་བྱེད་ལ་ནི་དང་པོ་སྣུམ་དང་དུགས་བྱ་སྟེ། དེའི་འོག་ཏུ་སློན་དང་ཁྲུས་བྱ། དེ་ནས་དུགས་བྱས་ནས་མས་བཏང་བ་དང་མགོ་ཁྲུས་ཀྱང་བྱའོ། །དེ་ལྟར་སློན་ཁྲུས་ལ་སོགས་པས་ལུས་དག་པར་བྱས་ན་དྲན་པ་རྙེད་པར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་མིག་སྨན་དང། སྣ་སྨན་རྣོན་པོ
་ཡང་སྦྱར་ལ་བཏང་ངོ། །དེ་བཞིན་དུ་སེམས་དགའ་བ་སྐྱེད་པ་དང། དབུགས་དབྱུང་བ་དང། སྡངས་སུ་གཞུག་པ་དང། འཇིགས་པར་བྱ་བ་དང། རྡེག་པ་དང། བསྡིགས་པར་བྱ་བ་དང། དེ་བཞིན་དུ་བསྐུ་བྱུག་དང་དྲིལ་བ་དང། དུ་བ་རྡུབ་པ་དང། སྨན་མར་བཏུང་བ་ལ་སོགས་པ་སློན་ཁྲུས
་ཀྱིས་ལུས་དག་པའི་འོག་ཏུ་སེམས་ཐ་མལ་པ་ལ་དེ་དག་སྦྱར་བར་བྱའོ། །ཤིང་ཁུན་དང། ཁ་རུ་ཚ་དང། ཚ་བ་གསུམ་དང་དེ་རྣམས་སྲང་གཉིས་གཉིས་བཏགས་པའི་ཕྱེ་མ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། དེའི་བཞི་འགྱུར་གྱི་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ། མར་ལུས
་པ་དེ་ལ་རན་པར་བསྟེན་ན། སྨྱོ་བྱེད་དང། གདོན་དང། འབྱུང་པོ་དང། བརྗེད་བྱེད་རྣམས་སེལ་བའི་མཆོག་ཡིན་ནོ། །བྲཧམི་རང་གི་ཁུ་བ་སྲང་དྲུག་ཅུ་རྩ་བཞི་དང། མར་སྲང་སུམ་ཅུ་རྩ་གཉིས་དང། ཚ་བ་གསུམ་དང། ཤ་མ་དུརྦིད་དང། བིམྦི་ཏ་དང། ཤང
་ལ་པུཥཔ་དང། དོང་ག་དང། སཔཏ་ལ་དང་ཁི་དང་ག་དང། འདི་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ནི་བྲཧམིའི་མར་ཞེས་བྱ་སྟེ། དེ་ལ་ཞག་རེ་སྲང་རེས་བསྐྱེད་དེ་སྲང་བཞིར་ཕྱིན་གྱི་བར་དུ་ཟོས་ན་སྨྱོ་བྱེད་དེ་འཕྲོག་པར་བྱེད་དེ།
་བུད་མེད་བུ་མེད་པ་ལ་བུ་སྟེར་བར་བྱེད་ཅིང་སྐད་སྙན་པ་དང། ཚིག་གསལ་བ་དང། དྲན་པ་དང་ཡིད་གཞུངས་པར་བྱེད་ཅིང་དཔལ་སྐྱེད་པར་བྱེད་དོ། །འབྲས་བུ་གསུམ་དང། བི་ཤ་ལ་དང། ཧ་རེ་ནུ་ཀ་དང། ཐང་ཤིང་དང། ཨེ་ལ་བ་ལུ་ཀ་དང། ཐལ་ཏྲེས་རྣམ་གཉིས་དང།
་སེར་པོ་རྣམ་གཉིས་དང། སྠི་ར་རྣམ་གཉིས་དང། པྲི་ཡང་ཀུ་དང། རྒྱ་སྤོས་དང། བྲི་ཧ་ཏཱི་དང། རུ་རྟ་དང། བཙོད་དང། དོང་ག་དང། ནཱ་ག་སེ་སར་དང། སེའུ་འབྲུ་དང། བི་དང་ག་དང། བལ་བུའི་ལོ་མ་དང། སྣ་མའི་མེ་ཏོག་ཁ་མ་ཕྱེ་བ་དང། ཨུཏཔ་ལ་དང། དནྟི་དང། ཤུག་པ་དང།
་ཙན་དན་དཀར་པོ་དང། འདི་རྣམས་ཞོ་གཉིས་དང་བཏགས་ཏེ། མར་སྲང་སུམ་ཅུ་རྩ་གཉིས་དང་ཚུལ་བཞིན་བསྐོལ་བ་ནི་དགེ་བའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གདོན་གྱིས་ཟིན་པ་དང། སྨྱོ་བྱེད་དང། ལུད་པ་ལུ་བ་དང། བརྗེད་བྱེད་དང། སྡིག་པ
་རྣམས་འཇོམས་བར་བྱེད་དེ་དེ་བཞིན་དུ་སྐྱ་རྦབ་དང། གཡན་པ་དང། དུག་དང་སྐེམ་བྱེད་དང། རྨོང་བག་དང། གཅིན་ནད་དང། རིམས་ནད་དང་དབྱིག་དུག་དང། ཁུ་ཆུ་ཟད་པའི་ནད་དང། དྲན་པ་སྟོར་བ་དང། ཡིད་གཞུངས་པ་དང། སྐྱུགས་པ་དང། དྲན་པ་མྱུར་བར་འདོད
་པ་དང། མེ་དྲོད་ཆུང་བ་རྣམས་ལ་ཕན་ཏེ། གཞན་ཡང་སྟོབས་བསྐྱེད་པ་དང། བཀྲ་ཤིས་པ་དང། ཚེ་རིང་བ་དང། ལུས་མཛེས་མདངས་དང་ལྡན་པ་དང། སྐལ་བ་དང་ལྡན་པ་དང། ལུས་རྟས་པར་བྱེད་པ་དང། བུ་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་གོང་མའི་སྨན
་ལས་?་བ་ལུ་ག་ཡན་ཆད་བདུན་མ་གཏོགས་པ་ཐལ་ཏྲེས་རྣམ་གཉིས་ལ་སོགས་པ་སྨན་སྣ་ཉི་ཤུ་རྩ་གཅིག་རེ་རེ་ཡང་སྲང་ཕྱེད་དང་གཉིས་གཉིས་ཆམ་ཆོམ་བརྡུངས་ལ་སྲང་བརྒྱད་ལ་ཕུལ་གང་དུ་བརྩིས་པའི་ཆུ་ཕུལ་དྲུག་ཅུ་རྩ་བཞི་དང་བསྐོལ་ཏེ། བཞི་ཆ་ལུས
་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང། བ་བེའུ་མང་དུ་སྐྱེས་པའི་འོ་མ་མར་གྱི་བཞི་འགྱུར་དང། མེ་དྷ་རྣམ་གཉིས་དང། རམ་ཉེ་བ་དང། བུ་ཚང་རྡོ་དང། ཁ་སྲལ་ཕྲེའུ་དང། བུ་རམ་ཤིང་དང། མུངྒ་པརྞི་དང། འདི་རྣམས་ཀྱི་ཕྱེ་མས་བཏབ་སྟེ་ཡང་བསྐོལ་ལ་མར་ལུས་པ
་ན་དགེ་བ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། གོང་མའི་ཕན་ཡོན་བས་ལྷག་སྟེ་ལུས་ཉམ་རྟ་བར་བྱེད་ཅིང་ནད་གཞི་སེལ་བའི་མཆོག་ཡིན་ནོ། །སྤང་སྤོས་རྣམ་གཉིས་དང། ཆུ་རྩ་དང། ཁ་སྲལ་ཕྲེའུ་དང། ཤུ་དག་དང། ཁྱི་ལྕེ་བ་དག་དང། རམ་ཉེ་བ་དང། ཙ་རོང་དང། པུ་ཙེ་ཤེལ་དང།
་སྤོ་ཏྲེས་དང། བར་ཏེ་དང། ཚཏྟར་དང། ཨ་ཏི་ཚཏྟར་དང། པ་ལམ་ཀ་ཤ་དང། མ་ཧཱ་པུ་རུ་ཤན་དན་ཏ་དང། སྐྱུ་རུ་ར་དང། ན་ཀུ་ལཱི་རྣམ་གཉིས་དང། ཀ་ཏྲ་བྷ་ར་དང། བྷི་ཤཙི་ཀ་ལི་དང། ས་ལ་པརྞི་དང། འདི་རྣམས་ཆ་བསྙམས་ཏེ་མར་དང་ཚུལ་བཞིན་བསྐོལ་བ་ནི་ཤ་ཆེན་པོའི་མར་ཞེས་བྱ་སྟེ
་དེ་ལས་རན་པར་འཐུངས་ན། ཉིན་བཞི་པའི་རིམས་དང། སྨྱོ་བྱེད་ཀྱི་གདོན་དང། བརྗེད་བྱེད་ཀྱི་གདོན་འཇོམས་ཏེ་བློ་གསལ་བ་དང་དྲན་པ་དང་ཡིད་གཞུངས་པ་དང། བྱིས་པ་རྣམས་ཀྱི་ལུས་རྟ་ཞིང་འཕེལ་བར་བྱེད་པ་ནི་བདུད་རྩི་དང་འདྲའོ། །པྲ་ཧམི་དང། ཨིནྟྲ་བཱ་རུ་ནི་དང། བི
་དང་ཀ་དང། ཚ་བ་གསུམ་དང། ཤིང་ཀུན་དང། སྤང་སྤོས་དང། མུརྦ་དང། ར་སྣ་དང། བོང་དཀར་པོ་དང། སྒོག་སྐྱ་དང། བི་ཤ་དང། བྱིའུ་རུག་དང། ཤུ་དག་དང། ཁྲེ་དང། ནཱ་ག་དནྡྲ་དང། བྱི་ཆར་བ་དང། ཨ་རུ་ར་དང། བེག་ཕན་དང་འདི་རྣམས་གླང་པོ་ཆེའི་གཅིན་དང་བཏགས
་ཏེ། ཆང་བུར་བྱས་ནས་གྲིབ་མ་ལ་བསྐམས་ཏེ། དེ་ནར་སྣར་བླུགས་པ་དང། མིག་ཏུ་བསྐུ་བ་དང། ལུས་ལ་བྱུག་པ་དང། དུད་པས་བདུག་པ་བྱས་ན་སྨྱོ་བྱེད་སེལ་བར་བྱེད་དོ། །སྣར་རྡུབས་པའི་སྨན་སྣ་ཚོགས་ཡུངས་ཀར་གྱི་མར་དང་སྦྱར་བར་སྣར་བླུགས་པར་བྱའོ། །ཡུངས
་ཀར་གྱི་མར་གྱིས་ལུས་བསྐུ་བྱུག་བྱས་ལ། ཡུངས་ཀར་དེ་ཉིད་ཀྱི་ཕྱེ་མ་སྣུར་བླུད་དོ། །ཡང་ན་མདོའི་གནས་སུ་བསྟན་པའི་དུད་པའི་སྨན་རྣོན་པོ་ཤིང་ཀུན་དང་སྦྱར་བའི་དུད་པས་བདུགས་ན་ཕན་ནོ། །ཝ་དང་ཤ་ལྱ་ཀ་དང། འུག་པ་དང། ཛ་དུ་ཀ་དང། བྱི་བ་དང།
་ར་ཐུག་དང། འདི་རྣམས་ཀྱི་གཅིན་དང། རྟུག་པ་དང། སྦུ་དང། པགས་པ་དང། མཁྲིས་པ་དང། སེན་མོ་དང་འདི་རྣམས་ཀྱི་དུད་པས་སྣ་དང་ལུས་པ་བྱུག་པ་དང། མིག་བསྐུ་བ་དང་ལུས་བསྐུ་བ་དང། བླུགས་པ་ལ་སོགས་པ་སྨྱོ་བྱེད་ཅན་ལ་སྤྱད་དོ། །རླུང་དང་བད་ཀན་གྱི་ཤས་ཆེ་བའི་སྨྱོ་བྱེད་ལ་ནི་ཁྱི
་དང། བ་ལང་དང་ཉ་རྣམས་ཀྱི་ཤ་རུལ་གྱི་དུད་པས་རྟག་ཏུ་བདུག་གོ། མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི། ཏིཀྟའི་མར་དང། སྨན་འཚོ་བྱེད་ཀྱི་མར་དང། སྣུམ་སྣ་གཉིས་དང། དེ་བཞིན་དུ་བཟའ་བཏུང་ཡང་བསིལ་བ་དང། མངར་བ་དང། ཡང་བ་རྣམས་བསྔགས་སོ། །གཞན་ཡང
་གཏད་ཀ་གདབ་པའི་ཆོ་ག་བཞིན་དུ་བྱས་ཏེ། བྲང་དང། མིག་འགྲམ་དང། དཔྲལ་བའི་དབྱེས་ལས་ཁྲག་གཏར་བ་དང། ཡང་ན་ཤ་གཙང་མ་ཚིམ་ཚད་དུ་བཟའ་བ་དང། རླུང་མེད་པའི་ཕྱོགས་སུ་མལ་བཅས་ཏེ་བཞག་པ་ཡང་སེམས་རྨོངས་པའི་ནད་ལས་གྲོལ་བར་བྱེད་དོ། །ཡང་སྨྱོ
་བྱེད་ཀྱི་ནད་ཀྱིས་ཟིན་པའི་ནད་པ་དེ་ཆུའི་ནང་དུ་བསྐྱུར་བ་འམ། ཁྲོན་པའི་ནང་དུ་བཅུག་པ་དང་ཡང་ན་ལྟོག་ལྟོགས་སུ་ལུས་འབྲི་བར་བྱའོ། །ཡང་ན་གྲོགས་པོ་སྙིང་དུ་སྡུག་བས་ཚེས་དང་དོན་དང་ལྡན་པའི་གཏམ་གྱིས་དབུགས་དབྱུང་ཞིང་དྲུང་དུ་བསྡད་དེ་སེམས་དགའ་བར་བྱའོ།།
་ཡང་ན་ཉེ་བ་སྡུག་པ་ཤི་བ་འམ། རྨད་དུ་བྱུང་བའི་གཏམ་རྣམས་བརྗོད་བར་བྱའོ། །ཡང་ན་རྐང་ལག་བཅིངས་ལ་ཡུངས་ཀར་གྱིས་བྱུགས་ཏེ་གན་རྐྱལ་དུ་ཉི་མ་དྲེན་པོ་ལ་གཞག་པ་བྱའོ། །ཡང་ན་ཁ་སྲལ་ཕྲེའུ་བཏགས་པའི་ལྡེ་གུས་བསྐུས་པའམ། ཡང་ན་ལྕགས
་བསྲེགས་པ་འམ། ཆུ་བསྐོལ་བ་འམ། ཏིལ་མར་གང་ཡང་རུང་པས་ལུས་བསྲེག་གོ། ཡང་ན་ལྕག་གིས་བཞུ་བ་འམ། ཡང་ན་ཐག་པས་བཏགས་ཏེ་གཡང་སར་བསྐྱུར་བ་འམ། ཡང་ན་མཚོན་དང་རྡོ་དང་མི་མེད་པའི་ཁང་པ་སྟོང་པར་གཅིག་པུ་བཞག་པར་བྱའོ། །ཡང་ན
་སྤྲུལ་ཆེན་པོ་སྔོན་མེད་པ་བསྟན་ལ་འཇིགས་སུ་གཞུག་གོ། དེ་བཞིན་དུ་གླང་དང་སེང་གེ་དང། གླང་པོ་ཆེ་ལ་སོགས་པ་གང་ཡང་རུང་བས་འཇིགས་སུ་གཞུག་གོ། ཡང་ན་རྒྱལ་པོའི་སྐྱེས་བུ་ལེགས་པར་བཅིངས་ནས་རྒྱབ་ཏུ་ཕྱུང་ལ་བསད་པར་ཁྱེར་བ་ཡིན་ནོ། །ཞེས་སྨྲས་ནས་སྡིགས
་མཛུབ་ལ་སོགས་པས་བསྡིགས་ཏེ་འཇིགས་སུ་གཞུག་གོ་།གང་གི་སྦྱོར་བ་དེ་དག་བྱས་ན་ལུས་ཀྱི་སྡུག་བསྔལ་དང་སྲོག་གི་འཇིགས་པས་དྲན་པ་རྙེད་བར་འགྱུར་རོ། །ཞེས་སྔོན་གྱི་སློབ་དཔོན་དག་བཞེད་དོ། །འོན་ཀྱང་སྦྱོར་བ་དེ་དག་ཐམས་ཅད་བྱས་ན་སྨྱོ་བྱེད་ཀྱི་ནང་ཐམས་ཅད
་ལས་རྒྱལ་བར་བྱེད་དོ། །གསོ་བ་གྲུབ་པ་དེ་དག་ཀྱང་ཡུལ་དང་དུས་ལ་སོགས་པ་ལ་བརྟག་ལེགས་པར་སྦྱར་བར་བཤད་པར་བྱའོ། །གང་ཞིག་གཉེན་སྡུག་པ་དང་ནོར་བཟང་པོ་དང་བྲལ་ཏེ་དྲན་པ་སྟོར་བར་གྱུར་པ་ལ་ནི་ནོར་དང་གཉེན་སྡུག་པ་ལ་སོགས་པ་དེ་ཉིད་ཡོད་དོ
་ཞེས་བརྗོད་ཅིང་དབུགས་དབྱུང་ངོ། །འདོད་པ་དང། མྱ་ངན་དང། འཇིགས་པ་དང། ཁྲོ་བ་དང། དགའ་བ་དང། ཕྲག་དོག་དང། ཆགས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དེ་གཉིས་གཅིག་ལ་གཅིག་ཕན་ཚུན་གཉེན་པོར་བྱས་ཏེ་ཞི་བྱེད་བྱའོ། །སྨྱོ་བྱེད་ཀྱི་ནད་དེ་ཡང་གདོན་དང
་འབྲེལ་པ་ཡིན་ཏེ། གདོན་དང་སྨྱོ་བྱེད་གང་གི་ཤས་ཆེ་བའི་མཚན་མ་དང། རང་བཞིན་བརྟགས་ཏེ། དེའི་འོག་ཏུ་གདོན་ནད་དང་སྨྱོ་བྱེད་ཀྱི་སྨན་ཅི་རིགས་པར་སྦྱར་རོ། །གལ་ཏེ་གདོན་དང་འབྲེལ་པ་ཡིན་ན་ནི་གཏོར་མ་སྦྱིན་པར་བྱ་སྟེ། ཏིལ་གྱི་ཕྱེ་མ་དང། ནས་ཀྱི
་ཕྱེའི་ཟན་དང། ཆང་བུ་དང། ཟས་སྣུམ་ཞིང་མངར་བ་དང། འབྲས་ཆན་གྱིས་བསྒོས་པ་དང། ཤ་རྗེན་པ་དང། བཙོས་པ་དང། འབྲུའི་ཆང་དང། སྦྱར་བའི་ཆང་དང། ཨས་པའི་ཆང་དང། མེ་ཏོག་ཨ་ཏི་མུག་ཏ་དང། སྲི་ཤིང་གི་མེ་ཏོག་དང། ས་ཧ་ཙ་རའི་མེ་ཏོག་དང
་བཅས་པའི་གཏོར་མ་བ་ལང་གི་སྟེགས་དང་ཆུ་ཀླུང་དང་ཟན་དོགས་ལས་བཏང་བར་བྱའོ། །སྐྱེས་བུ་གང་ཤ་དང་ཆང་སྤངས་པ་དང། སྡོམ་པ་ལ་གནས་པ་དང། ལུས་དག་ཡིད་གསུམ་གཙང་ཞིང་དག་པ་དང། སྙིང་སྟོབས་དང་ལྡན་ཞིང་བློ་ཅན་ལ་ནི་ལྷན་ཅིག
་སྐྱེས་པ་དང། བློ་བུར་ལས་བྱུང་བའི་སྨྱོ་བྱེད་རྣམས་ཀྱིས་ནམ་ཡང་ཚུགས་པར་མི་འགྱུར་རོ། །དབང་པོ་རྣམས་ཀྱི་ཡུལ་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་ཅིང་དེ་བཞིན་དུ་ལུས་དང་སེམས་ཀྱང་དང་ལ་ལུས་ཟུངས་རྣམས་རང་བཞིན་དུ་གནས་པར་གྱུར་ན་སྨྱོ
་བྱེད་དང་བྲལ་བའི་མཚན་མ་ཡིན་ནོ། །སྨྱོ་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་དྲུག་པ་རྫོགས་སོ། །དེ་ནས་བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བརྗེད་བྱེད་ཅེས་བྱ་བ་ནི་དྲན་པ་ཉམས་པའི་བདག་ཉིད་ཡིན་ཏེ། དེས་བློ་དང་སེམས་ཡོངས་སུ་འཁྲུག
་པ་ཡིན་ལ། དེ་ཡང་སེམས་ལས་དྲགས་པ་དང། མྱ་ངན་དང་འཇིགས་པ་ལ་སོགས་པ་ལས་འབྱུང་བ་ཡིན་ནོ། །ནད་གཞི་རྣམས་ནི་སྨྱོ་བྱེད་དང་འདྲ་སྟེ། ཉེས་པ་འཁྲུགས་ནས་ལུས་དང་སེམས་ལ་ཞུགས་ཏེ། སྙིང་ལ་གཡོགས་པ་སེམས་ཀྱི་བདག་ཉིད་ཉམས་པར་བྱས་ཏེ་འདུ་ཤེས་རྒྱུན་རྣམ
་བཀག་བས་མུན་པར་ཞུགས་པ་སྙམ་བྱེད་ཅིང་བློ་རྨོངས་པར་འགྱུར་ཏེ། ལས་ཀྱི་བྱ་བ་ཅི་བྱེད་ཀྱང་སྨད་ཅིང་འཇིགས་སུ་རུང་བའི་ལས་བྱེད་ཅིང་སོ་འཁྲིགས་པ་དང། ཁ་ནས་དབུ་བ་འབྱུང་ལག་པ་དང་རྐང་པ་འགུལ་ཞིང་བསྐྱོད་པ་དང། གཟུགས་མེད་པ་མཐོང་ཞིང་ཡོད་པ་མི་མཐོང་བ་དང། འདར་ཞིང་ས
་ལ་དགྱེལ་བ་དང། མིག་དང་སྨིན་མ་ཡོ་བར་གྱུར་བ་དང། ནད་སྟོབས་དང་བྲལ་ནས་བཟོད་ཟད་པ་ཡིན་ནོ། །ཏེ་ཡང་བརྗེད་བྱེད་དེ་ཡུན་རིང་དུ་ལོན་པ་ནི་འགྱུར་བ་དེ་དག་ཚ་བས་ཚ་བ་ཡིན་ནོ། །དེ་ལྟར་གྱུར་པའི་བརྗེད་བྱད་དེ་ཡང་རླུང་དང། མཁྲིས་པ་དང། བད་ཀན་དང། འདུས་པ་དང། བཞིའོ། །དེ
་ལ་བརྗེད་བྱེད་ཀྱི་ཐོག་མར་ཟིན་པའི་ཚུལ་ནི་སྙིང་འདར་ཞིང་སྟོད་པ་སྙམ་བྱེད་པ་དང། མགོ་འཁོར་བ་དང་མུན་ཐིབས་ཞེས་བྱེད་ཅིང་མུན་པར་མཐོང་བ་དང། མི་གཟམ་ཟིམ་དུ་འདུག་པ་དང། རྫི་མ་འཁྲུགས་པ་དང། མིག་གྱུར་བ་དང། སྒྲ་མི་གྲག་བཞིན་དུ་ཐོས་པ་དང། རྡུལ་འབྱུང་བ་དང། ཁ་ཆུ་དང
་སྣབས་འཛག་པ་དང། ཁ་ཟས་མི་འཇུ་ཞིང་ཡི་གར་མི་འོང་བ་དང། ཁོང་པ་འཁྲུག་ཅིང་ཁྲུ་ལུ་ལུ་ཟེར་བ་དང། ཉམ་བཙག་ཟད་པ་དང། གཉིད་མེད་པ་དང། ཡན་ལག་བརྡུང་བརྡུང་བ་སྙམ་བྱེད་པ་དང། སྐོམ་དང་ཆེ་བ་དང། དེ་རྨི་ལམ་ཡང་གླུ་ལེན་པ་དང། གར་བྱེད་པ་དང། ཏིལ་མར་དང། ཆང
་འཐུང་བ་དང། ཏིལ་མར་དང་ཆང་གི་གཅིན་འབྱུང་བར་རྨི་བ་རྣམས་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ནི་བརླ་གཉིས་འགུལ་བ་དང། ཡང་དང་ཡང་ས་ལ་འགྱེལ་བ་དང། ཡང་དང་ཡང་དྲན་པ་སྟོར་ཞིང་རྙེད་པ་དང། ཚིག་མི་གསལ་བ་སྨྲ་བ་དང། མིག་ཟླུམ་ལ་ཕྱིར་འབུར་བ་དང
་རྣམ?་པ་དྲག་ཏུ་འདོན་ཅིང་དབུགས་མི་བདེ་བ་དང། ཁ་ནས་དབུ་བ་འབྱུང་བ་དང། དབུ་འགུལ་ཞིང་འདར་བ་དང། སེལ་ཁྲིག་པ་དང། གྲེ་བ་རླུང་གིས་གང་བ་དང། ཡན་ལག་ཕན་ཚུན་སྡེབས་པ་དང། ཁུ་ཆུར་བསྡམས་ན་མཐེའུ་ཆུང་ནས་གཟུང་སྟེ། སོར་མོ་རྣམས་རིམ་གྱིས་རྐྱོང་བ་དང། ལུས
་བཅུ་??་། མིག་དང། པགས་པ་དང། སེན་མོ་རྣམས་རྩ་གནག་ཅིང་དངོས་པོ་རྣམས་ནག་པོར་མཐོང་བ་དང། རང་བཞིན་གྱིས་མི་བརྟན་པ་དང། ལུས་རྩུབ་བ་དུང་དུང་པོར་འདུག་ཅིང་གཡོ་བ་དང། མདོག་མི་སྡུག་པ་དང། བཞིན་འགྱུར་བ་རྣམས་ཡིན་ནོ། །མཁྲིས་པ་ལས
་གྱུར་བའི་བརྗེད་བྱེད་ཀྱི་རྟགས་ནི་དྲན་པ་ཡང་དང་ཡང་ཉམས་ཤིང་ཡང་དང་ཡང་འདུས་ཤིང་རྙེད་པ་དང། མིག་དང་གདོད་དང། པགས་པའི་མདོག་སེར་ཞིང་དབུབ་སེར་པོར་འགྱུར་བ་དང། ས་ལ་རྐང་ལག་གིས་རྡེབས་པ་དང། མིག་ལམ་དུ་འཇིགས་སུ་རུང་བ་དང། འཚེར
་བ་དང། ཁྲོ་བོའི་གཟུགས་མཐོང་ཞིང་སྐམ་དང་དང་བཅས་པ་ཡིན་ནོ། །བད་ཀན་ལས་བརྗེད་བྱེད་དུ་གྱུར་པའི་མཚན་མ་ནི་ཡུན་རིང་པོར་ན་དྲན་པ་སྟོར་ཞིང་དྲན་པ་རྙེད་པ་ཡང་བུལ་བ་དང། །བཟས་ཉུང་དུ་ཟ་ཞིང་བྱེད་སྤྱོད་ཉུང་བ་དང། ཁ་ཆུ་ཡང་དང་ཡང་འབྱུང་བ་དང། མིག
་དང། སེན་མོ་དང། བའི་ནད་དཀར་བ་དང། གཟུགས་རྣམས་དཀར་པོར་མཐོང་བ་ཡིན་ནོ་འདུས་བ་ལས་གྱུར་བའི་བརྗེད་བྱེད་ཀྱི་མཚན་མ་ཐམས་ཅད་དང་ལྡན་པ་ནི་སྤང་བར་བྱའོ། །དེ་ལ་གློ་དང་སྙིང་དང་དྲན་པའི་སྤུ་བུ་རྣམས་དྲི་མས་འགགས་པའི་བརྗེད་བྱེད་ལ་ནི་ཐོག
་མར་དེ་དག་པར་བྱ་བའི་ཕྱིར་སྨན་རྣོན་པོ་དང་བཅས་པའི་སློན་ལ་སོགས་པའི་ལུམས་བྱའོ། །རླུང་ལས་གྱུར་པའི་བརྗེད་བྱེད་ལ་ནི་ཕལ་ཆེར་སྨན་མས་བཏད་པ་རྣམས་བྱའོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཕལ་ཆེར་བཀྲུ་སྨན་སྦྱར་རོ། །དེ་ལྟར་གོང་འོག་ཏུ་སློན་ཁྲུས་ཀྱིས
་ལུས་དག་པར་བྱས་ནས་སྤྲོ་བ་སྐྱེད་དོ། །དེའི་འོག་ཏུ་བརྗེད་བྱེད་ཀྱི་སྨན་བཤད་པར་བྱ་སྟེ་བའི་ལྕི་བའི་ཁུ་བ་དང། འོ་མ་དང། ཞོ་དང། གཅིན་དང། མར་དང། དེ་རྣམས་ཆ་བསྙམས་ཏེ་བསྐོལ་བའི་མར་ནི་བའི་རྣམ་ལྔའི་མར་ཞེས་བྱ་སྟེ་དེ་ལས་རན་པར་འཐུངས
་ན། བརྗེད་བྱེད་དང། རིམས་དང། སྨྱོ་བྱེད་དང། མིག་སེར་རྣམས་?་ཏོ། །རྩ་བ་རྣམ་པ་ལྔ་བ་གཉིས་དང། འབྲས་བུ་གསུམ་གཅིག་དང། སེར་པོ་རྣམ་གཉིས་དང། དུག་མོ་ཡུངས་ཀྱི་ཤུན་ལྤགས་དང། ལོ་མ་བདུན་པ་དང། ཨ་པ་མརྒ་དང། ན་ལི་ནི་དང། པུ་ཙེ་ཤེལ་དང། དོང་ག་དང། མ་ནུ
་དང། ཤིང་ཕལ་གུལ་རྩ་བ་དང། བྱི་ཚེར་བ་དང། སྨན་དེ་རྣམས་ཆུ་སྲང་གཉིས་གཉིས་ཆུ་སྲང་བརྒྱད་ལ་ཆུ་ཕུལ་གང་དུ་བརྩིས་པའི་ཆུ་ཕུལ་དྲུག་ཅུ་རྩ་བཞི་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་ག་བྲའི་རྩ་བ་དང། པཱ་ཐ་དང། ཨ་ཏ་ཀ་ཞེས་བྱ་བ་ཏུ་བ་རི་དང། དནྟི་དང། དུརྦིད
་དང། ཚ་བ་གསུམ་དང། རོ་ཧ་ཤ་དང། བྷུ་ཏི་ཀ་དང། མུརྦ་དང། ཙི?་སྐྲིགས་དང། ཧ་ཏི་པི་པི་ལིང་དང། ཐལ་ཏྲེས་རྣམ་གཉིས་དང། མ་ནུ་ཡནྟི་ཞེས་བྱ་བ་སེན་རྩི་དང། རྩི་ཏྲ་ཀ་དང། འདི་རྣམས་ཞོ་གཉིས་གཉིས་དང། མར་སྲང་སུམ་ཅུ་རྩ་གཉིས་དང། བའི་རྣམ་ལྔ་རེ་རེ་ཡང་དེ་དང
་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ནི་བའི་རྣམ་ལྔ་ཆེན་པོའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་བརྗེད་བྱེད་དང་རིམས་དང། དམུ་རྫིང་དང། མཚན་བར་རྡོལ་བ་འཕྲོག་པའི་མཆོག་ཡིན་ཏེ། སྐྲན་ནད་དང། གཞང་འབྲུམ་དང། མིག་སེར་དང། སྐྱ་རྦབ་དང། སྐྲན་དང།
་ལུད་པ་དང། གདོན་རྣམས་འཇོམས་པར་བྱེད་དོ། །ཤུ་དག་དང། རུ་རྟ་དང། ཤཾ་ཁ་པུཥཔ་དང། མར་རྙིང་པ་དང། མར་གྱི་བཞི་འགྱུར་གྱི་སྨན་པྲཧམིའི་དང་གི་ཁུ་བ་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན། ཡིད་གཞུངས་ཤིང་སྨྱོ་བྱེད་དང། བཀྲ་མི་ཤེས་པ་རྣམས
་དང། བརྗེད་བྱེད་དང། སྡིག་པ་རྣམས་ལས་རྒྱལ་བར་བྱེད་དོ། །ཡང་ན་འཚོ་བྱེད་སྡེ་བཅུ་སྲང་རེ་རེ་བཏགས་པའི་ཕྱེ་མ་དང། ཏིལ་མར་དང། མར་སྲང་སུམ་ཅུ་སུམ་ཅུ་དང། འོ་མ་ཕུལ་དྲུག་ཅུ་རྩ་བཞི་དང་འདི་རྣམས་ཆུ་དང་ཚུལ་བཞིན་བསྐོལ་དེ་མར་ལུས་པ་དང། རན་པར་འཐུངས
་ན། བརྗེད་བྱེད་ལས་གྲོལ་བར་བྱེད་དོ། །ཡང་ན་འོ་མ་དང། བུ་རམ་ཤིང་གི་ཁུ་བ་སྲང་ཉི་ཤུ་རྩ་བརྒྱད་དང། མར་སྲང་སུམ་ཅུ་རྩ་གཉིས་དང། དེའི་བརྒྱད་འགྱུར་གྱི་ཏཾ་པ་ལ་གྱི་ཁུ་བ་དང། འཚོ་བྱེད་སྡེ་བཅུ་ཞོ་གཉིས་གཉིས་ཀྱི་ཕྱེ་མ་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར
་འཐུངས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་མྱུར་དུ་འཇིག་པར་བྱེད་དོ། །ཡང་ན་རྩཝ་ཀ་ཤ་དང། ཀུ་ཤ་དང། བི་དང་རི་དང་བུ་རམ་ཤིང་དང་དེ་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ཏེ། འོ་མ་ལུས་པ་ལས་རན་པར་འཐུངས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཤིང་མར་གྱི་ཕྱེ་མ་དང
་མར་དང། མར་གྱི་བཅོ་བརྒྱད་འགྱུར་གྱི་སྨན་དའི་ཁུ་བ་དང་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན་བརྗེད་བྱེད་འཕྲོག་པར་བྱེད་དེ། ཡང་ན་བ་སེར་སྐྱའི་སྣ་ནས་བླུགས་ན་བརྗེད་བྱེད་ལས་རྒྱལ་བའི་མཆོག་ཡིན་ནོ། །ཁྱི་དང། ཝ་དང། བྱི་ལ་དང། སེང་གེ་ལ་སོགས་པ
་གང་ཡང་རུང་བ་བའི་མཁྲིས་པ་གོང་མ་ལྟར་བཏད་ན་ཡང་བསྔགས་སོ། །སྲོག་ཆགས་གོ་དྷ་དང། སྲེ་མོ་དང། གླང་པོ་ཆེ་དང། ཁྱུ་མཆོག་དང། དྲེང་དང། བ་ལང་དང་དེ་རྣམས་ཀྱི་མཁྲིས་པ་གང་ཡང་རུང་བ་དང་ཏིལ་མར་བསྐོལ་ཏེ། ཏིལ་མར་ལུས་པ་ལས་བསྐུ་བ་དང། སྣ་ནས་བླུགས་པ
་བྱ་སྣ་ཡང་བསྔགས་སོ། །འབྲས་བུ་གསུམ་དང། ཚ་བ་གསུམ་དང། ནས་ཚིགས་འཁུས་པའི་ཐལ་བ་དང། ཕ་ནི་ཙྪ་དང། སུ་ཤཱ་ཧཱ་དང། ཨ་པ་མརྒ་དང། ཀ་རཉྫའི་ས་བོན་དང། འདི་རྣམས་ཏིལ་མར་དང་ར་ཅིན་དང་བསྐོལ་བ་མར་ལུས་པ་ལས་སྨན་བླུགས་པ་འམ།
་ཡང་ན་སྨན་དེ་རྣམས་ཀྱི་ཕྱི་མ་སྦུ་གུ་ནས་སྨན་པས་སྣར་བུད་པར་བྱའོ། །ཡང་ན་སྲེ་མོ་དང། འུག་པ་དང། སྤྲེའུ་དང། བྱ་རྒོད་དང། སྦྲུལ་དང། བྱ་རོག་དང། སྲོག་ཆགས་ཀི་ཊ་ཀ་དང་དེ་རྣམས་གང་རྙེད་པར་མཆུ་དང། སྒྲོ་དང། རྟུག་པ་རྣམས་ཀྱི་དུད་པས་བརྗེད་བྱེད་ཅན་ལ
་བདུག་གོ་།ཡང་ན་ཏིལ་མར་རམ། སྒོག་སྐྱ་འམ། འོ་མ་འམ་ཉེ་འུ་ཤིང་གང་ཡང་རུང་བ་བརྟེན་ན་ཕན་ནོ། །ཡང་ན་སྨན་བྲཧམི་དང། རུ་རྟ་དང། ཤུ་དག་གང་ཡང་རུང་བའི་ཁུ་བ་སྦྲང་རྩི་དང་ལྡན་པ་བསྟེན་ན་ཕན་ནོ། །ནད་གཞི་གསུམ་མཉམ་དུ་འཁྲུགས་ཏེ། གནད་ཆེན
་པོ་སྙིང་དང་སེམས་ལ་བསྟེན་ནས་ལུས་དང་སེམས་ལ་གནོད་པར་བྱས་ཏེ། བརྗེད་བྱེད་ཀྱི་ནད་འབྱུང་ན་ནི་སྨན་གཞན་གྱིས་གསོ་བར་དཀའ་སྟེ། དེ་ལ་ནི་བཅུད་ཀྱིས་ཆོ་གས་གསོ་བར་བྱའོ། །དེ་བས་ན་བརྗེད་བྱེད་ཀྱི་ནད་ཀྱིས་ཉམ་ཐག་པའི
་ནད་པ་དེ་ལ་མི་མེ་དང། ཆུ་དང། གཡང་ས་ལ་སོགས་པ་མི་བཟང་པ་རྣམས་ལས་དུས་ཐམས་ཅད་དུ་བསྲུང་ཞིང་བསྐྱང་པར་བྱའོ། །དེ་ལྟར་སེམས་གྱུར་པའི་ནད་པ་དེ་བརྗེད་བྱེད་ཀྱི་སེམས་གྱུར་པའི་ནད་ལས་གྲོལ་མ་ཐག་ནི་ཁྱོད་འདི་ལྟར་འབྱུང་པོས་ཟིན་པ
་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཚིག་བརྗོད་པར་མི་བྱ་སྟེ། ལུས་དང་སེམས་ཉོན་མོངས་པའི་སྐྱེས་བུ་དེ་ལ་ནི་ཡུལ་ཡིད་དུ་འོང་བ་ལ་སོགས་པས་སེམས་ལྟ་ཞིང་གསོ་བར་བྱའོ། །བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།།
་དེ་ནས་རྫི་མ་དང་མིག་མཆུའི་ནད་ངོ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མིག་ནད་དོ་ཅོག་སློང་བར་བྱེད་པའི་ཁ་ཟས་ལ་སོགས་པ་ཟོས་པ་དང། ཁྱད་པར་དུ་མིག་ལ་གནོད་པའི་ཟས་ཟོས་པ་དང། གཞན་ཡང་མིག་ནི་ཕལ་ཆེར་མཁྲིས་པ་འཁྲུགས
་ན་མིག་ཀྱས?་དའི་རྗེས་སུ་ན་བར་བྱེད་པས་ན་ནད་གཞི་གང་ལས་གྱུར་ཀྱང་རུང་སྟེ། ཉེས་པའི་དྲི་མ་རྩའི་སྦུགས་ནས་གྱེན་དུ་འབྱུང་སྟེ། མིག་མཆུ་དང། མིག་གི་གྲཝ་མཚམས་དང། མིག་གི་འབྲས་བུ་དཀར་པོ་དང། ནག་པོ་དང། མཐོང་བའི་མིག་དང། དེ་དག་གང
་ཡང་རུང་བ་འམ། ཡང་ན་ཐམས་ཅད་ལ་ཡང་རུང་སྟེ་བསྟེན་ནས་ནད་གཞི་ཇི་ལྟ་བ་བཞིན་དུ་ནད་སྐྱེའོ། །དེ་ལ་རླུང་ལས་གྱུར་པའི་ནད་ཀྱི་མཚན་མ་ནི་མིག་མཆུའི་རྩ་ལ་རླུང་ཞུགས་པར་གྱུར་ཏེ། དེ་ཡང་གཉིད་ལོག་པ་ལས་སད་ན་དཔྱིར་མི་འདོད་ཅིང་ནད་དང
་བཅས་པ་དང། མིག་བྱེ་ནས་གང་བསྙམ་བྱེད་པ་དང། འབྱེད་པའི་དུས་སུ་ཡང་དཀའ་བས་འབྱེད་ཅིང་མཆི་མ་ཟག་པ་དང། མིག་མཉེས་ན་ཅུང་ཞིག་ཕན་པ་སྙམ་བྱེད་པ་དེ་ནི་མིག་ནད་འབྱེད་དཀའ་བ་ཡིན་ནོ། །ཞེས་སྔོན་གྱི་དྲང་སྲོང་དག་འཆད་དོ། །དེ་ལ་མིག་ནད
་འབྱེད་པ་ཞེས་བྱ་བའི་མཚན་མ་ནི། རླུང་གིས་མཆུ་བསྐྱོད་དེ་ཡང་དང་ཡང་དུ་མིག་འབྱེད་ཅིང་འཛུམ་པ་སྟེ། དེ་ཡང་ནད་མེད་པའོ། །དེ་ལ་རླུང་གིས་མིག་ནད་ཉམས་པ་ཞེས་བྱ་བ་ནི་རླུང་གིས་མིག་གི་འགུལ་རྩ་ཉམས་པར་བྱས་པས་འབྱེད་འཛུམ་གྱི་རྩོལ་བ་མི་ཤེས་ཏེ།
་དེ་ཡང་མིག་མཆུ་འོག་མ་རྟག་ཏུ་སློག་པར་བྱེད་པའོ། །དེ་ལ་མཁྲིས་པ་ལས་གྱུར་པའི་མིག་མཆུའི་ནད་ཀྱི་མཚན་མ་མི་མིག་མཆུའི་ནང་ངམ་ཕྱི་རོལ་གང་ཡང་རུང་བ་ཀུ་མུ་ཏའི་ས་བོན་གྱི་མདོག་ལྟ་བུའི་འབྲུམ་བུ་ཕྲ་མོ་འབྱུང་ཞིང་དེ་ཡང་བརྟོལ་ན་ཡང་གང་བ་ནི་ཀུ་མུ
་ཏའི་ས་བོན་ལྟ་བུའི་མིག་མཆུའི་ནད་ཞེས་བྱའོ། །དེ་ལ་མཁྲིས་པས་སློང་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་མིག་མཆུ་རབ་ཏུ་ཚ་ཞིང་ཤིན་ཏུ་ན་ལ་མདོག་དམར་ཞིང་རེག་པར་མི་བཟོད་པ་ཡིན་ནོ། །གཞན་ཡང་མིག་མཆུའི་ནད་ནི་ནད་གཞི་རྫི་མའི་ནང་དུ་ཞུགས་ནས
་གཡའ་ཞིང་ཚ་སྟེ། དེའི་འོག་ཏུ་རྫི་མ་འབྱི་བར་བྱེད་དེ་དེའི་མིང་ནི་རྫི་མ་འབྱི་བ་ཞེས་བྱ་བའི་མིག་མཆུའི་ནད་ཡིན་ནོ། །བད་ཀན་ལས་གྱུར་པའི་མིག་མཆུའི་ནད་ནི་འབྲུམ་བུ་ཕྲ་མོ་དཀར་པོ་ཡུངས་ཀར་ཙམ་ལ་ཐུག་པར་འབྱུང་བ་དང། སྐྲང་བ་དང་མིག་རྡུས་ཁྱབ་པ་དང།
་ན་བ་དང། གཡའ་བ་དང། མཆི་མ་སྤྱི་བག་ཅན་དང་ལྡན་པ་དེ་ནི་མིག་མཆུའི་ནད་ཤ་སྐྱེས་པ་ཞེས་བྱ་བར་བཤད་དོ། །བད་ཀན་གྱིས་སློང་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་འབྱེད་འཛུམ་མི་ཤེས་པ་དང། མིག་རྡུས་ཁྱབ་པར་འདུག་པ་ཡིན་ནོ། །གཞན་ཡང་བད་ཀན་ལས
་གྱུར་བའི་མིག་མཆུའི་ནད་ནི་ཐོར་བུ་རྒྱ་ཤུག་ཙམ་མམ། དེ་བས་ཡིད་ཙམ་ཆུང་བ་འབྱུང་སྟེ། དེ་ཡང་དཀར་ལ་ན་ཞིང་སྨན་བ་དང། གཡའ་བ་དང། སྲ་བ་རྣམས་ཡིན་ཏེ། མིག་མཆུའི་ནད་དེ་ལ་ནི་ལག་གྷན་ཞེས་བྱ་བ་ཡིན་ནོ། །ཁྲག་ལས་གྱུར་པའི་མིག་མཆུའི་ནད་ཀྱི
་མཚན་མ་ནི་འབྲུམ་བུ་ཁྲག་འདྲ་བ་སྟུག་པོ་མང་དུ་འབྱུང་སྟེ། དེའི་མིང་ནི་མིག་མཆུ་ཁྱབ་པར་བྱེད་པ་ཞེས་བྱའོ། །གཞན་ཡང་དམར་པོ་ཤར་ཤར་པོ་ཁྲག་གི་མདོག་ཏུ་སྣང་ཞིང་དེ་ཡང་རེག་པར་མི་བཟོད་པ་ཡིན་ཏེ། དེ་ནི་ཁྲག་གིས་སློང་བའི་མིག་མཆུའི་ནད་ཅེས
་བྱའོ། །མིག་མཆུའི་ནང་ཤ་ཆེ་བའི་འབྲུམ་བུ་སྲ་བ་དང། སྣུམ་པ་དང། ཚ་བ་དང། ན་བ་དང། མདོག་དམར་ཞིང་ཁྲག་གི་མདོག་ཏུ་འགྱུར་ཞིང་ཁྲག་འཛག་པ་དང། བཅད་པ་བཞིན་དུ་འཕེལ་བ་ནི་ཁྲག་ལས་བྱུང་བ་ཡིན་ཏེ། དེའི་མིང་ནི
་ཁྲག་གི་མིག་མཆུའི་ནད་ཅེས་བྱའོ། །ཡང་ན་ཁྲག་ལས་གྱུར་པའི་མིག་མཆུའི་ནད་ནི་མིག་མཆུའི་དཀྱིལ་ལམ། མིག་མཆུའི་མཛའ་མ་ལ་མོན་སྲན་རྡའུ་ཙམ་གྱི་ཚད་ཙམ་ཟངས་མའི་མདོག་འདྲ་བ་འབྱུང་ཞིང་གཡའ་བ་དང། ཟུག་གཟེར་དང་བཅས་པ
་ལ་བརྟན་པར་གནས་པ་དེ་ནི་སྟང་ཟིལ་ལྟ་བུའི་མིག་མཆུའི་ནང་ཅེས་བྱའོ། །དེ་ལ་འདུས་པ་ལས་གྱུར་པའི་མིག་མཆུའི་ནད་ནི་མིག་མཆུའི་ཕྱི་རོལ་སྐྲད་པ་ལྟར་འདུག་ལ་ནང་དུ་སྤུ་བུ་ཕྲ་མོས་ཁྱབ་པར་འདུག་སྟེ། ནང་ཆུས་ཁེངས་ཤིང་དེ་ཡང་འཛག་པ་དང། པདྨའི
་རྩ་བ་དང་འདྲ་བ་ནི་པདྨའི་རྩ་བ་ལྟ་བུའི་མིག་མཆུའི་ནད་ཅེས་བྱའོ། །ཁྲག་གིས་ནད་གཞི་རྣམས་བསླངས་ཏེ་མིག་མཆུའི་ནང་དུ་གྱུར་པ་ནི་ནད་གཞི་རྣམས་ལྷན་ཅིག་འཁྲུགས་ཏེ། རྒྱུ་མེད་པར་རྣག་དང་ཆུ་སེར་རེས་འགའ་མི་འཛག་པ་དང། རེས་འགའ་འཇིག
་པ་དེ་ནི་མིག་མཆུའི་ནད་ཁྲག་གིས་སློང་བ་ཞེས་བྱའོ། །ནད་གཞི་གསུམ་ཁྲག་དང་བཅས་པའི་མིག་མཆུའི་ནད་ནི་མདོག་སྔོ་བསངས་སུ་འདུག་པ་དང། ཟུག་གཟེར་བྱེད་པ་དང། རྣག་དང་བཅས་ཤིང་སྐྲང་བ་དང་ལྡན་པ་ནི་སྔོ་བསངས་ལྟ་བུའི་མིག་མཆུའི
་ནད་ཅེས་བྱའོ། །ཁྲག་དང་ནད་གཞི་རྣམས་འདྲེས་པ་ལས་གྱུར་པའི་མིག་མཆུའི་ནང་ནི་མིག་མཆུ་གཉིས་འབྱར་བ་དང། གཡའ་བ་དང། མདོག་དམར་ཞིང་སྐྲང་བ་དང་བཅས་པ་ནི། མིག་མཆུའི་ནང་འབྱར་བ་གཅེས་བྱའོ། །མིག་མཆུའི་ནད་འབྲུམ་བུ་ཕྲ་མོ་བྱེ
་མ་འདྲ་བས་ནང་ཁེངས་ཤིང་སྲ་བ་དང་རྩུབ་པ་ད་ནི་མིག་མཆུའི་ནད་བྱེ་མ་ལྟ་བུ་ཞེས་བྱའོ། །གང་གི་མཆུ་གནག་ཅིང་འདམ་ལྟར་འདུག་པ་དེ་ནི་མིག་མཆུའི་ནད་འདམ་ལྟ་བུ་ཞེས་བྱའོ། །སྐྱེས་བུ་གང་གི་མིག་མཆུ་ཤ་ཆེར་སྐྱེ་ཞིང་མཐུག་ལ་མཐོན་དམན
་མེད་ཅིང་རང་གི་མདོག་གཞན་དང་མ་འདྲེས་པར་འདུག་པ་དེ་ནི་མིག་མཆུའི་ནད་ཤ་ཆེ་བ་ཞེས་བྱའོ། །ཡང་ན་མིག་མཆུའི་ནང་ནི་བྱིས་པ་སོ་སྐྱེས་མཚན་མའི་རྟགས་སུ་འབྱུང་སྟེ། རྒྱུ་དེས་མིག་མཆུ་སྐྲང་ཞིང་མིག་དམར་བ་དང། བལྟ་མི་བཟོད་པ་དང། མིག་མཆུ་ཟུག
་གཟེར་དང་བཅས་ཤིང་འབྱར་བར་འདུག་པ་དང། རྣ་བ་དང་སྣ་དང་མིག་རྣམས་ལག་པས་ཉེད་པ་ཡིན་ཏེ། དེ་ནི་མིག་མཆུའི་ནང་ཀུ་ཀྱན?་ཀ་ཞེས་བྱ་བ་ཡིན་ནོ། །མིག་མཆུའི་ནད་རྫི་མ་འཁྲུགས་ཏེ་མིག་མཆུའི་སྤུ་ཞུམ་པར་གྱུར་ནས། མིག་མཆུ་ལ་ནང་དུ་ལྟ་ཞིང་མིག་མཆུ་འདེགས
་མི་ནུས་པ་དང། རྫི་མ་གཏོགས་ན་རེས་འགའ་ནད་ཞི་ལ་ཡང་སྤུ་སར་བ་སྐྱེས་པ་དང། ཆེར་མའི་རྩེ་མོ་བཞིན་དུ་རྣོ་བ་དེས་མིག་འཁྲུག་པ་སྐྲང་བར་འགྱུར་ཏེ། དེ་ནི་མིག་མཆུའི་ནད་རྫི་མ་འཁྲུགས་པ་ཞེས་བྱའོ། །ཡང་མིག་མཆུའི་ནད་སྣ་གོང་ཕྱོགས་ཀྱི་མིག་གི་གྲཝ་མཚམས་ཀྱི་མིག
་མཆུའི་ཕྱི་རོལ་ཏུ་ཐོར་བུ་འབྱུང་ཞིང་སྲ་ལ་མཐོན་པོར་འདུག་པ་དང། སྨིན་པའི་དུས་སུ་ཁྲག་དང་རྣག་འཛག་ཅིང་ཡང་ནས་ཡང་དུ་རྣག་ཁྲག་གིས་ཁེངས་པ་དེ་ནི་མིག་མཆུའི་ནང་མེ་དཔལ་ཆུང་ངུ་ཞེས་བྱའོ། །ནད་གཞི་གསུམ་དང་ཁྲག་ལས་གྱུར་པའི་ནད་ནི་མིག་མཆུའི་དབུས་སུ
་ཤའི་མཛེར་བ་ལྟ་བུ་འབྱུང་ཞིང་མཁྲང་པ་དང། སྲ་བ་དང། ནད་མེད་ཅིང་རིང་པོར་འཕྱང་བ་དེ་ནི་མིག་མཆུའི་ནད་ཐོར་བུ་ལྟ་བུ་ཞེས་བྱའོ། །ཉི་ཤུ་རྩ་བཞི་པོ་དེ་དག་ནི་མིག་མཆུ་ལ་བརྟེན་པའི་ནང་དུ་བཤད་དོ། །དེ་རྣམས་ལས་དང་པོ་ནི་འབྱེད་དཀའ་ཞེས་བྱ་བའི་མིག་མཆུའི་སྨན
་གྱིས་གསོ་བར་བྱ་བ་ཡིན་ནོ། །དེའི་འོག་མ་གཉིས་དང་མིག་ཏུ་འབྲུམ་བུ་བྱུང་བ་ནི་སྤང་བར་བྱའོ། །དེ་ལྟར་རྫི་མ་འཁྲུགས་པ་ཞེས་བྱ་བའི་ནད་ནི་ལན་འགའ་རུང་ཞིང་རེས་འགའ་ཐུ་བར་བྱེད་པ་ནི། ཡུན་རིང་དུ་ན་བར་བྱེད་པ་ཡིན་ནོ། །ལྷག་མ་རྣམས་ནི་མཚོན་གྱི་ལས་ཀྱིས་གསོ་བར
་བྱ་སྟེ། དོ་ཡང་རྫི་མ་འབྱི་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་མཚོན་གྱིས་བཙགས་པར་བྱའོ། །མིག་མཆུའི་ནད་ཐོར་བུ་ནི་བཅད་པར་བྱའོ། །དེ་ལས་ལགྷན་དང། ཀུ་མུ་ཏའི་ས་བོན་ལྟ་བུ་དང། པདྨའི་རྩ་བ་ལྟ་བུ་དང། ཨུཙྪཾ?་ག་ལྟ་བུ་ཞེས་བྱ་བ་དང། དངུལ་རྡོ་ལྟ་བུ་ཞེས་བྱ་བ་དང།
་མེ་དཔལ་ཕྲ་མོ་ལྟ་བུ་རྣམས་ནི་མཚོན་གྱིས་དྲལ་བར་བྱའོ། །མིག་མཆུའི་ཤ་སྐྱེས་པ་དང། སྔོ་བསངས་དང། བྱེ་མ་ལྟ་བུ་དང། ཁྲག་གི་ནད་གཞི་སློང་བར་བྱེད་པ་ཞེས་བྱ་བ་དང་འདམ་བུ་ལྟ་དུ་ཞེས་བྱ་བ་དང། ཤ་ཆེ་བ་ཞེས་བྱ་བ་དང། ཀུ་ཀུ་ན་ཞེས་བྱ་བ
་དང། དེ་རྣམས་ནི་མཚོན་གྱིས་བཞར་བར་བྱའོ། །མིག་མཆུའི་ནད་དམིགས་བརྟག་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།དེ་ནས་མིག་མཆུའི་ནད་བསལ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མིག་མཆུའི་ནད་འབྱེད་དཀའ་བ་ཞེས་བྱ་བ་ལ
་ནི་མར་རྙིང་བ་དང། རྒུན་འབྲུ་དང། ཆུ་ཚུལ་བཞིན་བསྐོལ་ཏེ་ཁ་རས་བཏབ་པ་བཏུང་བར་བྱ་སྟེ། དེ་བཞིན་དུ་སྣར་བླུགས་པ་དང། དུད་པ་དང། མིག་སྨན་སྣུམ་དང་སྦྱར་བ་བཏང་ངོ། །ཀུ་མུ་ཏའི་ས་བོན་ལྟ་བུའི་མིག་མཆུའི་ནད་ལ་ནི་མཚོན་གྱིས་བཅགས་ལ། དེའི་སྟེང
་རྒྱ་མཚོའི་ཕྱེ་མ་གདབ་པར་བྱའོ། །ཤིང་མངར་དང། སྐྱུ་རུ་ར་དང། པ་ཏོ་ལ་རྣམས་བསྐོལ་བའི་ཆུས་ཀྱང་བླུགས་སོ། །དེ་ལ་མཚོན་གྱི་ལས་བྱ་དགོས་པའི་མིག་མཆུའི་ནད་ནི་ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ལ། དེའི་འོག་ཏུ་ནད་པ་རླུང་མེད་པའི་གནས་སུ་གན
་རྒྱལ་དུ་བཞག་ལ་ནད་གཡོག་གིས་མི་འགུལ་བར་གཟུང་ལ་རས་འཇམ་པོ་ཆུ་དྲོན་དུ་བཅུག་བས་མིག་མཆུའི་ཕྱི་རོལ་ཏུ་དུགས་བྱས་ལ། དེའི་འོག་ཏུ་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོ་གཉིས་གོང་མའི་རས་ཀྱིས་དཀྲིས་ལ་དེས་མིག་མཆུ་གཉིས་ཕྱེ
་ཞིང་ཕྱིར་ཟློག་པར་བྱའོ། །དེ་ལྟར་བྱས་ན་མི་འཇིལ་ཞིང་བརྟན་པར་བྱ་བའི་ཕྱིར་རོ། །དེ་ནས་མཚོན་རྩེ་མོ་དཀྱིལ་འཁོར་ལྟ་བུ་འམ། ཤ་ཁ་ཏྲ་འམ། ཤེ་ཕ་ལིའི་ལོ་མ་ལྟ་བུ་འམ། རྒྱ་མཚོའི་དབུ་བ་གང་ཡང་རུང་བའི་མཚོན་གྱིས་ཡིད་འཕྲེང་དུ་རྒྱ
་གྲམ་དུ་གདབ་པོ། །དེ་ནས་ཁྲག་བྱུང་བ་དང། རས་བལ་གྱིས་ཕྱིའོ། །གལ་ཏེ་ཁྲག་མ་བྱུང་ན་ནི། ཡང་མཚོན་གྱིས་ལེགས་པར་དྲལ་ཏེ་ཕྱིས་ལ། དེའི་འོག་ཏུ་ནད་གཞི་རང་རང་དང་མཐུན་པའི་སྨན་སྦྲང་རྩི་དང་སྦྱར་བས་སྨན་གདབ་བོ། །དེའི་འོག་ཏུ་ཆུ་དོན
་གྱིས་བསྐུའོ། །དེ་ནས་མར་དང་སྦྲང་རྩི་དང་ནས་ཕྱེ་བསྲེས་ལ་ཟན་ཐབས་སུ་བྱས་པས་མིག་སླན་ལ། དེའི་སྟེང་དུ་རས་མར་གྱི་བྱུགས་པས་དཀྲིས་ཏེ་རྣ་བའི་གོང་འོག་ཏུ་བརྟོད་ལ་བཞག་གོ་།རས་དེ་ཡང་ཞག་རེ་བཀྲོལ་ཞིང་རང་རང་དང་མཐུན་པའི
་སྨན་ཡང་བླུགས་སོ། །ཞག་བཞི་ལོན་ནས་སྣར་བླུགས་པ་ལ་སོགས་པ་ཡང་བྱའོ། །ཞག་ལྔ་པ་ལ་ནི་རས་བཀྲོལ་ལ་བཏང་སྟེ་གླན་མི་དགོས་སོ། །དེ་ལྟར་མཚོན་གྱིས་ལེགས་པར་བཞར་ལེགས་པའི་མཚན་མ་ནི། མིག་མཆུ་མཐོན་དམན
་མེད་ཅིང་མཉམ་པ་དང། དམར་སྐྱར་འདུག་ཅིང་སེན་མོའི་མདོག་ཏུ་སྣང་བ་དང། སྐྲང་བ་དང། གཡའ་བ་དང། རེག་ཅིང་བསྒུལ་ན་ཡང་ན་བ་མེད་པར་རིག་པར་བྱའོ། །དེ་ལས་བཟློག་པ་ནི་མ་ལེགས་པའི་མཚན་མ་ཡིན་ཏེ། དེ་ལ་ནི་ཡང་མཚོན
་གྱིས་བཞར་ཏེ་བཟླ་བར་བྱའོ། །གལ་ཏེ་མཚོན་གྱིས་བཞར་དྲགས་ན་ནི་མིག་མཆུ་ན་ཞིང་ཟུག་བ་དང། རྫི་མ་འབྱི་བ་དང། འཇིག་པ་མང་བར་འགྱུར་ཏེ། དེ་ལ་ནི་སྣུམ་བཅོས་དང། དུགས་ལ་སོགས་པ་རླུང་ལ་ཕན་པའི་སྦྱོར་བ་བྱས་ན་ཕན་ནོ་ཞེས
་སྨན་པ་རྣམས་འདོད་དོ། །དེའི་འོག་ཏུ་སེང་ཕྲོམ་དཀར་པོ་མར་སར་གྱིས་བསྐུས་ཏེ། ཨེ་རཎྚའི་རྩ་བའི་ཕྱེ་མའི་ལྡེ་གུས་བྱུགས་པ་རྗེའུ་ཁ་སྦྱར་གྱི་ནང་དུ་བསྲེགས་ཏེ་ཚོས་པ་དང། ཆུས་བཀྲུས་ཏེ་སྐམས་ལ་བཏགས་པའི་ཕྱེ་མ་བུད་མེད་དང
་རའི་འོ་མ་གང་ཡང་རུང་བ་དང། སྤྲུས་ལ་རས་ཀྱི་ནང་དུ་ཐུར་བུས་བྱས་ཏེ། མིག་ལ་དུགས་བྱའོ། །ཡང་ན་སེང་ཕྲོམ་དཀར་པོ་ལ་འབྲས་ཐུག་པོ་ཆེའི་ཕྱེ་མའི་ལྡེ་གུས་ཆོ་ག་གོང་མ་ལྟར་བྱས་པ་ལས་དེའི་ཕྱེ་མ་ཞོག་ཆུ་དང་མཉེས་ཏེ། དུགས་བྱས་ན
་མཚོན་གྱིས་བཞར་དྲགས་བ་ལ་ཕན་ནོ། །ཡང་ན་ཞོག་ཆུ་ཉ་ཚེས་བླུགས་པ་བྱ་ཞིང་སྲོག་ཆགས་སྐམ?་ན་གནས་བའི་ཤ་དང་ལྷན་ཅིག་བཟའ་བར་བྱའོ། །མིག་མཆུ་ལ་འབྲུམ་བུ་ཕྲ་མོ་སྲ་ཞིང་མཐོན་པོ་བྱུང་བ་ལ་ནི་འབྲས་ཀྱི་སོ་འདྲ་བའི
་མཚོན་གྱིས་དྲལ་ཏེ་དེ་བཙིར་ལ་སྨན་གྱིས་བཏབ་པ་དང། བསྐུ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །གོང་དུ་སྨོས་པ་ལ་སོགས་པའི་དཔྱད་ཐམས་ཅད་ཀྱང་དྲལ་བ་འདིར་སྦྱར་བར་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར་བའི
་མིག་མཆུས་ནང་ལ་ནི་སྨན་མངར་བའི་སྡེ་ཚན་དང། མར་སྦྱར་བར་དང་པོ་བཏུང་བ་ལ་སོགས་པ་སྣུམ་ཆོས་སྦྱར་ཏེ། དེའི་འོག་ཏུ་ཁྲག་གཏར་རོ། །དེ་ནས་ཤིང་ཉེ་རོང་གི་བཀྲུ་སྨན་བཏང་ངོ། །མིག་མཆུའི་ནད་མཚོན་གྱིས་བཞར་ཏེ་ཁྲག་བྱུང་བ་དང། ཤིང
་མངར་བསྐོལ་བའི་ཆུས་བཀྲུས་ཏེ་ཙན་དན་དཀར་པོའི་འོ་མ་དང་སྦྱར་བས་བླུགས་པ་བྱས་ན་ཕན་ནོ། །རྫི་མ་འབྱི་བའི་མིག་མཆུའི་ནང་ལ་ནི་སྤུ་ཐོག་མ་གང་ནས་འབྱི་བའི་སྤུའི་ཁུང་བུ་ཁབ་ཀྱིས་བཙགས་ཏེ་ཁྲག་བྱུང་བ་འམ། ཡང་ན་སྲིན་བུ་པདྨས་ཁྲག
་དབྱུང་བ་ཕན་ནོ། །ཡང་ན་རྫི་མའི་ནང་ལ་འོ་མ་དང། བུ་རམ་ཤིང་གི་ཁུ་བ་དང་སྦྱར་བའི་མར་གྱིས་སློན་བྱ་བ་དང། མངར་བ་དང། བསིལ་བའི་སྨན་དང། བསྐོལ་བའི་མར་གྱིས་སྣ་སྨན་བཏང་ན་ཕན་ནོ། །ཡང་ན་ནག་ཚུར་དཀར་པོའི་ཕྱེ་མ་ཟངས་མའི་སྣོད་ཀྱི་ནང
་དུ་བཅུག་ལ་བྱིའུ་རུག་པའི་སྨན་གྱིས་ཁུ་བས་ཞག་བཅུའི་བར་དུ་བྲན་ཅིང་དེའི་འོག་ཏུ་བསྐམས་ལ་དེའི་མིག་ཏུ་བསྐུས་ན། རྫི་མ་འབྱི་བའི་ནང་ལ་ཕན་པའི་མཆོག་ཡིན་ནོ། །མིག་མཆུའི་ནང་ཤ་སྐྱེས་པ་ལ་འབྲུམ་བུ་ཕྲ་མོ་འབྱུང་བའི་ནང་ལ་ནི་ཐོག་མ་མཚོན
་གྱིས་བཞར་བ་བཅའ་སྒ་དང། རྒྱམ་ཚྭ་གཉིས་ཀྱི་ཕྱེ་མ་བཏབ་སྟེ། དེའི་འོག་ཏུ་ཆུ་དྲོན་གྱིས་བཀྲུའོ། །སེང་གེ་དང། ཨཊཊ་ཀ་ཞེས་བྱ་བ་ཏུ་པ་རི་དང། ན་ལེ་ཤམ་དཀར་པོ་ཆུ་དང་ལྷན་ཅིག་བསྐོལ་བའི་ཆུ་འམ། ཡང་ན་སེར་པོ་རྣམ་གཉིས་དང། འབྲས་བུ་གསུམ་དང
་ཤིང་མངར་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བས་བླུགས་པར་བྱའོ། །བད་ཀན་ལས་གྱུར་པའི་མིག་མཆུའི་ནང་ལ་ནི་ནག་མཆུར་དང། རྒྱམ་ཚ་དང། ལྡོང་རོས་དང། པི་པི་ལིང་དང། སྐྱེར་ཁཎྚ་དང་འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྲང་རྩི་དང
་སྦྱར་བས་བསྐུ་བར་བྱའོ། །གཞན་ཡང་བད་ཀན་ལ་ཕན་པའི་སྨན་སྐྱུག་སྨན་དང། མིག་སྨན་དང། སྣ་ནས་བཏང་བ་ཐམས་ཅད་ཀྱང་འདིར་བྱའོ། །མིག་མཆུའི་ནང་གྷན་ཞེས་བྱ་བ་ལ་ནི། བད་ཀན་ལས་གྱུར་པའི་མིག་མཆུའི་ནང་ལ་ཕན་པའི་སྨན་ཐམས་ཅད་འདི་ལ
་ཡང་ཕན་ཏེ། གལ་ཏེ་ངས་མ་ཞིན་མེའི་ལས་ཐམས་ཅད་བྱའོ། །ཀུ་ཀུ་ན་ཀ་ཞེས་བྱ་བ་བྱིས་པའི་མིག་མཆུའི་ནང་ལ་ནི་སེང་ལྡེང་དང། འབྲས་བུ་གསུམ་དང། ནིམྦའི་ལོ་མ་རྣམས་ལྷན་ཅིག་ཡུངས་ཀར་གྱི་མར་དང་སྦྱར་བས་བཏུང་བ་ལ་སོགས་པ་སྣུམ་བཅོས་བྱས་ཏེ།
་པི་པི་ལིང་དང། ཤིང་མངར་དང། རྒྱམ་ཚྭ་དང། ཞུན་མར་རྣམས་སྦྱར་བས་ནུ་མ་སྣུན་པའི་མ་མ་ལ་སློན་བྱའོ། །དེའི་འོག་ཏུ་ཨ་རུ་ར་དང། པི་པི་ལིང་དང། རྒུན་འབྲུ་བསྐལ་བས་བཀྲུ་སྨན་བྱས་ན་ཡང་ཕན་ནོ། །དེ་ནས་མ་མ་དེ་ལ་གླ་སྒང་དང། སར་པོ་རྣམ་གཉིས་དང། པི་པི
་ལིང་རྣམས་བཏགས་པའི་ལྡེ་གུས་ནུ་མ་ལ་བྱུག་གོ་།ཡུངས་ཀར་མར་དང་བསྲེས་པའི་དུད་པས་ནུ་མ་ལ་བཏུག་གོ་།དེ་ལྟར་སློན་ཁྲུས་ལ་སོགས་པས་ནུ་མ་མནུན་པའི་མ་མའི་ལུས་དག་པ་དང། པ་ཏོ་ལ་དང། གླ་སྒང་དང། རྒུན་འབྲུ་དང། སླེ་ཏྲེས་དང། འབྲས་བུ
་གསུམ་དང་འདི་རྣམས་བསྐོལ་བའི་བཏུང་བ་བླུད་དོ། །དེའི་འོག་ཏུ་བྱིས་པའི་མིག་མཆུ་མཚོན་གྱིས་བཞར་བ་འམ། ཡང་ན་སྲིན་བུ་པདྨས་འཇིག་ཏུ་གཞུག་སྟེ། དེ་ནས་སྐྱུ་རུ་ར་དང། ཨ་སྨན་ཏ་ཀ་དང། ཤིང་འཛམ་བུ་དང། དེ་རྣམས་ཀྱི་ལོ་མ་བསྐོལ་བའི་ཁུ་བས
་བླུགས་བར་བྱའོ། །ཡང་ན་བྱིས་པ་ལ་ནི་ཕལ་ཆེར་སྣུམ་དང་འོ་མས་བསྐྱེད་པ་ཡིན་པས་བད་ཀན་གྱི་ནད་འབྱུང་སྟེ། དེ་བས་ན་བྱིས་པའི་ནད་ཐམས་ཅད་ལ་ཐོག་མར་སློན་སྨན་བཏང་ན་མཆོག་ཏུ་བསྔགས་སོ། །དེ་ཡང་འོ་མ་ཉི་ཚེ་འཐུང་བའི་བྱིས་པ་ལ་ནི། རྒྱམ
་ཚ་དང། པི་པི་ལིང་དང། ཨ་བ་མརྒའི་འབྲས་བུ་དང། མར་དང་འོ་མ་དང། སྦྲང་རྩི་དང་ལྡན་པའི་སློན་སྨན་བཏང་ངོ། །འོ་མ་དང་ཟས་འདྲེས་མར་བསྟེན་པའི་བྱིས་པ་ལ་ནི་ཤུ་དག་གི་ཕྱེ་མ་སྦྲང་རྩི་དང་བཅས་པའི་སློན་སྨན་བཏང་ངོ། །ཟས་ཉི་ཚེ་བསྟེན་པའི་བྱིས་པ
་ལ་ནི་པོ་སོན་ཆ་ཤིང་མངར་དང་སྦྱར་བ་བཏང་ངོ། །སྐྱུག་སྨན་དེ་དག་བྱིས་པའི་ནད་ཐམས་ཅད་ལ་ཕན་པའི་སྟེང་དུ་ཁྱད་བར་དུ་ཀུ་ཀུན་ཀ་ཞེས་བྱ་བའི་བྱིས་པའི་ནད་ལ་ཕན་ནོ། །ཡང་ན་སྨན་སཔཏ་དང་མར་ལྷན་ཅིག་བསྐོལ་བའི་མར
་བླུད་ན་གོང་འོག་གཉིས་ཀ་སྦྱོར་བར་བྱེད་དོ། །སེར་པོ་རྣམ་གཉིས་དང། སེང་ཕྲོམ་དང་ཤིང་མངར་དང་པུ་ཙེ་ཤེལ་དང། ནིམྦའི་ལོ་མ་དང། འདི་རྣམས་སྦྲང་རྩིའི་དང་འོ་མ་དང་ལྡན་པ་ཟངས་མའི་ཕྱེ་མ་འམ། ལྕགས་ཀྱི་ཕྱེ་མ་གང་ཡང་རུང་བ་དང་བསྲེས་པའི་རི་ལུ
་བྱས་ཏེ་བཏང་ན། བྱིས་པའི་མིག་མཆུའི་ནང་ལ་ཕན་ནོ། །ཡང་ན་སུག་སྨེལ་དང། སྒོག་སྐྱ་དང། ཀ་ཏ་ཀ་དང། དུང་དང། ན་ལེ་ཤམ་དང། ཕ་ནི་ཛ་ཀ་དང། འདི་རྣམས་ཆང་ལ་བདར་ལ་ཀཏཔལ?་དང་བཅས་པའི་བདར་བུ་བྱས་ཏེ་བཏང་མ་ཀུ་ཀུན་ཀ་ཞེས་བྱ་བའི་བྱིས་པའི
་ནད་དང། ཤ་སྐྱེས་པ་ཞེས་བྱ་བའི་མིག་མཆུའི་ནང་ལ་ཕན་ནོ། །རྫི་མ་འཁྲུགས་པ་ཞེས་བྱ་བའི་ནད་ལ་ནི་ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ཏེ། དེའི་འོག་ཏུ་མིག་གི་རྫི་མ་ཡར་བཏེག་ལ་རྫི་མ་ཆ་གསུམ་དུ་བགོས་པའི་ཆ་གཉིས་སྨིན་མ་དང་སྦྱར་ཆ
་གཅིག་ཙམ་བཞག་དེ་ནས་ནས་གང་ཙམ་ནས་ཀྱི་དབྱིབས་འདྲ་བར་འཕྲེང་དུ་མཚོན་གྱིས་དྲལ་ལ་ཁྲག་གཟག་གོ། ཁྲ་གི་ཤུགས་ཟད་པ་དང། ཕྲལ་བ་ལ་རས་ཀྱིས་དམ་དུ་དཀྲིས་ལ་རྫི་མ་ཚོམ་བུར་བྱས་ཏེ། དེའི་བར་མཚམས་མོ་སྲན་རྡེའུ་ཙམ་བཞག་ལ།
་ཀླད་པའི་རྫི་མའི་ཚོམ་བུ་འཕྲལ་བའི་རས་ལ་རྫི་མ་བརྟོད་དེ། བ་ལང་དམ་རྟའི་སྤུ་འམ། ཟར་མའི་སྐུད་པས་བཅོམས་ཏེ། ཁ་སྤུའོ་གཞུ་འདྲ་བས་དྲུབ་བོ། །དེ་ཡང་ཧ་ཅང་དམ་ལྷོད་དུ་མ་སོང་བར་རན་བར་བྱའོ། །དེ་ནས་རས་འཇམ་པོ་མར་དང་སྦྲང་རྩིས
་བྱུགས་པས་བཅིང་བ་མེད་པར་སྟེང་ནས་གཡོག་གོ། གལ་ཏེ་ཟུག་ཡོད་ན་ནི་ནྱ་གྲོ་དྷའི་སྡེ་ཚན་བསྐོལ་བའི་ཁུ་བ་འོ་མ་དང་བཅས་པས་བླུགས་སོ། །དེ་ནས་བརྟན་པར་གྱུར་ཏེ་ཞག་ལྔ་ལོན་པ་དང་སྐུད་པ་དཀྲོལ་ཏེ་བཙག་ཡུག་རྣམ་གྱི་ཕྱེ་མ
་གདབ་གོ། །དེའི་འོག་ཏུ་སྣ་སྨན་དང། མིག་སྨན་རྣོན་པོ་སྦྱར་རོ། །ཆོ་ག་དེ་དག་གིས་ཀྱང་རྫི་མ་འཁྲུགས་པའི་ནད་ཞིར་མ་འདོད་ན། རྫི་མ་གང་རིང་བ་སྐམ་པས་བཟུང་སྟེ། ཕྱུང་སྟེ་དེའི་བུ་གའི་རྗེས་ལ་ཐལ་སྨན་རྣོ་བ་འམ། ཁབ་རྩེ་འདྲ་བའི་མཚོན་རྣོན་པོ་མེའི
་མདོག་འདྲ་བ་བྱས་བསྲག་གོ། མིག་མཆུའི་ནང་མེ་དཔལ་ལྟ་བུ་ལ་ཡང་དང་པོ་མཚོན་གྱིས་དྲལ་ལ། ཐལ་སྨན་རྣོན་པོ་འམ། མེས་བསྲེང་གོ། ཐོར་བུ་བྱུང་བ་ལ་ནི་ཐོར་བུ་བཅད་ལ། དེའི་འོག་ཏུ་ཐལ་སྨན་ནམ། མེས་བསྲེག་གོ་།མིག་མཆུའི་ནང་གསོ་བའི་ལེའུ་སྟེ
་དགུ་པ་རྫོགས་སོ།། །།དེ་ནས་མིག་གི་གྲཝ་མཚམས་དང། མིག་གི་འབྲས་བུ་དཀར་པོ་དང་ནག་པོའི་ནད་དམིགས་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་མིག་གི་གྲཝ་མཚམས་ཀྱི་ནད་ཀྱི་མཚན་མ་ནི་རླུང་གིས
་མཚམ་འབྱུང་བའི་རྒྱུན་བསྒགས་པས་མིག་མཆུའི་གྲཝ་མཚམས་དང། མིག་གི་འབྲས་བུ་དཀར་པོའི་མཚམས་སྣ་གོང་ཕྱོགས་ནས་ཆུ་དང་འདྲ་བའི་མཆིམ་འབྱུང་ལ། དེ་ཡང་མིག་ནད་མེད་ཅིང་རྩ་དམར་ལ་སྐྲད་བ་ཡིན་ཏེ། དེ་ནི་མིག་ནད་ཆུ་འཛག་པ་ཞེས
་བྱའོ། །བད་ཀན་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མཆིལ་མ་དང་འདྲ་བ་སྤྱི་བག་ཏུ་འདུག་པ་དང། མདོག་དཀར་བ་དང། འཛག་པ་།དཀའ་བ་དང། མང་དུ་འཛག་པ་ཡིན་ཏེ་དེ་ནི་བད་ཀན་འཇིག་པ་ཞེས་བྱ་བའི་ནད་ཡིན་ནོ། །ཡང་ན་བད་ཀན་ལས
་གྱུར་པའི་རྟགས་ནི་མིག་གི་གྲཝ་མཚམས་སུ་མཐོན་པོ་ཙོག་ཙོག་པོར་སྐྲང་བ་དང། ཆུ་ལན་ཚ་ཅན་གྱིས་ཆུ་བུར་འདྲ་བར་སྟེང་དུ་འབྱུང་ཞིང་ཆུ་བུར་དེ་ཡང་རྩ་བ་ཆེན་པོ་དང། སྣུམ་པ་དང། འགུལ་བ་དང། མདོག་དཀར་བ་དང། འཇམ་པ་དང། བྱིལ་བག་ཏུ་འདུག
་པ་དང། ཡུན་རིང་དུ་མི་ཤེས་པ་དང། གཡའ་བ་དང། ཟུག་གཟར་མེད་པ་དེ་ནི་ཨུ་པ་ན་ཧ་ཞེས་བྱ་བའི་མིག་གི་གྲ་མཚམས་ཀྱི་ནད་ཡིན་ནོ། །ཁྲག་ལས་གྱུར་པའི་མཚན་མ་ནི་མཚམས་མང་དུ་འཛག་ཅིང་ཚ་བ་དང། ཟངས་མའི་མདོག་འདྲ་བ་དམར་པོར་འབྱུང་བ་ཡིན
་ཏེ། དེ་ནི་མིག་གི་ནད་དམར་པོར་འཛག་པ་ཞེས་བྱའོ། །མིག་མཆུའི་གྲཝ་མཚམས་དང་མིག་གི་འབྲས་བུ་དཀར་པོའི་མཚམས་ལ་བརྟེན་པའི་འབྲུམ་བུ་ཕྲ་མོ་ནི་སྲན་རྡེའུ་ཙམ་འབྱུང་སྟེ། དེ་ཡང་མདོག་ཟས་མ་བཞིན་དུ་དམར
་ལ་ཚ་ཞིང་ཟུག་གཟེར་དང་ལྡན་པ་དང། བརྟོལ་ན་ཁྲག་འཛག་པ་ཡིན་ནོ། །དེ་ནི་པརྦ་ནི་ཞེས་བྱ་བའི་མིག་ནད་ཡིན་ནོ། །ནད་གཞི་གསུམ་དང་ཁྲག་ལས་གྱུར་པའི་མིག་ནད་ཀྱི་རྟགས་ནི། མིག་གི་སྣ་ཕྱོགས་ནས་བགས་པ་དང། ཤ་སྨིན་པའི་དབང་གིས
་མཆི་མ་རྣག་དང་བཅས་པ་ཡང་འཛག་སྟེ། དེའི་མིང་ནི་རྣག་འཛག་པའི་མིག་ནད་ཅེས་བྱའོ། །གཞན་ཡང་མིག་སྣ་ཕྱོགས་ཀྱི་གྲཝ་སྐྲང་པ་དང། ན་བ་དང། རྨ་ཕྲ་མོ་འབྱུང་བ་དང། ཡང་དང་ཡང་ཆུ་སེར་དང་རྣག་འཛག་པ་དང། ནད་དང་བཅས་པ་དེ་ནི་རྣག
་གང་པོ་འཛག་པའི་མིག་ནད་ཅེས་བྱའོ། །སྣ་ཕྱོགས་ཀྱི་མིག་འགྲམ་གྱི་ནད་དུ་སྐྲང་བ་དང། ཟུག་གཟེར་ཆེ་བ་དང། ཚ་བ་འབྱུང་བའི་ནད་ནི་མེ་དཔལ་ཕྲ་མོའི་མིག་ནད་ཅེས་བྱའོ། །མིག་ཟུར་གང་ཡང་རུང་བར་མིག་འཛེར་འབྱུང་སྟེ། དེ་ཡང་གཡའ་བ་དང། རྫི་མ
་འཇིབ་དང། རྣག་འཛག་པ་དང། སྲིན་ཡོད་པ་དང་ནད་དང་བཅས་པ་དེ་ནི་མིག་འཛེར་གྱི་ནད་སྲིན་བུ་ཅན་ཞེས་བྱའོ། །དེ་ལ་མིག་གི་གྲཝ་མཚམས་ཀྱི་ནད་དགུ་ལས། ཨུ་པ་ན་ཧ་དང། མིག་འཛེར་གྱི་ནད་སྲིན་བུའི་ནད་དང། མཆི་མ་རྣག་གར་པོར་འཛག་པ་དང།
་པརྦ་ནི་དང། བཞི་པོ་དེ་དག་ནི་མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །ལྷག་མ་ལྔ་ལས་བཞི་ནི་སྨན་གྱིས་གསོ་བར་བྱའོ། །མེ་དཔལ་ཕྲ་མོའི་མིག་ནད་ནི་སྤང་བར་བྱའོ། །ད་ནི་མིག་གི་འབྲས་བུ་དཀར་པོའི་ནད་དམིགས་བརྟག་པ་བཤད་དེ། དེ་ལ་ཁྲིས་པ་ལས་གྱུར
་བའི་མིག་ནད་ནི་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ནག་པོ་འམ། སྔོ་བསངས་སམ་སེར་པོ་ལྟ་བུའི་ཐིག་ལེ་བྱུང་བ་འམ། ཡང་ན་མེ་ལོང་གཡའ་དང་བཅས་པ་ལྟར་སྣང་ལ་ཚ་བ་དང། ནད་མེད་ཅིང་ཅུང་ཟད་འཁྲུ་བ་དང། སྐོམ་དང་ཆེ་བ་དང་བཅས་པ་ཡིན་ཏེ།
་དེའི་མིང་ནི་ཉ་ཕྱིས་ལྟ་བུའི་མིག་ནད་ཅེས་བྱའོ། །དེ་ལ་བད་ཀན་ལས་གྱུར་པའི་ནད་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཤ་མདོག་དཀར་པོ་ཆུང་ཞིག་སྐྱེས་ཏེ། དེ་ཡང་རིམས་ཀྱིས་ཡུན་རིང་པོ་ནས་།འཕེལ་བ་དེ་ནི་མིག་འཛེར་དཀར་བའི་ནད་ཅེས་བྱའོ། །ཡང་ན་མིག་གི
་འབྲས་བུ་དཀར་པོ་ལ་ཆུའི་ཐིགས་པ་འདྲ་བའི་ནད་འབྱུང་སྟེ། དེ་ལ་སྐྲང་པ་དང། ཟུག་གཟེར་ཆུང་བ་དང། མདོག་དཀར་བ་དང། མཐུག་པ་དང་འཇམ་པ་དང། ལྕི་བ་དང། སྣུམ་པ་གང་ཡིན་པ་དེ་ནི་བད་ཀན་གྱིས་བསྒོངས་པའི་མིག་ནད་ཅེས་བྱའོ། །ཡང་མིག་གི་འབྲས
་བུ་དཀར་པོའི་སྟེང་དུ་ཕྱེ་མ་ལྟ་བུའི་ཐིག་ལེ་འབྱུང་ཞིང་དེ་ཡང་མཐོན་པོར་འདུག་པ་ཡིན་ཏེ། དེ་ནི་འབྲས་ཕྱེའི་ཐིག་ལེ་ལྟ་བུ་ཞེས་བྱ་བའི་མིག་ནད་ཅེས་བྱའོ། །ཁྲག་ལས་གྱུར་པའི་མིག་གི་འབྲས་བུ་དཀར་པོའི་ནད་མདོག་དམར་པོ་ཤར་ཤར་པོར་འགྱུར་ཞིང
་ཚ་འུར་འུར་པོར་འདུག་པ་ནད་དང་བཅས་པ་དང། མཚམ་དང་སྐྲང་བ་མེད་པ་ཡིན་ཏེ། དེའི་མིང་ནི་མིག་རྩ་འགྱུར་བ་ཞེས་བྱའོ། །དེ་ཉིད་གསོ་བ་མ་བྱས་པར་བཞག་ན་ནི་ཁྲག་ཆེར་སྐྱེས་ཏེ། ཁྲག་དང་བཅས་པ་ནི་མིག
་གི་རྩ་བ་ཞེས་བྱ་བའི་ནད་ཡིན་ཏེ། ལྟ་བ་ལ་སོགས་པའི་རྩོལ་བ་མི་ནུས་པར་འགྱུར་རོ། །མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཁྲག་གིས་གང་བའི་རྩའི་དྲ་བས་གཡོགས་ཏེ། དེ་ཡང་སྟུག་པ་དང་མཐོན་པོར་འདུག་པ
་དེ་ནི་རྩའི་དྲ་བའི་མིག་ནད་ཅེས་བྱའོ། །ཡང་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཤ་མ་འཐུག་བོ་འབྱུང་ཞིང་དེ་མཐོ་དམན་མེད་པ་འཇམ་པ་པདྨ་འདྲ་བ་ཡིན་ཏེ། དེའི་མིང་ནི་ཁྲག་ལས་གྱུར་པའི་མིག་མཛེར་གྱི་ནད་ཅེས་བྱའོ། །ཡང
་ན་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཐིག་ལེ་དམར་པོ་རི་བོང་གི་ཁྲག་ལྟ་བུ་དམར་པོར་སྣང་ཞིང་ནད་མེད་པ་འཇམ་པོར་འདུག་པ་དེ་ནི་ལིང་ཏོག་དམར་པོ་ཞེས་བྱའོ། །མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ནད་གཞི་གསུམ་ལས་གྱུར་པའི་མཛེར་མདོག་དམར་པོ་དང། སྔོ་བསངས་སུ་འདུག
་བ་དང། འཇམ་པ་དང། མྱུར་དུ་མཆེད་པ་དང། ཤས་ཀུན་ཏུ་ཁྱབ་པ་དེ་ནི་ཁྱབ་བྱེད་ཀྱི་མིག་ནད་ཅེས་བྱའོ། །ཡང་མིག་འབྲས་དཀར་པོ་ལ་ནད་གཞི་འདུས་པ་དང། ཁྲག་ལས་གྱུར་པའི་ནད་རྒྱུས་པ་ལྟ་བུ་ནར་ནར་པོར་གྱུར་པ་ནི་རྒྱུས་ལྟ་བུ
་མིག་མཛེར་གྱི་ནད་ཅེས་བྱའོ། །ཡང་ན་མིག་འབྲས་དཀར་པོའི་སྟེང་བུ་ཤེའི་རིལ་རིལ་པོར་ཁྲག་སྐམ་གྱི་མདོག་ལྟར་སྔོ་བསངས་སུ་འདུག་ཅིང་མཐུག་ལ་རྒྱ་ཆེ་བར་སྣང་བ་དེ་ནི་ཤའི་མིག་མཛེར་ཅེས་བྱའོ། །ཡང་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་འབྲས་བུ་ཕྲ་མོ་ཡུངས
་ཀར་གྱི་འབྲུ་ཙམ་མདོག་གནག་པ་དང། ཚ་བ་དང། རག་ན་རྩུབ་པ་དང། རྩ་མང་པོས་གཡོགས་པར་སྣང་བ་དེ་ནི་འབྲུམ་ཕྲན་རྩས་གཡོགས་པའི་མིག་ནད་ཅེས་བྱའོ། །དེ་ལས་མིག་ནད་ཉ་ཕྱིས་ལྟ་བུ་དང། མིག་རྩ་བརྩེ་བའི་ནད་དང། མིག་རྩ་འགྱུར་བའི་ནད་དང
་འབྲས་ཕྱིའི་ཐིག་ལེ་ལྟ་བུ་དང། བད་ཀན་གྱི་བསྒོངས་པའི་མིག་ནད་དང། ལིང་ཐོག་དམར་པོ་དང་སྟུག་པོ་དེ་དག་ནི་སྨན་གྱིས་གསོ་བར་བྱའོ། །ལྷག་མ་མདུན་ནི་མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །ལྷག་མ་མདུན་ནི་མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །བདུན་པོ་དེ་དག་སར་བའི་དུས་ན་ནི་སྨན་གྱིས་གསོའོ། །མིག
་མཛེར་གྱི་ནད་རྣམ་པ་ལྔར་བཤད་པ་དེ་དག་མིག་གི་འབྲས་བུ་ནག་པོའི་སྟེང་དུ་བྱུང་སྟེ། རྒྱུས་པ་དང། རྩས་གཡོགས་པར་སྣང་ན་དེ་ནི་མཚོན་གྱིས་བཅད་བར་བྱའོ། །མཐོང་མིག་གི་སྟེང་དུ་པགས་པ་ལ་ཤ་འབྱར་བ་ལྟ་བུ་མཐོན་པོར་ཕྱིན་པར་སྣང་ན་དེ་ནི་སྣང
་བར་བྱའོ། །མིག་གི་འབྲས་བུ་ནག་པོ་འམ། མཐོད་མིག་གི་སྟེང་དུ་མཁྲིས་པ་ལས་གྱུར་བའི་ལིང་ཏོག་འབྱུང་སྟེ། མིག་གི་པགས་པ་རྡོལ་ནས་ཟུག་གཟེར་དང་བཅས་ཤིང་མཆི་མ་འབྱུང་བ་དང། ན་བ་དང། དམར་བ་ཡིན་ཏེ་དེའང་ཛམྦུའི་འབྲས་བུ་སྨིན་པ་དང་འདྲ་བར
་སྣང་ཞིང་ཅུང་དམར་བར་འདུག་པ་དེ་ནི་ཟད་བྱེད་ཀྱི་ལིང་ཏོག་ཅེས་བྱ་སྟེ་གསོ་དཀའ་བ་ཡིན་ནོ། །ལིང་ཏོག་གི་ནད་དེ་ཆེར་སྐྱེས་ནས་ནི་ཆེར་ཟབས་སུ་པགས་པའི་རིམ་པ་གཉིས་ཕུབ་ནས་འདུག་པ་ཡིན་ཏེ། དེའི་མཚན་མ་ནི་ན་བ་དང། གཟེར་བ་དང། མཆི་མ་ལ་སོགས་པ་ཤས་ཚོར
་འབྱུང་བ་དང། ཁབ་ཀྱི་ཕུག་པ་ལྟར་སྣང་བ་ཡིན་ཏེ། དེ་ནི་མི་ལ་བཙམ་དུ་གསོར་རུང་ངོ། །ལིང་ཏོག་དེ་ཡང་སྔ་མ་བས་ཤས་ཆེར་སྐྱེས་ཏེ། པགས་པའི་རིམ་གསུམ་ཕུག་ནས་རྨ་ཀུན་ཏུ་ཁྱབ་པར་སྣང་བ་ནི། གསོར་མི་ནུས་སོ། །ཡང་མིག་གི་འབྲས་བུ་ནག་པོ་བད་ཀན
་ལས་གྱུར་བའི་ལིང་ཏོག་ཧ་ཅང་མི་དཀར་བར་དུང་གི་མདོག་ལྟར་སྣང་བ་དེ་ནི། ལིང་ཏོག་མ་འདྲེས་པ་ཞེས་བྱ་སྟེ། གསོ་བར་སླ་བ་ཡིན་ནོ། །ཡང་མིག་འབྲས་ནག་པོ་ལ་ཁྲག་ལས་གྱུར་པའི་ལིང་ཏོག་འབྲུམ་བུ་ཕྲ་མོ་ཟངས་མའི་མདོག་ལྟ་བུ་འབྱུང་བ་དང། མཆི་མའི
་མདག་ཀྱང་ཟངས་མའི་མདོག་ལྟར་དམར་ཞིང་འབྱར་བག་ཏུ་འབྱུང་བ་དང། རབ་ཏུ་ན་བ་དང། རིལ་རིལ་མ་དང་འདྲ་བའི་འབྲུམ་བུ་ཕྱིར་འབུར་བར་བྱུང་ལ་ཅུང་ཟད་ནག་བ་དེ་ནི་རིལ་མ་ལྟ་བུ་ཞེས་བྱ་བའི་ལིང་ཏོག་ཡིན་ཏེ་སྤང་བར་བྱའོ། །ཡང་ན་ནད་གཞི་གསུམ་དང
་ཁྲག་ལས་གྱུར་པའི་ལིང་ཏོག་འབྱུང་སྟེ། དེ་ཡང་ཚ་བ་དང། ན་བ་དང། ཟངས་མའི་མདོག་འདྲ་བའི་རྩ་གཡོགས་བར་འདུག་པ་དང། རྒྱུ་མེད་པར་མཆི་མ་གྲང་བ་དང་དྲོ་བ་རེས་ཀྱིས་འཛག་པ་དང། ཡང་སྐ་བ་དང་སླ་བ་རེས་ཀྱིས་འཛག་པ་ཡིན་ཏེ། དེའི་མིང་ནི་ལིང་ཏོག
་རྩས་གཡོགས་པ་ཞེས་བྱ་བ་ཡིན་ཏེ་སྤང་བར་བྱའོ། །ཡང་ན་ནད་གཞི་གསུམ་དང། ཁྲག་ལས་གྱུར་པའི་ལིང་ཏོག་མཐོང་བའི་མིག་སྟེང་དུ་བྱུང་སྟེ། འབྲས་བུ་ནག་པོ་ཐམས་ཅད་དཀར་པོར་བསྒྱུར་ཏེ། མདོག་དཀར་པོ་སྤྲིན་ལྟ་བུས་ཡོག་པ་འམ། ཡང་ན་འབྲས་ནིས་པ་བའི་ལོ་མ་ལྟ་བུས་ཡོག་ལ་ཤིན་ཏུ་མི
་བཟེར་བར་ན་ཞིང་ཅང་མར་ཙ་ཞིང་སྐྲད་པས་ཉེན་པ་ཡིན་ཏེ། དེའི་མིང་ནི་ལིང་ཏོག་ཚོས་པ་ཞེས་བྱ་སྟེ། ཡོངས་སུ་སྤང་བར་བྱའོ། །གང་གི་མིག་གི་མཐོང་བ་ཉམས་ཤིང་མིག་གི་མཛའ་སྔོ་བསངས་སུ་འདུག་པ་དང། ཡང་ན་དམར་བ་འམ། ཡང་ན་ཕྱིར་འབུར་བར་འདུག་པ་འམ། ཡང་ན་ཟབས་སུ་ཞུགས་པ་འམ། ཡང་ན་མཆི་མ་འཛག་ཅིང་རྨ་འཕྱི་མ་བ་འམ།
་གང་ན་རྙིངས་པ་འམ། ཡང་ན་མཐོན་དམན་དུ་འདུག་སྟེ་མི་མཉམ་པ་དང། ཡང་ན་དབུས་སུ་ཆད་པ་ལྟར་སྣང་བ་འམ། མཚན་མ་དེ་དག་གང་ཡང་རུང་བ་དང། ལྡན་བའི་ལིང་ཏོག་ནི་ཡོངས་སུ་སྤང་བར་བྱའོ། །དེ་ལྟར་མིག་གི་འབྲས་བུ་ནག་པོའི་ནང་དུ་ནད་གསོར་རུང་བ་དང། མི་རུང་བ་རྣམ་པ་ལྔར་བཤད་པ་ཡིན་ནོ། །མིག་མཆུའི་ནད་དང། མིག་གི་འབྲས་བུ་ནག་པོའི་ནད་དང་མིག་ཤེས་པར
་བའི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།དེ་ནས་མིག་ཟུར་གཉིས་དང། མིག་གི་འབྲས་བུ་དཀར་པོ་དང་ནག་པོ་རྣམས་ཀྱི་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་མུ་པ་ན་ཧ་ཞེས་བྱ་བའི་ནད་ལ་ནི་ཐོག་མ་སྨན་པས་དུགས་བྱས་ལ། དེའི་འོག་ཏུ་བཙགས་བུ་འབྲས
་ཀྱི་རྩ་མོ་འདྲ་བས་ཕུག་ལ། དེ་ནས་རྩ་མོ་དཀྱིལ་འཁོར་འདྲ་བའི་མཚོན་གྱིས་བཞར་བར་བྱའོ། །དེའི་འོག་ཏུ་པི་པི་ལིང་དང། རྒྱམ་ཚ་གཉིས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུས་ལ། མིག་མཆུ་ཞོ་ག་བཞིན་དུ་རས་ཀྱིས་བཅིང་པ་ལ་སོགས་པ་བྱའོ། །དེ་ནས་པ་ཊོ་ལའི་ལོ་མ་དང། སྐྱུ་རུ
་རའི་ལོ་མ་བསྐལ་བས་བླུགས་སོ། །པརྤ་ནི་ཞེས་བྱ་བའི་ནད་ཀྱི་བའི་ནད་ཀྱི་ཐུར་པུ་ནི་ལྕགས་ཀྱུ་གུག་པོས་ཆ་དང་པོ་ནས་བཟུང་སྟེང། འཕེལ་བཙགས་ཀྱིས་ཕྱེད་དུ་བཅད་དོ། །གཞན་ལྟར་བྱས་ན་ནི་མཆི་མ་རྒྱུ་མའི་སྦུ་གུ་གནོད་པར་འགྱུར་རོ། །དེ་ནས་སྦྲང་རྩི་དང་རྒྱམ་ཚ་སྦྱོར་བས་གདབ་བོ།།
་གསོ་བ་ལྷག་མ་ནི་མིག་མཛེར་གྱི་ཆོ་ག་བཞིན་དུ་བྱའོ། །མཆི་མ་རྣག་གར་པོར་འཛག་པའི་ནད་ལ་ནི་ཐོག་མ་རྩ་གཏར་ཏེ་ཁྲག་ཕྱུང་ལ། དེའི་འོག་ཏུ་སྨན་གྱི་བྱུག་པས་བྱུག་།དེའི་གསོ་བ་ནི་མིག་སྨིན་པའི་ཆོ་ག་མ་ནོར་པར་འདིར་བྱའོ། །དེ་བཞིན་དུ་རྒྱམ་ཚ་དང
་སྒེའུ་གཤེར་དང། ནག་ཚུར་དང། ལྕགས་དང་ཟངས་མ་ལེགས་པར་བཏགས་པའི་ཕྱེ་མས་བཏབ་པ་འམ་ཡང་ན་སྨན་དེ་རྣམས་སྦྲང་རྩི་དང་ཡིག་སྨན་དུ་སྦྱར་བ་བཏང་ངོ། །མིག་མཛེར་གྱི་ནད་སྲིན་བུ་ཅན་ལ་ཐོག་མར་བ་ལང་གི་ལྕི་བ་ལ་སོགས་པས་དུགས་བྱས་ལ
་མཚོན་འབྲས་ཀྱི་རྩེ་མོ་འདྲ་བས་དབུག་ལ་མཚན་གྱི་དཀྱིལ་འཁོར་འདྲ་བས་ཕྱི་བར་བྱའོ། །འབྲས་བུ་གསུམ་དང། ནག་ཚུར་དང། རྒྱམ་ཚ་རྣམས་སྦྲང་རྩི་དང་སྦྱར་བས་གདབ་བོ། །ཉ་ཕྱིས་ལྟ་བུའི་མིག་ནད་ལ་ནི་བད་ཀན་འཛག་པ་ཞེས་བྱ་བ་གསོ་བ་ཐམས་ཅད་འདིར་བྱའོ། །བད
་ཀན་བསྒངས་པ་ཞེས་བྱ་བའི་མིག་ནད་དང། འབྲས་ཀྱི་ཐིག་ལེ་ལྟ་བུ་ཞེས་བྱ་བའི་མིག་ནད་གཉིས་ནི་གཏར་ཀ་མ་གཏོགས་པ་ལྷག་མ་བད་ཀན་འཛག་པའི་ཆོ་ག་བཞིན་དུ་བྱའོ། །དེ་བཞིན་དུ་གཉིས་པོ་དེ་ལན་ཚ་བ་གསུམ་དང། ཀཏཔ་ལ་དང་འདི་རྣམས་བཏགས་པའི་ཕྱེ་མ་ཁ
་ལུང་གི་ཁུ་བས་བསྒོས་ཏེ། མིག་སྨན་དུ་གཏང་ངོ། །སྲི་ཤིང་གི་མེ་ཏོག་ཁམ་བྱེ་བ་དང། རྒྱམ་ཚ་དང། ཐང་ཤིང་དང། བཅའ་སྒ་དང། འདི་རྣམས་བཏགས་པའི་ཕྱེ་མ་ཆང་གི་དང་ཨ་མ་དང་མིག་སྨན་དུ་སྨྱུ་རན་སྐྲང་བ་དང། གཡའ་བ་སེལ་བར་བྱེད་དོ། །མིག་ནད་རྩ་འགྱུར་བ་དང། བརྩེ་བ་དང་རྩའི་དྲ་བས་ཡོག་པ་དང
་ལིང་ཏོག་དམར་པོ་དང། དྲ་བའི་དྲ་བ་ལྟ་བུ་སྟེ་བཞི་པོ་དེ་དག་ནི་ཁྲག་འཛག་པའི་ཆོ་ག་བཞིན་དུ་བྱའོ། །ཁྱད་པར་དུ་རྩ་འགྱུར་བའི་མིག་ནད་ལ་ནི་མར་དང་སྦྲང་རྩི་སྦྱར་བས་བསྐུའོ། །རྩ་བ་རྩ་བ་ཞེས་བྱ་བའི་མིག་ནད་ལ་ནི་སྐྱེར་ཁཎྜ་ཞིབ་ཏུ་བདར་ལ་སྦྲང་རྩི་དང་སྦྱར་བས་མིག་བསྐུའོ། །ལིང
་ཏོག་དམར་པོ་ལ་ནི་སྦྲང་རྩི་དང། ཁར་དང་ཞོག་ཆུ་སྦྱར་བ་བླུགས་ན་ཕན་ནོ། །དེ་བཞིན་དུ་ལིང་ཏོག་དམར་པོ་ལ་ནི་ཤེལ་དང། དུང་དང། ཏིང་མངར་དང་གུར་གུམ་དང་འདི་རྣམས་སྦྲང་རྩི་དང་སྦྱར་བའི་མིག་སྨན་བཏང་ངོ། །ཡང་ན་ལིང་ཏོག་དམར་པོ་ལ་ནི་དུང་དང། སྦྲང་རྩི་སྦྱར་བ་འམ། ཡང་ན
་ཁར་རྒྱ་མཚོའི་དབུ་བ་སྦྱར་བ་བླུགས་པ་ཕན་ནོ། །གོང་དུ་མིག་མཛེར་གྱི་ནད་རྣམ་བ་ལྔ་བཤད་པ་ལས། དུད་ཀ་ལྟ་བུ་དང། དམར་བ་དང་ཞོ་འདྲ་བའི་ནད་གང་ཡིན་པ་དེ་དག་ནི་ལིང་ཏོག་གསོ་བའི་ཆོ་ག་བཞིན་དུ་བྱའོ། །མིག་མཛེར་ལྔ་པོ་གང་བྱུང་ཡང་རུང་སྟེ། ཐོག་མར་ནད་པ་གན་རྒྱལ
་དུ་བཞག་ལ་དུགས་བྱ་སྟེ། ཁ་ལུང་དང། རྒྱམ་ཚ་སྦྱར་བས་མིག་སྐུས་ལ་ལག་པས་མཉེ་བར་བྱའོ། །དེ་ལྟར་མིག་མཛེར་ཤས་ཆེར་བྱུང་སྟེ། རང་གི་གནས་ནས་བསྐྱོད་པ་དང། ནད་གཡོག་གི་འདིར་ཁྱད་པར་དུ་མགོ་བོ་མི་འགུལ་བར་དམ་དུ་བཟུང་ལ་མིག་མཛེར་གང་ཕྱོགས
་ན་ཆེར་ཡོད་པ་བརྟགས་ཏེ། མཐོང་བའི་མིག་བསྲུང་ཞིང་གང་དུ་ཆེར་སྐྱེས་པ་དེ་དང་དེར་མཆོག་ལྕགས་ཀྱུ་རབ་ཏུ་གུག་པ་འམ། མཚོན་མུ་ཙ་ཏྱ་ཞེས་བྱ་བ་དང། མཚོན་སེའུ་ཙི་ཙི་ཏྲི་ཞེས་བྱ་བ་གང་ཡང་རུང་བ་ལེགས་པར་བཟུང་ནས་རྨ་ཆེར་མི་གདོང་ཅིང་མཚོན་རྩེ
་དཀྱིལ་འཁོར་ལྟ་བུས་བཅད་དེ། དེ་ཡང་སྣ་གོང་གཡས་ཀྱི་མིག་ཕུགས་ཀྱི་འབྲམ་ནས་ཆ་བཞིར་དགོས་ཏེ། ཆ་གཅིག་ལུས་པ་ཙམ་ན་བཅད་དེ་སྣ་གོང་ཕྱོགས་ཀྱི་མིག་ཟུར་ནས་མཆི་མ་བྱུང་བའི་སྦུ་སྦུ་ཡོད་དེ་བསྲུང་བར་བྱའོ། །གལ་ཏེ་དེར་མཚོན་གྱིས་ཕོག་ན་ནི་རྟག
་ཏུ་མཆི་མ་འཛག་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་མིག་འགྲམ་ཕྱོགས་སུ་མིག་མཛེར་ཡོད་ན་ནི་ནད་པ་སྣ་གོང་ཕྱོགས་སུ་བལྟར་བཅུག་ནས་ཡང་བཞི་ཆར་དགོས་ཏེ། ཆ་གཅིག་ལུས་པ་ཙམ་ན་བཅང་བར་བྱ་སྟེ། དེར་ཡང་མཆི་མ་འཛག་པ་བསྲུང་བར་བྱའོ
་དེ་ལྟར་མཚོན་གྱིས་ལེགས་པར་བཅད་པའི་འོག་ཏུ་ཚ་བ་གསུམ་དང། རྒྱམ་ཚ་དང། སྦྲང་རྩི་དང་སྦྱར་བས་བསྐུའོ། །དེའི་འོག་ཏུ་ཞུན་མར་དྲོན་པོས་བླུགས་སོ། །དེ་ནས་ཞུན་མར་སྦྲང་རྩི་དང་སྦྱར་བས་བསྐུའོ། །དེའི་འོག་ཏུ་རས་ཀྱིས་གོང་མ་ལྟར་ཆིངས་ཤིག་།དེ་ནས་ཞག་གསུམ་པ་ལ་རས་བཀྲོལ་ནས་ཀ་ཛ་འོ་མ
་དང་བསྒྲབས་བསྐོལ་ཏེ་བླུགས་པར་བྱའོ། །ཡང་ན་སེར་པོ་རྣམ་གཉིས་དང། པ་ཏོ་ལ་དང། ཤིང་མངར་དང། རྒྱ་སྐྱེགས་ཤིང་འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་ཀོ་རནདྷའི་མེ་ཏོག་ཁམ་བྱེ་བ་དང། སྦྲང་རྩི་བཏབ་པས་བླུགས་པར་བྱའོ། །དེ་ནས་ཞག་ལྔ་འམ་ཞག་བདུན
་ནས་མིག་གི་ནང་རུང་བ་འདྲན་རས་དགྲོལ་བར་བྱའོ། །དེ་མཚོན་གྱིས་ལེགས་པར་བཅད་ན་ནི་ནད་མེད་ཅིང་བདེ་བར་འགྱུར། །བཅད་མ་ལེགས་ན་ནི་ནད་འབྱུང་བར་འགྱུར་རོ། །དེ་ལ་ནི་སྨན་གྱིས་བླུགས་པ་དང། བསྐུ་བ་དང། བཞར་བ་དང། མིག་བལྟ་བའི་ཆོ་ག་རྣམས་ལེག
་པར་གྱིས་ཤིག་།ཁ་ར་དཀར་པོ་དང་ལྡིང་རོས་དང། ཨེ་ལ་བ་ལུ་ཀ་དང། ཚ་མཆོག་རྒྱམ་ཚ་དང། བཅའ་སྒ་དང། དེ་རྣམས་ཞོ་རེ་རེ་དང། སྐྱེར་ཁཎྜ་སྲང་ཕྱེད་དང། འདི་རྣམས་སྦྲང་རྩི་དང་སྦྱར་བ་མིག་ཏུ་བསྐུས་ན། བད་ཀན་ལས་གྱུར་པའི་རབ་རིབ་དང། མིག་ཆུ
་སེར་གྱིས་གང་བ་དང། ལིང་ཏོག་དང། མིག་མཛེར་བཅས་པའི་ལྷག་མ་ལུས་པ་ལ་ཕན་ནོ། །འབྲས་བུ་གསུམ་གྱི་ཤུན་པ་རེ་རེ་ནས་ཆུ་ཐགས་སུ་བྱས་ཏེ། ལྡེ་གུ་འདྲ་བར་གྱུར་པ་དང། རྫའུ་ཁ་སྦྱར་གྱིས་བསྲེགས་ལ་རང་རང་གི་ཁུ་བ་དང་སྤྲུས་ཏེ་སྐམ། དེ
་ནས་བཏགས་ཏེ་དེ་ལྟར་ཡང་དང་ཡང་བྱས་ན་སྣག་ཚ་འདྲ་བར་གྱུར་པ་དང། རྒྱམ་ཚ་ཉིས་འགྱུར་དང་སོ་སོར་བསྲེས་ལ་ཡང་བཏགས་ཏེ། ཕྱེ་མ་གསུམ་པོ་དེ་དག་ནི་བཞར་ཞིང་ཕྱེ་བའི་འོག་ཏུ་བསྐུ་བའི་སྨན་གྱི་མཆོག་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ།
་རྩའི་དྲ་བས་གཡོགས་པ་ལྟ་བུ་ཞེས་བྱ་བའི་ནད་རྩ་རྣམས་ཤིན་ཏུ་སྲ་བར་འདུག་པ་ཡང་སྨན་གོང་མས་བསྐུའོ། །དེས་ཞིར་མ་འདོད་ན་ནི་མིག་མཛེར་དང་འབྲུམ་བུའི་ཆོ་ག་བཞིན་དུ་གསོ་བར་བྱའོ། །ལིང་ཐོག་ཐམས་ཅད་ལ་ནི་ཐོག་མ་ནད་གཞི་གང་ཡིན་བཏགས་ཏེ། སྣུམ་པ་འམ་རྩུབ
་པ་གང་དང་སྦྱོར་བ་དང། འབྲས་བུ་གསུམ་དང་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཏིཀྟ་ཆེན་པོའི་སྨན་མར་ཡང་བླུད་དེ་གཏར་ཀ་བྱའོ། །བཀྲུ་སྨན་དང་བླུགས་པ་ལ་སོགས་པ་ཡང་འདོད་པ་ཡིན་ནོ། །ལིང་ཏོག་ཟད་བྱེད་ལ་ནི་དེ་བཞིན་དུ་ཏིཀྟ་ཆེན་པོའི་སྨན་མར་ཡང་བླུད་དེ་གཏང?་ཀ་བྱའོ། །བཀྲུ་སྨན་དང
་བླུགས་པ་ལ་སོགས་པ་ཡང་འདོད་པ་ཡིན་ན་དུརྦིད་དང་ལན་གསུམ་བསྐོལ་བའི་ཁུ་བ་མར་དང་ཡང་བསྐོལ་ཏེ། མར་ལུས་པ་ལས་རན་པར་བླུད་དོ། །དེའི་འོག་ཏུ་སྲིན་བུ་པདྨ་འམ། གཏར་ཀས་ཁྲག་དབྱུང་ངོ། །ུཏཔལ་དང། རམ་ཉེ་བ་རྣམ་པ་གཉིས་དང་རྒུན་འབྲུ་དང། ཤིང་མངར
་དང། པི་ད་རི་དང། འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བ་འམ། ཡང་ན་རའི་འོ་མ་དང་བསྐོལ་ཏེ། འོ་མ་ལུས་པ་གང་ཡང་རུང་བའི་ནང་དུ་ཁ་ར་དཀར་པོ་བཏབ་སྟེ་མིག་ཏུ་བླུགས་ན། ལིང་ཏོག་ཟད་བྱེད་སེལ་ཏོ། །གལ་ཏེ་མིག་དམར་ཞིང་མཆི་མ་འཛག་སྟེ་ནད་དང་བཅས་པ་ལ་ནི
་དྲང་སྲོང་མུ་ཁྱུད་ཀྱི་མིག་སྨན་གྱིས་ཞི་བར་བྱའོ། །སྲི་ཤིང་གི་མེ་ཏོག་དང། རྒྱ་སྐྱེགས་དང། བཙག་ཡུག་སྣམ་དང། ཙན་དན་དཀར་པོ་རྣམས་རི་ལུར་བྱས་ཏེ་བསྐུས་ཏེ། ཁྲག་དང་མཁྲིས་པ་དག་པར་བྱེད་ཅིང་ཟད་བྱེད་ཀྱི་ལིང་ཏོག་འཇོམས་པར་འགྱུར་རོ། །ཡང་གླང་པོ་ཆེ་དང།
་?་དང། རྔ་མོ་དང། བ་ལང་དང། རྟ་དང། ར་དང། བོང་བུ་དང་འདི་རྣམས་ཀྱི་སོ་དང། དུང་དང། མུ་ཏིག་དང། རྒྱ་མཚོའི་དབུ་པ་དང། དེ་རྣམས་ཆ་བསྙམས་ཏེ། སྨན་སྣ་གཅིག་གི་བཞི་ཆའི་ན་ལེ་ཤམ་རྣམས་ལྷན་ཅིག་རི་ལུར་བྱས་ཏེ་བསྐུས་ན། ལིང་ཏོག་ཟད་བྱེད་ཀྱི
་ཁྱབ་པར་གྱུར་པ་ལས་ཟློག་པར་བྱེད་དོ། །ཡང་ན་ཏ་མ་ལའི་ལོ་མ་དང། བ་ལང་གི་སོ་དང། དུང་དང། རྒྱ་མཚོའི་དབུ་བ་དང། བོང་བུའི་རུས་པ་དང། ཟངས་མ་དེ་རྣམས་བ་གཅིན་དང་རི་ལུར་བྱས་ཏེ། མིག་བསྐུས་ན་ལིང་ཏོག་ཐམས་ཅད་སེལ་ཏོ། །ཡང་ནམ་?་ལ་སོགས་པ་རིན་པོ
་ཆེ་དང། གླང་པོ་ཆེ་ལ་སོགས་པའི་སོ་དང། ཕྱུགས་ཀྱི་བ་རྣམས་དང། གསེར་ལ་སོགས་པའི་འབྱུང་ཁུངས་ཀྱི་ནོར་བུ་དང། ཚ་བ་གསུམ་དང། སུག་སྨེལ་དང། ཀར་ཉྫའི་ས་བོན་དང། སྒོག་སྐྱ་དང། གང་ཡང་རྨ་འཚོ་བའི་སྨན་གྱི་རིགས་རྣམས་རི་ལུར་བྱས་ཏེ་མིག
་བསྐུས་ན་ལིང་ཏོག་རྨ་དང་བཅས་པ་དང། རྨ་ཟབ་པ་དང། མིག་སྤྲིན་གྱི་སྟེང་གི་ལིང་ཏོག་ཐམས་ཅད་འཇོམས་པར་བྱེད། །ལིང་ཏོག་པགས་པ་ཕུག་ནས་ཟ་བ་སུ་སོང་ཞིང་ནད་དང་བཅས་པ་ལ་ནི་སྣུམ་གྱི་བཏུང་བ་དང། སྣར་བླུགས་པ་དང། ཟས་བཅུད་ཅན་ཟོས་ཀྱང་བརྟ་སྟེ། འཚོ
་བར་འགྱུར་རོ། །ནད་མེད་པ་ལ་ནི་སྨན་གྱི་ཕུར་མ་བསྲེག་ཅིང་བཅོས་པའི་ཁུ་བའི་ཐིགས་པ་མིག་ཏུ་གླུགས་ཤིང་ཚིམ་པར་བྱས་ན་ཕན་ནོ། །ལིང་ཏོག་ཉི་ཚེལ་ནི་སྐྱེར་བ་དང། ཤིང་མངར་དང། ཐལ་ཏྲེས་དང། སེང་ཕྲོམ་ཤ་བ་ར་དང་དེ་རྣམས་བསྐོལ་བའི་ཁུ་བ་འམ། ཡང
་ན་སེང་ཕྲོམ་བཏགས་པའི་ཕྱེ་མ་ཆུ་དྲོན་གྱི་ནང་དུ་བསྙུག་ཅིང་དེའི་ཐིགས་པ་གང་ཡང་རུང་བ་བླུགས་ན་ཕན་ནོ། །ཡང་ན་བྲི་ཧ་ནིའི་རྩ་བ་དང། ཤིང་མངར་དང་ཟངས་མའི་ཕྱེ་མ་དང། རྒྱམ་ཚ་དང། དོང་གྲ་དང། སྐྱུ་རུ་རའི་འབྲས་བུ་དང། དེ་རྣམས་ཆུ་ཐགས་སུ་བྱས་པའི
་ལྡེ་གུས་ཟངས་མའི་སྣོད་ལ་བསྐུས་ཏེ། ནས་དང། སྐྱུ་རུ་རའི་ལོ་མ་དང། མར་གསུམ་བསྲེས་པའི་དུད་པ་ཡིས་ལན་མང་དུ་བདུགས་པའི་ཟངས་མའི་སྣོད་ཀྱི་སྨན་དང་བཅས་པའི་ནང་དུ་ཆུ་དང་སྦྲང་རྩི་བཅུག་ལ་མཉེས་ཏེ་རི་ལུར་བྱས་པ་དེ་ནི་མཐོན་ཁ་ཆེན་པོ་ལྟ་བུ
་ཞེས་བྱ་སྟེ། ལིང་ཏོག་ཉེ་ཚེ་སེལ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ལིང་ཏོག་མ་འདྲེས་པར་བརྟན་ཞིང་མཐུག་པར་སྣང་བ་དེ་ལ་ནི་ལན་མང་དུ་ཁྲག་གཏར་ཞིང་མགོ་དང་ལུས་ཀྱི་ཁྲུས་དང། སྨན་གྱི་ཕུར་མ་བཙོས་པའི་ཁུ་བའི་ཐིགས་པ་བླུགས་པ
་ལན་མང་དུ་བྱའོ། །གཞན་ཡང་ན་ལེ་ཤམ་དང་པི་པི་ལིང་དང། ཤྲི་ཤའི་འབྲས་བུ་དང། རྒྱམ་ཚ་དང་དེ་རྣམས་ཀྱི་ཕྱེ་བ་འམ་ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་རྒྱམ་ཚ་བཅུག་པས་བསྒོས་ན་གནས་ནས་སྐྱོད་པར་བྱེད་དོ། །ཡང་ན་དུད་པ་དང། རྒྱ་ཤུ
་གི་ཚིག་གུ་དང། ཀ་ཏ་ཀ་དང། རྒུན་འབྲུ་དང། ཤིང་མངར་དང་སྦྲང་རྩི་དང། དེ་རྣམས་སྦྱར་བ་བསྐུ་བ་འམ། ཡང་ན་སོ་དང། རྒྱ་མཚོའི་དབུ་བ་དང། ཤྲི་ཤའི་མེ་ཏོག་གང་དག་ཆང་དང་སྦྱར་ཏེ་བསྐུས་ན་ཡང་ལིང་ཏོག་ཉི་ཚེ་གནས་ནས་སྐྱོང་བར་བྱེད་དོ། །ཡང་ན་སྐྱུ་རུ་ར་དང། ཕ་ནི་ད་ཛའི་ཁུ་བའི
་ནང་དུ་བ་ལང་གི་ལྕི་བ་ཐལ་བར་བྱས་པ་ནུ་པ་གཅིག་སྤངས་ཏེ་སྐམས་བཏགས་པའི་ཕྱེ་མས་ཡང་བསྐུས་ན་ཡང་ལིང་ཏོག་ཉི་ཚེ་གནས་ནས་སྐྱོང་པར་བྱེད་དོ། །ཡང་ན་མོན་སྲན་སྡེའུ་འི་ཕུབ་མ་དང་བྲལ་བ་དུད་དང་ལྷན་ཅིག་བཏགས་ཏེ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཡང
་ཕན་ནོ། །ཡང་ན་མ་དུ་ཀའི་སྙིང་པོ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་བ་རུ་རའི་ཚིག་གུ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ལིང་ཏོག་ཉི་ཚེ་གནས་ནས་སྐྱོད་པར་བྱེད་དོ། །ཡང་ན་བ་ལང་དང། བོང་བུ་དང། རྟ་དང། རྔ་མོ་དང། དེ་རྣམས་ཀྱི་སོ་དང། དུང་དང། རྒྱ་མཚོའི་དབུ་བ
་དེ་རྣམས་ཨརྫུ་ན་དང་བསྐོལ་བའི་ཁུ་བ་དང་རི་ལུར་བྱས་པས་མིག་བསྐུས་ན་ལིང་ཏོག་གནས་ནས་བསྐྱོད་དེ་འཇིག་པར་བྱེད་དོ། །ལིང་ཏོག་མཐོན་པོར་འདུག་པ་འམ། མཐུག་པ་འམ། ཟུག་རྔུ་འདྲ་པ་འམ། དེ་གསུམ་གང་ལྟར་འདུག་ཀྱང་རྟ་རྔ་ལ་སོགས
་པས་བཞར་བར་བྱའོ། །ལིང་ཏོག་རྩས་གཡོགས་པ་ཞེས་བྱ་བ་དེ་ནི་གལ་ཏེ་མཐོང་བ་མ་ཉམས་ན་མིག་རྨ་གསོ་བའི་ཆོ་ག་ལྟར་གྱིས་ཤིག་།ཡང་ན་པྲ་པུཎྚ་རཱི་ཀ་དང། ཤིང་མངར་དང། བུ་ཚང་རྡོ་དང། བྲི་ཧ་སྟི་དང། ཨ་ཀ་རུ་དང། ལིགབུ་མིག་དང
་དེ་རྣམས་རའི་འོ་མ་དང་བཏགས་པའི་ལྡེ་གུ་སྦྱར་ལ་ཐོག་མ་ནས་མར་གྱི་དུད་པས་བདུག་།དེའི་འོག་ཏུ་སྐྱུ་རུ་རའི་དུད་པས་ཡང་བདུགས་ལ་དེ་ནས་རི་ལུར་བྱས་ཏེ། མིག་ཏུ་བསྐུས་ན་ཕན་པ་བྱེད་པའི་མཆོག་ཡིན་ནོ། །སྦྱོར་བ་དེ་དག
་གིས་ཀྱང་མ་ཞིན་མིག་མཆུའི་སྐབས་སུ་བཤད་པའི་མཚོན་གྱི་ལས་དང། རའི་རིལ་མ་ལྟ་བུའི་ལིང་ཏོག་གི་ཆོ་ག་བྱའོ། །རའི་རིལ་མ་ལྟ་བུའི་ལིང་རྟོག་དང། དེ་བཞིན་དུ་གསེར་མི་རུང་བའི་ལིང་ཏོག་གཞན་དག་གལ་ཏེ་ཟུག་གཟེར་དང་བཅས་པ
་ཡིན་ན་ནི་དེ་ཞི་བར་བྱ་བའི་ཕྱིར་སྣུམ་གྱི་བཏུང་བ་དང། ཁྲག་དབྱུང་བ་ལ་སོགས་པས་ཞི་བར་བྱའོ། །དེ་བཞིན་དུ་ལིང་ཏོག་ཕྱིར་འབུར་ཞིང་མཐོན་པར་སྣང་བ་ཡང་དབྲི་བར་བྱ་ཞིང་འཇོམས་པའི་སྨན་བྱའོ། །རྒྱ་སྟར་དང། གོ
་བྱེ་དང། །ཤིང་རྟ་དང། ཀ་རི་རི་དང། མིག་མང་ང་དེ་རྣམས་ཀྱི་རུས་པ་སྲེགས་པའི་ཐལ་བ་བརྩགས་པའི་ཐལ་ལོ་ཁུའི་ནང་དུ་རྔ་མོའི་རུས་པ་བཏགས་པའི་ཕྱེ་མ་བཏབ་སྟེ་བསྐོལ་ལ། །དེ་བཞིན་དུ་ཡང་དང་ཡང་དུ་བྱས་ལ་མིག་བསྐུས་ན། །ལིང་ཏོག་གསོར་མི་རུང
་ཞིང་མདོག་གྱུར་པ་ཡང་འཇོམས་སོ། །སྦྱོར་བ་དེ་དག་ནི་གསོར་མི་རུང་བ་ཡང་འཇོམས་པར་བྱེད་ན་གསོར་རུང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཡོན་ཏན་དཔག་ཏུ་མེད་དོ། །རའི་རིལ་མ་ལྟ་བུ་ཞེས་བྱ་བའི་ལིང་ཏོག་གསོར་མི་རུང་བ་དེ་ནི་ངོས་གཉིས་ནས་བཙགས
་བུ་ཁ་བརྩེ་འདྲ་བས་དྲལ་ཏེ་མཐེ་བོང་གཉིས་ཀྱིས་བཅིར་ལ་ཆུ་སེར་གཟག་གོ་།དེའི་རྨའི་ནང་དུ་བ་ལང་གི་ཤའི་ཕྱེ་མ་དང་ཚིལ་རློན་པས་རྨའི་ནང་དུ་བཅུག་སྟེ། དེའི་འོག་ཏུ་རས་ཀྱིས་དཀྲིས་ཏེ་བཅིང་བ་དང། དཀྲོལ་བར་ཡང་བྱའོ། །དེ་ནས་ཞག་བདུན
་ལོན་ཏེ་རྨ་རྡུབ་ཅིང་མིག་གི་འབྲས་བུ་ནག་པོ་མི་མཉམ་པ་མེད་ཅིང་བརྟན་པར་གྱུར་པ་དང། སྣུམ་དང་བཅས་པའི་མིག་སྨན་བཏང་ཞིང་མར་དང་འོ་མར་སྦྱར་བའི་སྣ་སྨན་ཡང་བླུགས་སོ། །དེ་ལྟར་ཆོ་ག་བྱས་ཀྱང་ཆུས་ཡང་ཁེངས་པ་ལྟ་ན་དགུག་པ་དང། དྲལ་བ་ལ་སོགས་པའི
་ཆོ་ག་ཅི་རིགས་པར་བྱ་སྟེ། ཅི་ནས་ཀྱང་དཔྱད་དྲགས་ཏེ། མཐོང་བའི་མིག་ནང་དུ་མ་ཞུགས་པའི་ཐབས་བྱའོ། །དེ་ལྟར་ལིང་ཏོག་ཐམས་ཅད་སོ་སོའི་ནད་དང་རྗེས་སུ་མཐུན་པའི་སྨན་དང་སྦྱར་བའི་མར་གྱིས་སྣར་བླུགས་པ་ལ་སོགས་པ་རྟག་ཏུ་བསྟེན་པར་བྱ་སྟེ། དེ་བཞིན་དུ
་མཐོང་བའི་མིག་མཉམས་པར་མི་འགྱུར་ཞིང་ནད་ཀྱིས་སྟོབས་མི་རྙེད་པར་བྱ་བའི་ཆེད་དུ། །དུས་རྟག་ཏུ་མིག་སྨན་རྣོན་པོ་བརྟེན་པར་བྱའོ། །མིག་གི་འབྲས་བུ་དཀར་ནག་དང། མིག་གི་འབྲས་མཚམས་ཀྱི་ནད་གསོ་བའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།དེ་ནས
་མིག་རབ་རིབ་ཏུ་གྱུར་ཏེ་མི་མཐོང་བའི་ནང་དམིགས་བརྟག་པའི་ལེའུ་བཤད་པར་བྱའོ། །དེ་ལ་ནད་གཞི་གང་ཡང་རུང་བརྩའི་ནང་དུ་ཞུགས་ཏེ། རབ་རིབ་ཀྱི་རིམ་པ་དེ་ལྟར་དང་པོས་ཁེབས་པའི་རྟགས་ནི་རྒྱུ་མེད་པར་དངོས་པོ་རྣམས་གསལ་བར་མི་མཐོང་བ་དང། །ཡང་ན་དངོས
་པོ་མེད་པ་གསལ་བར་མཐོང་བ་ཡིན་ནོ། །མཐོང་བའི་མིག་ལ་རབ་རིབ་རིམ་པ་གཉིས་ཀྱིས་ཁེབས་པའི་རྟགས་ནི་རྒྱུ་མེད་པར་དངོས་པོ་རྣམས་གསལ་བར་མི་མཐོང་བ་དང། དངོས་པོ་མི་སྣང་བ་ཐམས་ཅད་མཐོང་ལ། དྲུང་ན་འདུག་པའི་དངོས་པོ་གསལ་བ་ནི་རབ་ཏུ་བསྒྲིམས་ཏེ
་བརྟགས་ན་བཟོད་པ་དང། ཐག་རིང་བ་དང། ཕྲ་བའི་དངོས་པོ་མི་མཐོང་བ་དང། རིང་བ་ནི་ཉེ་བར་མཐོང་ལ་ཉེ་བ་ནི་རིང་བར་མཐོང་བ་ཡིན་ནོ། །དེ་བཞིན་དུ་ནང་གི་ནང་ཟླུམ་པོ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཕྱིའི་གཟུགས་ཀྱང་དེ་བཞིན་དུ་མཐོང་བ་དང། ཉེས་པ་དེ་མཐོང་བའི
་མིག་གི་དབུས་སུ་བརྟན་པ་ཡིན་ན་ནི། དངོས་པོ་གཅིག་གཉིས་སུ་མཐོང་བ་དང། མང་པོ་གཅིག་ཏུ་མཐོང་བ་དང། ཉེས་པ་དེ་ལྟ་བུ་མིག་གི་ནང་དུ་ཞུགས་ན་ནི་དངོས་པོ་ཆེ་བ་ཆུང་བར་མཐོང་བ་ཡིན་ནོ། །མཐོང་བའི་མིག་གི་འོག་ཕྱོགས་སུ་ཉེས་པ་བརྟེན་པ་ཡིན་ན་ནི་དྲུང
་ན་འདུག་པ་མི་མཐོང་བ་ཡིན་ནོ། །ཉེས་པ་སྟེང་ཕྱོགས་སུ་བརྟེན་པ་ཡིན་ན་ནི་ཐག་རིང་བའི་དངོས་པོ་མཐོང་བ་ཡིན་ནོ། །མཐོང་བའི་མིག་གཡས་གཡོན་གཉིས་ཀ་ལ་ཉེས་པ་བརྟེན་པ་ཡིན་ན་ནི་གཡས་གཡོན་གྱི་དངོས་པོ་རྣམས་མི་མཐོང་བ་ཡིན་ནོ། །མཐོང་མིག་ལ་སྤྲིས།
་གཡོགས་པའི་རིམ་པ་གསུམ་དུ་གཡོགས་པ་ལ་ནི། །སྟེང་འོག་གཉིས་སུ་མི་མཐོང་ཞིང་མཐོང་བ་ཡང་རས་སྲབ་མོས་མིག་བཀབ་པ་ཙམ་དུ་མཐོང་བ་ཡིན་ནོ། །ཇི་ལྟར་སྤྱི་མདོག་འགྱུར་བ་བཞིན་དུ་མཐོང་བ་དེ་ཡང་དེ་ལྟར་འགེབས་པར་བྱེད་དོ། །གནས་སྐབས་རིམ་པ་དེ་དག
་ཏུ་གསོ་བ་མ་བྱས་ན་ནི། གནས་སྐབས་བཞི་པ་ལས་ཉེས་པས་མཐོང་བའི་མིག་ཁྱབ་པར་འགེབས་ཏེ། གཏན་དུ་མི་མཐོང་བ་ཡིན་ཏེ། དེ་དག་ནི་རབ་རིབ་ཀྱི་མཚན་མ་སྤྱིར་བསྟན་པ་ཡིན། །དེ་ལ་རླུང་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་དངོས་པོ་རྣམས་འགྱུར་བར་མཐོང
་བ་དང། དངོས་པོ་བརྟན་པ་འགུལ་བར་མཐོང་བ་དང་མི་གསལ་བར་མཐོང་བ་དང། འོད་རྩ་དམར་བར་མཐོང་བ་དང། རེས་འགའ་གསལ་བར་མཐོང་བ་དང། དེ་བཞིན་དུ་དྲ་བ་རིས་སུ་མཐོང་བ་དང། སྐྲ་ཤད་འཛིངས་པ་མཐོང་བ་དང། མེད་བཞིན་དུ་སྤྲང་བུ་དང། འོད་ཟེར
་མཐོང་བ་རྣམས་ཡིན་ནོ། །དེ་ལྟར་རླུང་ལས་གྱུར་པའི་རབ་རིབ་ཀྱི་ནང་གསོ་བར་མ་བྱས་ཏེ། སྤྲིས་གཡོགས་པ་རིམ་པ་གསུམ་པར་གྱུར་ན་ནི་མིག་གིས་འབྲས་བུ་རྩ་དམར་པོར་འགྱུར་ཞིང་གཞན་གྱི་གདོང་ལ་སྣ་མེད་པར་མཐོང་བ་དང། ཟླ་བ་དང་མེ་ལ་སོགས་པ
་གཅིག་ལ་དུ་མར་མཐོང་བ་དང། ཡོན་པོ་དྲང་པོར་མཐོང་ཞིང་དྲང་པོ་ཡོ་བར་མཐོང་བ་ཡིན་ནོ། །ནད་དེ་ཆེར་སྐྱེས་ཏེ་གནས་སྐབས་བཞི་བར་གྱུར་ན་རྡུལ་ལམ་དུ་བས་ཁེབས་པ་ལྟར་སྣང་བ་འམ། ཤིན་ཏུ་གསལ་བར་སྣང་བ་འམ། ཡང་ན་མཐོང་བའི་མིག
་རྒྱ་ཆེ་བ་དང། ཡང་ན་མིག་འཇུམ་པའི་སྣང་བ་ནི། མཐོང་བ་ཉམས་ཤིང་ལོང་བ་ཞེས་བྱའོ། །ཡང་རླུང་གིས་མཐོང་བའི་མིག་གི་རྩ་འཁུམས་པར་བྱས་ནས་མཐོང་བའི་མིག་ཟབས་སུ་ཞུགས་ཏེ། ཉེས་པ་ངེས་མཐོང་བ་ཉམས་པ་ཡོད་དེ་དེ་ནི་ཟབས་སུ་ཞུགས་པའི
་མིག་ནང་དུ་དྲང་སྲོང་རྣམས་ཀྱིས་བཤད་དོ། །མཁྲིས་པ་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་བློ་ག་དང། སྲིན་བུ་མེ་ཁྱེར་དང། མེ་སྒྲོན་གྱི་འོད་ལྟར་མཐོང་བ་དང། རྨ་བྱ་དང། སྲེག་པའི་སྒྲོ་ལྟར་ཚོན་ཚོགས་སུ་མཐོང་བ་དང། དངོས་པོ་རྣམས་ཕལ་ཆེར་སྔོན
་པོར་མཐོང་བ་ཡིན་ནོ། །མཁྲིས་པའི་རབ་རིབ་གསོ་བ་མ་བྱས་པ། སྤྲིས་གཡོགས་ཏེ་རིམ་པར་གྱུར་པ་ནི། མཐོང་བའི་མིག་གི་འབྲས་བུ་གང་བ་ཕྱིས་པ་ལྟར་སྔོན་པོར་སྣ་ཞིང་གཟུགས་ཀྱང་དེ་ལྟར་མཐོང་བ་དང། ཉི་མ་དང་ཟླ་བ་འཁྱིམས་པ་དང། མེ་དང། སྨིག་རྒྱུ་དང། འཇའ་ཚོན་རྣམས
་མཐོང་བ་ཡིན་ནོ། །སྤྲིས་གཡོགས་པ་བཞི་པར་གྱུར་ན་ནི་མཐོང་བའི་མིག་བུད་བལྟར་སྔོ་བ་དང། །དངོས་པོ་རྣམས་མི་མཐོང་བ་དང། འབྲས་བུ་སྣུམ་པར་འདུག་པ་དེ་ནི་མཐོང་བ་ཉམས་པ་ཡིན་ཏེ། །དེ་ཡང་མིག་གི་འབྲས་བུ་ཆུང་ངུར་འགྱུར་ཞིང་དངོས་པོ་རྣམས་ཆུང་ངུར་མཐོང
་བ་ཡིན་ཏེ། དེ་ནི་ཆུང་ངུ་མཐོང་བ་ཞེས་བྱའོ། །ཡང་མི་གསེར་པོར་འགྱུར་ཞིང་དངོས་པོ་རྣམས་ཀྱང་སེར་པོར་མཐོང་བ་དེ་ནི་མཁྲིས་པ་མ་རུང་བའི་ནང་ཅེས་བྱའོ། །བད་ཀན་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་ཕལ་ཆེར་ཕྱི་རོལ་གྱི་དངོས་པོ་རྣམས་སྣུམ་པ་དང། དཀར་པོར་མཐོང་བ
་དང། དེ་བཞིན་དུ་དུང་དང། ཟླ་བ་དང། མེ་ཏོག་ཀུན་ད་དང། ཀུན་ཏའི་མདོག་ལྟར་མཐོང་བ་ཡིན་ནོ། །དེ་བཞིན་དུ་གསོ་བ་མ་བྱས་ཏེ། སྤྲིས་གཡོགས་པ་གསུམ་པར་གྱུར་ན་ནི་ཟླ་བ་དང་ཉི་མ་འོད་མེད་ཅིང་མེ་མར་ལ་སོགས་པས་བསྐོར་བ་ལྟ་བུར་མཐོང་ཞིང་མིག་འབྲས་དག
་པོར་གྱུར་པ་ཡིན་ནོ། །དེ་ཉིད་གསོ་བར་མ་བྱས་པར་རིམ་པ་བཞིའི་སྤྲིས་གཡོགས་པར་གྱུར་ན་ནི་མཐོང་མིག་གི་སྟེང་དུ་བད་ཀན་མངོན་དུ་སྣང་ཞིང། དེ་ཡང་འཇམ་ལྟ་མཉམ་པ་ཉམས་པར་བྱས་པ་ཡིན་ཏེ། དེ་ཡང་པདྨའི་འདབ་མ་ཁམ་བྱེ་བའི་སྟེང་དུ་ཆུའི་ཐིགས
་པ་འདུག་པ་ལྟར་སྣང་བ་དང། གལ་ཏེ་དྲོས་ན་ནི་ཆུང་བར་འགྱུར་ལ་གྲིབ་མས་ཕོག་པ་འམ། གྲང་བས་ཉེན་ན་ནི་ཡོངས་སུ་ཁྱབ་པར་བྱེད། །མདོག་ཀྱང་དུང་དང་ཟླ་བ་དང། མེ་ཏོག་ཀུནད་དང། དེ་ནི་མཐོང་བ་ཉམས་ཏེ་ལོང་བའི་རྟགས་སོ། །དེ་ལས་ཁྲག་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་མིག
་གི་འབྲས་བུ་དམར་ཞིང་དངོས་པོ་རྣམས་མུན་པར་མཐོང་བ་ཡིན་ནོ། །དེ་ཉིད་གསོ་བ་མ་བྱས་ན་ནི་སྤྲིས་གཡོགས་པའི་ནད་གསུམ་པར་གྱུར་ཏེ། མཐོང་མིག་དམར་བ་འམ་གནག་པར་འགྱུར་ཞིང་གཟུགས་ཀྱང་དེ་ལྟར་མཐོང་བ་ཡིན་ནོ། །དེ་ཉིད་ལ་ཡང་མ་གསོས་ན་སྤྲིས་གཡོགས
་པ་རིམ་པ་བཞིར་གྱུར་ན་ཡང་མཐོང་བའི་མིག་དམར་བ་འམ་ནག་པོར་འགྱུར་ཏེ་འོད་མེད་ཅིང་ལོང་བའི་རྟགས་སོ། །ལྷན་པའི་ནང་དང་འདུས་པའི་རབ་རིབ་ཐམས་ཅད་ཀྱི་མཆིན་མ་ཡང་འདྲེས་པའི་རྟགས་དང་ལྡན་པ་ཡིན་ཏེ། བློ་བུར་དུ་དངོས་པོ་རེས་འགའ་གསལ་བ
་མཐོང་རེས་འགའ་མི་གསལ་བར་མཐོང་བ་ཡིན་ནོ། །ལྷག་མ་སྤྲིས་གཡོགས་པའི་རིམ་པ་གསུམ་པར་གྱུར་པ་ནི། །མཐོང་བ་ཉམས་ཤིང་ལོང་བའི་མཚན་མ་ནི་ལྟ་བའི་མིག་ཚོན་སྣ་ཚོགས་སུ་མཐོང་བ་ཡིན་ནོ། །གང་གིས་མཐོང་བའི་མིག་ལ་ནད་གཞི་རྣམས་ལུས
་ཏེ་སྲེ་མོའི་མིག་འདྲ་བར་འགྱུར་ཞིང་ཉིན་པར་ཁ་དོག་སྣ་ཚོགས་སུ་མཐོང་ལ་མཚན་མོ་མི་མཐོང་བ་ཡིན་ཏེ། །ནེའུ་ལེ་ལྟ་བུའི་མིག་ལོང་བ་ཞེས་བྱའོ། །ཡང་ན་ནད་གཞི་ཐམས་ཅད་ལས་གྱུར་བའི་མིག་ནད་ཉི་མ་ནུབ་ཕྱོགས་ཀྱི་རི་ལས་ནུབ་སྟེ་འོད་མི་སྣང
་བ་ནི་མཐོང་བའི་མིག་ནད་གཞིས་ཁེབས་ཏེ་མི་མཐོང་ལ། །ནད་པར་ཉི་མ་ཤར་ཏེ་འོད་ཀྱིས་ཕོག་ན་སྤྲིས་གཡོགས་པ་འཇུ་ཞིང་རྗེས་པར་འགྱུར་ཏེ། དེ་ནི་ཉིན་པར་གསལ་བར་མཐོང་ཞིང་མཚན་མོ་མི་མཐོང་བའི་ནད་ཅེས་བྱའོ། །ཡང་ལུས་ཚ་བས་གདུངས་པ་ལས
་དེ་མ་ཐག་ཆུ་གྲང་གི་ནང་དུ་ཞུགས་པ་ན་དེའི་དབང་གིས་ནད་གཞི་གསུམ་འཁྲུགས་པར་བྱས་ཏེ། གྱེན་དུ་མིག་གཉིས་ལ་ཆེ་བ་ཞུགས་ཏེ་དེས་མིག་མཆུ་ཅུང་ཟད་ཙམ་ཚ་བ་དང། མིག་གི་དཀར་པོ་ཅུང་ཟད་དྲི་མ་དང་བཅས་པར་སྣང་བ་དང། ཉིན་མོ་གསལ་བོར
་མཐོང་ལ་ནུབ་མོ་ལོང་བར་འགྱུར་ཏེ། དེ་ནི་ཚ་བས་མིག་མ་རུངས་པར་ཤེས་པར་བྱའོ། །ཡང་ཁ་ཟས་སྐྱུར་བ་ཤས་ཆེར་ཟོས་པས་ནད་གཞི་གསུམ་ཁྲག་དང་བཅས་པས་མིག་ནད་ཁྱབ་པར་རྣག་དང་གཡའ་དང། དྲི་མ་དང་བཅས་པ་དེ་དག་ནི་སྐྱུར་གྱིས་གནོད
་པའི་མིག་ནང་དུ་མཁས་པ་དག་འདོད་དོ། །གཞན་ཡང་མྱ་ངན་དང། རིམས་དང། འགྲོ་བའི་ནད་ལ་སོགས་པས་རླུང་ལ་སོགས་པའི་ནད་གཞི་འཁྲུགས་ཏེ། མིག་གི་དཀྱིལ་འཁོར་ཐམས་ཅད་དུང་ཀར་འདུག་ཅིང་དངོས་པོ་རྣམས་ཀྱང་དུང་ཀར་མཐོང་བ་ཡིན་ནོ། །དེ་ནི་མིག
་ནད་དུང་ཀ་ལྟ་བུ་ཞེས་བྱའོ། །ཡང་གང་ཞིག་སྙིང་སྟོབས་ཆུང་བ་དག་བློ་བུར་དུ་ཉི་མའི་འོད་ལ་སོགས་པའི་གཟུགས་རྨད་དུ་བྱུང་བ་མཐོང་ན། །དེའི་རྒྱུས་མིག་ལ་བརྟེན་པའི་རླུང་གིས་ནད་གཞི་འཁྲུགས་ཏེ། མིག་གི་མངར་ས་བསྐམས་པར་བྱས་པས
་ལྟ་བའི་མིག་གི་མཐོང་བ་ཉམས་ཆུང་བར་འགྱུར་ཏེ། མདོག་ཀྱང་བཻཌཱུརྱ་ལྟར་འདུག་ཅིང་མིག་ཏར་བག་ཏུ་འདུག་པ་དང། ནད་མེད་པ་ནི་རང་བཞིན་གྱི་མིག་ནད་མ་ཡིན་ཏེ་དེའི་མིང་ནི་འགོ་བའི་མིག་ནད་ཅེས་བྱའོ། །མཐོང་བའི
་མིག་གི་ནད་དེ་དག་ལས་ཀྱང་བད་ཀན་ལས་གྱུར་པའི་མཐོང་བ་མ་གཏོགས་པ་རླུང་དང། མཁྲིས་པ་དང། ཁྲག་དང། འདུས་པ་དང། ལྡན་པ་དང། འགོ་པའི་ནད་དང། དེ་བཞིན་དུ་མིག་ཟབས་སུ་ཞུགས་པ་དང། མཐོང་བའི་མིག་ཞུམ་ཞིང་ཆུང་ངུར་སོང་བ་དང་དེ་རྣམས་ནི།
་སྤང་པར་བྱའོ། །རླུང་དང། མཁྲིས་པ་དང། བད་ཀན་དང། འདུས་པ་དང། ཁྲག་ལས་གྱུར་པ་དང། དེ་རྣམས་སྤྲིས་གཡོགས་པའི་ནད་གསུམ་དང། སྲེ་མོའི་མིག་ལྟ་བུའི་ནད་དང། བདུན་པོ་དེ་དག་ནི་མི་ལ་བ་ཙམ་དུ་གསོ་བར་ནུས་སོ། །ལྷག་མ་བཅུ་གཉིས་པོ་རླུང
་དང་མཁྲིས་པ་དང། ལྡན་པ་དང། འདུས་པ་ལས་གྱུར་པའི་རབ་རིབ་དྲུག་དང། མཁྲིས་པས་མ་རུངས་པར་གྱུར་པ་དང། བད་ཀན་གྱིས་མཐོང་བ་ཉམས་པ་དང། ནད་བཞིས་མ་རུངས་པ་དང། ཚ་བས་གནོད་པ་དང། སྒྱུར་གྱིས་མ་རུངས་པ་བྱས་པ་དང། དུང་ཁ་ལྟ
་བུ་ཞེས་བྱ་བ་དང། དེ་རྣམས་ནི་མྱུར་དུ་གསོ་བར་བྱ་སྟེ། དེ་དག་ནི་མཐོང་བའི་མིག་གི་ནང་ཉི་ཤུ་རྩ་བདུན་དུ་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ། །མིག་ནད་རབ་རིབ་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ། །།དེ་ནས་མིག
་ནད་རབ་རིབ་གསོ་བའི་ལེའུ་བཤད་པར་བྱ་སྟེ། གལ་ཏེ་རབ་རིབ་ཀྱི་ནད་དེ་གསོ་བར་མ་བྱས་ན་ནི་སྤྲིས་གཡོགས་པའི་ནང་གནས་སྐབས་གསུམ་པར་འགྱུར་ཏེ། དེ་ཡང་གསོ་བ་མ་བྱས་ན་མཐོང་བ་ཉམས་ཤིང་ལོང་བར་འགྱུར་རོ། །དེ་བས་ན་མིག་ནད་ཐམས་ཅད་ཀྱི་ནང་ནས་རབ
་རིབ་ནི་ཤིན་ཏུ་མི་ཟད་པ་ཡིན་ཏེ། དེ་ལྟ་བས་ན་རབ་རིབ་བྱུང་མ་ཐག་གསོ་བའི་རིགས་སོ་སྨན་འཚོ་བྱེད་སྲང་བརྒྱ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ། བཞི་ཆ་ལུས་པ་དང། དེའི་ཉིས་འགྱུར་གྱི་འོ་མ་དང། མར་སྲང་སུམ་ཅུ་རྩ་གཉིས་དང། པུཎྚ་རཱི་ཀ་དང། རམ་ཉེ
་བ་རྣམས་གཉིས་དང། པི་པི་ལིང་དང། སེང་ཕྲོམ་དང། རྒྱམ་ཚ་དང། ཤིང་མངར་དང། རྒུན་འབྲུ་དང། ཐང་ཤིང་དང། ཁ་ར་དཀར་པོ་དང། འབྲས་བུ་གསུམ་འདི་རྣམས་ཞོ་གཉིས་གཉིས་བཏབ་སྟེ་ལྷན་ཅིག་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་ཉལ་ཁར་རན
་པར་འཐུངས་ན་རབ་རིབ་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་རྒུན་འབྲུ་དང་ཙན་དན་དཀར་པོ་དང། བཙོད་དང། ར་མ་ཉེ་བ་རྣམ་གཉིས་དང། ཛི་བ་ཀ་རྣམ་གཉིས་དང། ཁ་ར་དཀར་པོ་དང། ཉེའུ་ཤིང་དང། མེ་ད་རྣམ་གཉིས་དང། དུཎྚ་རཱི་ཀ་དང། ཤིང
་མངར་དང། ཨུཏཔ་ལ་དང། འདི་རྣམས་ཀྱི་ཕྱེ་མ་དང། མར་རྙིང་པ་དང། འོ་མ་ཟེ?་རེ་རེ་དང་ཆུ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ནི་རྒུན་འབྲུའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། སྤྲིས་གཡོགས་པའི་རིམ་པ་དང། རབ་རིབ་དང་མིག་གི་རྩ་ལ་ཁྲག
་ཞུགས་ཏེ་དམར་པོ་ཤར་ཤར་པོར་སྣང་བའི་ནད་དང། མགོ་བོའི་ནད་འཇོམས་སོ། །ཡང་ན་པ་ཏོ་ལ་དང། ནིམྦ་དང། པུ་ཙེ་ཤེལ་དང། སྐྱེར་པ་དང། པུ་ཤེལ་ཙི་དང། འབྲས་བུ་གསུམ་དང། བ་ཤ་ཀ་དང། བྱི་ཚེར་བ་དང། ཁྱི་ལྕེ་བ་དང། སྐྲ་ལོ་དང། འདི་རྣམས་སྲང་རེ་རེ་དང། སྐྱུ
་རུ་ར་སྲང་བཅུ་དྲུག་དང། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་ལྷན་ཅིག་བསྐོལ་ཏེ་བཞི་ཆ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་གླ་སྒང་དང། ཏིཀྟ་དང། ཤིང་མངར་དང། དུག་མོ་ཡུངས་དང། པ་ལུ་དང། ཙནདན་དང། པི་པི་ལིང་དང། འདི་རྣམས་སྲང་ཕྱེད་ཕྱེད་བཏགས
་པའི་ཕྱེ་མ་དང། མར་སྲང་སུམ་ཅུ་རྩ་གཉིས་དང་ཚུལ་བཞིན་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ནི་སྐྱུ་རུ་རའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། མིག་དང། རྣ་བ་དང། སྣའི་ནད་ལས་རྒྱལ་བར་བྱེད་དོ། །དེ་བཞིན་དུ་ཁོང་འབྲས་དང། རིམས་དང། ཤུ་བ
་མཆེད་པའི་ནད་མ་རུངས་པ་དང། འབྲུམ་བུ་དང། མཛོ་ནད་རྣམས་སེལ་ཏོ། །ཁྱད་པར་དུ་ལིང་ཏོག་དང། རབ་རིབ་དང། མཚན་མོ་མི་མཐོང་བ་དང། དྲོ་བ་དང། སྒྱིད་སྐྱུར་བ་དང། ལུས་ཚ་བ་རྣམས་འཇོམས་པར་བྱེད་དོ། །འབྲས་བུ་གསུམ་སྲང་བརྒྱད་དང། ཆུ
་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང། དེ་དང་མཉམ་པའི་འོ་མ་དང། མར་སྲང་བཅུ་དྲུག་དང་ཡང་འབྲས་བུ་གསུམ་གྱི་ཕྱེ་མ་སྲང་གཅིག་བཏབ་སྟེ་ཡང་བསྐོལ་ལ་མར་ལུས་པ་ནི་འབྲས་བུ་གསུམ་གྱི་མར་ཞེས་བྱ་སྟེ། ཁ་ར་འམ་སྤྲང་རྩི་དང་འབྲས
་བུ་གསུམ་གྱི་ཁུ་བ་དང། དེ་གསུམ་གང་ཡང་རུང་བ་དང་ལྷན་ཅིག་འཐུངས་ན་རབ་རིབ་ཐམས་ཅད་འཇོམས་སོ། །ཡང་ན་ཤིང་མར་དང། ར་མ་ཉེ་བ་རྣམ་གཉིས་དང། ཀཎྚ་ཀ་རི་དང། པི་པི་ལིང་དང། ཨ་རུ་ར་དང། ཨུཏཔ་ལ་དང། ཁ་ར་དཀར་པོ་དང། རྒུན་འབྲུ་དང་འདི་རྣམས་སྲང་རེ་རེ
་??་??་རའི་འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། འབྲས་བུ་གསུམ་དང། བ་ཤ་ཀ་དང། བྲིད་ག་ར་ཛ་དང། དེ་གསུམ་གྱི་རང་གི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ནི་འབྲས་བུ་གསུམ་གྱི་སྨན་མར་ཆེན
་པོ་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་ལིང་རྟོག་སེལ་པའི་དམ་པ་ཡིན་ནོ། །འབྲས་བུ་གསུམ་དང། ཤིང་མངར་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་འབྲས་བུ་གསུམ་མར་དང་སྦྱར་བའི་ལྡེ་གུ་ཟླ་བ་གཅིག་གི་བར་ཕན་པའི་ཟས་དང། ལྷན་ཅིག་ཉལ
་ཁར་སྟེན?་ཅིང་སྐོམ་དུ་སྐྱུ་རུ་རའི་ཆུ་འཐུངས་ན་བྱ་འདབ་བཟངས་ཀྱི་མིག་བཞིན་དུ་རྣོ་བར་འགྱུར་རོ་ཞེས་རྒྱལ་པོའི་དྲང་སྲོང་ཆེན་པོའི་ལེགས་ལྡན་མུ་ཁྱུད་ཀྱིས་བཤད་དོ། །རྡུབ་མར་ཆད་དང། ལྕགས་དང། གསེར་དང། ཤིང་མངར་དང། ཁ་ར་དཀར་པོ་དང། མར
་སྙིང་པ་དང། སྦྲང་རྩི་དང། འདི་རྣམས་གང་རྙེད་པ་འབྲས་བུ་གསུམ་དང་སྦྱར་བ་ལས་ཅི་འདོད་པ་ཟོས་ན་རབ་རིབ་འཇོམས་པའི་གཙོ་བོ་ཡིན་ནོ། །ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་ཞུ་མར་གྱིས་བཏབ་པ་འཐུངས་ན་རབ་རིབ་སེལ་ཏོ
་ཡང་ན་སྣུམ་ཁུར་རམ། །སྲན་ཚོད་དང། ཕྱེ་དང། ལྷན་ཅིག་འབྲས་བུ་གསུམ་དང་ཕྱེ་མ་བསྟེན་ན་མིག་ནད་རབ་རིབ་སེལ་ཏོ། །ཡང་ན་འོ་ཐུག་གི་ནང་དུ་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་སྟེ་བསྒྲངས་པ་སྦྲང་རྩི་དང་ཤ་ཁ་རས་བཏབ་པ་འཐུངས་ན་རབ
་རིབ་ལ་ཕན་ནོ། །ཡང་ན་རྒུན་འབྲུ་དང། ལི་ཁ་ར་དང། སྦྲང་རྩི་དང། དེ་གསུམ་གང་ཡང་རུང་བ་དང། ཨ་རུ་ར་དང་ལྷན་ཅིག་སྦྱར་ཏེ། རབ་རིབ་ཅན་གྱི་ནད་པས་ནང་པར་རམ་ཟས་ཀྱི་གོང་དུ་རྟག་ཏུ་བསྟེན་པར་བྱའོ། །ལིགབུ་མིག་ཆ་དྲུག་ཅུ་རྩ་བཞི་དང། ཟེངས་མ་དང
་དངུལ་དང། གསེར་ཆ་རེ་རེ་དང་འདི་རྣམས་སྣོད་ཀྱི་ནང་དུ་བཞུ་སྟེ། གཅིག་ཏུ་གྱུར་པ་དང། རོ་རྣམ་དྲུག་གི་སྡེ་ཚན་གཅིག་གི་སྨན་ཁུའི་ནང་དུ་གསེར་ལ་སོགས་པའི་གོང་བུ་དེ་མེའི་ནང་དུ་བསྲོས་པ་བཅུག་ལ། དེ་བཞིན་དུ་ལན་བདུན་དེ་ལྟར
་བྱས་ལ་རོ་ལྷག་མ་ལྔ་པོ་རེ་རེའི་ཁུ་བ་ཡང་གོང་མ་ལྟར་བྱས་ཏེ། བདུན་ཕྲག་དྲུག་པོ་བཞི་བཅུ་རྩ་གཉིས་ཀྱི་བར་དུ་གོང་བུ་དེ་སྨན་ཁུས་བསྒོས་པ་དེ་དང་བཻ་ཌཱུརྱ་དང། མུ་ཏིག་དང། དུང་དང། དེ་གསུམ་ཆ་རེ་དང་ལྷན་ཅིག་བཏགས་པའི་ཕྱེ་མ་ནི། ལིགབུ་མིག་ལ་སོགས་པའི
་མིག་སྨན་ཞེས་བྱ་སྟེ། འདི་ནི་བཟླས་པ་ཁོ་ནར་སེམས་སོ། །བདུན་ཕྲག་དྲུག་པོ་བཞི་བཅུ་རྩ་གཉིས་ཀྱི་བར་དུ་གོང་བུ་དེ་སྨན་ཁུས་བསྒོས་པ་དེ་དང་བཻ་ཌཱུརྱ་དང། མུ་ཏིག་དང། དུང་དང། དེ་གསུམ་ཆ་རེ་རེ་ལྷན་ཅིག་བཏགས་པའི་ཕྱེ་མ་ནི་ལིགབུ་མིག་ལ་སོགས་པའི་མིག་སྨན
་ཅེས་བྱ་སྟེ། ཕྱེ་མ་དེས་མིག་ཏུ་བཏབ་ན་རབ་རིབ་ཐམས་ཅད་སེལ་ཏོ། །རྒུན་འབྲུ་དང། པདྨའི་རྩ་ལག་གི་རང་གི་ཁུ་བ་དང། འོ་མ་དང། ཆང་དང། ཞག་དང། ཆར་པའི་ཆུ་དེ་རྣམས་རེ་རེའི་ནང་དུ་ཡང་གོང་མའི་ལིགབུ་མིག་གི་གོང་བུ་ཡང་གོང་མ་ལྟར་བྱས་ཏེ་ལན
་བདུན་བདུན་བསྒོས་ཏེ་ཕྱེ་མར་བྱས་པ་དུང་གི་སྣོད་ཀྱི་ནང་དུ་བཅུག་སྟེ་མིག་སྨན་དུ་བསྟེན་ན་མིག་གསལ་བར་བྱེད་དོ། །མིག་ཐམས་ཅད་ལ་ཕན་པའི་མཆོག་ཡིན་ནོ། །ཞེས་ལུས་འཕགས་ཀྱི་བདག་པོ་ཛ་ན་ཀ་ཞེས་བྱ་བས་བཤད་དོ། །སྤངས་མ་སྲང་གཉིས
་རྒྱ་ཤུག་གི་སོལ་བའི་ནང་དུ་བསྲགས་པ་དེ་ལས་སྲང་གཉིས་ཙམ་བླངས་ལ། རའི་འོ་མ་དང་སྦྲང་རྩི་དང་གསུམ་པོ་རེ་རེའི་ནང་དུ་ཡང་གོང་མ་ལྟར་ལན་བདུན་བདུན་བྱས་པ་དེ་དང། རྡུབ་མར་ཆང་དང། ནལ་ཤམ་དང། ལིགབུ་མིག་དང། པུ་ཙེ་ཤེལ
་དང། རྒྱ་སྤོས་དང། ལྕམ་ཚ་དང། གསེང་ཕྲོམ་དང། ལྡོང་རོས་དང། ཨ་ར་དང། པི་པི་ལིང་དང། སུག་སྨེལ་དང། རྒྱ་མཚོའི་དབུ་བ་དང། སྟང་ཟིལ་དང་འདི་གཉིས་ཞོ་གཉིས་གཉིས། ཤིང་མངར་སྲང་གཅིག་འདི་རྣམས་སྣོད་ཀྱི་ནང་དུ་བཞུས་ཏེ།
་དེ་རྣམས་བཏགས་པའི་ཕྱེ་མ་ནི་སྤངས་མའི་མིག་སྨན་ཅེས་བྱ་སྟེ། མིག་ནད་སྤྲིས་གཡོགས་པ་གསུམ་དང། མིག་མཛེར་དང། མཚན་མོ་ནི་མཐོང་བ་དང། མིག་དམར་པོ་ཤར་ཤར་པོ་དང། དེ་རྣམས་འཇོམས་པར་བྱེད་དེ། ཁྱད་པར་དུ་ཕྱེ་མ་འདིས་ནི་རབ
་རིབ་སོལ་ཏེ། ཇི་ལྟར་ཉི་མས་རབ་རིབ་ཀྱི་མུན་པ་སེལ་བ་བཞིན་ནོ། །སྤང་སྤོས་དང། དྲི་སྣ་གསུམ་དང། ལྕགས་དང། གུར་ཀུམ་དང། ནཱི་ལོཏཔལ་དང། ཨ་རུ་ར་དང། སྤངས་མ་དང། ཁ་ར་དཀར་པོ་དང། ནོར་བུ་དོན་ཟད་དང། དུང་དང། རྒྱ་མཚོའི་དབུ་བ་དང། ན་ལེ་ཤམ་དང། སྟང
་ཟིལ་དང། པི་པི་ལིང་དང། ཤིང་མངར་དང། འདི་རྣམས་ལེགས་པའི་ཕྱི་མ་རྒྱུ་སྐར་དང་ཟླ་བ་གཅིག་བྱུང་བའི་དུས་སུ་མིག་གཉིས་ལ་བསྐུས་ན་མིག་མཛེར་དང། རབ་རིབ་དང། མིག་དམར་སོ་ཤར་ཤར་པོ་འབྱུང་བ་དང། གཡའ་པ་དང། སྤྲིས་གཡོགས་པའི་རིམ་པ་གསུམ་ལ་སོགས་པ
་ཞི་བར་འདོད་དོ། །ན་ལེ་ཤམ་དང། འབྲས་བུ་གསུམ་དང། དེ་རྣམས་ཆ་རེ་རེ་དང། པི་པི་ལིང་དང། རྒྱ་མཚོ་དབུ་བ་ཆ་གཉིས་དང། སྟང་ཟིལ་ཆ་དགུ་དང་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་རྒྱུ་སྐར་ནག་པ་ལ་བབ་པའི་ཚེ་མིག་སྨན་དུ་སྦྱར
་ན། བད་ཀན་ལ་སོགས་པའི་རབ་རིབ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །ཡང་ན་བ་གཅིན་དང། བ་དང་རྭ་ལ་སོགས་པའི་ལྕི་བ་དང། རིལ་མའི་ཁུ་བ་དང། རྩབས་མོ་སྐྱུར་པོ་དང་བུད་མེད་ཀྱི་འོ་མ་དང།
་དུག་གི་ལོ་མ་དང། སྦྲང་རྩི་དང་དེ་རྣམས་རེ་རེ་ལ་ཡང་སྤངས་མ་བསྲེགས་ཏེ། འབར་བ་ལན་དུ་མར་བཅུག་སྟེ་དེའི་འོག་ཏུ་ཕྱེ་མར་བྱས་ཏེ། སྐྱེས་བུ་གང་གི་མིག་སྨན་དུ་སྦྱར་བར་བྱས་ན་ནམ་མཁའ་ལྡིང་གི
་མིག་བཞིན་དུ་རྣོ་བར་འགྱུར་རོ། །ཞ་ཉེ་ཡང་དང་ཡང་དུ་བསྲེགས་ཏེ། འབྲས་བུ་གསུམ་དང། དུག་དང། བྲིང་ཀ་རཱ་ཛ་དང། ཤིང་མངར་དང་དེ་རྣམས་རེ་རེ་བསྐོལ་བའི་ཁུ་བ་སྣ་རེ་དང། མར་དང། རའི་འོ་མ་དང་འདི་རྣམས་རེ་རེ་ལ་ཡང་ལན་བདུན
་བདུན་གོང་མ་ལྟར་བླུད་ལ་བསྒོས་ཏེ། དེའི་འོག་ཏུ་ཞ་ཉེ་དེ་མིག་སྨན་གྱི་ཐུར་མར་བྱས་ཏེ། སྨན་གྱིས་བསྒོས་སམ་མ་བསྒོས་པ་ཉིད་ཚེས་ཀྱང་རུང་སྟེ། མིག་ཏུ་བྱུགས་ན་རབ་རིབ་དང། མིག་མཛེར་དང། རྣ་བ་དང། ཆུ་སེར་འཛག་པ་དང། མིག་འབྱར་བག་དང།
་གཡང་བ་དང། ཚོར་བ་མེད་པ་དང། དམར་པོ་ཤར་ཤར་པོར་སྣང་བ་འཇོམས་པར་བྱེད་དོ། །ཞ་ཉེ་བཞུས་པའི་དངས་མ་དང། དངུལ་ཆུ་ཆ་བསྙམས་ཏེ་དེ་གཉི་སྤྱི་དང་མཉམ་པའི་ལིགབུ་མིག་དང། ག་བུར་ཅུང་ཟད་བཏགས་པའི་ཕྱེ་མ་མིག་སྨན་དུ་སྦྱར་ན་རབ་རིབ་ཐམས་ཅད་འཇོམས་སོ།།
་བྱ་རྒོད་ལེགས་པར་ཤི་བའི་མགོ་བོ་ཉི་མ་འཆར་ཀའི་མདོག་ལྟར་དམར་བ་བ་ལང་གི་བཅི་བ་བསྲེགས་པའི་ཐལ་པ་དང། ལིགབུ་མིག་ཆ་བསྙམས་ཏེ་བསྲེགས་པའི་ཕྱེ་མ་འདི་ནི་བྱ་རྒོད་ཀྱི་མགོ་བོའི་ཕྱེ་མ་ཞེས་བྱ་སྟེ། འདིས་མིག་སྨན་གྱི་སྦྱོར་བ་བྱས་ན་བྱ་རྒོད་ཀྱི་མིག་བཞིན
་དུ་རྣོ་བར་འགྱུར་ཏེ་མིག་གི་སྟོབས་བསྐྱེད་དོ། །ཡང་ན་སྤྲུལ?་ནག་པོའི་མགོ་བོ་བཅད་དེ་མ་གོ་བོ་དེའི་ནང་དུ་ལིགབུ་མིག་མར་དང་བསྲེས་བཅུག་ལ་ཁམ་པོར་ཁ་སྦྱར་གྱི་ནང་དུ་དུང་པ་མ་ཤོར་བར་བསྲེགས་ཏེ་ཆོས་པ་དང། སྤང་སྤོས་དང། གནདྷ་པ་ཏྲ་དང་ལྷན་ཅིག་བཏགས་ཏེ་ཕྱེ་མར
་བྱས་པ་དེ་མིག་སྨན་དུ་སྦྱར་ན་མིག་གི་འབྲས་བུ་རྡོལ་བ་ཡང་བསྲུངས་བར་བྱེད་དོ། །ཡང་ན་བུམ་པ་གང་གི་འོ་མའི་ནང་དུ་སྤྲུལ་ནག་པོ་ཤི་བའི་རོ་དང། སྡིག་པའི་ཁོག་པ་བཞི་བཅུག་སྟེ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ་རུལ་པར་གྱུར་པ་དང། བསྲུབས་ལ
་དེ་ལས་མར་བྱུང་བ་དེ་ཁྱིམ་བྱ་ལ་བྱིན་ཏེ། ཁྱིམ་བྱའི་རྟུག་པ་དེས་མི་སྨན་དུ་བསྐུས་ན་ལོང་བར་གྱུར་པ་ཡང་ངེས་པར་མཐོང་ནུས་པར་འགྱུར་རོ། །ཡང་ན་སྤྲུལ་ནག་པོའི་ཞག་དང། དུད་དང། ཀ་ཏ་ཀའི་འབྲས་བུ་དང། ལིགབུ་མིག་དང། འདི་རྣམས་མིག་སྨན་དུ
་སྦྱར་ན། ལོང་བར་གྱུར་པ་ཡང་རིང་པོ་མི་ཐོགས་པར་མཐོང་བ་བསྐྱེད་དོ། །ཡང་ན་ན་ལེ་ཤམ་རྡོག་མ་བཅུ་དང། རྡུབ་མར་ཆང་ཞོ་གཅིག་དང། སྤངས?་མ་སྲང་གཅིག་དང། ཤིང་མངར་ཞོ་གཉིས་དང། དེ་རྣམས་འོ་མའི་ནང་དུ་བསྒྲང་ཞིང་བརླན་པར
་བྱ་སྟེ། དུ་བ་མ་ཤོར་བར་བྱས་ནས་བསྲེགས་པའི་ཕྱེ་མས་མིག་བསྐུས་ནག་ཞན་དང་མི་འདྲ་བར་ཁྱད་པར་དུ་རབ་རིབ་འཇོམས་པའི་མཆོག་ཡིན་ཏེ་ཟླ་མེད་དོ། །ཡང་ན་བ་རུ་རའི་ཚིག་གུ་དང། ན་ལེ་ཤམ་དང། སྐྱུ་རུ་ར་དང། སྤངས་མ་དང། ཤིང་མར་དང། དེ་རྣམས་ཆུ་དགས
་སུ་བྱས་ཏེ། རི་ལུར་བྱས་ལ་གྲིབ་མ་ལ་བསྐམས་ཏེ་མིག་ཏུ་བསྐུས་ན། རིང་པོ་མི་ཐོགས་པར་རབ་རིབ་འཇོམས་པར་བྱེད་དོ། །ཡང་ན་ན་ལེ་ཤམ་དང། སྐྱུ་རུ་ར་དང། རྒྱ་མཚོའི་དབུ་བ་དང། སྤངས་མ་དང། ལིགབུ་མིག་དང། རྡུབ་མར་ཆང་གི་རྡོ་དང། དེ་རྣམས
་གོང་མའི་གོ་རིམ་བཞིན་དུ་ཆ་རེས་སྐྱེད་དེ། མི་སྨན་དུ་སྦྱར་བ་ནི་རྡུབ་མར་ཆང་ཆ་དྲུག་པ་ཞེས་བྱ་སྟེ། དེས་མི་བསྐུས་ན་རབ་རིབ་དང། མིག་མཛེར་དང། རྣག་ཏུ་འཛག་པ་དང། སྤྲིས་གཡོགས་པ་དང། གཡའ་བ་རྣམས་འཕྲོག་གོ་།ཡང་ན་ཨནྡྲ་རྙིལ་ལ་སོགས
་པ་རིན་པོ་ཆེ་རྣམས་དང། དངུལ་དང། ཤེལ་དང་གསེར་དང། ལིགབུ་མིག་དང། ཟངས་མ་དང། ལྕགས་དང། དུང་དང་ཙན་དན་དམར་པོ་དང། དེ་རྣམས་བཏགས་ཏེ་མིག་སྨན་དུ་སྦྱར་ན་མཐོང་བའི་མིག་ནད་ཐམས་ཅད་སེལ་བར་བྱེད་དོ། །ཡང་ན་ཏིལ་མར་དང། བ་རུ་རའི
་མར་དང། བྲིང་ག་རཱ་ཛ་ར་དང། ཨ་ས་ནའི་རང་གི་ཁུ་བ་དང། དེ་རྣམས་ལྕགས་སྨོད་དུ་བསྐོལ་ཏེ། སྣར་བླུགས་པ་བྱས་ན་མཐོང་བའི་མིག་གི་ཉམས་སྟོབས་སྐྱེད་པར་བྱེད་དོ། །ཡང་ན་ནི་ནད་ཀྱི་ཚུལ་དང་སྦྱར་ཏེ་སྨན་གཅིག་གིས་ནད་ཐམས་ཅད
་སོས་པ་ནི་མ་ཡིན་ཏེ། སྣུམ?་གྱི་བཏུང་བ་དང། ཁྲག་འཛག་པ་དང། བཀྲུ་སྨན་དང། སྣ་སྨན་དང། མིག་གི་སྨན་བསྐུ་བ་དང། མགོ་བོའི་བཀྲུ་སྨན་དང། སྨན་མས་བཏང་བ་དང། །ཉམས་བརྟ་བར་བྱ་བ་དང། བྱུགས་པ་དང།
་བླུགས་པ་ལ་སོགས་པ་ཅི་རིགས་པར་མིག་ནད་ཅན་ལ་སྦྱར་རོ། །དེ་ལྟར་བསྟན་པ་དེ་ནི་རབ་རིབ་ཀྱི་གསོ་བ་སྤྱིར་བསྟན་པ་ཡིན་ནོ། །ད་ནི་ནད་གཞི་རེ་རེའི་གསོ་བ་བཤད་ཀྱིས་ཉོན་ཅིག་།དེ་ལ་རླུང་ལས་གྱུར་པའི་རབ་རིབ་ལ་ནི་རྩ་བ་བཅུ་པ་བསྐོལ་པའི་ཁུ་བའི
་ནད་དུ་མར་དང་།མར་གྱི་བཞི་འགྱུར་གྱི་འོ་མ་དང། འབྲས་བུ་གསུམ་གྱི་ཕྱེ་མ་བསྐོལ་ལ་མར་ལུས་པ་ལས་བཏུང་བ་ལ་སོགས་པ་སྣུམ་ཆོས་བྱ་སྟེ། དེའི་འོག་ཏུ་འབྲས་བུ་གསུམ་དང། རྩ་བ་ལྔ་པ་བསྐོལ་བའི་ཁུ་བའི་ནང་དུ་འོ་མ་དང། ཨེ
་རཎྜའི་མར་དང་བསྲེས་ཏེ་བཀྲུ་སྨན་དུ་སྦྱར་རོ། །ཡང་ན་ཛི་བནྟིའི་རྩ་བ་དང་ཡལ་ག་དང་བཅས་པ་བརྒྱད་ཅུ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ་བརྒྱད་ཆ་ལུས་པའི་ནང་དུ་ཏིལ་མར་དང། འོ་མ་སྲང་སུམ་ཅུ་རྩ་གཉིས་དང། བ་ལ་རྣམ་གསུམ་དང། ཛི་བནྟི་དང
་ཉེའུ་ཤིང་གཉིས་ཀྱི་རྩ་བ་སྲང་རེ་རེ་དང། ཤིང་མངར་སྲང་བཞི་དང། དེ་རྣམས་ལྕགས་སྣོད་ཀྱི་ནང་དུ་བསྐོལ་ཏེ་ལྕགས་སྣོད་དེ་ཉིད་ཀྱི་ནང་དུ་ཟླ་བ་གཅིག་གི་བར་དུ་བཞག་ལ། དེ་ནས་སྣ་སྨན་དུ་སྦྱར་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནང་འཛོམ་ཡན་ཆད་ཀྱི
་ནད་འཛོམས་ཏེ། ཁྱད་པར་དུ་བལྟ་བའི་མིག་ལ་བརྟེན་པའི་ནང་སེལ་ཅིང། སྐྲ་སྐྱེལ་གཉའ་བ་དང། ཕྲག་པ་དང། བཞིན་འཕེལ་ཞིང་རྒྱས་པར་བྱེད་པ་དང། གཞོན་ནུར་གྱུར་ཞིང་ལུས་ཤ་མཛེས་པར་བྱེད་དོ། །ཡང་ན་ཨེ་རཎྚ་དཀར་པོའི་རྩ་བ་དང། བྲི་ཧཾ་སྟའི་འབྲས་བུ
་དང། ཐང་ཤིང་དང། ཤུ་དག་དང། རྒྱ་སྤོས་དང། གོ་ཤ་ཡ་དང། བིལྤའི་རྩ་བ་དང། ཏིལ་མར་དང། འོ་མ་དང། དེ་རྣམས་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་ལས་སྣར་བླུགས་ན་རླུང་དང་བད་ཀན་ལས་གྱུར་པའི་ནང་འཛོམ་ཡན་ཆད་ཀྱི་ནད་ཐམས་ཅད་ལས་རྒྱལ་བར་བྱེད་དོ།
་ཡང་ན་སྟག་དང། ཕག་དང། བྱ་རྒོད་དང། སྦྲུལ་དང་ཁྱིམ་བྱ་དང། དེ་རྣམས་གང་ཡང་རུང་བའི་ཚིལ་དང། སྦྲང་རྩི་སྦྱར་ཏེ་མིག་ལ་བསྐུས་ལ་དེའི་འོག་ཏུ་ལིགབུ་མིག་ཤ་ཁུ་དང་འོ་མའི་ནང་དུ་གོང་མའི་ནང་དུ་ལན་བདུན་བསྙུགས་ཏེ་མིག་སྨན་སྦྱར་ན་རབ་རིབ་འཛོམས
་པར་བྱེད་པའི་མཆོག་དམ་པ་ཡིན་ནོ། །དེ་ལྟར་བྱས་ཀྱང་རབ་རིབ་ཞིར་མ་འདོད་ན་མིག་རྟ་བའི་ཆོ་ག་བྱ་སྟེ། ཤུ་ཏི་དང། རུ་རྟ་དང། སྤང་སྤོས་དང། རམ་ཉེ་བ་རྣམ་གཉིས་དང། ཤིང་མངར་དང། པྲ་པུཎྚ་རཱི་ཀ་དང། ཀོ་ཉོན་ཙེ་དང། པི་པི་ལིང་དང། ཐང་ཤིང་དང། མར་དང
་དེའི་བརྒྱད་འགྱུར་གྱི་འོ་མ་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ་བཏང་ན་མིག་བརྟ་བའི་སྨན་གྱི་ནང་ནས་མཆོག་ཏུ་བཤད་དོ། །རི་དགས་ཨེ་ན་ཡའི་ཚིལ་དང། འོ་མ་དང། ཤིང་མངར་དང། པུ་ཤེལ་ཙི་དང། ཙན་དན་དཀར་པོ་རྣམས་ཆམ་ཆོམ་བརྡུངས་ཏེ། བསྐོལ་ལ་ཁ་གཟར
་དང་དཀྲུགས་ཏེ། ཚོས་མ་དང་སྙིགས་མ་བོར་ཏེ་ཉམ་བརྟ་བའི་སྨན་དུ་སྦྱར་ན་ཡང་ན་ཕན་ཡོན་དེ་དང་འདྲའོ། །དེ་བཞིན་དུ་སྲོག་ཆགས་ཤ་བེ་ཧ་དང། རེག་འཇམ་དང། གོ་ད་དང། ཁྱིམ་བྱ་དང། སྲེག་པ་དང། རྨ་བྱ་དང། དེ་རྣམས་གང་ཡང་རུང་བའི་ཚིལ་ཤིང་མངར་དང་
་པུ་ཤེལ་ཙི་དང། ཙན་དན་དང། འོ་མ་དང། ཆོ་ག་གོང་ལྟར་སྦྱར་ན་ཡང་ཉམས་བལྟ་བར་འགྱུར་རོ། །སྣུམ་གྱི་མིག་བརྟ་བ་དང་སྨན་གྱི་ཕུར་མ་སྲེགས་ཤིང་བཙོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་ན་ཡང་མིག་གསལ་བར་བྱེད་དོ། །འདིར་རླུང་ལས་གྱུར་པའི་སྣ་ཆུ
་འཛག་པའི་ཆོ་ག་ཐམས་ཅད་ཀྱང་བྱ་སྟེ། མས་བཏང་བའི་ནི་རུ་ཧ་དང། འཇམ་རྩི་ཡང་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་ནི་འཚོ་བྱེད་སྡེ་བཅུ་དང། འབྲས་བུ་གསུམ་བཏགས་པའི་ཕྱེ་མ་དང། མར་བསྐོལ་བ་བླུད་དེ་སྣུམ་གྱི་ཞེན་པ་དང། གཏར་ཀས་དབྱུང་ངོ།།
་ཤ་ཁ་རེ་དང། ཤིང་ཉེ་རོང་དང། སུག་སྨེལ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་ཁྲུས་བྱའོ། །དེ་བཞིན་དུ་བསིལ་བའི་བླུགས་པ་དང། བྱུག་པ་ལ་སོགས་པ་ཡང་བྱའོ། །ཡང་ཐལ་དྲེས་དང། ཤུག་པ་དང། བུ་ཤེལ་ཙེ་དང། མུ་ཏིག་དང། སེང་ཕྲོམ་དང། ཙན
་དན་དཀར་པོ་རྣམས་བཏགས་ཏེ་རི་ལུར་བྱས་ནས་མིག་ཏུ་བསྐུས་ན་མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་ཕན་ནོ།། ཡང་ན་གནད་པ་ཏྲ་དང། ཨུཏཔལ་དང། ན་ག་པུཥཔ་དང། ག་བུར་དང། ཤིང་མངར་དང། བཙག་ཡུག
་སྣམ་ཀྱི་ཕྱེ་མས་མིག་སྨན་བྱས་ན་ཡང་ཕན་ནོ། །དངུལ་རྡོ་དང། སྤངས་མ་ཆ་ལྔ་ལྔ་དང། ཀརྐ་ཏ་སྲིཾ་གི་དང། སྐྱུ་རུ་རའི་འབྲས་བུ་ཆ་གསུམ་གསུམ་དང། ཤེལ་དང། ག་པུར་ཆ་རེ་རེ་དེ་རྣམས་ཀྱི་ཕྱེ་མས་བསྐུས་ན་རབ་རིབ་འཛོམས
་སོ། ཞུན་མར་དང། མར་གྱི་བཞི་འགྱུར་གྱི་འོ་མ་དང། འཚོ་བྱེད་སྡེ་བཅུ་དང། ཁར་དཀར་པོ་དང། ཨུཏཔལ་སྔོན་པོ་ཞོ་གཉིས་བསྐོལ་བའི་མར་གྱིས་སྣར་བླུགས་པའི་སྨན་ཡང་བྱའོ། །བད་ཀན་ལས་གྱུར་པའི་རབ་རིབ་ཀྱི་སྨན
་ལ་སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་འབྲས་བུ་གསུམ་དང། པི་པི་ལིང་དང། མར་ལྷན་ཅིག་བསྐོལ་བའི་མར་གྱིས་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་གཏར་ཀས་ཁྲག་དབྱུང་ངོ། །དེ་ནས་དནྟི་དང། དུར་བྱིད་བསྐོལ་བའི་ནང་དུ་གླ་གོར་ཞོ་ཤ་དང་ཨ་རུ་ར་དང། བཅའ་སྒ་རེད།
་?་ལིང་གི་ཕྱེ་མས་བཏབ་ལ་བཀྲུ་སྨན་དུ་བླུད་དོ། །རྩ་བ་བཅུག་པ་བསྐོལ་བའི་ནང་དུ་ཧྲི་བེ་ར་དང། ཐང་ཤིང་དང། སེར་པོ་རྣམ་གཉིས་དང། པི་པི་ལིང་དང། དེ་རྣམས་འོ་མ་དང། ཏིལ་མར་དང། ཡང་བསྐོལ་བའི་མར་གྱི་སྣ་སྨན་བཏང་ངོ། །ཡང་ན་དུང་དང། པྲི་ལ
་པའི་ཀུན། ལྡོང་རོས་དང། ཆ་བ་གསུམ་དང། འབྲས་བུ་གསུམ་དང། དེ་རྣམས་ཀྱི་རི་ལུར་བྱས་པ་ནི་དྲི་མ་མེད་པ་ཞེས་བྱ་བའི་རི་ལུ་ཡིན་ཏེ་མིག་ལ་བསྐུས་ན། མིག་དང་ཞིང་དྲི་མ་མེད་པར་འགྱུར་རོ། །ཡང་ན་ལྕགས་ནག་པོའི་ཕྱེ་མ་དང། ཚ་བ་གསུམ
་དང། རྒྱ་ཆ་དང། འབྲས་བུ་གསུམ་དང། དེ་རྣམས་རི་ལུར་བྱས་པ་ནི་ཁུ་བྱུག་ཅེས་བྱ་བའི་རི་ལུ་ཡིན་ཏེ། མིག་ལ་བསྐུས་ན་མིག་གསལ་བར་བྱེད་དོ། །ཡང་ན་རི་བོང་དང། བུང་བུ་དང། གླང་དང། སེང་གེ་དང།
་རྔ་མོ་དང། དེ་རྣམས་ཀྱི་སོ?་དང། འཕྲལ་བའི་རུས་པ་དང། བ་ལང་དཀར་པོའི་སྤུ?་དང། ན་ལེ་ཤམ་དང། དུང་དང། ཙན་དན་དཀར་པོ་དང། རྒྱ་མཚོའི་དབུ་བ་དང། དེ་རྣམས་བཏགས་པའི་ཕྱེ་མ་བུད་མེད་ཀྱི་ནུ་ཞོ
་དང་སྦྱར་བའི་རི་ལུ་བྱས་ཏ་མིག་ལ་བསྐུས་ན་རབ་རིབ་དང་ལིང་རྟོག་ལས་རྒྱལ་བར་བྱེད་དོ། །ཁྲག་ལས་གྱུར་པའི་རབ་རིབ་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཁྱད་པར་དུ་བཟའ་བ་དང། སྤྱོད་ལམ་ལ་སོགས་ཤིན་ཏུ་བསིལ་བས་ཁྲག་གཉིས་པ་སེལ་བར་བྱེད་དོ། །རྒུན
་འབྲུ་དང། སྤང་སྤོས་དང། སེང་ཕྲོམ་དང། ཤིང་མངར་དང། དུང་དང། ཟངས་མ་དང། ཙན་དན་དང། པདྨ་དང། ཤུ་དག་དང། ཨུཏཔལ་དང། དེ་རྣམས་རའི་འོ་མ་དང་བཏགས་ཏེ། རི་ལུས་མིག་སྨན་བྱས་ན་ཁྲག་ལས་གྱུར་པའི་རབ་རིབ་མྱུར་དུ་འཇིག་པར་བྱེད་དེ། །ལྡན་པ
་དང་འདུས་པ་ལས་གྱུར་པའི་རབ་རིབ་ལ་ནི་ནད་གང་གི་ཤས་ཆེ་ཆུང་དང་སྦྱར་ཏེ། གོང་གི་གསོ་བ་དག་ལས་ཇི་ལྟར་མཐུན་པར་སྦྱར་རོ། །དེ་བཞིན་དུ་མ་དུ་ཀ་དང། བྱི་དང་ཀ་དང། སྒྲོན་ཤིང་དང། ན་ལེ་ཤམ་དང། འོ་མ་དང། ཏིལ་མར་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་སྣ་སྨན
་བཏང་བ་འམ། ཡང་ན་སྨན་དེ་ཉིད་འོ་མ་དང་སྦྱར་བའི་བྱུག་པས་གདོང་ལ་བསྐུལ་ན་ཡང་ལྡན་པ་དང་འདུས་པའི་རབ་རིབ་འཇོམས?་པར་བྱེད་དོ། །ཡང་ན་རྒྱ་སྤོས་དང། ཨུཏཔལ་སྔོན་པ་དང། ཨ་ནན་ད་དང། ཤིང་མངར་དང། སུ་
་ནི་ཤ་དང། དེ་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་དང་བསྐོལ་བའི་མར་གྱིས་སྣ་སྨན་དུ་བཏང་བ་དང་མགོ་ལ་བསྐུ་བ་དང། མས་བཏང་བ་བྱས་ན་རབ་ཏུ་བསྔགས་སོ། །ཡང་ན་བུ་ཤེལ་ཙེ་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་དང།
་རྒྱམ་ཚ་བཏགས་པའི་ཕྱི་མས་བཏབ་སྟེ་རས་ལ་བཙགས་པའི་དང་ས་མའི་ནང་དུ་མར་བཅུག་སྟེ། ཡང་བསྐོལ་ལ་སྐ་བར་གྱུར་པ་དང་བསྒྲངས་པའི་ནང་དུ་སྦྲང་རྩི་དང་སྦྱར་ཏེ་མིག་བསྐུས་ན་འདུས་པ་ལས་གྱུར་པའི་རབ་རིབ་ཐམས་ཅད་ལ་ཕན་ནོ། །ཡང་ན་འུག
་པ་ལ་སོགས་པ་ནུབ་མོ་རྒྱུ་བའི་སེམས་ཅན་གྱི་རུས་པ་རྐང་གང་བ་ལིགབུ?་མིག་དང་བཅས་པ་འབབ་ཆུ་གྲང་མོའི་ནང་དུ་ཞག་ཉི་ཤུ་འམ། ཟླ་བ་གཅིག་གི་བར་བཞག་སྟེ། དེའི་འོག་ཏུ་ཕྱུང་ལ་བསྐམས་ཏེ་མེ་ཏོག་ལུག་རུ་བ་དང། ཤིང་མངར་རྣམས་ཕྱེ་མར་བྱས་ཏེ་མིག
་བསྐུས་ན་འདུས་པ་ལས་གྱུར་པའི་རབ་རིབ་སེལ་བའི་མཆོག་ཡིན་ནོ། །སྤྲིས་གཡོགས་པའི་མིག་ནད་རིམ་པ་གསུམ་པ་ལ་ནི་ཁྲག་གཏར་བ་མ་གཏོགས་པ་རིམས་ཀྱིས་གསོ་བ་ཐམས་ཅད་བྱའོ། །གལ་ཏེ་གཏར་ཀ་བྱེད་ན་ནི་རས་ཀྱིས་མགུལ་བ
་བསྡམས་པས་ནས་གཞི་རྣམས་མྱུར་དུ་འདུས་ཏེ། ལོང་བར་གྱུར་བའི་སྐྱོན་ཡོད་བའི་གཏར་བའི་དམིགས་ཡོད་ན་ཡང་སྲིན་བུ་པདྨས་ཁྲག་དབྱུང་ངོ། །བུ་རམ་དང། རྒྱ་མཚོའི་དབུ་བ་དང། པི་པི་ལིང་དང། ལིགབུ་མིག་དང། ན་ལེ་ཤམ་དང། གུར་ཀུམ་རྣམས
་ཀྱི་ཕྱེ་མ་དང་སྦྲང་རྩི་དང་སྦྱར་བ་མིག་ལ་བསྐུས་ན་སྤྲིས་གཡོགས་པའི་ནད་ཡང་བ་སྦྱོང་ངོ། །སྲེ་མོའི་མིག་ལྟ་བུའི་མིག་ནད་ལ་ནི་མིག་འདུས་པ་ལས་གྱུར་པའི་གསོ་བ་ཐམས་ཅད་འདིར་སྦྱར་རོ། །མར་དང་སྦྲང་རྩི་དང་བ་ལང་གི་ལྕི་ཁུ་གསུམ་གྱི་ནང་དུ་སྐྱེར་ཁཎྚ་དང།
་བཙག་ཡུག་སྣམ་དང། བལ་བུ་དང། དེ་རྣམས་ཀྱི་ཕྱེ་མ་དང་སྦྱར་བའི་མིག་སྨན་གྱིས་བསྐུས་ན་མཚན་མོ་མི་མཐོང་བ་ལ་ཕན་ནོ། །ཡང་ན་ཞོའི་ནང་དུ་ན་ལེ་ཤམ་བདར་བས་མིག་བསྐུས་ན་ཡང་མཚན་མོ་མི་མཐོང་བ་ལ་ཕན་པའི་མཆོག་ཡིན་ནོ། །ཀ་རཉྫ་དང།
་ཨུ་པ་ལ་དང། བཙག་ཡུག་སྣམ་དང། པདྨའི་གེ་སར་དང། དེ་རྣམས་བ་ལང་གི་ལྕི་ཁུའི་ནང་དུ་བཏགས་ཏེ་རི་ལུར་བྱས་བ་ནི་ནད་གཞི་ཐམས་ཅད་ལས་གྱུར་པའི་མིག་ནད་འཇོམས་སོ། །ཡང་ན་ཀོནྟི་ཞེས་བྱ་བ་ཧེ་རེ་ནུ་ཀ་དང། པི་པི་ལིང་དང། ལྡི་ཀྲུ་མིག་དང། རྒྱམ་ཚ
་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དང་སྦྱར་བ་རི་ལུར་བྱས་ཏེ་མིག་ལ་བསྐུས་ན་ཕན་ཡོན་དེ་དང་འདྲའོ། །ཡང་ན་ཀ་ལན་དང། ཚ་བ་གསུམ་དང། ལྡོང་རོས་དང། བ་བླ་དང། རྒྱ་མཚོའི་དབུ་བ་དང། དེ་རྣམས་རའི་འོ་མ་དང་བཏགས་ཏེ་རེ་ལུར་བྱས་ནས
་མིག་ལ་བསྐུས་ན་ཕན་ཡོན་དེ་དང་འདྲའོ། །ཡང་ན་མཆིན་པའི་ནང་དུ་པི་པི་ལིང་བཅུག་སྟེ་མ་ཚིག་པར་བསྲེགས་ལ་ཚོས་པ་དང་ཕྱིར་ཕྱུང་ལ་བསྙམས་ཏེ། དེའི་འོག་ཏུ་བཏགས་ལ་སྦྲང་རྩི་དང། སྦྱར་བས་མིག་བསྐུས་ན་མཚན་མོ་མི་མཐོང་བའི
་ནད་སོལ་བའི་མཆོག་ཡིན་ནོ། །མཚན་མོ་མི་མཐོང་བའི་ནད་པས་བཟའ་བར་ནི་མ་ཧེའི་མཆིན་པ་དང། མཆེར་པ་ཏིལ་མར་དང་ལྷན་ཅིག་བཟའ་ཨོ། །ཡང་ན་འཚོ་བྱེད་སྡེ་བཅུའི་འོ་མ་མར་དང་ལྷན་ཅིག་སྦྲུས་ཏེ་བཟའ་ཨོ། །དེ་བཞིན་དུ་ཨ་ཏི་མུཀྟ་དང། ཨེ་རཎྚ་དང
་ལང་ག་ལི་དང། ཤུ་ཏི་དང། དེ་རྣམས་ཀྱི་ལོ་མ་ཡང་མར་དང་བརྔོས་ཏེ་བཟའ་བར་བྱའོ། །ཡང་ན་དྲོ་ནི་པུཥཔ་ཞེས་བྱ་བའི་ལོ་མ་མར་དང་བརྡོས་ཏེ་བཟའ་བཏུང་ཏུ་སྦྱར་ན་ཡང་རབ་ཏུ་བསྔགས་སོ། །མིག་ནད་དམར་པོ་ཤར་ཤར་པོར་འདུག་པ་དང། མཁྲིས་པས་སྐྱུར་དང།
་དྲོ་བ་དང་ཚ་བ་དང་བཅས་པའི་མིག་ནད་ལ་ནི་མར་རྙིང་པས་བཏུང་བ་ལ་སོགས་པ་སྣུམ་ཆོས་བྱ་སྟེ། བསིལ་བའི་ནུས་པ་དང་ལྡན་པའི་སྨན་གྱི་ཁྲུས་དང་བྱུགས་སྦྱར་རོ། །བ་ལང་གི་ལྕི་བའི་ཁུ་བ་དང། འོ་མ་དང། མར་དང། བཙག་ཡུག་སྣམ་དང་བལ་བུའི་ལོ་མ
་རྣམས་བསྐོལ་ཏེ་མིག་ཏུ་བླུགས་པའམ། ཡང་ན་བཙག་ཡུག་སྣམ་དང། བལ་བུའི་ལོ་མའི་མིག་སྨན་དུ་བྱས་པ་ཡང་ཕན་ཡོན་གོང་མ་དང་འདྲའོ། །མེ་དེ་རྣམས་གཉིས་དང། བཙོད་དང་སེང་འཕྲོམ་དང་ཨ་ནནྟ་དང། སྐྱེར་པ་དང། ཤིང་མངར་དང་འདི་རྣམས
་མར་དང། ཏིལ་མར་དང། མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་བསྐོལ་བའི་སྨན་མར་གྱི་སྣ་བཏང་ན་ཕན་ནོ། །དེ་བཞིན་དུ་འོ་མའི་མར་གྱིས་མིག་བརྟ་བར་བྱ་བའི་ཕྱིར་བླུགས་པར་བྱའོ། །དེས་ཀྱང་མ་ཞི་ན་ཁྲག་གཏར་བར་བྱའོ། །རྣམ་པ་གཞན་ཡང་སྣང་བ
་དང། འཇིགས་ཤིང་སྡངས་བ་དང། མྱ་ངན་དང། ཁ?་ཟས་རྩུབ་པ་ཟོས་པ་དང། སྟན་མེད་པར་ཉལ་བ་དང། དེ་བཞིན་དུ་སྐྱུགས་སྨན་དང་བཀྲུ་སྨན་དང། སྣར་བླུགས་ངམ་ལེགས་པ་དང། མིག་བརྟ་བའི་ཐལ་སྨན་གྱིས་ཐིགས་པ་བླུགས་མ་ལེགས་པ་དང།
་སྐྱུགས་དྲགས་པ་དང། བཀྲེས་པ་དང། སྐོམ་དད་ཆེས་པ་མནགས་པ་དང། མིག་ནད་ཡལ་བར་བོར་ཏེ་ཡུན་རིང་བ་དང། རྣམ་པ་དེ་དག་གིས་ཀྱང་རབ་རིབ་བཞིན་དུ་མཐོང་བའི་ནད་སྐྱེད་པར་བཤད་དེ། དེ་ལ་ནི་རླུང་ལ་སོགས་པའི་ནད་གཞི་གང
་ཡིན་པ་བརྟགས་ཏེ་རང་རང་དང་མཐུན་པའི་སྨན་སྦྱར་རོ། །གཞན་ཡང་ཉི་མའི་ཟེར་དང། མེའི་འོད་དང། གློག་ལ་སོགས་པ་འཚེར་བ་ལ་རྣམ་པར་བལྟས་བར་མིག་ཉམས་པ་ལ་ནི་བསིལ་བའི་སྨན་དང་སྦྱར་བའི་མར་རམ། གསེར་ཞུན
་མར་དང་སྦྱར་བས། སྨན་དུ་སྦྱར་རོ། །དེ་ལྟ་བས་ན་སྐྱེས་བུ་རྣམས་ཀྱིས་མིག་ནི་དུས་ཐམས་ཅད་དུ་བསྲུང་བར་བྱ་སྟེ། ཇི་སྲིད་དུ་འཚོ་བ་གནས་པར་འདོད་པས་མཐུག་ཐུགས་ཏེ་གསོ་བར་བྱའོ། །ཅིའི་ཕྱིར་ཞེ་ན། གང་དག་མིག་དང་བྲལ
་ན་མུན་པར་འགྱུར་ཏེ་ཉིན་མོ་དང་མཚན་མོ་ཡང་བྱེ་བྲག་མེད་ཅིང་ནོར་མང་པོ་འདོད་ན་ཡང་དོན་མེད་པ་ཡིན་ནོ། །དེ་ལ་དུས་རྟག་ཏུ་བསྟེན་པར་བྱ་བ་ནི་འབྲས་བུ་གསུམ་དང། དུས་དུས་སུ་ཁྲག་དབྱུང་བར་བྱ་བ་དང། སློན་ཁྲུས་ཀྱིས་ལུས་སྦྱང་བ་དང། སེམས
་དགའ་བར་བྱ་བ་དང། བྲོ་བ་སྡེ་པར་བྱ་བ་དང། མིག་སྨན་གྱི་སྦྱོར་བ་བསྟེན་པ་དང། ཏིལ་མར་དང་མར་ལ་སོགས་པའི་སྣ་སྨན་བསྟེན་པ་དང། བྱ་ཤའི་བྱན་བསྟེན་པ་དང། རྐང་པ་གཉིས་བཀྲུ་ཞིང་བྱི་དོར་བྱས་ཏེ་བཀྲུ་བ་དང། དྲིལ་བ་ལ་སོགས་པའི་རིམ་གྲོ་བ་དང།
་རྟག་ཏུ་ཞུན་མར་ཏུང་བ་དང། ཁ་ཟས་གནོད་པ་རྣམས་སྤང་པ་དང། ཤིན་ཏུ་ཕྲ་བ་དང། གཡོ་བ་དང། འཚེར་པའི་དངོས་པོ་ལ་མི་ལྟ་བ་དང། དེ་དག་ནི་སྐྱེས་བུ་རྣམས་ཀྱིས་མིག་བསྲུང་བར་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ། །རབ་རིབ་ཀྱི་ནད་གསོ་བའི་ལེའུ་སྟེ་བཅུ་གསུམ་པ
་རྫོགས་སོ།། །།དེ་ནས་མིག་གི་མཐོང་བ་ཉམས་པ་གསོ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱ་སྟེ། དེ་ལ་བད་ཀན་གྱིས་མཐོང་བ་ཉམས་པ་ལེགས་པར་སྨིན་པ་ལ་ནི་དབྱེ་བའི་དཔྱད་བྱའོ། །དེ་ཡང་སྨིན་པའི་མཚན་མ་ནི་ཤིན་ཏུ་དཀའ་བ་དང། མཆིལ་མའི
་ཐལ་བ་ལྟ་བུ་ཡིན་ཡང་དེ་ལ་ཐུར་མས་དབྱེའོ། །དེ་ལ་སྨིན་པའི་མཚན་མ་ནི། ཞོ་ག་ཆུ་ལྟར་དང་ཞིང་སླ་བར་འདུག་པ་སྟེ། ཤིན་ཏུ་སྲབ་པའོ། །དེ་ལ་ནི་ཐུར་མས་ཕྱེ་ཡང་སླར་སྟེང་དུ་འགྲོ་སྟེ། ཚོར་བ་དྲག་པོ་ཡང་མྱོང་ལ་མཐོང་བ་ཡང་སླར་འགེབས
་པར་བྱེད་དོ། །དེ་ལྟ་བས་ན་དཔྱད་བྱེད་པར་འདོད་པས་ཐོག་མར་སྨིན་པར་བྱ་བའི་ཆོ་ག་བྱ་སྟེ། ཁ་ཟས་དང་སྨན་གྱིས་བད་ཀན་བསྐྱེད་པར་བྱའོ། །རླུང་དང་མཁྲིས་པའི་ཤས་ཀྱིས་འདྲེས་ན་ནི་གསོ་བར་དཀའ་སྟེ། ཡུན་རིང་པོར་མ་གྱུར་པར་རླུང་མཁྲིས་ནི་བསལ
་བར་བྱའོ། །དེ་ལ་བད་ཀན་འབའ་ཞིག་གིས་ལོང་བའི་མཚན་མ་ནི་བད་ཀན་གྱིས་ལོང་བ་དེ་རླུང་དང་མཁྲིས་པས་ཟིལ་གྱིས་ནོན་ན་ནི་མདོག་སྔོན་པོར་འགྱུར་ཏེ། དེ་བས་ན་རླུང་དང་མཁྲིས་པ་བསལ་བའི་ཆོ་ག་མང་དུ་བྱ་སྟེ། སྔོན་པོ་ལས་དཀར་པོར་གྱུར་པ་ནི་གཟོད
་དབྱེའོ། །དེ་ལ་དབྱེར་མི་རུང་བ་དྲུག་ཡོད་དེ་འཁོར་བ་ལྟ་བུ་དང། ཁ་ར་ལྟ་བུ་དང། གྲཝམ་ལྟ་བུ་དང། གྲཝམ་མེད་བཅད་པ་ལྟ་བུ་དང། ཟླ་བ་ལྟ་བུ་དང། གདུགས་ལྟ་བུ་དང་དྲུག་གོ། དེ་ལ་འཁོར་བ་ཞེས་བྱ་བ་ནི་མིག་གི་འབྲས་བུ་འཁོར་བའི་ཚུལ་དུ་རྟག་ཏུ་འགུལ་བ་སྟེ
་ཆུ་འཁྱིལ་བ་ལྟ་བུའོ། །མདོག་ནི་དཀར་ལ་ཅུང་ཟད་དམར་རོ། །ཁར་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་ཤ་ཁ་རའི་མདོག་ལྟ་བཱུམ། །ཤིང་ཨརྐའི་ལོ་མ་ལ་ལན་ཚས་བཏབ་བ་ལྟ་བུ་སྟེ། དཀར་ལ་ཅུང་ཟད་དམར་ཞིང་དེ་ཉིད་ཀྱང་ཤིན་ཏུ་སྐ་བར་འདུག་པའོ། །གྲཝ་མ་ལྟ་བུ
་ཞེས་བྱ་བ་ནི་མིག་གི་འབྲས་བུ་ལ་འབྲས་ཀྱི་གྲ་མ་ལྟ་བུའི་རི་མོ་སྣང་བའོ། །གྲ་མ་མེས་བཅས་པ་ལྟ་བུ་ནི་དཔེར་ན་གྲ་མ་མེས་བཙན་ཕན་དུམ་བུར་སྣང་ཞིང་ཆང་འཕྲོ་གནས་པ་བཞིན་དུ་མིག་གི་འབྲས་བུ་ཡ་དེ་ལྟར་སྣང་ཞིང་ནད་དང་བཅས་པའོ། །ཟླ་བ་ལྟ་བུ་ཞེས
་བྱ་བ་ནི་དབྱིབས་ཟླ་བ་གང་བ་ལྟར་འདུག་ལ་དེ་ཡང་ཁ་རའི་མདོག་ལྟ་བུའོ། །གདུགས་ལྟ་བུ་ནི་གདུགས་ལྟར་ཟླུམ་ཞིང་ཁ་དོག་སྣ་ཚོགས་འདུག་བ་སྟེ། དྲུག་པོ་དེ་དག་གང་ཡང་རུང་བ་སྣང་ན་ནི་ལི་ཀ་ཞེས་བྱ་སྟེ། གསོར་མི་རུང་ངོ། །གཞན་ཡང་སྐྱོན་འདི་དག
་ཡོད་ན་ཡང་དབྱེར་མི་རུང་སྟེ། གོང་དུ་མིག་གི་གཏར་ཀ་བསྟན་པའི་སྐབས་སུ་སྐོམ་བ་ལ་སོགས་པ་བསྲུང་བ་བཞིན་དུ་འདིར་དབྱེ་བའི་དུས་སུ་ཡང་བསྲུང་བར་འགྱུར་ཏེ། དེ་ཡང་སྐོམ་དད་ཆེ་བ་དང། ཆམ་པས་བཏབ་པ་དང། ལུད་པ་ལུ་བ་དང། དེ་བཞིན་དུ་དཔྱད
་ཀྱིས་འཇིགས་པ་དང། རྟག་ཏུ་སྐྱུག་པ་དང། མགོ་བོ་དང་རྣ་བ་དང། མིག་འདི་རྣམས་མི་བདེ་བ་ན་དཔྱད་མི་བྱའོ། །དེ་ནས་མིག་དབྱེ་བའི་དུས་ཚིགས་བསྟན་པ་ནི་དཔྱིད་ཟླ་འབྲིང་བ་དང། དབྱར་ཟླ་ཐ་ཆུང་དང། སྟོན་ཟླ་ཐ་ཆུང་ལ་བབ་པའི་ཆོ་སྣུམ་གྱི་ཆོ་ག་དང
་དུགས་ཀྱི་ཆོ་ག་བྱས་ནས་སློན་ཁྲུས་ཀྱིས་ལུས་དག་པར་བྱའོ། །དེ་ནས་ཉམས་བརྟས་ན་དེ་དང་མཐུན་པའི་ཟས་དང་སྐོམ་སྦྱིན་ནོ། །དེའི་འོག་ཏུ་ས་ཕྱོགས་གསལ་བར་ནད་པ་བཞག་ལ་སྔ་དྲོ་དང་པོར་དབྱེ་བར་བྱ་སྟེ། སྨན་པ་ཁྲི་པུས
་མོ་ཙམ་དུ་མཐོ་བའི་སྟེང་དུ་འདུག་ནས་ནད་བ་སྨན་པའི་མདུན་དྲང་པོར་ཁ་ཤར་ཕྱོགས་སུ་བསྟན་ཏེ་སྟན་འཇམ་པ་གང་ཡང་རུང་བ་ལ་བཞག་ནས་རྐང་པ་གཉིས་རྐྱོང་དུ་གཞུག་།ནད་པའི་རྒྱབ་ཏུ་ནད་གཡོག་བཞག་ནས་ནད་གཡོག་གི་ལག་པ
་གཉིས་ཀྱིས་ནད་པའི་མགོ་བོ་དམ་དུ་གཟུང་སྟེ། མི་འགྱུར་བར་བྱས་ནས་བག་ཡངས་སུ་བཞག་གོ། དེ་ནས་ནད་པའི་མིག་སྨན་པའི་ཁའི་དབུགས་དྲོན་པོས་དུགས་བྱས་ལ། སྨན་པའི་མཐེ་བོས་ནད་པའི་མིག་དལ་གྱིས་མཉེས་ནས་སྨན་པའི་མིག
་ལ་དྲང་པོར་འབྲུ་ཚུགས་སུ་ལྟར་བཅུག་ལ། མིག་གི་ནད་ཀྱི་སྤྲིའམ་མ་དྲི་མ་སྔ་མའི་སོ་ལས་ཅུང་ཞིག་གཡོ་བར་སྣང་ན་ནད་པ་རང་གི་མིག་སྣ་གོང་དུ་ལྟར་བཅུག་ལ། ནད་གཡོག་གིས་མགོ་བོ་དམ་དུ་གཟུང་ལ་མི་འགུལ་བར་བྱས་ནས་ཐུར་མ་གཟུགས
་པའི་ཚད་ནི་ནད་པའི་མིག་རང་གི་སྣ་གོང་དུ་བལྟས་པ་ལས་ནག་པོའི་མཛའ་ནས་བཟུང་སྟེ། དཀར་པོ་འབའ་ཞིག་ལ་ཆ་གཞིར་བགོས་ནས་ཆ་གསུམ་ནི་ནག་པོའི་ཕྱོགས་སུ་ལུས། ཆ་གཅིག་མུར་ལོག་སུ་ལུས་པའི་མཚམ་ན་ལྷའི་བུག་པ་ཞེས་བྱ
་བ་ཡོད་དེ། དེར་མིག་གི་ཐུར་མ་འཛུབ་མོ་དང། གུང་མོ་དང། མཐེ་བོ་གསུམ་གྱིས་དམ་དུ་བཟུང་ལ། ལྟག་འོག་ཏུ་ཡ་ཡོར་མ་གྱུར་པར་འཕྲེང་དྲང་པོར་གཟུགས་ཏེ། མིག་གི་འབྲས་བུ་ཕྱིན་པར་བཏང། །ནད་པའི་མིག་གཡོན་པ་ནི་སྨན་པའི
་ལག་པ་གཡས་པས་དབུག་།མིག་གཡས་པ་ནི་སྨན་པའི་ལག་པ་གཡོན་པས་དབུག་སྟེ། དེ་ལྟར་ནང་དུ་ཐུར་མས་ཕུག་པ་ལས་ལེགས་པའི་མཚན་པ་ནི་པུས་ཞེས་བྱ་བའི་སྒྲ་འབྱུང་ལ། དེ་ཡང་ནད་མེད་ཅིང་ཆུའི་ཐིགས་པ་འགའ་ཡང་འབྱུང་བའི
་རིགས་སོ། །དེ་ན་ནད་པ་སྤྲོ་བ་བསྐྱེད་དོ། །ཅི་སྟེ་མིག་ལས་མཆི་མ་འོད་དམ་དམར་པོར་གྱུར་ན་འོ་མ་ཅུང་ཞིག་བླུགས་སོ། །ཐུར་མའི་རྩེ་མོ་ཡང་ཧ་ཅང་མི་རྣོ་བས་ནང་དུ་དལ་བུབ་རིས་ཀྱིས་ཕུལ་ཏེ། རྩེ་མོ་དབུས་སུ་སྣ་གོང་ཕྱོགས་སུ་ཕྱི་བ་ལྟར་བྱས་ལ་འོག་ཕྱོགས་སུ
་བཏང་ངོ། །ཅི་སྟེ་འོག་ཏུ་བཏང་ཡང་ཕྱིར་ལོག་པ་ལྟར་བྱེད་ན་ནད་པ་རང་གིས་སྣ་བུར་པ་ལྟར་བྱས་ན་བོག་ཏུ་འགྲོ་བའི་རིགས་སོ། །གལ་ཏེ་ཐུར་མས་ཕྱིས་ཀྱང་མི་འགུལ་ན་ཡང་སྔ་མ་བཞིན་དུ་དབུགས་དྲོན་པོས་མིག་དུ་དུགས་བྱས་ལ་ཐུར་མས་ཕྱིས་ན
་འོག་ཏུ་འགྱུར་རོ། །དེ་ནས་གཟུགས་ཀྱི་རྣམ་པ་ཕྲ་རགས་མཐོང་ན་ཐུར་མ་རིམ་གྱིས་ཕྱིར་དབྱུང་ངོ། །དེ་ནས་རས་བལ་དྲོན་བོ་སྣུམ་ཅན་གྱི་དུགས་བྱས་ལ་རིགས་ཀྱིས་དཀྲིས་ནས་གན་སྐྱལ་དུ་བསྙལ་ལ་བཞག་གོ། མིག་ཡ་གཅིག་ལ་ཆོ་ག་ཇི་ལྟར་བསྟན་བ་བཞིན
་དུ་ཡ་གཅིག་ལ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ནས་རླུང་མེད་པའི་གནས་སུ་མགོ་བོ་དང་རྐང་པ་མར་གྱིས་བསྐུས་ཏེ་བཞག་ལ། ཕན་པའི་ཟས་དང་སྤྱོད་ལམ་ཞག་བདུན་གྱི་བར་དུ་བསྟེན་པར་བྱའོ། །དུས་དེའི་བར་དུ་བསྲུང་བར་བྱ་བ་ནི་ཚམ་པ་དང། ལུང
་བ་དང། སྒྲེགས་པ་དང། འཆིལ་མ་འདི་རྣམས་ཅིག་ནས་ཀྱང་དག་།ཆམ་པ་ལ་སོགས་དང། བད་ཀན་སྐྱེ་བར་བྱེད་པའི་རྒྱུ་ནི་ཆུ་ཡིན་པས་ཆུ་བཏུང་བ་སྤང་པར་བྱའོ། །ཡང་ཆེར་སྐོམ་ན་ཆུ་བསྐོལ་བ་སྒ་བཏབ་པ་ཅུང་ཟད་བཏུང། གཞན་ཡང
་ཁ་ཕུབ་ཏུ་འདུག་པ་དང། ཁྲུས་དང། སོ་ཤིང་བཅའ་བ་ཡང་མི་བྱ་ཅི་ནས་ཀྱང་བད་ཀན་སྐྱེ་བར་བྱེད་པའི་ཁ་ཟས?་དང། བཏུང་བ་ཐམས་ཅད་སྤང་ངོ། །ནད་པ་དེས་སྤྲིད་པ་དང་ལམ་དུ་འགྲོ་བ་མི་བྱ། ཁ་ཟས་དང་བཏུང་བ་དྲོད་བག་བསྟེན་ཅིང་གྲང
་བ་དང། བསིལ་བག་སླང?། ནད་པ་ཉམས་སྟོབས་དང་ལྡན་པ་ཞིག་ན་སྨྱུང་བར་བྱ། གལ་ཏེ་མི་བདེ་བ་འམ་རླུང་ལངས་པ་ལྟར་བྱེད་ན་བ་མར་དྲོན་པོས་སྐུ། ཁ་ཟས་ནི་ནས་ཀྱི་ཟན་ཅུང་ཟད་སླ་བ་ཚ་གསུམ་དང། སྐྱུ་རུ་ར་བཏབ་པ་སྦྱིན། ཡང་ན་གོང་མ
་བས་སླ་བ་ལྡེ་གུ་ཙམ་གྱིས་ཟན་ལྷག་མའི་སྤོང་བ་དང་སྣུམ་དང་བཅས་པར་བྱས་ལ་སྦྱིན་ནོ། །མིག་ཕྱེ་ནས་ཞག་གསུམ་ལོན་པ་དང་བཅིངས་པ་དཀྲོལ་ཏེ། རླུང་ལ་ཕན་པའི་སྨན་སྣ་ཚོགས་བསྐོལ་སྨན་གྱིས་ཁུ་བ་མིག་ཏུ་བླུགས་སོ། །དེ
་བཞིན་དུ་ཞག་བདུན་པའི་བར་དུ་ཡང་ཐབས་དེ་ལྟར་བྱ། གལ་ཏེ་གསུམ་བ་ནས་དྲུག་པའི་བར་དུ་སྨན་མ་འབྱོར་ན་ཡང་བདུན་བ་ལ་མི་བླུགས་སུ་མི་རུང་ངོ། །ཇི་སྲིད་དུ་མིག་གི་མཐོང་བ་བརྟན་པོར་མི་གྱུར་གྱི་བར་དུ་ཆོ་ག་བསྲུང་བ་ལ་འབད་པར་བྱ་སྟེ། དེ
་ཡང་གཟུགས་ཤིན་ཏུ་ཕྲ་བ་དང། སྲོག་ཆགས་ཕྲ་བ་དང། ཤིན་ཏུ་མཚེར་བ་གང་ཡང་རུང་བ་ལ་མི་བལྟ། མིག་གིས་ལྟ་བ་ཡང་རིམ་གྱིས་དལ་བུ་བས་ལྟའི། ཅིག་ཅར་བབ་ཆོལ་དུ་མི་བལྟ། གལ་ཏེ་མིག་སྐྲངས་ནས་དམར་པོར་གྱུར་ཏམ། མིག་ནད་གཞན་གང
་ཡང་རུང་བ་བྱུང་ན། དེ་དང་པོར་ཐུར་མས་ཕུལ་ཏེ་ཉེས་པའམ་ཁ་ཟས་མི་མཐུན་པ་ཅི་ལས་གྱུར་བ་བརྟགས་ནས་སྐྲངས་པ་ལ་སོགས་པ་སོ་སོའི་ནད་དང་མཐུན་པའི་སྨན་གྱིས་གསོའོ། །དེ་ཡང་མིག་སྐྲངས་པ་ལ་སོགས་པའི་ནད་གང་ཡང་རུང་བ་བྱུང་ན
་རྩཝ་དུར་བ་དང། ནས་སོ་བ་དང། བཙག་ཡུག་སྣམ་དང། ཐལ་ཏྲེས་དང་འདི་རྣམས་ཆ་བསྙམས་ནས་མར་དང་ལྡན་པར་བྱས་ཏེ་ཆུ་དགས་སུ་བྱས་ནས་བསྐུས་ན་མིག་གི་སྐྱོན་སེལ་ལོ་ཡང་ན་ཡུངས་ཀར་དང། ཏིལ་གཉིས་ཀྱི་ཕྱེ་མ་ཁ་ལུང་གི་ཁུ་བ་དང
་སྤྱིར་ཏེ་བསྐུས་ན་ཡང་སེལ་ཏོ། །ཡང་ན་བ་ཡསསྱ་དང། ཐལ་ཏྲེས་ཀྱི་ལོ་མ་དང། གཅོད་དང། ཤིང་མངར་རྣམས་ཕྱེ་མར་བྱས་ལ་རའི་འོ་མ་དང་སྦྱར་བའི་ལྡེ་གུ་དྲོ་འཇམ་གྱི་བསྐུས་ན་ཡང་མིག་བདེ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་གསེང་ཕྲོ
་མ་དང། རྒྱམ་ཚ་དང། རྒུན་འབྲུ་དང། ཤིང་མངར་དང་འདི་རྣམས་རའི་འོ་མ་དང་སྦྱར་བ་བསྐོལ་བའི་ཁུ་བས་མིག་ཏུ་བླུགས་ན་མིག་ནད་འཇོམས་པར་བྱེད་དོ། །ཡང་ན?་ཤིང་མངར་དང། ཨུཏཔལ་དང། རུ་རྟ་འདི་རྣམས་རའི་འོ་མ་དང་བསྐོལ་བའི
་ཁུ་བའམ། ཡང་ན་རྒུན་འབྲུ་དང། རྒྱ་སྐྱེགས་གཉིས་རའི་འོ་མ་དང་སྐོལ་བའི་ཁུ་བ་བླུགས་ན་ཡང་མིག་ནད་སེལ་ཏོ། །ཡང་ན་རླུང་ལ་ཕན་པའི་སྨན་ཇི་སྙེད་པ་ཆམ་ཆོམ་བརྡུངས་ཏེ། རའི་འོ་མ་དང། འོ་མའི་བཞི་འགྱུར་གྱི་ཆུ་དང་བསྐོལ་ཏེ། ཆུ་དུ་འོ་མ་ལུས་པ
་དང་ཕྱི་དབྱུང?་སྟེ་བཙག་པའི་ཁུ་བའི་ནང་དུ་འོ་མ་ཇི་ཙམ་པའི་མར་དང། ཤུ་བའི་སྡེ་ཚན་གྱི་སྨན་བཏགས་ལ་ཕྱེ་མ་དབྱས་ལ་མར་དང་འོ་མ་དང། ལྷན་ཅིག་བསྐོལ་ནས་འོ་མ་ནི་དུ་མར་ལུས་བ་དང་དེས་བསྐུ་བ་ལ་སོགས་པ་བྱས་ན་ནི་མིག་ནད་ཀུན་ལ
་ཕན་ཏེ། ལྷག་པར་ཡང་ཁྲག་ལས་གྱུར་པ་སྦྱོང་ངོ། །དེ་ལྟར་བྱས་ཀྱང་ཁྲག་ནད་མ་ཞི་ན་ནད་པ་དེ་ཡང་རྣམ་བཅོས་བྱ་ཞིང་དུགས་བྱས་ལ་མིག་རྩ་ལ་གཏར་བྱའོ། །ཇི་ལྟར་གཏར་བ་ནི་མིག་ནད་ཀྱིས་གཏར་གའི་སྐབས་ལས་བལྟའོ། །དེ་ཇི་ལྟར་བྱ་བ
་ལེགས་པར་གྱུར་ན་ཚ་བ་དང་འཇམ་པའི་སྨན་བཏང་སྟེ། ཨ་ད་གའི་རྩ་བ་དང། ན་ལེ་ཤ་དང། བ་བླ་དང། སྐྱེར་ཁཎྚ་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ལ་ཆར་པའི་ཆུ་དང་བདར་བས་མིག་ལ་བསྐུས་ན་ཡང་ཕན་ནོ། །ཡང་ན་ཛཱ་ཏི་དང། ཤྲི
་ཤ་དང། ཧ་བ་དང། ཀརྐ་ཏ་ཤྲི་གི་རྣམས་ཀྱི་མེ་ཏོག་དང། བཻཌཱུརྱ་དང། མུ་ཏིག་གི་འབྲས་བུ་དང་འདི་རྣམས་བཏགས་ཏེ། རའི་འོ་མ་དང་ལྡེ་གུར་བྱས་ཏེ། ཟངས་མའི་སྣོད་ལ་བསྐུས་ནས་བསྐམས་པ་དང། ཕྱིར་བཀོག་ལ་ཡང་བཏགས་ཏེ
་ཡང་རའི་འོ་མ་དང་ལྡེ་གུར་བྱས་ནས་ཡང་བསྐུ་བ་དང། སྐམ་པ་ཞག་བདུན་གྱི་བར་དུ་ཐབས་དེ་ལྟར་བྱས་ནས་ཐ་མལ་རི་ལུར་བྱས་ནས་གྲིབ་སྐམས་སུ་བྱས་ཏེ། འོ་མ་དང་སྦྱར་བས་མིག་ལ་བསྐུས་ན་མཐོང་བ་དང་གསལ་བ་དང།
་སྟོབས་སྐྱེ་བར་འགྱུར་རོ། །ཡང་ན་ལིགབུ་མིག་དང། བྱུ་རུ་དང། ལྡོང་རོས་དང། རྒྱ་མཚོའི་དབུ་བ་དང། ན་ཡེ་ཤམ་རྣམས་ཀྱི་ཕྱེ་མ་རིའི་འོ་མ་དང་ལྡེ་གུར་བྱས་ལ། ཟངས་མའི་སྣོད་ལ་གོང་མ་ལྟར་བྱས་པས་མིག་ལ་བསྐུས་ན་ཡང་ཕན་ཡོན
་གོང་མ་དང་འདྲ་བར་ཤེས་པར་བྱའོ། །མིག་གི་མཐོང་བ་ཉམས་པ་གསོ་བར་བྱ་བའི་ལེའུ་སྟེ་བཅུ་བཞི་བ་རྫོགས་སོ།། །།དེ་ནས་མིག་ནད་སྣད་ཚོགས་ཐམས་ཅད་བྱི་ནད་བཞི་བརྟག་པའི་ལེའུ་བཤད་བར་བྱ་སྟེ།
་དེ་ལ་རླུང་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མཚན་མང་དུ་འཛག་པ་དང། སྣ་བུས་བ་ལྟར་རྒྱས་ཤིང་གང་བ་དང། སྒང་བའི་ཤས་ཆུང་བ་དང། མུར་འགྲམ་དང། འཕྲལ་བ་དང། སྨིན་མ་དང་མིག་དང། ཁ་དང་འདི་རྣམས་ཟུག་ཅིང
་འཕར་བ་དང། རྡུམ་སྐམ་པོ་ཅུང་ཟད་ཡོད་པ་དང། མཆི་མ་གྲང་མོ་སླབ་འབྱུར་བ་དང། ལྡང་དུབ་དུ་ན་བ་དང། མིག་འབྱེད་འཛུམ་དཀའ་བ་དང་མིག་གི་ནང་དུ་སྲིན་བུ་རྦྱུ་བ་སྙམ་བྱེད་པ་དང། མིག་གང་ཞིང་བུས་བསྙམ་བྱེད་པ་དང། གྲ་མས་གང་བསྙམ་བྱེད་དང
་སྤྲུམ་གྱི་བསྐུས་སི་དྲོ་བས་ཞི་བར་འགྱུར་བ་དེ་ནི་རླུང་ལས་གྱུར་པ་ཡིན་ནོ། །རླུང་ནད་དེ་ཡལ་བར་བོར་ཏེ། གསོ་བ་མ་བྱས་པ་ལ་ནི་མིག་ནད་རྡུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་ནད་ཀྱི་རྣམ་བ་སྣ
་ཚོགས་འབྱུང་ཞིང་མཐོང་བའི་མིག་ལ་རྨ་འབྱུང་ཞིང་ཉམས་པར་འགྱུར་བ་ཡིན་ནོ། །ཡང་ན་མིག་གི་ནང་དུ་ནད་འཁྲུགས་ཏེ། མིག་སྟེང་གི་གནད་ཀྱི་རྩ་དང་མུར་འགྲམ་འམ། དེ་ལས་གཞན་དུ་ཡང་རུང་སྟེ། རླུང་ཞུགས་ནས་མི
་བཟད་པར་ན་བ་དང། འབྱར་བག་ཏུ་འདུག་བ་དང། སྐྲང་བ་དང་མིག་འགྱུར་བ་དང། ཞུམ་བ་དང། མཆི་མ་འཛག་པ་དེ་ནི་རླུང་བར་གཞན་དུ་ཞུགས་པའི་མིག་ནད་ཅེས་བྱའོ། །དེ་ལ་མིག་གི་རླུང་གི་རྣམ་གྲངས་ཞེས་བྱ་བ་ཡོད་དེ། དེའི་མཚོན་མ་ནི
་མིག་གཡོ་བར་འགྱུར་བ་དང། མིག་སྔ་བ་ནས་ཆུད་པར་འགྱུར་བ་སྟེ། ལྷག་མའི་མིག་ནད་ཀྱི་ཚུལ་ནི་གོང་མ་དང་འདྲའོ། །མཁྲིས་བ་འཛག་པའི་མིག་ནད་ཀྱི་མཚན་མ་ནི་མིག་ཚ་བ་དང། དུ་བ་འབྱུང་བ་སྙམས་སེམས་པ་དང། མིག་མཆུའི
་ཕྱི་རོལ་སྐྲང་ཞིང་སྔོ་བསངས་སུ་འདུག་བ་དང། མིག་གི་ནད་མནགས་པ་དང། མཆི་བ་ཚ་བ་དང། སེར་པོ་འབྱུང་བ་དང། མིག་གི་མདོག་དམར་བ་དང། དངོས་པོ་རྣམས་སེར་པོར་མཐོང་བ་དང། རྨ་ལན་ཚས་བཏབ་པ་སྙམ་ཁྱེད་བ་ཡིན་ནོ།།
་དེ་ཉིད་ཡུལ་བར་བོར་ཏེ་གསོ་བ་མ་བྱས་པ་ནི་མིག་ནད་རྡུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་མེ་དམག་འབར་བ་ལྟར་འདུག་བ་དང། མཆི་མའི་གདོང་ལྟར་སྣང་བ་ཡིན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མིག་ཚེར་བ
་མེད་པ་དང། ཆེར་སྐྲང་བ་དང། ཆེར་གཡའ་བ་དང། གཉིད་ཆེ་བ་དང། ཟས་ལ་མི་དགའ་བ་དང། མིག་རྡུ་བ་དང། མཆི་མ་སྣུམ་པ་དང། མང་བ་དང། དཀར་བ་དང། སྤྱི་བག་ཏུ་སྣང་བ་ཡིན་ནོ། །དེ་ཉིད་གསོ་བ་མ་བྱས་ཏེ་ཡལ་བར་བོར་བ་ལས་ནི་ཡང་མིག
་མེད། རྡུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་མིག་གི་འབྲས་བུ་ནག་པོ་དམར་པོར་འགྱུར་ཞིང་འབྲས་བུ་དཀར་པོར་འགྱུར་བ་དང། ཆམ་པས་འདེབས་པ་དང། སྣ་བུས་བ་ལྟར་གང་ཞིང་རྒྱས་པ་དང། མིག་བྱེ་མས་གང་བ་སྙམ་བྱེད་པ
་ཡིན་ནོ། །དེ་ལ་ཁྲག་ལས་གྱུར་པའི་མིག་ནད་གྱི་མཚན་མ་ནི་མཆི་མ་ཁྲག་ཏུ་འཛག་བ་དང། མིག་དམར་པོ་ཤར་ཤར་པོར་སྣང་བ་དང། རྔུ་མ་དམར་བ་དང། མིག་གི་འབྲས་བུ་དཀར་པོ་ཡང་དམར་བ་དང། དངོས་པོ་དམར་པོར་མཐོང་བ་དང
་གཞན་ཡང་མཁྲིས་པའི་རྟགས་ཀྱང་འདིར་ལྟའོ། །དེ་ཉིད་ཡལ་བར་བོར་བ་ཡང་མིག་ནད་རྡུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་མིག་མཛའ་ཟངས་མའི་མདོག་ལྟར་འདུག་པ་དང། མིག་ཆུང་བ་སྙམ་སེམས་ཤིང་ན་བ་དང་མེ་ཏོག་བནདུ?
་ལྟར་དམར་བ་དང། ཏཱ་མྱ་ནི་ཞེས་བྱ་བ་དང། རེག་ན་མི་བཟོད་བ་དང། ཁྲག་གི་ནང་དུ་ནིམྦའི་ལའི་འབྲས་བུ་བཅུག་པ་བཞིན་དུ་མིག་གི་འབྲས་བུ་ཡང་དེ་ལྟར་སྣང་བ་དང། དངོས་པོ་རྣམས་མེ་འབར་བའི་མདོག་དུ་མཐོང
་བ་ཡིན་ནོ། །དེ་ལ་འཛག་པའི་མིག་ནད་ལ་ཁྱད་པར་དུ་མིག་ནད་རྡུང་བ་ཐམས་ཅད་ནི་རླུང་ལ་སོགས་པའི་ནད་གཞི་བྱེ་བྲག་གི་ཚབས་ཆེ་ཡིན་ཏེ་ཁྱད་པར་དུ་མུར་འགྲམ་དང། སོ་དང་ཁུར་ཚོས་དང། མགོ་བོ་རྣམས་སུ་ལྷག་བར་ན
་བར་བྱེད་དོ། །རླུང་དང་མཁྲིས་པ་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མིག་གི་ནང་བྲུ་དེ་བསྙམ་སེམས་པ་དང། ན་ཞིང་རྡོལ་བ་སྙམ་སེམས་པ་དང། བརྣག་གིས་གཡོགས་པ་ལྟར་འདུག་པ་དང། མིག་མཆུ་རྩུབ་ཅིང་རིག་མི་བཟོད་པ་དང། མིག
་འབྱེད་འཛུམ་དཀའ་བ་དང། མིག་འཛག་པ་ཉུང་ཞིང་སྐམ་པ་དང། གྲང་བར་འདོད་པ་དང། ན་བ་དང། སྨིན་པ་དང་བཅས་པ་ཡིན་ཏེ། དེ་ནི་མིག་ནད་སྐྲམ་ཞིང་སྨིན་པ་ཞེས་བྱའོ། །ནད་གཞི་གསུམ་ཁྲག་དང་བཅས་པ་ལས་གྱུར་པའི
་མིག་ནད་ཀྱི་མཚན་མ་ནི་སྐྲང་བ་དང། རབ་ཏུ་ན་བ་དང། ཚ་བ་དང། རྟག་ཏུ་འཛག་པ་དང། མིག་གི་འབྲས་བུ་དཀར་པོ་ལ་ཨུ་དུམྦ་རའི་འབྲས་བུ་འདྲ་བ་སྣང་བ་དང། མཆི་མ་ཡང་གྲང་བ་དང། དྲོ་བ་དང། རྩུབ་པ་དང། སྤྱི་བག་དང། སླ་བ་དང
་སྐ་བ་རེས་ཀྱི་འབྱུང་བ་དེ་ནི་མིག་ནད་སྐྲང་བ་སྨིན་པ་དང་བཅས་པ་ཞེས་བྱའོ། །ཅུང་ཟད་སྐྲངས་པ་ཞེས་བྱ་བའི་མིག་ནད་ཀྱི་མཚན་མ་ནི་སྐྲངས་པ་གོང་མ་བས་ཚབས་ཆེ་བ་ལ་སོགས་པ་བརྟགས་ལྷག་མ་དེ་ཉིད་དང་འདྲའོ། །མིག་ནད་སྨིན་བ་ཞེས
་བྱ་བའི་མཚན་མ་ནི་སྐྲང་བ་དང། སཾ་རཾ་བ་དང། དྲི་མ་དང་བཅས་པའི་མཆི་མ་འཛག་པ་དང། མཐོང་མིག་ལ་བལ་གྱི་གཡོགས་བ་ལྟར་སྣང་བ་དང། །མིག་འབྲས་དཀར་པོ་ལ་དམར་ཞིང་རྣག་དང་བཅས་པ་དང། ཚ་བ་དང། མི་མཐོང་བ་དང།
་ན་ཞིང་ཟུག་གཟེར་ཚབས་ཆེ་བ་ཡིན་ནོ། །ནད་གཞི་ཉེས་པ་རྣམས་འཁྲུགས་ཏེ། ཁྱད་པར་དུ་མཁྲིས་པ་དང། ཁྲག་ཤས་ཆེ་བས་ཟས་ཟོས་པའི་དངས་མ་སྐྱུར་པོར་གྱུར་པ་རླུང་ལ་སོགས་པས་མིག་ཏུ་སོན་བར་བྱས་ཏེ་མིག་རྩ་ལ་ཆགས་བ་ནས་མིག་གི
་མདོག་ཀྱང་དམར་ནག་ཏུ་འགྱུར་བ་དང། དེ་བཞིན་དུ་སྐྲང་བ་དང། ཚ་བ་དང། སྨིན་པ་དང། མཆི་མ་འཛག་པ་དང། མཐོང་བ་མི་གསལ་བར་ཡིན་ཏེ། དེ་ནི་སྐྱུར་གྱིས་བསྐྱེད་པའི་མིག་ནད་ཅེས་བྱའོ། །དེ་ལྟར་མིག་ནད་སྣ་ཚོགས་ཀྱང་རྣམ་གྲངས་བཅུ་དྲུག་ཏུ
་བཤད་དེ། དེས་ན་མིག་ནད་རྩུབ་བ་འཇོམས་བྱེད་དང། མིག་ནད་སྨིན་པ་ཞེས་བྱ་བ་གཉིས་ནི་ཡོངས་སུ་སྤང་བར་བྱའོ། །དེ་ལ་མིག་ནད་རྡུང་བ་ཞེས་བྱ་བ་ལ་ཆོ་ག་ལེགས་པར་མ་སྤྱད་ན་ནི་ཤིན་ཏུ་ཉེན་ཆེ་སྟེ། དེ་ཡང་རླུང་ལས་གྱུར་བའི་མིག་ནད་རྡུང་བ་ཆོ་ག་ཉེས
་པར་བྱས་ན་ནི་ཞག་ལྔས་མཐོང་བ་ཉམས་བར་འགྱུར་རོ། །བད་ཀན་ལས་གྱུར་པའི་མིག་ནད་རྡུང་བ་ལ་ཆོ་ག་ལོག་པར་སྤྱད་ན་ཞག་བདུན་གྱིས་མཐོང་བ་ཉམས་པར་འགྱུར་རོ། །ཁྲག་ལས་གྱུར་པའི་མིག་རྡུང་བའི་ནད་ལ་ཆོ་ག་ཉེས་པར་བྱས་ན་ཞག་གསུམ
་གྱིས་མཐོང་བ་ཉམས་སོ། །མཁྲིས་བ་ལས་གྱུར་བའི་མིག་རྡུང་བའི་ནད་ལ་ཆོ་ག་ལོག་པར་བྱས་ན་དེ་མ་ཐག་མཐོང་བ་ཉམས་པར་འགྱུར་རོ། །མིག་ནད་སྣ་ཚོགས་ཐམས་ཅད་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་བཅོ་ལྔ་བ་རྫོགས་སོ།། །།དེ་ནད་མིག་ནད
་སྣ་ཚོགས་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མིག་ནད་འཛག་པ་ཐམས་ཅད་ཐོག་མ་འབྱུང་བའི་ཚེ་ནི་སྨན་རྣོན་པོ་དང་སྦྱར་བའི་སྨན་མཁུར་བར་བཅད་བ་དང། སྣ་སྨན་བཏང་བ་དང། མྱུང་བ་བྱས་ཏེ་རླུང་ལས་གྱུར་པ་ནི་མ་གཏོགས་སོ། །མིག་ཚ་བ
་དང། མིག་བད་ཀན་གྱི་གཡོགས་བ་ལྟར་འདུག་པ་དང་མིག་མདོག་དམར་བ་དང། མཆི་མ་འཛག་པ་དང། སྐྲངས་པ་ལ་སོགས་པའི་མིག་ནད་ཐམས་ཅད་ལ་ནི་གནད་བ་ཏྲ་དང། སུག་སྨེལ་དང། ན་ལེ་ཤམ་དང། བཙག་ཡུག་སྣམ་དང། དེ་རྣམས་ལྡེ
་ཞུར་བྱས་པས་མིག་གི་ཕྱི་རོལ་ཏུ་བསྐུས་ན་ཞི་བར་འགྱུར་རོ། །རླུང་ལས་གྱུར་པའི་མིག་ནད་ལ་ནི་སྐྱེར་ཁཎྚ་དང། ཤིང་མངར་དང། རྒྱ་སྤོས་དང། ཙན་དན་དང། རྒྱམ་ཚ་རྣམས་སྦྱར་བའམ། ཡང་ན་རྒྱམ་ཚ་དང། བཅའ་སྒ་དང། སྐྱེར
་ཁཎྚ་རྣམས་མར་གྱི་སྙིང་ཁུ་ལས་བཏགས་པའམ། ཡང་ན་སེང་ཕྲོམ་དཀར་པོ་མར་ལས་བརྔོས་ཏེ་ལྡེ་གུར་བྱས་པའམ། སྦྱོར་བ་དེ་དག་གང་ཡང་རུང་བ་བསྐུས་ན་ཕན་ནོ། །མཁྲིས་པ་དང་ཁྲག་ལས་གྱུར་པའི་མིག་ནད་ལ་སྤང་སྤོས་དང། ཤུག་བ་དང།
་བུ་ཚང་རྡོ་དང། ཤིང་མངར་དང་དེ་རྣམས་ཀྱི་ལྡེ་གུས་བསྐུས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་ལྡོང་རོས་དང། པྲི་ཡང་ཀུ་དང། སྦྲང་རྩི་སྦྱར་བས་མིག་གི་ཕྱི་རོལ་པགས་པ་ལ་བསྐུས་ན་ཕན་ནོ། །འདུས་པ་ལས་གྱུར་པའི་མིག
་ནད་འཛག་པ་ལ་ནི་སྨན་དེ་ཐམས་ཅད་སྦྱར་བ་བསྐུའོ། །ན་ལེ་ཤམ་དཀར་པོ་ཆ་གཅིག་དང། ལྡོང་རོས་ཆ་བཞི་དང། སེང་ཕྲོམ་དཀར་པོ་ཆ་བཅུ་དྲུག་དང། དེ་རྣམས་ཞིབ་ཏུ་བཏགས་ཏེ་རས་ཀྱི་ནང་དུ་ཕུར་མར་བྱས་ཏེ། ཟུག་གཟེར་བདེ་བའི་དུས་སུ་མིག་ལ
་གླན་ནོ། །རྒྱ་སྲན་སྐུ་ལ་ཐ་རས་ཀྱི་ནང་དུ་ཐུམ་བུ་བྱས་ཏེ། དགོན་པའི་བ་ལང་གི་ལྕི་བའམ། རིའི་རིལ་མ་བསྐོལ་བའི་ཁུ་བའི་རླངས་པར་གཙོས་ཏེ་ཚོས་པ་དང་སེན་མོས་ཤུན་པ་བཤུས་ལ་བསྐམས་ཏེ། བཏགས་པའི་ཕྱེ་མས་ནུབ་མོ་ལན་ཅིག
་བསྐུས་པ་ཙམ་གྱི་ཀྱང་ནད་གཞི་འཁྲུགས་བ་དེ་མ་ཐག་ཞི་བར་བྱེད་དོ། །ཤུ་ཏི་དང། ཨ་རུ་ར་དང། སྤངས་མ་དང། ཤིང་མངར་དང། སེང་ཕྲོམ་དང་འདི་རྣམས་ཞིབ་ཏུ་བཏགས་ཏེ། རས་ཀྱི་ནང་དུ་ཕུར་མར་བྱས་ཏེ། ལྷོད་པར་བཅིངས་ནས་འབྲས་རྩབས
་སྐྱུར་པོ་ཟངས་སྣོད་ཀྱི་ནང་དུ་བཅུག་སྟེ། ཕུར་མའི་ཐུམ་པོ་དེ་ཡང་དེའི་ནང་དུ་བཅུག་པ་དེས་མིག་ཏུ་བདུགས་ན་མིག་ནད་ཀྱི་རྣམ་གྲངས་སྣ་ཚོགས་སེལ་ཏོ། །སྐྱེར་པ་སྲང་གཅིག་ཆུ་སྲང་བ་བཅུ་དྲུག་གིས་ནང་དུ་བསྐོལ་ཏེ། བརྒྱད་ཆ་ལུས་པའི་ནང་དུ
་སྤང་རྩི་བཏབ་པ་མིག་ཏུ་བླུགས་ན་ནད་གཞི་ཐམས་ཅད་ལས་གྱུར་པའི་མིག་ནད་སེལ་ཏོ། །ཤི་ཏྲུའི་ལོ་མའི་རང་གི་ཁུ་བ་སྦྲང་རྩི་དང་སྦྱར་བ་མིག་ཏུ་བླུགས་ན། རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་ནད་ཀྱི་རྣམ་གྲངས་མང་པོ་ལས་ཀྱང་རྒྱལ་བར་བྱེད་དོ།།
་དེ་ལ་རླུང་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་ཨེ་རཎྚ་གཞོན་ནུའི་ལོ་མ་དང། རྩ་བ་ཆམ་ཆོམ་བརྡུངས་ལ་རའི་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་མིག་ཏུ་བླུགས་ན། ཟུག་གཟེར་དེ་མ་ཐག་འཇོམས་པར་བྱེད་དོ། །ཡང་ན་ཕྱེ་ཟན་དྲོན་པོ་མིག་ཏུ་བདུགས་ན
་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་རླུང་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་བིལྦ་ལ་སོགས་པའི་རྩ་བ་ལྔ་དང་ཨེ་རཎྚའི་རྩ་བ་དང། བྲི་ཧ་སྟི་དང། མ་དུ་ཤི་ཀྲུ་དང་དེ་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་བླུགས་ན
་ཕན་ནོ། །ཡང་ན་བ་ལ་ཞེས་བྱ་བ་དྷི་བེ་ར་དང། རྒྱ་སྤོས་དང། ཤ་རང་ག་ཤ་དང། ཨུ་དུམྦ་རའི་ཤུན་པ་དང། བུ་རམ་ཤིང་དང་དེ་རྣམས་ཆུ་དང་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་འོ་མ་ཉི་ཚེ་ལུས་པ་མིག་ཏུ་བླུགས་ན་མིག་ནད་རླུང་ལས་གྱུར་པ
་ཟུག་གཟེར་དང་བཅས་པ་སེལ་བའི་མཆོག་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་གཙོད་དང། སྐྱེར་པ་དང། རྒྱ་སྐྱེགས་དང། རྒུན་འབྲུ་དང། ཤིང་མངར་རྣམ་གཉིས་དང། ཨུཏཔལ་དེ་རྣམས་བསྒོལ་བའི་ནང་དུ་ཁ་ར་བཏག་སྟེ་མིག
་ཏུ་བླུགས་པ་བྱས་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་འཛག་པ་སེལ་ཏོ། །རྒུན་འབྲུ་དང། ཤིང་མངར་དང། འདི་རྣམས་ཞིབ་ཏུ་བཏགས་ཏེ། ཕྱེ་མ་རས་འཇམ་པོའི་ནང་དུ་ཐུར་མ་བྱས་ཏེ། ལྷོད་པར་བཅིངས་ནས་ཆར་བའི་ཆུའི་ནང་དུ་བསྙུགས
་ཏེ་མིག་ཏུ་བླུགས་ན་ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་འཛག་པ་སེལ་ཏོ། །ཡང་ན་པྲ་པུཎྚ་རཱི་ཀ་དང། ཤིང་མངར་དང། སྐྱེར་པ་དང། འདི་རྣམས་ཞིབ་ཏུ་བཏགས་ཏེ། རས་འཇམ་པོའི་ནང་དུ་ཐུམ་པོར་བྱས་ཏེ། ནུ་ཞོ་ཤ་ཁར་དང་བཅས
་པའམ་རའི་འོ་མའི་ནང་དུ་སྤུངས་ཏེ་མིག་ཏུ་བླུགས་ན་མིག་ཚ་བ་དང། ན་བ་དང། མདོག་དམར་བ་དང། མཆི་མ་འཛག་པ་རྣམས་སེལ་ཏོ། །སེང་ཕྲོམ་དཀར་པོ་དང། ཤིང་མངར་མར་གྱིས་ནང་དུ་བརྔོས་ཏེ་བཏགས་པའི་ཕྱེ་མ་རས་འཇམ
་པོའི་ནང་དུ་ཐུམ་པོར་བྱས་ཏེ། བུད་མེད་ཀྱི་ནུ་ཞོའི་ནང་དུ་བསྙུགས་ཏེ་མིག་གི་ནང་དུ་བླུགས་ན་ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་སྣད་པ་ལས་རྒྱལ་བར་བྱེད་དོ། །བད་ཀན་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་དོང་ཀྲ་དང། འབྲས
་བུ་གསུམ་དང། ནིམྦ་དང། སེང་ཕྲོམ་དཀར་པོ་དང་འདི་རྣམས་བསྐོལ་བའི་ཁུ་བ་དྲོ་འཛམ་ཙམ་བླུགས་ན་ཕན་ནོ། །འདུས་པ་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་སྨན་གྱི་སྦྱོར་བ་འདྲེས་པའང་བླུགས་པར་བྱའོ། །གཞན་ཡང་རླུང་ལས
་གྱུར་པའི་མིག་ནད་འཛག་པ་ལ་ནི་མར་རྙིང་པ་བཏུང་ངོ། །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་མར་རྙིང་པ་ཁ་ར་དང་བཅས་པ་བླུད་དོ། །བད་ཀན་ལས་གྱུར་པ་ལ་ནི་མར་རྙིང་པ་ཚ་བ་གསུམ་དང་སྦྱར་བ་དེའི་ནང་དུ། ནད་ཚིག་མཁུས་པའི་ཐལ་བའི
་ཕྱེ་མས་བཏབ་པ་བླུད་དོ། །དེ་ལྟར་སྣུམ་གྱི་ཞེན་པ་དང། གཏར་ག་བྱས་ཏེ་ཁྲག་དབྱུང་ངོ། །དེའི་འོག་ཏུ་ཡང་སྣུམ་བྱས་ཏེ། དེ་ནས་བཀྲུ་སྨན་བཏང་ངོ། །དེ་ལ་མིག་ནད་རྡུང་བ་ལས་ནི་ཡུལ་གཤེར་ས་ན་གནས་པའི་སྲོག་ཆགས་ཀྱི་ཤ་གཡོས་སུ་ལེགས
་སྦྱར་བའི་བྱུག་པ་དྲོན་པོས་མགོ་དང་གདོང་ལ་བསྐུས་ན་ཟུག་གཟེར་ཞི་བར་བྱེད་དོ། །མིག་ནད་ཚ་བ་ལ་ནི་འོ་མ་དང་མར་སྨན་གླང་མོ་དང། སྦྱར་བས་བྱུག་པ་བྱས་ཏེ་བསྐུའོ། །གསོ་བ་གཞན་ནི་རབ་རིབ་གསོ་བའི་ནད་བཞི་བརྟ་བ་བཞིན་འདིར་སྦྱར་རོ།། །།
་ཆོ་ག་དེ་དག་ནི་མིག་སྨན་ཐམས་ཅད་ལ་བསྔགས་པ་བཞིན་ནོ། །མིག་ནང་རྡུང་བ་ལ་ཐབས་དེ་དག་གང་གིས་ཀྱང་མ་ཞི་ན། སྨིན་མའི་སྟེང་དུ་མི་ཅ?་བཏབ་ན་ཕན་ནོ། །བའི་ཞོ་སྣུམ་མེད་པ་དངུལ་ལམ་ཟངས་མའི་སྣོད་ཀྱི་ནང་དུ་བླུགས་ཏེ། ཇི་སྲིད
་དུ་སྔོན་པོར་གྱུར་པ་དང་བསྐམས་ཏེ། དེའི་ཕྱེ་མ་ཞོག་ཆུ་དང་རི་ལུར་བྱས་ཏེ་མིག་ཏུ་བསྐུས་ན་རླུང་ལས་གྱུར་པའི་མིག་ནད་འཇོམས་པར་བྱེད་དོ། །སྲི་ཤིང་གི་མེ་ཏོག་ཁམ་བྱེ་བ་དང། དུང་དང་འབྲས་བུ་གསུམ་དང་ཤིང་མངར་དང། བ་བླ་དང། དེ་རྣམས
་བཏགས་པའི་ཕྱེ་མ་ཆར་པའི་ཆུ་དང་རི་ལུར་བྱས་ཏེ་བསྐུས་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་སེལ་ཏོ། །རྒྱམ་ཚ་དང། འབྲས་བུ་གསུམ་དང། ཚ་བ་གསུམ་དང་དུང་གི་སྙིང་པོ་དང། རྒྱ་མཚོའི་དབུ་བ་དང། ཨེ་ལ་བ་ལུ་ཀ་དང། སྲི་རྩ་པོག་དང་ར
་རྣམས་རི་ལུར་བྱས་པས་བསྐུས་ན། བད་ཀན་ལས་གྱུར་པའི་མིག་ནད་སེལ་ཏོ། །པྲ་པུཎྚི་རཱི་ཀ་དང། ཤིང་མངར་དང། སྐྱེར་བ་དང་དེ་གསུམ་སྲང་བརྒྱད་བརྒྱད་ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང། ཚིགས་མ་བོར་བའི་དངས་མ
་དེ་ཡང་བསྐོལ་ཏེ། སྐ་བར་གྱུར་པའི་ནང་དུ་ར་གན་གྱི་དུད་པ་སྲང་བཅུ་དང། ན་ལེ་ཤམ་ཞོ་གཉིས་ཀྱི་ཕྱེ་མ་བཏབ་སྟེ། རི་ལུ་འམ་ཕྱེ་མས་ཀྱང་རུང་སྟེ། བསྐུས་ན་མིག་ནད་ཐམས་ཅད་ལས་གྱུར་པའི་ནད་འཛག་པ་དང། དམར་བ་དང། བྲུད་པ་སྙམ
་བྱེད་པ་རྣམས་འཇོམས་ཏེ། དེ་མ་ཐག་གསལ་བར་འགྱུར་ཏེ། སྦྱོར་བ་འདི་ནི་བྱུགས་ན་དེ་དག་གི་བཤད་པའི་ནང་ན་གསང་བ་དམ་པའི་མིག་སྨན་གྱི་མཆོག་ཡིན་ནོ། །དེ་ལ་མིག་ནང་སྐམ་ཞིང་སྨིན་པ་ལ་ནི་སྨན་མར་བཏུང་བ་དང། འཚོ་བྱེད
་སྡེ་བཅུ་དང་སྦྱར་བའི་མིག་བརྟ་བའི་སྨན་བླུགས་པ་དང། མར་དེ་ཉིད་ཀྱི་སྣར་བླུགས་པ་འམ། ཡང་ན་ཏིལ་མར་སྣར་བླུགས་པ་རབ་ཏུ་ཕན་ནོ། །འདིར་བླུགས་པ་ནི་འོ་མ་དྲོ་འཇམ་ཙམ་རྒྱམ་ཚ་དང་བཅས་པ་བླུགས་ན་ཕན་ནོ། །ཡང་ན་བཅའ་སྒ
་བུད་མེད་ཀྱི་ནུ་ཞོ་དང་བཏགས་ཏེ་མར་སྦྱར་བས་མིག་བསྐུས་ན་ཕན་ནོ། །ཡང་ན་གཤེར་ས་ནས་སྐྱེར་བའི་ཞག་བཅའ་སྒ་དང། རྒྱམ་ཚ་ཅུང་ཟད་དང་བཅས་པ་བླུགས་ན་ཕན་ནོ། །ཡང་ན་མིའི་སྐྲ་མར་གྱིས་སྤགས་ཏེ་ཁམ་པོར་ཁ་སྦྱར་གྱི་ནང་དུ་དུད་པ་མ་ཤོར་བར
་བསྲེགས་ཏེ། དེ་ལས་སྣག་ཚར་གྱུར་པ་དང། མར་གྱི་བསྒོས་ཏེ་ལྕགས་སམ་མེ་ལོང་གི་སྟེང་དུ་བཏགས་ལ། དེའི་ཕྱེ་མའི་བསྐུས་ན། མིག་སྨན་གྱི་མཆོག་ཏུ་བཤད་དོ། །དེ་ལ་མིག་ནད་སྐྲང་བ་མིན་པ་དང་བཅས་པ་དང། ཅུང
་ཟད་སྐྲང་བའི་མིག་ནད་གཉིས་ལ་ནི་སྣུམ་བཅོས་བྱས་ཏེ། ཁྲག་གཏར་ལ་དེའི་འོག་ཏུ་ཡང་སྣུམ་ཆོས་བྱ་སྟེ། རྒུན་འབྲུ་དང། ཨ་རུ་ར་གཉིས་བསྐོལ་བའི་ནང་དུ་ཏྲི་པིཏྟའི་ཕྱེ་མ་དང། མར་བཏབ་སྟེ་བཀྲུ་སྨན་བཏང་ངོ། །གསེང་ཕྲོམ
་དཀར་པོ་མར་གྱི་ནང་དུ་བསྔོས་ཏེ་ཕྱེ་མར་བྱས་པ་མར་གྱི་ནང་དུ་ཕུར་མ་བྱས་ཏེ་ཆུ་དྲོན་དང་མཉེས་ལ་མིག་ཏུ་བླུགས་ན་ནི་ཟུག་གཟེར་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་སྐྱེར་པ་དང་པྲ་པུཎྚ་རཱི་ཀ་དང་གཉིས་བསྐོལ་བའི་ཁུ་བས
་བླུགས་ན་ཡང་ཕན་ནོ། མིག་བྲུད་པ་སྙན་བྱེད་པ་དང། མིག་དམར་བ་དང་མཆི་མ་འཛག་པ་རྣམས་ལ་སཱནདྷ་བ་ཞེས་བྱ་བའི་སྦྱོར་བ་བྱ་སྟེ། དེ་ཡང་ལྕགས་ཀྱི་གཞི་ལ་ཟངས་མ་གཅིན་དང་བཏགས་ཏེ་མར་གྱི་དུད་པས་གདུགས་ལ
་མིག་ཏུ་བླུགས་ན་མིག་གི་ཟུག་རྔུ་འཇོམས་སོ། །ཡང་ན་ཟངས་མའི་སྣོད་ཀྱི་ནང་དུ་བའི་ཞོའི་སྤྲིས་མ་བཅུག་སྟེ། པི་པི་ལིང་དང། རྒྱམ་ཚ་གཉིས་ཞིབ་ཏུ་བཏགས་ལ་མིག་སྨན་དུ་སྦྱར་ན། དེ་ཡང་སཱནད་བྷ་ཞེས་བྱ་སྟེ་མིག་ཏུ་བླུགས
་ན་ཕན་ནོ། །ཡང་ན་ཟངས་མའི་སྣོད་ཀྱི་ནང་དུ་བུད་མེད་ཀྱི་འོ་མ་དང་དུང་བདར་ཏེ་དོང་གའམ་ནས་གང་ཡང་རུང་བར་མར་གྱིས་བསྒོས་པའི་དུད་པས་གདུགས་ལ་མིག་ཏུ་བསྐུས་ན། མིག་བྲུད་པ་སྙམ་བྱེད་པ་ལ་སོགས་པ་མིག་ནང
་མི་བཟད་པ་ལས་གྲོལ་བར་བྱེད་དོ། །དེ་ཡང་སཱནདྷ་བ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཨུ་དུམྦ་རའི་འབྲས་བུ་ལྕགས་སྣོད་ཀྱི་ནང་དུ་བུད་མེད་ཀྱི་ཞོ་དང་སྦྱར་ཏེ། ཤིང་ཤྱ་མའི་ལོ་མ་མར་གྱིས་བསྒོས་པའི་དུད་པས་གདུགས་ཏེ་མིག
་ཏུ་བསྐུས་ན། མིག་ནང་ཚ་བ་དང། ཟུག་གཟེར་ཆེ་བ་དང། མདོག་དམར་བ་རྣམས་ལ་ཕན་ནོ། །ཡང་ན་ཤི་ཏྲུའི་ལོ་མའི་རང་གི་ཁུ་བ་ཟངས་མ་གཉིས་ཀྱི་བར་དུ་བཏགས་ཏེ་མར་གྱི་དུད་པས་བདུགས་ན། དེ་ཡང་སཱནདྷ་བ་ཞེས་བྱ་སྟེ། དེས་མིག
་བསྐུས་ན། མིག་ནད་སྐྲང་བ་དང། མཆི་མ་འཛག་པ་དང། ཟུག་གཟེར་དང་བཅས་པ་རྣམས་འཇིལ་བར་བྱེད་དོ། །ཡང་ན་ཁ་རའི་སྣོད་ཀྱི། གཞི་ལ་གྱོ་མོའི་དུམ་བུ་ཏིལ་གྱི་ཆུ་དང་བདར་ཏེ། ནིམྦའི་ལོ་མ་མར་གྱིས་བསྒོས་པའི་དུད་པས་བདུགས
་ལ་རེས་མིག་བསྐུས་ན། མིག་ནད་དྲུད་པ་སྙམ་བྱེད་པ་དང། མདོག་དམར་བ་དང། མཆི་མ་འཛག་པ་དང། གཟུག་གཟེར་ཆེ་བ་རྣམས་ལ་ཕན་ནོ། །དེ་ཡང་སཱནདྷ་བ་ཞེས་བྱའོ། །སྨན་གྱི་སྦྱོར་བ་སཱནདྷ་བ་ཞེས་བྱ་བ་དེས་མིག་ཟུག་གཟེར་དང་བྲལ་བ་ལྟ
་ན། དེའི་འོག་ཏུ་བུད་མེད་ཀྱི་ནུ་ཞོ་ལན་གསུམ་གྱི་བར་དུ་བླུགས་བར་བྱའོ། །ཡང་ན་བལ་བུའི་ལོ་མ་དང་པི་པི་ལིང་དང། རྒྱ་སྤོས་དང། ལྕགས་ཕྱེ་དང། སྟང་ཟིལ་དང། སྣ་མའི་མེ་ཏོག་དང། ནག་ཚུར་དང། རྒྱམ་ཚ་དང། དེ་རྣམས་གཅིན་དང་བདར
་བའི་ལྡེ་གུས་ཟངས་མའི་སྣོད་ལ་བྱུགས་ཏེ། ཞག་བདུན་དུ་བཞག་ལ་དེ་ནས་ཡང་གཅིན་དང་བཏགས་པའི་རི་ལུ་བྱས་ཏེ་གྲིབ་མར་བསྐམས་ལ་བུད་མེད་ཀྱི་ནུ་ཞོ་དང་བདར་ནས་མིག་ཏུ་བསྐུས་ན་མིག་དྲུད་པ་སྙམ་བྱེད་པ་དང། མཆི་མ་འཛག་པ་དང་སྐྲང
་བ་དང། གཡའ་བ་རྣམས་རྣམ་པར་འཇིག་གོ་།ཡང་ན་ཀཎྚ་ཀཱ་རིའི་ཤུན་པ་དང། ཤིང་མངར་དང་ཟངས་མའི་ཕྱེ་མ་དང། དེ་དག་རའི་འོ་མ་དང་བཏགས་ཏེ་ཤྱ་མི་དང། སྐྱུ་རུ་རའི་ལོ་མ་མར་གྱིས་བསྒོས་པའི་དུད་པས་བདུགས་ལ་མིག་ལ་བསྐུས་ན། སྐྲང
་བ་དང་ཟུག་གཟེར་ཚ་བ་རྣམས་སེལ་ཏོ། །དེ་ལ་སྐྱུར་གྱིས་བསྐྱེད་པ་ཞེས་བྱ་བའི་མིག་ནང་ལ་ནི་མཁྲིས་པའི་མིག་ནད་ཀྱི་གསོ་བ་ཐམས་ཅད་བྱའོ། །བད་ཀན་དང་མཁྲིས་པ་དང་ཁྲག་དང་འདུས་པ་དང། འདི་རྣམས་རེ་རེས་བསླང་བའི་མིག་ནད་དང། ཀུ་ཀུ་ན
་ཞེས་བྱ་བའི་མིག་ནད་དང། རྫི་མ་ནང་དུ་ཞུགས་པ་ཞེས་བྱ་བའི་མིག་ནད་དང། མིག་ནད་སྐེམ་ཞིང་སྨིན་པ་ཞེས་བྱ་བ་དང། པདྨའི་རྩ་བ་ལྟ་བུ་ཞེས་བྱ་བའི་མིག་ནད་དང། སྐྲང་བ་ཆུང་བ་ཞེས་བྱ་བའི་མིག་ནང་དང། གཞན་ཡང་བད་ཀན
་དང་ཁྲག་དང་མཁྲིས་པ་དང་འདི་རྣམས་རེ་རེ་འཛག་པའི་མིག་ནད་དང། དེ་གསུམ་གྱུར་པའི་གདུང་བའི་ནད་སྣ་རེ་དང། རླུང་ནད་མ་གཏོགས་པ་མིག་ནད་བཅོ་བརྒྱད་པོ་དེ་དག་ནི་མིག་ཚག་པ་ཞེས་བྱ་སྟེ། དེ་དག་ནི་ཉེ་བར་འཚོ་བ་ཡིན་ཏེ་གསོ
་བར་བྱའོ། །དེ་དག་རང་རང་གི་གསོ་བ་ནི་སོ་སོའི་ལེའུར་བཤད་ཟིན་ཏོ། །གལ་ཏེ་དེ་ལས་མིག་ཚག་པ་ཞེས་བྱ་བའི་ནང་དུ་གྱུར་ན་ནི་དེའི་འོག་ཏུ་གསོ་བ་སྤྱིར་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་སྣུམ་བཅོས་བྱ་སྟེ། སློན་བྱའོ། །དེ་ནས་གཏར་ག
་བྱས་ཏེ་ཁྲག་དབྱུང་ངོ། །དེ་ནས་བཀྲུ་སྨན་བཏང་སྟེ། མིག་མཆུ་མཚོན་གྱིས་བཞར་བ་བྱས་ན་མིག་ནད་ཐམས་ཅད་དག་པར་འགྱུར་རོ། །སྤངས་མ་སྲང་གཅིག་དང། ན་ལེ་ཤམ་དཀར་པོ་སྲང་ཉི་ཤུ་རྩབ་མོ་སྲང་སུམ་ཅུའི་ནང་དུ་བཏག་པ་ཏེ། ཟང
་མའི་སྣོད་ཀྱི་ནང་དུ་བཅུག་སྟེ་བླུགས་ན། མིག་ཚག་པའི་ནད་ལོ་དུ་མ་ལོན་པ་ཡང་ཞི་བར་བྱེད་དེ། དེ་བཞིན་དུ་མིག་ནད་གཡོགས་པ་སྙམ་བྱེད་པ་དང། ཚ་བ་དང། མཆི་མ་འཛག་པ་དང། གཡའ་བ་དང། སྐྲངས་པ་རྣམས
་འཇོམས་པར་བྱེད་དོ། །ཀ་རཉྫའི་ས་བོན་དང་ཁྱེའུ་རུག་པ་དང། སྣ་མའི་མེ་ཏོག་ཁམ་བྱེ་བ་འདི་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་ལ་ཚིགས་མ་བོར་ཏེ་ལང་བསྐོལ་ལ་སྟང་ཟིལ་དང་ལྷན་ཅིག་མིག་སྨན་བླུགས་ན། མིག་ཚག་པའི
་ནད་ལ་ཕན་ཏེ། ཁྱད་པར་དུ་མིག་གཡའ་བ་དང། རྣག་འཛག་པ་རྣམས་འཇོམས་པའི་མཆོག་ཡིན་ནོ། སྐྱེར་ཁཎྚ་དང། སྲ་རྩི་པོག་དང། ར་གན་གྱི་དུད་བ་དང། ལྡོང་རོས་དང། རྒྱ་མཚོའི་དབུ་བ་དང། རྒྱམ་ཚ་དང། བཙག
་ཡུག་སྣམ་དང། ན་ལེ་ཤམ་དང། འདི་རྣམས་སྦྲང་རྩི་ལས་བཏགས་པ་མིག་སྨན་དུ་བསྐུས་ན། རྣག་འཛག་པ་དང། གཡའ་བ་འཇོམ་པའི་མཆོག་ཡིན་ནོ། །ཡང་ན་སྤོས་ཨ་རུ་རའི་ཁུ་བའི་ནང་དུ་བཏགས་པས་མིག་ཚག་པ་ལ་བསྐུས་ན།
་སེལ་ཏོ། །ཐང་ཤིང་རང་གཅིན་གྱི་ནང་དུ་སྣུམ་དང་བཅས་པས་བསྐུས་ན་མིག་ཚག་བ་འཇོམས་སོ། །ཡང་ན་རྒྱམ་ཚ་དང་འབྲས་བུ་གསུམ་དང། པི་པི་ལིང་དང། པུ་ཙེ་ཤེལ་དང། དུག་གི་སྙིང་པོ་དང་ཟངས་མའི་ཕྱེ་མ་དང། དེ་རྣམས་སྦྱར་བའི་མིག
་སྨན་གྱིས་བསྐུས་ན་མིག་ཚག་པ་དང། ལིང་ཏོག་རྣམས་འཇོམས་སོ། །ནག་ཚུར་བྱ་བལ་མའི་ཕྱེ་མ་བྱེའུ་རུག་པའི་ཁུ་བས་བསྒོས་ཏེ། ཟངས་མའི་སྣོད་ཀྱི་ནང་དུ་ཞག་བཅུ་བཞིའི་བར་དུ་བཞག་ལ་མིག་ཏུ་བསྐུས་ན་མིག་ཆུ་སེར་ཕྱིས་གང་བ་དང། རྫི་མ་བྱི་བའི
་ནད་ལས་རྒྱལ་བར་བྱེད་དོ། །བལ་དང་སོ་བའི་ལ་ཞེས་བྱ་བ་སྟང་ཟིལ་དང་མཉམ་པའི་ཟངས་མའི་ཕྱེ་མ་ཞིབ་ཏུ་བཏགས་པས་མིག་སྨན་དུ་སྦྱར་ན། ཐུར་མ་གཅིག་གིས་རྫི་མ་སྐྱེད་ཅིང་མིག་ཚག་པའི་ནད་སེལ་ཏོ། །ཡང་ན་རྒྱ་སྐྱེགས་དང། ནིརྒུ?་ནྠི?་དང
་བྲིད་ཁ་ར་ཛ་དང། སྐྱེར་བ་དང་འདི་རྣམས་ཀྱི་ཁུ་བའི་ནང་དུ་རས་ཀྱི་དུམ་བུ་ཞག་བདུན་གྱི་བར་དུ་སྤངས་ཏེ། དེ་ནས་ཕྱུང་ལ་རས་དེ་སྡོང་བུར་བྱས་ལ་མར་མེས་བསྲེགས་ཏེ། དུད་བར་ཆགས་པའི་སྣག་ཚས་བསྐུས་ན་ཕན་ནོ། །མིག་ཆུ་སེར་གྱིས
་གང་བའི་ནད་པ་ལ་ནི་དུས་རྟག་ཏུ་མིག་མཆུ་མཚོན་གྱིས་བཞར་བ་དང། ཁྲག་དབྱུང་བ་དང། ཡང་དང་ཡང་བཀྲུ་སྨན་བསྟེན་པར་བྱའོ། །མིག་ཆག་པ་ཞེས་བྱ་བའི་མིག་ནད་ཆུ་སེར་རྣག་ཏུ་འཛག་པ་སྦྱོར་བ་དེ་དག་གིས་ཞི་བར་མ་འདོད་ན་ནི་མིག
་ཐུར་ཕྲ་མོ་མེ་ལ་བསྲེགས་པས་བསྲུང་ངོ། །དེ་ལྟར་མིག་ནད་དགུ་བཅུ་རྩ་བཞི་པོ་དེ་དག་གི་རྒྱུ་དང་མཚན་ཉིད་དང་གསོ་བ་ཅིག་ལ་ཅིག་མ་འདྲེས་པར་ཐམས་ཅད་བཤད་པ་ཡིན་ནོ། །དེ་ལ་སྐྱེས་བུ་རྣམས་ཀྱི་མིག་ལ་ནད་མེད་ཅིང་ཐ་མལ་བ
་འདུག་པ་ཡིན་ན་ཡང་མིག་ལ་གཅེས་པར་འཛིན་པ་རྣམས་ཀྱིས་ནི་དུས་ཐམས་ཅད་དུ་ནས་དང་གྲོ་དང། འབྲས་དྲུག་ཅུ་པ་དང་།བྲེ་རྒོད་དང། མོན་སྲན་རྡེའུ་ལ་སོགས་པ་དེ་དག་ཀྱང་རྙིང་པ་དང་གང་ཡང་བད་ཀན་དང། མཁྲིས
་པ་འཇོམས་པའི་སྨན་ཞུན་མར་མང་དུ་བཏབ་པའི་ཟས་དང། ཚེད་མ་ཡང་དེ་བཞིན་དུ་ཆོ་ག་བཞིན་དུ་བྱའོ། །བྱ་ན་ཡང་སྲོག་ཆགས་ཐང་ལ་གནས་པའི་ཤ་དང། སེའུ་འབྲུམ་དང། ཁ་ར་དཀར་པོ་དང། རྒྱམ་ཚ་དང། འབྲས་བུ་གསུམ་དང
་སྦྲང་རྩི་རྣམས་བསྟན་ནོ། །བཏུང་བར་ནི་ཆར་པའི་ཆུ་སྦྱར་རོ། །དེ་བཞིན་དུ་གདུགས་དང། ལྷམ་དང་བཅས་ཤིང་འགྲོ་བར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་ལུས་བཅའ་སྦྱང་བར་བྱའོ། །དེ་བཞིན་དུ་ནད་མེད་པ་ཐ་མལ་པར་འདུག་པ་རྣམས་ཀྱིས
་ཀྱང་འདི་དག་སྤང་བར་བྱ་སྟེ། འབྱུང་བ་རྣམས་ཀྱི་ཤུགས་མི་དགག་པ་དང། མ་ཞུ་བའི་ཟས་ཆེར་མི་བཟའ་བ་དང། གང་ཡང་ཟས་ཚ་བ་སྨན་ཚ་བ་དང་ཕྱིས་འགག་པར་འགྱུར་བའི་ཟས་དང་སྨན་ཐམས་ཅད་སྤང་བར་བྱའོ། །རྐང་པ་གཉིས
་ཀྱིས་དབུས་རྣ་རྩ་ཆེ་ཞིང་སྦོམ་པོའི་རྩ་གནས་ཏེ། དེ་ལས་མིག་ཏུ་གྱེས་པའི་རྩ་དུ་མ་ཡོད་པས་ལྷག་པར་ཡང་རྐང་པ་ལ་བསྐུས་དང་བྱུག་པ་དང། དྲིལ་བ་ལ་སོགས་པ་བྱས་ན་མིག་ལ་ཕན་ནོ། །གལ་ཏེ་རྐང་པ་ལ་དྲི་མ་དང། ཚ་བ་དང།
་སྣང་པ་ལ་སོགས་པ་གནོད་པར་གྱུར་ན་ནི་མིག་ཀྱང་མ་རུང་བར་འགྱུར་རོ། །དེ་ལྟ་བས་ན་མིག་ལ་ཕན་པར་འདོད་པ་རྣམས་ཀྱིས་རྐང་པ་བཀྲུ་བ་དང། དྲིལ་བ་དང། བྱུགས་པ་དང། ལྷམ་གྱོན་བ་ལ་སོགས་པ་རྟག་ཏུ་བསྟེན་པར་བྱའོ། །མིག
་ནད་སྣ་ཚོགས་གསོ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་རྣ་བའི་ནད་གཞི་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི་ཆམ་པས་བཏབ་པ་སྟེ། གསོ་བ་མ་བྱས་པ་སྟེ། ཆུ་ལ་རྐྱལ
་ནས་རྣ་བའི་ནང་དུ་ཞུགས་ཏེ་ལེགས་པར་མ་ཕྱིན་པ་དང། རྣ་བ་གཡའ་སྟེ་བྲུད་པ་ལས་བྲུད་ཉེས་ཏེ་རླུང་འཁྲུགས་ནང་དུ་གྱུར་པ་དང། གཞན་ཡང་རྣ་བ་འཁྲུགས་པར་གྱུར་པའི་རྒྱུ་བཟའ་བ་དང་སྤྱོད་ལམ་ལོག་པར་བསྟེན་པ་དང། སྒྲ་མི་སྙན་པ་མཉན
་པས་རྣ་བའི་ཐོས་པར་བྱེད་པའི་རྩ་སྤུབས་ཀྱི་ནང་དུ་རླུང་ཞུགས་ཏེ། ཤིན་ཏུ་ཟུག་ཅིང་ཤུགས་དྲག་པར་ན་བ་དང། ཀླད་པའི་ཕྱེད་ན་ཞིང་རེངས་པར་བྱེད་པ་དང། གྲང་ཞིང་བསིལ་བ་ལ་མངོན་པར་མི་དགའ་བ་དང། གལ་ཏེ་ནད་དེ་སྨིན་ནས་ཡང་ཡུན
་རིངས་ལ་གཟོད་སྨིན་ལ། ཆུ་སེར་སླ་མོ་ཅུང་ཟད་འཛག་པ་དང། གློ་བུར་དུ་ན་བ་སྟོང་བ་སྙམ་དུ་སེམས་པ་དང། རྣ་བའི་ནང་རེས་ཞུམ་པར་འགྱུར་ཞིང་རེས་ཡངས་པར་འགྱུར་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི་ན་ཞིང་ཚ་བ་དང
་བཅས་པ་དང། གྲང་བ་འདོད་པ་དང། སྐྲང་བ་དང། རིམས་ཀྱིས་འདེབས་པ་དང། མྱུར་དུ་སྨིན་ཅིང་རྣག་པ་དང། རབ་ཏུ་སྨིན་ནས་ཀྱང་རང་གི་མདོག་སེར་པོར་འཛག་པ་དང། གང་དང་གང་དུ་ཆུ་སེར་དེས་རེག་པ་དེ་དང་དེར་སྨིན་ཅིང་མནགས་པར་འགྱུར་རོ།།
་བད་ཀན་ལས་གྱུར་པའི་རྣ་བའི་ནད་ཀྱི་རྟགས་ནི་མྱུར་དུ་མི་སྨིན་པ་དང། འགྲམ་པ་དང། མགྲིན་པ་ལྕི་བ་དང། ཟུག་གཟེར་མི་དྲག་པ་དང། གཡའ་བ་དང། སྐྲང་བ་དང། དྲོ་བག་འདོད་པ་དང། སྨིན་ནས་ནི་དཀར་བ་དང། སྐ་བ་འཛག་པར་འགྱུར
་བ་ཡིན་ནོ། །བློ་བུར་དུ་སྣང་པ་ལ་སོགས་པས་ཁྲག་འཁྲུགས་པའི་ན་བའི་ནད་ཀྱི་མཚན་མ་ནི་རྣ་བ་ཤིན་ཏུ་ཟུག་ཅིང་ན་ཏེ། དེ་ཡང་མཁྲིས་པའི་མཚན་ཉིད་ཅུང་ཟད་ཙམ་དང་ལྡན་པ་འམ། ཡང་ན་ཤས་ཆེ་བ་དང་ལྡན་པ་ཡིན་ནོ། །འདུས་པ་ལས
་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི་གཟེར་བ་དང། སྐྲང་བ་དང། རིམས་ཀྱིས་འདེབས་པ་དང། མི་བཟད་བར་ན་བ་དང། གྲང་བ་དང་དྲོ་བ་རེས་ཀྱིས་འདོད་པ་དང། རྣ་བས་སྒྲ་མི་ཐོས་པ་དང། ནད་སྨིན་ནས་ནི་རྣག་དང་ཆུ་སེར་དཀར་བ་དང། གནག་པ
་དང། དམར་བ་དང། སྐབ་རེས་ཀྱིས་འཛག་པ་ཡིན་ནོ། །རྣ་བའི་ནང་གི་རྩ་སྒྲ་ཐོས་པར་བྱེད་པའི་རྩ་རྒྱུད་ཡོད་དེ། དེར་རླུང་ཞུགས་ནས་རྒྱུ་མེད་པར་སྒྲ་སྣ་ཚོགས་ཡང་ནས་ཡང་དུ་ཐོས་པ་དེ་ནི་རླུང་ནད་རྣ་བའི་ནད་སྒྲ་ཅན་ཞེས་བྱ
་བའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་དང་རླུང་ལྡན་པ་ལས་གྱུར་པའི་རྣ་བའི་ནད་གསོ་བ་མ་བྱས་ཏེ་ཡལ་བར་བོར་བ་ལས་ནི་ཐོག་མ་སྐད་གསང་མཐོན་པོས་སྨྲས་ན་ཐོས་པར་འགྱུར་ཏེ། དེའི་འོག་ཏུ་རིམས་ཀྱིས་འོན་པར་འགྱུར་རོ།།
་རླུང་གིས་བད་ཀན་བསྐམས་ཏེ་རྣ་བའི་རྒྱུན་སྲང་བཀག་སྟེ་འགགས་པ་ལས་ནི་མ་ཡིན་ཏེ། དེ་ནི་པྲ་ཏེ་ཧ་ན་ཞེས་བྱ་བའི་རྣ་བའི་ནང་དུ་བཤད་དོ། །བད་ཀན་རྣ་བ་ལ་བརྟན་པར་གནས་པར་འགྱུར་ན་རྣ་བ་གཡའ་བ་དང། སྐྲང་པར་འགྱུར་བ་ནི་སྐྲང་བ
་དང། གཡའ་བའ་ཨི་རྣ་བའི་ནད་ཅེས་བྱའོ། །མཁྲིས་པ་དང་བད་ཀན་ཚོས་པར་བྱས་ཏེ། ནད་དང་བཅས་པའམ། ནད་མེད་ཀྱང་རུང་སྟེ་རྣག་སྐ་བ་མང་དུ་འཛག་པ་ནི་སྣ་ནད་རྣག་པ་ཞེས་བྱའོ། །རླུང་ལ་སོགས་པའི་ཉེས་པས་རྣ་བའི་ཤ་དང་ཁྲག་རུལ་བར་བྱས
་ནས། དེ་ལས་སྲིན་བུ་སྐྱེད་ཏེ་དེས་ཟོས་པ་ལས་མི་འཛག་པར་ན་བ་དེ་ནི་རྣ་བའི་ནད་སྲིན་བུ་ཅན་ཅེས་བྱའོ། །རྣ་བའི་ནང་གཡའ་ཞིང་ཕྲུགས་པ་ལས་རྨ་འབྱུང་སྟེ་འབྲས་བུར་གྱུར་པ་ནི་གོང་དུ་ཁོང་འབྲས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས
་པར་བྱའོ། །དེ་བཞིན་དུ་རྣ་བ་སྐྲང་པ་ལས་གསོ་བ་མ་བྱས་ཏེ། ཡལ་བར་བོར་ན། ནད་གཞི་ཇི་ལྟ་བ་བཞིན་དུ་ཐོར་བུ་དང། འབྲུམ་བུ་འབྱུང་སྟེ། དེ་ཡང་རབ་ཏུ་ན་བ་དང། རྣག་གིས་གང་བ་དང། འོན་བར་འགྱུར་རོ། །མའི་མངལ་དུ་རླུང་གིས་རྣ་བ་བསྐུམས་ཏེ
་བསྡུས་པ་ནི་རྣ་ནད་ཞུམ་པ་ཞེས་བྱའོ། །ཡང་ན་མའི་མངལ་ནང་དུ་རྣ་བ་ཞིང་ཐོར་བུ་ཤིན་ཏུ་སྲ་བ་གཅིག་གམ་མང་ཡང་རུང་སྟེ། པི་པི་ལིང་གི་ཚད་ཙམ་འབྱུང་བ་དེ་ནི་རྣ་ནད་པི་པི་ལིང་ལྟ་བུ་ཞེས་བྱའོ། །འདུས་པ་ལས་གྱུར་བའི་རྣ་བའི་ནད་ནི་ནད་གཞི་རང་དང
་མཐུན་པའི་མདོག་ཏུ་སྣང་ཞིང་རབ་ཏུ་ན་བ་དང། རེངས་པ་དང། སྐྲང་བར་འགྱུར་ཏེ་དེ་ཡལ་བར་བོར་ཏེ་གསོ་བ་མ་བྱས་པ་ལས་ནི་ནད་སྨིན་ཏེ་འཛག་པ་ཡང་ཡུངས་མར་ལྟ་བུར་འབྱུང་ཞིང་རྨ་འཚོ་དཀའ་བ་དང། རྨ་དྲུབས་ན་ཡང་ངེས་པར་རྣ་དྲུང་འཁུམས
་ཤིང་ཞུམ་པར་འགྱུར་ཏེ། དེའི་མིང་ནི་རྣ་ནད་བྱི་དྷ་རི་ཀ་ཞེས་བྱའོ། །རྣ་བའི་རྩའི་ནང་དུ་རླུང་ནད་ཞུགས་ཏེ། རྣ་བའི་དྲུང་སྐེམས་པ་ཡོད་དེ། དེའི་མིང་ནི་རྣ་དྲུང་གི་ནད་སྐེམ་བྱེད་ཅེས་བྱའོ། །རྣ་བཤལ་རླུང་གིས་བསྐམས་ཏེ་སྲབ་མོར་སོང་ཞིང་པི་ཝང་གི་རྒྱུད་བཞིན
་དུ་ཐང་ཆད་པ་ནི་པི་ཝང་གི་རྒྱུད་བཞིན་དུ་ཐང་ཆད་པའི་རྣ་བཤལ་གྱི་ནད་ཅེས་བྱའོ། །སྐྱིད་པའམ་སྡུག་མ་མྱོང་བའི་རྣ་བཤལ་ཕུག་སྟེ་སྐྲངས་པ་ལས་མ་གསོས་ན་དེ་མ་ཐག་ཆེར་སྐྲང་ཞིང་འཕེལ་བར་འགྱུར་བ་དང་ནད་དང་བཅས་པ་དང། མེ་ཏོག་པ་རི་བོ
་ཊ་ལྟར་རྩ་དམར་བ་ཡིན་ཏེ། དེ་ནི་པ་རི་པོ་ཊ་ན་ཞེས་བྱ་བའི་རྣ་བཤལ་གྱི་ནད་ཅེས་བྱའོ། །རྣ་ཚ་ཤིན་ཏུ་ལྕི་བས་རྣ་བ་དྲངས་ཏེ་ཁྲག་དང་མཁྲིས་པ་སྐྱེད་དེ་མདོག་དམར་བ་དང། སྔོ་བསངས་སུ་འདུག་པ་དང། ན་བ་དང། ཚ་འུར་འུར་པོ་དང། མྱུར་དུ་སྨིན་པ་དང། སྐྲང
་བ་དང། འབྲུམ་བུ་དང། འབྲུམ་པོ་ཕྲ་མོ་དང། རྣག་དང་ལྡན་པ་དེ་ནི་ཨུཏཔལ་ཞེས་བྱ་བའི་རྣ་བའི་ནད་ཡིན་ནོ། །རླུང་དང་བད་ཀན་ལས་གྱུར་པའི་རྣ་བཤལ་གྱི་ནད་ཀྱི་རྟགས་ནི་སྐྲང་ཞིང་ནད་མེད་པ་དང། སྲ་ཞིང་གྱོང་བ་དང། ནད་གཞི་རང་གི་མདོག
་ཏུ་སྣང་བ་དེ་ནི་ཨུ་མནྠ་ཞེས་བྱ་བའི་རྣ་བཤལ་གྱི་ནད་ཅེས་བྱའོ། །རྣ་བཤལ་ཕུག་ཉེས་ཏེ། རྒྱངས་པ་ལས་འདུས་པའི་ནད་འབྱུང་སྟེ་དེ་ཡང་གཡའ་བ་དང། ཚ་བ་དང། སྐྲངས་པ་དང། མྱུར་དུ་སྨིན་པ་དེ་ནི་སྡུག་བསྔལ་སྐྱེད་པ་ཞེས་བྱ་བའི་རྣ་བཤལ
་གྱི་ནད་ཅེས་བྱའོ། །དེ་ལྟར་རྣ་བཤལ་གྱི་ནད་དེ་གསོ་བ་མ་བྱས་ཏེ། ཡལ་བར་བོར་ན་ནི་བད་ཀན་དང་ཁྲག་ལས་གྱུར་པའི་བྲུམ་བུ་ཕྲ་མོ་འབྱུང་ཞིང་དེ་ཡང་སྣགས་པ་དང། གཡའ་བ་དང། ནད་དང་བཅས་ཏེ་སྲོག་ཆགས་ཕྲ་མོ་སྐྱེ་ཞིང་རྣག
་ལྡག་ཅིང་ཟ་བ་ཡིན་ཏེ། །དེ་ནི་རྣ་བཤལ་གྱི་ནད་སྲོག་ཆགས་ཕྲ་མོས་ཟོས་པའི་རྣ་ནད་ཅེས་བྱའོ། །དེ་ལྟར་རྣ་བའི་ནད་ཀྱི་བྱེ་བྲག་ཉི་ཤུ་རྩ་ལྔ་བཤད་པ་ལས་འདུས་པ་ལས་གྱུར་པའི་རྣ་བའི་ནད་པི་པི་ལིང་ལྟ་བུ་ཞེས་བྱ་བ་དང། བི
་ད་རི་ཀ་ཞེས་བྱ་བ་དང། འཁུམས་ཤིང་ཞུམ་པ་ཞེས་བྱ་བ་དང། བཞི་པོ་འདི་དག་ནི་གསོར་མི་རུང་ངོ། །པི་ཝང་གི་རྒྱུད་ལྟ་བུ་ཞེས་བྱ་བའི་ནད་ནི། མི་ལ་བ་ཙམ་ནི་གསོར་རུང་ངོ། །ལྷག་མ་རྣམས་ནི་ཅི་རིགས་པར་སྨན་གྱིས་གསོ་བར་བྱའོ། །རྣ
་ནད་ཀྱི་དམིགས་བརྟག་པའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།དེ་ནས་རྣ་བའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་རྣ་བའི་ནད་ལ་ནི་ཐོག་མར་?ཱི་ཁུ་བླུད་ལ་དེའི་ནུབ་མོ་རླུང་འཇོམས་པའི་སྨན་དང་སྦྱར་བའི་མར
་བླུད་དོ། །དེ་ནས་དུགས་བརྟག་དེའི་འོག་ཏུ་ཨ་ཤྭཏྠ་དང། བིལྦ་དང། ཨརྐ་དང། ཨེ་རཎྚ་དང། དེ་རྣམས་ཀྱི་འོ་མ་གང་ཡང་རུང་བའམ། ཡང་ན་ལ་ཕུག་དང། གུ་གུལ་གང་ཡང་རུང་བ་འབྲུ་དང། རྒྱམ་ཚ་དང་བསྒོས་ཏེ། ཁམ་པོར་ཁ་སྦྱར་གྱི
་ནང་དུ་ཆོ་ག་བཞིན་དུ་བཙོས་ལ། ཚོས་བ་དང་ཕྱུང་ལ་གཙིར་བའི་ཁུ་བ་ཆུ་དྲོ་འཇམ་ཙམ་གྱིས་རྣ་བ་དགང་ངོ། །ཡང་ན་དར་བ་ལ་སོགས་པ་རླུང་འཇོམས་པའི་སྨན་གྱི་སྡེ་ཚན་དར་བ་སྐྱུར་པོ་དང། ཞོ་ཁ་ཆུ་དང། རྩབ་མོ་ལ་སོགས་པའི་སྐྱུར་དང།
་བ་དང། མ་ཧེ་ལ་སོགས་པའི་གཅིན་དང། སྣུམ་ཆེན་པོ་བཞི་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་རྣ་བར་བླུགས་ན། རྣ་བའི་ཟུག་གཟེར་ཤིན་ཏུ་མི་བཟད་པ་ཡང་སེལ་ཏོ། །ཡང་ན་རྩ་བ་ཆེན་པོ་ལྔ་གང་ཡང་རུང་བའི་ཤིང
་གི་ཐོར་ཏོ། གསོ་མའི་རས་ཀྱིས་དཀྲིས་ལ་ཏིལ་མར་གྱིས་བསྐུས་ཏེ། མེའི་ནང་དུ་བསྲེགས་པའི་སྣུམ་གྱི་ཐིགས་པ་བླུགས་ན། དེ་མ་ཐག་རྣ་བའི་ཟུག་གཟེར་འཇོམས་སོ། །ཡང་ན་ཐང་ཤིང་དང། རུ་རྟ་རྣམས་ལས་གང་ཡང་རུང་བ་ཆོ་ག་གོང་མ
་བཞིན་དུ་བྱས་ན་ཡང་ཕན་ཡོན་དེ་དང་འདྲའོ། །རླུང་ནད་དང་རླུང་གི་ཆམ་པ་གསོ་བ་ཐམས་ཅད་ཀྱང་འདིར་བྱས་ན་ཕན་ནོ། །དེ་ལ་རླུང་གི་སྣ་ནད་ཅན་གྱི་ཆུ་ལ་སོགས་པས་མགོ་བཀྲུ་བ་དང། ཆུ་དྲང་མོའི་བཏུང་བ་ནི་ཉིན་པར་ཡང་སྤང་བར་བྱའོ། །མཁྲིས་པ་ལས
་གྱུར་པའི་རྣ་བའི་ནད་ལ་ནི་ཁ་ར་དཀར་པོ་དང། བཅས་པའི་མར་གྱིས་སྣུམ་ཆོས་བྱས་ལ། མཁྲིས་པ་ལ་ཕན་པའི་བཀྲུ་སྨན་བཏང་ངོ། །རྒུན་འབྲུམ་དང། ཤིང་མངར་འོ་མ་དང། ལྷན་ཅིག་བསྐོལ་ཏེ་རྣ་བར་བླུགས་ན་རབ་ཏུ་བསྔགས་སོ། །ཤིང་མངར་དང། དུ་རབ?
་དཀར་པོ་དང། ཙན་དན་དང། པུ་ཤེལ་རྩི་དང། བུ་ཚང་རྡོ་དང། སེང་ཕྲོམ་དང། ཛི་བ་ཀ་དང། པདྨའི་རྩ་ལག་དང། པདྨ་དང། བཙེད་དང་ཐལ་ཏྲས་དང། འདི་རྣམས་ཤིང་མངར་བསྐོལ་བའི་ཁུ་བ་སུམ་ཅུ་རྩ་གཉིས་དང། དེའི་ཉིས་འགྱུར་གྱི་འོ་མ་དང། ཏིལ་མར
་སྲང་བརྒྱད་དང། དེ་རྣམས་ཚུལ་བཞིན་དུ་བསྐོལ་ཏེ། མར་ལུས་པ་ལས་རྣར་བླུགས་པ་དང། རྣ་བར་དགང་བ་དང། སྐུ་བྱུག་ཏུ་སྦྱར་ན་རྣ་བའི་ཟུག་གཟེར་དང། ཚ་བ་སེལ་བར་བྱེད་དོ། །ཡང་ན་སྦྲང་རྩི་ཉི་ཚེ་ཆོ་ག་དེ་ལྟར་བྱས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན
་གོང་གི་སྦྱོར་བའི་སྨན་ཤིང་མངར་ལ་སོགས་པ་མར་དང་ལྡེ་གུར་བྱས་ཏེ། རྣ་བའི་ཕྱི་ནང་དུ་ལགས་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་པའི་ནད་ལ་ནི་པི་པི་ལིང་མར་དང་ལྷན་ཅིག་བསྐོལ་བ་བླུགས་ལ་ཐོག་མ་སློན་སྨན་བྱའོ། །གང་ཡང་བད་ཀན
་ལ་ཕན་པའི་དུད་པས་བཏང་བ་དང། སྣ་སྨན་བཏང་བ་དང། མཁུར་བར་བཅད་བ་དང་དུག་བྱ་ལ་སོགས་པ་ཡང་སྦྱར་རོ། །སྒོག་སྐྱ་དང། སྒེའུ་གཤེར་དང། ན་ལེ་ཤམ་དཀར་པོ་དང། མུ་རཾ་གྱ་དང་ལ་ཕུག་དང། ཆུ་ཤིང་དང་དེ་རྣམས་གང
་ཡང་རུང་བའི་ཁུ་བ་དྲོ་འཇམ་ཙམ་དང་སྦྱར་བ་རྣ་བར་བླུགས་ལ་ཐེག་གི་ཟད་ནས་ཕྱིར་ཕོ་ན་རྣ་བའི་ནད་སེལ་ཏོ། །ཡང་ན་ཨརྐའི་མྱུ་གུ་སྐྱུར་གང་ཡང་རུང་བ་དང་བཏགས་ཏེ། འབྲུ་མར་དང། རྒྱམ་ཚ་དང་ལྡན་པའི་ནང་དུ། ཤྲི་ཁཎྚའི་སྡོང་བུའི
་དབུས་སུ་ཕུག་སྟེ། ཨརྐའི་ལོམས་གཡོགས་ལ་ཁམ་པོར་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་མེ་ལ་བཙོས་ཏེ་ཁུ་བ་བཙིར་བས་རྣ་བར་བླུགས་ན། རྣ་བའི་ཟུག་གཟེར་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་མ་དུ་ལུང་ག་དང
་ཀ་པི་ཐ་གང་ཡང་རུང་བའི་ཁུ་བས་རྣ་བར་བཀང་ན་ཡང་ཕན་ནོ། །ཡང་ན་ཚས་རྣ་བར་བཀང་ལ་རྒྱ་མཚོའི་དབུ་བའི་ཕྱེ་མ་གདབ་པ་བྱས་ན་ཡང་ཕན་ནོ། །ཡང་ན་ར་དང་ལུག་གི་གཅིན་དང་འོད་མའི་ཤུན་ལྤགས་ནི་ཏིལ་མར་དང་ལྷན་ཅིག
་བསྐོལ་ལ་བླུགས་པ་འམ། ཡང་ན་མར་ཤིང་ཀུན་དང། གཡེར་མ་དང། དོང་ཀྲ་རྣམས་ལྷན་ཅིག་བསྐོལ་ལ་བླུགས་པ་དང་སྦྱོར་བ་དེ་དག་གང་ཡང་རུང་བ་བྱས་ན་ཡང་ཕན་ནོ། །དེ་ལ་ཁྲག་ལས་གྱུར་པའི་རྣ་བའི་ནད་ལ་ནི་མཁྲིས་པ་གསོ་བ
་ཐམས་ཅད་བྱ་སྟེ། ཁྱད་པར་དུ་གཏར་ག་བྱས་ན་ཕན་ནོ། །རྣ་བའི་དང་སྨིན་ཏེ་རྣག་འཛག་པ་ལ་ནི་དུད་པས་བདུག་པ་དང། སྨན་མཁུར་བར་བཅད་པ་དང། སྣ་སྨན་རྣམས་སྦྱར་རོ། །དེ་བཞིན་དུ་གང་ཡང་རྨ་འཁྱིམས་དང། རེད་པའི་ཆོ་ག་ཐམས
་ཅད་ཀྱང་འདིར་སྦྱར་རོ། །སྨན་གྱི་ལྡེ་གུས་རྣ་བ་བྱུགས་ལ་རས་བས་ཀྱི་ཡེ་བུས་ནང་དུ་ལན་གཉིས་བསྐྱོད་དེ་དག་པ་དང། གུ་གུལ་གྱི་དུད་པས་བདུགས་ལ་སྦྲང་རྩིས་རྣ་བ་དགང་བར་བྱའོ། །ཡང་ན་བྱེའུ་རུག་པའི་སྡེ་ཚན་བསྐོལ་བའི་ཁུ
་བའི་རྐང་པ་རས་བལ་གྱིས་སྤྲེའུ་ལས་བསྒོས་ལ་རྣ་བའི་ནང་དུ་ཆུབ་པར་བསྐུལ་ཞིང་བྱེའུ་རུག་པའི་སྡེ་ཚན་གྱི་ཕྱེ་མས་གདབ་པོ། །གང་གི་རྣ་བ་ལ་ཟུག་གཟེར་དང། རྣག་དང། ལྕི་བ་ཡོད་པ་དེ་ལ་ཆོ་ག་དེ་དག་གིས་ཞི་བར་བྱེད་དོ་ཞེས
་དྲང་སྲོང་རྣམས་ཀྱིས་བཤད་དོ། །པྲི་ཡཾ་ཀུ་དང། ཤིང་མངར་དང། ཨམྦ་སྟ་དང། ད་ཏ་ཀི་དང། ཨུཏཔལ་དང། འདབ་མ་རྣམ་བཞི་དང། གཙོད་དང། སེང་ཕྲོམ་དང། རྒྱ་སྐྱེགས་དང། དེ་རྣམས་ཀ་པིཏྟ། རང་གི་ཁུ་བ་དང། ཏིལ་མར་ལྷན
་ཅིག་བསྐོལ་ཏེ་རྣ་བར་བླུག་ན་རྣག་ཁྲག་ཟག་པ་ཞི་བར་བྱེད་དོ། །རྣ་བའི་ནད་སྒྲ་ཅན་དང། འོན་པར་གྱུར་བ་གཉིས་ལ་ནི་ཆུ་ལས་གྱུར་པའི་རྣ་དང་ཀྱི་གསོ་བ་ཐམས་ཅད་འདི་ལ་སྦྱར་རོ། །རྣ་བའི་ནད་སྒྲ་ཅན་དང་འོན་པ་གཉིས་བད་ཀན་དང
་བཅས་པ་ཡིན་ན་ནི་དང་པོ་སློན་ལ་སོགས་པས་བད་ཀན་སྦྱངས་ལ་དེའི་འོག་ཏུ་ཨེ་རཎྚ་དང། ཤི་ཏྲུ་དང། ལ་ཕུག་གཞོན་ནུ་དང། དེ་རྣམས་ཀྱི་ལོ་མ་བསྐོལ་བའི་ཁུ་བ་དང། དེའི་བཞི་འགྱུར་གྱི་ཏིལ་མར་དང། དེའི་བརྒྱད་འགྱུར་གྱི་འོ་མ་དང། ཤིང
་མངར་དང། རམ་ཉེ་མའི་ཕྱེ་མ་དང་དེ་རྣམས་ལྷན་ཅིག་བསྐོལ་ཏེ། མར་བླུགས་བ་ལས་རྣར་བླུགས་པ་དང། སྐུ་བྱུག་དང། རྣ་བར་བླུགས་ན་རྣ་བ་སྒྲ་དང་བཅས་དང། འོན་པ་དང། ཟུག་ཟེར་རྣམས་ངེས་པར་འཇོམས་སོ། །ཡང་ན་བོང་ང་དཀར་པོ་དང།
་ཤིང་ཀུན་དང། ཤུ་ཏི་དང། སྐྱེར་པའི་ཤུན་པ་དང། སྭ་རྩི་ཀའི་ཐལ་བ་དང། ཚ་བ་གསུམ་དང་ཏིལ་མར་དང། ཏིལ་མར་གྱི་བཞི་འགྱུར་གྱི་ཚྭ་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང། རྣ་བར་བླུགས་ན་རྣ་བར་ཟུག་བ་དང། ཆུ་སེར
་འཛག་པ་དང། རྣ་བ་འོན་བ་དང། སྒྲ་དང་བཅས་པ་སེལ་ཏོ། །རྣ་བ་སྒྲ་ཟ་ཟི་ཟེར་བ་ལ་ནི་ཡུངས་མར་གྱི་རྣ་བ་བཀང་ན་ཕན་ནོ། །ལ་ཕུག་སྐམ་པོ་དང། བཅའ་སྒ་བསྲེགས་པའི་ཐལ་བ་དང། ཤིང་ཀུན་དང། བཅའ་སྒ་དང། ཤུ་ཏི་དང། ཤུ་དག་དང
་རུ་རྟ་དང། སྐྱེར་པ་དང། ཤི་ཏྲུ་དང། སྐྱེར། པཎྚ་དང། ཁ་རུ་ཚ་དང། ཡ་ད་ཀྵ་ར་དང། སཱ་རྩི་ཀའི་ཐལ་བ་དང། ལན་ཚ་ཁྲོལ་བ་དང། རྒྱམ་ཚ་དང་གྲོ་བའི་དུད་བ་དང། ཙབས་རུ་ཚ་དང། གླ་སྒང་དང། དེ་རྣམས་ཏིལ་མར་དང། དེའི་བཞི་འགྱུར་གྱི་རྒུན་ཚ
་དང། ཁ་ལུང་གི་ཁུ་བ་ཚ་དང་མཉམ་པ་དང། དེ་དང་མཉམ་པའི་ཆུ་ཤིང་གི་ཁུ་བ་དང། ལྷན་ཅིག་བསྒོལ་ཏེ་མར་ལུས་པ་ལས་རྣ་བར་བླུགས་པ་བྱས་ན་རྣ་བ་གཡའ་བ་དང། སྒྲ་དང་བཅས་བ་དང། རྣ་བ་འོན་པ་དང། རྣག་འཛག་པ་དང། ཟུག་ཟེར་
་ཆེ་བ་དང། སྲིན་བུ་ཡོད་པ་དེ་རྣམས་གསོ་དཀའ་བ་ཡང་ཐལ་སྨན་གྱིས་ཏིལ་མར་ཞེས་བྱ་བ་འདི་མྱུར་དུ་འཇོམས་པར་བྱེད་དོ། །མཆོག་ཏུ་ཁ་དང་སོའི་ནད་ལ་བསྔགས་སོ། །རྣ་བ་ཕུག་སྟེ་ཚོར་བ་མེད་པ་ལ་ནི་རྣ་བའི་ཉེ་འཁོར་ལས
་གཏར་ཀ་བྱའོ། །རྣ་བ་སྐྲང་ཞིང་རྣག་དང་བཅས་ཏེ་གསལ་པོར་མི་ཐོས་པ་ལ་ནི་སྐྱུགས་སྨན་བྱས་ན་ཕན་ནོ། །བྱིས་པ་དང་རྒན་པོ་འོན་ཏེ་ལ་གྲངས་དུ་མ་ལོན་པ་ལ་ནི་སྤང་བར་བྱའོ། །རྣ་བ་ཐོག་མ་སྨིན་ཅིང་འཇམ་པར་བྱ་བའི་ཕྱིར་སྣུམ་དང་དུགས
་རེས་ཀྱིས་བྱ་སྟེ། དེའི་འོག་ཏུ་རས་ཀྱིས་རྣ་བའི་ནད་དག་པར་བྱའོ། །དེ་ནས་འབྲུ་མར་གྱི་རྣ་བ་དགང་བར་བྱས་ན་ཕན་ནོ། །སྦྱོར་བ་དེ་དག་ནི་རྣ་སྤབས་ཀྱིས་གང་བ་དང། བད་ཀན་ཅན་ལ་སྦྱར་བ་ཡིན་ནོ། །རྣ་བ་སྐྲངས་པ་ལ་ནི་སྣར་བླུགས་པའི་སྨན་དང།
་མཁུར་བར་བཅང་བ་དང། དུ་བ་རྡུབ་བ་དང་གང་ཡང་བད་ཀན་འཇོམས་པའི་སྨན་ཚ་བ་དང། དྲོ་བའི་བྱུགས་པ་ལ་སོགས་པ་ཐམས་ཅད་བྱས་ན་ཕན་ནོ། །རྣ་བ་རྣག་འཛག་པ་དང། སྲིན་བུ་ཅན་གཉིས་ལ་ནི་རྣ་བ་རྣག་འཛག་པའི་སྦྱོར་བ་ཐམས
་ཅད་སྦྱར་རོ། །རྣ་ནང་སྲིན་བུ་ཅན་ལ་ནི་རྣ་བ་འཛག་པའི་སྦྱོར་བ་ཐམས་ཅད་སྦྱར་རོ། །ཁྱད་པར་དུ་ཡུངས་མར་ཚགས་བླུགས་ན་ཕན་ནོ། །རྣ་བའི་ནང་ནས་འབྲས་བྱུང་བ་ལ་དང་པོ་སློན་བྱས་ལ། དེའི་འོག་ཏུ་གསོ་བ་ནི་ཁོང་འབྲས་ཀྱི་གསོ་བ་ཇི་ལྟ་བ
་བཞིན་དུ་མཁྲིས་པའི་རྣ་ནད་ཀྱི་གསོ་བ་ཡང་དེ་ལ་སྦྱར་རོ། །རྣ་བའི་ནད་ཐོར་བུ་དང་འབྲུམ་བུ་བྱུང་བ་ལ་ནི་སྣའི་འབྲུམ་བུའི་གསོ་བ་ཐམས་ཅད་བྱའོ། །རྣ་ནང་པི་དི་རི་ཀ་ཞེས་བྱ་བ་དེ་སྨིན་ཀྱང་རུང་མ་སྨིན་ཀྱང་རུང་སྟེ་ནད་གཞི་ཇི་ལྟ་བ་བཞིན་དུ་བརྟགས་ཏེ་རྣ་བའི
་འབྲས་ནད་ཀྱི་གསོ་བ་ཐམས་ཅད་བྱའོ། །རྣ་བཤལ་བསྐམས་པའི་ནད་ལ་ནི་རླུང་གི་ནད་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་རྣར་བླུགས་པ་དང། བྱུག་བ་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །དེ་ལྟར་བྱས་ལ་ལེགས་པར་ཞེན་པ་དང། བི་ལ་སྤའི་ས་བོན་དང
་ཤིང་མངར་དང། ཨ་ཤྭ་གནདྷ་ད་དང། ནས་དང་དེ་རྣམས་ཀྱི་རྣ་དྲུད་དང། རྣ་བཤལ་བསྐུ་ཞིང་དྲིལ་ལོ། །དེའི་འོག་ཏུ་ཤ་རྒྱས་ཤིང་འཕེལ་བར་བྱ་བའི་ཕྱིར་བསྐུ་བྱུག་རྟག་ཏུ་སྤྱད་དོ། །ཉེའུ་ཤིང་དང། ཨ་ཤྭ་གནདྷ་དང། པ་ཡསསྱ་དང། ཨེ་རཎྚ་དང། ཛི་པ་ཀ
་དང་དེ་རྣམས་འབྲུ་མར་དང་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་རན་པར་འཐུངས་ན། རྣ་བའི་རྣ་བཤལ་འཕེལ་ཞིང་རྒྱས་པར་འགྱུར་བའི་མཆོག་ཡིན་ནོ། །ཡང་ན་འཚོ་བྱེད་ཀྱི་འབྲུ་མར་དང། འོ་མ་དང། ཡུལ་སེལ་ཆེ་བ་ལ་གནས་པའི་སྲོག་ཆགས
་ཀྱི་ཤ་བསྐལ་བས་བསྐུས་ན་རྣ་དྲུང་རྣ་བཤལ་ཤ་སྐྱེ་བར་འགྱུར་བའི་མཆོག་ཡིན་ནོ། །རྣ་ཆ་ལྕི་བས་བུ་ག་འོལ་ཏུ་ཆ་བ་ལ་ནི་མཚོན་གྱིས་བཅད་དེ་རྨ་སྦྱར་ལ་ཡང་ཤ་སྐྱེ་བའི་གསོ་བ་བྱའོ། །པི་ཝང་གི་རྒྱུད་ལྟ་བུའི་རྣ་ནད་ལ་ཡང། མི་ལ་བ་ཙམ་དུ་གསོར
་རུང་བའི་ཆོ་ག་བྱའོ། །མེ་ཏོག་པ་རི་པོ་ཊ་ཞེས་བྱ་བའི་རྣ་ནད་ཀྱི་གསོ་བ་ཡང་དེ་ལྟར་བྱའོ། །ུ་པ་ད་ཞེས་བྱ་བའི་རྣ་བའི་ནད་ལ་ནི་སྲིན་བུ་པདྨ་ཁྲག་འཇིབ་ཏུ་གཞུག་ཅིང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་གྱིས་བྱུག་པར་བྱའོ། །ཤིང་འཛམ་བུ
་དང་ཨ་དྲའི་ལོ་མ་དང། བ་བླ་དང། ཤིང་མངར་དང། སེང་ཕྲོམ་དང། ཏིལ་དང། གཙོད་དང་ཀ་དམ་པ་དང། ཐལ་ཏྲེས་དང། དེ་རྣམས་ཏིལ་མར་དང། ཏིལ་མར་གྱི་བཞི་འགྱུར་གྱི་རྩབས་སྐྱུར་པོ་དང། ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་བསྐུ
་བྱུག་བྱ་བའམ། ཡང་ན་མེ་དཔལ་གསོ་བའི་སྐབས་ནས་འབྱུང་བས་བསྐུ་བྱུག་བྱའོ། །ུནམནྠ་ཞེས་བྱ་བའི་རྣ་བའི་ནད་ལ་ནི་སྲོག་ཆགས་གྷོ་ད་དང། ཀརྐ་ཊ་དང། དེ་གཉིས་ཀྱི་ཞག་དང་ཏ་ལའི་ལོ་མ་དང། ཨ་ཤྭ་གནདྷ་དང། ཨརྐ་དང་སོ་མ་རཱ་ཛའི་ས་བོན་དང
་རྒྱམ་ཚ་དང། བྱིའུ་རུག་པ་དང། ལཾ་ག་ལི་དང། ཏིལ་མར་རྣམས་ལྷན་ཅིག་པ་ལས་མར་ལུས་པས་བསྐུ་བྱུག་དང། སྣ་སྨན་རྣོན་པོ་ཡང་བཏང་ངོ། །རྣ་བཤལ་ཕུག་ཉེས་པའི་རྣ་བའི་ནད་ལ་ནི་ཨ་སྨན་ཏ་དང། འཛམ་བུ་དང། ཨ་མྲ་གསུམ་གྱི་ལོ
་མ་བསྐོལ་བའི་ཁུ་བ་བླུགས་པར་བྱ་སྟེ་དེའི་འོག་ཏུ་ཏིལ་མར་གྱིས་བསྐུས་ལ་ཤིང་མངར་དང། གཙོད་དང། པྲ་པུཎྚ་རཱི་ཀ་དང། ཡུང་ང་དང། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ་པོ། །ཡང་ན་རྒྱ་སྐྱེགས
་དང། ཏིལ་མར་སྦྱར་བས་བསྐུ་བྱུག་བྱས་ན་ཕན་ནོ། །སྲོག་ཆགས་སྲིན་བུས་ཟོས་པའི་རྣ་ཏང་ལ་ནི་བ་ལང་གི་ལྕི་བའི་དུགས་མང་དུ་བྱས་ལ། བྱི་དང་ཀའི་སྙིང་པོ་བཏགས་པའི་ཕྱེ་མ་བྱེའུ་མང་དུ་བཙག་པའི་གཅིན་དང་སྦྱར་ཏེ་བསྐུ་བྱུག་མང
་དུ་བྱའོ། །ཡང་ན་དུག་མོ་ཡུངས་དང། ཤིང་ཨིངཀུ་ཏ་དང། ཀེ་རཉྫའི་ས་བོན་དང། དོང་ཀའི་ཤུན་པ་དང། དེ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྡེ་གུར་བྱས་ཏེ་བྱུག་གོ་།ཡང་ན་སྨན་གོང་མ་དེ་ཉིད་ཀྱི་སྟེང་དུ་ནིམྦའི་ལོ་མ་དང། ན་ལ་ཤམ་དང། སྦྲང་རྩིའི
་ཚིགས་མ་དང། དེ་རྣམས་ཡུངས་མར་དང་ལྷན་ཅིག་བསྐོལ་བས་རྨ་བྱུང་བ་ལ་བསྐུ་བྱུག་བྱའོ། །རྣ་བ་སྟོབས་ཀྱིས་དྲགས་ཏེ་འོལ་བ་ལ་ནི་ཐོག་མར་ལུས་དག་པར་བྱ་སྟེ། ཇི་ལྟར་སྦྱོར་བའི་ཐབས་སུ་མཚམས་སྦྱར་རོ། །རྣ་བ་འོན་མ་ཐག་པ་ལི་ནི་ཁྲག་དག་པ
་དེས་དེ་མ་ཟག་སྐྱང་ལ་དེ་ནས་སློན་ཁྲུས་ཀྱིས་ལུས་དག་པར་བྱའོ། །དེའི་འོག་ཏུ་རྣ་དྲུང་གི་སྐྲ་ཚོམས་ཀྱིས་བཅིངས་ཏེ། དེ་མཚོན་གྱིས་བཤལ་བཅང་བ་དང། བཞར་ལ་ཅི་རིགས་པར་མཐོན་དམན་མེད་པར་ལེགས་པར་སྦྱར་ལ། ཞུན་མར་དང
་སྦྲང་རྩིས་བྱུགས་པའི་རས་བལ་གྱིས་གླན་ཏེ། སྐུད་པས་མི་དམ་མི་ལྟོད་པར་བཅིང་ངོ། །དེ་ནས་ལྟར་གའི་ཆོ་ག་བཞིན་དུ་ཁྲག་དབྱུང་སྟེ། རྨ་ལ་ཕན་པའི་སྨན་གྱི་ཕྱེ་མ་ཡང་གདབ་པོ། །གསོ་བ་གཞན་དག་ན་རྨི་གསོ་བའི་ཆོ་ག་ལྟར་བྱའོ། །དེ་ནས
་ཞག་བདུན་ལོན་པ་དང། འབྲུ་མར་མ་ཚོས་པར་བསྐུས་ལ་རས་བལ་གྱིས་གླན་པ་དལ་བུས་དགྲོལ་ལོ། །དེ་ནས་རྨ་དེ་འདུབས་ཏེ་མཐོན་དམན་མེད་ཅིང་བརྟན་ལ་སྔ་མའི་སོར་ཆུད་ཅིང་ནད་མེད་པ་ལྟ་ན། བུ་ག་ཡང་རིམ་གྱིས་རྒྱང་ངོ། །ཉེ་ལྕིབས
་དང་ཊ་བསྲལ་ཕྲེའུ་དང། སེར་པོ་རྣམ་གཉིས་དང། པྲི་ཧ་ཏཱིའི་འབྲས་བུ་དང། ཨ་ཤྭ་གནདྷ་དང། ཁ་ལ་དང། ཧ་ཏི་པི་པི་ལིང་དང། ཡུངས་ཀར་སེར་པོ་དང། ཀ་ཤ་ཏ་ཀི་དང། ཨ་ཤྭམ་ར་དང། རུ་ཤི་དང་ལོ་མ་བདུན་པ་དང། འདི་རྣམས་ཀྱི་རྩ་བ་དང། ཚུ་བཙུན
་དྷེ་རི་ཞེས་བྱ་བ་གནད་མུ་ཤི་དང། ས་ནག་པོ་དང། སྦྲང་མིའི་མཁར་དང། བྱེའུ་དང། ཆུ་ལ་སྐྱེས་པའི་སྲིན་བུ་པདྨའི་ཤ་དང། གསེང་ཕྲོམ་དཀར་པོའི་རྩ་བ་དང། འདི་རྣམས་ཆམ་ཆོམ་དུ་བརྡུངས་ཏེ། རིལ་མར་དང། མ་ཧེའི་མར་དང། རྟ་དང། གླང་པོ
་ཆེའི་གཅིན་དང། ཚོས་རབ་ཏུ་བསྐོལ་ཏེ་མར་ལུས་པ་ལས་རྣ་བར་བསྐུས་ན། རྣ་བའི་བུག་སྐྱེད་ཅིང་འབྱོར་པའི་མཆོག་ཡིན་ནོ། །དེ་ལ་སྐྱེས་བུ་ན་ཆོད་ལ་གནས་པ་གང་ཞིག་གི་རྣ་ཆད་པར་འགྱུར་ན་ཐོག་མར་ལུས་དག་པར་བྱས་ལ། དེའི་འོག་ཏུ་གསོ་བར
་བྱ་སྟེ། རྨའི་རྨ་ཅི་ཙམ་བའི་བདག་ཉིད་ཀྱི་མཁུར་ཙོས་ཀྱི་པགས་པ་ཤིང་ཤུན་བ་ཤུས་པ་བཞིན་དུ་བཤུས་ལ་ཤ་མ་སྣད་པར་བྱས་ཏེ། རྣ་ཆོག་གི་པགས་པའི་ཟུར་མི་བཅད་པར་རྣའི་རྨ་ལ་བསྐུས་པ། །དེ་ནས་རྣའི་རྨ་ལེགས་པར་བཤར་ལ་མཁུར་ཚོས
་ཀྱི་པགས་པ་བཤུས་མ་ཐག་པ་གསང་བས་གླན་ཏེ། རས་སྐུད་ཕྲ་མོས་ལེགས་པར་བཙེམས་ལ་རས་དཀྲིས་ལ་བཞག་གོ། དབུགས་བདེ་བར་འབྱུང་བར་བྱ་བའི་ཕྱིར་ཤིང་སྤུབས་ཅན་གཉིས་ཀྱི་ཐམ་བུ་བཅུག་ལ་བཞག་གོ། དེའི་འོག་ཏུ་ཏིལ་མར
་མ་ཚོས་པས་བསྐུས་ལ། དེ་མས་རྨ་ཤིང་དང། ཤིང་མངར་དང། སྟང་ཟིལ་དང། གཞན་ཡང་གཏོར་ཀའི་གསོ་བའི་སྨན་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ་པོ། །བཅིངས་པའི་སྟེང་ནས་ཀྱང་སྦྲང་རྩི་དང་མར་སྦྱར་བས་བསྐུའོ།
་ཉེ་བར་སྤྱད་པ་ཐམས་ཅད་ཀྱང་ཆུ་དྲོན་པོས་བྱའོ། །གསོ་བ་གཞན་རྣམས་ནད་གཞིའི་བྱེ་བྲག་ཤེས་པར་བྱས་ཏེ། །དེ་དང་མཐུན་པར་སྨ་སར་བ་གསོ་བའི་ཆོ་ག་ཐམས་ཅད་འདིར་སྦྱར་རོ། །དེ་ལྟར་རྨ་ལེགས་པར་དྲུབས་ནས་རྣའི་ཉེ་འཁོར
་གྱི་ཤ་འཕྱང་བའམ། ལྷག་པ་ལྟར་སྣང་ཡང་ལེགས་པར་བཅད་དེ་ཡང་མཚམས་ཞིབ་ཏུ་བཅོམ་མོ། །གང་དུ་དམའའམ་གཤོད་བ་ལྟར་སྣང་ན་ནི་སྐྱེད་དེ། རྣའི་དབྱིབས་ཅི་རིགས་པར་ལེགས་པར་སྦྱར་རོ། །རྣ་དེ་མ་ཐག་གསར
་དུ་ཆད་པ་ཡིན་ན་ཡང་ཆོ་ག་དེ་ལྟར་བྱའོ། །རྣའི་ཐམ་བུའི་ཤིང་གཉིས་ཀྱང་མཆུའི་གྲང་ཐད་ནས་རྣའི་དབྱིབས་མི་ཉམས་པའི་ཕྱིར་དྲང་པོར་ལེགས་པར་བཞག་གོ་།རྣ་བའི་ནད་གསོ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།དེ་ནས་སྣ་ནད་ཀྱི
་དམིགས་རྟག་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྣ་ནད་ཆམ་པ་ཞེས་བྱ་བའི་རྒྱུ་ནི་ཁ་སྤུབ་དུ་ཉལ་བ་དང་སྣའི་ནང་དུ་རྡུལ་ཞུགས་པ་དང། དྲག་ཏུ་སྨྲ་བ་དང། ཉིན་པར་གཉིད་ལོག་པ་དང། ནུབ་མོ་གཉིད་མ་ལོག་པ་དང། གོས་ངན་པ་དང
་ཡང་ན་གོས་ལྕི་བ་གྱོན་པ་དང། དྲོ་བའི་རྫས་ལ་ཆུ་གྲང་འཐུང་བ་དང། ཉལ་བོ་དང། ལམ་གྱིས་དུ་བ་བའི་འོག་ཏུ་ཆུ་མང་དུ་འཐུངས་པ་དང། སྐྱུགས་པ་དང། མཆི་མ་བྱུང་བ་དང། བསྒགས་པའི་རྒྱུས་རླུང་ནད་ཤས་ཆེར་འཁྲུགས་པ་གྱུར་ཏེ།
་སྣ་ཆུ་འཛག་ཅིང་ཆམ་པ་སྐྱེད་པ་ཡིན་ནོ། །དེ་གསོ་བར་མ་བྱས་ན་ཀླད་པ་ཟད་པར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་སྣ་ནད་ཆམ་པའི་མཚན་མ་ནི་གདོང་སྐེམ་པ་དང་སྤྲིད་པ་དྲག་ཏུ་འབྱུང་བ་དང། སྣ་སུབས་ཤིང་ན་བ་དང། སོ་དང་མུར་འགྲན
་དང། གླད་པ་ན་བ་དང། སྨིན་མའི་སྟེང་དུ་གྲོག་མ་རྒྱུ་སྙམ་བྱེད་པ་དང། སྐད་གཞན་པ་དང་མྱུར་དུ་མ་སྨིན་པ་དང། སྣ་ནས་བད་ཀན་དང་བལ་དང་བསིལ་བ་འཛག་པ་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་མཚན་མ་ནི་སྐོམ་དང་ཆེ་བ་དང། ལུས
་ཚ་བ་དང་སྣའི་ཕྱི་ནང་དུ་འབྲུམ་བུ་ཕྲ་མོ་འབྱུང་བ་དང། སྣའི་རྩེ་མོ་བཙོས་པ་འདྲ་བ་དང། མགོ་འཁོར་བ་དང། འཛག་པ་ཡང་མདོག་དམར་བ་དང། སེར་པ་རྣམས་ཡིན་ན། །བད་ཀན་ལས་གྱུར་པའི་སྣ་ནད་ཀྱི་མཚན་མ་ནི་ཁ་ཟས་ཡི་གར་མ
་འོང་བ་དང། དབུགས་མི་བདེ་བ་དང། ལུས་ལྕི་བ་དང། སྐྱུགས་པ་དང། ཁ་མངར་བྲོ་བ་དང། གཡའ་བ་དང། སྣུམ་བ་དང། འཛག་པ་དཀར་ཞི་བ་དཀའ་བ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི་སྨན་ནང་གྱི་མཚན་མ་ནི་ལྡང་དུབ་དུ་བྱེད་པ་རྣམས་ཡིན་ནོ། །ཁྲག
་མ་རུངས་པ་སྨ་སྤུབས་ཀྱི་ནང་དུ་ཞུགས་ནས་ཆམ་པར་གྱུར་པའི་མཚན་མ་ནི་བྲང་གི་ནད་བེམ་བེམ་པོར་གྱུར་བ་དང། མིག་དམར་བ་དང། དབུགས་དྲི་མི་ཞིམ་པ་དང། རྣ་བ་གཡའ་བ་དང་མཆིལ་མ་དང། ཆུ་འཛག་པ་དང། གཞན་ཡང་མཁྲིས་པའི་མཚན་ཉིད
་ཀྱང་འདིར་བལྟར། །སྣ་ནད་ཆམ་པ་དེ་དག་ཀུན་ཡལ་བར་བོར་ཏེ་གསོ་བར་མ་བྱས་ན་ནི་ཤས་ཆེར་འཕེལ་བར་འགྱུར་ཏེ། གོང་དུ་བཤད་པའི་ནད་དེ་དག་པས་ཚར་རྨེར་སྐྱེས་ནས་དབང་པོ་རྣམས་གཟིར་བར་འགྱུར་ཏེ་མེ་དྲོད་ཉམས་པ་དང། ཚ་བ་ཆེ་བ་དང་ཁུ
་མི་བདེ་བ་དང། ལུད་པ་དང་བྲང་དང། རྩིབ་ལོགས་སུ་ཟུག་ཅིང་ན་བ་དང། གློ་བུར་དུ་ནད་མང་དུ་འཁྲུག་ཅིང་ཁ་དྲི་མི་ཞིམ་ཞིང་སྐམ་པ་དང། སྣའི་ནང་རུལ་བ་དང། སྐེམ་བ་དང། སྣབས་བཅིར་ན་འགག་ཅིང་མི་ཕྱིན་པ་དང། འཛག་པ་ཡང་རིལ་རིལ་པོར་རྩག
་འང་བར་འབྱུང་ཞིང་དེ་ཡང་དཀར་བ་དང། གནག་པའི་མདོག་ཏུ་སྲིན་བུ་དང་བཅས་པར་འབྱུང་ཞིང། སྲིན་བུ་དེ་ཡང་སྣུམ་ཞིང་རིང་བ་དང། དཀར་ཞིང་གསང་བ་རྣམ་ཡིན་ཏེ་དེ་ཉིད་སྨིན་པའི་མཚན་མ་ནི་ལུས་ཡང་བ་དང། སྤྲིད་པ་ཞི་བར་འཛག
་པ་ཡང་འཇམ་ཞིང་སེར་བ་དང། དྲི་དང་རོ་མི་ཚོར་བ་རྣམས་ཡིན་ནོ། །དེ་ལ་དུད་པ་རྣོན་པོ་རྡུབ་པ་དང། ཉི་མའི་འོད་ཀྱིས་ཤས་ཆེར་ཕོག་པ་དང། སྐུད་པ་དང་རྩ་ལ་སོགས་པས་སྣད་པས་སྣའི་རྨེན་པུ་སྙིམ་མ་རུངས་བར་བྱས་པས་རླུང་འཁྲུགས་ཏེ་རྩ་སོ
་འགག་ཅིང། སྣའི་སུམ་མདོར་རླུང་བསྟེན་ཏེ་དྲག་ཏུ་སྤྲིད་པའོ། །ན་ཞིང་སྣ་ཆུ་འཛག་པ་ཡང་ཡོད་དོ། །སྣའི་སྤུབས་སུ་འཛག་པ་རླུང་གིས་བསྐམས་ཏེ། ནད་དུ་གྲམས་གང་བསྙམ་སེམས་ཤིང་དབུགས་མི་བདེ་བར་མ་ཕྱིན་དེ་འབྱུང་དཀའ་བ་དང། སྣེ་དུས
་བ་བཞིན་དུ་གང་བར་འགྱུར་ཏེ། དེ་ནི་སྣ་ནད་སྐམ་པ་ཞེས་བྱའོ། །སྣའི་ནང་དུ་བད་ཀན་གྱིས་བགགས་ཏེ་རེང་དུ་སྲབས་གང་བ་སྙམ་སེམས་ཤིང། དབུགས་ཀྱི་འབྱུང་རྡུབ་བཀག་ནས་རྒྱུན་སྲང་རྣམས་དོག་པར་གྱུར་པའི་ནད་ཀྱང
་ཡོད་དོ། །མཁྲིས་པ་སྣ་ནད་སྨིན་ཏེ་ཤ་དང། པགས་པ་ཟུག་གཟེར་དང་བཅས་ཤིང། འཛག་པ་ཆུ་དང་འདྲ་བ་སླ་བར་འབྱུང་སྟེ། ཁྱད་པར་དུ་ནུབ་མོ་འཛག་པ་དེ་ནི་སྣ་ནད་སྨིན་པ་འཛག་པ་ཞེས་བྱའོ། །བད་ཀན་ཤས་ཚ་བའི་སྣ་ནད་ཀྱི་རྟགས་ནི་སྣའི
་རྩ་རྒྱུན་འགག་པ་དང། དབུགས་སྒྲ་དང་བཅས་པར་འབྱུང་བ་དང། སྔ་མ་བས་ཆེས་སྣ་ཆུ་འཛག་པ་དང། ནད་སྨིན་བ་དང། སྣ་སྤུབས་ནས་རྣག་སྐ་བ་དང། སེར་བ་མཆི་མ་འཛག་པ་བཞིན་རུ་རྒྱུན་དུ་འབྱུང་སྟེ། དེ་ཡང་སྤྱི་བག་ཏུ་འདུག་པ
་ཡིན་ནོ། །ཁྲག་མ་རུངས་པས་སྣ་ནད་སྐྱེས་པའི་རྟགས་ནི་སྣའི་ཕྱི་ནང་རབ་ཏུ་ཚ་བ་དང། རེག་ན་མི་གཟོད་པ་དང། དབུགས་བྱུང་བ་ཡང་ཚ་ཞིག་དཀུ་བ་འབྱུང་བ་ཡིན་ནོ། །རྐན་ཕུགས་སུ་ནང་གཞི་འཁྲུས་ཏེ། རླུང་ནད་བད་ཀན་དང་བཅས་པའི་རྣག
་སྣ་དང་ཁ་ནས་འཛག་ཅིང་འབྱུང་བར་འགྱུར་ཏེ། དེ་ནི་སྣ་དང་རྣག་ཅན་བྱའོ། །འདུས་པ་ལས་གྱུར་པའམ། གློ་བུར་དུ་སྣད་པ་ལས་གྱུར་ཀྱང་རུང། རྣག་དང་ཁྲག་སྣའི་སྒོ་ནས་འཛག་ཅིང་སྤྱི་བོ་ཚ་བ་དེ་ནི་སྣ་ནད་རྣག་ཁྲག་ཅན་ཞེས་བྱའོ
་མཁྲིས་པ་དང་བད་ཀན་གྱི་རྒྱུན་སྲང་རླུང་གིས་འགགས་ཏེ། སྣད་གི་འཛག་པ་རྣམས་བསྐམས་ནས་བསྒོངས་པ་སྐམ་པོ་དེ་ནི་བད་ཀན་བྱ་ཞེས་བྱའོ། །སྣ་ནད་ཐོར་བུ་དང་འབྲུམ་བུ་ཅན་ཞེས་བྱ་བ་ནི་ནད་གཞི་དང་མཐུན་པའི་མདོག་ཏུ་སྣང་བའི་འབྲུམ་བུ་འབྱུང
་ལ་དེ་ཐམས་ཅད་དབུགས་འབྱུང་དཀའ་ཞིང་སྣ་ཆུ་འཛག་པ་དང། སྤྲིད་པ་རྟག་ཏུ་འབྱུང་བ་དང། སྣ་སྐད་དུ་གསུངས་པར་སྨྲ་བ་དང། རྣག་འཛག་པ་དང་ཀླད་པ་ན་བ་རྣམས་ཡིན་ནོ། །དེ་རྣམས་ནི་རྣམ་པ་བཅོ་བརྒྱད་དེ། དེ་ལས་གང་ཡང་རུང་བའི་གསོང་མི་བྱས་ན་ནི
་ནད་འཕེལ་ཞིང་ཐུ་བར་འགྱུར་རོ། །སྣ་ནད་ཀྱི་དམིགས་བརྟག་པའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།དེ་ནས་སྣ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྣ་ནད་ཆམ་བ་ཐམས་ཅད་ལ། ཐོག་མར་ནད་པ་རླུང་མེད་པའི་ཁང་པར་བཞག་སྟེ། སྣུམ་བཅོས་དང།
་དུགས་དང། སློན་དང། དུ་བ་རྡུབ་པ་དང། མཁུར་བར་བཙད་བ་རྣམ་བསྟེན་ལ། གོས་ཀྱང་ལྕི་ཞིང་དྲོ་བ་དང། མགོ་ལ་ཐོད་ཆེན་པོ་བཅིང་པ་དང། ཁ་ཟས་ཡང་བ་དང། སྐྱར་པ་དང། ལན་ཚ་དང། སྣུམ་པ་དང། དྲོ་བག་དང་མི་སླ་བ་དང། སྐམ་སའི་ཤ་དང། བུ་རམ་དགའ་
་མ་དང། མོན་སྲན་ཙན་ཀ་དང། ཞོ་དང་སེའུ་འབྲུ་དང། ཚ་བ་གསུམ་ཤས་ཆེ་བའི་གཡོགས་སུ་སྦྱར་བ་དང། ནད་དང། དྲོ་ཤས་ཆེ་བའི་ཁ་ཟས་དང། ལ་ཕུག་གཞོན་ནུ་དང། རྒྱ་སྲན་ཀུ་ཏུཐའི་ཁུ་བཅུད་ཀྱང་རབ་ཏུ་བསྔགས་སོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་འམ། ཆང
་རྙེད་པ་བཏུང་བར་བླུད་དོ། །ཙ་རོང་དང། ཨགནི་མནྠ་དང། ཤུ་དག་དང། ཟིར་དང། ཟིར་ནག་པོ་དང། དེ་རྣམས་ཀྱི་ཕྱེ་མ་བསྣམས་པར་བྱའོ། །ཚ་བ་གསུམ་དང་བལ་བུའི་ལོ་མ་དང། དབྱི་མོ་དང་ཏྲིཀ་དང་སྟར་བུ་དང། ཅི་ཏྲ་ཀ་དང། ཟིར་དང། དེ་རྣམས་སྲང་གཉིས་གཉིས་དང།
་ཤིང་ཚུ་དང། སུག་སྨེལ་དང། གནད་བ་ཏྲ་དེ་དག་སྲང་ཕྱེད་ཕྱེད་དང། བུ་རམ་རྙིང་པས་རང་ལྔ་བཅུ་དང། ཚུལ་བཞིན་དུ་བསྐོལ་ཏེ་རི་ལུར་བྱས་པ་ཟོས་ན་སྣམ་ད་ཆམ་པ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་བ་རྣམས་འཇོམས་ཏེ། མིག་འབྱེ་བ་དང། སྐད་སྙམ་པར་བྱེད་པའི
་མཆོག་ཡིན་ནོ། ཤུ་ཏའི་ཤུན་བ་དང་ཁ་ལ་དང། སྐྱོན་ནག་དང། ཨེ་རཎྜ་དང། བིལྦ་དང། དོང་ཀ་དང་དེ་རྣམས་ཀྱི་རྩ་བ་དང། ཞག་དང་མར་དང། སྤྲ་ཚིལ་དང་སྦྱར་བའི་དུད་པས་བདུག་པའམ། ཡང་ན་ཁམ་པོར་ཁ་སྦྱར་ཆུད་དུའི་ནང་དུ་མར་དང་ཕྱེ་བསྲེགས་པ་བཙུག་ལ། བསྲེགས་པའི
་དུད་བས་བདུགས་ན་ཕན་ནོ། །སྣ་ནད་ཅན་གྱི་སྤང་བར་བྱ་བ་ནི་ལུས་བཀྲུ་བ་དང། ལུས་གཙང་སྦྲ་སྤྱོད་པ་དང། ཤས་ཆེར་ངལ་བ་དང། ཆུ་གྲང་མོ་རྣམས་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྣ་ནད་ཆམ་པ་ལ་ནི་རླུང་འཇོམས་པའི་སྨན་དང། བསྐལ་བའི་མར་འམ
་ལན་ཚ་རྣམ་ལྔ་འམ། སྨན་བི་ད་རའི་སྡེ་ཚན་ནམ། དེ་དག་གང་ཡང་རུང་བའི་མར་དང་བསྐོལ་བ་བླུད་པའམ་དེ་བཞིན་དུ་དུགས་དང། སྣ་སྨན་ལ་སོགས་པ་བྱས་ཏེ། ཀླད་པ་ཕྱེད་ན་བའི་སྨན་ཡང་འདིར་སྦྱར་རོ། །དེ་ལ་མཁྲིས་བ་དང་ཁྲག་ལས
་གྱུར་པའི་སྣ་ནད་ལ་ནི་སྨན་མངར་བའི་སྡེ་ཚན་དང། མར་ལྷན་ཅིག་བསྐོལ་བ་བླུད་པ་དང། དེ་བཞིན་དུ་སྨན་གྱི་བླུགས་པ་དང། བྱུགས་པ་ཡང་སྨན་བསིལ་བའི་ནུས་པ་དང་ལྡན་པ་ལས་བྱའོ། །སྨན་དྷ་བའི་ཤུན་པ་དང། འབྲས་བུ་གསུམ་དང།
་ཁྲེ་དང་ཤིང་པརྞི་དང། ཤིང་མངར་དང། སེང་ཕྲོམ་དང། ཏིལ་མར་དང། དེའི་བཅུ་འགྱུར་གྱི་འོ་མ་དང། སྐྱེར་པ་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་སྨ་སྨན་བཏང་བར་བྱའོ། །བད་ཀན་ལས་གྱུར་པའི་སྣ་ནད་ལ་ནི་སྨྱུར་བར
་འདུག་པ་དང། ཡུངས་ཀར་གྱི་ལྡེ་གུས་མགོ་ལ་བྱུགས་པ་དང། ཡ་བཀྵར་མར་དང་བཅས་པ་བླུད་དེ་སྨོན་དུ་གཞུག་གོ། ལན་ཚ་དང། ཚ་བ་གསུམ་དང། བྱི་དང། བ་དང། དུག་མོ་ཡུངས་དང་ཟི་ར་དང། དེ་རྣམས་ར་གཅིན་དང་བཏགས་ཏེ་སྣར་བླུགས
་པར་བྱའོ། །འདུས་པ་ལས་གྱུར་པའི་སྣ་ནད་ཆམ་པ་ལ་ནི་སྨན་ཚ་བ་དང། རྣོ་བ་སྦྱར་བའི་མར་གྱིས་སྣར་བླུགས་པ་དང། མཁུར་བར་བཅད་བ་རྣམས་བྱས་ན། གཅོང་ཆེན་པོ་དང། སྲིན་བུའི་ནད་དང། སྣ་ནད་མ་རུངས་པ་རྣམས་སེལ་ཏོ། །ཚྭ་བ
་གསུམ་དང། ཨེ་རཎྚ་དང། བྱི་དང་ག་དང། ཐང་ཤིང་དང། བོང་ང་དཀར་པོ་དང། རུ་རྟ་དང། ཨིངྒུ་རྟ་དང། བརྟ་ཀའི་ས་བོན་དང། ཤིང་ཉེ་རོང་དང། ཡུངས་ཀར་དང། པུ་ཏི་མཙྪ་ག་དང། ཨགནི་མནྠའི་མེ་ཏོག་དང། པི་ལུང་དང། ན་ལེ་ཤམ
་དཀར་པོ་དང། རྟ་རྟུག་བཙིར་བའི་ཁུ་བ་དང། དེའི་གཅིན་དང། གླང་པོ་ཆེའི་གཅིན་དང། དེ་རྣམས་ལྷན་ཅིག་སྦྱར་བའི་ལྡེ་གུས་ཟར་མའི་སྐུད་པ་ལ་བསྒོས་ཏེ། རེང་བུར་བྱས་ལ། དེའི་ཧུད་པས་སྣ་དང། ཁར་རྡུབས་ན་ཕན་ནོ། །སྤྲིད་པ་མང་དུ
་འབྱུང་བ་དང། བད་ཀན་སྣང་བསྒོངས་པ་གཉིས་ལ་ནི་སྣ་སྨན་རྣོན་པོས་བུད་པར་བྱས་ན་ཕན་ནོ། །བཅའ་སྒ་དང། རུ་རྟ་དང། པི་པི་ལིང་དང། བྱི་དང་ག་དང། རྒུན་འབྲུ་དང། དེ་རྣམས་བསྐོལ་བའི་ནང་དུ་སྨན་དེ་ཉིད་ཀྱི་ཕྱེ་མ་དང། མར་འམ་ཏིལ་མར་གང
་འབྱོར་པ་དང་ཡང་བསྐོལ་ཏེ། མར་ལུས་པ་ལས་སྣ་སྨན་བཏང་ན། སྤྲིད་པ་མང་དུ་འབྱུང་བ་དང། བད་ཀན་བསྒོངས་པ་སེལ་ཏོ། སྣ་སྐམ་པ་ལ་ནི་འབྲུ་མར་གྱི་བཟའ་བ་དང། བཏུང་བ་ལ་སོགས་པ་བྱས་ཏེ། ཤ་ཁུ་དང་སྦྱར་བ་བཏང་ངོ། །དེ་བཞིན་དུ་བ་བླའི་མར
་གྱི་སྣུམ་ཆེས་དང་བདུག་པ་དང། དུགས་ལ་སོགས་པ་སྣ་བུས་པ་ལྟར་གང་བ་ལ་ཡང་དེ་ལྟར་བྱའོ། །སྣ་ནད་དབུགས་ཚ་ཞིང་བཀུ་བ་ལ་ནི་མཁྲིས་པ་འཇོམས་པའི་སྨན་དང། སྣ་སྨན་རྣོན་པོ་ལ། སོགས་པས་སྣ་ཆུ་འཛག་གོ། སྣ་ནད་རྣག་ཅན་ལ་ནི
་བད་ཀན་གྱི་སྣ་ནད་ཀྱི་གསོ་བ་རྣམས་བྱའོ། །ཡང་ན་ཐོག་མར་སློན་བྱ་སྟེ། དེའི་འོག་ཏུ་རྒྱ་སྐྱེགས་དང། ཀཉྫའི་དང། ན་ལེ་ཤམ་དང། བྱི་དང་ག་དང། ཤིང་ཀུན་དང། པི་པི་ལིང་དང། བུ་རམ་དང། དེ་རྣམས་ལུག་གི་གཅིན་དང་བཏགས་ཏེ་སྣ་སྨན་བཏང་ངོ། །ཡང
་ན་ཤིཀྲུ་དང། བྲི་ཧ་ཏཱི་དང། དནྟི་དང། ཚྭ་བ་གསུམ་དང། ལྕེ་མྱང་ཚ་དང། བྱི་དང་ག་དང། བྱེའུ་རུག་པ་དེ་རྣམས་ཏིལ་མར་དང་སྦྱར་ཏེ། སྣ་སྨན་བྱས་ན་མཆོག་ཏུ་ཕན་པ་ཡིན་ནོ། །སྣ་དང་ཁྲག་ཅན་ཞེས་བྱ་བ་ལ་ནི་ཁྲག་ལས་གྱུར་པའི་སྣ་ནད་ཀྱི་གསོ་བ
་སྦྱར་རོ། །སྣ་ནད་ཐུམ་པ་དང། འབྲུམ་བུ་ཅན་ཞེས་བྱ་ཤས་ཆེར་སྐྱེས་པ་ལ་ནི་རྨ་འཁྱིམས་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་བཞིན་དུ་དནྟི་དང། ཤིང་ཉེ་རོང་དང། རྒྱམ་ཚ་དང། ལྡོང་རོས་དང། པི་པི་ལིང་དང། ཙི་ཏྲ་ཀ་དང། དེ་རྣམས་བཏགས་པའི
་ཕྱེ་མ་མར་དང་སྦྲང་རྩི་དང། སྦྱར་བའི་རེད་བུ་བྱས་ཏེ། སྣར་བཅུག་ན་ཕན་ནོ། །གཞན་ཡང་ཤིང་ཀུ་ལ་སོགས་པའི་སྣ་སྨན་ཡང་དེ་ལྟར་སྦྱར་ཏེ། ལྷག་མ་སྣ་ནད་ཁྲག་ཅན་གྱི་གསོ་བ་ཡང་འདི་ལ་སྦྱར་རོ། །སྣ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་པ་རྫོགས་སོ།། །།
་དེ་ནས་ཁ་ནད་དམིགས་བརྟགས་པའི་ལེའུ་བཤད་པར་བྱ་སྟེ། ཉ་དང། མ་ཧེ་དང། ཕག་དང། དེ་རྣམས་ཀྱི་ཤ་ཟོས་བ་དང། ལ་ཕུག་རྗེན་པ་ཟོས་བ་དང། མོན་སྲན་རྡེའུའི་ཚོད་མ་དང། ཞོ་དང། འོ་མ་དང། ཧྭགས་དང། དེ་དག་བསྟེན
་པ་དང། ཁ་བུབ་ཏུ་ཉལ་བ་དང། སོ་ཤིང་གིས་སྣད་པ་དང། དུད་བ་དང། སྐྱུགས་བ་དང། མཁུར་བར་ན་བའི་སྨན་ཉེས་པ་དང། གཏར་ཀ་ཉེས་བ་སྟེ། རྒྱུ་དེ་དག་གིས་བད་ཀན་ཤས་ཆེར་འཁྲུགས་ནས་ཁའི་ནད་སྐྱེད་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་མཆུ
་ནད་འགས་ཤིང་དུམ་བུར་སོང་བ་ཡོད་དེ། དེ་ནི་མཆུ་འགས་པའི་ནད་ཅེས་བྱའོ། །ཡང་བླུང་གིས་མཆུ་རེངས་ཤིང་ཟུག་གཟེར་དང་བཅས་པ་དེ་ནི། རླུང་གི་མཆུ་ནད་ཅེས་བྱའོ། །མཆུ་དྲུད་ཅིང་དྲལ་བསྙམ་བྱེད་པ་དང། རེག་ན་རྩུབ་བོ་རུད་ཅུག་པོར་འདུག་བ་དང
་མདོག་གནག་པ་དེ་ནི་ཆུ་བཤགས་པ་ལྟ་བུའི་ནད་ཅེས་བྱའོ། །མཁྲིས་པའི་མཆུ་ནད་ཀྱི་རྟགས་ནི་ཁ་ཟས་རྣོ་བ་ཟ་མི་འདོད་པ་དང། འབྲུམ་བུ་ཕྲ་མོ་སྐེ་ཚེའི་འབྲུ་ལྟ་བུའི་ཁྱད་པར་འདུག་པ་དང། དེ་ཡང་མྱུར་དུ་སྨིན་ཅིང་མང་དུ་རྣགས་བ་ཡིན་ནོ
་བད་ཀན་ལས་གྱུར་པའི་མཆུའི་ནད་ཀྱང་གྲང་བ་མི་བཟོད་པ་དང། ལྕི་བ་དང། སྐྲང་བ་ལྟར་འདུག་པ་དང། འབྲུམ་བུ་དཀར་པོས་ཁྱབ་པར་འདུག་པ་ཡིན་ནོ། །འདུས་པ་ལས་གྱུར་པའི་མཆུ་ནད་ནི་མདོག་སྣ་ཚོགས་སུ་འདུག་པ་དང། དྲི་བ་དང།
་སྤྱི་བག་ཏུ་འདུག་པ་དང། བློ་བུར་དུ་མདོག་ནག་པོར་འགྱུར་བ་དང། སྐྲང་བ་དང། སྨིན་མ་མི་སྙོམས་པ་ཡིན་ནོ། །ཁྲག་འཁྲུགས་པ་ལས་གྱུར་པའི་མཆུའི་ནད་ནི་མདོག་དམར་བ་དང། ཁྲག་ཟད་པ་དང། བྲ་གོ་འདྲ་བའི་ཐོར་བུ་འབྱུང་བ་ཡིན་ནོ།།
་ཤ་ལས་གྱུར་པའི་མཆུ་ནད་ནི་ཤའི་འབྲུམ་བུ་མཆུ་ལ་སྣང་ཞིང་རིམ་གྱི་སྲིན་བུ་སྐྱེ་བ་ཡིན་ནོ། །ཚིལ་ལས་གྱུར་པའི་མཆུའི་ནད་ནི། སྐྲང་ཞིང་རྣག་སྟེ་འབྲུ་མར་ལྟ་བུ་འཛག་པ་དང། གཡའ་བ་དང་བཅས་ཤིང་རེག་ན་འཇམ་པ་ཡིན་ནོ། །སྣང
་བ་ལས་མཆུ་ནད་དུ་གྱུར་པ་ནི་མཆུ་ཡང་དང་ཡང་བཤགས་ཤིང་བསྡུས་པ་སྙམ་སེམས་པ་དང། གཡའ་བ་ཡིན་ནོ། །རླུང་དང་བད་ཀན་འདྲེས་པའི་མཆུའི་ནད་ནི་ཆུ་བུར་ལྟ་བུའི་འབྲུམ་བུ་འབྱུང་བ་ཡིན་ཏེ། དེ་ནི་ཆུ་ལྟ་བུའི་འབྲུམ་ནད་ཅེས་བྱའོ། །དེ་ལས་མཁུར་བའི་མེད་པ་ལ་ཕྲ
་མོ་ཞེས་བྱ་བ་ནི་སྐྲང་བ་བརྟན་ཞིང་མཁུར་བ་ཉིད་ཚ་འུར་འུར་བོ་འདུག་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་སོ་ནད་ནི་དྲོ་བ་དང། རེག་ན་ལྷག་པར་ན་བ་ཡིན་ནོ། །སོ་ཟུག་གཟེར་ཆེ་ཞིང་ཆག་པ་སྙམ་བྱེད་པ་དེ་ནི་སོ་ནད་གྲང་ཞིང་ཆག་བ་ལྟ་བུའི་ནད་ཅེས་བྱའོ། །རླུང་གིས་ཐག་པ་དང
་??་ཀྱིས་སོ་བརྩེ་སྟེ། ཁ་ཟས་གྲང་མོ་ཟོས་ན་སོས་མི་མ་ཟོད་པ་དང། སྐྱུར་བ་དེ་ཉིད་ཟོས་ན་ནད་དང་བཅས་ཤིང་བྱུང་བ་སྙམ་བྱེད་པ་དེ་ནི་སོ་བརྩེ་བའི་ནད་ཅེས་བྱའོ། །སོ་ན་ཞིང་ཟུག་ལ་བྱེ་ཞིང་ཆག་པར་འགྱུར་བ་ཡང་ཡོད་དེ་ནི་སོ་བྱེའི་ནད་ཅེས་བྱའོ། །སོ་འགུལ་ཞིང་ཁ
་ཟོས་ཟོས་ན་ཆེར་རྒབ་ནི་ས་འགུལ་བའི་ནད་ཅེས་བྱའོ། །གང་གི་སྲོ་རྩེགས་མར་སྐྱེས་པ་ནི་སོ་ལྷག་གི་ནད་ཅེས་བྱའོ། །གང་སོ་ལྷག་སྐྱེས་པའི་དུས་སུ་ལྷག་པར་ན་ཞིང་སྐྱེས་ཕན་ཆད་ཞི་བ་དེས་ནི་སོས་སྐྱེས་པའི་ནད་ཅེས་བྱའོ། །རླུང་དང་བད་ཀན་གྱི་སོ་བསྐམས་པའམ།
་སོའི་དྲི་མ་མ་དཀྲུས་པས་དྲི་མི་ཞིམ་པར་གྱུར་ཏེ། དེ་ཉིད་ཡལ་བར་བོར་ན་སོ་ནད་ཁར་ལྟ་བུ་ཞེས་བྱ་བ་འབྱུང་ངོ། །ཡང་གང་གི་སོ་དུམ་བུ་དུམ་བུར་ཡང་དང་ཡང་འགོག་པ་དེ་ནི་སོ་དུམ་བུར་འགོག་པའི་ནད་ཅེས་བྱའོ། །ཡང་ཁྲག་དང་མཁྲིས་པ་དང། རླུང་གིས་སོ་སྔོ་བསངས་སུ་བསྒྱུར་བ
་དེ་ནི་སོ་ནད་སྔོ་བསངས་ཞེས་བྱའོ། །སོའི་རྩ་བར་རླུང་ལ་སོགས་པའི་ཉེས་པ་འཁྲུགས་ཏེ། སོའི་ནད་བསྐམས་ཤིང་སྟོང་བར་བྱས་ནས་དྲི་མས་གང་བར་གྱུར་ཏེ། དེ་ནི་སོའི་ནང་ཁོང་སྟོང་ཞེས་བྱའོ། །ཡང་སོའི་རྩ་བ་རྣམས་སུ་སྲིན་བུ་ཕྲ་མོ་སྐྱེས་ནས་ལྡང
་དུབ་ཏུ་དྲག་ཏུ་ན་བ་དང། འགུལ་བ་དེ་ནི་སྲིན་བུའི་ནད་རྣག་ཅན་ཞེས་བྱའོ། །ཡང་སོ་ཕྱུང་བ་ལས་རྣག་དང་ཁྲག་མཛགས་ཏེ། དེའི་ནང་དུ་སྲིན་བུ་སྐྱེ་བ་ནི། སོ་ནད་སྲིན་བུ་ཅན་ཞེས་བྱའོ། །གཞན་གྱི་རྒྱུ་མེད་པར་བད་ཀན་དང་ཁྲག་གཉིས་ཀྱི་རྣག་དང་ཁྲག་འཛག
་ལ། སོའི་རྙིལ་རང་བབས་བ་དང། རེག་ན་འཇམ་བ་དང། རུལ་བ་དང། མདོག་དཀར་བར་འགྱུར་ཏེ། དེ་ནི་སོ་ནད་ཁྲག་འཛག་བ་ཞེས་བྱའོ། །གྲང་ཞིང་བསིལ་བའི་ཉེས་པས་མཁྲིས་བ་དང་ཁྲག་སྐྱེས་ཏེ་སྨིན་བ་དང། སོའི་རྙིལ་ཚོས་བར
་བྱེད་པ་དང། ཤ་གློ་ཞིང་ཁྲག་འབྱུང་སྟེ། དེ་ནི་ཨུ་པ་ཀོ་ཤ་ཅེས་བྱའོ། །སོ་རྩ་གཡའ་སྟེ་ཁྲག་གིས་གང་ཞིང་ཁྲག་འཛག་པ་དེ་ནི་ཁྲག་འཛག་པའི་རྙིལ་ནད་ཅེས་བྱའོ། །སོ་འགུལ་ཞིང་ཟུག་གཟེར་ཆུང་ལ་ཁ་རུལ་བྲེ་བ་དེ་ནི་རུལ་བའི་རྙིལ་ནད་ཅེས་བྱའོ
་བད་ཀན་དང་ཁྲག་གི་རྒྱུ་སོ་གཉིས་སམ་གསུམ་གྱི་བར་དུ་རྒྱ་ཤུག་གི་ཚིག་གུ་ཙམ་སྐྲང་བ་དེ་ནི་སོའི་ནད་བུར་བུ་ཞེས་བྱའོ། །ནད་གཞི་གསུམ་ཁྲག་དང་བཅས་པས་རྙིལ་གྱི་ཕྱི་ནང་དུ་སྐྲང་ཞིང་ལྕི་བ་དང། ན་བ་དང། ཚ་བ་དང། བརྟོལ་ན་རྣག་དང་ཁྲག
་འཛག་པ་དེ་ནི་སོ་རྙིལ་གྱི་འབྲས་ནད་ཅེས་བྱའོ། །མཁྲིས་པ་ཁྲག་གིས་སོའི་རྩ་བར་སྐྲངས་པ་དང། ན་བ་དང། ཁ་ཆུ་འཛག་པ་དང། རྙིལ་རང་ཉིད་འདྲུལ་ཞིང་འབྱུང་བ་དེ་ཉིད་ཁོང་སྟོང་ཞེས་བྱའོ། །འདུས་པ་ལས་གྱུར་བའི་སོའི་རྩའི་ནད་ནི་ཚ་བ་དང། ལྡན་ཞིང
་རྣག་ཁྲག་འཛག་པ་དང། སོ་དང་འབྲེལ་བའི་རྒྱུས་བརྙེད་ཅིང་སྟོངས་པ་དེ་ནི་སོའི་རྩའི་ནད་ཁོང་སྟོང་ཆེན་པོ་ཞེས་བྱ་བ་ཡིན་ནོ། །བད་ཀན་གྱི་སོའི་བར་དུ་ཤའི་གཟེར་ལྟ་བུར་སྐྲངས་པ་དང། འགྲམ་བ་དང་རྣ་བར་རབ་ཏུ་ན་བ་དང། གསོ་བ་བྱས་ཀྱང་མི་རུང་བ
་དེ་ནི་སོའི་ཤ་ལྷག་ཅེས་བྱའོ། །བློ་བུར་དུ་སོ་ཤིང་ལ་སོགས་པས་སྣང་ཅིང་རེག་པ་ལས་རྙིལ་གྱི་ནད་དྲག་ཅིང་ཆེ་བ་འབྱུང་སྟེ། གོང་དུ་སོ་འགུལ་བ་དེ་ནི་བི་དར་ཞེས་པའི་སོ་རྩའི་ནད་ཡིན་ནོ། །རྙིལ་གྱི་ནད་གསོ་བར་མ་བྱས་ན་ནི་གསོར་མི་རུང་བའི་ནད་དུ
་འགྱུར་རོ། །ཁའི་ནང་དུ་ནད་གཞི་རྣམས་ཀྱིས་པགས་པ་དང། ཤ་དང་རུས་བ་རྣམས་རུལ་བར་བྱས་ཏེ། ཉེས་བ་རྣག་དང་བཅས་པར་རྩ་སྦུབས་ཕྲ་མོ་ནས་ཡང་དང་ཡང་འཛག་པ་ཡོད་དེ། དེ་ཡང་ནད་གཞི་རྣམ་པ་ལྔ་སོ་སོའི་མཚན་མ་ཉིད་བཞིན
་དུ་ཤེས་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ལྕེའི་ནད་ནི་ལྕེ་རྩུབ་པ་ཤའི་ལོ་མ་འདྲ་བ་དང། དོམ་ཚིར་བ་དང། ལྕེགས་པ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ལྕེའི་ནད་ནི་ཚ་བ་དང། ཤའི་འབྲུམ་བུ་མདོག་དམར་པོས་ཁེབས་པ་ཡིན་ནོ། །བད་ཀན
་ལས་གྱུར་པའི་ནད་ནི་ཤིང་ཤལམ་ལའི་ཚེར་མས་ཁེབས་པ་ལྟར་འདུག་པ་དང། ལྕི་བ་དག་ཡིན་ནོ། །བད་ཀན་དང་མཁྲིས་པར་ལྡན་པའི་ལྕེའི་ནད་ནི་ལྕེའི་འོག་ཏུ་སྐྲང་ཞིང་ཐོ་བ་དང། ལྕེ་གྱོང་བ་དང། སྨིན་བ་དང། ཉའི་དྲི་བྲོ་བ་དང། ལྕེའི་ཤ་འདྲལ་བ་དེ་ནི་ལྕེ
་ནད་ཨ་ལས་ཞེས་བྱའོ། །ལྕེའི་འོག་གི་རྩར་ལྕེའི་རྩེ་མོ་འདྲ་བར་སྐྲང་ཞིང་ཤའི་མྱུ་གུ་སྐྱེས་ཏེ་ཁ་ཆུ་འཛག་པ་དང། ལྕེ་ལྡིབ་བ་དང། རེག་ན་རྩུབ་བ་དེ་ནི་བད་ཀན་དང་མཁྲིས་པ་དང། ཁྲག་ལས་རྒྱུ་བ་ཡིན་ཏེ། དེ་ནི་ལྕེ་ལྷག་ཅེས་བྱ་སྟེ། ན་ཞིང་གཡའ་བ་དང
་སྨྲ་མི་ནུས་ཤིང་ཟས་བཟའ་མི་ནུས་པར་འགྱུར་རོ། །དེ་དང་འདྲ་བར་ལྕེ་ཕུགས་སུ་ཡང་ལྕེ་ལྷག་སྐྱེ་བ་ཡིན་ཏེ། དེ་ནི་ལྕེའི་སྟེང་ན་གནས་པ་ཡིན་ནོ། །དེ་ལ་རྐན་གྱི་ཤ་ནང་དུ་རླུང་འཁྲུགས་ཏེ། འབྲུམ་བུ་ཕྲ་མོ་སྲ་བ་མ་བ་དུ་མཐུག་བ་འབྱུང་སྟེ། དེ་ཡང་ནད་དང་བཅས
་ཤིང་འཛག་པ་དང་ལྡན་པ་དེ་ནི་བད་ཀན་གྱི་འབྲུམ་བུ་ཞེས་བྱའོ། །རྐན་ཕུགས་སུ་བད་ཀན་དང། བྲག་འཁྲུགས་ཏེ། ཉའི་ལྒང་བ་འདྲ་བར་སྐྲང་ཞིང་འོག་ཏུ་བབས་ཏེ། རེག་ན་འཇམ་པ་དང། སྤྱི་བག་ཏུ་འདུག་པ་དང། ཟས་ཟོས་པ་རྣམས་སྣ་ནས་འབྱུང་ཞིང། ལྐོག
་མ་འགག་བར་བྱེད་པ་དང། སྐོམ་དང་ཆེ་བ་དང། ལུད་པ་ལུ་བ་དང། སྐྱུག་བར་བྱེད་དེ་དེའི་མིང་ནི་ལྕེའུ་ཆུང་གི་ནད་ཅེས་བྱའོ། །ཡང་རྐན་གྱི་ནང་གི་ཤ་ཆེར་སྐྱེས་ཏེ། ནད་མེད་པ་དེ་ནི་ཤའི་ཚོགས་ཞེས་བྱ་བ་ཡིན་ནོ། །རྐན་གྱི་ཕུགས་སུ་པདྨ་དམར་པོའི་མདོག་དང
་འདྲ་བར་སྐྲངས་པ་དེ་ནི་རྐན་གྱི་ནད་ཆུ་བུར་ལྟ་བུ་ཞེས་བྱའོ། །ཡང་རྐན་གྱི་དབུས་སུ་རུས་སྦལ་གྱི་རྒྱབ་འདྲ་བའི་ཤས་ཡུན་རིང་པོ་ནས་འཕེལ་ཞིང་སྐྱེལ་ནད་མེད་པ་དེ་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། དེ་ནི་རུས་སྦལ་གྱིས་རྒྱབ་འདྲ་བའི་ནད་ཅེས་བྱའོ། །ཡང་བད་ཀན་ལ
་རྒྱ་ཤུག་གི་འབྲས་བུའི་འབྲུམ་བུ་ནད་མེད་ཅིང་བརྟན་བར་འདུག་པ་དེ་ནི་བད་ཀན་དང་ཚིལ་ལས་གྱུར་པ་ཡིན་ཏེ། དེ་ནི་རྐན་གྱི་ནད་པུར་བུ་ཏ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་རྐན་གྱི་ནད་ནི་མྱུར་དུ་སྨིན་པ་ཞེས་བྱའོ།།
་རླུང་དང་མཁྲིས་བའི་རྐན་ནད་ནི་ཚ་བ་དང། བྱ་རྨྱང་བྱེད་པ་དང། རྐན་བསྐམས་པ་དེ་ལ་ནི་རྐན་བསྐམས་པའི་ནད་ཅེས་བྱའོ། །དེ་ལྟར་ན་རྐན་ནད་བརྒྱད་དུ་བཤད་པ་ཡིན་ནོ། །ལྕེའི་རྩ་བ་ལྐོག་མ་དང་འབྲེལ་བའི་ནང་དུ་ཤའི་མྱུ་གུ་ལྟ་བུ་སྐྱེས་ཏེ། མྱུར
་དུ་འཕེལ་ཞིང་མགུལ་པ་སྐེམ་ལ་ཕྲལ་པ་དང་རྣ་བ་ན་བ་དེ་ནི་རླུང་ལས་གྱུར་པ་ཡིན་ནོ། །ཤ་ལྷག་དེ་མྱུར་དུ་མི་བཟད་པར་སྲ་ལ་རྒྱུན་སྲང་རྣམས་བཀག་ནས་འདུག་པ་དེ་ནི་རོ་ཧི་ན་ཞེས་བྱ་སྟེ། མྱུར་དུ་མ་གསོས་ན་སྲོག་ལ་འབབ་པར་འགྱུར་བས་གསོ་བ་མྱུར
་དུ་བྱའོ། །མཁྲིས་པ་ལས་གྱུར་པའི་ལྐོག་མའི་ནང་ནི་ཚ་ཞིང་རབ་ཏུ་ན་བ་དང། སྐོམ་དང་ཆེ་བ་དང། སྨོད་བག་ཏུ་འདུག་པ་དང། ལྐོག་མར་དུད་པས་བདུགས་པ་སྙམ་བྱེད་པ་དང། ནད་མྱུར་དུ་འཕེལ་བ་དང། མྱུར་དུ་སྨིན་པ་དང། ལྷག་པར་དམར་བ་དང
་རེག་མི་གཟོད་པ་དག་ཡིན་ན། །བད་ཀན་ལས་གྱུར་པའི་ལྐོག་མའི་ནད་ནི་འཇམ་ཞིང་དཀར་བ་ཡིན་ནོ། །ཁྲག་ལས་གྱུར་པ་ནི་འབྲུམ་བུ་མེའི་འདབ་མ་ལྟར་དམར་བས་ཁྱབ་པ་དང། རྣ་བ་ན་བར་བྱེད་དེ་མཚན་མ་གཞན་ནི་ལྐོག་མའི་ཁྲིས་པའི་ནད་དང་འདྲའོ
་འདུས་བ་ལས་གྱུར་པའི་ནད་ནི་ཟབས་སུ་སྨིན་ཅིང་མཚན་མ་ཀུན་དང་ལྡན་པ་ཡིན་ནོ། །བད་ཀན་ཤས་ཆེ་བའི་ལྐོག་མའི་ནང་ནི་རྒྱ་ཤུག་གི་འབྲས་བུ་ཙམ་དུ་སྐྲང་ཞིང་གོང་བུར་འདུག་བ་ཡིན་ཏེ། དེ་ཡང་ནང་དུ་ཚེར་མས་ཟུག་པ་བཞིན་དུ་ན་ལ་རྒྱུན་སྲང
་འགགས་པ་དེ་ནི་ཤ་ལུ་ཀ་ཞེས་བྱའོ། །ལྐོག་མའི་ནང་དུ་འབྲུམ་བུ་མཐོ་ཞིང་ཟླུམ་པ་འབྱུང་སྟེ། དེ་ཡང་ཚ་འུར་འུར་པོར་འདུག་པ་དང། རིམ་གྱི་འདེབས་པ་དང། ལྐོག་མའི་ངོས་གཉིས་སུ་མཆེད་ཅིང་འགྲམ་པའི་ཚིག་གཉིས་སུ་བརྟན་པ་དང། མ?་རུ
་བའི་ནང་དུ་རས་བལ་གྱི་འབྲས་བུ་འདྲ་བར་འདུག་པ་དེ་ནི་ལྐོག་ནད་བྲིན་ད་ཞེས་བྱའོ། །ཡང་མགུལ་བའི་ནད་ནང་སྐྲང་ཞིང་རེག་ན་སྤྱི་བག་ཏུ་འདུག་པ་དེ་ནི་ལྐོག་མའི་ནང་དུ་དྷ་ཀ་རི་ཀ་ཞེས་བྱའོ། །ཡང་ལྐོག་མ་ཕྱི་ནང་དུ་ཚབས་ཆར་སྐྲང་ཞིང་བརྟན་པ་དང། དྲ་བས་མགུལ་བའི་ལཾ
་?་བ་དང། མགོ་ལྕི་བ་དང། སྙོམ་པ་དང། ཁ་ཆུ་འཛག་པ་དང། རིམས་ཀྱིས་འདེབས་པར་བྱེད་པ་ཡིན་ཏེ། དེ་ནི་ལྐོག་མའི་ནད་གསོ་དཀའ་ཞེས་བྱའོ། །ཡང་ལྐོག་མའི་དང་གདུ་བུ་ལྟར་སྐྲངས་ཏེ། དེ་ཡང་རྒྱ་ཆེ་བ་དང་མཐོང་པོར་འདུག་ལ་ནད་ཚབས་ཆུང་བ་ནི་ལྐོག་མའི་ནད་བ་དུ
་བུ་ལྟ་བུ་ཞེས་བྱའོ། །ཡང་ལྐོག་མའི་ནང་དུ་ནད་གཞིའི་ཉེས་པ་དང། ཤའི་མཛེར་བ་གཅིག་གམ་མང་ཡང་རུང་སྟེ་སྐྱེས་ལ། དེ་ཡང་ནད་ཆུང་བ་ལ་ནི་ཤ་མཛེར་ལྟ་བུའི་ལྐོག་ནད་ཅེས་བྱའོ། །ནད་ཀྱི་རྩ་རྣམ་དུ་ཁྱབ་སྟེ། དཔུགས་ཤིན་ཏུ་དཀའ་བས་མཐོན་པ་དེ་ནི་ལྐོག་གོ
་ནད་ཀྱི་ལ་ཡུག་ཞེས་བྱའོ། །ལྐོག་མའི་ནང་དུ་ཤའི་མྱུ་གུ་ལ་ཁྱབ་སྟེ། ཤིན་ཏུ་སྐོམ་དང་ཆེ་བ་དང། ཚ་བ་ཆེ་བ་དང། མགོ་བོ་ན་བ་དེ་ནི་ཤའི་མྱུ་གུ་ལྟ་བུའི་ནད་ཅེས་བྱའོ། །ལྐོག་མའི་ནང་ཤའི་རེང་བུས་ལྐོག་མའི་ནང་ཁྱབ་སྟེ། ཚབ་ཆེར་ན་བ་ནི་ཤ་ཏགྒྷ་ནི་ཞེས་བྱའོ། །ལོག་མའི
་ནང་དུ་ནད་ཀྱིས་མྱུར་དུ་ཁྱབ་པ་དང། ཚབས་ཆེར་ན་བ་དང། ལྐོག་མའི་ནང་དུ་སྐྲང་བ་དང། རྣག་དང་འདྲ་བ་འཛག་པ་དེ་ནི་ལྐོག་མའི་འབྲས་ནད་ཅེས་བྱའོ། །ལྐོག་མ་ནས་ལྕེའི་ཐ་མའི་བར་དུ་སྨིན་མི་ཤེས་པར་སྐྲང་ཞིང་ཁྲག་དང་བཅས་པར་བརྟན་པར་བྱེད་པ་དེ་ནི་ལྐོག་མའི
་ནད་སྨན་གུ་ཞེས་བྱའོ། །རླུང་དང་བད་ཀན་ཚིལ་གྱིས་སྐྲང་བ་ཡུན་རིང་པོ་ནས་འཕེལ་ཞིང། རླིག་པ་བཞིན་དུ་ཕྱི་རོལ་དུ་གློ་བར་སྐྱེ་སྣ་པ་དེ་ནི་ལྐོག་མའི་ནད་ལྦ་བ་ཅན་ཞེས་བྱའོ། །ཡང་ན་དེ་ཉིད་རྩ་གནག་ཅིང་ཤས་ཆེར་ན་བ་དང། རྩ་སྔོ་བསངས་ཀྱིས་ཁྱབ་པ་དང། ལྐོག་མ་དང། རྐན
་བསྐམས་པ་དང། ལྕེས་རོ་མི་ཚོར་བ་དེ་ནི་རླུང་གི་ལྐོག་མའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་ལྐོག་མའི་ལྦབ་ན་བརྟན་པ་དང། མདོག་དཀར་བ་དང། རེག་ན་གྲང་བ་དང། ལྕི་བ་ཡིན་ཏེ། ཚབས་ཚེར་སྐྱེས་ན་ནི་ལྐོག་མ་དང་རྐན་བད་ཀན་གྱིས་གཡོགས་ཅིང
་ཁ་མངར་བ་ཡིན་ནོ། །བད་ཀན་དང་ཚིལ་འདྲེས་པ་ལས་གྱུར་པའི་ལྐིག་ནད་ལྭ་བ་ཆེར་སྐྱེས་ན་ནི་དྲོད་མེད་པ་དང། ལུས་ལ་ཆེར་མཆེད་པ་དང། སྒྲ་དར་དར་པོར་འདོན་ཅིང་སྐད་ཆུང་བར་འགྱུར་རོ། །བད་ཀན་གྱིས་རླུང་འགགས་ཏེ་མགུལ་པ
་བསྐམས་ཤིང་སྐད་འགགས་པ་དང། ཧ་མྱ་འཁྲུགས་པ་དང། རྟག་ཏུ་དབུགས་མི་བདེ་བ་ཡིན་ཏེ། དེ་ནི་ལྐོག་མའི་ནད་སྐད་ཉམས་པ་ཞེས་བྱའོ། །རླུང་གི་ཁའི་ནང་ཀུན་དུ་རྨ་བསྐྱེད་དེ། རྨ་དེ་ཡང་མདོག་དམར་སྐྱར་འདུག་པ་དང། རྩུབ་པ་དང། ཕན་ཚུན་འཕོ་བ་དང། མཆུ་ཤིན
་ཏུ་དམར་བ་དང། པགས་པ་འགུལ་བ་དང། ལྕེས་གྲང་བ་མི་བཟོད་པ་དང། ལྕ་བསྒུལ་དཀའ་བ་དང། འགགས་པ་དང། ཚེར་མ་བཤིབས་པ་ལྟར་འདུག་པ་དང། ལྕེ་འབྱིན་པར་དཀའ་བ་དེ་ནི་ཁའི་ནད་སྨིན་པ་ཞེས་བྱའོ། །གཞང་འབྲུམ་དང། སྐྲན་དང། བད་ཀན་རྣམས་ཀྱིས
་སྨན་ཀྱི་རླུང་རང་གི་གནས་ནས་ཉམས་པར་བྱས་ནས་སྟོང་དུ་འབྱུང་སྟེ། ཁ་དྲི་མེ་ཞིམ་པར་བྱེད་པ་ནི་ཨུརྡྷ་གྷུ་ད་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་ཁའི་ནད་ནི་སྨིན་པ་དང། ཆེ་འུར་འུར་པོར་འདུག་པ་དང། དབུགས་གྲང་མོ་རྡུབ་འདོད་པ་དང། ཁ་བྲོ་བ་དང། སྨད་པ་རྨའི་སྟེང་དུ་ཐལ
་སྨན་བླུགས་བ་སྙམ་སེམས་པ་ཡིན་ནོ། །ཁྲག་ལས་གྱུར་པའི་ཁ་ནད་ཀྱང་དེ་དང་འདྲ་བར་ལྟའོ། །བད་ཀན་ལས་གྱུར་པའི་ཁའི་ནད་ནི་ཁ་མངར་བ་དང། གཡའ་བ་དང། རྨ་འབྱིལ་བག་ཅན་དུ་འདུག་པ་ཡིན་ནོ། །ཡང་བད་ཀན་ལས་གྱུར་པའི་འབྲུམ་བུ་མཁུར་ཚོས་ཀྱི་ནང་དུ
་བསྟེན་ཏེ་འབྱུང་ལ་མདོག་གནག་ཅིང་སྐྱ་བ་སྐྱེས་ཏེ་འདར་ཞིང་བཅད་དེ་མཉེན་པ་ལ་སོགས་པ་བྱས་ན་ནི་ཕྱིར་ཞིང་ཐུ་བར་བྱེད་དོ། །ནད་གཞི་འདུས་པ་ཁྲག་དང་བཅས་པའི་ཁ་ནད་སྨིན་པ་ནི་ནད་གཞི་ཀུན་གྱི་མཚན་མ་དང་ལྡན་པ་ཡིན་ནོ། །སོ་ཤིང་ལ་སོགས་པས་ཁའི
་ནད་མ་རུངས་པར་བྱས་ཏེ་རྣག་འཛག་པར་གྱུར་ན་ནི་ཁ་ནད་རྣག་འཛག་པར་འགྱུར་བ་ཞེས་བྱ་སྟེ། དེ་ལྟར་ཁ་ནད་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ། །ཆུ་དང་མཁུར་བ་དང་སོ་དང། སོའི་རྩ་བ་དང། ལྕེ་དང། རྐན་དང། འགུལ་བ་དང། ཁ་དང་འདི་རྣམས་ཀུན་ལ་སྤྱིར
་ནད་བདུན་ཅུ་རྩ་ལྔར?་བཤད་དེ། དེ་ཡང་བཅུ་གཅིག་དང། གཅིག་དང། བཅུ་གསུམ་དང། དྲུག་དང། བརྒྱད་དང། བཅོ་བརྒྱད་དང། བརྒྱད་དེ་མཆུ་ལ་སོགས་པའི་ནད་དང། གོ་རིམས་བཞིན་དུ་སྦྱར་རོ། །སོའི་ནད་ཀ་ར་ལ་དང། ཤ་དང་ཁྲག་ལས་སྐྱེས་པའི་མཆུ་ནད་དང།
་ཆུའི་འབྲུམ་བུ་དང། འབྲུམ་བུ་སྐམ་པོ་དང། རུས་སྦལ་གྱི་རྒྱབ་འདྲ་བའི་ནང་དང་ལོ་ག་དང། ཁོང་སྟོང་ཆེན་པོ་དང། སྐད་ཉམས་པ་དང། ཨུརྡྷ་གུ་ད་དང། སྔོ་བསངས་དང། ཤག་ཏགྒྷི་ནི་དང། གདུ་བུ་ལྟ་བུ་དང་རྨ་འཁྱིམས་པ་ལྟ་བུའི་ནད་དང། འདུས་པ་ལས་གྱུར་པ་དང། རེ་ཧི
་ནའི་ནད་ཐམས་ཅད་དང། སོ་འགས་པའི་ནད་དང། སོ་ཆག་པ་དང། སྨིན་པའི་ནད་དང། ལྕེ་ལྷག་དང། ལྦ་བ་དང། སྐད་ཉམས་པ་དང། དབུགས་དཀའ་བས་ཐོན་བ་དང། ཁ་ནད་སྨིན་པ་དང། སོ་བརྩེ་བའི་ནད་དང། སོ་འགས་པའི་ནད་དང། དེ་དག་ནི་མི་ལ་ཙམ་དུ་གསོར་རུང
་ངོ། །ལྷག་མ་ནི་མཚོན་དང། སྨན་གྱིས་གསོ་བར་བྱའོ། །ཁ་ནད་ཀྱི་དམིགས་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་ཁ་ནད་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །དེ་ལ་མཆུ་གས་པའི་ནད་ལ་ནི་དང་པོ་མཚོན་གྱིས་གྲས་ཏེ། དེའི
་འོག་ཏུ་བཙོམས་ལ་དེ་ནས་རྨ་གསོ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །ཤིང་མངར་དང། ཁྲེ་དང། སེང་འཕྲོམ་དང། ཤྲ་བ་ནི་དང། ཐལ་དྲེས་དང། ཨུཏཔལ་དང། པ་ཏོ་ལ་དང། ཀ་ཀ་མ་ཙི་དང། དེ་རྣམས་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་བསྐུ་བར་བྱའོ། །ཡང
་ན་སྣུམ་འཇོམས་པའི་སྨན་མངར་བ་ཇི་སྙེད་པ་ཏིལ་མར་དང་བསྐོལ་ཏེ། ཏིལ་མར་ལུས་པས་སྣ་སྨན་དུ་སྦྱར་རོ། །ཡང་ན་སྣུམ་ཆེན་པོ་བཞིས་རླུང་འཇོམས་པའི་སྨན་དང་བསྐོལ་བའི་མར་གྱི་རས་བལ་གྱི་འདབ་མ་དང་བསྒོས་ཏེ་མཆུ་ལ་གླན་ན། རླུང་ལས
་གྱུར་པའི་མཆུའི་ནད་སེལ་ཏོ། །ས་ལའི་ཐང་ཆུ་བྲ་ཚིལ་དང། གུ་གུལ་དང། ཐང་ཤིང་དང། ཤིང་མངར་དང། དེ་རྣམས་ཀྱི་ཕྱེ་མས་རྨ་ལ་གདབ་པར་བྱའོ། །མཆུ་བཤགས་པ་ལྟ་བུའི་ནད་ལ་ནི་ཨེ་རཎྚའི་ལོ་མ་དང། འོ་མ་དང་བསྐོལ་བས་དུགས་བྱའོ། །མཆུ
་འགས་པའི་སྣ་སྨན་བཤད་པ་ཡང་འདིར་ཀླད་པར་དུགས་བྱ་སྟེ། ཉམས་བརྟ་བར་བྱའོ། །མཁྲིས་པ་དང་སྣང་པ་ལས་གྱུར་པའི་མཆུ་ནད་ལ་ནི་སྲིན་བུ་པདྨས་ཁྲག་དབྱུང་ངོ། །ཡང་ན་སེང་ཕྲོམ་དང། སྲ་རྩི་པོག་དང། ཤིང་མངར་དང། སྦྲང་རྩི་དང་བཅས་པའི་ཕྱེ
་མས་མཆུ་ལ་གདབ་བོ། །ཡང་ན་སླེ་ཏྲེས་དང། ཤིང་མངར་དང། རྨ་ཤིང་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པས་བསྐུ་བྱུག་བྱའོ། །ཤ་དང་ཁྲག་ལས་གྱུར་པའི་མཆུ་ནད་ལ་ནི་མཁྲིས་པའི་ཁོར་འབྲས་ཀྱི་གསོ་བ་འདིར་སྦྱར་རོ། །མཆུ་ནད་གསར་དུ་བྱུང་བ་ལ་ཡང་དེ་བཞིན་དུ
་བྱའོ། །བད་ཀན་ལས་གྱུར་པའི་མཆུ་ནད་ལ་ནི་ཁྲག་གཏར་ཏེ། དེའི་འོག་ཏུ་པ་ཐའི་ཐལ་བ་དང། སྦྲང་རྩི་དང་ཚ་བ་གསུམ་སྦྱར་བས་བསྐུའོ། །དེ་བཞིན་དུ་དུ་བ་བཏང་བ་དང། སྣ་སྨན་དང་མཁུར་པར་བཅང་བ་རྣམས་ཀྱང་བད་ཀན་འཇོམས་པའི་སྨན་དང་སྦྱར་བ་བཏང་ངོ། །ཚིལ་ལས
་གྱུར་པའི་མཆུ་ནད་ལ་ནི་ཐོག་མར་དུགས་བྱས་ལ་དེའི་འོག་ཏུ་དྲལ་ཏེ་ཚིལ་ཕྱུང་ལ་དེ་ནས་མེས་བསྲེགས་ཏེ། བྲི་ཡཾ་ཀུ་དང། གསེང་ཕྲོམ་དང། འབྲས་བུ་གསུམ་དང། སྦྲང་རྩི་དང་སྦྱར་བས་བསྐུ་བར་བྱའོ། །ཆུ་བུར་ལྟ་བུའི་མཆུའི་ནད་ལ་ནི་ཐོག་མར་བརྟོལ་ལ་སྨན་རྣོན་པོ་དང་སྦྲང་རྩི
་དང་སྦྱར་བས་བྱུག་པར་བྱའོ། །ཆུ་བུར་དེ་ཚབས་ཆེར་སྐྱེས་བ་ལ་ནི་ཐལ་སྨན་ནམ་མེའི་ལས་ཀྱིས་གསོ་བར་བྱའོ། །མཁུར་བའི་ནད་གསོ་བ་མེད་བལ་ཕྲ་མོས་ཁྱབ་པ་ལ་ནི་སྐྲང་ནད་ཀྱི་གསོ་བ་ཐམས་ཅད་འདིར་སྦྱར་རོ། །སོ་ནད་གསོ་བ་དེ་ལ་རླུང་ལས་གྱུར་པའི་སོ་ནད་ལ་ནི་ཐོག
་མར་དུ་གསོ་བྱ་སྟེ། དེའི་འོག་ཏུ་སོ་རྩ་མཚོན་གྱིས་བྲིས་ལ་མེས་བསྲེག་གོ་།གླ་སྒང་དང། རྒྱམ་ཚ་ཤས་ཆེར་དང། སྦྲང་རྩི་དང་ཏིལ་མར་སྦྱར་བས་བསྐུའོ། །སེའུ་ཤུན་བ་དང། འབྲས་བུ་གསུམ་དང། སྐྱེར་ཁཎྚ་དང། འཛམ་བུའི་རྐང་དང། པྲི་ཡང་ཀུ་དང། བཅའ་སྒ་དང། དེ་རྣམས
་འོ་མ་དང་ལྷན་ཅིག་བསྐོལ་བའི་ཁུ་བ་མཁུར་བར་བཅང་ངོ། །ེ་རཎྚའི་མར་སྣ་སྨན་དུ་སྦྱར་རོ། །སོ་བརྩེ་བ་དང། སོ་བྱེ་བའི་ནད་ལ་ནི་རླུང་འཇོམས་པའི་གསོ་བ་ཐམས་ཅད་བྱའོ། །ཡང་ན་ཏིལ་མར་དང། ཤིང་མངར་དང། སྦྲང་རྩི་དང། འོ་མ་རྣམས་བསྐོལ་ཏེ་མཁུར
་བར་བཅང་ངོ། །སོ་འགུལ་བའི་ནད་ལ་ནི་རྩ་བ་བཅུ་བོ་མར་དང་བསྐོལ་ཏེ་མཁུར་བར་བཅངས་ན་ཕན་ནོ། །ཡང་ན་སྤངས་མ་དང། སེང་ཕྲོམ་དང། པི་པི་ལིང་དང་འབྲས་བུ་གསུམ་དང། ཤིང་མངར་དང། ལན་ཚ་དང། དེ་རྣམས་ཀྱིས་བསྐུ་བའི་སྨན་དུ་སྦྱར་རོ། །སྣར་བླུགས་བ་དང་མཁུར
་བར་སྤོ?་བ་དང། ཁ་ཟས་ལ་སོགས་པ་ཡང་གནས་སྐབས་ཇི་ལྟ་བ་བཞིན་དུ་སྣུམ་དང་སྦྱར་བས་བཏང་ངོ། །སོ་ལྷག་གི་ནང་དང། སོ་དུམ་བུར་འགོག་པ་གཉིས་ལ་ནི་ཐལ་སྨན་གང་རྙེད་པས་སོ་བསྐུ་བར་བྱའོ། །སོའི་ནད་སྲིན་བུ་ཅན་ལ་ནི་ཐོག་མར་དབྲལ་ལ། གོང་མ་བཞིན་དུ་ཐལ་སྨན་གྱིས་བཏབ
་སོ?་ཁྲག་གཟགས་ལ། ཁྲག་ཟད་པ་དང་བསྲེགས་ལ་རྨ་གསོ་བའི་ཆོ་ག་ཐམས་ཅད་བྱའོ། །སོ་ནང་ཤ་ཁ་ར་ཞེས་བྱ་བ་ལ་ནི། ཨ་ཧིཾ་ཤྲ་དང་དནདའི་རྩ་བ་གཉིས་ཀྱི་སོ་བྲུད་ལ། དེའི་འོག་ཏུ་ཐལ་སྨན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུའོ། །སོ་ནང་དུམ་བུར་འགོག་པ་ལ་ནི་སོ་བརྩེ་བའི་གསོ་བ་རྣམས
་འདར?་དཔྱད་དོ། །སོ་ནད་སྲིན་བུ་ཅན་སོ་མི་འགུལ་བ་ལ་ནི་ཐོག་མར་དུགས་བྱས་ལ་ཁྲག་དབྱུང་ངོ། །སྣུམ་ཆོས་བྱ་བ་དང། བྱུགས་པ་དང། མཁུར་བར་བཅང་བ་དང། སྣར་བླུགས་པ་ལ་སོགས་པ་རླུང་འཇོམས་པའི་སྨན་དང་སྣུམ་དང་བཅས་པར་སྦྱར་བ་བཏང་ངོ། །སོའི་ནད་ཁོས
་སྟོང་དུ་འདུག་པ་ལ་ནི་བུ་རམ་འམ། བྲ་ཚིལ་གང་ཡང་རུང་བས་སྟོང་པ་བཀང་སྟེ། བསྲེག་པ་འམ། ཡང་ན་ཤིང་ལོ་མ་བདུན་པ་དང། ཨརྐའི་ལོ་མས་ནང་བཀང་ན་སྲིན་བུའི་ཟུག་གཟེར་འཇོམས་སོ། །ཤིང་ཀུན་དང། ཀཏཔ་ལ་དང། ནག་ཚུར་དང། སྲ་ཙི་ཀ་དང། རུ་རྟ་དང། བྱི་དང
་ག་དང། དེ་རྣམས་ཀྱི་ཕྱེ་མ་སོ་ལ་གདབ་པ་འམ། ཡང་ན་ཕྱེ་མ་དེ་ཉི་རས་ལས་སྒོས་ཏེ། སོ་ལ་གདབ་ཅིང་གླན་ན། སོའི་ཟུག་གཟེར་འཇོམས་སོ། །ཡང་ན་སྨན་དེ་ཉིད་ཏིལ་མར་དང་བསྐོལ་བས་མཁུར་བར་བཅང་ན་ཡང་ཕན་ནོ། །ཡང་ན་ཨེ་རཎྚ་དང། པྲི་ཧ་ཏཱི་རྣམ་གཉིས་དང། བྷུ་ག་དམྦ་དང། དེ
་རྣམས་བསྐོལ་བའི་ཁུ་བ་མཁུར་བར་བཅང་ངོ། །གསོ་བའི་སྦྱོར་བ་མང་དུ་བྱས་ཀྱང་ནད་མ་ཞི་སྟེ། ནད་གཏིང་ཟུག་པ་ལྟ་ན་དང་པོ་སྐམ་པ་ཆུང་ངུ་འམ། སོ་དབྱུང་བའི་དཔྱད་ཀྱིས་སོ་ཐོག་མ་རྩ་བ་ནས་དབྱུང་ངོ། །དེ་ནས་ཤིང་མངར་གྱི་ཕྱེ་མ་ཏིལ་མར་དང་སྦྱར་བ་མཁུར་བར་བཅང་པར་བྱའོ། །དེའི
་འོག་ཏུ་སྨན་བི་ད་རི་དང། ཤིང་མངར་དང། ཤྲིཾ་ག་ཏ་ཀ་དང། རྒུན་འབུ་དང། ཏིལ་མར་དང། དེའི་བཅུ་འགྱུར་གྱི་འོ་མ་དང། ལྷན་ཅིག་བསྐོལ་ཏེ་མར་ལུས་པ་སྣ་སྨན་དུ་སྦྱར་རོ། །དེ་ལ་སོ་དབྱུང་དུ་མི་རུང་བ་ནི། ལུས་སྐེམ་ཞིང་ཉམས་ཆུང་བ་དང། རྒན་པོ
་དང་རླུང་ནད་ཀྱིས་ཉམས་ཐག་པ་དང། ཡ་སོ་དང་དེ་དག་དབྱུང་བར་མི་བྱ་སྟེ། གལ་ཏེ་ཕྱུང་ན་ནི་བརླག་ཉན་མང་དུ་འབྱུང་བར་འགྱུར་རོ། །དེ་ལྟར་ཡིན་ན་ཡང་གལ་ཏེ་ཕྱུང་བ་ལྟ་ན་ནི་སྣུམ་པ་དང། མངར་བ་དང། བསིལ་བའི་རིམ་པ་རྣམས་བྱས་ན་ཕན་ནོ། །སོ་ནད་ཁྲག་མང་དུ་བྱུང་སྟེ། གྲང་བ
་ལ་སོགས་པའི་ཉེས་པ་ལ་ནི་སླ་སྒང་དང། ཨརྫ་གའི་ཤུན་པ་དང། འབྲས་བུ་གསུམ་དང། པྲི་ཡང་ཀུ་དང། སྐྱེར་ཁཎྚ་དང། བཅའ་སྒ་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང། བཅས་པས་གདབ་པ་འམ་སྨན་དེ་ཉིད་བསྐོལ་བའི་ཁུ་བ་མཁུར་བར་སྤོ་བར་བྱ་བ་དང། སྨན་མངར་བའི་ཏིལ
་མར་དང་སྦྱར་བས་སྣར་བླུགས་པ་རྣམས་བྱའོ། །སོ་རྙིལ་གྱི་ནད་ཨུ་པ་ཀུ་ཤ་ཞེས་བྱ་བ་ལ་ནི། ཆུ་ཚན་དེ་མ་མཁུར་བར་བཅངས་ཏེ་དུགས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབྱིབས་འདྲ་བ་དང། ཤ་ཁ་འདིའི་ལོ་མ་འདྲ་བའི་མཚོན་གྱིས་ལན་མང་དུ་བྲི་བར་བྱའོ། །དེའི་འོག་ཏུ་མར་གྱི་སྙིང་ཁུ
་སྦྲང་རྩི་དང་སྦྱར་བས་བསྐུའོ། །རྒྱ་སྐྱེགས་དང། པྲི་ཡཾ་ཀུན་དང། རྨ་ཤིང་དང། རྒྱམ་ཚ་དང། བཙག་དང། རུ་རྟ་དང། བཅའ་སྒ་དང། ན་ལེ་ཤམ་དང། ཤིང་མངར་དང། སྐྱེར་ཁཎྚ་དང། དེ་རྣམས་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་མཁུར་བ་བསོ་ཞིང་བཅང་སྟེ། དེའི་འོག་ཏུ་མར་གྱི
་རྙིང་ཁུ་འམ་ཏིལ་མར་གང་ཡང་རུང་བ་མཁུར་བར་བཅང་ངོ། །སྨན་མངར་བའི་སྡེ་ཚན་དང། མར་སྦྱར་བ་ནི་སྣ་སྨན་དང། མཁུར་བར་བཅང་བར་བཟང་ངོ། །སོ་ནད་བུར་བུ་ལྟ་ཞེས་བྱ་བ་ལ་ནི་ཐོག་མར་དུགས་བྱས་ལ། དེའི་འོག་ཏུ་བཅང་པ་དང། དབུག་པ་དང། བྲི་བ་རྣམས་བྱའོ
་དེ་ནས་ཤིང་མངར་དང། སྲ་རྩི་ཀ་དང། བཅའ་སྒ་དང། རྒྱམ་ཚ་དང་དེ་རྣམས་ཀྱི་ཕྱེ་མས་གདབ་བོ། །སོ་རྙིལ་གྱི་འབྲས་ནད་ལ་ནི་སྨན་ཚ་བ་དང། རྣོ་བ་དང་དྲོ་བ་དང། རྩུབ་པ་རྣམས་ཀྱི་མཁུར་བར་བཅང་པ་དང། བསྐུ་བ་རྣམས་བྱའོ། །པུ་ཙེ་ཤེལ་དང། རུ་རྟ་དང། བ་སྤྲུ་བ་དང། སྐྱེར
་པ་དང། དེ་རྣམས་ཀྱི་ཕྱེ་མས་བྲུད་པར་བྱའོ། །སྨན་བསིལ་བའི་ནུས་པ་དང། ལྡན་པས་སྨིན་དུ་མི་གཞུག་པར་བསྲུང་དེ། །གལ་ཏེ་སྨིན་པ་ལྟ་ན་ནི་མཚོན་གྱི་དབྲལ་ལ། ཚོས་པ་ཉིད་དུ་བསྲེག་གོ་།སྙིང་གི་ནང་ཁོང་སྟོང་ཞེས་བྱ་བ་ལ་ནི་ཐོག་མར་མཚོན་གྱིས་བཅད་པ་འམ་བྲིས་ཏེ་དེའི་འོག་ཏུ
་སེང་ཕྲོམ་དང། གླ་སྒང་དང། ཤུ་ཏི་དང། འབྲས་བུ་གསུམ་དང། སྐྱེར་ཁཎྚ་དང། རྨ་ཤིང་དང། རྒྱ་སྐྱེགས་ཤིང་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་གདབ་པར་བྱའོ། །སྨན་དེ་དག་ཉིད་ཀཏཔལ་དང་བཅས་པ་བསྐོལ་བའི་ཁུ་བ་མཁུར་བར་བཅང་བར་བྱའོ། །ཤིང་མངར་དང། སེང་ཕྲོམ
་དང། དུར་བ་དཀར་པོ་དང། ཐལ་ཏྲེས་དང། ཨ་ཀ་རུ་དང། ཙན་དན་དང། བཙག་ཡུག་སྣམ་དང། ཁ་ར་དཀར་པོ་དང། དེ་རྣམས་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ། སྣ་སྨན་དུ་སྦྱར་རོ། །སོ་རྩའི་ཤ་ལྷག་སྐྱེས་པའི་ནད་ལ་ནི་མཚོན་གྱིས་བཅད་དེ། དེའི་འོག་ཏུ་ཤུ་དག་དང། ཏེ་ཛེ་བ་ཏི་དང
་པ་ཐ་དང། སྭ་རྩི་ཀའི་ཐལ་བ་དང། དེ་རྣམས་ཀྱི་ཕྱེ་མ་དང་སྦྱར་བས་རྨ་ལ་གདབ་བོ། །པ་ཏོ་ལ་དང། ནིམྦ་དང། འབྲས་བུ་གསུམ་བསྐོལ་བའི་ཁུ་བས་ཁ་བཀང་བ་བྱས་ན་ཕན་ནོ། །སོ་རྩའི་ནད་བི་ད་ར་ཞེས་བྱ་བ་ལ་ནི། མཚོན་གྱི་དཀྱིལ་འཁོར་འདྲ་བས་ཁྲག་ཕྱུར་ལ་དེ་ནས
་ཐལ་སྨན་གྱིས་གདབ་བོ། །སྣ་སྨན་དང་མཁུར་བར་བཅང་བ་ཡང་སྨན་བསིལ་བས་བྱའོ། །གཞན་ཡང་ལུས་གོང་འོག་ཏུ་དག་པར་བྱ་ཞིང་མགོའི་ཁྲུས་སྨན་ཡང་སྦྱར་རོ། །སོ་ནང་སྟོང་པའི་རྩ་བ་སོ་སྐྱས་པ་ནི་ཕྱུང་ལ་བསྲེག་པར་བྱའོ། །གང་གིས་སོ་ཡོ་ཞིང་འཆུས་པ
་ལྟ་ན་ནི་བསྲང་སྟེ། མཚམས་སུ་བུ་རམ་འམ། སྲ་ཚིལ་གྱིས་དགང་ངོ། །སྲི་ཤིང་གི་མེ་ཏོག་དང། པོ་སོན་ཆ་དང། སེང་ལྡེང་དང། སྲ་དུ་ག་ནྟ་ཀ་དང། དེ་རྣམས་བསྐོལ་བའི་ཁུ་བས་བཀྲུ་བར་བྱའོ། །ལྕེ་ནད་གསོ་བ་དེ་ལ་རླུང་ལས་གྱུར་པའི་ལྕེ་ནད་ཚེར་མ་ལྟར་རྩུབ་པ་ལ་ནི
་ཤིང་འོ་མ་ཅན་གྱིས་ཁ་བསྐང་ཞིང། ཏིལ་མར་གྱིས་སྣ་སྨན་ཡང་སྦྱར་རོ། །དེ་བཞིན་དུ་རླུང་གིས་མཆུ་ནད་གསོ་བའི་ཆོ་ག་ཐམས་ཅད་འདིར་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་ལྕེ་ནད་ལ་ནི་མཚོན་གྱིས་བཞར་ལ་ཁྲག་ཕྱུང་ལ། དེའི་འོག་ཏུ་སྨན་གྱིས
་གདབ་པ་དང། མཁུར་བར་བཅང་བ་དང། སྣ་སྨན་ཡང་སྦྱར་རོ། །མངར་བའི་སྨན་དང་སྦྱར་བ་བྱས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་ལྕེ་ནད་ལ་ནི་དང་པོ་ཡུངས་ཀར་དང། ཚ་བ་གསུམ་ལ་སོགས་པ་སྨན་རྣོན་པོས་དུགས་བྱས
་ན་ཕན་ནོ། །ལྕེ་ནད་ཨལ་ས་ཞེས་བྱ་བ་ལ་ནི་མཚོན་གྱིས་ལས་མི་བྱའོ། །ལྕེའི་འོག་ཏུ་ལྕེ་ལྷག་སྐྱེས་པའི་ནད་ལ་ནི་ལྕགས་ཀྱུ་དགུ་པོས་བཟུང་ལ་དྲངས་ཏེ། དེའི་འོག་ཏུ་སྨན་རྣོན་པོས་བསྐུལ་བ་ལ་སོགས་པ་བྱའོ། །ལྕེ་ཕུགས་སུ་ལྕེ་ལྷག་སྐྱེས་པའི་ནད་ལ་ནི་དང་བོ?་ཁྲག
་ཟག་སྟེ་ནས་ཚིག་འཁུས་པའི་ཐལ་བས་གདབ་བོ། །ལྕེའུ་ཆུང་གི་ནད་ལ་ནི་སྣར་བླུགས་པ་དང། མཁུར་བར་བཅང་བ་དང། བྲུད་པ་ལ་སོགས་པའི་ཆོ་ག་བད་ཀན་གྱི་གསོ་བ་རྣམས་འདིར་སྦྱར་རོ། །ལྕེའུ་ཆུང་གི་ནད་ག་གོན་གྱི་ས་བོན་བཞིན་དུ་ཚབས་ཆེར་སྐྱེས་ཏེ། སྐྲངས
་ན་ནི་སྨན་པ་མདུན་དུ་འདུག་སྟེ་ལྕགས་ཀྱུ་གུག་པོས་མདུན་དུ་དྲངས་ལ། མཚོན་གྱི་དཀྱིལ་འཁོར་འདྲ་བས་རྩ་དང་རྩ་བར་མ་སོང་བའི་དབུས་སུ་བཅད་དོ། །བཅད་དྲགས་ན་ནི་ཁྲག་ཟད་དེ་འཆི་བར་བྱེད་དོ། །བཅད་ཆུངས་ན་ནི་ནད་འཕེལ་བར་བྱེད་དོ། །དེ་ལྟར་བཅད་པའི
་འོག་ཏུ་ན་ལེ་ཤམ་དང། བོང་ང་དཀར་པོ་དང། པ་ཐ་དང། ཤུ་དག་དང། རུ་རྟ་དང། གླ་བ་དང། ལན་ཚ་དང། དེ་རྣམས་ཀྱི་ཕྱེ་མས་གདབ་བོ། །པུ་ཙེ་ཤེལ་དང། བོང་དཀར་པོ་དང། བ་ཐ་དང། ནིས་བ་པ་དང། རུ་རྟ་དང། ཤུ་དག་རྣམས་བསྐོལ་བའི་ཁུ་བས་མཁུར་བ་དགང
་བར་བྱའོ། །རྐན་ནད་གསོ་བ་དང། རྐན་ནད་ཤའི་ཚོགས་ཞེས་བྱ་བ་དང། ཆུ་བུར་ལྟ་བུ་དང། རུས་སྔལ་གྱི་རྒྱབ་འདྲ་བ་དང། གསུམ་ལ་ནི་མཚོན་གྱིས་བྲི་བའི་ལས་བྱའོ། །དེ་ཉིད་སྨིན་ཀྱང་རུང་མ་སྨིན་ཀྱང་རུང། ནག་ཚུར་དང། སྐྱེར་ཁཎྚ་དང། སྦྲང་རྩི་སྦྱར་བས་བསྐུའོ།
་མངར་ཞིང་བསིལ་བའི་བསྐོལ་བའི་ཁུ་བ་མཁུར་བར་བཅད་པར་བྱའོ། །སྨིན་ཟིན་ནས་ནི་པདྨ་བཞིན་དུ་མཚོན་གྱིས་དག་ལ?་ཏེ། སྨན་རྣོ་བ་དང། དྲོ་བས་གདབ་པར་བྱའོ། །བ་ཤ་ཀ་དང། ནིམཔ་དང། པ་ཏོ་ལ་ལ་སོགས་པ་རྣོ་བའི་སྨན་རྣམས་ཀྱང་མཁུར་བར
་བཅད་དོ། །རྐན་སྐམ་པའི་ནད་སྐོམ་དང་མེད་པ་ལ་ནི་ཁ་ཟས་ཀྱི་གོང་དུ་ཞུན་མར་བླུད་དེ། དེའི་འོག་ཏུ་ཁ་ཟས་བཟའ་ཨོ། །བཏུང་བར་ནི་པི་པི་ལིང་དང། བཅའ་སྒ་བསྐོལ་བའི་ཁུ་བ་བླུད་དོ། །མཁུར་བར་བཅད་བ་ནི་སྐྱུར་གང་ཡང་རུང་བར་བྱའོ། །སྣུམ་ཆོས་སུ་ནི
་ཐང་ལས་སྐྱེས་པའི་ཤ་ཁུ་སྦྱིན་ལ། ཞུན་མར་དང་འོ་མ་ནི་སྣ་སྨན་དུ་བླུགས་སོ། །ལྐོག་མའི་ནད་གསོ་བ་དང། ལྐོག་མའི་ནད་ལ་ཐོག་མར་གཏར་ཀས་ཁྲག་ཕྱུང་སྟེ། སྣ་སྨན་རྣོན་པོའི་ལས་བྱའོ། །སྐྱེར་པའི་ཤུན་པ་དང། སྐྱེར་ཁཎྚ་དང། ནིམྦ་དང། དུག་མོ་ཡུངས
་དང། ཨ་ང་དང། གང་ཡང་རུང་བ་བསྐོལ་བའི་ཁུ་བ་འམ། ཐུག་པའི་ནང་དུ་སྦྲང་རྩི་དང་སྦྱར་བ་བླུད་དོ། །སྨིན་པའི་སྨན་བྱའོ། །འབྲས་བུ་གསུམ་དང། ཚ་བ་གསུམ་དང་ནས་ཚིག་འཁུས་པའི་ཐལ་བ་དང། སྐྱེར་པ་དང། ཙི་ཏྲ་ཀ་དང། སྐྱེར་ཁཎྚ་དང། པ་ཐ་དང། ཏེ་བ་ཏི་དང
་ནིས་བ་བ་དང་དེ་རྣམས་ཚྭ་དང། བ་གཅིན་དང་སྦྱར་བའི་རི་ལུར་བྱས་པ་དང། ཕྱེ་མར་བྱས་ནས་གདབ་པ་དང། མཁུར་བར་དགང་བ་ལ་སོགས་པ་ཅི་རིགས་པར་བྱའོ། །ལྕང་མ་དང། གེ་རི་ཀིརྞ་ཀ་དང། གླ་སྒང་དང། ཐང་ཤིང་དང། བཅའ་སྒ་དང། ཤུ་དག་དང། དནྟི་དང།
་མུར་བ་དང། དེ་རྣམས་ལྷན་ཅིག་སྦྱར་བའི་ལྡེ་གུ་དྲོ་འཇམ་ཙམ་བསྐུས་ན། ན་ཞིང་སྐྲང་བ་སེལ་ཏོ། །དེ་ལ་རླུང་ལས་གྱུར་པ་རོ་ཧི་ནའི་ནད་ལ་ནི། ཕྱི་ནང་གཉིས་ནས་དུགས་བྱ་སྟེ། མྱུར་དུ་ལན་ཚ་དང་ལྡན་པའི་མཚོན་ནམ་སེན་མོས་བཞར་ཞིང་བྲི་བར་བྱའོ། །རྩ
་བ་ལྔ་བསྐོལ་བའི་ཁུ་བ་མཁུར་བར་དགང་བ་དང་ཏིལ་མར་གྱིས་སྣ་སྨན་ཡང་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་ལྐོག་མའི་ནད་ལ་ནི་ཁྲག་ཕྱུང་སྟེ། ཁ་ར་དཀར་པོ་དང། པྲི་ཡཾ་ཀུ་དང། སྦྲང་རྩི་སྦྱར་བས་བསྐུ་བར་བྱའོ། །སེང་ཕྲོམ་དང། རྨ་ཤིང
་བསྐོལ་བའི་ཁུ་བ་མཁུར་བར་བཅད་དོ། །རྒུན་འབྲུ་དང། པ་རུ་ཀ་ཤ་བསྐོལ་བའི་ཁུ་བ་མཁུར་བར་བཅངས་ན་ཡང་ཕན་ནོ། །ཁྲག་ལས་གྱུར་པའི་ལྐོག་མའི་ནད་ལ་ནི་ཆོ་ག་གོང་མ་བཞིན་དུ་བྱས་ཏེ་གསོ་བར་བྱའོ། །བད་ཀན་ལས་གྱུར་པའི་ལྐོག་མའི
་ནད་ལ་ནི་གསོ་དཀའ་སྟེ་སྤང་བར་བྱའོ་ཞེས་ཀྱང་བཤད་དོ། །བད་ཀན་ལས་གྱུར་བའི་ལྐོག་མའི་ནད་ལ་ནི་མེ་མདག་དུད་པ་ཅན་གྱིས་བདུག་པ་དང། སྨན་ཚ་བ་རྣམས་ཀྱིས་བར་མ་པར་བྱའོ། །ཡང་ན་ཨ་པ་མརྒའི་འབྲས་བུ་དང།
་གེ་རི་ཀརྞི་དཀར་པོ་དང། དནྟི་དང། བྱི་དང་ག་དང། རྒྱམ་ཚ་དང། དེ་རྣམས་ཏིལ་མར་དང་སྦྱར་བས་སྣ་སྨན་དང་མཁུར་བར་བཅད་བ་རབ་ཏུ་བསྔགས་སོ། །ལྐོག་མའི་ནད་བྲིན་ད་དང། ཤ་ལུ་ཀ་དང། ཏུ་ན་ཏི་ཀེ་རི་དང། གི་ལ་ཡུ་དང། དེ་རྣམས་ལ་ཡང་གསོ
་བ་གོང་མ་བཞིན་དུ་བྱའོ། །ལྐོག་མའི་འབྲས་ནད་ལ་ནི་ཁྲག་གཟག་སྟེ། འབྲས་བུ་གསུམ་དང། གི་ཝང་དང། སྐྱེར་ཁངཊ་དང། བཙག་ཡུག་སྣམ་དང། གསེང་ཕྲོམ་དང། ལན་ཚ་དང། རྨ་ཤིང་དང། པི་པི་ལིང་དང། དེ་རྣམས་ཀྱིས་བྱུག་པ་དང། མཁུར་བར
་བཅད་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ལྦ་བའི་ནད་ལ་ནི་ཏིལ་དང། ལེ་བརྒན་དང། ཟར་མ་དང། བྱི་ལ་ཡ་དང། ཨ་ས་ལ་དང། དེ་རྣམས་ཀྱི་ས་བོན་བཏགས་པས་དུགས་བྱ་སྟེ། དེའི་འོག་ཏུ་དབྱུང་བར་བྱའོ། །དེ་ནས་སྨ་འདྲུབས་པ་དང། ཤི་ཏྲུ་དང། གསེང
་ཕྲོམ་དང། ཨགནི་མནྠ་དང། ཧ་སྟི་པི་པི་ལིང་དང། བ་སྦྲུ་བ་དང་ཤིང་ཏ་ལ་དང། ཨ་རུ་ར་དང། ཨརྐའི་རྩ་བ་དང། ག་ར་ག་ཏའི་མེ་ཏོག་དང། དེ་རྣམས་སྦྱར་བའི་ལྡེ་གུས་ཡང་དང་ཡང་བསྐུ་བར་བྱའོ། །ཡང་ན་ཨེ་ཀ་ཤི་ཀ་ཆང་ངམ་རང་སྐྱུར་ལས་བཏགས
་ཏེ་བསྐུའོ། །སླ་ཏྲས་དང། ནིམཔ་དང། དུག་མོ་ཉུང་དང། ཧན་ས་པ་ཏི་དང། བ་ལ་རྣམ་གཉིས་དང། ཐང་ཤིང་དང། པི་པི་ལིང་དང། དེ་རྣམས་ཏིལ་མར་དང་སྟན་ཅིག་སྦྱར་ཏེ་བླུད་དེ། །བད་ཀན་ལས་གྱུར་བའི་ལྦ་བའི་ནང་ལ་ཡང་ཆོ་ག་གོང་མ་ལྟར་བྱའོ། །ཡང་ན
་ཨནད་དང། བོང་ང་དཀར་པོ་དང། བི་ཤ་ལི་དང། ཨ་ཙ་ཀྲི་གི་འོལ?་མ་སེ་དང། སྐུ་བ་ཁ་བོ་དང། ཤུ་ཀ་ཧ་དང། རྒྱ་སྐྱེགས་ཤིང་གི་ཐལ་བ་དང། དེ་རྣམས་བཏགས་པའི་ཕྱེ་མས་བྱུག་བ་དང། དུགས་ཀྱིས་བཞུ་བ་ལ་སོགས་པ་ཡང་བྱའོ། །མུཀྵ་ཀའི
་ཐལ་བ་བ་གཅིན་དང་བསྐྱོས་ཏེ། བཙགས་པའི་ཁུ་བའི་ནང་དུ་ཅི་ཙེ་བ་བཙོས་པའི་ཟས་དང། བཏུང་བ་ཡང་སྤང་ངོ། །ཡང་ན་དྲུག་མོ་ཡུངས་ཀྱི་སྡེ་ཚན་ལན་ཚ་རྣམ་ལྔ་དང། ཏིལ་མར་དང་ལྷན་ཅིག་བསྒྲུབས་ཏེ་བླུད་དོ། །དེ་བཞིན་དུ་བད་ཀན་འཇོམས་པའི
་བདུག་བ་དང། སློན་དང། སྣ་སྨན་ལ་སོགས་པ་ཡང་བསྟེན་པར་བྱའོ། །ཚིལ་ལས་གྱུར་པའི་སྦ་བའི་ནད་ལ་ནི་དང་པོ་ཁྲག་གཏར་ལ་དེ་ནས་བད་ཀན་འཇོམས་པའི་སྨན་བསྟེན་ནོ། །ཡང་ན་སྨན་ཨ་ས་ནའི་སྡེ་ཚན་བ་གཅིན་དང་བསྐོལ་བའི་ཁུ་བ་སྔ་དྲོའི་དུས་སུ་བཏུད་དོ
་དེ་ལྟར་བྱས་ཀྱང་མ་ཞི་ན་སྨིན་པར་བྱ་བའི་ཆོ་ག་བྱས་ལ་རྨ་གསོ་བའི་ཆོ་ག་ཐམས་ཅད་འདི་ལ་བྱའོ། །ཁ་ནད་གསོ་བ་ཁ་ནད་སྨིན?་པ་ནི་འབྲས་བུ་གསུམ་དང། པ་ཐཱ་དང། རྒུན་འབྲུ་དང། སྣ་མའི་མེ་ཏོག་དང། དེ་རྣམས་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པས་ཁ་སྲུ་བར
་བྱའོ། །ཡང་ན་ཟིམ་ཐིག་ལེའུ་སྡེ་ཚན་བཏགས་པའི་ཕྱེ་མ་ལྡང་ཅིང་ཁའི་ལྗམ་ལྗིབ་ཕྱིར་དཔེའོ། །རླུང་གི་ཁ་ནད་སྨིན་པ་ལ་ནི་པི་པི་ལིང་དང། ལན་ཚ་དང། སུག་སྨེལ་གྱི་ཕྱེ་མས་གདབ་བོ། །ཡང་ན་རླུང་འཇོམས་བའི་སྨན་དང། སྒྲུབ་པའི་སྣ་སྨན་དང། མཁུར་བར་བཅང་བ
་ཡང་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར་པའི་ཁ་ནད་ལ་ནི་ཁྲག་མཁྲིས་འཇོམས་པའི་སྨན་སྦྱར་རོ། །བད་ཀན་ལས་གྱུར་པ་ལ་ནི་བད་ཀན་འཇོམས་པའི་སྨན་བསྟེན་ནོ། །ཁའི་འབྲུམ་བུ་སྲ་ཞིང་བརྟན་པ་ལ་ནི་ཤ་ཁ་བ་ཏྲ་ཞེས་བྱ་བའི་མཚོན་གྱིས་དབྲལ་བར་བྱའོ། །སྐྱོན་གང་དང
་གང་གི་ཤས་ཆེ་བ་བརྟགས་ཏེ་འདུས་པའི་ནད་ལ་ཡང་གསོ་བ་དེ་ལྟར་བྱའོ། །ཁའི་འབྲུམ་བུ་ཚབས་ཆེར་མ་སྐྱེས་པ་ལ་ནི་དང་པོ་བཅད་ལ་སྭ་རྩི་ཀའི་ཐལ་བ་དང། བཅའ་སྒའི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་རྨ་ལ་གདབ་ཅིང། དེ་གཉིས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་མཁུར་བར
་བཅད་དོ། །ཡང་ན་སླེ་ཏྲེས་དང། ནིམྦ་བཏགས་བའི་བྱེ་མ་སྦྲང་རྩི་དང་ཏིལ་མར་དང་སྦྱར་བ་མཁུར་བར་བཅད་དོ། །ཁ་ཟས་ནི་ནས་ལས་བྱས་པ་བཟའ་ཞིང་སྨན་རྣོ་བ་དང་སྦྱར་བའི་ཏིལ་མར་གྱིས་སྣ་སྨན་དང་བསྐུ་བྱུག་བྱའོ། །ཁ་ནས་རྣག་འབྱུང་བ་ལ་ནི་དུ་བ་རྡུག་པ་དང
་སྣ་སྨན་རྣོན་པོ་བཏབ་པར་བྱའོ། །བཙོད་དང། ད་ཏ་ཀི་དང། བྲི་ཡཾ་ཀུ་དང། ཤུག་པ་དང། དེ་རྣམས་ཆུ་དང་སྦྱར་བས་ཁའི་ནང་བཀྲུ་བར་བྱ་སྟེ་ཕྱེ་མས་ཀྱང་ཁའི་ནང་དུ་གདབ་བོ། །སོ་ནད་ཨུ་ཏི་ཤུའི་བསིལ་བཅོས་དང། སྣ་སྨན་ལ་སོགས་པ་ཡང་འདིར་སྦྱར་རོ། །འབྲས
་བུ་གསུམ་དང་ཙི་ཏྲ་ཀ་དང་ཏིཀྟ་དང། ཤིང་མར་དང། ཡུངས་ཀར་དང། ཚ་བ་གསུམ་དང། གླ་སྒང་དང། གསེར་པོ་རྣམ་གཉིས་དང། ཡ་བཀྵ་ར་དང། ད་ཏྲིཀ་དང། སྐྱུར་དང། ཙན་དན་དང། ལྕང་མ་དང། ཨ་ཤཙ་ཏྠ་དང། འཛམ་བུའི་མྱུ་གུ་དང། ཤུན་ལྤགས་དང། ཨ་དྷི་མ་རའི་ཤུན
་པ་དང། སེང་ལྡེང་གི་སྙིང་པོ་དང་དེ་རྣམས་བསྐོལ་ཏེ་ཚིགས་མ་བོར་ལ་དངས་མ་ཡང་བསྐོལ་ཏེ། སྐན་ཏེར་སོང་བའི་ནང་དུ་སྨན་དེ་རྣམས་ཉིད་ཀྱི་ཕྱེ་མ་བཏབ་སྟེ་རི་ལུར་བྱས་པ་ཁའི་ནང་དུ་མུར་ཞིང་བཞག་ན། ལྐོག་མའི་ནང་དང། མཆུ་ནད་དང། རྐན་ལ་སོགས་པ་ཁའི་ནད་ཤིན་ཏུ་གསོ
་དཀའ་བ་ཡང་འཇོམས་པར་བྱེད་དེ། ཁྱད་པར་དུ་རོ་ཧིའི་ནད་དང། ཁ་བསྐམས་པ་དང། ལྕེས་རོ་མི་ཚོར་བ་རྣམས་སེལ་བར་བྱེད་དོ། །ཞེས་ལུས་འཕགས་ཀྱི་བདག་པོས་བཤད་པ་ཡིན་ནོ། །སེང་ལྡེང་སྲང་བརྒྱ་བཅུ་རྩ་གཉིས་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་ཙན་དན་དང། ཨ
་ཀ་རུ་དང། གུར་ཀུམ་དང། བ་རི་བེ་ལ་དང། བ་ལ་དང། བུ་ཤལ་ཙི་དང། ཐང་ཤིང་དང། གསེང་ཕྲོམ་དང། རྒུན་འབྲུ་དང། བཙོད་དང། མོཉྫ་ར་དང། ཤུག་པ་དང། བྱི་དང་ག་དང། བུ་སུ་ཧང་དང། ཆུ་སྲིན་སེན་མོ་དང། རྒྱ་སྤོས་དང། ཀཏཔ་ལ་དང། སུག་སྨེལ་དང། བྱ་མ་ཀ་དང། རྨ་ཤིང
་དང། དེ་རྣམས་ཞོ་གཉིས་གཉིས་དང། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་དང་སྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་བཏུང་བ་དང། སྣ་སྨན་དང། བརྒྱ་བཅུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་བའི་ནང་དུ་སེང་ལྡེང་དང། འཛམ་བུ་དང། ཤིང་མངར་དང། ཤུར
་བ་དཀར་པོ་དང། ཤིང་ལྕང་ཀོང་དང། ཧསྟི་མར་དང། ཨུཏཔལ་སྔོན་པོ་དང། དེ་རྣམས་སྲང་ཕྱེད་ཕྱེད་ཞིབ་དུ་བཏགས་ཏེ། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ། མར་ལུས་པ་ལས་མཁུར་བར་བཅངས་ན། ཁའི་ནད་ཐམས་ཅད་འཇོམས་པར་བྱེད་དེ། ཁྱད་པར་དུ་སོ་འགུལ་ཞིང
་ཡོ་བ་བརྟན་པར་བྱེད་དོ། །སེང་ལྡེང་གི་སྙིང་པོ་སྲང་ཉིས་བརྒྱ་དང། ཨ་རི་མ་ཐའི་ཤུན་པ་སྲང་བརྒྱད་སྟོང་ཚིག་བརྒྱ་དགུ་ཅུ་རྩ་གཉིས་དང་ལྷན་ཅིག་བསྐོལ་ཏེ། བཞི་ཆ་ལུས་པ་དང་ཚིགས་མ་བོར་ལ་དང་སམ་ཡང་བསྐོལ་ལ་སྐན་ཏོར་སོང་སྟེ་བསྐྲངས་པའི་ནང་དུ་དབྱི་མོ་དང། བལ་ཀ་དང། རྨ་ཤིང་དང།
་བཙག་དང། ཙན་དན་རྣམ་གཉིས་དང། གསེང་ཕྲོམ་དང། པྲ་པུཎྚ་རཱི་ཀ་དང། ཤིང་མངར་དང། ཨཉྫ་རྣམ་གཉིས་དང། ད་ཏི་དང། ཀཏྭ་ལ་དང། འབྲས་བུ་གསུམ་དང། སེར་པོ་རྣམ་གཉིས་དང། དྲི་རྣམ་བཞི་དང། ཨ་ཀ་རུ་དང། གླ་སྒང་དང། བཙོད་དང། ནྱ་གྲོ་དྷའི་མྱུ་གུ་དང། སྤང་སྤོས་དང།
་བྱི་ཚེད་པ་དང། ཤུག་པ་དང། ཨེ་ལ་བ་ལུ་ཀ་དང། བཙོད་དང། དེ་རྣམས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང། ཛ་ཏི་བ་ཏྲ་དང། ཛ་ཏི་ཕ་ལ་དང། ལི་ཤི་དང། ཀ་ཀོ་ལ་དང། ཀོ་ལ་ཀ་དང། དེ་རྣམས་སྲང་རེ་རེ་དང། ག་པུར་ཤེལ་མདོག་དཀར་པོ་དྲི་མ་མེད་པ་སྲང་ཉི་ཤུ་དང། དེ་རྣམས་ཀྱི
་ཕྱེ་མ་ཡང་བཅུག་སྟེ་རི་ལུར་བྱས་ལ་རྟག་ཏུ་ཁར་བཞག་ན་ཁའི་ནད་ཐམས་ཅད་སེལ་ལོ། །གོང་གི་སྨན་ཀུན་མ་འཕྱོར་ན། །དེ་ལས་གང་རྙེད་པའི་སྨན་གྱི་ཕྱེ་མ་ཏིལ་མར་དང་བསྐོལ་ལ། ཆོ་ག་གོང་མ་བཞིན་དུ་བྱས་ཏེ་མཁུར་བར་བཅངས་ན། ཁའི་ནད་ཐམས་ཅད་སེ་ལོ་ཞེས་བཤད་དོ། །སོ
་བརྟན་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་སྨན་གོང་མ་དེ་ཉིད་དང། སེང་ལྡེང་གི་སྙིང་པོའི་ལུར་བྱས་པ་དང། ཨ་རི་མེད་ས་དང་སྦྱར་བ་ཏིལ་མར་དང་སྦྱར་ཏེ་བཏུད་ན། ནད་མེད་ཅིང་ཐ་མལ་པ་ཞིག་ན་ཡང་ཉིན་རེ་བསྟེན་ན་སོ་བརྟན་པར་འགྱུར་རོ། །རྐུན་འབྲུ་དང། སླེ་ཏྲེས་དང། སུ་མ་ན་དང།
་སྐྱེར་པ་དང། ཕྱི་ཚེར་བ་དང། འབྲས་བུ་གསུམ་དང་བསྐོལ་བ་སྦྲང་རྩི་དང་སྦྱར་བ་འདིས?་མཁུར་བར་བཅད་བར་བྱས་ན་ཁའི་ནད་ཐམས་ཅད་སེལ་བར་བྱེད་དོ། །པ་ཐ་དང་སྐྱེར་བ་དང། རུ་རྟ་དང། གླ་སྒང་དང། བཙོད་དང། པུ་ཙོ་ཤེལ་དང། ཡུད་བ་བ་གསེར་ཕྲོམ་དང། ཏེ་ཇོ་བ་ཏི་དང། དེ
་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང། སྦྱར་བས་བསྐུ་བར་བྱས་ན། སོའི་རྙིལ་ན་བས་ཉམས་ཐག་ཅིང་གཡའ་བ་དང། སྨིན་པ་དང། འཛག་པ་རྣམས་འཇོམས་སོ། །ཁྱིམ་གྱི་དུད་པ་དང། སྐྱེར་ཁཎྚ་དང། པ་ཐ་དང། ཚ་བ་གསུམ་དང། ཡ་བཀྵ་ར་དང། ཙི་ཏྲ་ཀ་དང། ལྕགས་ཕྱོ་དང། འབྲས
་བུ་གསུམ་དང། ཏེ་ཛོ་པ་ཏི་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ནི་ཏ་ལ་ཀའི་ཕྱེ་མ་ཞེས་བྱ་སྟེ་ཁར་བཅངས་ན་ཁའི་ནད་དང། སོ་འགུལ་བའི་ནད་རྣམས་ལ་ཕན་ནོ། །སྐྱེར་པ་དང། རྒྱམ་ཚ་དང་ལྡོང་རོས་དང། ནས་ཚིག་འཁུས་པའི་ཐལ་བ་དང། བ་བླ་དང།
་དེ་རྣམས་ཀྱིས་ཕྱེ་མ་མར་དང། སྦྲང་རྩི་སྦྱར་བ་ན། སྲི་ཏྲ་བ་ཞེས་བྱ་བའི་ཕྱེ་མ་ཡིན་ཏེ། དེ་ཁར་བཞག་ན། ཁ་དང། སོ་འགུལ་བའི་ནད་རྣམས་ཞི་བར་བྱེད་དོ། །བ་གཅིན་གྱི་ནང་དུ་ཨ་རུ་རའི་ཚིག་གུ་བསྐོལ་ཏེ་ཞུ་བ་དང། དེའི་ཁུ་བས་བལ་ཀ་དང་ཤུ་ཏི་དང། རུ་རྟ་གསུམ་གྱི་ཕྱེ་མ་བསྐོལ
་ཏེ་ཁར་བཞག་ན། ཁའི་ནད་ཡུན་རིང་བ་ཡང་འཇོམས་པར་བྱེད་དོ། །ཅི་ལྟ་རྒྱལ་པོས་སྣང་བའི་སྐྱེས་བུ་ཕུང་ཁྲོལ་གྱིས་མི་ཚུགས་པ་བཞིན་ནོ། །ལོ་མ་བདུན་པ་དང། པུ་ཤེལ་ཙེ་དང། པ་ཏེ་ལ་དང། བཅའ་སྒ་དང། འབྲས་བུ་གསུམ་དང། པི་ཤ་ལ་དང། ཁྱི་ལྕེ་བ་དང། ཏིཀྟ་དང
་སེར་པོ་རྣམ་པ་གཉིས་དང། སླེ་ཏྲེས་དང། དེ་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འཐུངས་པ་འམ། ཁར་བཞག་ན་ཡང་རུང་སྟེ། ཁའི་ནང་ན་གནས་པའི་ནད་མ་ལུས་པ་སེལ་བར་བྱེད་དོ། །སྐྱེར་པ་རློན་པ་རང་གི་ཁུ་བ་བསྐོལ་ཏེ། སྐན་ཏེར་སོང་བའི་ནང་དུ་བཙག་གི་ཕྱེ
་མས་བཏབ་སྟེ། སྦྲང་རྩི་དང་བཅས་བས་ཁ་བསྐང་ཞིང་བཞག་ན་ཁའི་ནད་དང། སྨ་སྨིན་པ་དང། རྨ་འཁྱིམས་པ་སེལ་བར་བྱེད་དོ། །པ་ཏ་ལ་དང་ན་ནིམྦ་དང། ཁུ་ཤིང་མངར་དང། བཱ་ཤ་དང། སྣ་ནའི་མེ་ཏོག་དང། ཨ་རི་མེ་དས་དང། སེང་ལྡེང་དང། འབྲུ་དེ་གསུམ་དང
་དེ་རྣམས་རེ་རེ་ཡང་སྐྱེར་བའི་ཆོ་ག་བཞིན་དུ་སྦྱར་ཏེ་བཏང་བར་བྱའོ། །སེང་ལྡེང་དང། ལྕགས་ཕྱེ་དང། འབྲས་བུ་གསུམ་དང། ཨར་ཛ་ན་དང། སེན་རྩི་དང། ཨ་ཧི་མརྒ་དང། དེ་རྣམ་ཆུ་དང་བསྐོལ་བའི་ཁུ་བ་མཁུར་བར་བཅངས་ན། ཁ་དང་སོ་ནད་རྣམས་ཞི་བར་བྱེད་དོ།
་ཁའི་ནད་དང། སོ་རྩའི་ནད་དང། བད་ཀན་དང། ཁྲག་ཤས་ཆེ་བའི་ནད་རྣམས་ལ་ནི་ཁྲག་ངན་མང་དུ་དབྱུང་སྟེ། ལུས་ཀྱི་རྨ་དང། སློན་དང། མགོའི་བཀྲུ་སྨན་དང། མཁུར་བར་བཅད་བ་ལ་སོགས་པ་ཡང་ཁ་བ་དང། ཚ་བའི་སྨན་གྱིས་བྱ་སྟེ། དེ་ལ་ནི་ཕལ་ཆེར་བད
་ཀན་དང་མཁྲིས་པ་འཇོམས་པའི་སྨན་དཔྱད་བྱའོ། །ཁ་ཟས་སུ་ནི་ནས་དང། ཅི་ཙེས་དང། ཁྲེ་དང། བྲ་བོ་དང། དེ་རྣམས་ཕུབ་མ་མེད་པར་བྱས་ཏེ། ཚྭ་ཆུ་འམ། ཐལ་སྨན་གྱི་ཆུ་ནང་དུ་སྤངས་ལ་སྣུམ་མེད་པར་བྱས་ཏེ་བཟའ་ཨོ། །ཁུ་བཅུད་དང། ཁུར་བ་ལ་སོགས་པ་གང་ཡང་བད་ཀན
་འཇོམས་པར་བྱེད་པའི་ཟས་བཟའ་ཨོ། །སྲོག་གི་རླུང་གི་ལམ་ལ་གནས་པ་ཡིན་ཏེ། གལ་ཏེ་ལྐོག་མའི་ནད་ཀྱིས་དབུགས་བདེ་བར་མི་འབྱུང་ཞིང་བསྒགས་ན་ནི་འཆི་བར་འགྱུར་ཏེ། དེ་བས་ན་ལྐོག་མའི་ནད་ནི་མྱུར་དུ་གས་བར་བྱའོ། །ཁ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ
་རྫོགས་སོ།། །།དེ་ལ་མགོ་བོའི་ནད་སྐྱེ་བའི་རྒྱུ་ནི་དུད་པར་ཀུ་བའི་ནང་དུ་འདུག་པ་དང། ཉི་ཚན་ལ་འདུག་པ་དང། ཁ་བགྲང་མོའི་ནང་དུ་འདུག་པ་དང། ཆུ་ནད་དུ་བརྩེ་བ་དང། ཉིན་བར་གཉིད་མར་དུ་ལོག་པ་དང། ནུབ་མོ་གཉིད་མ་ལོག་པ་དེས། རྡུལ་ལ་སོགས
་པའི་ནད་སྐྱེད་པ་དང། མདུན་ནས་རླུང་གིས་ཕོག་པ་དང། མཆི་མ་འབྱུང་བ་དག་གསལ་དང། ཧ་ཅང་དུ་དྲགས་པ་དང། མགོ་ལ་སྲིན་བུ་ཡོད་པ་དང། འབྱུང་བའི་ཤུགས་བསྒགས་པ་དང། ཁུར་ལྕི་བ་ཁུར་བ་དང། མགོ་ལ་བྱི་དོར་དྲགས་པ་དང། བསྐུ་བྱུག་དྲགས་པ་དང།
་གཞན་ལ་ཞེ་སྡང་ཆེན་པོ་སྐྱེད་པ་དང། དངོས་པོ་ཅིག་ལ་ཡུན་རིང་དུ་བལྟ་བ་དང། མ་གོམས་པའི་ཟས་ཟོས་པ་དང། དྲིང་བ་བསྣམས་པ་དང། མ་ཞུ་བ་དང། སྨྲ་དྲགས་པ་ལ་སོགས་པའི་རྒྱུས་ནད་མགོ་བོའི་ནང་དུ་ཞུགས་ཏེ་ན་བར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་མགོ་ནད་ཀྱི
་རྟགས་ནི་མུར་འགྲམ་གཉིས་སུ་ཟུག་ཅིང་ན་བ་དང། སོའི་ཕྲེང་བ་རྣམས་ཕུག་པ་སྙམ་སེམས་པ་དང། སྨིན་མཚམས་དང། དཔྲལ་བ་ལྷུང་བ་སྙམ་སེམས་པ་དང། རྣ་བས་སྒྲ་མི་ཐོས་པ་དང། མིག་བྱུང་བ་སྙམ་དུ་ན་བ་དང། མགོ་འདམས་པ་དང། ཚིགས་རྣམས་བྱ་བ་སྙམ
་ཕྱེད་བ་དང། རྩའི་དྲ་བ་རྣམས་འཕར་བ་དང། གཉའ་བ་དང། འགྲམ་འབྱར་བ་སྙམ་སེམས་པ་དང། གསལ་ཞིང་འཚེར་བ་མཐོང་མི་བཟོད་པ་དང། སྣ་ཆུ་འཛག་པ་དང། གློ་བུར་དུ་ལྡང་དུབ་པ་དང། སྣམ་གྱིས་བསྐུ་ཞིང་དུགས་དང་མགོ་བཅིང་བ་ལ་སོགས་པ་བྱས་ན་ཅུང་ཞིག
་ཞི་ཞིང། མཉེན་པར་འགྱུར་བ་ཡིན་ནོ། །མགོ་བོ་གཞོགས་ཕྱེད་ན་བའི་རྟགས་ནི་ཀླད་པའི་ཕྱེད་རབ་ཏུ་ན་བ་ཡིན་ཏེ། ཟླ་བ་ཕྱེད་དམ་ཟླ་བ་གཅིག་ན་སྟེ་དེའི་འོག་ཏུ་རང་ཉིད་ཞི་བར་འགྱུར་རོ། །ཚབས་ཆེར་སྐྱེན་ནི་མིག་གམ་རྣ
་བ་ལ་གནོད་པར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་མགོ་ནད་ཀྱི་རྟགས་ནི་མགོ་རབ་ཏུ་ན་བ་དང། དབུགས་ཚ་ཞིང་དུ་བ་འབྱུང་བ་སྙམ་སེམས་པ་དང། ཚ་བ་དང། ལུས་རྡུལ་བ་དང། མིག་ཚ་འུར་འུར་པོར་འདུག་པ་དང། བརྒྱལ་བ་དང། ནུབ་མོ་དང། གྲང
་བའི་དུས་སུ་ཅུང་ཟད་བདེ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ཀླད་པའི་ནད་ཀྱི་མཚན་མ་ནི་ཁ་ཟས་ཡི་གར་མི་འོང་བ་དང། མགོ་ལྕི་བ་དང། ཚོར་བ་མེད་པར་བེམ་བེམ་པོར་འདུག་པ་དང། རེག་ན་གྲང་བ་དང། རྩ་མི་འཕར་བ་དང། སྒྱེད
་སྒྱུར་བ་དང། གནད་རྣམས་སུ་མཚན་མོ་ལྷག་བར་ན་བ་དང། སྙོམས་པ་དང། མིག་འབུར་སྐྲང་བ་དང། རྣ་བ་གཡའ་བ་དང། སྐྱུར་བ་རྣམས་ཡིན་ནོ། །ཁྲག་ལས་གྱུར་པའི་མགོ་ནད་ཀྱིས་མཚན་མ་ནི་མཁྲིས་པ་བས་ཤས་ཆེ་བ་ཡིན་ཏེ། ལྷག་མ་ནི
་མཁྲིས་པ་བཞིན་དུ་བལྟའོ། །འདུས་པ་ལས་གྱུར་བའི་མགོ་ནད་ཀྱི་རྟགས་ནི། ཐམས་ཅད་ཀྱི་མཚན་མ་དང་ལྡན་པ་ཡིན་ནོ། །ཁ་ཟས་ཞག་ལོན་པ་དང། རྙིངས་པ་དང། རུལ་བ་ཟོས་པས་མགོའི་ཁྲག་དང། ཤ་རུལ་བར་བྱས་ཏེ། དེ་འདུས་པའི་ནད་སྐྱེས
་ཤིང་འཁྲུགས་ཏེ། མགོ་བོར་སྲིན་བུ་སྐྱེས་ཏེ་ཁྲག་འཐུང་བར་བྱེད་དོ། །དེའི་རྒྱུས་མི་བཟད་བར་ན་བ་དང། སེམས་ཉམས་པར་བྱེད་པ་དང། ལུད་བ་ལུ་བ་དང། ཉམས་སྟོབས་ཟད་པ་དང། མགོ་རྩུབ་པ་དང། སྐྲང་བ་དང། མགོ་བཅད་པ་སྙམ
་བྱེད་པ་དང། ཚ་འུར་འུར་པོར་འདུག་པ་དང། མགོ་འདམས་པ་དང། སྣགས་པ་དང། མགོའི་ཐོང་པ་དང། རྐན་རྣམས་སུ་གཡའ་བ་དང། སྐེམ་པ་དང། སྲིན་བུ་རྒྱུ་བསྙམ་སེམས་པ་དང། སྣབས་ཟངས་མདོག་བཞིན་དུ་དམར་ཞིང་དང་བ་འབྱུང་བ་དང
་རྣ་བ་སྒྲ་འུར་འུར་ཟེར་བ་ཡིན་ཏེ། དེ་ནི་ཀླད་པའི་ནད་སྲིན་བུ་ལས་གྱུར་པ་ཞེས་བྱའོ། །དེ་ལ་རླུང་ཤས་ཆེ་བ་མགོའི་ནད་ནི་མགོ་བོ་འགུལ་ཞིང་འདམ་པ་ཡིན་ཏེ། དེའི་མིང་ནི་མགོ་འདམ་པའི་ནད་ཅེས་བྱའོ། །ཁྲག་མཁྲིས་ཤས་ཆེ་བའི་མགོ་ནད་ནི། མུར་འགྲམ
་གཉིས་སྐྲང་བ་དང། དྲག་ཏུ་ན་ཞིང་ཚ་བ་དང་ནུབ་མོ་གཉིད་མི་འོང་བ་དང། གླལ་བ་དང། རིམས་ཀྱིས་འདེབས་པ་དང། དྲན་པ་ཉམས་པ་དང། ཁ་བྲོ་བ་དང། གདོང་སེར་བ་དང། དེ་རྣམས་དང་ལྡན་པ་ནི་མུར་འགྲམ་གྱི་ནད་ཅེས་བྱ་སྟེ། གསོ་བ་མ་བྱས་ཏེ་ཡལ་བར
་བོར་ན་ནི། ཞག་གསུམ་ནས་ནི་སྲོག་འཕྲོག་པ་ཡིན་ཏེ། གསོ་བ་མྱུར་དུ་བྱས་ན་ན་འཚོ་བ་ཡིན་ནོ། མཁྲིས་པ་དང་རླུང་དང་ལྡན་པའི་མགོ་ནད་ཀྱི་རྟགས་ནི་མུར་འགྲམ་དང། མིག་དང། སྨིན་མ་དང། འཕྲལ་བ་རྣམས་སུན་ཞིང་ཟུག་ལ་འཕར་བ་ཡིན་ཏེ། དེ་ཡང་ཉི་མ་ཤར་ནས་ཕྱེད་ཀྱི
་བར་དུ་ཆེར་ན་བ་དང། ལྷག་པར་ཉི་མ་ཕྱེད་ལ་ཚབས་ཆེར་ན་ཞིང་འཕར་བ་ཡིན་ཏེ། དེ་ལ་ནི་དོང་གྲལ་སོགས་པ་གསོ་བ་བྱས་ཀྱང་མི་ཕན་ཏེ། ཉི་མ་ཕྱེད་ཕན་ཆད་རང་ཉིད་རིམ་ཞི་བ་དེ་ནི། མགོའི་ནད་ཉི་མ་ལྟར་འཁོར་བ་ཞེས་བྱ་སྟེ། དེ་ལྟར་མགོ་ནད་རྣམ་པ་བཅུར
་བཤད་པ་ཡིན་ནོ། །མགོ་ནད་དེ་ཉིད་ཀྱི་བྱེ་བྲག་ལས་ཐོད་པའི་ནད་རྣམ་པ་དགུ་བཤད་པ་ཡིན་ཏེ། ཡང་རླུང་ལས་གྱུར་པའི་ཀླད་པའི་ནད་མངལ་གྱི་ནད་ན་ཡོད་པའི་དུས་སུ་ཡང་འབྱུང་བར་འགྱུར་ཏེ། དེ་ཡང་མདོག་གནག་བ་དང། ནད་མེད་པ་དང། སྐྲང་བ་ཡིན་ཏེ།
་དེ་ནི་ཉེ་བའི་མགོ་ཞེས་བྱ་བའི་ཀླད་པའི་ནད་ཡིན་ནོ། །མགོ་ནད་ཐོར་བུ་འབྲུམ་བུ་ཅན་ཞེས་བྱ་བ་ཡོད་དེ། དེ་ཡང་ནད་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །མཁྲིས་པ་དང་ཁྲག་དང། བད་ཀན་ལས་གྱུར་པའི་ཀླད་པའི་ནད་ཡོད་དེ། ནང་དེས་མགོའི་ནད
་རུལ་བར་བྱས་ཏེ། སྲིན་བུ་སྐྱེས་ནས་ཟོས་པ་ལས་འབྲུམ་བུ་ཁྲེ་འམ། འབྲས་དཀར་པོ་ཙམ་འབྱུང་བ་ནི་བ་ལ་ཏ་ཀ་ལྟ་བུའི་མགོ་ནད་ཅེས་བྱའོ། །བད་ཀན་དང། རླུང་ལས་གྱུར་པའི་ཀླད་པའི་ནད་མགོ་གཡའ་བ་དང། སྐྲ་བྱི་བ་དང། ཚོར་བ་མེད་པ་དང། རྩུབ་བས་པགས
་པའི་ཕྱི་ཤུན་འགོག་པ་དེ་ནི་ཀླད་པའི་ནང་རུ་ན་ཀ་ཞེས་བྱ་བ་ཡིན་ནོ། །མཁྲིས་པ་དང་རླུང་འདྲེས་པ་བ་སྤུའི་ཁོང་བུའི་ནང་དུ་ཞུགས་ཏེ། སྐྲ་རྩ་འབྱི་བར་འགྱུར་ཞིང་དེའི་ཤས་ཀྱིས་ནང་དུ་བད་ཀན་དང་ཁྲག་ཞུགས་ཏེ། སྤུབས་རྣམས་སྐྱེར་མི
་སྟེང་འགོག་པར་བྱེད་པ་དེ་ནི་ཀླད་པའི་ནད་ཡིན་ཏྲ་ལུཔཏ་ཞེས་བྱའོ། །གཞན་དག་ནི་རི་རུ་ཛ་ཞེས་འདོད་དོ། །ཁ་ཅིག་ནི་སྤུའི་བྱ་བ་ཞེས་འདོད་དོ། །མི་རྣམས་ཀྱི་ན་ཚོད་འགྱུར་བ་བཞིན་དུ་རིམ་གྱིས་སྐྲ་འབྱི་ཞིང་སྤྱི་གཅེར་དུ་འགྱུར་བ་ཡིན་ཏེ། དེ་ཡང་རླུང་ལས
་སྤྱི་གཅེར་དུ་གྱུར་པའི་རྟགས་ནི་ཚིག་པ་བཞིན་དུ་མདོག་གནག་པ་ཡིན་ནོ། །མཁྲིས་པའི་སྤྱི་གཅེར་ནི་རྩ་ཚོས་པ་ལྟ་བུས་ཁྱབ་པ་ཡིན་ནོ། །བད་ཀན་གྱི་སྤྱི་གཅེར་ནི་པགས་པ་མཐུག་ཅིང་མདོག་དཀར་བ་ཡིན་ཏེ། དེ་ལྟར་ནད་གཞི་རང་རང་གི་མདོག་བཞིན
་དུ་པགས་པའི་མདོག་ཀྱང་དེ་ལྟར་ཤེས་པར་བྱའོ། །ནད་གཞིང་ཐམས་ཅད་ཀྱི་མཚན་མ་དང་ལྡན་ཏེ། སེན་མོའི་མདོག་ལྟར་སྣང་བ་དང། ཡང་ན་མེས་བསྲེགས་པ་བཞིན་དུ་སྤུ་མེད་ཅིང་ཚ་འུར་འུར་པོར་འདུག་པ་དེ་ནི་གསོར་མི་རུང་ངོ། །མྱ་ངན་དང་ཆད་པ
་དང་ཁྲོས་པ་ལས་སྐྱེས་པའི་ལུས་ཀྱི་དྲོད་གང་ཡིན་པ་དེ་སྤྱི་བོར་ཞུགས་ནས་དེས་སྐྲའི་རྩ་བར་ཚོས་ཤིང་སྨིན་པར་བྱས་ནས་སྐྲ་དཀར་སྐྱེ་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་སྐྲ་དཀར་གྱི་མཚན་མ་ནི་སྤུ་གྲུགས་པ་དང་ཅུང་ཟད་སྔོ་བསངས་སུ་འདུག་པ
་དང། སྲ་ཞིང་རྩུབ་ལ་ཆུའི་མདོག་ལྟར་འདུག་པ་ཡིན་ནོ། །མཁྲིས་པའི་སྐྲ་དགར་གྱི་མཚན་མ་ནི་ཚ་བ་དང། མདོག་ཅུང་ཟད་སྔོ་བསང་དུ་འདུག་པ་དང། བད་ཀན་གྱི་སྐྲ་དཀར་གྱི་མཚན་མ་ནི་སྣུམ་པ་དང། འཕེལ་བ་དང། སྦོམ་པ་དང། མདོག་དཀར་བ་ཡིན་ནོ།།
་འདུས་པ་ལས་གྱུར་པའི་སྐྲ་དཀར་གྱི་མཚན་མ་ནི་འདྲེས་པ་ཡིན་ནོ། །འདུས་པའི་མགོ་ནད་ལས་གྱུར་པའི་སྤྱི་གཅེར་དང། སྐྲ་དཀར་ལ་སོགས་པ་གཞན་དག་ནི་གསོར་མི་རུང་ངོ། །ལུས་འགྱུར་བ་ལས་བྱུང་བའི་སྤྱི་གཅེར་དང། སྐྲ་དཀར་ནི་བཅུད་ཀྱི་ལེན་གྱི་ཆོ
་གས་གསོ་བར་བྱའོ། །མགོ་ནད་ཀྱི་དམིགས་ཤེས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།མགོ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་མགོ་ནད་ལ་ནི་རླུང་གི་ཆོ་ག་རྣམས་སྤྱད་པར་བྱ་སྟེ། དེ་ཡང་ཐོག་མ་ཉལ
་ཁར་མགོ་མར་གྱིས་བསྐུས་ཏེ། མར་ཁུ་དྲོ་བ་དང། འོ་མ་བཏུང་བར་བླུད་དོ། །སྲན་མ་ཤ་དང་རྒྱ་སྲན་དང། སྲན་མུངྒ་དང། དེ་རྣམས་གང་ཡང་རུང་བ་མར་དང་ལྡན་པར་སྦྱར་བྱར་བ་ཟའོ། །ཏིལ་མར་དང་འོ་མ་བསྲེས་པ་བཏུང་བར་བླུད་པ་འམ། ཏིལ་མར་མ་རྙེད་ན་ཏིལ
་བཏགས་པའི་འོ་མ་དང། ལྷན་ཅིག་སྦྱར་བ་བླུད་དོ། །དེའི་འོག་ཏུ་གླན་པའི་དུགས་སམ། ཡང་ན་ཤ་བརྡུངས་པའོ་སུ་དང་སྦྱར་བས་མགོ་ལ་དུགས་བྱས་ན་ཕན་ནོ། །རླུང་འཇོམས་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་འོ་མ་དང་སྦྱར་བས་མགོ་ལ་བླུགས་པར
་བྱའོ། །སྣུམ་དང་ལྡན་པའི་སྣ་སྨན་བཏང་བ་དང། དུ་བ་རྡུབ་པ་དང། དེ་བཞིན་དུ་མགོ་བོ་དང། རྣ་བ་རྣམས་ཉམས་བརྟ་བར་བྱའོ། །སྨན་པར་ནའི་སྡེ་ཚན་འོ་མ་དང་ཆུ་དང་བསྐོལ་ལ་འོ་མ་ལུས་པ་དང། དེ་བསྲུབས་ལ་མར་སར་ཕྱུང་བ་དང། མངར་བའི་སྡེ་ཚན
་གྱི་སྨན་དང། ཡང་བསྐོལ་བའི་མར་དེས་སྣར་བླུགས་པ་བྱས་ན་རབ་ཏུ་བསྔགས་སོ། །ཡང་ན་མངར་བའི་སྡེ་ཚན་དེ་ཉིད་དང། འོ་མ་ཡང་བསྐོལ་བ་མར་དང་ཁ་ར་དང་ལྡན་པར་སྦྱིན་ནོ། །རས་བལ་གྱི་ས་བོན་དང། ཤིང་ཚ་དང། གླ་སྒང་དང། སྣ་མའི་མེ་ཏོག
་ཁ་མ་བྱེ་བ་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་ཏེ་སྣ་སྨན་དུ་བཏང་ན། མགོ་ནད་ཟུག་གཟེར་དང་བཅས་པ་འཇོམས་སོ། །ལི་ཁ་ར་དང་གུར་ཀུམ་དང། མར་ལྷན་ཅིག་བསྐོལ་ཏེ་སྣར་བླུགས་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་ཀླད་ནད་སེལ་ཏོ། །ཡང་ན་རུ་རྟ་དང
་རྒྱ་སྤོས་དང། ཨུཏཔ་ལ་དང། ཙན་དན་དང། དེ་རྣམས་མར་དང་སྦྱར་བའི་ལྡེ་གུས་མགོ་ལ་བྱུགས་ན་ཕན་ནོ། །རླུང་གི་ནད་ལ་གནོད་པས་འདིར་གཏར་ཀ་ནི་མི་བྱའོ། །ཇི་སྐད་བསྟན་པ་བཞིན་དུ་གསོ་བ་དེ་དག་གིས་མ་ཞི་ན་ནི་མེའི་ལས་བྱ་སྟེ། བད་ཀན་ལ་ཡང
་དེ་ལྟར་མེ་བཙའ་བྱའོ། །ཀླད་བ་བྱེད་ནའི་རླུང་ནད་ལ་ཡང་ཆོ་ག་དེ་ལྟར་བྱའོ། །དེ་བཞིན་དུ་ནད་གཞིའི་ཚུལ་དང། སྦྱར་ཏེ་གསོ་བ་ཡང་ཅི་རིགས་པར་བྱ་སྟེ། ཤྲི་ཤའི་ས་བོན་ཨེདང། ཨ་བ་བརྒའི་རྩ་བ་དང། ལན་ཚ་ལྕེ་མྱང་ཚ་དང། སྦྱར་བས་སྣ་སྨན་བཏང་ངོ།།
་ས་ལ་བརྞི་འམ། །ཡང་ཙཀྲ་མརྡྷ་གང་ཡང་རུང་བུ་སྐྱུར་དང་སྦྱར་བས་མགོ་བོ་བསྐུའོ། །ཀླད་ནད་ཉི་མ་ལྟར་འཁོར་བ་ལ་ཡང་ཆོ་ག་གོང་མ་ལྟར་བྱ་སྟེ་ཁྱད་པར་དུ་ཁྲག་དབྱུང་ངོ། །མཁྲིས་པ་ལས་གྱུར་པའི་མགོ་ནད་ལ་ནི་ཐོག་མར་སྣུམ་བཅོས་བྱ་སྟེ། དེའི་འོག་ཏུ་ཁྲག་གཏར་རོ།
་སྨན་བསིལ་བའི་ནུས་པ་དང་ལྡན་པའི་བྱུག་པ་བྱུག་པ་དང། བླུགས་པ་དང། ལུས་སློན་ཁྲུས་ཀྱིས་སྦྱར་བ་དང། མས་གཏང་བ་ཡང་བྱའོ། །ཡང་ན་འཚོ་བྱེད་སྡེ་བཅུ་འོ་མ་དང་མར་དང་ལྷན་ཅིག་བསྐོལ་བའི་མར་གྱི་བཏུང་བ་དང་སྣར་བླུགས་པ་ཡང་སྤྱད་དོ། །ཁྲག་ལས
་གྱུར་པའི་མགོ་བོའི་ནད་ལ་ཡང་མཁྲིས་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །མུར་འགྲམ་གྱི་ནད་ཀྱང་མཁྲིས་པའི་གསོ་བ་ལྟར་བྱ་སྟེ། ཚབས་ཆེ་ཞིང་ཡུན་རིང་བ་ནི་སྤང་བར་བྱའོ། །བད་ཀན་ལས་གྱུར་པའི་མགོ་བོའི་ནད་ལ་ནི་མར་རྙིང་པས་སྣུམ་ཆོས་བྱས་ལ་སྨན་ཆེ་བའི་སྐྱུགས
་སྨན་བཏང་ངོ། །དུགས་དང་བྱུག་པ་དང། སྣ་སྨན་ལ་སོགས་པ་ཡང་རྩུབ་པ་དང། དྲོ་བ་དང་རྣོ་བའི་སྨན་གྱིས་བྱའོ། །འདུས་པ་ལས་གྱུར་པའི་མགོ་ནད་ལ་ནི་སྨན་གྱི་གསོ་བ་ཡང་འདྲེས་པར་སྦྱར་ཏེ། སྨྱུང་བ་ཡང་རབ་ཏུ་བསྔགས་སོ། །སྲིན་བུ་ལས་གྱུར་པའི་མགོ་ནད་ལ་ནི་སྲོག་ཆགས
་གང་ཡང་རུང་བའི་ཁྲག་གིས་སྣར་བླུགས་ན། ནང་གི་སྲིན་བུ་ལ་ཁྲག་གིས་རེག་སྟེ། དེའི་དྲིས་སྲིན་བུ་བརྒྱ་ལ་ནས་སྣ་དང། ཁའི་སྒོ་ནས་ཕྱིར་འབྱུང་བར་འགྱུར་རོ། །དེ་ནས་སྨན་ཤིན་ཏུ་རྣོ་བས་སྣ་སྨན་དང། དུ་བ་རྡུབ་པ་དང། བསྐུ་བྱུག་དང། སྲིན་བུ་ལ་ཕན་པའི་སྨན་སྦྱར་བར་བྱ་སྟེ།
་བྱི་དང་ག་དང། སྭ་རྩི་ཀའི་ཐལ་བ་དང། དནདི་དང། ཤིང་ཀུན་དང། དེ་རྣམས་པ་གཅིན་དང་སྦྱར་བའི་ཁུ་བས་སྦྱོར་བ་བྱས་ན་ཕན་ནོ། །སྨན་ཚ་བ་གང་ཡང་རུང་བ་དང། ནིམྦ་དང། ཨིངྒུ་ཏི་དང། བི་ལུ་དང། དེ་དག་གང་ཡང་རུང་བའི་འབྲུ་མར་གྱིས་སྣ་སྨན་ཡང་སྦྱར་རོ། །ཡང་ན་བྱི
་དང་ག་རའི་གཅིན་དང་བསྲེས་ནས་སྣར་བླུགས་ན་སྲིན་འཇོམས་པའི་མཆོག་ཡིན་ནོ། །སྨན་པུ་ཏི་མཙྪ་དང་ཁྱི་དང་ག་གཉིས་སྦྱར་ཏེ་དུ་བ་རྡུབ་བ་དང། སྣར་བླུགས་པ་དང། སྨན་དུ་སྒྱར་ན་ཕན་ནོ། །སྲིན་བུ་ཁྲག་འཐུང་བ་ཡིན་པས། འདི་ལ་ཁྲག་མི་དབྱུང་ངོ། །དེ་ལ་མགོ་འདམས་པའི་ནད་ལ་ནི
་རླུང་གི་མགོ་ནད་གསོ་བ་ཐམས་ཅད་བྱ་སྟེ། སྲེག་པའི་ལས་ནི་མ་གཏོགས་སོ། །ཉེ་བའི་མགོ་ཞེས་བྱ་བའི་ཀླད་པའི་ནད་སྐྱེས་པའི་སྔ་རོལ་དུ་འམ་སྐྱེས་མ་ཐག་གསར་དུ་བྱུང་བ་ཡང་རུང་སྟེ། དེ་ལ་ནི་རླུང་ནད་གསོ་བའི་ཆོ་ག་བཞིན་བྱ་ལ། སྨིན་ནས་ནི་འབྲས་ནད་ཀྱི་གསོ་བ་ལྟར་བྱའོ། །མགོ
་ནད་ཐོར་བུ་དང། འབྲུ་བུ་ཅན་ལ་ནི་ཁོང་འབྲས་ཅུང་ཟད་སྨིན་པའི་ཆོ་ག་རྣམས་བྱའོ། །བ་ལ་ཏ་ཀ་ཞེས་པའི་མགོ་ནད་ལ་ནི་སྲིན་བུ་པདྨས་གཏར་ཏེ། ནིམྦའི་ཆུས་བླུགས་པར་བྱའོ། །སྟག་རྟུག་གི་ཁུ་བའི་ནད་བུ་ལན་ཚ་ཤས་ཆེར་བཏབ་སྟེ་བྱུག་གོ་།ཡང་ན་བ་ཏོ་ལ་དང། ནིམྦུའི་འོ་མ་
་འམ། ཡང་ན་ཡུན་བ་འམ། ཏིལ་གྱི་ཚིགས་མ་རྙིང་བ་དང། ཁྱིམ་བྱའི་རྟུག་པ་གཉིས་ལྷན་ཅིག་སྦྱར་བ་འམ། སྦྱོར་བ་གསུམ་བོས་གང་ཡང་རུང་བ་བ་གཅིན་དང། སྦྱར་བའི་ལྡེ་གུས་བསྐུས་ན་ཕན་ནོ། །རུ་རྟའི་ཕྱེ་མ་ཏིལ་མར་དང། སླ་ངའི་ནད་དུ་བརྡོས་ཏེ། མགོ་ནད་བ་ལ་ཏ་ཀ་ཞེས་བྱ་བ
་ལ་བསྐུས་ན། གཡའ་བ་དང། སྣགས་པ་དང། ཚ་འུར་འུར་པོར་འདུག་པ་དང། ནད་ཀྱིས་ཉམས་ཐག་པ་རྣམས་འཇོམས་སོ། །མ་ལ་ཏི་དང། ཙི་ཏྲ་ཀ་དང། ཀ་ར་བི་ར་དང། ཀ་རཉྫ་དང། དེ་རྣམས་ཏིལ་མར་དང། བསྐོལ་བས་སྐྲ་བྲེགས་པའི་འོག་ཏུ་བསྐུས་ན། བལ་ཀ་ད་ཞེས་པའི་ནད
་ཐམས་ཅད་སེལ་ཏོ། །དེ་ལྟར་བྱས་ཀྱང་མ་ཞིན་སློན་ལ་སོགས་པས་མགོ་ནད་དག་པར་བྱ་བ་ལ་འབད་པར་བྱའོ། །ཀླད་པའི་ནད་དང?་རུ་ན་ཀ་ཞེས་བྱ་བ་ནི་ཐོག་མར་དཔྲལ་བའི་རྩ་ནས་གཏར་ག་བྱས་ལ། མགོ་བཀྲུ་ཞིང་ཕྱི་བདར་ལ་སོགས་པའང་བྱའོ། །སྣ་ནད་དང་སྣའི་སྤུབས་བུའི་སྨན་ཡང
་བྱའོ། །པི་ལ་ཡའི་ས་བོན་དང། ཤིང་མངར་དང། རུ་རྟ་དང། མོན་སྲན་གྲེའུ་དང། ཡུངས་ཀར་དང། རྒྱ་སྐྱེགས་དང། དོང་གའི་ལོ་མ་དང། ཙཀྲ་མརྡྷ་དང། སྐྱུར་རུ་རའི་འབྲས་བུ་རྣམས་སྦྲང་རྩི་དང་ལྡོ་གུར་བྱུགས་ན་ཕན་ནོ། །ཁྲེ་རྒོད་ཀྱི་སོགས་མ་བསྲེགས་པའི་ཐལ་ར?་ཆུ་དང་སྦྱར་བས
་བསྐུས་ན་ཡང་ཕན་ནོ། །ཀླད་པའི་ནད་ཨིནྡྲ་ལུཔཏ་ཞེས་བྱ་བ་ལ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་ཁྲག་གཏར་བ་དང། ཞེས་ཞལ་བྱ་སྟེ། དེའི་འོག་ཏུ་ནག་ཚུན་དང། ལྡོང་རོད་དང། སྤངས་མ་དང། ན་ལེ་ཤམ་དང། འུ་སུ་དང། ཐང་ཤིང
་རྣམས་སམ། ཡང་ན་འོལ་མའི་འབྲས་བུ་དང། རྩ་བ་འམ། ཀ་ར་བི་རའི་རང་གི་ཁུ་བ་འམ། ཡང་ན་ཀཎྚ་ཀ་རིའི་རང་གི་ཁུ་བ་འམ། བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་ལང་ཏང་རྩེའི་འོ་མ་འམ། སྨན་གོ་བྱེའི་ཁུ་བ་འམ། ཡང་ན་ཏིལ་གྱི་མེ་ཏོག་དང།
་ཟེ་མ་མར་དང། སྦྲང་རྩི་དང་སྦྱར་བ་འམ། ཡང་ན་གླང་པོ་ཆེའི་སོ་བསྲེགས་ཏེ། སྣག་ཚར་བྱས་ལ། ཏིལ་མར་དང་སྦྱར་བ་འམ། སྦྱོར་བ་བརྒྱད་པོ་དེ་དག་ལས་གང་ཡང་བས་བསྐུས་ན་ཨིནྡྲ་ལུཔཏ་ཞེས་བྱ་བ་སྐྲ་འབྱི་བའི་ནད་ལ་ཕན་པའི་མཆོག་ཡིན་ནོ། །དེ་ལས་སྐྲ་དཀར་སྐྱེས
་པ་ལ་ནི་སྐྲ་བཞར་ལ་ལུག་གི་རྭ་གླང་པོ་ཆེའི་སོ་བཞིན་དུ་སྣག་ཚར་བྱས་ཏེ་བསྐུས་ལ། ཇི་སྲིད་སྐྲ་ནག་པོར་མ་སོང་གི་བར་དུ་ཆུ་བླུགས་པ་ལ་སོགས་པ་ཡང་སྤོང་ངོ། །སྤྱི་གཅེར་དང། སྐྲ་དཀར་དང། གཉེར་མ་དང། སྐྲ་སེར་པོར་གྱུར་ཅིང་སྐྱེས་པ་ལ་ནི་ཐོག་མར་སློན་ཁྲུས་ཀྱིས
་ལུས་སྦྱངས་ལ། སྣ་སྨན་གདོང་བ་དང་མགོ་རྣམས་སུ་བླུག་པ་རྣམས་ཡང་དག་པར་སྤྱད་པར་བྱ་སྟེ། བྲི་ཧ་སྟི་ལ་སོགས་པ་རྩ་བ་བཅུ་བ་ཏིལ་མར་དང། བསྐོལ་བའི་ཏིལ་གྱི་སྣ་སྨན་བླུགས་སོ། །ཡང་ན་ནིམྦའི་མར་གྱི་སྣ་སྨན་བླུགས་སོ། །ཡང་ན་ནིམྦའི་མར་གྱི་ཟླ་བ
་གཅིག་གི་བར་དུ་སྣ་སྨན་བླུགས་ཏེ། བཏུང་བ་འོ་མར་བླུད་དོ། །རམས་དང། ཤྲི་ཤ་དང། ཨེ་རཎྚ་དང། དེ་རྣམས་བྲིངྒ་ར་ཛའི་རང་གི་ཁུ་བའི་ནང་དུ་སྤངས་ཏེ། བླུགས་པ་འམ་ཡང་ན་ལུག་སྐྱག་འོ་མ་དང་བརྟགས་པའི་ལྡེ་གུས་ཤིང་ཨེན་ལུ་དང་ཁ་རུ་རའི་ཤིང་དང?
་ཏིལ་དང་ཟངས་མའི་ས་བོན་དང། ཀ་ཀ་ཏི་ས་བོན་རྣམས་ཆ་བསྙམས་ལ་བསྒོས་ཏེ་ཉི་མའི་འོད་ལ་བསྐམས་ལ། དེའི་འབྲུ་མར་བཙིར་ལ་ཕྱུང་སྟེ། མར་དེ་བཙོས་ནས་སྨན་དུ་བླུགས་པ་དང། མར་ཉི་ཚེ་ཐུངས་ན་སྐྲ་དཀར་མེད་པར་བྱེད་དོ། །ས་ཧ་ཙ་ར་དང། བྲིངྒ
་ར་ཛ་དང་བྱེའུ་རུག་པ་དང། དེ་རྣམས་རེ་རེའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། འོ་མ་སུམ་ཅུ་རྩ་གཉིས་དང། ཏིལ་མར་སྲང་བརྒྱད་དང། ཤིང་མངར་སྲང་གཅིག་གི་ཕྱེ་མས་བཏབ་སྟེ། བསྐོལ་ལ་མར་ལུས་པ་དང། རྡོའི་སྣོད་དག་ཤིང་ཨ་ས་ནིའི་སྣོད
་དམ། ལུག་གི་རྭའི་ནང་དུ་བཞག་སྟེ། སྣ་སྨན་དུ་བཏང་ན། སྐྲ་དཀར་ལ་ཕན་ནོ། །ཡང་ན་པ་ཡསསྱ་དང། ཀ་ན་བི་ར་གཉིས་འོ་མ་དང། བཏགས་ཏེ་སྐྲ་དཀར་ཕྱུང་བའི་རྗེས་ལ་བསྐུ་བར་བྱའོ། །དེ་བཞིན་དུ་སྐྲ་དཀར་འཇོམས་པའི་སྨན་གྱིས་བསྐུའོ། །བི་ལ་ཡང་དང། ཤིང
་མངར་དང། ཛི་བནྟིའི་སྡེ་ཚན་དང། ཏིལ་ནག་པོ་དང། ས་ནག་དང། འོ་མ་རྣམས་སྦྱར་བའི་ལྡེ་གུས་བསྐུས་ན་སྐྲ་སེར་བ་དང། གཉེར་མ་ཟངས་པར་བྱེད་དོ། །ཏིལ་དང། སྐྱུ་རུ་ར་དང། པདྨའི་གེ་སར་དང། ཤིང་མངར་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང། ལྡེ་གུར
་བྱས་ཏེ། མགོ་ལ་བསྐུས་ན་སྐྲ་འཕེལ་ཞིང་རྒྱས་པར་བྱེད་དོ། །སྤང་སྤོས་དང་རུ་རྟ་དང། ཏིལ་ནག་པོ་དང། ཐལ་ཏྲེས་དང། ཨུཏཔ་ལ་སྔོན་པོ་དང། དེ་རྣམས་བཏགས་ཏེ་འོ་མ་དང། སྦྲང་རྩི་དང་སྦྱར་བས་བསྐུས་ན་སྐྱེ་ཞིང་འཕེལ་བའི་མཆོག་ཡིན་ནོ། །ལྕགས་ཕྱེ་དང། བྲིངྒ་ར་ཛ
་དང། འབྲས་བུ་གསུམ་དང། ས་ནག་པོ་དང། དེ་རྣམས་ཀྱི་ཕྱེ་མ་བུ་རམ་ཤིང་གི་ཁུ་བའི་ནང་དུ་ཟླ་གཅིག་གི་བར་དུ་བཞག་ལ་དེ་ནས་མགོ་ལ་བསྐུས་ན། སྐྲ་རྩ་བ་དང་བཅས་པ་ནག་པོར་བྱེད་དོ། །སྲམ་ཤ་དང། ཁྲེ་རྒོད་དང། འབྲས་རྩ་བས་དང། ནས་ཐུགས་དང། ལྕགས
་ཕྱེ་དང། དེ་རྣམས་ཚ་བ་སྐྱུར་པོའི་ནང་དུ་ཞག་གསུམ་སྤངས་ཏེ་མེ་མགོ་ལ་བསྐུས་ན། བྱ་དཀར་ཡང་མདོག་ནག་བྱེད་ན། སྐྲ་ལྟ་སྨོས་ཀྱང་ཅི་དགོས། པི་པི་ལིང་དང། པྲ་པུཎྚ་རཱི་ཀ་དང། ཤིང་མངར་དང། ཙན་དན་དང། ཨུཏཔལ་དང། དེ་རྣམས་ཀྱི་ཕྱེ་མ་སྐྱུ་རུ་རའི་ཁུ་བ་དང།
་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ན་སྨན་དང་བསྐུ་བྱུག་ཏུ་བསྟེན་ན། ཀླད་པའི་ནད་ཐམས་ཅད་དང། སྐྲ་དཀར་མེད་པར་བྱེད་དོ། །ཉེའུ་ཤིང་དང། ཛི་བནྟིའི་ཁ་བ་དང། འོ་མ་དང། སྣུམ་གཉིས་ལྷན་ཅིག་བསྐོལ་ཏེ། འོ་མ་དང། མར་ལུས་པའི
་ནང་དུ་འཚོ་བྱེད་སྡེ་བཅུའི་སྨན་གྱི་ཕྱེ་མས་བཏབ་པ་ཡང་བསྐོལ་ཏེ། མར་ལུས་པས་སྣར་བླུགས་ན། ནམ་ཚོད་ཡན་ཆད་ཀྱི་ནད་སེལ་བར་བྱེད་དོ། །རྨ་བྱའི་སྒྲོ་དང། མཁྲིས་པ་དང། རྒྱུ་མ་དང། རྐང་དང། རྟུག་པ་དང། མཆུ་དང་དེ་དག་པོ་ར་བའི
་ཤ་ཉི་ཚེ་དང། རྩ་བ་བཅུ་པ་དང། བ་ལ་དང། རྭ་སྣ་དང་ཤིང་མངར་དང། སྨན་དེ་རྣམས་སྲང་བཅུ་དང། གསུམ་གསུམ་རྣམས་ཆུ་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་གཉིས་དང། དེའི་བཞི་འགྱུར་གྱི་འོ་མ་དང། ཛི་བནྟི་དང།
་འབྲས་བུ་གསུམ་དང། མེ་ད་དང། རྒུན་འབྲུམ་དང། པ་རུ་ཤ་ཀ་རྣམ་གཉིས་དང། སང་མང་ག་དང། དབྱི་མོ་དང། ག་བྲའི་རྩ་བ་དང། ཏཾ་བལ་དང། སུ་ཏི་ཀ་དང། །བ་སལ་ཕྲེའུ་དང། མ་ཧཱ་མེ་ད་དང། ཤིང་ཏྲ་ལ་དང། བྲ་གོ་དང། པདྨའི་རྩ་ལག་དང། ཁརྫུ་རའི་རྩ་བ
་དང། ཤིང་མངར་དང། ཛི་བ་ཀ་དང། ཉིའུ་ཤིང་དང། བྱི་ད་རི་དང། བུ་རམ་ཤིང་དང། བྲི་ཧ་སྟི་དང། ཐལ་ཏྲེས་རྣམ་གཉིས་དང། བུ་རམ་ཤིང་དང། མུརྤ་དང། གཟེ་མ་དང་ཟངས་རྩི་བ་དང། ཤིང་ག་ཏ་ཀ་དང། རྒུན་འབྲུ་གོ་སྟན་དང། ར་སྣ་དང། ཉི་ར་དང། བཅའ་
་བ་དང། སུག་སྨེལ་དང། ཟུར་བ་དང། བ་ནུ་དང། བ་སྤྲ་བ་དང། ཅུ་གང་དང། བུ་ཚང་རྔོ་དང། བྱི་ཚེར་བ་དང། མེ་ཏོག་མ་དུ་ཀ་དང། སྟར་ཀ་དང་བཱ?་དྷྲ་མདང?་མུཉྫ་ཏ་ཀ་དང། ཤྲི་ཤི་དང། དེ་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་བཏབ་ལ་བསྐོལ་ཏེ་མར
་ལུས་པ་ནི་རྨ་བྱ་ཆེན་པོའི་སྨན་མར་ཞེས་བྱ་སྟེ་ཡོན་ཏན་གོང་མ་བས་ཆེ་སྟེ། ལུས་ཟུངས་བརྟས་ཤིང་དབང་པོ་གསལ་བར་བྱེད་པ་དང། སྐད་འགགས་པ་དང། ལུད་བ་དང་དབུགས་མི་བདེ་བས་ཉམས་ཐག་པ་འཇོམས་ཏེ། དེ་བཞིན་དུ་ཟླ་མཚན་ཟག་པ་དང།
་ཁུ་ཆུའི་སྐྱོན་ལ་རབ་ཏུ་བསྔགས་ཏེ། ནད་མེད་ཅིང་མ་ཤམ་ལ་ཡང་བུ་སྟེ་ར་བར་བྱེད་དོ། །དེ་བཞིན་དུ་བྱི་བ་དང། ཁྱིམ་བྱ་དང། ངང་བ་དང། རི་བོང་དང། དེ་རྣམས་གང་ཡང་རུང་བ་རེ་རེ་ནས་རྨ་བྱའི་ཆོ་ག་བཞིན་དུ་མ་ལུས་པར་བྱས་ན་ཕན་ཡོན་དེ་དང་འདྲའོ
་དེ་ལྟར་ན་ནམ་ཚོད་ཡན་ཆད་ཀྱི་ནད་ཉིས་བརྒྱ་སུམ་ཅུ་སོ་གཅིག་པོ་ཕན་ཚུན་མ་འདྲེས་པར་རྒྱ་ཆེར་བཟའ་བ་ཡིན་ནོ། །སྐྱེས་བུ་རྣམས་ཀྱི་ལུས་ཀྱི་རྩ་བ་ནི་མགོ་བོ་ཡིན་ལ་ཡན་ལག་གཞན་རྣམས་ནི་ཡལ་ག་ལྟ་བུ་ཡིན་ནོ། །ཞེས་དྲང་སྲོང་རྣམས་སྨྲ་སྟེ། དེའི་ཕྱིར་མགོ་བ་
་ལུས་ཀྱི་རྩ་བ་ལྟ་བུ་ལ་མཚོན་དང་ནང་ལ་སོགས་པས་གནོད་པར་གྱུར་ན། མྱུར་དུ་གསོ་བ་བྱ་བ་ཅེས་སོ། །དབང་པོ་རྣམས་ཀྱི་སྲོག་ཀྱང་མགོ་ལ་བརྟེན་ཏེ་གནས་པས། དེས་ན་ཡན་ལག་གི་དམ་པ་མགོ་བོ་བསྲུང་བ་ལ་འབད་པར་བྱའོ། །མགོ་བོའི་ནང་གསོ་བའི་ལེའུ་སྟ
་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།ནམ་ཚོད་ཡན་ཆད་ཀྱི་ནད་གསོ་བའི་རྒྱུད་བཤད་ཟིན་ཏོ། །དེ་ནས་རྨ་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་རྨ་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་བ་དང། བློ་བུར་དུ་འབྱུང་བ་གཉིས་སོ། །དེ་ཡང་རྨ་རེང་བ་དང། རྨ་རེང
་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་ལྷན་ཅིག་སྐྱེས་པའི་རྨ་ནི་ནད་གཞིའི་དབང་གིས་ལུས་ལས་སྐྱེས་པའོ། །བློ་བུར་དུ་བྱུང་བའི་རྨ་ནི་ཕྱི་རོལ་གྱིས་མཚོན་ལ་སོགས་བ་ཕོག་པ་ལས་བྱུང་བའོ། །དེ་ལ་རྨ་རེང་པ་ནི་ནད་གཞི་དང་བཅས་པ་སྟེ། མ་རུངས་པའོ། །རྨ
་མ་རེང་བ་ནི་དག་པ་སྟེ། ནད་གཞི་དང་མི་ལྡན་པའོ། །ནད་གཞི་རྣམས་དང། བྲག་འདྲེས་ཏེ། རྨ་རེང་པའི་མཚན་མ་ཕག་ཆེ་ལ་ཁ་ཆུང་བ་དང། ཡང་ན་ཁ་ཆེ་ཕག་ཆུང་བ་དང། རྨ་སྲ་ཞིང་རྡོ་འདྲ་བ་དང། ཡང་ན་ཤིན་ཏུ་དང། ཤིན་ཏུ་ཟབ་པ་དང། ཡང་ན་རྨ་མཐོ་བ་དང།
་རྨ་ཤིན་ཏུ་གྲང་བ་འམ། ཡང་ན་ཤིན་ཏུ་དྲོ་བ་དང། མདོག་དམར་ལ་དབལ་སྐྱེ་བ་དང། རྣག་དང་ཆུ་སེར་འཛག་པས་ལུས་ཟད་པ་དང། རྣག་དང། ཤ་དང། རྒྱུས་པ་དང། རྨས་རྩ་གཡོག་པ་དང། རྨ་མཆེད་ཅིང་རབ་ཏུ་ན་བ་དང། ཚ་བ་དང། སྐྲངས་པས་རབ་ཏུ
་ན་བ་དང། གཡའ་བ་ལ་སོགས་པའི་བརླ་བརྙན་དེ་དག་དང་ལྡན་ན་ཡུན་རིང་པོར་རྨ་འཚོ་དཀའ་བ་ཡིན་ཏེ། བཅོ་ལྔ་པོ་དེ་དག་ནི་རྨ་མ་རུངས་པའི་རྟགས་སོ། །རླུང་ལས་གྱུར་པའི་རྨའི་མཚན་མ་ནི་རྨ་མདོག་རྩ་གནག་ཅིང་འབྱར་བ་དང། ཐལ་བ་དང།
་ཐི་བ་དང། རུས་པའི་མདོག་ཏུ་སྣང་བ་དང། རྨའི་ནང་ནས་ཞོ་ག་ཆུ་དང། ཤ་བཀྲུས་པའི་ཆུ་དང། འདྲ་བ་གླན་ཏེ། ཉུང་ངུར་འབྱུང་བ་དང། ཤ་ཟད་ཅིང་ཤིན་ཏུ་ན་ཞིང་ཟུག་པ་དང། རྩུབ་ཅིང་འགགས་པ་ཡིན
་ནོ། །མཁྲིས་པ་ལས་གྱུར་པའི་རྨའི་མཚན་མ་ནི་རྨ་མྱུར་དུ་སྨིན་པ་དང། རྨའི་མདོག་སེར་བ་དང། སྔོ་བ་དང། སེར་སྐྱ་དང། ཁམ་པར་འདུག་པ་དང། གཅིན་གྱི་མདོག་ཏུ་འདུག་པ་དང། རྒྱ་སྐྱེགས་ཤིང་གི་ཁུ་བ་ལྟ་བུ་དང། ཐལ་ཆུ་ལྟ་བུ
་དང། ཏིལ་མར་ལྟ་བུའི་ཆུ་སེར་ཚ་བ་མང་དུ་འབྱུང་བ་དང། རྨ་ཁ་ཐལ་སྨན་གྱི་བཏབ་པ་འམ། ཁབ་ཀྱིས་བཙགས་པ་བཞིན་དུ་ན་ཞིང་དམར་ལ་ཚ་ཞིང་སྨིན་པ་དང་ལྡན་པའོ། །བད་ཀན་ལས་གྱུར་པའི་རྨའི་མཚན་མ་ནི་མདོག་སྐྱ་བ་དང།
་གཡའ་བ་དང། ཆུ་སེར་དཀར་ཞིང་སྐ་བ་མར་དུ་འཛག་པ་དང། རྨའི་ཐོན་འཁོར་མཁྲང་ཞིང་མཐོན་པོར་འདུག་པ་དང། རྒྱུས་པ་དང། རྩའི་དྲ་བ་སྣང་ཞིང། ཟུག་གཟེར་ཆུང་བ་ཡིན་ནོ། །ཁྲག་ལས་གྱུར་པའི་རྨའི་མཚན་མ་ནི་བྱུ
་རུའི་མདོག་ལྟར་ཤིན་ཏུ་དམར་བ་དང། ཆུ་སེར་ཁྲག་དང་བཅས་པར་འཛག་པ་དང། རྟའི་གནས་ཀྱི་དྲི་ལྟར་བྲོ་བ་དང། གཞན་ཡང་མཁྲིས་པའི་རྨའི་མཚན་མ་ཡང་འདིར་སྦྱར་རོ། །ནད་གཞི་གཉིས་འདུས་པ་ལས་གྱུར་པའི་རྨ་དང།
་གསུམ་འདུས་པ་ལས་གྱུར་པའི་རྨའི་མཚན་མ་ཡང་གང་དང་གང་འདུས་པ་དེ་དག་དེའི་མཚན་མ་འདྲེས་ན་བརྟགས་ཏེ་ཤེས་པར་བྱའོ། །རྨ་དག་ཅིང་མ་རེད་དེ་གནོད་པར་བྱེད་པའི་མཚན་མ་ནི་ལྕེའི་མདོག་འདྲ་བས་འཇམ་ཞིང་གཉེན་པ
་དང། རྨའི་ཐོན་འཁོར་སྐྱ་ན་ར་འདུག་པ་དང། འབྲུམ་འཕྲན་སྙམ་དུ་འབྱུང་བ་དང། ཡང་ན་རྨའི་དབུས་སུ་ཆུང་ཞིང་མཐོ་བ་འབྱུང་བ་རྣམས་ཡིན་ནོ། །པགས་པ་དང། ཤ་དང། རྩ་དང། རྒྱུས་པ་དང། ཚིགས་པ་དང། རུས་པ་དང། ནང་གྲོལ་དང། གནད
་དང། བརྒྱད་པོ་དེ་རྣམས་སུ་ཁ་འབྱུང་བ་ནི་གསོ་དཀའ་བ་ཡིན་ཏེ། དེ་ཡང་གོ་རིམ་བཞིན་དུ་འོག་མ་འོག་མ་གསོ་དཀའ་ཨོ། །སྐྱེས་བུ་སྙིང་སྟོབས་ཆེ་ཞིང་ཕོག་སྙ་དང་ལྡན་པ་དང། ཤ་ཆེ་ཞིང་མེའི་དྲོད་དང་ལྡན་པ་དང། ལང་ཚོ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ
་དང། རྨིའི་སྒོས་ཟླུམ་བ་དང། དཀྱུས་རིང་བ་དང། ཟུར་གསུམ་དང། ཟུར་བཞི་ཡོད་པ་དེ་ནི་གསོ་སླ་བ་ཡིན་ནོ། །དེ་བཞིན་དུ་དཔྱི་དང། རྐུ་བ་དང། ཕོ་མཚན་དང། མཆུ་དང། རྒྱབ་ཀྱི་སྒལ་ཚིགས་དང། རྒྱབ་ཀྱི་གཞུང་དང། ཁ་དང་མཁུར་ཚོས་སུ་རྨ་བྱུང་བ་ཡང
་གསོ་སློའོ། །རྨ་གསོ་དཀའ་བ་ནི་མིག་དང། སྙིང་དང། སྣ་དང། མིག་འགྲམ་དང། ལྟེ་བ་དང། ཕོ་མཚན་དང། རྐུབ་ཀྱི་བར་བྲེང་བྲེང་པོ་དང། ལྟོ་བ་དང། རྣ་བ་དང། རྩིབ་ལོགས་དང། མཚན་བར་དང། ནུ་མ་རྣམས་སུ་བྱུང་བའི་རྨ་དང། རྨའི་ནང་ནས་དབུ་བ་དང། ཆུ
་སེར་དང། རྣག་དང། རླུང་འབྱུང་ཞིང་ཟུག་ངུ་དང་བཅས་པ་དང། སྟོང་དུ་སྐྱུག་པ་དང། མཚན་བར་རྡོལ་བ་དང། གདོང་གི་ནང་དུ་འབྱུང་བ་དང། རྐེད་པ་དང། རུས་པ་ལ་བརྟེན་པ་ལ། མཛེ་ནད་ཅན་ལ་རྨ་བྱུང་བ་དང། དུག་བསྟེན་པ་དང། ལུས་སྐེམ་པ་དང། གཅིན་ནད
་སྦྲང་རྩི་ལྟ་བུས་བཏབ་པ་དང། དེ་རྣམས་ལ་རྨ་བྱུང་ན་གསོ་དཀའ་བ་ཡིན་ཏེ། འཚོ་བར་ཡང་དཀའ་ཨོ། །གང་ཡང་རྨའི་སྟེང་དུ་རྨ་འབྱུང་བ་དང། ཤུ་བ་ཆེན་པོའི་ནང་དང། རིགས་དང། ཚད་བར་འཁྲུ་བ་གང། ལུད་པ་ལུ་བ་དང། སྐོམ་དང་ཆེ་བ་དང། གཉིད་མེད
་པ་དང། དབུགས་མི་བདེ་བ་དང། རྨ་སྣགས་མི་ཤེས་པ་དང། ཀླད་པའི་སྲུབས་བྱེ་ཞིང་ཀླད་རྒྱས་སྣང་བ་དང། རྒྱུས་པ་རུལ་པ་དང། རྩ་ཆད་པ་དང། རྨ་ཕུགས་རིང་པ་དང། སྲིན་བུས་ཟོས་པ་དང། རུས་པ་ཆད་པ་དང། ཟུག་རྔུ་དང། དུག་བཅས་པ་དང། རྨ་རྟགས་པ
་དང། ལོག་པར་བཅིངས་པ་དང། སྣུམ་ཤས་ཆེ་བ་དང། རྩུབ་པ་དང། རྨའི་ནང་དུ་སྤུ་ལ་སོགས་པ་ཞུགས་པ་དང། འགུལ་སྐྱོད་མངས་པ་དང། ཁོང་པ་མ་དག་པ་དང། འདྲངས་ཆེས་པ་དང། ལུས་རབ་ཏུ་རྫུད་པ་དང། ཆང་མང་དུ་འཐུངས་པ་དང། ཉིན་པར
་གཉིད་ལོག་པ་དང། ཉལ་པོ་བསྟེན་པ་དང། མཚན་མོ་གཉིད་མ་ལོག་པ་དང། རྨའི་ཆོ་ག་ལོག་པ་བྱས་པ་དང། འདི་རྣམས་སྤྱད་ན་ནི་གསོ་བ་བྱས་ཀྱང་མི་འགྲུབ་པོ། །གང་གི་རྨའི་མདོག་ཐམ་པའི་མདོག་ཏུ་འདུག་པར་གནང་གི་རྣག་ཟད་པ་དང། ཤ
་བུ་ཕྲ་མོ་བརྟན་པར་འབྱུང་བ་ནི་མྱུར་དུ་འཚོ་བར་འགྱུར་རོ་ཞེས་བཤད་དོ། །གལ་ཏེ་རྨ་སྐྲང་བ་ལྟ་ན་ནད་གཞི་ཇི་ལྟ་བ་བཞིན་དུ་སློན་ཁྲུས་ཀྱིས་སྤྱང་བར་བྱ་སྟེ། ལུས་དག་ནས་དེའི་འོག་ཏུ་སྨན་གྱི་སྦྱོར་བ་བྱས་ན། མྱུར་དུ་འཚོ་བར་འགྱུར་རོ། །ཅི་སྟེ་རྨ་སྐྲངས
་པར་གྱུར་ན་ནི་རྒྱུན་དུ་བསིལ་བའི་ཆོ་ག་བྱ་སྟེ། ཇི་ལྟར་སྐྱེས་བུ་མེས་ཚིག་པ་ལ་ཡང་མེ་དེ་ཉིད་བདུགས་པས་ཕན་པ་བཞིན་དུ། གང་གི་རྨ་སྐྲང་ཞིང་མཁྲང་ལ་མདོག་འགྱུར་ཅིང་ན་བ་དང་བཅས་ལ། དུག་དང་ལྡན་པ་ལ་ནི་ཁྱད་པར་སྲིན་བུ་པདྨ་ལ་སོགས་པས་ཁྲག
་དབྱུང་ངོ། །དེ་ལྟར་ཁྲག་ངན་དང་འབྲལ་བར་ལྟ་ན་དེ་མ་ཐག་སྐྲང་བ་དང། མདོག་དམར་བ་དང། ཟུག་གཟེར་ཞི་བར་བྱེད་དོ། །དེ་ལྟར་ཁྲག་ཕྱུང་བཞིན་དུ་སྨན་བསིལ་བའི་ནུས་པ་དང། ལྡན་པ་དག་ཅི་ཙམ་དུ་གཏགས་པ་འོ་མ་དང། བུ་རམ་ཤིང་གི་ཁུ་བའི
་ནང་དུ་མར་ལན་བརྒྱ་སྤུས་པའི་མར་དང་ལྡན་པར་བྱས་ནས་བསྐུས་ལ། སྔ་མ་མ་སྐམས་པར་ཕྱིས་ཀྱང་བསྐུས་ལ་ཞག་རེ་དེ་ལྟར་བྱའོ། །དེ་ལྟར་བྱ་བ་ཡང་བསྐུ་བའི་ཞག་ལ་སྦྱར་གྱི་སྦྱར་ནས་ཞག་ལོན་པ་མི་རུང་ངོ། །བྱུག་པ་དང། བླུགས་པ་དང། བསྐུ་བ་ལ་སོགས་པ
་ཡང་འཕྲལ་ལ་བྱས་པ་ཕན་གྱི་རྙིངས་པ་མི་ཕན་ནོ། །ནྱ་གྲོ་དྷ་དང། ཨུ་དུམྦ་ར་དང། ཨ་ཤྭཏྠ་དང། པལཀྵ་དང། ལུང་མ་དང། འདི་རྣམས་ཀྱི་ཤུན་ལྤགས་བཏགས་པའི་ཕྱེ་མ་མར་དང་ལྡེ་གུར་སྦྱར་བས་བསྐུས་ན། སྐྲངས་པ་སེལ་བའི་མཆོག་ཡིན་ནོ། །རླུང་ལས་གྱུར་པའི
་སྐྲངས་པ་མཁྲང་ཞིང་སྲ་བ་ཟུག་གཟེར་ཆེ་ཞིང་ཁྲག་འཛག་བཞིན་དུ་རྨ་སྐྲང་ཞིང་ན་བ་འདི་ལྟ་བུ་ལ་ནི། དུགས་དང་གཤེར་སའི་ཤ་ལས་གཡོས་སུ་བྱས་པའི་ཟས་དང། ཟར་མ་དང། ཏིལ་མར་དང་བསྔོས་ཏེ། འོ་མ་དང། བཏགས་ལ་བསྐུས་ན། རྨ་ན་ཞིང་ན་ལ་སྐྲང་བ
་ཚབས་ཆེ་བ་ཡང་སེལ་ཏོ། །བད་ཀན་དང་རླུང་གིས་རྨ་སྐྲངས་པ་ལ་ནི་སྲ་ལ་བརྟན་ཞིང་ཟུག་གཟེར་ཆུང་བ་ཡིན་ཏེ། ང་ལ་ནི་བད་ཀན་དང་རླུང་འཇོམས་པའི་སྨན་དང། སྦྱར་བའི་སྣུམ་གྱིས་སྐུ་བྱུག་བྱ་སྟེ། དེའི་འོག་ཏུ་འོད་མའི་སྤུ་གུ་ནས་རིམ་གྱིས་དུགས་བྱས་ལ་དེའི་འོག་ཏུ
་སྐྲང་བ་སྙི་བར་བྱ་བའི་ཕྱིར་ལག་པའི་མཐིལ་ལམ་མཐེ་བོས་མཉེ་བར་བྱའོ། །དེའི་འོག་ཏུ་ནས་དང། གྲོ་དང། མོན་སྲན་སྡེའུ་རྣམས་བསྐོལ་ཏེ་བཏགས་པའི་ལྡེ་གུས་བསྐུས་ན་ཡང་སྐྲང་བ་སྙི་བར་འགྱུར་རོ། །དེས་ཀྱང་ཞི་བར་མ་གྱུར་ན་དུགས་བྱའོ། །དེ་ལ་རྨ་མ་སྨིན་ན་ནི
་ཞི་བར་འགྱུར་ལ། སྨིན་ན་ནི་དེ་ལྟ་མ་ཡིན་ནོ། །དེ་ལ་དུགས་དང། རྒྱ་ཤུག་དང། ཏིལ་དང་ཟར་མ་དང། རྒྱམ་ཚ་དང། ཕབས་དང། རུ་རྟའི་ཕྱེ་མ་དང། སྐྱུར་པོ་དང་སྦྱར་བའི་ཟན་དྲོན་གྱི་གླན་པའི་དུགས་བྱས་ན་རབ་ཏུ་བསྔགས་སོ། །ལེགས་པར་སྨིན་ན་ནི་སྐྲང་བའི་ཕྱོགས་གཅིག
་ཏུ་མཐོན་པོར་འདུས་པར་འགྱུར་ཏེ། དེ་ལ་ནི་ཅི་རིགས་པར་བཙིར་རོ། །ཤིན་ཏུ་གཞོན་པ་འམ་སྐྱིད་དེ་བདག་དྲག་ཏུ་བཙིར་བ་ལ་སོགས་པའི་ལས་མི་བཟོད་པ་ལ་ནི་གུ་གུལ་དང། ཟར་མ་དང། བ་བླ་དང། ཙང་སྨན་ཁྲོམ་བུ་དང། ཐའི་རྟུག་པ་དང། ཐལ་སྨན་གྱིས་སྨན་རྣམས་ཀྱིས
་སྐྲངས་པ་སྨིན་པ་ལ་རང་རྟོལ་དུ་གཞུག་གོ་།རྨ་ནང་དུ་འཁྱིམས་ཏེ་ཕྱིར་བྱུང་དུ་མ་འདོད་ན། ཕན་ཚུན་མཆེད་པར་རྒྱུ་ཞིང་གནས་རྣམས་སུ་ཞུགས་པ་ལ་ནི་སྣུམ་མེད་སྨན་གྱིས་རྣག་དབྱུང་བའི་ཕྱེད་དུ་རྨ་ནང་དུ་བཀྲུས་ལ་རྣག་འཇིབ་ཏུ་གཞུག་གོ་།རྨ་སྐམས་པར་གྱུར་ན་ནི་འཇིག
་སྨན་དང། སྨན་གྱིས་བསྐུ་བ་རྣམས་སྤང་བར་བྱའོ། །འཇིབ་སྨན་དང་བྱུག་པ་དེ་དག་ཀྱང་རྨ་ཁར་མི་བསྐུ་སྟེ། སྦྱོར་བ་དེ་དག་བྱས་ན་མཉེས་པ་རྣམས་མི་འབྱུང་ངོ། །དེ་ལ་འཇིབ་སྨན་ནི་བོད་སྲན་དང། ནས་དང། གྲོ་དང། མོན་སྲན་གྲེའུ་དང། སྡེའུ་དང། བྲ་པོ་དང། གཞན
་ཡང་སྨན་ཅི་བག་ཅན་རྣམས་ལྷན་ཅིག་སྦྱར་ལ་འཇིབ་རྩི་བྱའོ། །གཅིན་ནད་དང། མཛེ་ནད་ཀྱི་སྨན་ཚབས་ཆེར་རེང་བ་ལ་ནི་བྱིའུ་རུག་པ་དང། དོང་ཀའི་སྡེ་ཚན་གཉིས་ཀྱི་དང་པོའི་སྨན་བདུན་བདུན་སྐོལ་བའི་ཁུ་བས་རྨ་བཀྲུ་བར་བྱའོ། །ཡང་ན་པ་ཏོ་ལ་དང། ནིམཔའི
་འོ་མ་བསྐོལ་བས་བཀྲུའོ། །རྨ་དག་པ་ཡང་རུང་མ་དག་པ་ཡང་རུང་སྟེ། དེ་ལ་ནི་ནྱ་གྲོ་དྷ་ལ་སོགས་པ་གོང་དུ་བསྟན་པའི་སྨན་ལྔའི་ཤུན་ལྤགས་བསྐོལ་བའི་ཁུ་བས་རྨ་བཀྲུ་བར་བྱའོ། །ཡང་ན་པ་ཏོ་ལ་དང། ཏིལ་དང། ཤིང
་མངར་དང། དུར་བྱིད་དང། དནྟི་དང། སེར་པོ་རྣམ་གཉིས་དང། ནིམཔའི་ལོ་མ་དང། རྒྱམ་ཚ་དང། འདི་རྣམས་སྦྱར་བའི་ལྡེ་གུས་བསྐུས་ན་རྨ་སྦྱོང་བར་བྱེད་དོ། །རྨ་ཁ་ཚིགས་དང་གནད་རྣམས་སུ་བྱུང་བ་ལ་ནི་དུར་བྱིད་དང་དནྟི་དང། ལངྒ་ལི་དང། རྒྱམ་ཚ
་དང། སྦྲང་རྩི་རྣམས་སྦྱར་བའི་ཆང་བུ་ཕྲ་མོ་བྱས་ཏེ། རྨ་ནང་དུ་གཅུག་ན་རྨ་སྤྱོད་པར་བྱེད་དོ། །རླུང་གི་རྨ་ཟུག་གཟེར་དྲག་པོ་དང་བཅས་ཤིང་རྣམ་ཁྲག་འཛག་པ་ལ་ནི་ནས་དང། གྲོ་དང་མོཏསྩ་ར་དང། ཤྲི་བེཥྚ་དང། ཐང་ཤིང་དང་མར་དང་བཅས་པའི་རུང་པས
་བདུག་གོ་།ཁྲག་དང་མཁྲིས་པ་ཤས་ཆེ་བའི་རྨ་ལ་ནི་ཤིན་ཏུ་བསིལ་བའི་ནུས་པ་དང་ལྡན་པའི་སྨན་གྱིས་བསྐུའོ། །རྨ་ཁ་སྐམས་ཤིང་ཤ་བྲི་ལ་རྨ་བྲབ་པ་ལ་ནི། ཤ་སྐྱེད་པའི་སྨན་བྱ་སྟེ། དེ་ཡང་ནྱ་གྲོ་དྷ་དང། ཤུག་པའི་སྡེ་ཚན་དང། ཨ་ཤྭ་གནདྷ་དང
་བ་ལ་དང། ཏིལ་དང་དེ་རྣམས་ཀྱིས་བསྐུ་བ་དང། ཤ་ཟ་བའི་སྲོག་ཆགས་ཀྱི་ཤ་ཆོ་ག་བཞིན་དུ་གཡོས་སུ་བྱས་ཏེ། ཟོས་ལ་ཤ་སྐྱེད་དེ་སེམས་ཀྱང་དྲི་མ་མེད་པར་བྱའོ། །རྨ་ཁའི་ཤ་གསར་པ་ཕྱིར་འབུར་ཞིང་གློ་བ་ལ་ནི་སྲི་ཤིང་གི་མེ་ཏོག་དང།
་ནག་ཚུར་དང། ལྡོང་རོས་དང། བ་བླ་དང། གུ་གུལ་དང། ཀྲུ་དྲུག་ཏྲེས་དང། འདི་རྣམས་ཀྱི་ལྡེ་གུས་བསྐུས་ན་ཕན་ནོ། །གལ་ཏེ་ཤ་མཐོན་པར་མཐུག་ཅིང་སྲ་ལ་གཡའ་ཞིང་ཡུན་རིང་བ་ནས་འཚོ་བ་ལ་ནི་ཐལ་སྨན་གྱི་ལས་ཀྱིས་གསོ་བར་རོ་བྱའོ། །རྡེའུ
་འབྱིན་པའི་རྨ་ལས་གཅིན་འབྱུང་བ་དང། ཚིགས་སུ་བཅད་པ་རྣམས་ལ་ནི་མདོའི་གནས་སུ་ཇི་སྐད་བསྟན་པའི་ཆོ་ག་རྣམས་བྱའོ། །རྨའི་ཆོ་ག་ཚུལ་བཞིན་བྱས་ཀྱང་མི་འགྲུབ་པ་ལ་ནི་མེའི་ལས་རྣམས་བྱའོ། །དེ་ལྟར་རྨའི་ཁའི་ཤ་གློན་པ་ལ
་སོགས་པའི་ཆོ་ག་གོང་དུ་བསྟན་ནས། ད་ནི་རྨ་འཚོ་ཞིང་འདྲུབ་པར་བྱ་བའི་སྨན་སྦྱར་བར་བྱ་སྟེ། ཨ་ཤྭ་གནདྷ་དང་གསེང་ཕྲོམ་དང། ཀཏཔ་ལ་དང། ཤིང་མངར་དང། བཙོད་དང། ད་ཏ་ཀའི་མེ་ཏོག་དང། འདི་རྣམས་ཀྱི་ཕྱེ་མ་སྦྱར་ན་རྨ་འཚེ་བར་བྱེད་པའི་མཆོག
་ཡིན་ནོ། །རྨ་མ་སྨིན་པ་དང། རྨ་ཁའི་ཤ་རུལ་ཅིང་འདྲུབས་སུ་མི་འདོད་པ་ལ་ནི་སྨན་ཁ་བ་དང། མངར་པ་བསྐོལ་བའི་ནད་དུ་ཏིལ་མར་དང། ཤིང་མངར་གྱི་ཕྱེ་མ་བཏབ་སྟེ། སྣུམ་དང་ལྡན་པ་དྲོ་འཇམ་ཙམ་གྱིས་བསྐུས་ན། རྨ་འདྲུབ་པར་འགྱུར་རོ། །གོང
་མའི་སྦྱོར?་བ་དེའི་སྟེང་དུ་ནི་ནིམཔའི་ལོ་མ་དང་སྦྲང་རྩི་སྦྱར་སྟེ་བསྐུས་ན། རྨའི་ཆོ་ག་སྦྱངས་པའི་མཆོག་ཡིན་ནོ། །ཡང་ན་སྦྱོར་པ་དེ་གཉིས་ཞུན་མར་དང་བཅས་པས་བསྐུས་ན་ཡང་རྨ་མྱུར་དུ་འཚོ་བར་བྱེད་དོ། །གང་དུ་ཏིལ་མེད་པའི་གནས་སུ་ནས་ཀྱི་སྐྱིན་པ་བྱའོ།
་ཞེས་དེ་ཉིད་རིག་པའི་སྨན་པ་རྣམས་འདོད་དོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་རྨ་དང། རྨ་དུག་ཅན་དང། བློ་བུར་དུ་བྱུང་བའི་རྨ་དང། ཟབས་སུ་སོང་བའི་རྨ་དང། ཚ་བ་དང་བཅས་པའི་རྨ་ལ་ནི་མར་འོ་མ་དང། རྨ་འཚོ་བའི་སྨན་དང། ལྷན་ཅིག་སྦྱར
་ཏེ། བཏད་ན་རྨ་འཚོ་བར་འགྱུར་རོ། །བད་ཀན་དང་རླུང་ལས་གྱུར་པའི་རྨ་ལ་ནི་རྨ་སྨན་བསྐོལ་བའི་ནང་དུ་ཏིལ་མར་དང་སྦྱར་བ་བཏང་ན། རྨ་འཚོ་བར་འགྱུར་རོ། །ནག་ཚུར་བྱ་བ་ལ་མ་དང་གསེར་ཕྲོམ་དང། ཨ་རུ་ར་དང། སྲ་རྩི་པོག་དང། དངུལ་རྡོ་དང། སྤངས
་མ་དང། འདི་རྣམས་ཀྱི་ཕྱེ་མ་པོ་སོན་ཆ་དང། ཏིལ་མར་དང་བཅས་པ་བཏང་ན་རྨ་འཚོ་བའི་མཆོག་ཡིན་ནོ། །རྨ་ཁ་མཉམ་བ་དང། རྨའི་ཤ་བསྟན་པ་དང། པགས་པ་ལ་རྨ་བྱུང་བ་ལ་ནི་ཀ་ཀུམ་དང། ཨུ་དུམྦ་ར་དང། ཨ་ཤྭཏྠ་དང། ཤིང་འཛམ་བུ་དང།
་ཀཏཔ་ལ་དང། གསེང་ཕྲོམ་དང། འདི་རྣམས་བཏགས་པའི་ཕྱེ་མས་བཏབ་ན་ཡང་འདད་པ་ཡིན་ནོ། །རྨ་ཁ་གསར་པ་པགས་པ་དང། ཤེ་པུ་སྐྱེར་མི་འདོད་པ་ལ་ནི། ཀ་ཀུ་བ་ལ་སོགས་པ་གོང་གི་ཤིང་དེ་རྣམས་ཀྱི་ཕྱེ་མས་བཏབ་ན། པགས་པ་མྱུར་དུ་སྐྱེ་བར་འགྱུར་རོ།།
་རྒྱ་སྐྱེགས་དང་ལྡོང་རོས་དང། བཙོད་དང། བ་བླ་དང། སེར་པོ་རྣམས་གཉིས་དང། འདི་རྣམས་ཀྱི་ཕྱེ་མ་མར་དང། སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུས་ན། པགས་པའི་རྨ་དང་བར་བྱེད་པའི་མཆོག་ཡིན་ནོ། །སྐྱེར་བ་དང
་བྲི་ཡང་ཀུ་དང། ཨ་མྲའི་རུས་བ་དང། ཧེ་མ་ཀ་ལ་དང། དངུལ་ཆུ་དང། འདི་རྣམས་ཀྱི་ཕྱེ་མ་བ་ལང་གི་ལྕི་བ་བཙིར་བའི་ཁུ་བ་དང། སྦྱར་བའི་ལྡེ་གུས་བསྐུས་ན་པགས་པའི་རང་བཞིན་གྱིས་མདོག་བསྐྱེད་པའི་མཆོག་ཡིན་ནོ། །སྤུ་སྐྱེད་པའི་དོན་དུ་གླང་པོ་ཆེའི
་སོ་སྣོད་ཁ་སྦྱར་གྱི་ནང་དུ་དུད་པ་མ་ཤོར་བར་བསྲེགས་པ་དང། སྐྱེར་ཁཎྚ་དང་ཏིལ་མར་སྦྱར་བས་བསྐུས་ན་སྤུ་སྐྱེ་བ་དང། དེ་བཞིན་དུ་སྲོག་ཆགས་རྐང་པ་བཞི་པའི་སེན་མོ་དང། སྤུ་དང། རུས་པ་དང། པགས་པ་དང། རྭ་དང། རྨིག་པ་དང། འདི་རྣམས
་གོང་མ་བཞིན་དུ་བསྲེགས་ལ། སྣག་ཚར་བྱས་པ་ཏིལ་མར་དང་སྦྱར་བས་བསྐུས་ན། སྤུ་སྐྱེ་བར་འགྱུར་རོ། །རྨ་དང་ལྡན་པའི་སྐྱེས་བུས་ནི་ཁ་ཟས་ཀྱི་ཕན་གནོད་གང་བསྲུང་བ་ནི། མདོ་ནས་མཚོན་གྱི་ལས་བསྣན་པའི་སྐབས་སུ་བལྟ་བར་བྱའོ། །རླུང
་ལས་གྱུར་པའི་རྨ་ལ་ནི་རྩ་བ་ཆེ་ཆུང་ལྔའི་སྡེ་ཚན་དང། རླུང་འཇོམས་པའི་སྨན་དང་སྦྱར་བ་བཏང་ངོ། །དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་རྨ་ལ་ནི། ནྱ་གྲོ་དྷ་དང། ཤུག་པའི་སྡེ་ཚན་གཉིས་དང། མཁྲིས་པ་འཇོམས་པའི་སྨན་དང་སྦྱར་ཏེ་བཏང
་ངོ། །བད་ཀན་ལས་གྱུར་པའི་རྨ་ལ་ནི། དོང་ཀའི་སྡེ་ཚན་དང། གང་བད་ཀན་འཇོམས་པའི་སྨན་དང་སྦྱར་བ་བཏང་ངོ། །ནད་གཞི་འདྲེས་པ་ལས་གྱུར་པའི་རྨ་ལ་ནི་སྨན་ཡང་འདྲེས་པ་སྦྱར་ལ་བཏང་ངོ། །གོང་གི་སྨན་གྱི་སྦྱོར་བ་དེ་དག་གིས་བཀྲུ
་པ་དང། བྱུག་པ་དང། སྨན་མར་དང། འབྲུ་མར་དང། ཁུ་བ་བྱ་བ་དང། ཕྱེ་མ་དང། བདར་བུ་དང་སྦྱོར་བ་བདུན་པོ་དེ་དག་གིས་ཇི་ལྟར་རིགས་པ་བཞིན་དུ་སྦྱར་རོ། །ཛ་ཏི་དང། ནིམཔ་དང། པ་ཏོ་ལའི་ལོ་མ་དང། པུ་ཙེ་ཤེལ་དང། སྐྱེར་པ་དང། ཡུང་བ
་དང། ཐ་ལ་ཏྲེས་དང། བཙོད་དང། ཨ་རུ་ར་དང། པྲ་ཚིལ་དང། སྤངས་མ་དང། ཤིང་མངར་དང། ཀ་རཉྫའི་ས་བོན་དང། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་ཏེ་སྦྱར་ལ་བཏང་ན། རྨ་ཁ་ཆུང་བ་དང། གནང་ལ་བརྟེན་ཏེ་རྣག་འཛག་པ་དང། རྨ་ཟབ་ཅིང
་ཟུག་གཟེར་དང་བཅས་པ་དང། རྨ་མཆེད་པ་ལ་ཕན་ཅིང་དེ་དག་ཅིང་འཚོ་བར་བྱེད་དོ། །རྨ་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་བློ་བུར་དུ་བྱུང་བའི་རྨ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བློ་བུར་དུ་བྱུང་བའི་རྨ་ནི་འཕྲལ་དུ
་མཚོན་ལ་སོགས་པས་རྨས་པ་ལས་འབྱུང་སྟེ། དེ་ཡང་རྨ་འབྱུང་བའི་གནས་ཀྱང་མཛའ་ཡས་མོད་ཀྱི། རེ་ཞིག་སྨད་པའི་རྨ་རྣམ་པ་བརྒྱད་དུ་བཤད་ཅིང་བརྗོད་པར་བྱ་སྟེ། དེ་ཡང་པགས་པ་བཤུས་པ་དང། རྨ་ཉིས་རྩེག་དུ་འབྱུང་བ་དང། རྣམ་པར་ཆད་པ་དང། རབ་ཏུ
་འཕྱང་བ་དང། ཡན་ལག་ལྷུང་བ་དང། རུས་པ་ཟུག་པ་དང། གནད་དུ་བསྣུན་པ་དང། གྲུགས་པ་རྣམས་སོ། །དེ་ལ་པགས་པ་བཤུས་པའི་རྨ་ནི་པགས་པ་ཙམ་ཤུས་ཏེ། ཆུ་སེར་ཉི་ཚེ་འམ། ཁྲག་ཅུང་ཟད་དང་བཅས་པ་འཛག་ལ། ནད་དང་བཅས་པ་ཡིན་ནོ། །རྨ་གཉིས
་རྩེ་གང་དུ་འབྱུང་བ་ནི་དང་པོ་གཅིག་གིས་བསྣུན་ལ་དེ་དང་ཉེ་བར་ཡང་བསྣུན་པ་ཡིན་ནོ། །རྣམ་པར་ཆད་པའི་རྨ་ནི་མཚོན་གྱིས་ལན་ཅིག་བཅད་པའི་སྟེང་དུ་ཡང་བསྣན་པའོ། །རབ་ཏུ་འཕྱང་བའི་རྨ་ནི་རུས་པའི་ལྷག་མ་ཙམ་གྱིས་འབྲེལ་ཏེ་འཕྱང་བར་འགྱུར་བའོ
་ཡན་ལག་ལྟུང་བའི་རྨ་ནི་ཡན་ལག་ལྷུང་པོར་ཆད་དེ་དེ་ས་ལ་ལྷུང་བའོ། །དྲུ་བ་ཟུག་པ་ཞེས་བྱ་བའི་རྨ་ནི་མཚོན་རྩེ་ཤིན་ཏུ་པྲ་བ་ལུས་ལ་ཟུག་སྟེ། ཁོང་པར་ཞུགས་བམ་གཏོགས་པར་མཚོན་ནང་དུ་ལུས་པའོ། །བསྣུན་པ་ཞེས་བྱ་བ་ནི་གནད་དུ་བསྣུན་པའོ། །གྲུགས
་པ་ཞེས་བྱ་བའི་རྨ་ནི་ཁྲག་དང། རྐང་གཉིས་འབྲེལ་བར་འཁྲུགས་པའོ། །མཚོན་གྱིས་དྲག་ཏུ་བསྣུན་ཅིང་ཕོག་ན་ནི། རྨ་ཡངས་ཤིང་རྒྱ་ཆེན་པོར་སོང་སྟེ། རུས་བ་དང་མཚམས་བྱེ་བ་ཡིན་ནོ། །དེ་ལྟར་རྨ་བློ་བུར་དུ་བྱུང་བ་ལ་ནི་ཤིང་མངར་དང་མར་སྦྱར་བས་བསྐུའོ།།
་ཡང་ན་ཤིན་ཏུ་ཟུག་གཟེར་ཆེ་བ་ལ་ནི། བ་བླའི་འབྲུ་མང་དྲོ་འཇམ་ཙམ་གྱིས་བསྐུའོ། །རྨས་ཏེ་ཁྲམ་མང་པོ་འབྱུང་ཞིང་ཚབ་སྐྱེས་ན་དེ་གཞིལ་དར་བྱ་བའི་ཕྱིར། སྨན་མངར་བ་དང་བསིལ་སྨན་སྣུན་པ་དང་བཅས་པ་རྨ
་ཁང་བླུགས་སོ། །བློ་བུར་དུ་འབྱུང་བའི་རྨ་ཁ་རྒྱ་ཆེན་པོར་སོང་ན་ནི་རུབ་པར་བྱ་བའི་ཕྱིར་སྦྲང་རྩི་དང་མར་སྦྱར་བས་བསྐུ་ཞིང། མཁྲིས་པ་འཇོམས་པའི་བསིལ་བའི་སྨན་རྣམས་ཀྱང་སྦྱར་རོ། །དེའི་འོག་ཏུ་སློན་ཁྲུས་ཀྱིས་ལུས་སྦྱང་བ་དང། སྨྱུང་བ་བྱ་བ་དང
་ཟས་ཟོས་པའི་འོག་ཏུ་རྟག་ཏུ་གཏར་ཀས་ཁྲག་དབྱུང་བར་བྱའོ། །དེ་ལ་པགས་པ་བཤུས་པའི་རྨ་དང། གྲུགས་པའི་རྨ་གཉིས་ལ་ནི་ཁྱད་པར་དུ་ཆོ་ག་གོང་མ་ལྟར་བྱ་སྟེ་གང་གི་ཕྱིར་ཞེ་ན་དེ་གཉིས་ནི་འཇིག་པ་ཉུང་ཞིང་མྱུར་དུ་སྨིན་པས་སོ།།
་རྨ་གཞན་ནི་ཕལ་ཆེར་རྨ་མང་དུ་འབྱུང་སྟེ་ཁྲག་མང་དུ་འཛག་ཅིང་ཟད་པས། རླུང་ཁྲུགས་ནས་ཟུག་གཟེར་སྐྱེད་བར་བྱེད་དེ། དེ་ལ་ནི་རླུང་འཇོམས་པའི་སྨན་དང་སྦྱར་བའི་བཏུང་བ་དང། བླུགས་བ་དང། དུ་གསར་དང། བསྐུ་བ་དང། བྱུག་པ
་དང། འཇམ་ཅི་མས་བཏང་བ་རྣམས་བྱའོ། །བློ་བུར་དུ་བྱུང་བའི་རྨ་ལ་འཕྲལ་གྱི་གསོ་བ་དེ་དག་བྱས་ནས་ཞག་བདུན་གྱི་བར་དུ་བཞག་གོ་།དེ་ལྟར་ཞག་བདུན་འདས་ཏེ། ཟུག་གཟེར་གྱི་ཤུགས་གློད་པ་དང། དེའི་འོག་ཏུ་གོང་དུ་སྨྲས་པའི
་ཆོ་ག་རྣམས་སྤྱད་དོ། །དེ་ལྟར་བཤད་པ་དེ་དག་ནི་རྨ་སྤྱིའི་ཆོ་གར་བསྟན་པ་ཡིན་ནོ། །ད་ནི་རེ་རེའི་གསོ་བ་བཤད་པར་བྱ་སྟེ། དེ་ལ་པགས་པ་བཤུས་པའི་རྨ་ལ་ནི་ཟུག་གཟེར་ཞི་བར་བྱ་བའི་ཕྱིར་མྱུར་དུ་རྨ་ལ་སྨན་གྱི་ཕྱེ་མ་སྦྱར་རོ།།
་རྨ་གཉིས་རྩེག་དུ་འབྱུང་བ་ལ་ནི་ལྡེ་གུས་ལ་སོགས་པ་སྦྱར་རོ། །རྣམ་པར་ཆད་པ་དང། རབ་ཏུ་འཕྱད་བའི་རྨ་ལ་ནི་ཆོ་ག་བཞིན་དུ་མཚེམས་ཏེ་བཙངས་ལ། རྣག་གཟག་ཅིང་བཙིར་བར་བྱའོ། །མཚོན་གྱིས་མིག་བཅར་བ་དེ་ནི་གསོར
་མི་རུང་ངོ། །གང་གི་མིག་གནས་ནས་སྐྱོང་དེ་ཕྱིར་འབྱུང་ཞིང་འཕྱང་བ་ལ་ནི་སྔ་མའི་གནས་ཇི་ལྟ་བ་བཞིན་དུ་བཞག་ལ། སྨན་བས་མིག་གི་འདུས་ཀྱི་རྩ་ལས་གཏོར་ཞིར་པདྨའི་འདབ་མ་གཉིས་ཀྱི་བར་དུ་བཙིར་ཞིང་ཁྲག་གཟག་གོ་།དེ་ནས
་མར་གྱི་བསྐུ་བ་དང། སྒྲ་སྨན་དང་མིག་བརྟ་བའི་ཆོ་ག་བྱས་ན་ཕན་ནོ། །ཤིང་མངར་དང། ཛི་བ་ཀ་དང། ཟངས་རྩི་བ་དང། ཨུཏཔལ་དང། དེ་རྣམས་རའི་འོ་མ་དང་ལྷན་ཅིག་བསྐོར་ཏེ་མིག་ཏུ་བླུགས་ན། མིག་ནད་སྣད་པ་ཐམས་ཅད་ལས་རྒྱལ་བར་བྱེད་པའི
་མཆོག་ཡིན་ནོ། །མཚོན་གྱིས་སྣང་དེ་མིག་ཕུགས་སུ་ཞུགས་པ་ལ་ནི་མགུལ་བ་བསྡམས་པ་དང། སྐྱུག་དུ་གཞུག་པ་དང། ལུང་པ་དང། སྤྲིད་པ་འབྱུང་བའི་ཐབས་བྱ་བ་དང། དབུགས་རྡུབ་ཅིང་བསྡམས་པ་རྣམས་བྱས་ན་ཕན་ནོ། །ཡང་ན་ནི་མིག་སྣད་པའི
་གསོ་བ་རྣམས་བྱས་ན་ཕན་ནོ། །རྣ་བ་སྣང་ཅིང་སྨས་ཏེ་གནས་ལས་ཉམས་ན་ནི། །རྨ་བཙེམས་ལ་རྨའི་ནད་ཐམས་ཅད་ཏིལ་མར་གྱིས་དགར་དོ། །ལྷག་བར་མཚོན་གྱིས་བཅད་དེ་རྨས་ན་ནི་རྨའི་ནད་ནས་རླུང་ལྡད་པར་འགྱུར་ཏེ། དེ་ལ་ནི་དེ་མ་ཐག་མྱུར་དུ་རྨ
་གཉིས་ལེགས་པར་སྦྱར་ཏེ། བཙེམས་པ་ལ་བཅིངས་ཏེ་རའི་མར་གྱི་བསྐུས་ན་རབ་ཏུ་བསྔགས་སོ། །ནད་པ་དེས་ཁ་ཟས་བཟའ་བ་ཡང་གང་རྐྱལ་བཞག་བ་འམ། མགོ་ཕྱིར་བསྐྱེད་ལ་བཟའ་ཨོ། །མལ་ཆ་ཡང་མི་འགུལ་བ་ལེགས་པར་བྱས་ཏེ་བཞག་གོ་།རྐང་ལག
་འདྲ་བར་དུ་སྨས་ཏེ་མ་བྱུང་བ་ལ་ནི་རྨ། བ་ལེགས་པར་བསྡུས་ཏེ་བཅུག་ལ་རས་བལ་ལྷན་པར་བཙེམས་པར་བྱའོ། །བཅོམས་ལ་དབང་བུ་དང་བཅས་པ་བཅིངས་ཏེ་རས་འཐུག་མོས་བཀྲི་བར་བྱའོ། །ཕྲག་གོང་སྣད་ཅིང་རྨ་བྱང་བ་ལ་ནི་བ་ལང་གི་པགས་པས་མཚན
་ཁུང་ནས་མར་ཕྲག་པར་བཅིང་ངོ། །རླིག་པ་མཚོན་གྱིས་རྨས་ཏེ་རྐང་བ་གཉིས་ཀྱི་བར་ནས་མར་འཕྱངས་པ་ལ་ནི་ལྒང་བའི་ནང་དུ་ཆུ་བླུགས་ལམས་བཏང་བའི་སྤུ་བུ་ནས་དྲངས་པའི་ཆུ་དྲག་པོའི་རྒྱུན་གྱིས་བཀྲུ་སྟེ། དེའི་འོག་ཏུ་རླིག་པ་རང་གི་གནས་སུ་བསྡུས
་ཏེ་བཅུག་ལ་བས་བལ་དང་ལྷན་པར་བཙེམས་པར་བྱའོ། །དབྱི་རྨས་ཤིང་སྣང་བ་ལ་ནི་རྨས་པའི་རྨ་བ་རང་གི་གནས་སུ་བསྡུས་ཏེ་བཅུག་ལ་བ་ལང་གི་པགས་པས་བརླ་དབྲག་ནས་ཡར་བཅིངས་ཏེ། རས་ཀྱི་སྟེང་ནས་དཀྲི་བར་བྱའོ། །དེ་སྣུམ་གྱིས
་ཀླུགས་པ་ཡང་བྱའོ། །གལ་ཏེ་རྨ་སྣགས་ན་ནི་བྲི་ཡང་ཀུ་དང། །ས་ཀ་རུ་དང། སུག་སྨེལ་དང། ཙན་དན་དང། པརྤ་ཏ་དང། ལྡོང་རོས་དང། སྐྱེར་བ་དང། སླེ་ཏྲེས་དང། སྤངས་མ་དང། དེ་རྣམས་ཏིལ་མར་དང་སྦྱར་བའི་མར་གྱིས་བསྐུས་ན་རྨ་འཚོ་བར་འགྱུར་རོ། །རྐང་ལག་དུད་པོར་ཆག
་ན་ནི་ཏིལ་མར་བསྐོལ་བའི་ནང་དུ་བཅུག་ཅིང་བསྲེགས་ལ་པགས་པའི་ཤུབས་སུ་བཅུག་སྟེ་བཅིང་བར་བྱའོ། །དེའི་འོག་ཏུ་རྨ་གསོ་བའི་ཆོ་ག་རྣམས་སྤྱད་དོ། །རྡུབ་ཟུག་བའི་རྨ་ལ་ནི་ཐོག་མར་ཟུག་རྔུ་ཕྱུང་ལ་དེའི་འོག་ཏུ་རྨ་གསོ་བའི་ཆོ་ག་བཞིན་བྱའོ། །གྲུགས་པའི་རྣ
་ལ་ནི་རྐང་ལག་ཆག་གྲུགས་ཀྱི་གསོ་བ་རྣམས་སྦྱར་རོ། །མགོ་བོ་ལ་མཚོན་ལ་སོགས་པའི་ཟུག་རྔུ་ཟུག་པ་ལ་ནི་ཐོག་མར་ཟུག་རྔུ་ཕྱུང་ལ་སྐྲ་ཚོམས་བསྙིལ་བས་གཞུག་ཅིང་བཙགས་ལ་བཞག་གོ། གལ་ཏེ་གླད་རྒྱས་འཛག་ན་ནི་རླུང་འཁྲུགས་ནས་ན་སྟེ། དེ་ལ་ནི་རླུང
་གི་གསོ་བ་རྣམས་བྱའོ། །གཞན་དུ་བྱས་ན་ནི་འཚོ་བར་འགྱུར་རོ། །མགོ་བོའི་རྨ་པགས་ཀྱི་རུ་བ་ན་ནི་སྐྲ་ཉག་རེ་རེས་རིམ་གྱི་དབྱུང་ངོ། །གང་གི་ཀླད་རྒྱས་མང་དུ་འཛག་སྟེ་བྲི་བར་གྱུར་པ་ལ་ནི་སྲོག་ཆགས་གཞན་འཕྲལ་བསད་མ་ཐག་བའི་ཀླད་རྒྱས་ཟར་གཞུག་གོ་།ཡོན
་ལག་གཞན་དུ་ཟུག་རྔུ་ཟུག་པ་ལ་ནི། ཐོག་མར་ཟུག་རྔུ་ཕྱུང་ལ་སྣུམ་དང་ལྡན་པའི་རེང་བུས་བཅུག་ལ་བཅང་ངོ། །གང་གི་རྨ་ཁ་ཆུག་ཞིང་ཕུགས་སུ་སོང་སྟེ། ཁྲག་མང་དུ་འཛག་པ་ལ་ནི་ཙ་ཀྲ་མརྡྷའི་མར་གྱི་རྐང་པ་བཀང་སྟེ་མས་བཏང་བའི་སྤུ་བུ་ཆུང་ངུ་དང
་རྨའི་ནང་དུ་ཕུལ་ཞིང་བཏང་ངོ། །དེ་ལ་སྣང་དུ་བསྟན་པའི་རྨ་ལས་ཁོང་བའི་ནང་དུ་བསྣུན་པའི་རྟགས་ནི། ལྟོ་བ་ཁྲག་གིས་གང་བ་དང། བརྒྱལ་བ་དང། གླ་སྙིང་དང། རྩིབ་ལོགས་སུ་ཟུག་ཅིང་ན་བ་དང། རིམས་ཀྱིས་འདེབས་པ་དང། ལུས་ཚ་བ་དང། སྐོམ
་དང་ཆེ་བ་དང། སྤ་བ་དང། ཁ་ཟས་ལ་མངོན་པར་མི་དགའ་བ་དང། བཤང་གཅི་དང་རླུང་འགགས་པ་དང། དབུགས་མི་བདེ་བ་དང། མིག་དམར་བ་དང། རྡུལ་བ་དང། ཁ་ནས་ཁྲག་གི་དྲི་བྲོ་བ་དང། ལུས་ལ་དྲི་ང་བ་འབྱུང་བ་ཡིན་ནོ། །ཁྲག་དེ་ཕོ་བའི་གནས་སུ་བྱུང་ན
་ནི་ཁྲག་གི་སྐྱུག་པ་དང། ལྟོ་སྤོ་བ་དང། ཤས་ཆེར་ན་ཞིང་ཤིན་ཏུ་མ་རུངས་པར་འགྱུར་རོ། །ཞི་བའི་གནས་ལོང་ཀར་ཁྲག་དེ་བྱུང་ན་ནི། ཤིན་ཏུ་ཁོང་ལྕི་ཞིང་ཟུག་གཟེར་དང་དང་བཅས་པ་དང། ལྟེ་བའི་འོག་ཏུ་གྲང་བ་དང། གདོང་གི་བུ་ག་ནས་ཁྲག་འབྱུང་སྟེ། དེ་ཡང
་མ་ཞུ་བའི་གནས་ཀྱི་ཁྲང་སྟེང་དུ་འགྲོ་བའི་ལམ་མེད་ན། གང་ནས་འབྱུང་ཞེ་ན། དེ་ནི་རྩ་རྒྱུན་ཕྲ་མོ་ལས་སྟེང་དུ་འཛག་པ་ཡོད་དེ། ཅི་ལྟར་སྒང་བ་ཁ་ཐུར་དུ་ལྟས་ཀྱང་རྩ་རྒྱུན་ཕྲ་མོ་ལས་གཅིན་གྱི་ཐིགས་པ་ནང་དུ་འབབ་པ་བཞིན་ནོ། །དེ་ལ་ཁོང་པའི་ནང་ན་ཁྲག་ཡོད་པ་དང། རྐང
་པ་གྲང་བ་དང། དབུགས་མི་བདེ་བ་མཐོན་པ་དང། མིག་དམར་བ་དང། གདེང་སྐྱ་བ་དང། ལྟོ་བ་སྤོ་བའི་མཚན་མ་དང་ལྡན་ན་ནི་སྤང་བར་བྱའོ། །དེ་ལམ་ཞུ་བའི་གནས་སུ་ཁྲག་བྱུང་བ་ལ་ནི། སློན་སྨན་བྱས་ན་ཕན་ནོ། །ཁུ་བའི་གནས་ལོང་ཀང་ཁྲག་བྱུང་བ་ལ་ནི། བཀྲུ་སྨན་ནི
་རུ་ཧ་གཉིས་སྣུམ་མེད་ཅིང་དྲོ་བས་སྦྱང་བར་བྱའོ། །ཁ་ཟས་ནི་ནས་དང། རྒྱ་ཤུག་དང། རྒྱ་སྲན་གྱི་ཁུ་བ་སྣུམ་མེད་པའི་ནས་ཐུག་རྒྱམ་ཚ་དང་བཅས་པ་བཟའ་ཨོ། །ཁོང་བའི་ནང་དུ་མཚོན་གྱིས་ཕོག་ཁྲག་མང་དུ་འཛག་པ་ལ་ནི་ཁྲག་གི་བཏུང་བ་བླུད་དོ། །ལྟེ་བར་བསྣན་པའི་རྨ་ལས
་ནི་རྒྱུ་མ་ཆད་ན་རྡོལ་དུ་གྱུར་ཏམ་མ་གྱུར་པའི་བྱེ་བྲག་ཤེས་པར་བྱ་སྟེ། དེ་ལ་མ་རྡོལ་བ་ནི་བརྒྱལ་བ་ལ་སོགས་པའི་བྱེ་དྲག་ཚོར་བ་ཤས་ཆུང་བ་ཡིན་ནོ། །གལ་ཏེ་རྡོལ་ན་ནི་བརྒྱལ་བ་ལ་སོགས་པས་ཤས་ཆེར་མི་བདེ་བ་ཡིན་ནོ། །དེ་ལ་རྒྱུ་མ་མ་རྡོལ་བ་ནི་འཚོ་བའི་ཐེ་ཚོམ་དང
་བཅས་པ་ཡིན་ནོ། །རྒྱུ་མ་རྡོལ་བ་ནི་འཚོ་བར་མི་འགྱུར་རོ། །ཁོང་པ་མཚོན་གྱིས་རྨས་ཏེ་བཤད་གཅི་དང་ཚུལ་བཞིན་རང་གི་ལམ་ནས་འབྱུང་ཡང་གནོད་པ་དང། སྡུག་བསྔལ་དང་བཅས་པ་དེ་ཡང་འཚོ་བ་ཐེ་ཚོམ་དང་བཅས་པ་ཡིན་ནོ། །ཁོང་པ་ནི་རྡོལ་རྒྱུ་མ
་ནི་མ་རྡོལ་བར་ཕྱིར་བྱུང་ན་ནི་ནང་དུ་བསྡུས་ཏེ་སླར་གཞུག་གོ་།གལ་ཏེ་གཞུག་ཏུ་མ་འདོད་ན་ནི་དབུགས་གྱེན་དུ་རྡུབས་ན། རྒྱུ་མ་རང་གི་གནས་སུ་སླར་ཞུགས་པར་འགྱུར་རོ་ཞེས། ཁ་ཅིག་སླའོ། །རྒྱུ་མ་ཕྱིར་བྱུང་བ་དེ་རྡུལ་ལ་སོགས་པས
་གོས་ན་འོ་མས་དགུ་སྟེ། ནང་དུ་ཞུགས་པ་འམ་ལག་པའི་སེན་མོ་བསྲེགས་ལ་མར་གྱིས་བསྐུས་ཏེ། རིམ་གྱི་ལེགས་པར་གཞུག་གོ་།རྒྱུ་མ་ཕྱིར་བྱུང་བ་དེ་ཡུན་རིང་དུ་ལོན་ཏེ་སྐམས་ན་ནི་འོ་མར་སྤང་ཞིང་མར་གྱིས་བསྐུས་ལ་གཞུག་གོ་།རྒྱུ་མ་དེ་རང་གི་གནས་སུ་ལེགས
་པར་ཕྱིན་པ་རང་ཉིད་ཀྱི་དབུགས་རྡུབ་པ་ལ་སོགས་པས་མི་ནུས་ན་གཞན་གྱིས་ལག་པའི་སོར་མོ་ནད་ལྕེ་ཕུགས་སུ་བཞག་ལ་སྐྱུག་དུ་གཞུག་གོ་།དེ་བཞིན་དུ་རྒྱུ་མ་ནང་དུ་གཞུག་ཁར་ཟུག་གཟེར་གྱིས་བརྒྱལ་ན་གདོང་ལ་སོགས་པ་ཆུས་གཏོར་རོ། །མའི་ཁ་སྒྲོས་ཆུང
་ཞིང། རྒྱུ་མ་སྤོམ་ཞིང་ཆེ་སྟེ། རྒྱུ་མ་ནང་དུ་ཞུགས་སུ་མ་འདོད་ན། དེ་ཤོང་བའི་ཚད་ཙམ་སྲལ་ལ་ནང་དུ་གཞུག་གོ་།རྒྱུ་མ་དེ་རང་གི་གནས་སུ་ལེགས་པར་ཕྱིན་པར་ཤེས་ན་རྨ་དེ་བཙེམས་པར་བྱའོ། །གལ་ཏེ་རྒྱུ་མ་སྔར་ཇི་ལྟར་འདུག་པ་བཞིན་དུ་མ་སོང་སྡེ། རྒྱུ་མ
་འཆུས་ཤིང་འཁྲུགས་པར་བཅུག་ན་ནི་འཆི་བར་འགྱུར་རོ། །དེ་ནས་རས་སྣུམ་ཅན་ལ་བསྒོས་པས་བཀྲིས་ལ་སྟེང་ནས་མར་གྱིས་ཀྱང་བསྐུའོ། །དེའི་འོག་ཏུ་ཙི་ཏྲ་ཀྲའི་འབྲུ་མར་འོ་མ་དང་སྦྱར་བ་དྲོ་འཇམ་ཙམ་བླུད་ན་བཤད་པ་སླ་ཞིང་རླུང་དང་བཅས་པ་བདེ་བར
་འབྱུང་བར་འགྱུར་རོ། །ཆོ་ག་གོང་མ་ཇི་ལྟ་བ་བཞིན་དུ་ལོ་གཅིག་གི་བར་དུ་རྨ་བསྲུང་བ་ལ་འབད་པར་བྱའོ། །རྨས་ཏེ་ལྟོ་ཚིལ་ཕྱིར་བྱུང་ནས་ཐལ་བ་དང་ས་ལ་སོགས་པའི་དྲི་མས་གོས་ན་ནི་རྩ་བ་བཅུ་པའི་སྨན་བརྟགས་ལ་ཁོལ་བའི་ཁུ
་བས་བཀྲུས་ལ། སྨན་པ་མཁས་པས་ཚིལ་ཇི་ཙམ་ཕྱིར་བྱུང་བའི་མཚམས་སུ་སྐུད་པས་དམ་དུ་བཅིངས་ཏེ་མཚོན་རྣོན་པོས་བཅད་པ་འམ། ཡང་ན་མཚོན་མེ་ལ་བསྲེགས་པས་བཞུའོ། །གཞན་དུ་ལོག་པར་བཅད་ན་ནི་ཁོང་པར་ན་ཞིང་ཟུག
་ལ་རྒྱུ་མ་སྒྲ་དང་བཅས་པ་འམ། ཡང་ན་འཆི་བར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་རས་སྦྲང་རྩིས་བྱུགས་པའི་འོག་ཏུ་ཁ་ཟས་ཞུ་བའི་ཚོད་ཙམ་ན་མར་བླུད་དོ། །དནྟི་དང། རྒྱ་སྐྱེགས་དང། གཟེམ་དང། ཤིང་མངར་དང། དེ་རྣམས་འོ་མ་དང་བསྐོལ་བ་བླུད་པ་འམ
་ཡང་ན་གང་དུ་སྨོས་པའི་ཆོ་ག་བཞིན་དུ་བྱས་ན་ན་ཞིང་ཚེ་བ་ལས་རྒྱལ་བར་བྱེད་པའི་མཆོག་ཡིན་ནོ། །ཚིལ་གྱི་ཐོར་བུ་གསོ་བའི་ནང་དུ་བཤད་པའི་འབྲུ་མར་གྱི་བསྐུ་བྱུག་བྱས་ན་ཡང་ཕན་ནོ། །བལ་བུའི་ལོ་མ་དང། ཤུག་པ་དང། སྤང་སྤོས་དང།
་ཧ་རེ་ནུ་ཀ་དང། ཨ་ཀ་རུ་དང། ཙན་དན་དང། སེར་པོ་རྣམ་གཉིས་དང་པདྨའི་ས་བོན་དང། པུ་ཙེ་ཤེལ་དང། དེ་རྣམས་ཏིལ་མར་དང་བསྐོལ་བ་བསྐུས་ན། བློ་བུར་དུ་བྱུང་བ་གསོ་བར་བྱེད་པའི་མཆོག་ཡིན་ནོ། །མཚོན་གྱིས་བསྣུན་ཏམ། གཡང་ས
་ལྟུང་ཞིང་དྲན་པ་ཉམས་ཤིང་མོད་བག་ཏུ་གྱུར་པ་ལ་ནི་རླུང་དང་ཁྲག་འཇོམས་པའི་སྨན་གྱིས་མྱེ་བ་དང། དྲིལ་བ་དང། ལུས་དག་པར་བྱེད་པ་ལ་སོགས་པས་ཚིམ་པར་བྱའོ། །ལུས་ཀྱི་ཡན་ལག་གི་ཚིགས་བྱ་བ་དང། ལུས་ཚ་བས་ཆེར
་སྣང་བ་དང། ཁྲག་ཟག་པ་དང། གནད་དུ་བསྣུན་པ་དང། དེ་རྣམས་ལ་ནི་ཟོམ་བཟང་པོ་ལུས་ཤོང་བ་ཙམ་ཏིལ་མར་གྱི་བཀང་སྟེ། ལུས་གཞུག་ཅིང་དེའི་འོག་ཏུ་ཤ་ཁུ་སྦྱིན་ནོ། །བློ་བུར་དུ་བྱུང་བའི་རྨ་གསོ་བའི། ལེའུ་སྟེ་ཉི་ཤུ་རྩ་དྲུག་པ
་རྫོགས་སོ།། །།དེ་ནས་ཆག་གྲུགས་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་ལྷུང་བ་དང། སྣང་བ་ལ་སོགས་པས་རུས་པའི་ཚིགས་དང། ཚིགས་མ་ཡིན་པར་བྱེ་བ་དང། ཆག་པ་རྣམ་གཉིས་སུ་འགྱུར་རོ། །དེ་ལ་ཐིགས
་བྱེད་པའི་རྟགས་ནི་བརྐྱང་བསྐུམ་གྱི་རྩོལ་བ་མི་ནུས་སོ། །རུས་པ་ཆག་པའི་མཚན་མ་ནི་ཤས་ཆེར་སྐྲང་བ་དང། དུས་ཐམས་ཅད་དུ་ཟུག་ཅིང་ན་བ་དང། བསྒུལ་བསྐྱོད་ཕྲ་མོ་ཙམ་ཡང་མི་ནུས་པ་དང། མྱངས་ན་རུས་པ་ཁྲོལ་སྒྲ་གྲོག་གོ། དེ་དག་ནི་ཆག
་པའི་མཚན་ཉིད་མདོར་བསྟན་པའོ། །དེ་ལ་ཆག་གྲུགས་ཀྱི་སྦྱོར་བ་མང་དུ་སྨོས་པ་ལས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཉུང་ཞིག་བརྗོད་པར་བྱ་སྟེ། ཐོག་མར་རུས་པ་ཆག་བར་གྱུར་ན་དུས་པ་འཁྲོལ་བའི་སྒྲ་གྲག
་གོ་།དེ་ལ་རུས་པ་གང་ཡང་རྙེད་པ་ཁྲུམས་སུ་ཆག་པ་ནི་གཞུག་པར་སླ་ཞིག་འཚོ་བར་ཡང་སླའོ། །རུས་པ་ཆག་པ་དེ་ཟུག་ཅིང་མ་ཆག་པ་ཙམ་དུ་ལུས་པ་འམ། ཡང་ན་རུས་པ་གཞོལ་ཕྱོགས་ཆག་སྟེ། དྲངས་ཀྱང་མཐོན་དམན་དུ་སོང་བ་ནི་ཤིན་ཏུ་གསོ
་དཀའ་བ་ཡིན་ནོ། །དེ་བཞིན་དུ་ལུས་རྫུད་པ་དང། ཉམས་སྟོབས་ཆུང་བ་དང། རླུང་ནད་ན་བ་དང། ཟས་ཉུང་དུ་ཟ་བ་དང། ཀླད་པའི་ཚིགས་དང། རྐང་པའི་ཚིགས་བྱེ་ཞིང་འབྱུང་བ་དང། གདོང་བུའི་རུས་པ་ཆག་པ་དང། འདི་རྣམས་ནི་སྤང་བར་བྱའོ། །གཞན་ཡང
་མགོའི་རུས་པ་བྱེ་ཞིང་མི་འབྱོར་བ་དང། ཕྲད་པའི་རུས་པ་དུམ་བུར་སོང་བ་དང། མུར་འགྲམ་དང་སྤྱི་གཙུག་སྣང་དེ་ཆག་པ་དང། ཡང་ན་རུས་པ་ཆག་པ་དེ་ལེགས་པར་མ་བཅིངས་པ་དང། བཅིངས་ཀྱང་བར་དུ་བསྒུལ་སྐྱོང་ཀྱིས་གྲུགས་པ་དང། ཡང་ན་ལམ་དུ་འགྲོ
་ཞིང་བསྐྱོད་དྲགས་པས་གྲུགས་པ་དང། གསོ་བ་ལོག་པ་བྱས་པ་རྣམས་ཀྱང་སྤང་བར་བྱའོ། །གང་ཡན་ལག་ལ་སོགས་པ་བཅུས་པ་འམ། གྲངས་པས་ཡན་ལག་གི་རུས་པ་ཕྲ་མོ་ཆག་གམ། ཡང་ན་ཚིགས་བྱུང་ངམ། རུས་པ་ཉི་བ་ཆག་གམ། ཡང་ན་རུས་པ
་སྣུབས་ཅན་ཆག་གམ། ཡང་ན་ཀླད་པ་ཞོམ་འམ། དེ་ལས་གཞན་པའི་རུས་པ་ཆག་གམ། ཆག་འཕྲོ་མཐོ་དམན་དུ་སོང་ན། གང་མཐོ་བ་མནན་ཅིང་དམའ་བ་བཏེག་སྟེ། དྲང་པོ་ལེགས་པར་གཞུག་གོ་།ཕྲག་པའི་རུས་པ་ཆག་སྟེ། ཆག་འཕྲོ་ཤིན་ཏུ་དམའ
་བར་གྱུར་པ་ལས་དམའ་བ་ཡར་བཏག་སྟེ། བཅུག་ལ་པགས་པ་སར་པས་དམ་དུ་བཅིང་བར་བྱ་བའི་ཆོ་ག་བྱའོ། །ལུས་ཀྱི་ཚིགས་འགུལ་བ་དང། མི་འགུལ་བ་ཐམས་ཅད་ཆག་གམ། བྱུང་ན་ཡང་ཆོ་ག་དེ་ལྟར་བྱའོ། །གཞན་ཡང་རྐང་ལག་གི་རུས་པ
་ལ་སོགས་པ་ཆག་པ་གང་ཡང་རུང་བ་དེ་དག་ཀྱང་ཅི་ནས་ལེགས་པར་བཅུག་ལ་མི་འགུལ་བའི་ཐབས་སུ་བྱ་སྟེ། རས་མར་མང་པོས་བསྐུས་པས་དཀྲིས་ལ་བཅིངས་ཏེ། ཀ་དམ་པ་དང། ཨུ་དུམྦ་ར་དང། ཨ་ཤྭཏྠ་དང། སཱ་ལའི་ཤིང་དང། ཨརྫུ་ནའི་ཤིང་དང། རྒྱ་སྐྱེགས
་ཤིང་དང། སྨྱུག་མ་དང། འོད་མ་དང། དེ་རྣམས་གང་ཡང་རུང་བའི་ཤུན་པ་དང། ཤགས་མའི་བྱང་བུ་ཞང་ཆེ་ཞིང། སྲབ་ལ་འཇམ་པས་དབང་དུ་བྱས་ལ་བསྡམས་ཏེ་ཀུ་ཤའི་སྲང་བུས་བཅིང་བར་བྱའོ། །གལ་ཏེ་ལྷོད་པར་བཅིངས་ན་ནི་འབྱོར
་བ་བྱེ་ཞིང་ཆག་པ་བརྟན་པར་མི་འགྱུར་རོ། །བཅིངས་པ་བསྡམ་དྲག་ན་ནི་ཤིན་ཏུ་ན་ཞིང་ཟུག་པ་དང། ཚ་ཞིང་ཁོལ་བ་དང། སྐྲང་བར་ཡང་འགྱུར་རོ། །བཅིངས་པ་དེ་ཚ་བའི་དུས་ན་ནི་ཞག་གསུམ་གསུམ་ཞིང་ལན་རེ་བཀྲོལ་ལོ། །གྲང་བའི་དུས་ན་ནི་ཞག
་བདུན་བདུན་ཞིང་བཀྲོལ་ལོ། །དྲོ་གྲང་མཉམ་པའི་དུས་ན་ནི་ལྔ་ལྔ་ཞིང་བཀྲོལ་ལོ། །ཡང་ཆག་གྲུགས་ཀྱི་ནད་གཞི་དང། སྟོབས་ཆེ་ཆུང་དང་སྦྱར་ལ་ཅི་རིགས་པར་གྱིས་ཤིག། བཀྲོལ་བའི་བར་སྐབས་ཀུན་དུ་ནྱ་གྲོ་དྷ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས
་པས་བཀྲུ་ཞིང་བླུགས་པར་བྱའོ། །གལ་ཏེ་ཟུག་གཟེར་དང་བཅས་པ་ཡིན་ན་ནི། རྩ་བ་ཆེན་པོ་ལྔ་བསྐོལ་བས་བཀྲུའོ། །དེ་བཞིན་དུ་སྨན་པས་ཡུལ་དང་དུས་ཀྱི་བྱེ་བྲག་ཤེས་པར་བྱས་ནས། ཙཀྲ་མརྡྷའི་མར་རླུང་འཇོམས་པའི་སྨན་དང་སྦྱར་བའི་ལྡེ་གུ་དྲོ་འཇམ
་ཙམ་གྱིས་བསྐུ་བར་བྱའོ། །གཞན་ཡང་ཤིན་ཏུ་བསིལ་བའི་བྱུག་པ་དང་བྱ་རྒྱུན་དུ་བྱའོ། །བའི་འོ་མ་དང་མར་དང་སྨན་མངར་བ་དང་བསྐོལ་བ་རྒྱ་སྐྱེགས་དང་བཅས་པ་གྲང་མོ་ནང་རེ་བཞིན་བླུད་དོ། །ཆག་གྲུགས་རྨ་དང་བཅས་པ་བྱུང་བ་ལ་ནི་སྦྲང་རྩི་དང
་མར་ཤས་ཆེར་སྦྱངས་བས་བསྐུའོ། །གཞན་ཡང་སྐྲངས་པ་གསོ་བའི་ཆོ་ག་ལས་འབྱུང་བ་བཞིན་དུ་སྨན་བསྐོལ་བའི་ཁུ་བ་བླུགས་པ་ལ་སོགས་པ་བྱའོ། །རྨ་ཁ་ལས་ཤའི་དུམ་བུ་འཕྱང་བ་ལྟ་ན་ནི་སྦྲང་རྩི་མར་དང་སྦྱར་བས་བསྐུས་ལ་སླར་སྤྱད་
་ཏེ། ལེགས་པར་བཅིང་ངོ། །དེ་ལྟར་བཅིངས་ནས་ཤ་འཕྱང་བ་དེ་ལེགས་པར་སྦྱར་བ་འདྲ་ན་པྲི་ཡང་ཀུ་དང། སེང་ཕྲོམ་དཀར་པོ་དང། ཀཏཔ་ལ་དང། བཙོད་དང། ད་ཏ་ཀི་དང། འདི་རྣམས་ཀྱི་ཕྱེ་མས་གདབ་པའི་མེ།
་ཡང་ན་ད་ཏ་ཀི་དང་གསེང་ཕྲོམ་གྱི་ཕྱེ་མས་རྨ་ཁ་ལ་བཏབ་ན་མྱུར་དུ་རྨ་འདྲུབ་པར་འགྱུར་རོ། །དེ་དག་ནི་ཆག་གྲུགས་ཀྱི་གསོ་བ་རིམ་པར་བསྟན་པ་ཡིན་ཏེ། ལུས་ཀྱི་ཁམས་མཉམ་པ་དང། རྒུན་གྱི་དུས་དང། ཉམས་སྟོབས་དང། ལུས་ཤས་ཆེ
་བ་དང། ནད་གཞི་ཆུང་བ་རྣམས་ཀྱི་རྨ་ནི་གསོ་སླ་བ་ཡིན་ཏེ། གཞན་དུ་ནི་གསོ་དཀའ་བར་བཤད་དོ། །དེ་ལ་ཐོག་མ་དང་བར་མ་དང། ཐ་མའི་བར་དུ་འོ་མ་ཡང་དང་པོ་ནས་རིམ་པས་མྱུར་དུ་བསྐྱེད་དེ། བླུགས་པ་ལ་སོགས་བ་ཆོ་ག་ཇི་ལྟ་བཞིན་དུ
་བྱས་ནས། རིམ་གྱི་རྨ་ཁ་བརྟན་པར་འགྱུར་ཏེ། ཚིགས་བྱུང་བ་དང། རུས་བ་ཆག་པ་ཡང་སླར་འབྱོར་བར་བྱེད་དོ། །རྐེད་པ་དང། བརླ་དང། རྗེ་ངར་གང་ཡང་རུང་བ་ཆག་ན། དེ་ལ་ནི་ལུས་མི་འགྱུར་བའི་ཆོ་ག་བྱ་སྟེ། ཉལ་ཁྲི་སྤང་ལེབ་ལ་གཟེར་བུ་ལྔ་བཏབ
་སྟེ། དེ་ཡང་བྱིན་པ་གཡས་གཡོན་གཉིས་ནས་གཟེར་རེ་རེ་དང། བརླ་ངོས་གཉིས་ནས་རེ་རེ་དང། རྐང་པའི་མཐིལ་དྲངས་ནས་གཅིག་སྟེ། དེ་ལྟར་གཟེར་ལྔའི་བར་དུ་མི་འགུལ་བར་བཞག་གོ་།སྟ་ཟུར་དང། སྒལ་ཚིགས་དང། གདོང་གང་ཡང་རུང
་བའི་ཚིགས་བྱུང་ངམ་མ་ཆག་ན་བཀྲོལ་བ་ལ་སོགས་པའི་ཆོ་ག་གོང་མ་བཞིན་དུ་བྱའོ། །གལ་ཏེ་ཡུན་རིང་བོ་ནས་བཀྲོལ་བ་ཡིག་ཡིན་ན་ནི་སྣུམ་དང་བླུགས་པ་ལ་སོགས་པས་འཇམ་པོ་བྱས་ཏེ་གཟོད་བཀྲོད་ལོ། །བསྐོལ་བའི་འོག་ཏུ
་གལ་ཏེ་ཆག་འཕྲོ་མ་ཞུགས་སམ་གྲུགས་པ་ལྟ་ན་ཡང་གོང་མ་བཞིན་དུ་འམ་སྨན་པའི་བློས་ཅི་རིགས་པར་ཡང་ལེགས་པར་བརྟགས་ཏེ་གཞུག་གོ། སྔར་དུས་པ་ཆག་ཅིང་ཤས་ཆེར་ན་བ་དང་བཅས་པ་དེ་ལེགས་པར་འགྲུབ་པར
་འགྱུར་བ་ལས་ཕྱི་ས་སྣང་བ་འམ། ལྷུང་བ་ལ་སོགས་པས་ཡང་ཆག་པར་གྱུར་ན་ནི་སྔར་ཇི་ལྟར་ཆག་པ་བཞིན་དུ་འམ། སྨན་བའི་བློས་ཅི་རིགས་པར་ཡང་བརྟགས་ཏེ་གསོ་བར་བྱའོ། །དེ་ལྟར་ཆ་གྲུགས་སུ་གྱུར་པ་ལ་ནི་སྨན་པས་ཅི་ནས་སྣགས་པར་མི་འགྱུར་བར
་བསྲུབ་སྟེ། གལ་ཏེ་སྣགས་པར་གྱུར་ན་ནི་ཤ་དང་རྩ་དང་རྒྱས་པ་དང། འདི་རྣམས་ལ་གནོད་པས་འགྲུབ་པར་མི་འགྱུར་ཏེ། ཞིག་པར་འགྱུར་རོ། །གཞན་ཡང་རླུང་ནད་ཀྱི་ཆོ་གའི་ནང་དུ་བཤད་པའི་སྣུམ་གྱི་སྦྱོར་བ་རྣམ་པ་བཞི་པ་སྣ་ནས་བཏང་བ་དང། འཇམ་རྩི་ལ
་སོགས་བ་སྟོབས་བསྐྱེད་པའི་ཕྱིར་འདི་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ཁ་ཟས་ཀྱང་འབྲས་སཱ་ལུ་དང། མར་དང། ཤ་ཁུ་དང་འོ་མ་ལ་སོགས་པ་དང། སྲན་ཆུང་དང་མུངྒ་ལ་སྭ་བ་བསིལ་བའི་ནུས་པ་དང། ལྡན་པ་དག་ཚོད་ཟིན་པར་ཆག་གྲུགས་ཅན་ལ་སྦྱར
་བར་བྱ་སྟེ། ཅི་ནས་ཆག་གྲུགས་འབྱོར་བར་བྱེད་པའི་བག་བསྟེན་པར་བྱའོ། །ཆག་གྲུགས་བྱེ་ཞིང་མི་འབྱོར་བའི་རྟགས་ནི་ཁ་བའི་བག་དང། ཐལ་སྨན་དང། སྐྱུར་དང། ཉལ་པོ་དང། ཉི་མ་དང། རྩོལ་བ་རྣམ་གཉིས་བསྟེན་པར་མི་བྱ་སྟེ་སྤང་ངོ། །དེ་བཞིན་དུ
་ཁ་ཟས་རྩུབ་པ་རྣམས་ཀྱང་སྤང་བར་བྱ་སྟེ་མི་བསྔགས་སོ། །ཏིལ་ནག་པོ་ཕུབ་མ་མེད་པ་རས་ཀྱི་ནང་དུ་ཐུམ་པོར་བྱས་ཏེ་དམ་དུ་བཅིངས་ནས་ཆུའི་ནང་དུ་ཞག་བདུན་གྱི་བར་དུ་ནུབ་རེ་སྤངས་ཉིན་རེ་བསྐམས་ཏེ། དེ་བཞིན་དུ་འོ་མ་དང། ཤིང་མངར་བསྐོལ
་བའི་ཁུ་བ་དང། རེ་རེར་ཡང་ཆོ་ག་གོང་མ་ལྟར་བྱ་སྟེ། དེ་ནས་ཞག་བདུན་གྱི་བར་དུ་འོ་མ་ལ་སོགས་པའི་ནང་དུ་སྤང་ཞིང་སྐམས་ལ་ཁུ་བ་ཞེན་པ་དང། ཏིལ་ནག་པོ་རྡུལ་མེད་པ་བཏགས་པའི་ཕྱེ་མ་དང། སྤང་སྤོས་དང། བ་ལ་ཀ་དང། བཙོད་དང།
་ཆུ་སྲིན་སེན་མོ་དང། ཤུ་ཏི་དང། བླ་བ་དང། རུ་རྟ་དང། བ་བླ་རྣམ་གསུམ་དང། ཨ་ཀ་རུ་དང། ཙན་དན་དང། གུར་གུམ་དང། ཐལ་ཏྲེས་དང། ཀོ་ཉོན་རྩེའི་ཐང་ཆུ་དང། སྲ་རྩི་བོག་དང། ཐང་ཤིང་དང། སྨན་ཤུག་པའི་སྡེ་ཚན་ལ་སོགས་པ་དང། དྲི
་ཞིམ་པོའི་སྦྱོར་བ་དེ་དག་བཏགས་པའི་ཕྱ་མ་འོ་མ་དང་ལྷན་ཅིག་བསྐོལ་ཏེ། བཙིར་བའི་འབྲུ་མར་འགྱུར་བ་དང། དེའི་ནང་དུ་རྡོ་དྲེག་དང། རྭ་སྣ་དང། སལ་པིན?་དང། ཀ་ཤར་ཀ་དང། གནྟ་བྲི་ཡཾ་ཀུ་དང། རྒྱ་སྤོས
་དང། གནད་པ་དང། གསེང་ཕྲོམ་དང། ཀྵིཾ་བ་ད་རི་དང། རྩ་དུར་བ་དང། གོང་གི་སྤང་སྤོས་ལ་སོགས་པའི་ཕྱེ་མ་དང་ལྷན་ཅིག་ཚུལ་བཞིན་བསྐོལ་བ་ནི་འབྲུ་མར་དྲི་ཞིམ་པའི་མཆོག་ཅེས་བྱ་སྟེ། དེ་ལས་རན་པར་སྤྱད་ན་མྱུར་དུ་ནད་མེད་ཅིང་རུས་པ་བརྟན་པར
་བྱེད་དོ། །རླུང་དང་མཁྲིས་པ་ལས་གྱུར་པའི་ནད་ཤས་ཆེ་བ་ཡང་འབྲུ་མར་གྱི་སྦྱོར་བ་འདི་བསྟེན་ན་མྱུར་དུ་ཞི་བར་འགྱུར་རོ། །རྒྱུད་ཕྱི་མ་མཆོག་ཏུ་གྲུབ་པའི་གནས་ལས་ཆག་གྲུགས་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་བ་རྫོགས་སོ།། །།དེ་ནས་མཚན
་བར་རྡོལ་བའི་ནད་དམིགས་བསྟན་ཅིང་ནད་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མཚན་བར་རྡོལ་བའི་ནད་རྒྱུ་ནི་གླང་བོ་ཆེ་དང་རྟ་ལ་རྒྱུན་དུ་ཞོན་པ་དང། མལ་མཁྲར་བ་ལ་ཉལ་བ་དང། ཙོག་ཙོག་པོར་འདུག་པ་དང། གཞན་ཡང་གཞང་འབྲུམ་གྱི་ནང
་གཞིར་བསྟེན་པ་དང་ཁ་ཟས་མི་མཐུན་པས་རྨ་སྨིན་པར་མཚོར་བ་དང། ཡང་ན་བློ་བུར་དུ་བྱུང་བའི་སྨ་སྨིན་པར་མཚོར་བ་དང། དམ་པ་རྣམས་ལ་སྨོད་པའི་ཉེས་པས་ཕལ་ཆེར་རྐུབ་ཀྱི་ཚུ་རོལ་སོར་གཅིག་གམ་གཉིས་ལ་ཕོལ་མིག་སྔོན་དུ་འགྱུར་ཞིང། དེ་བརྟོལ་བ་ལས་ནང
་ངམ་ཕྱི་རོལ་དུ་རྨ་འབྱུང་སྟེ། ཤ་དང་ཁྲག་མི་རུང་བར་བྱས་ཏ་རུལ་བར་བྱེད་དོ། །དེ་ནས་རྨ་དེ་ཆུ་སོ་དང། གཅིན་གྱི་གནས་སུ་འགྲོ་བར་བྱེད་དོ། །འཛག་བ་དང་ལྡན་པའི་བདག་ཉིད་ཅན་ཡིན་ཏེ། དེ་གསོ་བ་ལོག་པར་བྱས་ན་ནི་མཚན་བར་བརྡོལ་གྱི་རྨ་དེ་མཆེད་པར་བྱེད་དོ། །དེ་ཡང་མོ་མཚན་དང།
་ཆུ་སོ་དང། གཞང་དང། དེ་རྣམས་སུ་ཆེར་མཆེད་ཅིར་རྫས་ལ་རྨ་སྐྱེས་པའི་ནང་ནས་རླུང་དང་གཅིན་དང། ཕྱིས་འབྱུང་བར་འགྱུར་རོ། །དེ་ཡང་ནད་གཞི་རེ་རེ་ལས་གྱུར་པ་དང། ལྡན་པ་དང། འདུས་པ་དང། གློ་བུར་དུ་བྱུང་བ་དང། རྣམ་པ་བརྒྱད་དུ་ཤེས་པར་བྱའོ། །རེ་སྨིན་པའི
་མཚན་པར་རྡོལ་བ་ཞེས་བྱ་སྟེ། དེ་ཡང་ནད་ཀྱི་རྩ་མི་མངོན་པ་དང། ཚབས་ཆེར་ན་བ་དང། རྨ་མི་འདྲུབ་ཅིང་འཁྲུགས་པ་རྣམས་ཡིན་ཏེ། གཞན་དུ་ན་ནི་།ཕོལ་མིག་ཉི་ཚེ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི་མདོག་སྔོ་གནག་ཏུ་འགྱུར་བ་དང། ན་ཞིང
་ཟུག་པ་དང། འཕར་བ་དང་ནད་དང་བཅས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྟགས་ནི་རྔ་མོའི་མགྲིན་པ་བཞིན་དུ་མཐོ་བ་དང། མདོག་དམར་བ་དང། ཚབ་ཆེ་དང་རིམས་ཀྱིས་འདེབས་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི་བརྟན་པ་དང།
་སྣུམ་པ་དང། ནད་ཀྱི་རྩ་འཕྲོས་པ་དང། མདོག་སྐྱ་བ་དང། གཡའ་བ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་ལས་གྱུར་པའི་མཚན་ནི་མདོག་གནག་པ་དང་དམར་བ་དང། ཚ་འུར་འུར་བོར་འདུག་པ་དང། མི་བཟོད་པར་ན་བ་རྣམས་ཡིན་ནོ། །བད་ཀན་དང་རླུང་ལས་གྱུར་པའི་ཕོལ
་མིག་གི་མཚན་མ་ནི། ཅུང་ཟད་དཀར་ཅིང་ཅུང་ཟད་གནག་པ་ཡིན་ནོ། །འདུས་པ་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི་རྐང་པའི་མཐེ་བོང་དང་མཉམ་པའི་ཕོལ་བྱུང་ཞིང་ཟུག་གཟེར་ཆེ་བ་དང། ཁ་ཟས་ཡི་གང་མི་འོང་བ་དང། སྐོམ་དང་ཆེ་བ་དང། ཚ་འུར་འུར་བོར་འདུག
་པ་དང། རིམས་ཀྱིས་འདེབས་པ་དང། སློན་པ་ལ་སོགས་པ་ནད་སྣ་ཚོགས་ཀྱིས་གནོན་པ་ཡིན་ནོ། །རླུང་ལས་གྱུར་པོའི་ཕོལ་མིག་གསོ་བ་མ་བྱས་ཏེ་སྨིན་ན་ནི་རྨ་ཁ་མང་དུ་འབྱུང་སྟེ། དེ་ཡང་ཇི་ལྟར་བུ་ག་བརྒྱ་བའི་ཚགས་མ་ལས་ཆུ་འཛག་པ་བཞིན་དུ། རྨ་ཁ་དེ་ལས་ཀྱང
་འཛག་པ་དང། དབུ་བ་དང་བཅས་པར་རྒྱུན་དུ་འཛག་པ་དེ་རྨ་ཁ་བརྒྱ་བ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་ནད་ཀྱང་རླུང་དང་འདྲ་སྟེ། དེ་ནི་རྔ་མོའི་མགྲིན་པ་ཞེས་བྱའོ། །བད་ཀན་ལས་གྱུར་པའི་ནད་ནི་འཛག་པ་སྤྱི་དང་སྐ་བ་མང་དུ་འབྱུང་སྟེ། དེ་ནི་ཀུན་ཏུ་འཛག་པ་ཞེས
་བྱའོ། །རླུང་དང་མཁྲིས་པ་ལས་གྱུར་པའི་ནད་ཀྱིས་བཤང་སྒོའི་ཕྱི་རོལ་དུ་ཁྱབ་ཅིང་མཆེད་དེ་འཁོར་བ་ལྟར་འདུག་པ་དེ་ནི་པ་རིཀྵ་པ་ཞེས་བྱའོ། །རླུང་དང་བད་ཀན་ལས་གྱུར་པའི་ནད་གཞང་ལ་བརྟེན་ཏེ་དྲང་པོར་འབྱུང་བ་དེ་ནི་མཚན་པ་རྡོལ་གྱི་ནད་དྲང་པོར་ཞེས་བྱའོ
་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནད་ཐོག་མར་གཞང་འབྲུམ་གྱི་གནས་སུ་བྱུང་ཞིང་དེ་ལ་བརྟེན་ཏེ་འཁྲུགས་ནས་གཞན་འབྲུམ་གྱི་རྩ་བར་གཡའ་བ་དང། སྐྲང་བ་དང། ཚ་བ་དང། གཞང་འབྲུམ་གྱི་རྩ་བ་དེར་མྱུར་དུ་སྨིན་ཏེ།
་རྡོལ་ཅིང་སྣགས་པས་རྒྱུན་དུ་འཛག་པ་དེ་ནི་གཞང་འབྲུམ་གྱི་མཚན་བར་རྡོལ་བ་ཞེས་བྱའོ། །འདུས་བ་ལས་གྱུར་པའི་ནད་ཀྱི་མཚན་མ་ནི་བཤང་སྒོའི་ཕྱི་རོལ་དུ་དུང་འཁྱིལ་བ་ལྟ་བུར་འབྱུང་ཞིང་དེར་ཡང་བུག་མང་དུ་སྣང་སྟེ་ནད་ཀྱི་ཤུགས་དྲག་པ་དེ་ནི་དུང
་འཁྱིལ་བ་ལྟ་བུའི་མཚན་པར་རྡོལ་བའི་ནད་ཅེས་བྱའོ། །མཚན་པར་དོལ་བའི་ནད་ཀྱིས་ཤ་རྣགས་པར་བྱ་སྟེ་ཟད་པ་ལས་མདོང་མོའི་རུས་པ་ལ་ཐུག་པ་དང། འཕྲེང་དུ་ལམ་ལོག་པར་མཆེད་ཅིང་རྨ་འབྱུང་སྟེ། དེའི་ཚེ་རྣག་རྙིང་པས་ཤུ་བ་བྱུང་ཞིང་སྲིན་བུ་སྐྱེས་ཏེ། དེས
་གཞང་ཀུན་ཏུ་ཟ་བར་བྱེད་ཅིང་གཞང་རྡོལ་བར་འགྱུར་ཏེ། རྨ་བས་ཁྱད་དུ་ཚ་བ་དང། གཡའ་བ་དང། ན་བ་ལ་སོགས་པ་སྐྱེད་པ་ཡིན་ཏེ། དེ་ནི་ལམ་ལོག་པར་སོང་བའི་མཚན་བར་རྡོལ་བའི་ནད་ཅེས་ཀྱང་བྱ། ཟད་བྱེད་ཅེས་ཀྱང་བྱའོ། །དེ་རྣམས་ལས་འདུས་པ་ལས་གྱུར་པ
་དང། ཟད་བྱེད་ཀྱི་མཚན་བར་རྡོལ་གཉིས་ནི་སྡང་བར་བྱའོ། །ལྷག་མ་རྣམས་ནི་གསོ་དཀའ་ཨོ། །གཞང་གི་གཉེན་མ་འཛུམ་བྱེད་དང། མཚན་དང་བཤང་སྒོའི་བར་མཚམས་ལ་མཚན་བར་རྡོལ་བའི་ནང་བྱུང་ན་ནི་འབྲུམ་དུ་གསོ་བའི་ཆོ་གས་འབད་པས་དང་བཅས་པར
་གསོའོ། །གོང་འོག་ཏུ་སྨོན་ཁྲུས་ལ་སོགས་པས་ལུས་སྦྱང་ཞིང་ཁྲག་བྱུང་བ་བླ་བླུག་པ་སོགས་པས་ཅི་ནས་སྨིན་པར་མི་འགྱུར་པའི་ཐབས་བྱའོ། །གལ་ཏེ་སྨིན་ན་ནི་ཉེ་བར་སྣུམ་ཆོ་དང་དུགས་བྱ་དང། ཆུ་ནང་དུ་ལུས་གཞུག་པ་དག་བྱའོ། །མཚན་བར
་རྡོལ་གྱི་གནས་བརྟག་པ་ནི་གཞང་འབྲུམ་བརྟག་པའི་ཆ་བྱེད་ལྟ་བུས་གཞང་འབྲུམ་ཇི་ལྟར་བརྟག་པ་ལྟར་བྱ་སྟེ། དེ་ཡང་ཁ་ཐུར་དུ་ལྟ་བ་དང། གྱེན་དུ་ལྟ་བ་དང། ནང་དུ་ལྟ་བ་དང། ཕྱི་རོལ་དུ་ལྟ་བ་ལེགས་བར་བརྟགས་ཏེ། དེ་ལ་ནང་དུ་ལྟ་བ་ནི་སྨན
་པས་ལེགས་པར་བརྟགས་ཏེ། མཚོན་གྱིས་དཔྲལ་ཞིང་བཅད་དོ། །ཁ་ཕྱིར་ལྟ་བ་ནི་ཟལ་སྨན་གྱིས་གསོའོ། །ཡང་ན་སྨན་པ་མཁས་བས་མེའི་ལས་བྱའོ། །རྔ་མོའི་མགྲིན་པ་ལྟ་བུ་ལ་ཡང་ཐལ་སྨན་གྱི་ལས་བྱའོ། །རྨ་ཁ་བརྒྱ་པ་ལ་ནི་ཆ་སྦྱང་སྤུབས་ཅན་གཅིག་གིས་ནང་དུ་བཅུག་སྟེ།
་བཅད་པར་བྱ་སྟེ། རྨ་ལེགས་པར་འདྲུབས་ན་ནི་ལེགས་པ་ཡིན་ལ་རྨ་རྙིང་སྟེ་འཚོར་མ་བཏུབ་ན་ནི་ཉེས་པ་ཡིན་ཏེ་འཆི་བ་ཡིན་ནོ། །པ་རིཀྵ་པ་ཞེས་བྱ་བའི་མཚན་པར་རྡོལ་ལ་ཡང་ཆོ་ག་གོང་མ་ལྟར་བྱ་སྟེ། ཐལ་སྨན་དང་བ་གཅིན་སྤུ་བུ་ནས་གཏང་བ་ཡང་བྱའོ། །གཞང
་འབྲུམ་གྱི་མཚན་བར་རྡོལ་བའི་ནད་ལ་ནི་སྨན་པས་བརྟགས་ཏེ། གོང་གི་གཞང་འབྲུམ་ལ་ཕན་པའི་སྨན་གྱི་ཕྱེ་མས་གདབ་བོ། །ཟ་བྱེད་ཀྱི་མཚན་བར་རྡོལ་བའི་ནད་ལ་ནི་ཟུག་རྡུ་བྱུང་བའི་ཆོ་ག་རྣམས་བྱའོ། །སྲིན་བུ་འཇོམས་པའི་བཟའ་བ་དང། བྱུག་པ་དང།
་ཟས་ཀྱང་སྦྱིན་ནོ། །དེ་བཞིན་དུ་གླན་པའི་དུགས་དང། སྤུ་བུའི་དུགས་ལ་སོགས་པ་སྣུམ་ཆོས་བྱས་ན་ཟུག་གཟེར་ལ་ཕན་ནོ། །དུང་འཁྱིལ་བ་ལྟ་བུ་བུ་ག་མང་དུ་བྱུང་བའི་ནད་ལ་ནི་སྨན་པས་བརྟགས་ཏེ་བཅད་པའི་ལས་བྱའོ། །དེ་ལ་མཚོན་ནི་སརྦ་ཏོ་བྷ་ད་ཏྭ་ཞེས་བྱ་བ
་དང། ད་ལ་ལང་ག་ཞེས་བྱ་བ་དང། ལང་ག་ཞེས་བྱ་བ་དང། དེ་རྣམས་ཀྱིས་བྱའོ། །ངོས་སུ་བྱུང་བ་ལ་ནི་མཚོན་གོ་ཏིརྐ་ཀ་ཞེས་བྱ་བས་བཅད་དོ་ཞེས་འདོད་དོ། །མཚན་བར་རྡོལ་བ་ཐམས་ཅད་ལ་ནི་མཚོན་སརྦ་ཏོ་བྷ་ད་ཏྲ་ཞེས་བྱ་བས་བཅད་དོ། །ང་ག་ལའི་མཚོན་གྱིས་ནི་ངོས
་གཉིས་པ་ལ་ཡོད་པར་བཅད་དོ། །བཅད་པའི་འོག་ཏུ་ནི་ཐམས་ཅད་ཀྱང་བསྲེགས་པར་བྱའོ། །འཛག་པའི་ལམ་ཐམས་ཅད་ཀྱང་དེ་བཞིན་དུ་བསྲེགས་པར་བྱ་སྟེ། ཕྱིས་མི་སྐྱེ་བའི་ཕྱིར་རོ། །ཁོང་དག་པར་བྱ་བའི་ཕྱིར་བར་དུ་སྨན་པ་སློན་ཁྲུས་ཀྱིས་ལུས་སྦྱང་བར་བྱའོ། །བྱི་ལའི
་རུས་པའི་ཕྱེ་མ་འབྲས་བུ་གསུམ་བསྐོལ་བའི་ཁུ་བའི་ནང་དུ་བཏབ་སྟེ། ལྡེ་གུར་བྱས་ཏེ་རྨ་བཀྲུ་བར་བྱའོ། །ཛོ་ཏི་སྨ་ཏི་དང་མ་ལ་ཡུ་དང། ལངྒ་ལི་དང། ཤི་ལུ་དང། དུར་བྱིད་དང། པཱ་ཐཱ་དང། ཙི་ཏྲ་ཀ་དང། སོ་རྩི་ཀའི་བྲལ་བ་དང། ཀ་ར་བི་ར་དང། ཤུ་ཐག་དང།
་ཤུ་ཐག་ཀྵ་ར་དང། ཨ་པ་མརྒ་དང། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་མཚན་བར་རྡོལ་བའི་ནད་པ་ལ་སྐུ་བྱུག་ཏུ་བྱས་ན། འདི་ནི་ཕན་པར་བྱེད་པའི་མཆོག་ཡིན་ནོ་ཞེས་བཤད་དོ། །བ་ཤིང
་མངར་དང། གསེར་ཕྲོམ་དང། པི་པི་ལིང་དང། སུག་སྨེལ་དང། ཧ་རུ་ནུ་ཀ་དང། སེར་པོ་རྣམ་གཉིས་དང། པྲི་ཡི་ཀུ་དང། ལན་ཚ་དང། ཐལ་ཏྲེས་དང། པདྨའི་སྙིང་པོ་དང། ཤུག་བ་དང། ད་ཏ་ཀི་དང། སྤྲ་ཚིལ་དང། སྲ་རྩི་པོ་ག་དང། རུ་རྟ་དང།
་རི་དི་ཀ་དང། ཁ་ལུང་གི་ལོ་མ་དང་དེ་རྣམས་འབྲུ་མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་བསྐུ་བར་བྱས་ན་འབྲུམ་ཆེན་དང། མཛེ་དང། གཅིན་ནད་སྦྲང་རྩི་ལྟ་བུ་དང། དུ་མ་འཇོམས་པར་བྱེད་དོ། །བྱི་དང་གའི་སྙིང་པོ་དང། འབྲས་བུ
་གསུམ་དང། པི་པི་ལིང་དང། པི་པི་ལིང་མུ་ལ་དང། དེ་རྣམས་སྦྲང་རྩི་དང། ཏིལ་མར་སྦྱར་བའི་ལྡེ་གུ་ཟོས་ན་སྲིན་བུའི་ནད་དང། མཚན་བར་རྡོལ་བ་དང། མཛེ་ནད་དང། གཅིན་སྙི་བ་དང། རྨས་པ་དང། རྨ་འཁྱིམས་པ་དང། དེ་རྣམས་འཇོམས་ཤིང
་འཚེ་བར་བྱེད་དོ། །སླེ་ཏྲེས་དང། སུག་སྨེལ་དང། བྱི་དང་ག་དང། དུག་མོ་ཡུངས་དང། བ་རུ་ར་དང། ཨ་རུ་ར་དང། སྐྱུ་རུ་ར་དང། གུ་གུལ་དང། དེ་རྣམས་ལས་ཀྱི་རིམ་བཞིན་དུ་ཆ་རེས་བསྐྱེད་པའི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ཟོས་ན་འབྲུམ་བུ་དང།
་ཚ་ཞིང་སྦོམ་པ་དང། མཚན་བར་རྡོལ་བྱི་ནད་རྣམས་ལས་རྒྱལ་བར་བྱེད་དོ། །པི་པི་ལིང་དང། ཙི་ཏྲ་ཀ་དང། བྱི་དང་ག་དང། དུག་མོ་ཉུང་དང། དེ་རྣམས་ཆ་བསྙམས་པའི་ཕྱེད་ཀྱི་འབྲས་བུ་གསུམ་དང། དེ་རྣམས་སྤྱི་དང་མཉམ་པའི་གུ་གུལ
་དང། ད་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བར་ལྷགས་ན་ནད་ཐམས་ཅད་འཇོམས་པར་བྱེད་དོ། །གུ་གུལ་སྲད་ལྔ་དང། པི་པི་ལིང་དང། འབྲས་བུ་གསུམ་སྲད་རེ་བ་དང། ཤིང་ཚ་དང། སུག་སྨེལ་ཞོ་གཉིས་གཉིས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར
་བ་ཟོས་ན་མཚན་བར་རྡོལ་བ་དང་མཛེ་དང། སྐྲན་འཛོམས་པར་བྱེད་དོ། །གོང་གི་སྨན་གྱི་ཕྱེ་མ་དེ་ཉིད་དང། བཅའ་སྒའི་ཕྱེ་མ་བསྲེགས་བ་རྩ་བ་བསྐོལ་བའི་ཁུ་བས་བསྒོས་པ་ཟོས་ན། བྱད་པར་དུ་རླུང་གི་ནད་ལས་རྒྱལ་བར་བྱེད་དོ། །སེང་ལྡེང་དམར་པོའི་སྙིང་པོའི
་ཕྱེ་མ་སྨན་ཨ་ས་ན་བསྐོལ་བའི་ཁུ་བའི་ནང་དུ་བསྒོས་པ་དང། དེ་དང་མཉམ་པའི་གུལ་གྲུལ་དང། གཉིས་སྦྲང་རྩི་དང་ལྡེ་གུ་བྱས་ནས་ཟས་ན། མཛེ་དང། གཅིན་སྙི་བ་དང། འབྲུམ་བུ་དང། མཚན་བར་རྡོལ་བ་རྣམས་སེལ་ཏོ། །དེ་དག་མཚན་བར་རྡོལ་བ་གསོ
་བའི་བྱེ་བྲག་ཡིན་ཏེ་ལྷག་མ་བཟལ་བ་དང། བཏུང་བ་ལ་སོགས་པ་རྣམས་ནི་རྨ་གསོ་བའི་ཆོ་ག་ལས་འབྱུང་བ་རྣམས་བསྟན་ཅིང་སྦྱིན་པར་བྱའོ། །མཚན་བར་རྡོལ་གྱི་རྨ་སོས་ནས་ཀྱང་ལོ་གཅིག་གམ་དེ་བས་ལྷག་པར་ཡང་རུང་སྟེ། རྟ་ཞོན་པ་དང། སྟོབས་འགྱེད་པ
་དང། འབྱུང་བ་དགག་པ་དང། ཆང་བཏུང་བ་དང། ཉལ་པོ་དང། ཁ་ཟས་སྤྱི་བ་དང། མ་གོམས་པ་དང། རྩལ་དྲགས་པ་ལ་སོགས་པ་ཡོངས་སུ་སྤང་བར་བྱའོ། །མཚན་བར་རྡོལ་བའི་ནད་དམིགས་བརྟག་ཅིང་གསོ་བའི་ཆོ་གའི་ལེའུ་ཉི་ཤུ་རྩ་བརྒྱད་བ་རྫོགས
་སོ།། །།དེ་ནས་ཐོར་བུ་དང། འབྲས་བུ་དང། རྐང་བམ་དང། འབྲུམ་ཆེན་དང། རྨ་འཁྱིམས་པ་རྣམས་ཀྱི་ནང་དམིགས་བརྟག་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བད་ཀན་དང། ཤ་དང་ཚིལ་དང། བྲག་འདུས་པ་ལས་ཐོར་བུ་ཟླུམ་བུ་མཐོ་བ་སྐྲངས
་པ་དེ་ནི་ཐོར་བུ་ཞེས་བྱའོ། །དེ་ཡང་ནད་གཞི་རྣམས་དང། རྩ་དང་ཁྲག་དང་ཤ་དང་ཚིལ་དང་རུས་པ་དང། རྨ་ལས་གྱུར་པའི་ཐོར་བུ་དང་རྣམ་པར་གྱུར་འགྱུར་རོ། །དེ་ཡང་རླུང་ལས་གྱུར་པའི་ཐོར་བུ་ནི་རྒྱ་ཆེར་མཆོད་པ་དང་ཟུག་ཅིང་ན་བ་དང། པགས་པ་དང།
་མཆོག་རྣག་པ་དང། གནས་གཞན་དང་གཞན་དུ་འཕོ་ཞིང་འགྲོ་བ་དང། ལྡང་དུབ་བྱེད་པ་དང། འཇམ་པ་དང། ལྒང་བ་བུས་པ་ལྟར་འདུག་པ་དང། བརྟོལ་ན་ཆུ་སེར་རྣམས་འཛག་པ་ཡིན་ནོ། །མཁྲིས་པ་ལས་གྱུར་བའི་ཐོར་བུ་ནི་ཚ་འུར་འུར་པོར
་འདུག་པ་དང། མདོག་སེར་བ་འམ་ཡང་ན་དམར་བ་དང། མྱུར་དུ་སྨིན་པ་དང། བརྟོལ་ན་ཁྲག་དྲོན་མོ་འཛག་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་ཐོར་བུའི་མཚན་མ་ནི་ནད་མེད་པ་དང། སྲ་བ་དང། རེག་ན་གྲང
་བ་དང། མགོ་དཀར་བ་དང། གཡའ་བ་རྣམས་ཡིན་ནོ། །གལ་ཏེ་སྨིན་ན་ནི་རྣག་སྐ་བ་འཛག་པ་ཡིན་ནོ། །ནད་གཞི་ཁྲག་དང་འདྲེས་པའི་ཐོར་བུ་ནི་སྲིན་བུ་དང་བཅས་པར་འགྱུར་བ་ཡིན་ནོ། །ཤ་དང་རྩ་འདྲེས་པ་ལས་བྱུང་བའི་ཐོར་བུ
་ནི་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་སྟེ་མཚན་མ་གཞན་ནི་མཁྲིས་པ་དང་འདྲའོ། །ཤ་སྐྱེས་པའི་ཟས་བསྟེན་པས་ཤ་རུང་བར་འགྱུར་རོ། །ཐོར་བུ་འབྱུང་ཞིང་དེ་ཡང་སྣུམ་པ་དང། ཆེ་བ་དང། སྲ་བ་དང། རྩ་དྲ་བས་ཁྱབ་པར་སྣང་སྟེ། མཚན
་མ་ལྷག་མ་ནི་བད་ཀན་དང་འདྲའོ། །ཚོལ་སྐྱེ་བའི་ཟས་བསྟེན་པས་ཚིལ་ཟབས་ཆེར་སྐྱེས་ནས་རླུང་གི་ཤ་དང་པགས་པར་ཚིལ་དྲངས་ཏེ་ཐོར་བུར་གྱུར་བ་ནི་ཤིན་ཏུ་སྣུམ་པ་དང། འཇམ་པ་དང་བསྟན་པ་ཡིན་ཏེ་རྟགས་ལྷག་མ་ནི་བད་ཀན་གྱི་ཐོར་བུ
་དང་འདྲ་སྟེ་ལྡང་དུ་བ་ཀྱང་བྱེད་དོ། །དེ་གལ་ཏེ་བརྟོལ་ན་ནི་ཚིལ་འཐུག་མོ་དམར་བ་དང་དཀར་པོ་དག་འབྱུང་བ་ཡིན་ནོ། །རུས་པ་ཆག་གམ་སྣང་པ་ལས་ཐོར་བུར་གྱུར་པ་ནི་ཤིན་ཏུ་མཐོ་བ་འམ། ཡང་ན་དམའ་བ་འབྱུང་སྟེ། དེ་ཡང་ཆུ་ལ་སོགས་པར
་བབ་ཚོལ་དུ་སོང་བ་ལས་འབྱུང་བ་ཡིན་ནོ། །རྩོལ་བ་དྲགས་པས་རྩ་དང་ཁྲག་འཁྲུགས་ཏེ། རླུང་གིས་རྩ་འཁུམས་ཏེ་ཡོ་བ་དང། སྐེམས་དང། མི་འཕར་བ་དང། ནད་ཉུང་ཞིང་མདུད་པའི་ཐོར་བུར་འགྱུར་ཏེ། དེ་ནི་རྩའི་ཐོར་བུ་ཞེས་བྱའོ། །མ
་འདྲུབས་ཀྱང་རུང། མ་འདྲུབ་ཀྱང་རུང་སྟེ། རོ་ཀུན་དང་ལྡན་པའི་ཟས་བསྟེན་པ་དང། རྨ་ལ་རས་མ་མཐུག་མོས་དཀྲིས་པ་འམ། ཡང་ན་མ་དཀྲིས་པར་བཞག་པ་འམ། ལུས་ཀྱི་རྨ་ལ་རྡོ་ལ་སོགས་པ་ཕོག་པ་དང། རླུང་ནད་ལས་ཁྲག་ཤས་ཆེར
་བྱུང་བ་དང། ཡང་མ་བྱུང་ཡང་རུང་འཁྲུགས་ཏེ་རྨའི་ཁ་ཟླུམ་པོར་འགྱུར་ཞིང་རྨ་སྐམ་པ་དང། ཚ་འུར་འུར་པོར་འདུག་པ་དང། གཡའ་བ་རྣམས་ཡིན་ཏེ། དེ་ནི་རྨའི་ཐོར་བུ་ཞེས་བྱའོ། །དེ་ལ་གསོར་རུང་བུའི་འབྲུམ་བུའི་ནད་གཞི་གསུམ་དང།
་ཁྲག་དང་ཚིལ་ལས་གྱུར་པ་བཞིས་འགུལ་དང་རྒྱུ་མ་སྤོམ་པོ་དང། གནས་དང་མགུལ་བ་དང། ལྟོ་བ་རྣམས་སུ་འབྲུམ་བུ་ཆེ་ཞིང་ཟུམ་ཏེ། དེའི་མཚན་ཉིད་ནི་ནང་ན་ཚིལ་ནད་གཞི་རྣམས་དང་ལྷན་ཅིག་འཁྲུགས་པ་ཡིན་ཏེ། དེ་ཡང་བད་ཀན་དང
་ཚིལ་ཤས་ཆེ་ཞིང་བརྟན་པ་དང། སྨིན་མི་ཤེས་པ་ཡིན་ནོ། །རྩའི་ནང་དུ་ཁྲག་གནས་པ་དེ་ནད་གཞི་རྣམས་ཀྱིས་མ་རུང་བར་འགྱུར་ཏེ་ཁྲག་ཚོས་ཤིང་རྒྱས་པས་ཤའི་གོང་བུར་གྱུར་པ་ཡིན་ནོ། །པགས་པའི་ཕྱི་རོལ་ཤུ་བ་མང་པོས་ཁྱབ
་ཅིང་ཤས་ཆེར་སྐྱེས་པ་དང། རྒྱུན་ཏུ་ཁྲག་ངན་འཛག་པ་དེ་ནི་ཁྲག་གི་འབྲུམ་བུ་ཞེས་བྱའོ། །འབྲུམ་བུ་ད་རྣམས་ལས་ཁྲག་དང་ཤ་ལས་གྱུར་པ་ནི་སྤང་བར་བྱའོ། །ལྷག་མ་བཞི་ནི་གསོར་རུང་ངོ། །དེ་ལ་རྐང་བམ་གྱི་ནད་ཀྱི་ནི་ཆུ་སོ་དང། བརླ་དབྲག
་གཉིས་ཀྱི་བར་དང། བརླ་ལ་སོགས་པ་ལུས་ཀྱི་སྨད་ལ་བརྟེན་ཏེ་བད་ཀན་དང། ཤ་དང་ཁྲག་གི་ཉེས་པ་རིམ་གྱི་ཡུན་རིང་པོ་ནས་རྐང་པར་འདུས་ཏེ་སྦོམ་པར་སྐྲང་ཞིང་སྲ་བ་དེ་ནི་རྐང་བམ་ཞེས་བྱའོ། དེ་ལ་རླུང་ལས་གྱུར་པའི་རྐང་བམ་གྱི་མཚན་མ་ནི
་འབྲུམ་བུ་དང་བཅས་ཞིང་མདོག་གནག་ལ་བློ་བུར་དུ་ན་ཞིང་རྩུབ་པ་ཡིན་ནོ། །མཁྲིས་པའི་རྐང་བམ་གྱི་ནད་ནི་མདོག་སེར་བ་དང། ཚ་འུར་འུར་པོར་འདུག་བ་དང། རིམས་ཀྱིས་འདེབས་པ་ཡིན་ནོ། །བད་ཀན་ལས
་གྱུར་པའི་རྐང་བམ་ནི་ཐི་བ་དང། སྣུམ་པ་དང། ཟུག་གཟེར་ཆུང་བ་དང། ཤུ་བས་ཁྱབ་པ་ཡིན་ནོ། །རྐང་བམ་དེ་ཚབས་ཆེ་ཞིང་མར་དུ་འཇིག་པ་ལོ་གཅིག་ལས་འདས་པ་དེ་ནི་སྤང་བར་བྱའོ། །སློབ་དཔོན་ཁ་ཅིག་ན་རེ་རྐང་བམ་ཇི་ལྟར་འབྱུང་བ་བཞིན
་དུ་ལག་པ་དང། རྣ་བ་དང། མཆུ་དང་སྣ་རྣམས་ཀྱི་ཕྱོགས་དང་ཉེ་བར་རྐང་བམ་གྱི་ནད་འབྱུང་ངོ་ཞེས་སྨྲའོ། །དེ་ལ་འབྲུམ་ཆེན་ཞེས་བྱ་བ་ནི་ནད་གཞི་དང་ཚིལ་འཁྲུགས་ཏེ། དེ་ཡང་མགུལ་བ་དང། རྩེའུ་ཆུང་གཉིས
་དང། མིག་དང། མཚན་ཁུང་དང། ཆུ་སོ་དང་བྲང་རྣམས་ལ་བརྟེན་ཏེ་མདོག་ནད་གཞི་རང་གི་མདོག་དུ་སྣང་ཞིང། སྲ་བ་དང། སྣུམ་པ་དང། བུམ་ཤ་དང། སྐྱུ་རུ་རའི་ཆང་ཙམ་འབྱུང་ཞིང་དེའི་ཉེ་འཁོར་དུ་འབྲས་མང་པོ་འབྱུང་ལ་མྱུར་དུ་མི
་སྨིན་པ་དང། སྨིན་ན་ནི་ཆུང་བ་ཡིན་ནོ། །ཁ་ཅིག་ནི་སྨིན་མ་འཛག་པར་འགྱུར། ཁ་ཅིག་ནི་ཞིག་ནས་སྐྱེས། ཁ་ཅིག་ནི་ཡུན་རིང་དུ་གནས། ཁ་ཅིག་ནི་རྩཝ་དུང་བ་བཅད་བ་བཞིན་དུ་འཕེལ་བར་བྱེད་དོ། །དེ་ནི་འབྲུམ་ཆེན་གྱི་ནས་འབྲས་ཀྱི་ཕྲེང་བ་ཞེས
་བྱའོ། །འབྲས་ཀྱི་ཕྲེང་བའི་ནད་རིམས་དང། སྐྱུགས་པ་དང་རྩིབ་ལོགས་སུ་ཟུག་པ་དང། ལུད་པ་ལུ་བ་དང། སྣ་ཆུ་འཛག་པ་དང་ལྡན་ན་ནི་སྤང་བར་བྱའོ། །དེ་ལ་འཁྱིམས་པའི་ནང་ནི་རྨ་སྐྲངས་པ་སྨིན་ནས་མ་བརྡོལ་བ་དང། རྨ་ལ་གནོད་པ་རྣམས
་བསྟེན་པས་ཤ་ལ་སོགས་པའི་ནང་དུ་རྣག་གིས་གང་ཞིང་རྗེས་སུ་ཞུགས་ནས་ཐུགས་རིང་དུ་འགྲོ་སྟེ་སྤུ་བུ་ནས་ཆུ་འཛག་པ་བཞིན་དུ་རྣག་འཛག་པར་འགྱུར་ཞིང་རྨའི་སྤུབས་དྲང་པོ་གཅིག་ལས་བྱེད་ཏེ་སྣ་ཚོགས་སུ་འགྲོ་བ་ཡིན་ནོ། །དེ་ཡང
་ནད་གཞི་རྣམ་པ་གསུམ་དང། འདུས་པ་དང། ཟུག་རྔུ་སྟེ་རྣམ་པ་ལྔར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་རྨ་འཁྱིམས་པ་ནི་རྨ་ཁ་ཆུང་ཞིང་ནད་དང་བཅས་པ་དང། མདོག་འགྱུར་བ་དང། འཛག་པ་དབུ་བ་དང་བཅས་པར་འབྱུང་ཞིང། ནུབ
་མོ་ལྷག་པར་འཛག་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྨ་ནི་སྐོམ་དང་ཆེ་བ་དང། རིམས་ཀྱིས་འདེབས་པ་དང། ལུས་ཚ་བར་གྱུར་པ་དང། མདོག་སེར་བ་དང། རུལ་བའི་དྲི་བྲོ་བ་དང། རྣག་དྲོ་བ་འབྱུང་བ་དང། ཉེན་པར་ལྷག་པར་འཛག་པ
་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་འཛེག་པར་སླ་བ་དང། སྤྱི་བག་དུ་འདུག་པ་དང། གཡའ་བ་དང། སྲ་བ་དང། མཚན་མོ་ཆེར་རྣགས་པ་ཡིན་ནོ། །འདུས་པ་ལས་གྱུར་བ་ནི་ཀུན་གྱི་མཚན་མ་དང་ལྡན་པ་ཡིན་ཏེ། སྤང་བར་བྱའོ། །ཟུག་རྔུ་ཟུག་པའི་རྨ་འཁྱིམས་པ་ནི་ཟུག
་རྔུ་ནང་ན་ཡོད་པ་མ་ཕྱུང་ན་རྨ་ཕུགས་བྱེར་པར་བྱེད། །དེ་ནས་རྣག་དབུ་བ་དང་བཅས་པ་དང། སླ་བ་དང། དང་བ་དང། དྲོ་བ་དང་ཁྲག་དང་བཅས་པ་འབྱུང་བར་འགྱུར་ཏེ། རྟག་ཏུ་ནད་དང་བཅས་པ་ཡིན་ནོ། །ཐོར་བུ་དང་འབྲུམ་བུ་ལ་སོགས་པའི་ནད་དམིགས་པ་རྟག་པའི་ལེའུས
་ཉི་ཤུ་རྩ་དགུ་པ་རྫོགས་སོ།། །།དེ་ནས་ཐོར་བུ་དང་འབྲུམ་བུ་ལ་སོགས་པ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོར་བུ་མ་སྨིན་པ་ལ་ནི་རང་རང་གི་ནད་གཞི་ཇི་ལྟ་བ་བཞིན་དུ་སྐྲང་པའི་ཆོ་ག་རྣམས་བྱའོ། །ལུས་སྦྱང་ཞིང་དག་པ་འདོད་པས་བྲི་ཧ་སྟི་དང་ཙི་ཙི
་ཏྲཀ་དང། ཀཎྚ་ཀཱ་རི་དང། པི་པི་ལིང་རྣམས་མར་དང་བསྐོལ་བའི་མར་གྱིས་སྣུམ་བཅོས་བྱ་སྟེ། དེའི་འོག་ཏུ་རྣོ་བའི་སྨན་གྱིས་སློན་ཁྲུས་དང། བྱུག་པ་རྣམས་སྦྱར་ཏེ། ཐོར་བུ་ལ་དུགས་མང་དུ་བྱ་ཞིང་ཡང་དང་ཡང་མཉ་བར་བྱའོ། །དེ་དག་ནི་ཁྱད་པར་དུ་རླུང་གི་གསོ་བ་བསྟན་པ་ཡིན་ཏེ།
་མཁྲིས་པ་དང་ཁྲག་ལས་གྱུར་པ་ལ་ཡང་སྲིན་པདྨས་ཁྲག་དབྱུང་བ་དང། བསིལ་བའི་ཆོ་ག་མང་དུ་བྱའོ། །བད་ཀན་ལས་གྱུར་པ་ལ་ནི་རླུང་གི་ཆོ་ག་ལྟར་བྱའོ། །དེ་ལྟ་མོད་ཀྱིས་སྨིན་པ་ལ་ནི་མཚོན་གྱིས་བཅད་དེ་ཁྲག་ཡོད་ན་ནི་མེས་བསྲེག་གོ། མ་ལུས་པར་བཅད་ན་ནི་ལེགས་པ
་ཡིན་ལ། མ་ལྷག་མ་ལུས་པར་བཅད་ན་ནི་ཕྱིས་ལྡང་ཏེ་ངེས་པར་རྒྱས་ཤིང་འཕེལ་བར་འགྱུར་རོ། །མས་བཏང་བའི་སྨན་དང། གཏར་གཡང་བྱའོ། །འབྲུམ་བུ་གསོ་བའི་ཐོར་བུ་གསོ་བ་ཇི་ལྟ་བ་བཞིན་དུ་ནད་གཞི་དང་སྦྱར་ཏེ་གསོ་བ་མ་ལུས་པར་བྱས་ན་ཕན་ནོ། །ཤ་དང་རྨ་ལས
་བྱུང་བའི་ཐོར་བུ་ནི་དེ་བཞིན་དུ་གསོས་ན་སོ་རྩམ་དུ་འཇོག་ནུས་སོ། །ཐོར་བུ་ཚིགས་ལས་གྱུར་པ་ལ་ནི་ཐོ་ལྕགས་ལ་སོགས་པའི་ལྕགས་སྲེགས་པས་སྲེག་སྟེ། ཏིལ་གྱི་ལྡེ་གུས་རྨ་བསྐུས་ནས། གོས་ཉིས་རིམ་གྱིས་དཀྲིས་པའམ། ཡང་ན་མཚོན་གྱིས་དཔྲལ་ལ་ཚིགས་ཕྱུང་སྟེ་རྨ་སྲིག་གོ་།རྩ
་ལས་སྐྱེས་པའི་ཐོར་བུ་གསར་བ་ལ་ནི་ས་ཧ་རའི་འབྲུ་མར་བླུད་དེ་དེ་བཞིན་དུ་རླུང་འཇོམས་པའི་སྨན་དང་དུགས་བྱ་སྟེ་མས་བཏང་བའི་སྨན་དང་གཏར་ག་ཡང་བྱའོ། །འབྲུམ་བུ་གསོ་བ་ནི་ཐོར་བུ་གསོ་བ་ཇི་ལྟ་བ་བཞིན་དུ་ནད
་གཞི་དང་སྦྱར་ཏེ་གསོ་བ་མ་ལུས་པར་བྱས་ན་ཕན་ནོ། །རྐང་བམ་གྱི་ནང་ལ་ནི་སྣུམ་ཆོས་དང་དུགས་དང་རླུང་འཇོམས་པའི་སྨན་གྱི་དུགས་བྱ་སྟེ། ལོང་མོ་ནས་སོར་གཉིས་གྱེན་དུ་བཅལ་བའི་རྩ་ལ་གཏར་ག་གདབ་པོ། །དེ་ནས་ཟླ་བ་གཅིག་གི་བར་དུ་ཨེ་རཎྚའི་མར
་བ་གཅིན་དང་སྦྱར་བ་བླུད་དོ། །སྨན་ཞུ་བའི་རྗེས་ལ་འབྲས་རྙིང་པ་ལ་སོགས་པའི་ཁ་ཟས་བཅའ་སྒ་དང་འོ་མ་བསྐོལ་བ་དང་བཅས་པར་བཟའ་ཨོ། །ཡང་ན་དུར་བྱིད་དང་འོ་མ་སྦྱར་བ་བླུད་དོ། །དེ་ལྟར་བྱས་ཀྱང་མ་ཞིན་བསྲེག་པར་བྱའོ། །མཁྲིས་པའི་རྐང་བ་མ་ལ་ནི་ལོང
་མོའི་འོག་གི་རྩ་ལས་བག་འཕྱུང་ན་མཁྲིས་པའི་རྐང་བམ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །བད་ཀན་གྱི་རྐང་བམ་ལ་ནི་རྐང་པའི་མཐེ་བོང་ལས་ཁྲག་གཏར་ཏེ་ཁ་ཟས་སུ་ནས་བསྟེན་ན་ཕན་ནོ། །སྣན་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བཏུང་ངོ། །པི་པི་ལིང་དང་ཨ
་རུར་བསྐྱེད་བའི་ཆོ་ག་ཡང་བྱའོ། །ཡུངས་ཀར་དང། བར་ད་ཀའི་རྩ་བ་གཉིས་ཀྱི་ལྡེ་གུས་བྱུག་པ་འམ། ཡང་ན་འོ་སུའི་ལོ་མའི་བྱུག་པ་ཡང་བྱའོ། །འབྲུམ་ཆེན་གྱི་ནད་ལ་ནི་སློན་ཁྲུས་ཀྱིས་གོང་འོག་ཏུ་དག་པ་བྱས་ནས་དེའི་འོག་ཏུ་དནྟི་དང། དྲན་པ་ཏི་དང། དུར་བྱིད་དང།
་ཀ་ཤ་ཏི་ཀ་དང། དེ་བ་ད་ལི་དང་དེ་རྣམས་མར་དང། བསྐོལ་བ་ལས་བླུད་པར་བྱའོ། །བད་ཀན་དང་ཚིལ་ལ་ཕན་པའི་སྨན་དང། དུ་བརྡུབ་པ་དང། མཁུར་བར་བཅང་བ་དང། སྣ་སྨན་རྣམས་ཀྱང་བསྟེན་པ་ཕན་ནོ། །དེ་བཞིན་དུ་གཏར་ག་ཡང་བྱ་ཞིང་སྐྱེར་ཁ་ནད་བ་གཅིན་དང་སྦྱར
་བ་བཏུང་ངོ། །འབྲུམ་ཆེན་ཐོར་བུ་བཞིན་མ་སྨིན་པ་ལ་ནི་ན་ཀུ་ལ་དང། ལན་ཚ་དང། བཅའ་སྒ་རྣམས་ཀྱི་འདའ་གུས་བསྐུ་བར་བྱའོ། །རྒྱམ་ཚའི་ཕྱེ་མ་དུམ་བུར་བྱས་ལ་དུགས་བྱ་སྟེ་མཁྲང་བ་མཉེ་བར་བྱའོ། །ཤ་མི་དང། ལ་བུག་དང། ཤི་ཀྲུ་དང། དེ་རྣམས་ཀྱི་ས་བོན་དང།
་ནས་དང། ཡུངས་ཀར་དང། དེ་རྣམས་བཏགས་པའི་ཕྱེ་མ་དར་བ་སྐྱུར་པོ་དང་བཅས་པས་བསྐུས་ན་འབྲུམ་ཆེན་གྱི་ཐོར་བུ་དང། འབྲས་ནད་རྣམས་འཇོམས་པར་བྱེད་དོ། །དེ་སྨིན་ཏེ་རྨ་ཁ་ནས་ཁྲག་འཛག་པ་ལ་ནི་མཁྲིས་པ་དང། བད་ཀན་འཇོམས་པའི་གསོ་བ་སྦྱར་རོ། །གལ་ཏེ་མ་སྨིན་ན་ནི
་འབྲུམ་ཆེན་གྱི་ནད་ཕྱུང་སྟེ་ཐལ་སྨན་དང་མེའི་ལས་བྱའོ། །འོལ་མ་སེ་དཀར་པོ་དང། ལང་ག་ལི་དང། ཨ་ཏི་དང། ཧ་རེ་ནུ་ཀ་དང། ཀ་ཀ་ཎ་ཊི་ཕ་ལ་དང། དེ་བ་ད་ལིའི་ས་བོན་དང། ཀརྐོ་ཊི་དང། བི་ཤ་ལི་དང་ཀོ་ཤི་ཏ་ཀི་དང། པ་ཐཱ་དང་དེ་རྣམས་སྲང་ཕྱེད་དང། དུག་ཞོ་གཉིས་དང། ཀ་རཉྫའི
་མ་བསྲང་སུམ་ཅུ་རྩ་གཉིས་དང། ནི་རྒུན་ཐིའི་རང་གི་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། བསྐོལ་ཏེ་མར་ལུས་པ་ལས་བཏུང་བ་དང། བསྐུ་བྱུག་དང་སྣ་སྨན་དུ་སྦྱར་ན་གསོར་མི་རུང་བའི་འབྲས་ཀྱི་ཕྲེང་བ་ཡུན་རིང་དུ་ལོན་ཞིང་རྣག་མང་དུ་འཛག་པ་ཡང་འདིས་འགྲུབ་པར་འགྱུར་རོ།།
་ལང་ལི་གའི་ཕྱེ་མ་དང། དེའི་བཞི་འགྱུར་གྱི་ཏིལ་མར་དང། དེའི་བཞི་འགྱུར་གྱི་ནི་རྒུན་ཐའི་རང་གི་ཁུ་བ་བསྐོལ་ཏེ་མར་ལུས་པ་ལས་སྣ་སྨན་ལ་སོགས་པ་སྦྱར་ན་འབྲུམ་ཆེན་འབྲས་ཀྱི་ཕྲེང་བ་སེལ་ཏེ། ཙན་དན་དང། ཐང་ཤིང་དང། ན་ལེ་ཤམ་དང། སེར་པོ་རྣམ་གཉིས་དང། དུད་བྱིད
་དང། གླ་སྒར་དང། དེ་རྣམས་སྲོང་རེ་རེ་དང། དུག་སྲང་ཕྱེད་དང། དེ་རྣམས་བ་གཅིན་ལས་བཏགས་པ་དང། སྨན་བྲཧམི་དང། ཨརྐའི་ལོ་མ་དང། བ་ལང་གི་གཅིན་ཁུ་དང། ཡུངས་མར་སྲང་སུམ་ཅུར་རྩ་གཉིས་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རན་པར་བསྟེན་ན།
་མཛེ་དང། རྨ་འཁྱིམས་པ་དང། འབྲུམ་ཆེན་རྣམས་མྱུར་དུ་སེལ་བར་བྱེད་དོ། །ཆུ་དག་དང། ཨ་རུ་ར་དང། རྒྱ་སྐྱེགས་དང། པུ་ཙེ་ཤེལ་དང། དེ་རྣམས་ཏིལ་མར་དང་བསྐོལ་ལ་མར་ལུས་པ་ལས་འཐུངས་ན་འབྲུམ་ཆེན་རྩ་བ་ནས་འབྱིན་པར་བྱེད་དོ། །ཤར་པུངཀའི་རྣ་འབྲས་ཀྱི་ཆུ་ལས་བཏགས
་ཏེ་སྣ་སྨན་དང་བྱུག་པར་སྦྱར་ན་འབྲུམ་ཆེན་མ་རུང་བ་དང། དུག་དང་སྲིན་པོ་རྣམས་ལས་རྒྱལ་བར་བྱེད་དོ། །ཡུ་ཏ་མར་ཀ་རི་ནའི་རྩ་བ་དང། པི་ལུའི་ལོ་མ་དང། ས་ཧ་ཙར་དང། གསེང་ཕྲོམ་དང། ཨ་རུ་ར་དང་ཤིང་མངར་དང། ཤུ་ཏི་དང། ཙི་ཏྲ་ཀ་དང། དེ་རྣམས་འབྲུ་མར་དང་པོ་འོ་མ་ཚ་མཉམ་པ།
་དང་བསྐོལ་བ་ལས་སྣ་སྨན་དང། བསྐུ་ཕྱུག་ལ་ནི་རབ་ཏུ་བསྔགས་སོ། །བ་ལང་དང། ར་དང། ལུག་དང། རྟ་དང། དེ་རྣམས་ཀྱི་རྨིག་བསྲེགས་ཏེ་ཡུངས་མར་དང་སྦྱར་བས་བསྐུ་བྱུག་བྱའོ། །ཡང་ན་སྦྲུལ་ནག་པོ་དང་བྱ་རོག
་དང་ཤི་བའི་ཤ་སྲེགས་ཏེ་སྨན་ཨི་གུ་ཏའི་འབྲུ་མར་དང་ལྡེ་གུས་བྱས་ཏེ་བསྐུའོ། །དེ་ལྟར་བྱས་ཀྱང་མ་ཞི་སྟེ། རྩིབ་ལོགས་དང་བྱིན་བ་ལ་གནས་པའི་འབྲུམ་ཆན་གཞན་འབྱུང་ན་ནི་མས་བཏང་བ་རྣམས་བྱ་སྟེ། དེའི་འོག་ཏུ་ཚིལ་ཕྱུང་ནས་མེས་སྲེག་པར་བྱའོ
་རྐང་པ་གྱེན་དུ་བཏེག་ཏེ་རྟིང་བའི་ཚད་ཙམ་ལོང་མོ་ནས་ཡར་བཅལ་བར་རྨེན་དུ་མཚོན་གྱིས་བཅད་བར་བྱའོ། །ཞེས་ལེགས་ལྡན་མུ་ཁྱུད་ཀྱིས་བཤད་དོ། །རྟིང་བ་ལས་ཡར་སོར་བཅུ་གཉིས་བཅས་པ་ན་དབང་པོའི་ཆུ་སོ་ཞེས་བྱ་བའི་གནས་ཡོད་དོ། །དེའི་གཡས་གཡོན
་དུ་དཔྲལ་ཏ་དབུས་ན་ཉའི་སྒོ་ང་འདྲ་བའི་དྲ་བ་ཡོད་དོ། །དེ་དྲངས་ཤིང་དབྱུང་བར་བྱའོ་ཞེས་དྲང་སྲོང་ལེགས་པར་ཐོས་ཀྱིས་བཤད་དོ། །ཁ་ཅིག་ན་རེ་ལོང་མོའི་རྩ་བ་ཙོག་ཙོག་བོ་ནས་ཆ་བརྒྱད་ཡང་བཅལ་པ་ན། ཁུ་ཡོད་པ་ཞེས་བྱ་བའི་ནད་དབུས་ན་ཡོད་པ་མ་གཏོགས
་པར་དེའི་ངོས་གཉིས་དབང་པོའི་ཆུ་སོ་དང་རྗེ་ངར་གྱི་རུས་པའི་བར་བ་རུ་བའི་ཚིག་གུ་ཙམ་བཅད་དོ་ཞེས་འཆད་དོ། །དེ་ལ་རླུང་ལས་གྱུར་པའི་རྨ་འཁྱིམས་པ་ལ་ནི་དཔྲལ་ལ་དུགས་དང། སྐུ་བྱུག་ལེགས་པར་བྱ་སྟེ། ཨ་བ་མརྒའི་འབྲས་བུ་དང།
་ཏིལ་དང་རྒྱམ་ཚ་རྣམས་བཏགས་པའི་ལྡེ་གུས་དུགས་བྱའོ། །མཁྲིས་པ་ལས་གྱུར་པའི་རྨ་འཁྱིམས་པ་ལ་ནི་བཙོད་དང། ཏིལ་དང། གནདར་བ་དང། སེར་པོ་རྣམས་གཉིས་ཀྱི་ལྡེ་གུས་དུང་བྱའོ། །བད་ཀན་ལས་གྱུར་པའི་རྨ་འཁྱིམས་པ་ལ
་ནི་ཏིལ་དང། རྒྱམ་ཚ་དང། དནྟི་དང། ནིམཔ་དང། དེ་རྣམས་ཀྱི་ལྡེ་གུས་བྱུག་པར་བྱའོ། །ཟུག་རྔུ་ཟུག་པའི་རྨ་འཁྱིམས་པ་ལ་ནི་ཏིལ་དང་སྦྲང་རྩི་དང། མར་སྦྱར་བའི་ལྡེ་གུས་དུགས་བྱའོ། །དེའི་འོག་ཏུ་དཔྲལ་ཏེ་ཟུག་རྔུ་ཕྱུང་ལ་དག
་པར་བྱའོ། །མཚོན་གྱིས་དཔྲལ་དུ་མི་རུང་བའི་རྨ་ལ་ནི་རྨ་ཆོལ་དང། ཕག་བཙལ་ཏེ། དེ་ནས་སྐུད་བ་ཐལ་སྨན་གྱིས་ཆུའི་ནང་དུ་སྤངས་ལ། རྨ་ཚོལ་གྱི་རྩེ་མོ་ལ་བཏགས་ཏེ་ཕུགས་སུ་བཅུག་ན། རྨ་ཁ་རྒྱ་ཆེན་པོར་འགྱུར་ཏེ་གསོ་བླའོ། །གང་ཡང་རྨ་གསོ་བ་ལ་བཤད
་པའི་རེང་བུ་དང། ཏིལ་མར་བཤད་པ་དེ་ཡང་རྨ་འཁྱིམས་པ་ལ་རབ་ཏུ་བསྔགས་ཏེ། ཨེ་རཎྚའི་འབྲས་བུ་བཏགས་པའི་ཕྱེ་མའི་ལྡེ་གུའི་བྱུག་པ་བྱས་པ་ན་ཡང་རྨ་འཁྱིམས་པ་གསོ་བར་བྱེད་པའི་མཆོག་ཡིན་ནོ། །གླ་གོང་ཞོ་ཤའི་འབྲས་བུ་དང། ཤུན་པ་དང།
་ལན་ཚ་དང། རྒྱ་སྐྱེགས་དང། བུ་གའི་ལོ་མ་དང། པྲི་ཡ་ཀུ་དང་འོ་མ་དང་སླུ་ཧི་དང། ཨརྒའི་འོ་མ་དང། དེ་རྣམས་ལྷན་ཅིག་སྦྱར་བའི་རེང་བུ་རྨའི་ནང་དུ་བཅུག་ན། རྨ་འཁྱིམས་པ་མྱུར་དུ་འཚོ་བར་བྱེད་དོ། །རྒྱ་མཚོའི་ཚ་དང། ཁ་རུ་ཚ་དང། རྒྱམ་ཚ་རྣམས་བསྲེགས་ཏེ
་ཚོས་པ་དང་གླ་གོར་ཞོ་ཤ་དང། ཁྱིམ་གྱི་དུད་པ་དང། ཨ་མྲ་ཏ་ཀ་དང། སེང་ལྡེང་གི་ལོ་མ་དང། སྐྱེར་པ་དང། བ་ཙི་དང། དེ་རྣམས་བཏགས་པའི་ཕྱེ་མ་པགས་པ་དང། བསྐུ་པ་དང་རང་བུ་ལ་སོགས་པ་བྱས་ན། མི་བརྟན་པའི་འབྱོར་པ་བཞིན་དུ་འཕེལ་བའི་ནུས་པ
་མེད་པ་འམ། སྔར་འཆིང་བ་དམ་དུ་བཅིངས་པའི་སྐྱེས་བུ་འགྲོ་བའི་ནུས་པ་མེད་པ་བཞིན་དུ་རྨ་མཆེད་པའི་ནུས་པ་མེད་པར་འགྱུར་རོ། །ཐོར་བུ་དང་འབྲུམ་བུ་ལ་སོགས་པ་གསོ་བའི་ལེའུ་སྟེ་སུམ་ཅུ་པ་རྫོགས་སོ།། །།དེ་ནས་འབྲུམ་བུ་ཕྲ་མོའི་ནད་དམིགས
་ཤེས་བར་བྱ་བའི་ལེའུ་བཤད་པར་སྟེ། ང་ལ་བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་བུ་ཕྲ་མོའི་ནད་ནི་མོན་སྲན་སྡེ་འུའི་ཚད་ཙམ་ཟླུམ་པ་དང། སྣམ་པ་དང། ནད་གཞི་རང་གི་མདོག་ཏུ་འདུག་པ་དང། ཐ་དད་མེད་ཅིང་བྱིས་པ་ལ་འབྱུང་བ་ཡིན་ཏེ། དེ་ནི་རའི
་མགྲིན་པ་ལྟ་བུ་ཞེས་བྱའོ། །ཡང་ན་འབྲུམ་བུ་ནས་ཀྱི་ཚད་ཙམ་མང་པོ་འཐུག་པར་འབྱུང་བ་དེ་ནི་ནས་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །ཡང་ན་མེ་དཔལ་ཕྲ་མོ་རྩེ་མོ་མེད་པ་ཟླུམ་པོ་མཐུན་ཅིང་མཐོ་བར་འདུག་པ་དང། རྣག་ཉུང་བ་དེ་ནི་མེ་དཔལ་ཕྲ་མོ་ཞེས
་བྱའོ། །དེ་ལས་ཐོར་བུ་ལྔ་འམ་དྲུག་ཏུ་འབྱུང་སྟེ། དེ་ཡང་རུས་སྦལ་གྱི་རྒྱབ་ལྟར་མཐོན་པོར་འདུག་པ་དང། སྲ་ཞིང་དྲག་ཏུ་ན་བ་དང། རྣ་མཆོག་གམ་རྣ་བ་འཁོར་ལིང་ཀུན་ཏུ་འབྱུང་བ་དེ་ནི་རུས་སྦལ་ལྟ
་བུའི་འབྲུམ་བུ་ཞེས་བྱའོ། །ཡང་འབྲུམ་བུ་ཕྲ་མོ་ཨུཏཔ་ལའི་རྩ་བ་འདྲ་བར་སྐྲང་ཞིང་ཚབས་ཆུང་དུ་ན་བ་དང། བརྟན་པར་འདུག་པ་དེ་ནི་པ་ན་སི་ཀ་ཞེས་བྱའོ། །ཡང་འབྲུམ་བུ་འགྲམ་པའི་ཚིགས་མཚམས་ན་བྱུང་བ་དེ་ནི་བརྣ?་ཤ་གརྡ་པ
་ཞེས་བྱའོ། །ཡང་སྐྱེས་བུ་ན་ཚོད་ལང་ཚོ་ལ་བབ་པའི་དུས་སུ་འབྲུམ་བུ་ཕྲ་མོ་ཤིང་ཤལ་མའི་ཚེར་མ་དང། འདྲ་བ་དང་ནང་དང་བཅས་ཤིང་མ་ཐུག་པ་དང། ནང་ན་ཚིལ་ཡོད་པ་སྐྱེས་ཏེ་དེས་གདོང་མ་རུངས་པར་བྱེད་པ་དེ་ནི་བཞིན་མ་རུངས་པར
་བྱེད་པའི་འབྲུམ་བུ་ཞེས་བྱའོ། །བད་ཀན་དང་རླུང་ལས་གྱུར་པ་འབྲུམ་བུ་དཀར་པོ་པདྨའི་ཚེར་མ་བཞིན་དུ་ལུས་ཁྱབ་པར་འབྱུང་སྟེ། དེ་ནི་འབྲུམ་བུ་པདྨའི་ཚེར་མ་ཅན་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་འབྲུམ་བུ་ཕྲ་མོ་ཨུ་དུམྦ
་རའི་འབྲས་བུ་སྨིན་པ་ལྟར་ཁ་ཆེ་ཞིང་ཚ་བ་དང། རིམས་ཀྱིས་འདེབས་པར་བྱེད་པ་དེ་ནི་རྨ་ཁ་ཡངས་པའི་འབྲུམ་བུའི་ནད་ཅེས་བྱའོ། །ལུས་དང་ངོ་གདོང་ལ་འབྲུམ་བུ་ཕྲ་བ་མཐུག་པ་སྲན་ཆུང་གི་ཚད་ཙམ་མདོག་སྲན་ཆུང་འདྲ་བ། ཚ་འུར་འུར
་པོར་འདུག་པ་དང། ཟུག་གཟེར་དང་ལྡན་པ་དེ་ནི་འབྲུམ་བུ་སྲན་ཆུང་ལྟ་བུ་ཞེས་བྱའོ། །དེ་བས་ན་ཤིན་ཏུ་མི་བཟད་པའི་འབྲུམ་བུ་འབྱུང་སྟེ། ཟུག་གཟེར་ཚབས་ཆེ་བ་དེ་ནི་འབྲུམ་བུ་ནད་ཅེས་བྱའོ། །རླུང་དང་མཁྲིས་པའི་འབྲུམ་བུའི་ནད་པདྨའི
་སྙིང་པོ་འདྲ་བ་འབྱུང་ཞིང་དེའི་ཉེ་འཁོར་དུ་འབྲུམ་བུ་ཕྲ་མོས་ཁྱབ་པ་དེ་ནི་འབྲུམ་བུའི་ནད་གརྡྷ་ཞེས་བྱའོ་ཡང་འབྲུམ་བུ་ཕྲ་མོ་མཆན་ཁུང་དང། ཉེ་འཁོར་རུ་དཀྱིལ་འཁོར་དང་འདྲ་བར་རྒྱ་ཆེ་ཞིང་མཐོ་བ་དང། མདོག་དམར་བ་དང། འབྲུམ་བུ་ཕྲ་མོ་རྣམས
་ཀྱིས་བསྐོར་བར་འདུག་སྟེ། དེ་ནི་ཕལ་ཆེར་རླུང་ལས་གྱུར་པ་ཡིན་ཏེ་དེའི་མིང་ནི་མཆན་ཁུང་གི་འབྲུམ་བུ་ཞེས་བྱའོ། །མཁྲིས་པ་ཤས་ཆེ་བའི་འབྲུམ་བུ་འབྲས་ཡོས་ལྟ་བུ་མཐུག་པར་འབྱུང་སྟེ། དེ་ནི་འབྲས་ཡོ་ས་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །དེ་དང་འདྲ་བར་འབྲུམ་བུ་ཆེན
་པོ་གཅིག་འབྱུང་བ་དེ་ནི། འབྲུམ་བུ་དྲ་བ་ཞེས་གྲགས་སོ། །ལུས་ཚ་བས་གདུངས་པས་རྡུལ་ཏེ། འབྲུམ་བུ་ཕྲ་མོ་མཐུག་པ་དང་ནད་དང་བཅས་པ་དང། སྐེ་ཚེའི་འབྲུམ་ཚད་ཙམ་མདོག་དམར་པོར་འབྱུང་བ་དེ་ནི་སྐེ་ཙེའི་འབྲུ་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །མཁྲིས་པ་ཤས
་ཆེ་བའི་འབྲུམ་བུ་མེ་དཔལ་མཆེད་པ་བཞིན་དུ་བྱེད་པ། དེ་ཡང་སྐྲང་བ་དང་སྨིན་པ་དང་སྲ་བ་དང། དམར་བ་དང་ཚ་བར་བྱེད་པ་དེ་ནི་ཛ་ལ་གརྡྷ་བ་ཞེ་ན་བྱའོ། །མཁྲིས་པ་ཤས་ཆེ་བའི་འབྲུམ་བུ་ཤའི་རང་བཞིན་མི་བཟད་པ་དང། རིམས་དང་ལྡན་པ་དང་མིའི་མདོག་ལྟ་བུ་མཆན་ཁུང་ཕྱོགས་སུ་འབྱུང་སྟེ།
་དེའི་མིང་ནི་མེའི་རོ་ཧི་ནི་ཞེས་བྱ་སྟེ། ཞག་ལྔ་འམ། བདུན་ནམ་ཟླ་བ་ཕྱེད་ལས་འཚོ་བ་ཉམས་པར་འགྱུར་རོ། །ནད་ཞག་གསུམ་གྱི་འབྲུམ་བུ་ཟླུམ་པོ་ནམ་ཅིང?་ཡན་ཆད་དུ་འབྱུང་སྟེ། དེ་ནི་པ་རི་པ་ལ་བ་ཞེས་བྱའོ། །འབྲུབ་བུ་མཆན་ཁུང་དང། ཆུ་སོ་དང། བརླ་གཉིས་ཀྱི་བར་དུ་སྨན
་བི་དི་རི་རྩ་བ་ལྟ་བུ་འབྱུང་སྟེ། དེ་ནི་བི་ད་རི་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །ཚིལ་དང་རླུང་ལས་གྱུར་པའི་འབྲུམ་བུ་རྒྱུས་པ་དང། ཤ་དང་རྩ་ལ་བརྟེན་ཏེ། བྱུང་ལ་གལ་ཏེ་བརྡོལ་ན་ནི་ཞག་དང་མར་དང་སྦྲང་རྩི་ལྟ་བུ་མང་དུ་འཇིག་པར་འགྱུར་ཏེ། དེས་རླུང་བསྐྱེད་ཅིང། ཤ་སྐམས་ཤིང
་ཤིང་ཟླུམ་པོར་བསྒོངས་ཏེ། རྨའི་ནང་དུ་གསེག་པ་ལྟ་བུ་སྐྱེ་པ་དང་ཁྲག་དང་རྣག་མདོག་སྣ་ཚོགས་སུ་འབྱུང་བ་དང། དྲི་མ་ཞི་བའི་ནད་གཞི་རྣམས་འཛག་པ་སྟེ། དེ་ནི་འབྲུམ་བུ་གསེག་པ་ལྟ་བུ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་འབྲུམ་བུ་ལག་པ་དང། རྐང
་པའི་མཐིལ་དང། ཚིགས་དང་ནང་ཙོང་ཡན་ཆད་གྲོག་མའི་མགོ་བོ་འདྲ་བ་རིམ་གྱིས་མང་པོས་ཁྱབ་པར་བྱེད་དོ། །དེ་ཡང་ན་བ་དང། ཚ་འུར་འུར་པོར་འདུག་པ་དང། གཡའ་བ་དང་ཚབས་ཆེར་རུལ་བ་དེ་ནི་འབྲུམ་བུ་གྲོགས་མོའི་ཁ་ལྟ་བུ་ཞེས་བྱའོ། །རྐང་པའི
་མཐིལ་དུ་གསེག་མ་འམ། ཚེར་མ་ཟུག་པ་ལས་འབྲུམ་བུ་མཛེར་པ་ལྟ་བུར་སྐྱེས་པ་ཀ་དང་ཞེས་བྱའོ། །ཐོར་བུ་སེལ་བ་ཞེས་བྱ་བའི་རླུང་ནི་གཞང་གི་ནང་ན་གནས་ཏེ། དེ་བཤད་བ་དང། ལྷན་ཅིག་འཁྲུགས་ནས་གཞང་གི་ཕྱི་ནང་དུ་ཚེར་མ་ལྟ་བུའི་འབྲུམ་བུ་སྐྱེས་ཏེ། བཤད
་བར་བྱུང་དཀའ་ཞིང་སྲི་བ་དེ་ནི་གཞང་འགགས་པ་ཞེས་བྱ་བའི་འབྲུམ་བུ་ཡིན་ནོ། །མཁྲིས་པ་དང་རླུང་ལས་གྱུར་པའི་འབྲུམ་བུ་ནི་སེན་མོ་དང། ཤའི་ནང་དུ་སྨིན་ཅིང་ཟུག་གཟེར་ཚད་དང་ལྡན་པ་དེ་ནི་འབྲུམ་བུ་ཉེ་བའི་སེན་མོ་ཞེས་བྱའོ། །ཁ་ཅིག་ན་རེ་ཙམ་པ་མ་དང། ཟད་བྱེད་ཀྱི་ནད་ཅེས་བྱའོ་ཞེས
་འཆད་དོ། །རྩུབ་བག་གཟའ་དང། དྲུང་པ་དང། སྣང་པ་ལས་གྱུར་པའི་འབྲུམ་བུ་ནི་གནག་པ་དང། རེག་ན་ཤིན་ཏུ་རྩུབ་པ་དེ་ནི་འབྲུམ་བུ་ཀུན་ཁ་ཞེས་བྱའོ། །འདམ་པག་མ་རུངས་པ་སེན་མོའི་ནང་དུ་ཞུགས་པ་ལས་འབྲུམ་བུ་གྱུར་ཏེ། གཡའ་བ་དང། ནང་དུ་གནག་པ་དང་བཅས་པ་དེ་ནི་འབྲུམ་བུ་སེན་མོ
་སྐྲངས་པ་ཞེས་བྱའོ། །ཏིལ་ནག་པོའི་མདོག་ཏུ་སྣང་བའི་འབྲུམ་བུ་ཞེས་བྱའོ། །པགས་པའི་གཏིང་དུ་མདོག་གནག་ཅིང་ནད་མེད་པའི་འབྲུམ་བུ་སྲོག་ཆགས་སྦྲང་བུམ་ཆུ་རིངས་ཙམ་མཐོན་པོར་འདུག་པ་འམ་ཡང་ན་འབྲུམ་བུ་མདོག་དཀར་བ་དང་གནས་པ་དེ་ནི་པགས་པའི་མཛེར་པ་ཞེས་བྱའོ། །དེ
་བཞིན་དུ་ལྷན་ཅིག་སྐྱེས་པའི་འབྲུམ་བུ་མདོག་དམར་བ་དང་ནི་ཛ་རུ་མ་ནི་ཞེས་བྱའོ། །མདོག་གནག་པ་དང་དཀར་བ་ནི་དཀྱིལ་འཁོར་ལན་ཚན་ཞེས་བྱའོ། །མྱ་ངན་དང་ཁྲ་བ་ལ་སོགས་པས་རླུང་དང་མཁྲིས་པ་འཁྲུགས་ཏེ་གདོང་ཕྲབ་ཅིང་སྔོ་བའི་ཐིག་ལེ་འབྱུང་བ་ནི་སྔོ་ཤིག་ཅེས་བྱའོ། །ལུས
་གཞན་དུ་བྱུང་བ་ལ་ནི་ལི་ཁ་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྔོ་ཤིག་ནི་རུང་རུང་པོར་འདུག་པ་དང། རེག་ན་རྩུབ་པ་དང། མདོག་སྔོ་བསངས་སུ་འདུག་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་དབུས་དམར་ཞིང་མཛའ་སྔོ་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་དཀར་ཞིང་གཡའ་བ་ཡིན་ནོ། །བྲག་ལས་གྱུར
་པ་ནི་དབུས་དམར་ཞིང་མཛའ་ཟངས་མའི་མདོག་ལྟར་སྣང་ཞིང་སྐེམས་པ་དག་ཚ་ཅོག་ཅོག་བྱེད་ཅིང་བེམ་བེམ་པོར་འདུག་པ་ཡིན་ནོ། །རླུང་གིས་བད་ཀན་པགས་པར་སོན་པར་བྱས་ཏེ། དེར་བད་ཀན་སྐེམས་ནས་མདོག་དཀར་བ་དང་ཚོར་པ་མེད་པ་དང། ཚོར་མིག་ཡོད་བ་དང། མིག་ནག་པ་དེ་ནི་པགས་པའི
་ནད་ཚར་བ་མེད་པ་ཞེས་བྱའོ། །སློན་སྨན་ཉེས་ཏེ་མཁྲིས་པ་དང་བད་ཀན་གཉིས་ཅིག་འཁྲུགས་ནས་དཀྱིལ་ལྟ་བུའི་ནང་དུ་གྱུར་ཏེ། དེ་ཡང་ཤས་ཆེར་གཡའ་ཞིང་མང་དུ་འབྱུང་བ་དང་ལྡན་པའི་ནད་ཆེར་གྱུར་པ་དེ་ནི་ཨ་ཀོ་ཐ་ཞེས་བྱའོ། །དེ་ལྟར་འབྲུམ་བུ་ཕྲ་མོའི་ནད་ཀྱི་བྱེ་བྲག་སུམ་ཅུ་རྩ་དྲུག་ཏུ་བསྟན་པ
་ཡིན་ནོ། །འབྲུམ་བུ་ཕྲ་མོའི་ནད་དམིགས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པ་རྫོགས་སོ།། །།དེ་བཞིན་བྱེད་པ་དང་པོ་ལ། །དེ་ནས་འབྲུམ་བུ་ཕྲ་མོ་ལ་སོགས་པ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རའི་འགྲམ་པ་ལྟ་བུའི་ནང་མ་སྨིན་པ་ལ་ནི་སྲིན་བུ་པདྨས་ཁྲག་དབྱུང་ངོ། །ནས་ལྟ་བུའི་འབྲུམ
་བུའི་ནད་ལ་ནི། ཐིག?་ན་དུགས་ཀྱིས་བཞུས་ལ་དེ་ནས་ཐང་ཤིང་དང། རུ་རྟ་དང། ལྡོང་རོས་དང། བ་བླ་རྣམས་ཀྱི་ལྡེ་གུས་བསྐུའོ། །པ་ཤན་གར་དང་བའི་ནད་ལ་ཡང་ཆོག་དེ་ལྟར་བྱའོ། །དེ་བཞིན་དུ་སྨིན་པའི་གསོ་བ་རྣམས་ཀྱང་སྦྱར་རོ། །དེ་བཞིན་དུ་མ་རུངས་པར་གྱུར་པའི་ནད་ལ་ནི་གསེང་ཕྲོམ་དང་འུ་སུ་དང། ཤུ་དག་དང་དེ་གསུམ
་བཏགས་པའི་ཕྱེ་མ་འམ་ཡང་ན་ནྱ་གྲོ་དྷའི་ལོ་མ་འམ། རྒྱ་སྟར་གྱི་ལོ་མ་གང་ཡང་རུང་བ་ཚྭ་དང་སྦྱར་བའི་ལྡེ་གུས་བསྐུའོ། །རེམ་ཞིན་སྐྱུགས་སྨན་དང། སྣ་སྨན་གཏང་བ་དང། དཔྲལ་རྩ་གཏར་བ་རྣམས་བྱའོ། །པདྨའི་ཚེད་མ་ལྟ་བུའི་ནད་ལ་ནི་ནིམྦུའི་ཁུ་བས་སློན་བྱ་ཞིང། ནིམཔ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ
་བླུད་དོ། །ནིམྦ་དང་དོང་ཀ་སྦྱར་བས་བྱུག་པར་བྱའོ། །དེ་ལ་རྨ་ཁ་ཡངས་པ་ཞེས་བྱ་བ་ནས་གྲང་བ་ཅན་ཞེས་བྱ་བའི་བར་གྱི་ནང། ཨེ་རི་བེ་ལ་ཀ་ཞེས་བྱ་བ་རྣམས་ནི། མཁྲིས་པའི་མེ་དཔལ་གྱི་གསོ་བ་ཇི་ལྟར་བསྟན་པ་བཞིན་བྱའོ། །མའི་རོ་ཧི་ནི་ཞེས་བྱ་བའི་ནད་ལ་ནི་སྤང་བར་བྱའོ། །ཛ་ལ་གང?་དང?་ཞེས་བྱ་བའི
་ནད་ལ་ནི་སྨྱང་བ་དང་ཁྲག་དབྱུང་བ་དང་རྩུབ་བཅོས་བྱ་བ་དང། སློན་ཁྲུས་ཀྱིས་ལུས་སྦྱང་བ་དང་སྐྱུ་རུ་རའི་སྦྱོར་བ་དང། བསིལ་བའི་བྱུག་པ་རྣམས་རྟག་ཏུ་སྦྱར་རོ། །བི་ད་རེ་ཞེས་བྱ་བ་ནི་ནད་པ་ལ་ཁྲག་གཏར་ཏེ། བད་ཀན་གྱི་ཐོར་བུའི་གསོ་བ་རྣམས་སྦྱར་རོ། །གསེག་མ་ལྟ་བུའི་འབྲུམ་བུ་ལན་ཚིལ་ལས་གྱུར
་པའི་གསོ་བ་རྣམས་བྱའོ། །འབྲུམ་བུ་གྲོག་མ་ཁ་ལྟ་བུ་རྐང་པ་དང། ལག་པར་བྱུང་ཞིང་ཚབས་ཆེར་སྐྱེས་པ་དང། བུག་མང་བ་དང། སྐྲང་བ་དང། གནད་དུ་བྱུང་བ་རྣམས་ནི་སྤང་བར་བྱའོ། །མཚན་མོ་དེ་དང་མི་ལྡན་པ་རྣམས་ནི་གསོ་བར་བྱའོ། །དེ་ཡང་ཐོག་མར་ལུས་སྦྱར་ཞིང་ཁྲག་ཕྱུང་ལ་དེའི་འོག་ཏུ་ལན་ཚ་དང
་དོང་ཀ་དང་ཨ་རུ་ར་དང། ཙི་ཙི་བ་དང། རྒྱ?་སྲན་ནག་པོའི་རྩ་བ་དང་དནྟི་དང། ཏིལ་བཏགས་པ་དང། ནས་ཕྱེ་རྣམས་ཀྱིས་བསྐུས་ལ་སྨིན་པ་དང། ཤ་མ་རུངས་པ་མཚོན་གྱིས་ལེགས་པར་བཅད་དེ་ཐལ་སྨན་ནམ་མེས་བསྲེག་པར་བྱའོ། །ཀ་དར་ཞེས་བྱ་བའི་ནད་ནི་མཚོན་གྱིས་མ་ལུས
་པར་ཕྱུང་སྟེ་མར་བསྐོལ་བས་བསྲེག་པར་བྱའོ། །གཞང་འགགས་པའི་འབྲུམ་བུ་ལ་ནི་ཛ་ལ་མནའི་གསོ་བ་རྣམས་བྱའོ། །ཉེ་བ་སེན་མོ་ཞེས་བྱ་བ་ནི་སློན་ཁྲུས་ཀྱིས་ཚ་བ་ཞི་བར་བྱས་ལ། མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །ཀུན་ཁའི་ནང་མ་རུངས་པ་དང། གསེག་མ་ལྟ་བུའི་ནད་ལ་ཡང་ཆོ་ག་དེ་ལྟར་བྱའོ།།
་ཡང་ན་རྩབས་ཀྱིས་བླུགས་པ་བྱ་སྟེ། དེ་ནས་ནག་ཚུར་དང་ཏིལ་དང་རོ་ཙ་ན་དང། ནིམཔའི་ལོ་མའི་ལྡེ་གུས་ཀྱང་བསྐུའོ། །ཏིལ་ནག་པོ་ལྟ་བུའི་ནད་ལ་ནི་མེའི་ལས་བྱའོ། །པགས་པའི་མཛེར་པ་སྦྲང་བུ་མཆུ་རིངས་ལྟ་བུའི་ནད་ལ་མེ་ཤེལ་སེང་ལྡེང་མེ་ལ་སྲགས་པའི་ཐལ་བས་བསྐུའོ། །དེ་བཞིན་དུ་པགས
་པའི་ཤ་མཛེར་དེ་དང་ཛི་རུ་མན་གཉིས་ལ་ནི་མཚོན་གྱིས་བཅད་ལ་གོང་མའི་ཐལ་བས་གདབ་བོ། །ལན་ཚ་ཞེས་བྱ་བའི་ནད་ལ་ནི་ཇི་ལྟར་གནས་པ་བཞིན་དུ་གཏར་ཀ་བྱ་སྟེ། ཤིང་འོ་མ་ཅན་གྱིས་ཤུན་པ་དང། མྱུ་གུ་འོ་མ་དང་བཏགས་ཏེ་བྱུག་གོ་།ང་ཡང་སྔོ་ཤིག་ལ་ནི
་ཨབཛུ་ནའི་ཤུན་པ་འམ། བཙོད་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུ་བ་འམ། ཡང་ན་རྟ་དཀར་པོའི་རྨིག་པ་བསྲེགས་པའི་སྣག་ཚ་མར་སར་དང་སྦྱར་བས་བསྐུའོ། །ཡང་ན་ཙན་དན་དམར་པོ་དང། བཙོད་དང། རུ་རྟ་དང། སང་ཕྱོམ་དང་བྲི་ཡཾ་ཀུ་དང།
་ནྱ་གྲོ་དྷའི་མྱུ་གུ་དང། སྲན་ཆུང་གི་མྱུ་གུ་རྣམས་ཀྱི་ལྡེ་གུས་བསྐུ་བ་བྱས་ན་གདོང་གི་མདོག་གསལ་ཞིང་སྔོ་ཤིག་འཛེམས་སོ། །ཟི་ར་རྣམ་གཉིས་དང། ཏིལ་ནག་པོ་དང། ཡུངས་ཀར་དང་དེ་རྣམས་འོ་མ་དང་བཏགས་ཏེ་བསྐུས་ན་གདོང་གི་སྔོ་ཤིག་སེལ
་བར་བྱེད་དོ། །ཡང་སྲན་ཆུང་ཕུ་བ་མ་མེད་པ་བསྔོས་པ་འོ་མ་དང་བརྟགས་ཏེ་མར་དང་སྦྲང་རྩི་དང། ལྡེ་གུར་བྱས་པ་བསྐུའོ། །ཡང་ན་ཤལམ་ལའི་ཚེར་མ་རྣོན་པོ་འོ་མ་དང་བཏགས་པས་བསྐུའོ། །ཡང་ན་རྒྱ་ཤུག་གི་ཚིག་གུའི་ཕྱེ་མ་བུ་རམ་དང་སྦྱར་བས
་བསྐུས་ན་ཕན་ནོ། །ཡང་ན་རི་བོང་གི་ཁྲག་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་ཁ་ལུང་གི་ནང་དུ་རུ་རྟ་ཞག་བདུན་གྱི་བར་དུ་སྤངས་ཏེ། སྦྲང་རྩི་དང་ལྡན་པས་བསྐུའོ། །ཡང་ན་མུ་སའི་རྩ་བའི་འོ་མ་དང་བཏགས་པ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་བ་ལང་གི
་རུས་པ་དང། མུ་ས་ལའི་རྩ་བ་མ་ར་དང་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་རི་བོང་གི་ཁྲག་སྦྲང་རྩི་དང་སྦྱར་བ་དང། དེ་རྣམས་ཀྱི་ཕྱེ་མ་ཞོ་ག་ཆུ་དང། བུ་རམ་སར་པ་དང་སྦྱར་ཏེ་བསྐུས་ན་ཕན་ནོ། །ཡང་ན་ཤིང་ཏིནདུ་ཀའི་ལོ་མའི་རང་གི་ཁུ་བའི་ནང་དུ་ཤིང་ཏིན?་ཀ་བཏགས
་པས་བསྐུས་ན་གདོང་རང་གི་མདོག་སྐྱེད་པར་བྱེད་དོ། །ུཏཔལ་དཀར་པོ་དང། སྔོན་པོ་དང། བྲི་ཡཾ་ཀུ་དང། རུ་རྟ་དང་ཀ་ལིངཀ་དང། རྒྱ་ཤུག་གི་ཚིག་གུ་དང། དེ་རྣམས་ཀྱི་ལྡེ་གུས་གདོང་ལ་དྲིལ་ཞིང་བྱུགས་ན་མེ་ཏོག་པདྨའི་མདོག་བཞིན་དུ་བྱེད་དོ། །ཡང་ན་གོང་མའི་སྨན་དེ་རྣམས
་བཏོགས་ཏེ། ཤིང་མངར་བསྐོལ་བའི་ཁུ་བ་དང་སྦྱར་ནས་ནད་གཞི་ཇི་ལྟ་བ་བཞིན་དུ་སྣུམ་དང་སྦྱར་ཏེ་གདོང་ལ་བསྐུའོ། །སྨེ་བ་འམ་ཁམས་གསོ་བ་ནས་དང། སྲ་རྩི་བོག་དང། སེང་ཕྲོམ་དང། པུ་ཤེལ་རྩི་དང། སྤྲ་ཚིལ་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་མར་དང། བུ་རམ་དང།
་བ་གཅིན་དང་བསྐོལ་ཏེ་དྲིལ་བཏུབ་པ་ཙམ་གྱི་ལྡེ་གུས་ཉིན་རེ་བཞིན་བསྐུ་བ་བྱས་ན་གདོང་མ་རུང་བར་བྱེད་པའི་ངོ་ཤིག་དང། ལུས་མ་རུངས་པར་བྱེད་པའི་རྨེ་བ་རྣམས་སེལ་བར་བྱེད་དེ་གདོང་ལ་བསྐུས་ན་པདྨ་བཞིན་དུ་བྱེད་དོ། །རྐང་པ་ལ་བསྐུས་ན་ནི་པདྨའི་འདབ་མ
་ལྟར་འགྱུར་རོ། །གུར་ཀུམ་དང་པུ་ཤེལ་ཙི་དང། ཀ་ལི་ཡ་དང་རྒྱ་སྐྱེགས་དང་ཤིང་མངར་དང། ཙན་དན་དཀར་པོ་དང། ནྱ་གྲོ་དྷའི་རྐང་པ་གཞོན་ནུ་དང། ཤུག་པ་དང་པདྨ་གེ་སར་དང། ཨུཏཔ་ལ་དང། བཙོད་དང། དེ་རྣམས་སྲང་རེ་རེ་ཆུ་སྲང་བརྒྱ་ཉི་ཤུ་རྩ
་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པའི་ནང་དུ་རྒྱ་སྐྱེགས་དང། ལེ་བརྒན་རྩི་དང། བཙོད་དང། ཤིང་མངར་དང། གུར་ཀུམ་དང། དེ་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་དང་ཏིལ་མར་སྲང་བརྒྱད་དང། དེའི་ཉིས་འགྱུར་གྱི་འོ་མ་དང། ཚུལ་བཞིན
་བསྐོལ་ཏེ་མར་ལུས་པ་ལས་སྣ་སྨན་གསོ་བར་བྱས་ན་ནི་ལིང་ག་དང་ངོ་ཤིག་དང་སྐྲ་དཀར་དང་གཉེར་མ་དང་སྨེ་བས་མ་རུངས་པར་གྱུར་པ་རྣམས་འཇོམས་ཏེ་གདོང་གི་ཤ་མདོག་སྐྱེ་བར་བྱེད་དོ། །བཙོད་དང། ཤ་བ་རའི་སེང་ཕྲོམ་དང།
་ཏུབ་རི་དང། རྒྱ་སྐྱེགས་དང། སེར་པོ་རྣམ་གཉིས་དང་ལྡོང་རོས་དང། གུར་ཀུམ་དང། རུ་རྟ་དང། གི་ཝང་དང། ནྱ་གྲོ་དྷ་དཀར་པོའི་ལོ་མ་དང། ཙན་དན་རྣམ་གཉིས་དང། ཀ་ལི་ཡ་ཀ་དང། དངུལ་ཆུ་དང་རྨ་ཤིང་དང། ལཾ་ཏང་རྩའི་ཤུན་པ་དང། པདྨའི་ས་བོན་དང། པདྨ
་གེ་སར་དང། བྲ་ཚིལ་དང། སྤངས་མ་དང། ཤུག་པ་དང། དེ་རྣམས་དང་ཞག་དང་རྐན་དང་མར་དང་འོ་མ་དང་ཤིང་འོ་མ་ཅན་གྱི་འོ་མ་དང་དེ་རྣམས་བསྐོལ་བའི་མར་གྱིས་བསྐུས་ན་ངོ་ཤིག་དང་གཉེར་མ་ལ་སོགས་པ་འཇོམས་ཏེ་གདོང་གི་བཞིན་མདངས་ཟླ་བ་བཞིན་དུ
་རྒྱས་པར་འགྱུར་རོ། །བྲིང་ག་ར་ཛའི་རང་གི་ཁུ་བའི་འོ་མ་དང། ཆུ་དང་ལྷན་ཅིག་བསྐོལ་ཏེ་འོ་མ་ལུས་པ་ལས་སྣ་སྨན་དུ་སྦྱར་ན་འདོད་པ་ཡིན་ནོ། །པགས་པའི་ནང་ཚོར་བ་མེད་པ་ལ་ནི་རླུང་གི་མཛེ་ནད་གསོ་བའི་ཆོ་ག་ལྟར་བྱ་སྟེ་དེ་སའི་འོག་ཏུ་མེས་བསྲེག་པར་བྱའོ། །དེ་ལ
་ཨུང?་ཀོ་ཐ་ཞེས་བྱ་བའི་ནད་ལ་ནི་བད་ཀན་དང། མཁྲིས་པ་ལས་གྱུར་པའི་མཛེ་ནད་ཀྱི་གསོ་བ་རྣམས་བྱའོ། །ཀོ་ཐ་ཞེས་བྱ་བའི་ནད་ལ་ནི་རླུང་མཁྲིས་ཀྱི་གསོ་བ་ཐམས་ཅད་སྦྱར་རོ། །འབྲུམ་བུ་ཕྲ་མོ་ལ་སོགས་པ་གསོ་བའི་ལེའུ་སུམ་ཅུ་རྩ་གཉིས་པ་རྫོགས་སོ།། །།
་དེ་ནས་གསང་བའི་གནས་ཀྱི་ནད་དམིགས་བརྟག་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་ཕོ་མཚན་གྱི་ནད་སྐྱེ་བའི་རྒྱུ་ནི་བུད་མེད་ལ་ཉལ་པོ་བྱས་ཏེ་འདོད་པ་ཟིན་མ་ཐག་ཡང་དཔྱད་པ་དང། ཡང་ན་མོ་མཚན་ཤིན་ཏུ་ཆུང་བ་ལ་འཇུག་པ་དང་ཟླ་མཚན
་གྱི་སྐྱོན་དང་ལྡན་པ་ལ་འཇུག་པས་ནད་གཞི་རྣམ་མ་འཁྲུགས་པར་འགྱུར་བ་དང་དེ་བཞིན་དུ་གཞན་གྱི་བུད་མེད་ལ་ཆགས་བཞིན་དུ་ཉལ་པོ་བྱེད་པ་དང། བདག་ཉིད་མི་འདོད་བཞིན་དུ་བུད་མེད་ལ་སྤང་པ་དང། ལམ་མ་ཡིན་པར་འཇུག་པ་དང། བྱིས
་པ་བཙས་མ་ཐག་པ་ལ་འཇུག་པ་དང། འདོད་པ་སྤྱད་མ་ཐག་མ་བཀྲུས་པར་བྱེད་པ་དང། བུད་མེད་ལ་ཆགས་པའི་དབང་གིས་སྦྱར་ཆུ་འཛག་པ་དང། ཁུ་ཚུར་དང་སོ་དང་སེན་མོས་རེག་པ་དང། སེན་མོའི་དུག་གིས་རིག་པ་དང་ཁུ་བ་འབྱུང་བ་འགགས་པ་དང་ཀུ་ཤ་ལ་སོགས་པ་རྩུབ
་པས་དྲུང་པ་དང་རྒྱུ་དེ་དག་གིས་ནད་གཞི་རྣམས་འཁྲུགས་ཏེ། གསང་པའི་གནས་སུ་ཨ་བ་བད་ཤན་ལ་སོགས་པའི་ཕོ་མཚན་གྱི་ནད་ཉི་ཤུ་རྩ་གསུམ་འབྱུང་བར་འགྱུར་ཏེ། ཨ་བ་ད་ན་ཞེས་བྱ་བའི་ཕོ་མཚན་ལ་ཡང་རྣམ་པ་ལྔར་ཤེས་པར་བྱ་སྟེ་ད་ཡང་ནད་གསུམ་ལས་གྱུར་བ་རེ་རེ
་དང། ཁྲག་ལས་གྱུར་པ་དང་འདུས་པ་ལས་གྱུར་པའོ། །རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ཀྱི་མཚན་མ་ནི་ཕོ་མཚན་སྐྲང་བ་དང། ན་བ་དང་སྣ་ཚོགས་སུན་པ་དང། རྟག་ཏུ་འགྲེང་བ་དག་ཕོ་མཚན་གྱི་པགས་པགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ནད་ནི་སྐྲང་ཞིང་ཚ་བ་འུར་འུར་བར་འདུག་པ་དང། ཨུ་དུམྦ
་རའི་འབྲས་བུ་སྨིན་པ་བཞིན་དུ་འདུག་པ་ཡིན་ན། །བད་ཀན་ལས་གྱུར་པ་ནི་མཁྲིད་པ་དང། སྣུམ་པ་དང། གཡའ་བ་དང། སྲེང་བ་དང་ལྕི་བ་རྣམས་ཡིན་ནོ། །ཁྲག་ལས་གྱུར་པ་ནི་འཛག་པ་དང་འབྲུམ་བུ་ནག་པོ་འབྱུང་བ་དང། ཚ་བ་འུར་འུར་དུ་འདུག་པ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི
་ཕོ་མཚན་གྱི་ནང་ནི་ནད་གཞི་གསུམ་གྱི་མཚན་མ་དང། རླིག་པ་སྐྲང་བ་དང། དྲག་ཏུ་ན་བ་དང། མྱུར་དུ་སྨན་པ་དང། འགགས་པ་དང། སྲིན་བུ་སྐྱེ་བ་རྣམས་ཡིན་ནོ། །དེ་རྣམས་ལས་ཁྲག་ལས་གྱུར་པ་ནི་གསོ་དཀའ་བ་ཡིན་ནོ། །འདུས་པ་ལས་གྱུར་པ་ནི་མི་འཚོ་བ་ཡིན་ནོ།།
་ཉེས་པ་འཁྲུགས་པས་ཕོ་མཚན་གྱི་ནད་དམ་ཕྱི་རོལ་ཏུ་ཤ་དང། ཁྲག་ལས་གྱུར་པའི་ཤ་མཛེར་སྐྱེས་ཏེ། ཁྲག་འཛག་པ་དང། གཡའ་བ་ཡིན་ཏེ། དེའི་མིང་ནི་ཤ་མཛེར་པ་ལྟ་བུའི་ནད་ཅེས་བྱའོ། །བུད་མེད་ཀྱི་ནི་འབྱིལ་བག་ཏུ་འདུག་པ་དང། ཁྲག་འཛག་པ
་དང། གདུགས་ལྟར་འདུ་བ་ཡིན་ཏེ། དེའི་མིང་ནི་གཞང་འབྲུམ་ལྟ་བུའི་ནད་ཅེས་བྱའོ། །དེ་གསོ་བར་མ་བྱས་ན་ནི་འཆི་བར་འགྱུར་རོ། །ཕོ་མཚན་གྱི་ཕྱི་འམ་ནང་དུ་བད་ཀན་དང། ཁྲག་ལས་གྱུར་པའི་འབྲུམ་བུ་ཡུངས་ཀར་གྱི་ཚད་ཙམ་མཐུག
་པར་འདུག་པ་དེ་ནི་ཡུངས་ཀར་ལྟ་བུའི་ནད་ཅེས་བྱའོ། །ཡང་ཕོ་མཚན་གྱི་ནད་ཁྲག་དང་བད་ཀན་ལས་གྱུར་པའི་འབྲུམ་བུ་མང་པོ་རྒྱ་ཆེ་བ་དབུས་སུ་ནས་ཙམ་འབྱུང་སྟེ་ཟུག་པ་དང། བ་སྤྲུ་ལངས་པ་ཡིན་ཏེ་དེའི་མིང་ནི་ཨ་བ་མནྠ་ཞེས་བའོ།
་ཁྲག་དང་མཁྲིས་པ་ལས་གྱུར་པའི་ནད་འཛམ་བུའི་རུས་པ་ལྟར་འདུག་པ་དེ་ནི་ཀུམདྷི་ཀ་ཞེས་བྱའོ། །ཕ་མཚན་གྱི་ནད་མེད་བ་ལ་ལྟ་བུ་ཞེས་བྱ་བ་ཡོད་དེ། དེའི་མཚན་ཉིད་ནི་གཅིན་སྙི་བའི་སྐབས་སུ་བཤད་པ་བཞིན་དུ་བལྟའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་འབྲུམ་བུ་མོན་སྲན་གྲེའུ
་འམ། མུངྒའི་ཚད་ཙམ་ཡོད་པ་དེ་ནི་ཕོ་མཚན་གྱི་ནད་ཨུད་དམ་ཞེས་བྱའོ། །ཕོ་མཚན་གྱི་ནང་དུ་འབྲུམ་བུ་གཅིག་ལས་མང་པོས་ཁྱབ་སྟེ། ཅི་ལྟར་པདྨའི་སྙིང་པོ་ལས་འབྲུམ་བུས་ཁྱབ་པ་ལྟར་སྣང་སྟེ། དེ་ནི་པདྨ་ཅན་ཞེས་བྱའོ། །ཕོ་མཚན་གྱི་ནང་དུ་ལག་པས་དྲུད་པ་ལས་འབྲུམ་བུ་འབྱུང་བ
་དེ་ནི་དྲུད་པའི་འབྲུམ་བུ་ཞེས་བྱའོ། །ཕོ་མཚན་ཤུགས་དྲག་ཏུ་མཉེས་པ་ལས་རླུང་འཁྲུགས་ཏེ་ཡ་ཡོར་སོང་བ་དང་མཁྲང་བ་དང། རྡུབ་པ་དང་ལྡན་པ་དེ་ནི་གཏུན་བུ་ལྟ་བུའི་རླུང་ནད་ཅེས་བྱའོ། །ཕོ་མཚན་མཉེས་པ་ལས་རླུང་འཁྲུགས་ཏེ་པགས་པ་ཕྱིར་བཤུས་པ་ལས་ན་ཞིང
་ཚ་འུར་འུར་པོར་འདུག་སྟེ། ཁ་ཅིག་རྨེན་པར་ཡང་འགྱུར་ཏེ་དེའི་མིང་ནི་པགས་པ་ཕྱིར་བཤུས་པའི་ནད་ཅེས་བྱའོ། །ཕོ་མཚན་གྱི་ལྤགས་པ་རྩེ་མོ་ལས་འདས་པར་འཕྱང་ཞིང་མདུད་པར་སྣང་དེ་ནི་པགས་པ་ཉིལ་བའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་ཕོ་མཚན་གྱི་ནད
་ནི་གཡའ་བ་དང། སྲ་བ་དང། རྨ་འབྱུང་བ་དང། འ་གས་པ་དང་འཚོ་དཀའ་བ་དེ་ནི་པགས་པའི་ནད་ཨ་བ་པསྟི་ཀ་ཞེས་བྱའོ། །རླུང་གི་ཕོ་མཚན་པགས་པ་མ་རུངས་པར་བྱས་ཏེ། ནོར་བུ་ལ་པགས་པ་འབྱར་བས་འབྱུང་དུ་མ་སྟེར་ཏེ་སྤུབས་ནས་གཅིན་འབྱུང་བ
་ཡང་རྒྱུན་ཕྲ་བར་འབྱུང་ཞིང་ནད་མེད་པ་ཡིན་ཏེ། དེའི་མིང་ནི་ནོར་བུ་ཁ་མ་བྱེ་བ་ཞེས་པ་འམ། ཡང་ན་ནོར་བུ་འགག་པའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་ཕོ་མཚན་གྱི་ནད། གྲ་མས་གང་བ་སྙམ་སེམས་བ་ནི་མདུད་པ་ལྟ་བུའི་ནད་ཅེས་བྱའོ། །གྲ་མས་མ
་རུངས་པ་འམ། ཁྲག་ལས་གྱུར་པའི་ཕོ་མཚན་གྱི་ནད་ཚོར་བ་མེད་པ་དེ་ནི་ཚོར་བ་མེད་པའི་ནད་ཅེས་བྱའོ། །རླུང་དང་ཁྲག་འཁྲུགས་པ་ལས་གྱུར་པའི་ཕོ་མཚན་གྱི་ནད་ཅི་ཙེ་ཙམ་གྱི་བུ་གས་ཁྱབ་པར་འབྱུང་བ་དེ་ནི་བུ་ག་བརྒྱ་པའི་ནད་ཅེས་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར
་པའི་ཕོ་མཚན་གྱི་ནད་པགས་པ་ཚོས་ཤིང་ཚ་བ་དང། ཚབས་ཆེར་ཚ་བ་འུར་འུར་པོར་འདུག་པ་དེ་ནི་པགས་པའི་ནད་སྨིན་པ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་པགས་པའི་ནད་སྨིན་པ་ནི་ཕོ་མཚན་གྱི་པགས་པའི་ཤ་ཐམས་ཅད་འདྲུལ་བ་ཡིན་ཏེ། དེ་ནི་ཤ་འདྲུལ་བའི་ནད
་ཅེས་བྱའོ། །ཡང་ཕོ་མཚན་གྱི་ནད་འབྲུམ་བུ་ཕྲ་མོ་མ་མར་བ་དང། གནག་པ་འབྱུང་སྟེ་ཁྱབ་པ་དང། ན་བ་དེ་ནི་ཁྲག་གི་འབྲུམ་བུ་ཞེས་བྱའོ། །ཕོ་མཚན་ལ་ཤའི་འབྲུམ་བུ་འབྱུང་བ་ནི་གོང་གི་ཤའི་འབྲུམ་བུ་བཞིན་དུ་བལྟའོ། །ཕོ་མཚན་ལ་འབྲས་འབྱུང་བ་ཡང་འདུས་པ་ལས་གྱུར་པའི
་འབྲས་ནད་ཀྱི་མཚན་ཉིད་རྣམས་འདིར་བལྟའོ། །འདུས་པ་ལས་གྱུར་པའི་ནད་ནི་ཕོ་མཚན་མདོག་ནག་པོར་འགྱུར་ཅིང་སྨིན་ལ་རུལ་ཏེ་ཤའུ་འདྲུལ་བ་དེ་ནི་ཏི་ལ་ཀཱ་ལ་ཀཱ་ཞེས་བྱའོ། །དེ་ལས་ཀྱང་ཤ་ལས་གྱུར་པའི་འབྲུམ་བུ་དང། སྨིན་པ་དང། འབྲས་ནད་དང། ཏི་ལ་ཀཱ་ལ་ཀ་ཞེས་བྱ་བ་བཞི་པོ་དེ
་དག་ནི་སྤང་བར་བྱའོ། །ལྷག་མ་རྣམས་ནི་གསོ་བར་བྱའོ། །ཁ་ཟས་མ་རུངས་བ་ཟོས་པ་དང། མ་ལ་སྟན་མི་བདེ་བ་ལ་འདུག་པ་དང། ཉལ་པོ་ལྷག་པར་བསྟེན་པ་དང། ཁྲག་ངན་སྐྱེས་པ་དང། གནོད་པར་འགྱུར་བའི་སྨན་བསྟེན་པ་དང། སྐྱེས་པའི་ས་བོན་གྱི་ཉེས་པ་དང། སྔོན་གྱི
་ལས་ལས་གྱུར་པ་དང། རྒྱུ་དེ་དག་གིས་མོ་མཚན་གྱི་ནད་རྣམ་པ་ཉི་ཤུར་འགྱུར་རོ། །དེ་ལ་རླུང་གིས་མོ་མཚན་མ་རུངས་པར་གྱུར་ན་ནི་ན་ཞིང་ཟུག་པ་དང། གླལ་མང་བ་དང། ཚེར་བ་མེད་པ་དང། གྲོག་མ་རྒྱུ་བ་སྙམ་བྱེད་པ་དང། རེངས་པ་དང། རྩུབ་པ་དང། ཁྲག་སླ་བ་དབུ་པ་དང་བཅས་ཤིང
་སླ་བ་དང། ཉུང་ངུ་འཛག་པ་དང། མདོག་རྩ་གནག་པ་དང། གཞན་ཡང་ཆུ་སོ་དང། བརླ་མཚམས་དང་རྩི་བ་ལོག་ལ་སོགས་པ་དང། ལོང་མོ་རྣམས་དང། དེ་དག་ཏུ་རང་རང་གི་ནད་སྐྱེད་པར་བྱེད་དེ། དེའི་མོ་མཚན་གྱི་ནད་རླུང་ལས་གྱུར་པ་ཡིན་ནོ། །དེ་ཉིད་ལ་ཉལ་ངོ་ཤས་ཆེན
་སྤྱད་ནི་ན་སྐྲང་བ་དང་ལྡན་པར་འགྱུར་རོ། །ཤིན་ཏུ་གཞོན་པ་ལ་འཁྲིག་པ་སྤྱད་པས། སྒལ་ཚིགས་དང། བྱིན་པ་དང། བརླ་གཉིས་ཀྱི་བར་དང། དེ་དག་ཏུ་རླུང་འཁྲུགས་ཏེ་ནང་སྐྱེས་པ་དེ་ནི་སྔར་སྦྱད་པ་ཞེས་བྱའོ། །འབྱུང་བའི་ཤུགས་ནང་དུ
་འཁྱིལ་ཏེ་རླུང་གིས་མོ་མཚན་ཤིན་ཏུ་སྣང་བར་བྱས་ནས། ཁྲག་དབུ་བ་དང་བཅས་པར་སྲི་ཞིང་འགག་པ་མང་དུ་འབྱུང་སྟེ་དེ་ནི་མོ་མཚན་གྱི་ནད་འཁྱིལ་བ་ཞེས་བྱའོ། །ཡང་རླུང་གིས་ཟླ་མཚན་རྩུབ་ཅིང་མ་རུངས་པར་བྱས་པ་ལས་བུ་ཚ་འབྱུང་ན་ཡང་སྐྱེ་ཞིང་འཆི་བར་བྱེད
་དེ་དེ་ནི་བུ་འཆི་བ་ཞེས་བྱ་བའི་མངལ་གྱི་ནད་ཡིན་ནོ། །ཁ་ཟས་མང་དུ་ཟོས་ཏེ་འདྲངས་པའི་འོག་ཏུ་མལ་སྟན་མི་མཉམ་པ་ལ་འཁྲིག་པ་སྤྱད་པ་ལས་རླུང་གིས་ཁ་ཟས་བཙེར་ཏེ་མོ་མཚན་གྱི་ནད་ན་གནས་པའི་སྤུ་གུ་རྣམས་འཆུས་པར་བྱས་ནས་རུས་པ་དང། ཤའི་སྤུ་གུ
་རྣ་ལས་སུ་ཟུག་བཟེར་བ་ངོ་བ་ནི་མོ་མཚན་གྱི་ནད་ནང་དུ་བལྟས་པ་ཞེས་བྱའོ། །རླུང་ནང་སྐྱེད་པའི་ཁ་ཟས་བསྟེན་པས་ས་བོན་འཛིན་པའི་མོན་ཚན་གྱི་ཁ་ཞུམ་པར་བྱས་པ་དེ་ནི་ཁབ་མིག་ལྟ་བུའི་མོ་མཚན་གྱི་ནད་ཅེས་བྱའོ། །རླུང་ཤས་ཆེར་སྐྱེས་པས་བཤད་གཅི་འགག
་ཅིང་མངལ་བསྒམས་པར་བྱེད་དེ། ཚོར་བ་དང་བཅས་པ་དེ་ནི་མངལ་ནད་སྐྱེམ་བྱེད་ཅེས་བྱའོ། །མངལ་གྱི་གནས་སུ་ས་བོན་ཞུགས་པ་ལས་རླུང་གིས་ནད་དྲུག་གམ་བདུན་གྱི་བར་དུ་འཇིག་ཅིང་དེ་ནས་ནད་ཡོད་ཀྱང་རུང། མེད་ཀྱང་རུང་ས་བོན་ཕྱིར་འབྱིན་པ་དེ་ནི
་ས་བོན་འབྱིན་པ་ཞེས་བྱའོ། །མངལ་གྱི་ནད་རླུང་གིས་གཟིར་བ་ལས་བྱིས་པ་རུམ་དུ་ཆགས་པའི་ས་བོན་ལ་གནོད་པར་བྱས་པས་སྐྱེས་པ་ལ་ཞེ་སྡང་སྐྱེས་པ་དེ་ནི་ཤིན་ཏུ་དམད་པ་ཡིན་པས་གསོ་བ་མ་བྱས་ན་ནི་མོ་ཤམ་དུ་འགྱུར་རོ། །མངལ་གྱི་ནང
་དུ་རླུང་སྐྱེས་པས་མོ་མཚན་གྱི་ནད་མངལ་གྱི་ལ་ཞུམ་པ་དང། ཡང་ན་ཁ་བྱེ་བར་བྱེད་པ་དང། གནས་ནས་ཉམས་པ་དང། རླུང་གི་མོ་མཚན་གྱི་ནད་བཞིན་དུན་པ་དེ་ནི་ཤ་མཐོན་པོ་ཞེས་ཀྱང་བྱ། མོ་མཚན་རྒྱ་ཆེར་སོང་བ་ཞེས
་ཀྱང་བྱ། ནད་ཆེན་པོ་ཞེས་ཀྱང་བྱའོ་ཞེས་ཟེར་རོ། །མཁྲིས་པ་ལས་གྱུར་པའི་མོ་མཚན་གྱི་ནད་ནི་མཁྲིས་པ་རང་གི་ནད་གཞི་སྐྱེད་པའི་རྒྱུ་ཁ་ཟས་ལ་སོགས་པ་བསྟེན་པས་མངལ་ལ་བརྟེན་ཏེ་འཁྲུགས་ནས་ཚ་བ་དང། སྨིན་པ་དང། སྣགས
་པ་དང། དྲིང་བ་དང། རིམས་ཀྱིས་འདེབས་པ་དང། ཁྲག་འཛག་པ་སྟེ། འཛག་པ་དེ་ཡང་ཤིན་ཏུ་ཚ་བ་དང། རོ་མྱགས་པ་དང། བདོག་སྔོ་བ་དང། སེར་བ་དང། གནག་པ་ལ་སོགས་པ་མདོག་སྣ
་ཚིགས་སུ་སྣང་བ་ཡིན་ནོ། །ཁྲག་ལས་གྱུར་པའི་མོ་མཚན་གྱི་ནང་ནི་ཁྲག་ཚབས་ཆེར་འཛག་པ་ཡིན་ནོ། །ཁ་ཟས་ལ་སོགས་པ་བད་ཀན་འཁྲུགས་པར་བྱེད་པའི་རྒྱུ་བསྟེན་པས་མོ་མཚན་ནད་ཆུང་ཞིང་གྲང་བ་དང། གཡའ་བ་དང། འཛག
་པ་དང་ཀར་བ་དང། སྤྱི་བག་ཏུ་འབྱུང་བ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་མོ་མཚན་གྱི་ནང་དུ་འཁྲུགས་ཏེ་ཁྲག་འཛག་ཅིང་ཟད་ཏེ། ཚབ་འུར་འུར་པོར་འདུག་པ་དང། ལུས་སྐེམ་ཞིང་མདོག་འགྱུར་བ་དེ་ནི་ཁྲག་ཟད་པའི་མངལ
་ནད་ཅེས་བྱའོ། །བུད་མེད་རང་བཞིན་གྱིས་མཁྲིས་པའི་ཤས་ཆེར་དེ་སྐྱེས་པ་དང་ཉལ་པོ་བྱེད་པ་དང། སྤྲིང་པ་དང། སྒྲེགས་པ་བསྒགས་པས་རླུང་མཁྲིས་པ་དང་བཅས་པ་མངལ་གྱི་ནང་དུ་འཁྲུགས་པ་འགྱུར་ཏེ། ང་ཡང
་སྐྲང་བ་དང། རེག་མི་བཟེད་པ་དང། ཉམ་ཐག་པར་ན་བ་དང། ཁྲག་སྔོན་པོ་དང། སེར་པོ་འབྱུང་བ་ཡིན་ནོ། །མ་ཞུས་མངལ་གྱི་ནང་དུ་འཁྲུགས་ཏེ། ཆུ་སོ་དང་ཁལ་མ་ལྕི
་ཞིང་ཚད་པར་འཁུ་བ་དང། ཡིག་འཆུས་པ་དང། སྟ་ཟུར་དང། ཆུ་སོ་དང། བརླ་གཉིས་ཀྱི་བར་དུན་བ་དང། ཚ་བར་བྱེད་པ་དེ་ནི་མངལ་གྱི་ནང་མ་ཞེ་བ་ཞེས་བྱའོ། མངལ་གྱི་ནང་དུ་རླུང་དང་བད་ཀན་གྱི་ནད་ཀྱིས་ཁྱད་སྟེ་འཛག
་པ་དཀར་བ་དང། འབྱེལ་བག་ཏུ་འབྱུང་བ་དེ་ནི་མོ་མཚན་གྱི་ནད་ཨུ་བ་སླུ་ཏ་ཞེས་བྱའོ། །ཡང་མོ་མཚན་ཁྲུས་དང། གཙང་སྤྲ་མ་བྱས་པས་སྲིན་བུ་སྐྱེས་ནས་མོ་མཚན་རབ་ཏུ་གཡའ་ཞིང་གཡའ་བ་དེས་འདོད་པ་ལ་དགའ་སྟེ། དེའི་མིང་ནི་སླུ་ཏ་ཞེས་བྱའོ། །དུས་མ
་ཡིན་པར་མཁྲིག་པ་སྤྱད་པའི་རྒྱུད་རླུང་དང་མཁྲིས་པ་དང། ཁྲག་མངལ་གྱི་ནང་དུ་འཁྲུགས་ཏེ། པདྨའི་སྙིང་པོ་བྱ་བའི་ནད་སྐྱེས་ནས་ཟླ་མཚན་གྱི་ལམ་འགག་པར་བྱེད་དེ། དེ་ནི་པདྨའི་སྙིང་པོ་ཞེས་བྱ་བའི་ནད་ཡིན་ནོ། །ནད་གཞི་གསུམ་མངལ་གྱི་གནས་དང། མོ་མཚན
་ལ་བརྟེན་ཏེ་འཁྲུགས་ནས་རང་རང་གི་ནད་སྐྱེད་དེ། དེ་ནི་མོ་མཚན་གྱི་ནད་འདུས་པ་ལས་གྱུར་པ་ཡིན་ནོ། །དེ་ལྟར་བུད་མེད་ཀྱི་མངལ་དང། མོ་མཚན་གྱི་ནད་དེ་དག་གིས་ཁུ་ཆུ་འཛིན་པའི་ནུས་པ་མེད་དེ། རྒྱུ་དེས་ན་ས་བོན་ནམ་བྱིས་པ་ཆགས་པའི་མཐུ་མེད་པའི་ནད
་ཤིན་ཏུ་མི་ཟད་པ་སྐྱེ་བར་འགྱུར་ཏེ། རླུང་ལ་སོགས་པའི་ནད་དང། ཟླ་མཚན་གྱི་ནད་དང། གཞང་འབྲུམ་དང། སྐྲན་ལ་སོགས་པས་ཤིན་ཏུ་གནོད་པར་འགྱུར་རོ། །གསང་བའི་གནས་ཀྱི་ནད་དམིགས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པ་རྫོགས་སོ།། །།
་དེ་ནས་གསང་བའི་གནས་ཀྱི་ནད་བཤད་པ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཕོ་མཚན་གྱི་ནད་གསར་དུ་བྱུང་བ་ལ་ནི་ཕོ་མཚན་གྱི་དབུས་ཀྱི་རྩ་ལས་གཏར་གས་ཁྲག་དབྱུང་ངོ། །དེའི་འོག་ཏུ་བསིལ་བའི་ཆོ་ག་རྣམས་བྱ་སྟེ། ལྷག་པར་བཀྲུ་སྨན་གྱིས
་ལུས་དག་པར་བྱའོ། །དེ་ནས་ཏིལ་གྱི་ཕྱི་མ་མར་དང་སྦྲང་རྩི་དང་སྦྱར་བས་བསྐུ་བར་བྱའོ། །སྨིན་ནས་ནི་དཔྲལ་ལ་ཤིང་འཛམ་བུ་དང། ཨ་མྲ་དང། ཤྲི་ཤིང་དང། གཱ་པ་དང། ཤྭེ་ཏ་ཀམྦུ་ཛི་དང། དེ་རྣམས་ཀྱི་མྱུ་གུ་དང། སྲ་ཙི་པོག་གི་ཤིང་དང། རྒྱ་ཤུ་དང
་པིལྤ་དང། རྒྱ་སྐྱེགས་ཤིང་དང། དེ་རྣམས་ཀྱི་ཤུན་པ་དང། ཏི་ནི་ཤ་དང། ཤིང་འོ་མ་ཅན་གྱི་ཤུན་པ་དང། འབྲས་བུ་གསུམ་དང། དེ་རྣམས་ཆུ་དང་བསྐོལ་བའི་ཁུ་བས་རྨ་བཀྲུ་བར་བྱའོ། །ཁུ་བ་དེ་ཉིད་ཏིལ་མར་དང་བསྐོལ་བའི་མར་གྱིས་རྨ་ལ་བསྐུས་ན་རྨ་འཚོ
་པར་འགྱུར་རོ། །སྤངས་མ་དང། གི་རིག་དང། གསེང་ཕྲོམ་དང། སུག་སྨེལ་དང། ལྡོང་རོས་དང། བ་བླ་དང། སྐྱེར་ཁཎྜ་དང། ཧ་རེ་ནུ་དང། ནག་ཆུར་བྱ་བལ་མ་དང། རྒྱ་ཚ་དང། རྒྱམ་ཚ་དང། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕོ་མཚན་གྱི་རྨ་འཚོ་བར
་བྱེད་དོ། །འབྲས་བུ་གསུམ་རྫེའུ་ལ་སྦྱར་གྱི་ནང་དུ་བསྲེགས་ཏེ་མར་དང་སྦྱར་བས་བསྐུས་ན་རྨ་འཚོ་བར་བྱེད་པའི་མཆོག་ཡིན་ནོ། །དེ་དག་ནི་ཕོ་མཚན་གྱི་གསོ་བ་སྤྱིར་བསྟན་པ་ཡིན་ནོ། །ནད་གཞི་རེ་རེ་ལས་གྱུར་པའི་ནད་ནི་སྐད་ནད་ཀྱི་གསོ་བ་བཞིན་དུ་བྱའོ། །སྨན
་བས་ཕོ་མཚན་གྱི་ནད་ཅི་ནས་ཀྱང་སྨིན་ཅིང་སྣགས་པར་མི་འགྱུར་བའི་ཐབས་སུ་བྱའོ། །གལ་ཏེ་སྨིན་ན་ནེ་རྒྱུས་པ་དང་རྩ་དང། ཤ་རྣམས་ཕལ་ཆེར་འཇིག་པར་འགྱུར་རོ། །གཞང་འབྲུམ་ལྟ་བུའི་ནད་ནི་བཅད་ལ་མེས་བསྲོག་སྟེ། ལྷག་མ་ནི་ཕོ་མཚན་སྤྱིར་གསོ
་བ་གོང་མ་བཞིན་བྱའོ། །ལུངས་ཀར་ལྟ་བུའི་ནད་ལ་ནི་མཚོན་གྱིས་ཕྲ་བ་བྲིས་ཏེ། སྨན་གོང་མ་དེ་ཉིད་བསྐོལ་བའི་ཁུ་བས་བླུགས་པ་དང། ཕྱེ་མས་གདབ་པ་དང། དེ་ཉིད་ཏིལ་མར་དང་སྦྱར་བས་བསྐུས་ན་རྨ་འཚོ་བར་འགྱུར་རོ། ། པ་མནྠའི་ནད་ལ་ཡང
་གསོ་བ་གོང་མ་ལྟར་བྱ་སྟེ། ཁྲག་གཟག་གོ་།ཀུམྦྷི་ཀའི་ནད་སྨིན་ན་ངོས་གཉི་ག་ནས་ཁྲག་གཏར་ཏེ་རྨ་དག་པར་བྱས་ལ་ཏེན་ཏུ་ཀ་དང། འབྲས་བུ་གསུམ་དང། གསེང་ཕྲོམ་དང། དེ་རྣམས་ཏིལ་མར་དང་སྦྱར་ཏེ། བསྐུ་བ་དང་བྱུག་པ་ལ་སོགས་པ
་བྱས་ན་རྨ་འཚོ་བར་འགྱུར་རོ། །ཕོ་མཚན་གྱི་ནད་མེ་དཔལ་ལྟ་བུ་ལ་ནི་ཁྲག་གཏར་ཏེ། ཆོ་ག་གོང་མ་ལྟར་བྱའོ། །ུ་ད་མ་ཞེས་བྱ་བའི་འབྲུམ་པའི་ནད་ལ་ནི་ལྕགས་ཀྱུ་གུག་པོས་འབྲུམ་བུ་བཅད་དེ་མཁྲིས་པར་མེ་དཔལ་གསོ་བའི་རིམ་པ་བཞིན་དུ
་སྨན་གྱིས་ཕྱེ་མ་དང། སྨན་བསྐོལ་བའི་ཁུ་བ་དང། དེ་རྣམས་སྦྲང་རྩ་དང་སྦྱར་བ་བཏད་སྟེ། པདྨ་ཅན་ཞེས་བྱ་བ་ལ་ཡང་ཆེ་ག་དེ་དག་མཚུངས་པར་སྦྱོར་རོ། །པགས་པ་སྨིན་པ་དང། ཚོར་བ་མེད་པ་གཉིས་ལ་ནི་བ་ལའི་མར་དྲོ་འཇམ་ཙམ་གྱིས་བསྐུ
་ཞིང་བླུགས་པ་དང། སྨན་མངར་བའི་སྡེ་ཚན་སྦྱར་བའི་བ་ལའི་མར་གྱིས་དུགས་བྱའོ། །དེ་ལ་གཏུན་བུ་ལྟ་བུའི་ནད་ལ་ནི་ཁྲག་ཕྱུང་སྟེ་བད་ཀན་གྱི་ཐོར་བུའི་གསོ་བ་རྣམས་སྤྱད་དོ། །དེ་ལ་པགས་པ་ཕྱིར་བཤུས་པའི་ནད་ལ་ནི
་མར་གྱིས་བསྐུས་ལ་སྨན་གྱི་བྱུག་པས་བྱུགས་ལ་དུགས་བྱའོ། །ཞག་གསུམ་འམ་ལྔའི་བར་དུ་སྨན་ཨེལ་བ་ལ་ཞེས་བྱ་བའི་སྨན་གྱིས་སྣུམ་བཅོས་བྱ་སྟེ། ཞེན་པ་དང་དུགས་བྱ་སྟེ། དེ་ནས་ཡང་སྣུམ་ཆོས་བྱས་ལ་སླར་དྲང་ཞིང་གཞུག
་པར་བྱའོ། །པགས་པ་ཉིལ་བའི་ནད་ལ་ནི་དང་པོ་དུགས་བྱ་སྟེ། ནོར་བུའི་རྩེ་མོ་ནས་ཡར་རིམ་གྱིས་བཙིར་ཞིང་བཏེག་ལ་སླར་གཞུག་གོ་།དེའི་འོག་ཏུ་ནོར་བུ་ལ་ཡང་དང་ཡང་སྣུམ་བཅོས་བྱ་བ་དང། ཁ་ཟས་སྣུམ་བག་དང་བཅས་པར་ཟོས
་ན་རབ་ཏུ་བསྔགས་སོ། ། བ་པ་ཏི་ཀའི་ནད་ལ་ཡང་ཆོ་གའི་རིམ་པ་དེ་བཞིན་དུ་སྦྱར་རོ། །དེ་ལ་བུ་ག་བརྒྱ་པའི་ནད་ཕོ་མཚན་གྱི་སྤུ་གུ་གཉིས་ཀྱི་ནད་ན་སྲིན་བུ་བསྟེན་ཏེ། ཁ་འགགས་པར་བྱས་པ་དེ་ལ་ནི་རླུང་འཇོམས་པའི་སྨན་དང་སྦྱར
་བའི་སྣུམ་གྱིས་ཐོག་མར་ནང་དུ་བཅུག་སྟེ། དེའི་འོག་ཏུ་སྨན་མར་དེ་ཉིད་ཀྱིས་བླུགས་པར་བྱའོ། །ཞག་གསུམ་གསུམ་ཞིང་སྤུ་གུ་ཆེ་ཞིང་ཡངས་པར་འགྱུར་ན་ནི་མཚོན་གྱིས་བཅད་པར་བྱའོ། །སྤུ་གུའི་ཁ་སྦྱོར་བ་དེ་དག་གིས་མ་ཞིན་ནི་བར་གྱི
་སྲུབས་བྲེང་བྲེང་པོ་མ་གཏོགས་པ། མཚོན་གྱིས་གདབ་དུ་རུང་བའི་སར་དཔྲལ་ཏེ་རྨ་སར་པའི་ཆོ་ག་བཞིན་དུ་བྱའོ། །གལ་ཏེ་ཕོ་མཚན་གྱི་ནད་སྲ་ཞིང་མདུད་པ་ལྟར་གྱུར་ན་ནི་སྤུ་གུ་དུགས་བྱ་བ་དང། སྣུམ་དྲང་ལྡན་པ་དོན་པོས་བྱུགས་པ་བྱས་ལ། དེ་ནས
་མཚོན་གྱིས་བྲིས་ཏེ། སྨན་བསྐོལ་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུགས་སོ། །ཁྲག་གི་འབྲུམ་བུ་ལ་ནི་ཁྲག་ལས་གྱུར་པའི་ཁོར་འབྲས་ཀྱི་གསོ་བ་རྣམས་བྱའོ། །གཞན་ཡང་ཕོ་མཚན་ལ་ནད་ཀྱི་གནས་སྐབས་ཇི་ལྟ་བ་བཞིན་དུ་རྨའི་གསོ་བ་རྣམས་ཅི
་རིགས་པར་གྱིས་ཤིག་།མོ་མཚན་གྱི་གསོ་བ་མངལ་གྱི་ནད་དམ་མོ་མཚན་གྱི་ནད་ཐམས་ཅད་ལ་ནི་རླུང་འཇོམས་པའི་སྣུམ་དང། དུགས་དང། མས་བཏང་བ་ལ་སོགས་པ་ལས་ཐམས་ཅད་བྱས་ན་རབ་ཏུ་བསྔགས་ཏེ། ལྷག་པར་རླུང་ལས་གྱུར་པའི་ནད
་ལ་སྦྱར་རོ། །དེ་ལ་བུད་མེད་ཀྱི་མོ་མཚན་གྱི་ནད་ནི་རླུང་མ་གཏོགས་པ་གཞན་གང་ཡང་མེད་དོ་དེ་བས་ན་བུད་མེད་ཀྱི་མངལ་གྱི་ནད་གང་ཡང་རུང་བ་ལ་ནི་རླུང་འཇོམས་པའི་མན་སྦྱར་བར་བྱ་སྟེ། དེ་ཡང་བ་ལའི་མར་དང་འདྲེས་པ་ཞེས་བྱ་བའི་སྨན་ནང
་དང། སུ?་ཀ་མ་རའི་སྨན་མར་དང། དེ་རྣམས་ཀྱི་སྨིན་མར་བླུད་པ་དང་དུགས་བྱ་བ་དང། སྣུམ་བཅོས་ལ་སོགས་པ་བྱས་ན་མངལ་དང་མོ་མཚན་ཡོ་བ་ཡང་དྲང་པོར་བྱེད་དོ། །གལ་ཏེ་མོ་མཚན་ཡོ་བར་གྱུར་ན་ལག་པས་བསྲང་ལ་ཞུམ་པ་ཡང་བཀྲལ་ཞིང
་བསྐྱེད་པར་བྱའོ། །ཕྱིར་བྱུང་ན་ནང་དུ་གཞུག་པར་བྱའོ། །དེ་དག་ནི་མངལ་རང་གི་གནས་ནས་ཉམས་པར་བྱེད་པ་ཡིན་ཏེ། དེ་ནི་བུད་མེད་ཟུག་རྔུ་དང་བཅས་པ་ཡིན་པར་འདོད་དོ། །དེ་ལྟ་བུའི་ནད་ལ་ནི་སྨན་འཇམ་པས་སློན་ལ་སོགས་པ་ལས་རྣམ་པ་ལྔ་ཡང་སྦྱར
་བར་བྱ་སྟེ་རྣམ་པ་ཐམས་ཅད་དུ་ལུས་ཡོངས་སུ་དག་པར་བྱ་བ་དང། དེ་བཞིན་དུ་མས་བཏང་བ་དང། བསྐུ་བྱུག་དང། བླུགས་པ་དང། ཤིང་བལ་གྱི་འདའ་བས་གླན་པ་ལ་སོགས་པ་ལ་ཕྲ?་ལྷག་པ་དེ་དག་ཀྱང་བྱའོ། །ཏོ?་བལ་དང། འབྲས་བུ་གསུམ་དང།
་རྒུན་འབུམ་དང། ཀས་མརྡྷ་དང། སེར་པོ་རྣམ་གཉིས་དང། སླེ་ཏྲེས་དང། ཤིང་ཤེ་རྱ་ཀ་བཏང་བ་དང། བསྐུ་བྱུག་དང། བ་སྤྲུ་དང། བ་ཤ་ཀ་དང། དེ་རྣམས་ཞོ་གཉིས་གཉིས་དང། མར་སྲང་སུམ་ཅུ་རྩ་གཉིས་དང། བསྐོལ་ཏེ་མར་ལུས་པ་ལས་རན་པར་འགྲུངས?་??
་རླུང་ལས་གྱུར་པའི་མངལ་ནད་ཐམས་ཅད་འཇོམས་ཏེ་བུ་འཛིན་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་དང། ཟི་ར་དང། གོ་སྙོད་དང། པི་པི་ལིང་དང། བ་ཤ་ཀ་དང། རྒྱམ་ཚ་དང། ཏིརྨུ་ས་དང། ཡ་བ་ཀྵ་ར་དང། དེ་རྣམས་ཞིབ་ཏུ་བཏགས་ཏེ་ཆང་གི
་དངས་མ་དང་སྤྲུས་ལ་མར་དང་བརྔོས་ཏེ་ཟོས་ན་མོ་མཚན་གྱི་ནད་དང། རྩིབས་ལོགས་སུ་ན་བ་དང། གློ་སྙིང་ན་བ་དང། སྐྲན་དང། གཞམ་འབྲུམ་རྣམས་ཟློག་པར་བྱེད་དོ། །བ་ཤ་ཀ་དང། ཁ་ལུང་གི་རྩ་བ་དང། སེ་ན་རྩི་དང། ལན་ཚ
་དང། དེ་རྣམས་ཀྱི་ཕྱེ་མ་ཆང་དང་སྦྱར་ཏེ་བཏུང་བ་འམ། ཡང་ན་པི་པི་ལིང་དང། ཨུཏཔ་ཀན་རྩི་ཀ་ཞེས་བྱ་བ་གོ་སྙོང་དང། ར་སྣ་དང། གཟེ་མ་དང། བ་ཤ་ཀ་དང། དེ་རྣམས་འོ་མ་དང་བསྐོལ་བ་འཐུངས་ན་ཟུག་གཟེར་འཕྲོག་པར་བྱེད་དོ། །སླེ་ཏྲེས་དང།
་འབྲས་བུ་གསུམ་དང། དནྟི་དང། དེ་རྣམས་བསྐོལ་བས་བླུགས་པར་བྱའོ། །རྒྱ་སྤོས་དང། ཀཎྜ་ཀཱ་རི་དང། རུ་རྟ་དང། རྒྱམ་ཚ་དང། ཐང་ཤིང་དང། དེ་རྣམས་ཏིལ་མར་དང་བསྐོལ་བའི་མར་ལས་ཤིང་བལ་གྱི་འདབ་མ་ལ་སྒོས་ཏེ། མོ་མཚན་ལ་གླེན་པ
་བྱས་ན་ཟུག་གཟེར་འཇོམས་སོ། །མོ་མཚན་གྱི་ནད་མཁྲིས་པ་ལས་གྱུར་པ་ལ་ནི་བླུགས་པ་དང། བསྐུ་བྱུག་དང། རས་བལ་གྱི་འདབ་མས་ཀླན་པའི་ཆོག་རྣམས་བྱའོ། །མཁྲིས་པ་འཇོམས་ཤིང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་སྦྱར་བའི་མར
་གྱིས་སྣུམ་ཆོས་བྱའོ། །ཉེའུ་ཤིང་གི་རྩ་སྲང་བཞི་བརྒྱ་བརྡུངས་ཏེ། བཙིར་བའི་ཁུ་བ་དང། དེ་དང་མཉམ་པའི་འོ་མ་དང། མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། འཚོ་བྱེད་སྡེ་བཅུ་དང། ཉེའུ་ཤིང་དང། རྒུན་འབྲུ་དང། བ་ཏུ་ཤ་བ་དང། པི་ཡ་ལ་དང
་པ་ལ་རྣམ་གཉིས་དང། ཤིང་མངར་དང། དེ་རྣམས་ཞེ་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ་གྲངས་པའི་ནང་དུ་སྦྲང་རྩི་དང། པི་པི་ལིང་གི་ཕྱེ་མ་སྲང་བརྒྱད་བརྒྱད་དང། ཁར་སྲང་བཅུ་བཏབ་སྟེ་ལྡེ་གུར་བྱས་པ
་ལས་སྲང་ཕྱེད་ཕྱེད་ཟོས་ན་མངལ་གྱི་ནད་དང། ཁྲག་ནད་དང། ཁུ་ཆུའི་ནད་འཇོམས་པར་བྱེད་དོ། །ཉིལ་ཕོད་པ་དང། བུ་བསྐྱེད་པའི་མཆོག་ཡིན་ཏེ། དེ་བཞིན་དུ་གློ་འགྲམས་པ་དང། གློ་གཅོད་ཟད་བྱེད་དང། ཁྲག་དང། མཁྲིས་པ་དང།
་ལུད་བ་དང། དབུགས་མི་བདེ་བ་དང། ཧ་ལི་མ་ཀ་ཞེས་བྱ་བའི་ནད་དང་མིག་སེར་དང། རླུང་དང། ཁྲག་ལས་གྱུར་པའི་ནད་དང། མེ་དཔལ་དང། གློ་སྙིང་ན་བ་དང། མགོ་ན་བ་དང། བརྗེད་བྱེད་ཀྱིས་ཉམས་ཐག་པ་དང། ད་རྒན་ནང་དུ་འདུག་པ་དང། ཕྱིར་གྱེད་པའི
་ནད་དང། མྱོས་པ་དང། སྨྱོ་བྱེད་རྣམས་འཇིག་པར་བྱེད་དོ། །གོང་གི་བསྐོལ་བའི་ཁུ་བ་སྲང་སྟོང་ཉི་ཤུ་རྩ་བཞིའི་ནང་དུ་མར་དང་ཏིལ་མར་བསྲེས་པ་སླང་བརྒྱ་ཉི་ཤུ་རྩ་བརྒྱད་དང། དེའི་བཞི་འགྱུར་གྱི་འོ་མ་དང། པི་པི་ལིང་དང། ཀ་ཀ་ན་སི་དང། ཁ་ར
་དཀར་པོ་དང། ཛི་བནྟི་དང། ཀྵ་རིཀ་ཀོ་ལི་དང། སྟི་ར་དང། ཉེའུ་ཤིང་དང། ཟི་ར་རྣམས་གཉིས་དང། པ་ཡ་སྲ་དང། ཤྲ་བ་ནི་དང། མོན་སྲན་རྡེའུ་དང། ཤིང་པི་པི་ལིང་དང་སོན་སྲན་གྲེའུ་གསུམ་གྱི་ལོ་མ་དང། དེ་རྣམས་བཏགས་པའི་ཕྱེ་མ་དང། ལྷན
་ཅིག་ཡང་བསྐོལ་ཏེ་མར་ལས་འཐུངས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་འཇོམས་པར་བྱེད་དེ་བུ་སྦྱིན་པར་བྱེད་པ་ཡིན་ཏེ། མོ་མཚན་ནས་ཁྲག་འཛག་པ་དང། ཟླ་མཚན་སྐྱོན་དང་བཅས་པ་རྣམས་ལ་ནད་གཞི་ཇི་ལྟ་བ་བཞིན་དུ་གང་དང་ལྡན་པ་བརྟར
་ཏེ་ཐུན་ནད་ཀྱང་དེ་ལྟར་བྱའོ། །ཤིང་མངར་དང། སྦྲང་རྩི་དང། ཆུ་ཤིང་གི་རྩ་བ་དང། སྐྱེར་བའི་རྩ་བ་དང། ཤིང་ཏ་ལའི་ས་བོན་དང། པྲི་ཨེ་ཀུ་དང། དེ་རྣམས་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་འཐུང་ན་ཁྲག་ལེགས་པར་གནས་པར་བྱེད་ཅིང་ཁྲག་དཀར་བ
་དང། ཧ་ཅང་དམར་བ་རྣམས་སེལ་ཏེ། །པཱ་ཐཱ་དང། ཤིང་འཛམ་བུ་དང། ཨ་མྲའི་རྐང་པ་དང། སྲུ་སྲུའི་རྩ་བ་དང། སྐྱེར་ཁཎྜ་དང། ཨ་པཀཊ་དང། ཤལ་པའི་འཐིང་ཆུ་འམ། ས་མངྒ་དང་དུག་མ་ཡུངས་ཀྱི་ཤུན་ལྤགས་དང། བཱ་ལ་ལི་དང་ཀ་དང། བིལྦ
་དང། བོང་ང་དཀར་པོ་དང། གསེང་ཕྲོམ་དང། གླ་སྒང་དང། བཙག་དང། བཅའ་སྒ་དང། ཤིང་མངར་དང། མ་ཙི་ཀ་དང། ཙན་དན་དམར་པོ་དང། ཀཏཔ་ལ་དང། ཀ་ཏཾ་ག་དང། དུག་མོ་ཡུངས་དང། ཨ་ནནད་དང། ད་ཏ་ཀི་དང། ཤིང་ཏོག་མ་དུ་ཀ
་དང། སྟང་ཟིལ་དང། དེ་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང། འབྲས་བཀྲུས་པའི་ཆུ་དང་སྦྱར་བ་རྒྱུ་སྐར་རྒྱལ་ལ་བླུད་ན། གཞང་འབྲུམ་དང་ཚད་པར་འཁྲུ་སྟེ་ཡང་དང་ཡང་ཁྲག་ཏུ་འབྱུང་བ་དང། སྲིན་བུ་ལས་གྱུར་པའི་ནད་དང་ཁྱིས
་པ་རྣམས་ཀྱི་སྲིན་ནད་རྣམས་འཇོམས་ཏེ། མངལ་དང་མོ་མཚན་གྱི་ནད་ཁྲག་ནག་པ་དང། དཀར་ལ་རྩ་གནག་པ་རྣམས་སེལ་ཏོ། །ཕྱེ་མ་འདི་ནི་སྐར་མ་རྒྱལ་དང། རྗེས་སུ་མཐུན་པ་ཡིན་ཏེ། གོང་མའི་ནང་རྣམས་ལ་རབ་ཏུ་ཕན་ནོ། །ཞེས་དྲང་སྲོང་ཆེན་པོ
་རྒྱུན་ཤེས་ཀྱི་བུས?་མཆོག་ཏུ་བསྔགས་སོ། །བད་ཀན་ལས་གྱུར་པའི་མངལ་གྱི་ནད་ལ་ནི་སྨན་ཐམས་ཅད་རྩུབ་པ་དང། དྲོ་བག་སྦྱར་རོ། །ད་ཏ་ཀི་དང། སྐྱུ་རུ་ར་ཡི་ལོ་མ་དང། ལིགབུའི་མིག་དང། ཤིང་མངར་དང། ཨུཏཔལ་དང། ཤིང་འཛམ་བུ་དང། ཨ
་མྲའི་ཚིག་གུ་དང། ནག་ཚུར་དང། གསེང་ཕྲོམ་དང། ཀཏཔ་ལ་དང། ཏིནྟུ་ཀ་དང། རྒྱམ་ཚ་དང། སེའུ་འབྲུ་དང། ཤིང་ཚ་དང། ཨུ་དུམྦར་དང་ཁིལྦ་གཞོན་ནུ་དང། དེ་རྣམས་ཞོ་གཉིས་བཏགས་པའི་ཕྱེ་མར་གཅིན་དང། དེའི་བཞི་འགྱུར་གྱི་འོ་མ་དང། ཏིལ་མར་སྲང་སུམ
་ཅུ་རྩ་གཉིས་དང་བསྐོལ་བའི་མར་ལུས་པ་ལས་བསྐུ་བྱུག་དང། རས་བལ་གྱི་འདབ་མས་གླན་པ་དང། མས་བཏང་བ་རྣམས་བྱས་ན་མོ་མཚན་སྐྲང་བ་དང། མོ་མཚན་ཕྱིར་སློག་པ་དང། བསྐུ་དཀའ་ཞིང་རེངས་པ་དང། ནལ་ནལ་པོ་སྤྱི་བག་དུ་འཇག
་པ་དང། མོ་མཚན་ཕྱི་འབུར་བ་དང། ནང་དུ་ཞུམ་པ་དང། མོ་མཚན་འབྲུམ་པ་དང་ལྡན་ཞིང་ཟུག་གཟེར་དང་བཅས་པ་རྣམས་ལ་ཕན་ནོ། །ཁ་ཟས་སུ་ནས་དང། བཏུང་བར་ནི་ཨ་རུ་རའི་ཆང་དང་བུར་ཆད་དང། ཏིལ་མར་རྣམས་བསྟེན་པར་བྱའོ་པི
་པི་ལིང་དང། ལྕགས་སྐྱེ?་དང། ཨ་རུ་ར་དང། དེ་རྣམས་ཀྱི་སྦྱོར་བ་སྦྲང་རྩི་དང་བཅས་པ་སྦྱར་ན་ཕན་ནོ། །ནག་ཚུར་དང། འབྲས་བུ་གསུམ་དང། ནག་ཚུར་བྱ་བ་ལ་མ་དང། ཨ་མྲ་དང། ཤིང་འཛམ་བུའི་རུས་པ་དང། དེ་ཏ་ཀི་དང། དེ་རྣམས་ཀྱི་ཕྱེ
་སྦྲང་རྩི་དང་སྦྱར་བ་བླུད་ན་མོ་མཚན་ནས་སྤྱི་བག་ཏུ་འཛག་པ་རྣམས་སྐན་ཏེ་རྩུབ་པར་བྱེད་དོ། །རྒྱ་སྐྱེགས་ཤིང་དང། ད་ཏ་ཀི་དང། ཤིང་འཛམ་བུ་དང། སམ་ག་ཏ་དང། མོཉྫ་ར་དང། སྲ་རྩི་པོག་དང། དེ་རྣམས་ཀྱི་ཕྱེ་མ་སྦྱར་ན་མོ་མཚན་དི་མི་ཞིམ་པ་དང
་??་བག་ཏུ་འཛག་པ་དང། སྣགས་པ་དང། རེངས་པ་རྣམས་ལ་འདོད་པ་ཡིན་ནོ། །དོང་ཀའི་སྡེ་ཚན་བསྐོལ་བའི་ཁུ་བ་བླུགས་པ་བྱའོ། །མོ་མཚན་བསྒུལ་དཀའ་ཞིང་རེངས་པ་དང། རྩུབ་པ་རྣམས་ལ་ནི་གཉེན་པར་བྱ་བའི་ཆོ་ག་རྣམས་བྱ་སྟེ། དེ་ཡང་ཤ་ཁུ
་?་?་པར་གཡོས་སུ་བྱས་པ་དང། ཀྲི་ས་ར་དང། འོ་ཐུགས་རྣམས་ཀྱིས་མོ་མཚན་གྱི་ནང་དུ་བཞག་ཅིང་དགང་བར་བྱའོ། །མོ་མཚན་དྲང་བར་གྱུར་པ་ལ་ནི་སྨན་དྲི་ཞིམ་པ་དང་སྦྱར་བའི་ཏིལ་མར་རམ། མར་གྱི་ནང་དུ་ཕྱེ་མས་བཏབ་པ་འམ། ཡང་ན
་ཕྱེ་མ་ཉིད་དུ་སྦྱར་ན་མོ་མཚན་དྲི་མི་ཞིམ་པ་རྣམས་སེལ་བར་བྱེད་དོ། །བད་ཀན་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི་ཕལ་ཆེར་སྨན་ཚ་དང། བ་གཅིན་དང་སྦྱར་བ་མས་བཏང་བ་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ནད་ལ་ནི་ཕལ་ཆེར་ཤིང་དང། འོ
་མ་དང་བཅས་པར་མས་བཏང་ནི་ཕན་ནོ། །རླུང་ལས་གྱུར་པ་ལ་ནི་ཕལ་ཆེར་ཏིལ་མར་དང་སྐྱུར་དང་སྦྱར་བ་མས་བཏང་ན་ཕན་ནོ། །འདུས་པ་ལས་གྱུར་པ་ལས་ནི་ཐུན་མོང་དུ་སྦྱར་ཏེ་མས་བཏང་ན་ཕན་ནོ། །གསོ་པ་དེ་དག་གིས་མོ་མཚན་དག་པར་གྱུར་པ
་དང།?་ས་བོན་ལ་སྐྱོན་མེད་ཅིང་ཐ་མལ་བར་གྱུར་པ་དང། རྣམ་པར་ཤེས་པ་འཇུག་པ་དང། ཚོགས་པ་དེ་དག་ཡོད་ན་བུད་མེད་ཀྱིས་བུ་ཆགས་ཤིང་ཚོར་བར་ཤེས་སོ། །སྐྱེས་པའི་དབང་པོ་ལ་ཡང་ས་བོན་གྱི་མདོག་ལས་ཉེས་པ་རྣམས་བརྟགས་ཏེ། ?
་?་གལ་ཏེ་ནད་དང་བཅས་པ་ཡིན་ན་ནི་དེ་འཇོམས་པར་བྱེ་པའི་སྨན་ལས་རྣམ་ལྔ་ལ་སོགས་པས་དག་པར་བྱའོ། །བཙོད་དང། རུ་རྟ་དང། རྒྱ་པོས་དང་འབྲས་བུ་གསུམ་དང། ཤུ་དག་དང། སེར་པོ་རྣམ་གཉིས་དང། ཤིང་མངར་དང། ལ་ལ་ཕུད
་དང། པུ་ཙེ་ཤེལ་དང། པ་ཡསསྱ་དང། ཤིང་ཀུན་དང། ར་མཉེ་བ་སེར་པོ་དང། ཨ་ཤྭ་གནདྷ་དང། ཉེའུ་ཤིང་དང། དེ་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང། དེའི་བཞི་འགྱུར་གྱི་འོ་མ་དང
་བསྐོལ་ཏ་མར་ལུས་པ་ལས་རན་པར་འཐུངས་ན་མོ་མཚན་དང། ཁུ་ཆུའི་ཉེས་པ་ཐམས་ཅད་ལ་རབ་ཏུ་བསྔགས་ཏེ། ཚེ་རིང་བ་དང། ལུས་ཉམས་བརྟ་སྟེ། འཕེལ་ཞིང་རྒྱས་པ་དང། ཡིད་གཞུངས་པ་དང། བཀྲ་ཤིས་པ་དང། བུ་ཚ་སྐྱེད་བར་བྱེད་པའི
་མཆོག་ཡིན་ཏེ། དེ་བཞིན་དུ་ཟླ་མཚན་རྒྱུ་བའི་དུས་སུ་མར་དེ་ལས་རན་པར་བུད་མེད་ལ་བླུད་ན་བུ་སྐྱེ་བར་འགྱུར་ཞིང་མངལ་གྱི་ནང་དུ་བུ་འཆེར་ཉེ་བ་ཡང་མར་འདི་འཐུངས་ན་འཚོ་བར་བྱེད་དེ་རབ་ཏུ་བསྔགས་སོ། །སྨན་མར་འདི་ནི་མཆོག་ཏུ་བྱིས
་པ་རྣམས་ཀྱི་གདོན་འཇོམས་པ་དང། ལུས་བརྟ་བའི་དམ་པ་ཡིན་ཏེ། སྨན་མར་འདིའི་མིང་ནི་འབྲས་བུའི་སྨན་མར་ཞེས་བྱའོ། །གསང་བའི་ནད་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པ་རྫོགས་སོ།། །།སྨན་དཔྱད་ཀྱི་ཡན་ལག
་ལྔ་པའོ།། །།དེ་ནས་དུག་ནད་ཀྱི་དམིགས་བརྟག་ཅིང་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། སྔོན་གྱི་ལྷ་དང་ལྷ་མ་ཡིན་རྣམས་བདུད་རྩི་འདོད་པའི་ཕྱིར་རྒྱ་མཚོ་ཆེན་པོ་བསྲུབས་པ་ལས་བདུད་རྩིའི་སྔོན་རོལ་དུ་དུག་གི་སྐྱེས་བུའི
་གཟུགས་ཅན་ཤིན་ཏུ་མི་བཟད་པར་སྣང་པ་ལུས་ཤིན་ཏུ་འབར་བའི་གཟི་བརྗིད་དང་ལྡན་པ། མཆེ་བ་བཞི་དང་བཅས་པ། སྐྲ་སེར་བ་མེ་ལྟར་འབར་བའི་མིག་དང་ལྡན་པ་དེས་འགྲོ་བ་གང་ལ་བལྟས་ཀྱང་བརྒྱལ་ཞིང་ས་ལ་ལྷགས་པར་འགྱུར་ཏེ་དེའི
་ཕྱིར་དུག་ཅེས་བྱའོ། །དེ་ནས་ཚངས་པ་ཆེན་པོས་ཧཱུཾ་ཞེས་བརྗོད་པས་སྐྱེས་བུ་དུག་གི་གཟུགས་ཅན། དེ་ཡང་གནས་པའི་དུག་དང་འགྲོ་བའི་དུག་རྣམ་པ་གཉིས་སུ་གྱུར་ནས་རང་གི་ལུས་མི་སྣང་བར་སོང་ངོ། །དེ་ནས་འཆིའི་བདག་ཉིད་ཅན་ཤིན
་ཏུ་བརྟན་པ་དང། རློམ་སེམས་པའི་ནུས་པ་དང་ལྡན་པ་གང་མིན་པ་དེ་ཀཱ་ལ་ཀུ་ཊ་ཞེས་བྱ་བ་དང། ཨིནྡྲ་ཞེས་བྱ་བ་དང། བ་ཚ་ན་ཞེས་བྱ་བ་དང། ཤིང་གི་ཞེས་བྱ་བ་དང། ཧ་ལ་ཧ་ལ་ཞེས་བྱ་བ་ལ་སོགས་པའི་རྩ་བའི་ནད་དང། གཞན་ཡང་སྤྲུལ་དང། བག?་ཆགས
་པུ?་ཏ་དང། མཆེ་བ་ཅན་ལ་སོགས་པ་རྣམས་སུ་ཞུགས་པར་གྱུར་ཏེ། །དེ་གཉིས་ལས་ཀྱང་འགྲོ་བའི་དུག་ནི་ཤིན་ཏུ་མི་བཟད་པ་ཡིན་ནོ། །དེ་ལྟར་གནས་པའི་དུག་དང་འགྲོ་བའི་དུག་རྣམ་པ་གཉིས་ནི་བཅོས་མ་མ་ཡིན་པ་སྟེ། རང་བཞིན་གྱི་དུག་ཅེས་བྱའོ།།
་བཅོས་མའི་དུག་ནི་དབྱིག་དུག་ཅེས་བྱ་སྟེ། སྨན་སྣ་ཚོགས་པ་ལས་བྱས་པ་ཡིན་ཏེ། སྦྱོར་བའི་དབང་གིས་བྱས་པའི་དུག་ནི་མྱུར་བར་འཆི་བའི་ནུས་པ་མེད་དེ། ཡུན་རིང་པ་ནས་འཆི་བ་འམ། ཡང་ན་སྐྲང་བ་དང། སྐྱ་རྦབ་དང། དམུ་རྫིང་དང། སྨྱོ་བྱེད་དང། གཞང
་འབྲུམ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་ལ་དུག་གི་རང་བཞིན་ནི་རྣོ་བ་དང། དྲོད་ཆེ་བ་དང། རྩུབ་པ་དང། བསྐ་བ་དང། ལུས་ལ་མྱུར་དུ་ཁྱབ་པར་བྱེད་པ་དང། ཡང་བ་དང། ལུས་འབར་ཏེ་མདངས་ཅན་དུ་འགྱུར་བ་དང། ཕྲ་བ་དང། རོ་མི་གསལ་བ་དང། མི་བཟང
་པར་སྨིན་བ་ཡིན་ནོ། །མིའི་ཁོང་ན་མདངས་ཤེས་བྱ་བ་ལ་དུག་གི་ཡོན་ཏན་རྣོ་བ་ལ་སོགས་པ་རྣམས་ལས་བཟློག་པ་ཡོད་པ་ཡིན་པར་ཤེས་པར་བྱའོ། །དུག་དེ་རླུང་དང་མཁྲིས་པ་ཤས་ཆེར་བསྐྱེད་པའི་ནུས་པ་དང་ལྡན་ན་ནི་མི་རྣམས་ཀྱི་སྲོག་དེ་མ་ཐག
་འཇོམས་པར་བྱེད་དོ། །དུག་དེ་ཐོག་མ་ཁོང་པར་ཕྱིན་ནས་དང་པོ་ཁྲག་འཁྲུག་པར་བྱེད་དོ། །ནད་གཞི་རྣམས་ཆ་མཉམ་པ་ཡིན་ན་ཡང་བད་ཀན་དང། མཁྲིས་པ་དང། རླུང་གི་གནས་སུ་འཁྲུག་པར་བྱེད་དོ། །དེ་ནས་སྙིང་གི་གནས་སུ་ཕྱིན་ནས་ནི་མི་རྣམས་ཀྱི་སྲོག
་འཕྲོག་པར་བྱེད་དོ། །དེ་ནས་སྙིང་གི་གནས་སུ་ཕྱིན་ནས་ནི་མི་རྣམས་ཀྱི་སྲོག་འཕྲོག་པར་བྱེད་དོ། །དེ་ལས་གནས་པའི་དུག་གི་དང་པོ་ལུས་ལ་ཕོག་པའི་ཚུལ་ནི་ལྕེག་ནག་བ་དང། ཁོང་རངས་པ་དང། བརྒྱལ་བ་དང་སྡང་བ་དང། ངལ་བ་དང་སྐྱུག་པ་ཡིན་ནོ། །གནས་སྐབས་གཉིས་པ་ལ་ནི་ནད་ཀྱི་ཤུགས་ལུས་འདར་བ?་དང། རྡུལ
་བ་དང། ཚ་བ་འུར་འུར་བར་འདུག་པ་དང། ལྐོག་མ་ན་བ་དང། དུག་མ་ཞུ་པའི་གནས་སུ་ཕྱིན་ཏེ་སྙིང་ན་བ་དང། ཟུག་པ་དང། རྐན་བསྐམས་པ་ཡིན་ནོ། །གནས་སྐབས་གསུམ་པ་ལ་ནི་མ་ཞུ་བའི་གནས་ཕོ་བར་ཕྱིན་ཏེ་ཤིན་ཏུ
་ཟུག་པ་དང། མིག་ཉམས་ཞན་པ་དང། སེར་བ་དང། སྐྲང་བར་འགྱུར་རོ། །གནས་སྐབས་བཞི་པ་ལ་ནི་ཞུ་བའི་གནས་ལོང་ཀར་ཕྱིན་ནས་ན་བ་དང། སྐྱིགས་བུ་དང། ལུང་པ་སྐྱེ་ཞིང་རྒྱུ་མ་འཁྲུགས་པ་དང། མགོ་ལྷག་པར་ལྕི་བ་དང། བད་ཀན་རབ་ཏུ
་འཛག་པ་དང། མདོག་སྐྱ་བ་དང། ཚིགས་རྣམས་སུ་ཟུག་པ་ཡིན་ནོ། །གནས་སྐབས་ལྔ་པ་ལ་ནི་ནད་གཞི་ཐམས་ཅད་འཁྲུགས་ཤིང་ན་བ་དང། ཞུ་བའི་གནས་སུ་ཟུག་ཅིང་ན་བ་ཡིན་ནོ། །གནས་སྐབས་དྲུག་པ་ལ་ནི་འདུ་ཤེས་རབ་ཏུ་ཉམས་པ
་དང། ལྷག་པར་འཁྲུ་བ་དང། ཕྲག་གོང་དང། སྒལ་ཚིགས་དང། དཔྱི་དང། དེ་རྣམས་བྱེ་ཞིང་ལྷོད་པ་ཡིན་ནོ། །གནས་སྐབས་བདུན་པ་ལ་ནི་སྐྱེས་བུ་འཆི་བར་བྱེད་པ་ཡིན་ནོ། །དུག་གིས་ཕོག་མ་ཐག་པའི་གནས་སྐབས་དང་པོ་ལ་སྐྱུག་སྨན
་བཏང་སྟེ་ཆུ་གྲང་གིས་གཏོར་རོ། །དེ་ནས་དུག་ལ་ཕན་པའི་སྨན་མར་དང། སྦྲང་རྩི་དང་སྦྱར་བ་མྱུར་དུ་སྦྱིན་ནོ། །གནས་སྐབས་གཉིས་པ་ལ་ནི་གོང་མ་བཞིན་དུ་སློན་བྱས་ལ་དེའི་འོག་ཏུ་བཀྲུ་སྨན་བྱའོ། །བཏུང་བ་ཡང་གོང་མ་ལྟར་སྦྱར་རོ། །གསུམ་པ་ལ
་ནི་དུག་འཇོམས་པའི་སྨན་གྱི་བཏུང་བ་དང། སྣ་སྨན་དང། མིག་སྨན་སྦྱར་ན་ཕན་ནོ། །བཞི་པ་ལ་ནི་སྣུམ་དང་བཅས་པའི་དུག་སྨན་གྱི་བཏུང་བར་སྦྱར་རོ། །གནས་སྐབས་ལྔ་པ་ལ་ནི་ཤིང་མངར་བསྐོལ་བའི་ཁུ་བ་དང། སྦྲང་རྩི་དང་སྦྱར་བ་དུག་ལ
་ཕན་བའི་སྨན་གྱི་བཏུང་བ་དང་བཅས་པ་བཏང་ངོ། །དྲུག་པ་ལ་ནི་འཁྲུ་བ་གསོ་བའི་ཆོ་ག་བྱའོ། །གནས་སྐབས་བདུན་པ་ལ་ནི་སྣ་སྨན་བུད་བ་དང། སྤྱི་བོར་རྒྱ་གྲམ་དུ་བསལ་ཏེ། དེའི་ནང་དུ་ཤ་འམ་ཁྲག་གཞུག་པར་བྱའོ། །ཀོ་ཤ་ཏ་ཀི་དང། ལཾ
་བ་ལི་དང། ཕ་ཐ་དང། ལྕམ་པ་དང། སླེ་ཏྲེས་དང། ཨ་རུ་ར་དང། ཤེ་ལུ་དང། ཤྲི་ཤ་དང། གེ་རེ་ཀརྞི་ཀ་དང། ཡུང?་བ་དང། ཨཱ་ཧཱ་དང། བ་སྤྲུ་བ་དང། སྦྲང་རྩི་དང། ཚ་བ་གསུམ་དང། བྲི་ཧ་སྟི་རྣམ་གཉིས་དང། ཐལ་ཏྲེས་དང། བ་ལ་དང། དེ་རྣམས་བསྐོལ
་བའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཐུག་གྲངས་པའི་ནང་དུ་མར་དང་སྦྲང་རྩི་དང་བཅས་པས་སློན་ཁྲུས་ལ་སོགས་པའི་ལས་བྱས་པའི་འོག་ཏུ། དུག་འཇོམས་པའི་སྨན་འདི་ཐམས་ཅད་སྦྱར་རོ། །དེ་བཞིན་དུ་ཤིང་མངར་དང། ཤིང་ཏོག་མ་དུ་ཀ་དང།
་པདྨ་གེ་སར་དང། ཙན་དན་དང། སྟང་ཟིལ་དང། རྒྱ་སྤོས་དང། རུ་རྟ་དང། བ་བླ་དང། ལྡོང་རོས་དང། པྲི་ཡཾ་ཀུ་དང། ཚ་བ་གསུམ་དང། འདུག་སུ་ཀ་ཧྭ་དང། ནཱ་ག་པུཥཔ་དང། གེ་སར་དང། ཧ་རེ་ནུ་ག་དང། ཆུའི་ཤིང་མངར་དང། སྤང་སྤོས་དང། གི་ཝང་དང།
་ཀ་ལ་མ་ཀ་དང་ཤྲི་བེ་ཤྷ?་ཀ་དང། སྲ་རྩི་པོག་དང། ཤུ་ཏི་དང། གུར་གུམ་དང། བ་ལ་དང། ཏ་མ་ལའི་འོ་མ་དང། བལ་བུའི་ལོ་མ་དང། སྟག་པའི་ལོ་མ་དང། པུ་ཤེལ་ཙེ་དང། སེར་པོ་རྣམ་གཉིས་དང། དེ་རྣམས་བུ་མོ་གཙང་མ་སྨྱུང་བ་དང། ལུས་ཀྱི་ཁྲུས
་བྱས་ཏེ་གོས་གཙང་མ་ཆོ?་གས་བས་སྨན་བཏགས་ཏེ་སྦྲང་རྩི་དང་སྤྲུས་ལ་རི་ལུར་བྱས་ཏེ། བྲམ་ཟེ་ལ་མཆོད་པ་བྱས་ནས་དེའི་འོག་ཏུ་ཅི་རིགས་པར་སྦྱར་ཏེ། རི་ལུས་བྱས་ལ་སྨན་པས་དེ་ལ་སྔགས་འདི་རྩེ་གཅིག་པས་བཟླས་བརྗོད་བྱའོ། །ན་མ(མདོ་འགྲེལ་ན་མ། ནཱ་རཱ་ཡ་ཙ་ན། ཡ་བཱ་སོའུ་ནཱ་བྷི། ཛཱ་ན་ཏཾ། ར་ཎེ་ཀྲིཥྞ་པ་རཱ་ཛ་ཡ་མ་ཨེ་ཏེ་ན་སྱད་ཏྱ་བཀྵེ་ཎ། ཨ་ན་དོ་མེ་པྲ་སྲི་དྷཱ་ཏུ། ན་མོ་བི་དཱུརྱ་མ་ཏོ་ཧུ་ཊུ་ཧུ་ཊུ། རཀྵ་མཱཾ་སརྠ་བྱི་ཤེ་བྷཡ། གོ་རི་གཱནཧ?་རི། ཙཎྜ་ལི་མཱ་ཏཾ་གི་སྭཱཧཱ། དེ་ལྟར་སྔགས་ཀྱིས་བཏབ་པའི་སྨན་དེ་བཏགས་ཏེ། སྔར?
་འདི་ཡང་བཟླའོ། །ཏ་རེ་མ་ཡེ་སྭཱ་ཧཱ། ཞེས་བརྗོད་དོ། །དེས་བཏུང་བ་དང། སྣ་སྨན་དང། སྐྱུག་སྨན་དང། མཁྲག?་མར་བཅིང་བ་ལ་སོགས་པ་སྦྱར་ན། དུག་མ་ལུས་པ་ཐམས་ཅད་དང། རོ་ལངས་ཀྱི་གོ?་དན་དང། སྡིག་པའི་ལས་ཐམས་ཅད་དང། མར་ཀ་བྱ་དི་དང
་མུ་གེའི་གནོད་པ་དང། འཐབ་མོ་དང། སེར་བའི་འཇིགས་པ་རྣམས་སེལ་ཞིང་བདེ་ལེགས་སུ་འགྱུར་པ་དང། ཞི་བར་བྱེད་པའི་མཆོག་ཡིན་ཏེ། སྦྱོར་བ་འདི་ནི་ཟླ་ཤར་ཞེས་བྱའོ། །ཁོང་བར་དུག་རང་ཞུ་པ་དང། སྨན་གྱིས་ཞི
་བར་བྱས་སམ། མེས་བསྲེགས་སམ། རླུང་གིས་བསྐམས་ཀྱང་རུང་སྟེ། དུག་གི་རང་བཞིན་གྱིས་ཡོན་ཏན་ནི་མི་འདོར་བ་ཡིན་ཏེ། དེ་ནི་ཉེས་པ་འཁྲུག་པར་བྱེད་པ་ཞེས་བྱ་བའི་དུག་གི་ལས་དང་ལྡན་པ་ཡིན་ཏེ། དུག་གི་ནུས་པ་ནི་ཆུང་བ་ཡིན་ལ
་དུག་དེ་བད་ཀན་དང་ལྡན་པ་ཡིན་པར་མ་ཤེས་ན་ནི་ལོ་གྲངས་སུ་ནང་དང་རྗེས་སུ་འབྲེལ་པ་ཡིན་ཏེ། དུག་དེས་ན་ཞིང་ཉམས་ཐག་པར་གྱུར་ན་ནི་ཕྱི་ས་མདོག་སྣ་ཚོགས་སུ་འབྱུང་ཞིང་ཁོང་འཁྲུ་བ་དང། ཁྲག་ནང་མ་རུངས་པར་གྱུར་པ་དང།
་སྐོམ་དང་ཆེ་བ་དང། ཁ་ཟས་ཡི་གར་མི་འོང་བ་དང། བརྒྱལ་བ་དང། སྐྱུགས་པ་དང། སྐད་འདར་འདར་པོར་སྨྲ་བ་དང། མེ་དྲོད་ཉམས་པ་དང། དུག་གི་ནང་གཞི་འཁྲུགས་པས་དམུ་རྫི་གི་བརྟགས་ཀྱང་དེ་ལ་སྣང་བ་ཡིན་ནོ། །གལ་ཏེ་དུག་མ
་ཞུ་བའི་གནས་ཕོ་བར་བབས་ན་ནི་བད་ཀན་དང་རླུང་གི་ནད་སྐྱེད་པར་བྱེད་དོ། །ཞུ་བའི་གནས་སུ་བབས་ན་ནི་རླུང་དང་མཁྲིས་པ་བསྐྱེད་པར་བྱེད་དོ། །དུག་མགོ་ལ་བབས་ན་ནི་མགོའི་སྐྲ་འབྱི་བར་འགྱུར་ཏེ། ཅི་ལྟར་བྱ་འདབ་མ་དང་བྲལ་བ་བཞིན
་ནོ། །དུག་དེས་ལུས་ཟུངས་རྣམས་ལ་བབས་ན་ནི་ལུས་ཟུངས་ཀྱི་ནད་སྐྱེད་པ་འམ། ཡང་ན་ལུས་ཟུངས་ལ་བརྟེན་ནས་ནང་གཞན་སྐྱེད་པར་བྱེད་དོ། །ཡང་ན་ཤར་ཕྱོགས་ཀྱི་རླུང་གི་སོ་ཕོག་སྟེ་དུག་ལ་བསབ་དང། ཁ་ཟས་མ་ཞུ་བ་དང།
་ནམ་རྨུགས་ཏེ་གྲང་བ་དང། ཉིན་པར་གཉིས་ལོག་པ་དང། ཁ་ཟས་མི་མཐུན་བ་བསྟེན་པས་ཞུས་ཟུངས་རྣམས་འཁྲུགས་པར་བྱས་ཏེ། དུག་ལངས་པས་ཉེས་པ་འཁྲག་པར་བྱེད་པ་ཞེས་བྱའོ། །དེ་ལ་གསོ་བ་ནི་ཐོག་མར་དུགས་ལེགས
་བར་བྱས་ལ། གོང་འོག་ཏུ་ལུས་སྦྱངས་པར་བྱའོ། །ཉེས་པ་འཁྲུགས་པར་བྱེད་པའི་ནད་ལ་ནི་དུག་འཇོམས་པའི་སྨན་སྦྲང་རྩི་དང་སྦྱར་བ་ལྡག་དུ་གཞུག་སྟེ། དེ་ཡང་པི་པི་ལིང་དང། བྱ་མ་ཀ་དང། སྤང་སྤོས་དང། གསང་ཕྲོམ་དང། སུག་སྨེལ་དང
་?་རྩ་ཀ་དང། ཀུ་ཏནྟ་ཏ། རུ་རྟ་དང། ཤིང་མངར་དང། ཙན་དན་དང། བཙག་ཡུག་སྣམ་དང། དེ་རྣམས་ནི་དུག་འཇོམས་པའི་སྨན་ཞེས་བྱ་སྟེ། དེ་ནི་དུག་འཇོམས་པའི་སྨན་ཉི་ཚལ་སྦྱར་གྱི་གཞན་དུ་ནི་མི་སྦྱར་རོ། །དུག་མདའ་ལ་སོགས
་ཕོག་པའི་མཚན་མ་ནི་ཡང་དང་ཡང་བྲད་མ་མ་ཏི་དང། མདོག་འགྱུར་ཞིང་སྐྱ་བོར་འགྱུར་བ་དང། ཡང་དང་ཡང་དུ་ཡིད་འབྱུང་བ་དང། དེའི་ལུས་ལ་སྲིན་བུ་རྒྱུ་བསྙམ་དུ་སེམས་པ་དང། ལུས་ལ་ཚོར་བ་མེད་ཅིང་ཚ་ཙག་ཙག་བྱེད་པ་དང། ཆུ་སོ་དང། སྒལ་ཚིགས་དང
་མགོ་དང། ཕྲག་པ་དང། ཚིགས་རྣམས་སུ་ཟུག་གཟེར་དང། བཅས་པར་འགྱུར་བ་དང། ཁྲག་ནག་པོ་ནད་ཁྲག་འཇག་པ་དང། སྐོམ་དང་ཆེ་བ་དང། བརྒྱལ་བ་དང། རིམས་ཀྱིས་འདེབས་པ་དང། ཚ་བ་འུར་འུག་པོར་འདུག་པ་དང། མིག་དམར་བ་དང། སྐུག་པ
་?་དང། དབུགས་མི་བདེ་བ་དང། སྐྱིགས་བུ་དང། རྨའི་ཐོན་ཁོར་དམར་ཞིང་སེར་བ་དང། དབུས་གནག་པ་ཡིན་ནོ། །རྨ་སྐྲང་ཞིང་སྨིན་པ་དང། དྲི་མི་ཞིམ་པ་དང། ཤ་ནག་པོར་འགྱུར་བ་དང། ཤ་རུལ་ཞིང་འདྲུལ་བ་དང། སྤྱི་བག་ཏུ་འཛག་པ་ཡིན་ནོ། །དུག?
་གནང་དུ་མ་བསྣུན་ན་ནི་མྱུར་དུ་སྙིང་གི་ཕྱོགས་སུ་གསིལ་བའི་ཆོ་ག་རྣམས་བྱ་སྟེ། ཟུག་རྔུ་ཕུང་ལ་དེའི་འོག་ཏུ་ལྕགས་བསྲེགས་པས་རྨ་བསྲེག་པར་བྱའོ། །ཡང་ན་མུ་ཀ་ཀ་དང། གེ་རི་ཀ་དཀར་པོ་དང། ཀ་ཏཱ་ལའི་ཤིང་ཤུན་དང། ཏཾ་མྲ་བལླི་དང། ཤི་རེ་ཤ་དང
་གྲིང་ང་མཁྱ་དང། འདི་རྣམས་ཀྱི་ཐལ་བས་སྲེག་གོ་།ཤུ་ཁ་ནས་དང། བོང་ང་དཀར་པོ་དང། ཀཱཎ་ན་ཧཱ་རའི་རྩ་བ་དང། དེ་རྣམས་ཀྱི་ལྡེ་གུས་རྨ་བསྐུའོ། །གཞན་ཡང་དྲུག་འཐུངས་པ་དང། དུག་གི་བཟུང་བའི་གསོ་བ་ཅི་ལྟར་འོས་བར་སྦྱར་རོ། །རྨ་སྣགས་པ
་ལ་ནི་མཁྲིས་པའི་མེ་དབལ་གྱི་གསོ་བ་རྣམས་སྤྱད་དོ། །བུད་མེད་རང་སྐལ་བ་དང་ལྡན་པའི་ཆེད་དུ་རང་གི་ཁྱིམ་ཐབ་ལ་དབྱིག་དུག་ཁ་ཟས་དང་སྦྱར་བ་སྦྱིན་པ་འམ། རྒྱལ་པོ་དང་ཁོན་པའི་དགྲས་རྒྱལ་པོའི་འཁོར་ཉེ་གནས་ལ་གླ་རྔན་བྱིན་ཏེ་ཁ་ཟས་ཀྱི
་ཀྱི་ནང་དུ་དབྱིག་དུག་བྱིན་ན། དབྱིག་དུག་གིས་ཟིན་པའི་མཚན་མ་ན་མདོག་སྐྱ་བ་དང། ལུས་སྐེམ་ཞིང་རྗུད་པ་དང་མེའི་དྲོད་ཆུང་བ་དང། ལུང་བ་ལུ་བ་དང། དབུགས་མ་བདེ་བ་དང། རིམས་ཀྱིས་ཉམས་ཐག་པ་དང། རླུང་ལམ་གཞན་དུ་ཞུགས་པ་དང། རྟག་ཏུ
་གཉིད་འོང་བ་དང། སེམས་ལས་ཆེ་ཞིང་ཡིད་མི་བདེ་བར་འགྱུར་པ་དང། ལྟོ་བ་དང། མཆི་ན་བ་དང། མཆེར་བ་ཆེར་སྐྱེ་བ་དང། སྐད་གསང་དམའ་བ་དང། ཉམ་ཆུང་བ་དང། སྒྱིད་ཞན་པ་དང། སྐྲང་བ་དང། རྟག་ཏུ་ལྟོ་སྤོ་བ་དང། རྐང་པ་དང། ལག་པ
་སྐེམ་ཞིབ་ཟད་པ་དང། ཕལ་ཆེར་རྨི་ལམ་གྱི་ནང་དུ་ཅེ་ཅང་དང། བྱི་ལ་དང། སྲེ་མོ་དང། སྦྲུལ་འདི་རྣམས་མཐོང་ཞིང། ནགས་དང་མཚོ་རྣམས་ཀྱང་བསྐམས་པར་མཐོང་བ་རྣམས་ཡིན་ནོ། །བདག་ཉིད་ཀྱི་ལུས་དཀར་པོ་ནག་པོར་མཐོང་བ་དང། སྣ་དང
་མིག་ཀྱང་མདོག་འགྱུར་པ་དང། དབང་པོ་རྣམས་ཀྱང་ཉམས་པར་མཐོང་བར་འགྱུར་བ་ཡིན་ནོ། །དེ་དང་དེ་ལ་སོགས་པའི་གནོད་པ་མང་པོ་སྐྱེ་བར་འགྱུར་བའི་དབྱིག་དུག་གིས་ཉམས་ཐག་པར་འགྱུར་པ་དེས་ལུས་འཇིག་པར་འགྱུར་རོ། །ལ་ལ་ནི་དེ
་མ་ཐག་གསོ་བ་བྱས་ན་འཚོ་བ་ཡོད་དོ། །ཡང་དབྱིག་དུག་གིས་ཉམས་ཐག་པ་ལ་ཛ་མ་ཐག་སློན་པའི་ཁ་ཟས་སྦྱིན་ཏེ། འཕྲལ་སྐྱུག་ཏུ་གཞུག་གོ་དེ་ནས་དག་པར་བྱས་ནས་གསེར་སྦྱིན་པར་བྱའོ། །ལྷག་མ་ནི་མདོའི་གནས་སུ་བཤད་པའི་ཆོ་ག་བཞིན
་དུ་བྱའོ། །གསེར་དང། དྲུབ་མར་ཆང་ཁ་ར་དང། སྦྲང་རྩི་སྦྱར་བའི་ལྡེ་གུ་ལྡག་ཏུ་བཅུག་ན། སྦྱོར་བ་ཐམས་ཅད་ལས་བྱས་པའི་དབྱིག་དུག་དྲག་མོ་ཡང་རབ་ཏུ་ཞི་བར་བྱེད་དོ། །མུརྦ་དང། སླེ་ཏྲེས་དང། རྒྱ་སྤོས་དང། པི་པི་ལིང་དང། པ་ཏོ་ལ་དང
་དབྱི་མོ་མང། ཙི་ཏྲ་ཀ་དང། ཤུ་དག་དང། གླ་སྒང་དང། ཕྱི་དང་ག་དང། འདི་རྣམས་དར་བ་དང། ཞོག་ཆུ་འམ། ཤ་ཁུའི་སྐྱུར་པོ་དྲོ་འཇམ་ཙམ་ལས་བཏང་ན། དབྱིག་དུག་གིས་མེའི་དྲོད་ཉམས་པ་ཡང་འཇིག་པར་བྱེད་དོ། །ཕུ་རོན་གྱི་ཤ་དང། ཟུར་བ་དང། མ་ནུ་དང
་འདི་རྣམས་བསྐོལ་ཏེ་གྲངས་པ་བླུད་ན་དབྱིག་དུག་དང། སྐོམ་དང་ཆེ་བ་དང། ཟུག་པ་དང། ལུད་པ་དང། དབུགས་མི་བདེ་བ་དང། སྤོས་པ་དང། ལུས་ཚ་བ་རྣམས་འཇོམས་པར་བྱེད་དོ། །དུག་གེ་རང་བཞིན་ཅན་གྱི་མི་ལ་ཁ་ཟས་དུས་མ་ཡིན་པར་ཟོས
་པས་རང་བཞི་རྣམས་དང། ལྷན་ཅིག་འཁྲུགས་པ་དེ་ནི་བྱི་ཤ་སཾ་ག་སྟ་ཞེས་བྱ་བའི་དུག་ནང་ཡིན་པར་བཤད་དེ། དེ་ལས་ནི་བརྒྱ་ལ། འགའ་ཞིག་འཚོ་བར་འགྱུར་རོ། །བྱི་ཤ་སཾ་ཀ་ཞེས་བྱ་བའི་དུག་གི་ནད་ལ་བསྲུང་བར་བྱ་བ་ནི་བཀྲེས་པ་དང་སྐོམ་པ
་པ་དང། ཆད་པ་དང། ཉམ་ཆུ་བ་དང། ཁྲོ་བ་དང། མྱ་ངན་དང། འཇིགས་པ་དང། ངལ་བ་དང། མ་ཞུ་དང། འཁྲུ་བ་དང། གང་ཡང་མཁྲིས་པ་དང། རླུང་འཕེལ་བར་བྱེད་པའི་རྒྱུ་དང། ཏིལ་མར་གྱི་མེ་ཏོག་དང། འབྲས་བུ་སྣོམ་པ་དང། སའི་རླངས་པ་སྣོམ
་པ་དང། འབྲུག་གི་སྒྲ་དང། གླང་པོ་ཆེ་དང་ཁྱི་བའི་སྒྲ་དང། རོལ་མོའི་སྒྲ་རྣམས་ཉན་པ་དང་ཤར་ཕྱོགས་ཀྱི་རླུང་དང། ཨུཏཔ་ལའི་དྲི་སྣོམ་པ་དང། གང་ཡང་མྱོས་པར་འགྱུར་པའི་བག་བསྟེན་ན་དུག་འཕེལ་བར་འགྱུར་བ་ཡིན་པས་དེ་ནི་སྤང་བར་བྱའོ། །བྱར་ནི་ཆར
་མང་པོ་འབའ་བའི་དུས་ཡིན་ཏེ། དེའི་ཆེ་དུག་ལ་ཆུ་མང་པོས་བརླན་པར་བྱས་ནས་ཁུ་བ་ཟགས་ཏེ་བཀྲུས་ན་དུག་གི་ནུས་པ་ཞན་པར་འགྱུར་ཏེ། དེ་བས་ན་སྟོན་སྤྲིན་མེད་པའི་དུས་སུ་སྐར་མ་རི་ཥི་ཤར་ཏེ་དེས་དུག་གི་མཐུ་འཕྲོག་པ་ཡིན་ནོ། །དེ
་ལྟར་སྨན་པ་མཁས་པས་ནད་ཀྱི་རང་བཞིན་དང། གང་ལ་གོམས་པ་དང། གནས་གང་དུ་ནད་འཁྲུགས་པ་དང། ནད་ཀྱི་སྟོབས་ཆེ་ཆུང་བརྟགས་ཏེ་དེའི་འོག་ཏུ་གསོ་བའི་ལས་དཔྱད་པར་བྱ་སྟེ། དེ་ལ་བད་ཀན་གྱི་རང་བཞིན་ཅན་གྱི་དུག་ནད་ལ
་ནི་དྲོ་བ་དང། རྩུབ་པ་དང། རྣོ་བའི་སྐྱུག་སྨན་དང་བྱུག་པ་སྦྱར་རོ། །ཁ་ཟས་སུ་ནི་རོ་བསྐ་བ་དང། ཚ་བ་དང། ཁ་བ་རྣམས་སྦྱར་ན་དུག་གི་གནོད་པ་ཞི་བར་བྱེད་དོ། །མཁྲིས་པའི་རང་བཞིན་ཅན་གྱི་དུག་ནད་ལ་ནི་བཀྲུ་སྨན་དང། བྱུག་པ་དང།
་བླུགས་པ་རྣམས་ཀྱང་ཤིན་ཏུ་བསིལ་བའི་ནུས་པ་དང་ལྡན་པར་བྱའོ། །ཁ་ཟས་སུ་ནི་རོ་བསྐ་བ་དང། མངར་བ་རྣམས་མར་དང་སྦྱར་པ་བཏང་ངོ། །རླུང་གི་རང་བཞིན་ཅན་གྱི་དུག་ནད་ལ་ནི་སྨན་མངར་བ་དང། སྣུམ་པ་དང། སྐྱུར་བ་དང།
་ལན་ཚ་རྣམས་མར་དང་ལྡན་པའི་བཟའ་བ་དང། བྱུག་པ་དང། ཤ་ལ་སོགས་པ་སྦྱར་ན་ཡང་ཕན་ནོ། །འདུས་པ་ལས་གྱུར་པའི་དུག་ནད་ཐམས་ཅད་ལ་ནི། བཀྲུ་སྨན་དང་བྱུག་པ་དང། བཟའ་བ་དང། སྨན་ཐམས་ཅད་ལ་ཡང་མར་དང
་སྦྱར་བ་བསྔགས་ཏེ། དུག་འཇོམས་པ་ལ་ནི་མར་དང་འདྲ་བ་གཞན་གང་ཡང་མེད་དོ། །ལྷག་པར་རླུང་ཤས་ཆེ་བ་ལ་བཟང་ངོ། །དུག་བད་ཀན་གྱི་གནས་སུ་བྱུང་ན་ནི་ཚོགས?་ཆུང་དུས་གསོ་སླ་བ་ཡིན་ནོ། །མཁས་པའི་གནས་སུ་བྱུང་ན་ནི་གསོ
་དཀའ་བ་ཡིན་ནོ། །དུག་ནད་ཀྱི་དམིགས་བརྟག་ཅིང་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་སྦྲུལ་གདུག་པས་ཟིན་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱས་ཏེ། དེ་ལ་སའི་སྟེང་ན་གནས་པའི་སྦྲུལ་གདུག་པ་ཅན
་གྱི་རིགས་མདོར་བསྡུ་ན་རྣམ་པ་གསུམ་སྟེ། གདེངས་ཀ་ཅན་དང། ལུས་འཁྱིལ་བ་དང། ཁྲ་བའི་རིགས་དང། གསུམ་སྟེ་དབྱེ་ན་ནི་རྣམ་པ་དུ་མ་གྲངས་མེད་པ་ཡོད་མོད་ཀྱི་མདོར་བསྡུས་ཏེ་བཤད་པར་བྱའོ། །སྦྲུལ་གྱི་དུག་དེ་དག་གི་ཡོན་ཏན་ནི་ཁྱད་པར་དུ
་ཙུབ་པ་དང། ཚ་བ་དང། སྐྱུར་བ་དང། དྲོད་ཆེ་བ་དང། མངར་བ་དང། བསིལ་བ་ཡིན་ནོ། །དེ་ལ་སྦྲུལ་གྱི་རིགས་གདེངས་ཀ་ཅན་དང། ལུས་འཁྱིལ་བ་དང། ཁྲ་བོའི་རིགས་གསུམ་གྱི་བྱེ་བྲག་ལས་རླུང་གི་རང་བཞིན་དང། མཁྲིས་པ་དང།
་བད་ཀན་གྱི་རང་བཞིན་རྣམས་གོ་རིམས་བཞིན་དུ་སོ་སོར་སྦྱར་རོ། །དེ་ལ་སྦྲུལ་གཞོན་ནུའི་དུག་ནི་དབྱར་གྱི་དུས་སུ་འཕེལ་ལོ། །སྦྲུལ་བར་མའི་དུག་ནི་དགུན་གྱི་དུས་སུ་འབྱུང་ངོ། །སྦྲུལ་རྒན་པའི་དུག་ནི་སོག་ཚ་བའི་དུས་སུ་ལྡང་ངོ། །དེ་ལས་གཞན་པའི་སྦྲུལ་གྱི
་?་ཅི་དུས་ཚིགས་རྣམས་ཀྱི་མཚམས་སུ་འབྱུང་ངོ། །འཁོར་ལོ་དང། གཤོལ་དང། གདུགས་དང། གཡུང་དྲུང་དང། ལྕགས་ཀྱུ་དང། དེ་རྣམས་ཀྱི་རི་མོའི་མཚན་དང་ལྡན་ཞིང་འགྲོས་ཤིན་ཏུ་མྱུར་བ་དང་ལྡན་པ་དེ་ནི་སྦྲུལ་གདེངས་ཀ་ཅན་ཞེས་བྱའོ། །སྦྲུལ
་འཁྱིལ་པ་ཞེས་བྱ་བ་ནི་རིམ་འཁྱིལ་བའི་བྱེ་བྲག་སྣ་ཚོགས་པར་འདུག་པ་ཡིན་ནོ། །སྦྲུལ་གྱི་རིགས་ཁྲ་བོ་ཞེས་བྱ་བ་ནི་ཤིན་ཏུ་མདངས་གསལ་བའི་རི་མོ་དང་ལྡན་ཞིང་སྣུམ་པ་དང། ཆུ་ཞིང་ཀུན་ཏུ་མདོག་སྣ་ཚོགས་སུ་རི་མོ་དེ་ལྟར་སྣང་བའོ། །གཞན་ཡང
་སྦྲུལ་གྱི་རིགས་སྲོག་ཆགས་གོ་ངའི་བུ་གོ་དར་ཞེས་བྱ་བའི་དུག་ནི་སྦྲུལ་གདེངས་ཀ་ཅན་དང་འདྲའོ། །དེ་དག་ལས་གཞན་པའི་སྦྲུལ་གྱི་རིགས་རྐང་པ་བཞི་པ་ནི་རིགས་འདྲེས་པ་ཡིན་ཏེ། མཚན་ཉིད་དང་རི་མོ་ཡང་འདྲེས་པར་སྣང་སྟེ། དེས་ཟིན་པ་ནི་འདུས
་པའི་ནང་སྐྱེད་པ་ཡིན་ནོ། །སྦྲུལ་གྱི་དུག་འཕེལ་བར་བྱེད་པའི་རྒྱུ་ནི་བཟའ་ཨོ་སྙམ་པ་དང། འཇིགས་པ་དང། ལྟུང་བ་དང། གཞན་གྱིས་རེག་པ་དང། ཁྲོས་པ་དང། སྡིག་པའི་ལས་དང། ལྷ་དང་དྲང་སྲོང་རྣམས་ཀྱིས་བསྐུལ་བ་ལས་སྦྲུལ་མི་ལ
་འཛིན་པ་ཡིན་ཏེ། དེ་དག་ནི་ཡམས་ཀྱིས་རིམ་བཞིན་དུག་ཚབ་ཆེ་བ་ཡིན་ནོ། །དེ་ལྟར་སྦྲུལ་གྱིས་ཟིན་པའི་རྒྱུ་ཅི་ལྟ་བ་བཞིན་དུ་ཤེས་ནས་དེ་ལྟ་དེ་ལྟར་གསོ་བར་བྱའོ། །སྦྲུལ་གྱི་རིགས་དེ་ལས་གཞན་པ་སྡིག་པ་བྱེད་པ་ལམ་བཅད་དེ་གནས
་ནས་གང་དུ་སྐྱེས་བུ་རྒྱུ་བའི་ལུས་ཁ་ཆུ་དང། དྲི་མ་དང། རྣག་ཙམ་གྱིས་རེག་ཅིང་གནོད་པར་བྱས་ཏེ་མཆེད་པའི་རྨ་མི་སྣང་བ་དེ་ནི་མཆུས་གནོད་པ་བྱེད་པ་ཞེས་བྱའོ། །གང་གི་ལུས་ལ་མཆེ་བ་གཅིག་གམ། གཉིས་ཀྱི་རྗེས་སྣང་ཞིང་ཁྲག་མེད་པ་དེ་ནི་བྱ།
་དེ་ང་ཞེས་བྱའོ། །མཆེ་བ་གཉིས་ཀྱི་རྗེས་སྣང་ཞིང་ཁྲག་དང་བཅས་པ་དེ་ནི་བྱ་ལུཔཏ་ཞེས་བྱའོ། །མཆེ་བ་གསུམ་གྱིས་བཟུང་སྟེ། ཤ་ལ་སོགས་པ་ཕུག་ཅིང་ཁྲག་རྒྱུ་བའི་གནས་རྣམས་སུ་མཆེ་བས་ཕོག་པ་དེ་ནི་བི་ཚི་ན་ཞེས་བྱའོ། །མཆེ་བ་བཞིས
་བྲག་གི་གནས་ཕུག་སྟེ། ཁྲག་འཛག་པ་དེ་ནི་པི་ཏི་ཏི་ཞེས་བྱའོ། །དེ་ལ་དང་པོ་གཉིས་ནི་དུག་མེད་པ་ཡིན་ནོ། །ཕྱི་མ་གཉིས་གསོ་བ་མེད་དོ། །དེ་ལ་མཆེ་བའི་དུག་གིས་ཟིན་མ་ཐག་ནི་ཐོག་མར་སྐྲང་བ་དེའི་འོག་ཏུ་ཁྲག་ལ་ཞུགས་མ་རུངས་པས་ལུས
་ལ་ཁྱབ་པར་བྱེད་དོ། །དེ་ནས་མཁྲིས་པ་ལས་ཁྱབ་ཅིང། དེ་ལུས་ཐམས་ཅད་ལ་ཁྱབ་པར་འགྲོ་སྟེ། ཇི་ལྟར་ཆུ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་ནོ། །རང་བཞིན་གྱིས་འཇིགས་པ་སྐྱེད་པའི་མི་ལ་སྦྲུལ་གྱིས་ལུས་ཀྱིས་རག་པ་ལས་སྲངས་ཏེ་རླུང
་འཁྲུགས་ནས་བརྒྱལ་ལ་སྐྲངས་པར་གྱུར་པ་དེ་ནི་སྦྲུལ་གྱི་ལུས་ཀྱིས་མངོན་པར་རེག་པའི་དུག་ཅེས་བྱའོ། །དྲི་མི་ཞིམ་པ་ཞེས་བྱ་བའི་སྲོག་ཆགས་ཡོད་དེ། དེས་བཟུང་བ་འམ། ཡང་ན་སྲོག་ཆགས་གང་ཡང་རུང་བས་ནུབ་མོ་མ་ཚོར་བར་ཟིན་པ
་ལས་བདག་ནི་སྦྲུལ་གྱིས་ཟིན་ཏོ། །སྙམ་ནས་དུག་གི་རྟོག་པས་རིམས་དང། སྐྱུག་པ་དང། བརྒྱལ་བ་དང། ལུས་ཚ་བ་སྐྱེ་བ་འམ། ཡང་ན་མི་བདེ་བ་འམ། རྨོང་བག་ཏུ་འདུག་པ་དང། ཚད་བར་འཁྲུ་བ་དེ་ནི་རྟོག་བ་ལས་གྱུར་པའི་དུག་ནད་ཅེས་བྱའོ།།
་སྤྲུལ་གྱིས་ཟིན་པའི་རྨ་ནད་དང་བཅས་ལ་སྐྲང་བ་དང། གཡའ་བ་དང། ཟུག་གཟེར་དང་ལྡན་པ་དང། ཚ་བ་འུར་འུར་བེར་འདུག་པ་དང། རྨེད་བུ་བུག་མདུང་པ་ལྟར་སྣང་ན་ནི་དུག་དང་བཅས་པ་ཡིན་ལ་དེ་ལས་བཟློག་པ་ནི་དུག་མེད་པ་ཡིན་ནོ། །དེ
་ལ་གདེངས་ཀ་ཆེན་པོའི་སྦྲུལ་གྱིས་ཟིན་པའི་དུག་གི་ཤུགས་རྣམས་བདུན་དུ་འགྱུར་ཏེ། དེ་ཡང་དང་པ་ནི་ཁྲག་སྐྱོན་དང་བཅས་ཤིང་ནག་པོར་འགྱུར་པ་དེ་བཞིན་དུམ་ཁ་ལ་སོགས་པ་ཐམས་ཅད་དུ་མདོག་གནག་ཅིང་ལུས་ལ་གྲོག་མ
་?་རྒྱུ་བ་སྙམ་སེམས་པ་ཡིན་ནོ། །གནས་སྐབས་གཉིས་པ་ལ་ནི་ཐོར་བུ་སྐྱེ་བར་འགྱུར་རོ། །གསུམ་པ་ལ་ནི་མགོ་ལྕི་ཞིང་དུད་པ་དང། གློ་སྙིང་མི་བདེ་བ་དང། རྨ་ནགས་པ་ཡིན་ནོ། །བཞི་པ་ལ་ནི་མཆིལ་མ་མང་བ་དང། སྐྱུག་པ་དང། ཚིགས་རྣམས་བྱེ་བ
་དང། སྒྱིད་སྐུར་བ་རྣམས་ཡིན་ནོ། །ལྔ་པ་ལ་ནི་ཚིགས་རྣམས་འཇིག་པ་དང། ཆེ་བ་འུར་འུར་པོར་འདུག་པ་དང། སྐྱིགས་འུ་འབྱུང་བ་ཡིན་ནོ། །དྲུག་པ་ལ་ནི་གློ་སྙིང་ན་བ་དང། ཁོང་ལྕི་བ་དང། བརྒྱལ་བ་དང། ཁ་ཟས་མི་འཇུབ་དང། ཚད་པར
་འཁྲུ་བ་རྣམས་ཡིན་ནོ། །བདུན་པ་ལ་ནི་བུ་ཆུའི་གནས་སུ་ཕྱིན་ཏེ་ཕྲག་གོང་དང། རྒྱབ་ཀྱི་སྒལ་ཚིགས་དང། སྐེད་པའི་ཚིགས་རྣམས་འཇིག་པ་དང། སྤྱོད་ལམ་ཐམས་ཅད་ལས་ལྡོག་ཅིང་མི་ནུས་པ་ཡིན་ནོ། །སྦྲུལ་འཁྱིལ་བའི་རིགས་ཀྱིས་ཟིན
་པ་ལས་ནི་དུག་གི་ཤུགས་སྔར་འགྱུར་ཏེ། དང་པོ་ལ་ཁྲག་སྐྱོན་ཅན་དུ་བྱས་ནས་སེར་པོར་འགྱུར་ལ་དད་ལུས་དང། ཡན་ལག་སེར་པོར་འགྱུར་ཞིང་ཆེ་བ་སྐྱེ་བར་འགྱུར་རོ། །གནས་སྐབས་གཉིས་པ་ལ་ནི་སྐྲང་བར་འགྱུར་རོ། །གསུམ་པ་ལ་ནི་རྨ
་སྣགས་པ་དང། རྡུལ་བ་ལ་སོགས་པ་སྐྱེ་བར་འགྱུར་རོ། །བཞི་པ་ལ་ནི་རིམས་ཀྱིས་འདེབས་ཤིང་ལུས་ཚ་བར་འགྱུར་རོ། །ལྔ་པ་ལ་ནི་ལུས་ཐམས་ཅད་དུ་ཁྱབ་པར་འགྱུར་རོ། །སྦྲུལ་ཁྲ་བོའི་རིགས་ཀྱི་ཟིན་པ་ལས་གནས་སྐབས་ལྔར་འགྱུར་ཏེ།
་དང་པོ་ནི་ཁྲག་མ་རུངས་པར་བྱས་ནས་མདོག་དཀའ་བར་འགྱུར་བ་དང། ལུས་ཐམས་ཅད་ཀྱང་དཀར་བར་འགྱུར་རོ། །གཉིས་པ་ལ་ནི་ལུས་ཐམས་ཅད་ཀྱང་ཤིན་ཏུ་ལྕི་བར་འགྱུར་རོ། །གསུམ་པ་ལ་ནི་རྨ་རུལ་ཞིང་སྣགས་པ་དང། སྣ་དང
་མིག་དང། ཁའི་ནང་ནས་འཛག་པ་ཡིན་ནོ། །བཞི་པ་ལ་ནི་མགོ་ལྕི་བ་དང། གཉའ་བ་རེངས་པར་འགྱུར་རོ། །ལྔ་པ་ལ་ནི་སྐད་ཉམས་པ་དང། རིམས་ཀྱིས་འདེབས་པ་དང། གྲང་བ་རྣམས་ཡིན་ནོ། །ལྷག་མ་རྣམས་ནི་སྦྲུལ་གདེངས་ཀ་ཅན་དང།
་འཁྱིལ་བ་ཡིན་ནོ། །དེ་བས་ན་དུག་གི་ཤུགས་གནས་སྐབས་ལྔ་པ་ལ་ནི་འབད་པ་དང་བཅས་པས་གསོ་བ་མྱུར་དུ་བྱའོ། །སྤྲུལ་ཆུའི་ནང་དུ་རྐྱལ་བ་དང། འཁྲིག་བ་ཟིན་ནས་ཉམ་ཆུང་བ་དང། སྲེ་མོས་འཇིགས་པ་དང། སྲེ་མོས
་ཕམ་པར་བྱས་པ་དང། ཤིན་ཏུ་གྲང་བའི་རླུང་གིས་ཉེན་པ་དང། ཚབས་གདུངས་པ་དང། ནད་ཀྱིས་གཟིར་བ་དང། སྐོམ་པ་དང། བཀྲེས་པས་གདུངས་པ་དང། ཤིན་ཏུ་དལ་བ་དང། ལམ་རིང་པོ་ནས་འོངས་ཏེ་དུབ་པ་དང། སྤྲུལ་སྤྱོད
་ལམ་དེ་དག་ལྟར་འདུག་ན་ནི་སྦྲུལ་གྱི་གདུག་པ་མེད་ཅིང་ཉམས་པ་ཡིན་ནོ། །སྦྲུལ་དེ་རྩཝ་ཀུ་ཤ་དང། སྨན་དང། ཚོར་མ་དང་ལྡན་པའི་ནགས་རྣམས་སུ་རྒྱུ་བ་ཡིན་ན་ནི་སྤྲུལ་དེའི་དུག་གི་ཉེས་པ་མེད་ཅིང་དུག་དང་བྲལ་བ་ཡིན་ནོ། །སྦྲུལ་དེ་དུར་ཁྲོད
་དང། མཆོད་རྟེན་ལ་སོགས་པའི་ནང་དུ་རྒྱུ་བ་དང། ཚེས་ལྔ་དང། བཅོ་ལྔ་དང། གནམ་སྟོང་དང། ཚེས་བརྒྱད་དང། ཚེས་དགུ་དང། སྲོང་དང། ཐོ་རངས་དང། ནམ་ཕྱེད་དང། ཉི་མ་གུང་དང། དུས་དེ་དག་ཏུ་སྦྲུལ་གྱིས་ཟིན་པ་དང། རྒྱུ་སྐར་བྲ
་ཉེ་དང། སྨིན་དྲུག་དང། མཆུ་དང། སྐག་དང། ས་ག་དང། གྲེ་དང། ཆུ་སྟོང་དང། ཁྲུམས་སྟོད་དང། སྣུབས་དང། གཞན་ཡང་ནེ་རེ་ཏ་ཞེས་བྱ་བའི་ཡུང་ཙམ་གྱིས་དུས་དང། དུས་དེ་དག་ཏུ་གནད་དུ་བསྣུན་པར་ཟིན་ན་ནི་སྤང་པར་བྱའོ། །སྐྱེས
་བུ་གང་སྦྲུལ་གྱིས་ཟིན་མ་ཐག་མིག་དང་གདོང་དཀར་པོར་འགྱུར་བ་དང། སྐྲ་བྱི་ཞིང་རང་ལྷག་པ་དང། ལྕེ་གྱོད་པ་དང། ཡང་དང་ཡང་བརྒྱལ་བ་དང། དབུགས་གྲང་མོ་འཐོན་པ་དེ་ནི་མི་འཚོའོ། །གཞན་ཡང་སྦྲུལ་གྱི་དུག་གིས་ཟིན་མ
་ཐག་ཏུ་སྐྱིགས་བུ་དང། དབུགས་མི་བདེ་བ་དང། ལུད་པ་ལུ་པ་དང། སྐྱུག་པ་དང། ཅིག་ཅར་གློ་སྙིང་དུན་ཞིང་ཟུག་པ་དེ་ནི་མི་འཚོའོ། །དུག་འཐུངས་སམ། དུག་བཟུང་ངམ། དུག་མངས་འཕོག་གམ། དུག་གིས་ཕོག་ཀྱང་རུང་སྟེ་རྟགས
་འདི་དག་དང་ལྡན་ན་སྐྱེས་བུ་དེ་ངེས་པར་འཆི་ཞིང་འཚོ་བ་སྤངས་པ་ཡིན་ཏེ། ད་ཡང་དབུ་བས་སྐྱུག་པ་དང། འདུ་ཤེས་ཉམས་པ་དང། རྒད་པ་དང། ལག་པ་དང། གདོང་རྣམས་གནག་ཅིང་སྔོ་བསངས་སུ་གྱུར་པ་དང། སྣ་ཞོམ་པ་དང། ཡན་ལག་རྣམས་ཞིག
་པ་དང། ཚིགས་ལྷད་པ་དང། ཕྱི་ས་སླ་ཞིང་ཁོང་འཁྲུ་བ་རྣམས་ཡིན་ནོ། །གཞན་ཡང་སྣ་སྨན་རྣོན་པོ་ལ་སོགས་པ་སྦྱར་ཡང་འདུ་ཤེས་མི་རྙེད་པ་དང། རྨས་སམ་མཚོན་གྱིས་རྨས་ན་ཡང་ཁྲག་མི་འབྱུང་པ་དང། དབྱུག་པས་བསྣུན་ཀྱང་རྗེས་སྨུག
་པར་མི་མངོན་པ་དེ་ནི་གཤིན་རྗེའི་ཁྱིམ་གྱི་ནང་དུ་འཇུག་པ་ཡིན་ནོ། །འཆི་བའི་མཚན་མ་དེ་དག་དང་མི་ལྡན་ནི་སྨན་པས་མྱུར་དུ་ཁྱིམ་ལ་མེ་མཆེད་པ་བཞིན་དུ་གསོ་བར་བྱ་སྟེ། དུག་གི་ནད་ཀྱིས་སྲོག་ལྐོག་མར་ཕྱིན་པ་ཙམ་བསྲུང་ཞིང་ཞི་བར་བྱ་བ་ལ་འབད
་པར་བྱ་བ་ཡིན་ནོ། །སྦྲུལ་གྱིས་བཟུང་མ་ཐག་ནས་སེལ་གོལ་གཏོག་པ་བརྒྱའི་བར་དུ་ནི་རྨ་ཁ་དེ་ཉིད་ན་དུག་འདུས་པ་ཡིན་ནོ། །དེ་ཕན་ཆད་ནི་ལུས་ཀྱི་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་རིམས་ཀྱིས་ཁྱབ་ཅིང་འགྲོ་བར་བྱེད་དོ། །དུག་དེ་ཁྲག་ལས
་གྱུར་པའི་ནང་དུ་མ་ཁྱབ་པའི་བར་དུ་དེ་མ་ཐག་རྨའི་ཐོན་ཁོར་བཅད་པ་ལ་སོགས་པའི་ལས་ཅི་ལྟར་རིགས་པར་བསྐུར་ཏེ་བྱའོ། །སྦྲུལ་གྱིས་ཟིན་མ་ཐག་དེ་ཉིད་མྱུར་དུ་བཟུང་སྟེ། རང་གིས་སོས་བཅད་པ་འམ། སྦྲུལ་མ་ཟིན་ན་ཡང་རུང་ཉེ་འཁོད་ན་བོད་བ་འམ
་ས་འམ། ཤིང་ལ་སོགས་པ་ཅི་མཐོང་ཡང་སོས་བཅད་དེ། དེ་མ་ཐག་བློ་བུར་དུ་རང་གི་མཆིལ་མ་འམ། རྣ་རྦབས་ཀྱི་སྦྲུལ་གྱིས་ཟིན་པའི་རྨ་ལ་གདབ་པོ། །དེ་ནས་རྨའི་གོང་རོལ་དུ་ལུང་ཏང་གི་ཕྲེང?་བ་སེར་བཞི་ཙམ་ཆིངས་ཤིག་།ཟར་མ་དང། འོད་མ
་ལ་སོགས་པའི་སྐུད་པ་ལ་སྔགས་བཏབ་ཤེས་པས་གྲུབ་པའི་སྔགས་ཀྱིས་བཏབ་སྟེ། དམ་དུ་བཅིངས་ཏེ་མནན་ན་ཇི་ལྟར་ཆུ་འོ་མ་ཆུ་ལོན་གྱིས་བཟློག་པ་དང་འདྲ་བར་རྩ་བའི་རྒྱུན་སང་རྣམས་སུ་དུག་རྒྱུར་མི་སྟེར་ཞིང་གཅོད་པར་བྱེད་དོ། །གནད
་དང་ཚིགས་རྣམས་སུ་སྤྲུལ་གྱིས་བཟུང་བ་ལ་ནི་འཕྲལ་དུ་དམ་དུ་བཙིར་ཞིང་དུག་གཟག་ཅིང་དབྱུང་བ་བྱས་ན་དུག་གི་ནད་ཀྱི་ཤུགས་མི་སྐྱེ་སྟེ་ཇི་ལྟར་ས་བོན་ཉམས་པའི་མྱུ་གུ་བཞིན་ནོ། །སྦྲུལ་གྱིས་རིགས་འཁྱིལ
་བས་བཟུང་བའི་རྨ་ནི་མཁྲིས་པའི་རང་བཞིན་ཅན་ཡིན་པས་དེ་ལ་ནི་མྱུར་དུ་གསེར་དང་ལྕགས་ལ་སོགས་པ་མ་ལ་བསྲེགས་པ་འམ། ཡང་ན་འགལ་མེས་རྨ་ཁ་བསྲེག་པར་བྱས་ན་དུག་གི་ནུས་པ་ཐལ་པར་རླག་པར་བྱེད་དོ། །དེ་ཙམ་གྱི
་ལས་སུས་མི་བཟོད་དེ་བཟོད་པར་བྱའོ། །མེའི་ལས་དེ་མ་གཏོགས?་པ་གཞན་ནི་མི་བྱའོ། །དེའི་འོག་ཏུ་རྨ་ཁ་གཞིགས་ཏེ་ཁ་བཀད་ཡ་ཕྱི་དང་པོའོ། །དེ་ནས་ས་འམ་ཐལ་བ་འམ། དུག་འཇོམས་པའི་སྨན་ནམ། བ་ལང་གི་གཅི་བས་རྨ་ཁ་ལ
་གདབ་པར་བྱའོ། །གལ་ཏེ་དུག་དེས་ནང་དུ་ཁྱབ་པར་སོང་བ་དང། ལྷག་པར་ཤས་ཆེ་བ་ལ་ནི་རྨ་དང་ལུས་སུ་བཅས་པ་ཐམས་ཅད་ལ་དུག་འཇོམས་པའི་སྨན་གྱིས་སྐུ་བྱུག་བྱའོ། །ཙན་དན་དང་བུ་ཤེལ་ཙེ་ཆུ་དང་སྦྱར་བས་བླུགས་པར་བྱའོ། །དུག
་དེས་ཀུན་ལ་ཁྱབ་པ་ལ་ནི་གཏར་ག་བྱས་ཏེ་ཁྲག་བྱུང་ན་གསོ་བའི་མཆོག་ཡིན་ནོ། །ཁྲག་མང་དུ་ཕྱུང་ན་ནི་དུག་གི་རང་བཞིན་ནག་པ་ཡང་འབྱུང་པ་ཡིན་ནོ། །དེ་ལ་དུག་ཡོད་པའི་ཁྲག་ནི་དྲི་ང་བ་དང། མེའི་ནང་དུ་བསྲེགས་ན་སྲོག་སྲེག་ཟེར
་པ་ཡིན་ནོ། །དེ་ལྟར་ཁྲག་ཕྱུང་སྟེ། དག་པ་ལྟ་ན་ཁྲག་གི་ནད་གཞིའི་ཅི་ལྟར་བཞིན་དུ་ཤེས་པར་བྱ་སྟེ། བརྟག་གོ་།རྩ་མི་སྟུང?་བ་ལ་ནི་རྭ་དང་སྲིན་བུ་པདྨ་གཉིས་ཀྱིས་ཁྲག་དབྱུང་ངོ། །ཁྲག་ཕྱུང་པའི་ལྷག་མ་ཡོད་པ་དུག་གིས་སླན
་ཏེར་བྱས་པ་དེ་ལ་ནི་ལྷག་པར་བསིལ་བའི་སྨན་གྱིས་བླུགས་པ་དང་བྱུག་པ་ལ་སོགས་པ་ལན་མང་དུ་བྱས་ཏེ་བཟློག་པར་བྱའོ། །སྦྲུལ་གྱིས་ཟིན་ཏེ་དུག་གི་མཐུས་བརྒྱལ་པ་དང། སྙིང་འཛག་པ་ལ་ནི་སྨན་བསིལ་པའི་ནུས་པ་དང
་ལྡན་པས་བླུགས་པ་དང། གཏོར་བ་དང་རླུང་ཡབ་ཀྱིས་གཡབ་པ་བྱས་ཏེ་སྤུ་ཟིང་ཞེས་བྱེད་དུ་བཅུག་ན་དུག་གིས་མཐུ་རབ་ཏུ་ཞི་བར་འགྱུར་རོ། །དུག་ཤིན་ཏུ་རྣོ་བས་སྙིང་བྲུས་པ་སྙམ་སེམས་པ་ལ་ནི་མར་ཉི་ཙེ་འམ། ཡང་ན་དུག་འཇོམས་པའི་སྨན་དང། མར་དང
་སྦྲང་རྩི་སྦྱར་བ་ཡིན་ནོ། །སྙིང་ལ་དུག་བབས་ན་ནི་དེར་བད་ཀན་ཉེ་བར་ཤས་ཆེར་སོགས་ཤིང་འཕེལ་ཏེ། ལུས་ལྕི་བ་དང། ནད་འཁྲུག་ཅིང་བྲང་ཆེ་ལ་ཁ་ནས་ཆུ་སྐྱུར་འབྱུང་བ་ཡིན་ཏེ། དེ་ལ་ནི་སྐྱུག་སྨན་བཏང་ངོ། །དེ་ལྟར་སློན་བྱ་བ་དེ་ཡང་རྩ་བས་སྐྱུར
་པོ་དང། རྒྱ་སྲན་དང། ཏིལ་མར་དང། ཆང་ལ་སོགས་པ་དེ་དག་སྤངས་ཏེ་གང་ཡང་དུག་འཇོམས་པའི་སྨན་དང། སློན་བྱས་ན་དུག་གིས་ཀུན་ཏུ་ཁྱབ་པར་མི་འགྱུར་རོ། །སྤྲུལ་གྱི་དུག་གི་རང་བཞིན་དང། མིའི་ནང་གཞིའི་རང་བཞིན་དང། གནས་ཀྱི་བྱེ་བྲག
་ཞིབ་ཏུ་ལེགས་པར་བརྟགས་ཏེ། གསོ་བ་རྣམས་མ་ནོར་བར་བྱའོ། །ཤིང་སིན་དུ་རའི་རྩ་བ་དང། གེ་རི་ཀརྞི་ཀ་དཀར་པོ་དང། གཉིས་ཀྱི་བཏུང་བ་སྦྲུལ་གདེངས་ཀ་ཆེན་པོས་ཟིན་པ་ལ་སྦྱར་རོ། །བ་ཀ་ལ་དང། སྦྲང་རྩི་སྦྱར་བ་རྣམས་སྣ་སྨན་དུ་བླུགས་སོ།།
་སྦྲུལ་ནག་པོས་ཟིན་པ་ལ་ནི་ཐོག་མར་ཁྲག་གཏར་ལ་དེའི་འོག་ཏུ་ཙ་ར་ཏི་དང། ན་ཀུ་ལི་རྣམ་གཉིས་སྦྱར་བ་འམ། ཡང་ན་ཤིང་ཀྲུ་དང། བོང་ང་དཀར་པོ་གཉིས་སྦྱར་བ་གང་ཡང་རུང་བའི་ལྡེ་གུས་བསྐུའོ། །གཅོད་དང་དུད་པ་དང། མར་དང། སྦྲང་རྩི་སྤྱི
་བའི་བཏུང་བ་བླུད་དོ། །རྒྱ་སྣེའུ་དང། ཏཾ་བ་ལ་དང། གེ་རེ་ཀ་རྣམ་གཉིས་དང། ཁ་ལུང་དང། ཁ་ར་དཀར་པོ་དང། ཤ་ལུ་དང། དེ་རྣམས་ཀྱི་བཏུང་བ་དང། སྣ་སྨན་དུ་སྦྱར་བ་ཕན་ནོ། །དེ་བཞིན་དུ་གདེངས་ཀ་ཆེན་པོའི་སྦྲུལ་གྱིས་གདུག་པ་མི་བཟད་པ
་དང། སྦྲུལ་གྱི་རིགས་ཁྲ་བོ་ལ་ཡང་དུག་འཇོམས་པའི་སྨན་དེ་དག་སྦྱར་རོ། ། ཤྭ་གནདྷ་དང། རྒུན་འབྲུ་དང། གེ་རི་ཀ་དཀར་པོ་དང། ས་ནག་པ་དང། པི་པི་ལིང་དང། དེ་རྣམས་ཆ་མཉམ་པ་དང། བྱིའུ་རུག?་པའི་ལོ་མ་དང། ཀ་པི་ཐ་དང། བིལྦ་དང
་སེའུ་དང་དེ་རྣམས་ཀྱི་ལོ་མ་རྣམས་རེ་རེ་ཡང་ཨ་ཤྭ་གནདྷའི་ཆ་ཕྱེད་ཕྱེད་སྦྲང་རྩི་དང་ལྡན་པར་སྦྱར་ཏེ་ཟོས་ན་སྦྲུལ་འཁྱིལ་བ་ཞེས་བྱ་བའི་དུག་ལ་ཁྱད་པར་དུ་ཕན་ནོ། །ཤིང་འོ་མ་ཅན་ལྔའི་ཤུན་པ་དང། འབྲས་བུ་གསུམ
་དང་ཤིང་མངར་དང། ནཱ་ག་པུཥཔ་དང། ཨེ་ལ་བ་ལུ་ཀ་དང། ཇི་བ་ཀ་དང། ཟངས་རྩི་བ་དང། པུ་ཤེལ་ཙི་དང། ཁ་ར་དཀར་པི་དང། ཤུག་པ་དང། ཨུཏཔ་ལ་དང། དེ་རྣམས་སྦྲང་རྩི་དང་སྦྱར་བའི་དུག་སྨན་ནི་པ་ས་ཅན་ཞེས་བྱ་སྟེ་དེའི་ལྡེ་གུས
་བསྐུས་ན་སྤྲུལ་འཁྱིལ་བའི་དུག་འཇོམས་ཏེ། དེ་བཞིན་དུ་སྐྲང་བ་དང། ཤུ་བ་མཆེད་པ་དང། འབྲུམ་བུ་དང། རིམས་དང། ལུས་ཚ་བ་རྣམས་ལ་ཕན་ནོ། །ཏཾ་པལ་དང། རྒྱ་གྲོ་དྷའི་མྱུ་གུ་དང། ཇི་བ་ཀ་དང། ཟངས་རྩི་བ་དང། ཁ་ར་དཀར་པོ
་དང། བཙོད་དང། ཤིང་མངར་དང། དེ་རྣམས་བསྐོལ་བའི་ཁུ་བ་བླུད་ན། སྦྲུལ་འཁྱིལ་པས་ཟིན་བ་འཇོམས་སོ། །སྨྱུག་མའི་ཤུན་པ་དང། ས་བོན་དང། པུ་ཙ་ཤེལ་དང། པ་ཏ་ལའི་ས་བོན་དང། བཅའ་སྒ་དང། ཤི་རི་ཤའི་ས་བོན་དང། བོང་ང
་དཀར་པོ་དང། ག་བེདུ?་ཀའི་འབྲུ་དང། རྩ་བ་དང་ཤུ་དག་དང། དེ་རྣམས་བ་གཅིན་ལས་བཏགས་པའི་ལྡེ་གུ་ནི་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། སྦྲུལ་འཁྱིལ་པས་ཟིན་པའི་རིགས་གོ་ནས་ཞེས་བྱ་བས་ཟིན་པ་སེལ་ཏོ། །པུ་ཙེ་ཤེལ་དང། བོང
་ང་དཀར་པོ་དང། རུ་རྟ་དང། ཁྱིམ་གྱི་དུད་པ་དང། ཧ་རེ་ནུ་ཀ་དང། ཚ་བ་གསུམ་དང། རྒྱ་སྤོས་དང། དེ་རྣམས་ལྷན་ཅིག་སྦྱར་བ་ཟོས་ན་སྦྲུལ་ཁྲ་བོས་ཟིན་པའི་ནད་སེལ་ཏོ། །འདམ་བུ་མངའ་རྒྱུ་དང། དནྟི་གཉིས་ཀྱི་རྩ་བ་མཐོ་ཉི་ཤུའི་ས་འོག
་ན་མར་བརྐོས་ཏེ་ཕྱུང་ལ་འབྲས་དང། ས་གཉིས་ལྷན་ཅིག་བྱས་ཏེ་བྱུག་པས་བསྐུའོ། །མར་རྙིང་པའི་ནང་དུ་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་སྟེ་བླུད་ལ་དེ་ཞུ་པའི་ཚད་ཙམ་ན་ནས་ལས་བྱས་པའི་ཟན་ཚོད་མ་དང་བཅས་པ་བཟའ་ཨོ། །ཀ་ར་བི
་དང། ཨ་ཀའི་མེ་ཏོག་དང། མེ་ཏོག་ཀུ་སུ་མ་དང། ལཾ་ཀ་ལིའི་རྩ་བ་དང། པི་པི་ལིང་དང་བ་ཐ་དང། ན་ལ་ཤམ་དང། དེ་རྣམས་ཀྱི་ཕྱེ་མ་རྩ་བ་སྐྱུར་པ་དང། སྦྱར་ཏེ་འཐུངས་ན་གོང་མའི་སྦྲུལ་ལས་གཞན་པའི་སྦྲུལ་གྱིས་ཟིན་པའི་དུག་ཐམས་ཅད་ལ་སྦྱར་རོ། །
་ཤྭར་ཤའི་མེ་ཏོག་གི་རང་གི་ཁུ་བའི་ནང་དུ་ཤི་ཀྲུ་ཞག་བདུན་གྱི་བར་དུ་སྤངས་ཏེ། དེ་ལས་བཏུབ་བ་དང། སྣར་བླུགས་པ་ལ་སྦྱར་ན་སྦྲུལ་གྱིས་ཟིན་པའི་ནད་ཐམས་ཅད་ལ་ཕན་ནོ། །རྒྱ་སྤོས་དང། རུ་རྟ་སྲང་གཉིས་དང། མར་དང་སྦྲང་རྩི་སྲད་གཉིས
་སྦྱར་བའི་ལྡེ་གུ་བྱིན་ན་སྦྲུལ་གྱི་རྒྱལ་པོ་འཇོག་པོས་ཟིན་པ་ཡང་སྨན་འདི་བླུད་ན་བདེ་བ་སྦྱིན་པར་བྱེད་དོ། །སྦྲུལ་གྱི་རིགས་པ་དངོས་ཀ་ཆེན་པོས་ཟིན་པའི་གནས་སྐབས་དང་པོ་ལ་ནི་ཁྲག་ཕྱུང་སྟེ། མར་དང་སྦྲང་རྩི་དང་སྦྱར་བ་མྱུར་དུ་བླུད་དོ། །གནས
་སྐབས་གཉིས་བ་ལ་ནི་སློན་བྱས་ཏེ་གོང་མ་བཞིན་དུ་མར་དང་སྦྲང་རྩི་དང་སྦྱར་བ་བླུད་དོ། །གསུམ་པ་ལ་ནི་དུག་འཇོམས་པའི་སྨན་སྦྱར་ཏེ་སྨན་དེ་ཉིད་ཀྱིས་སྣར་བླུགས་པར་བྱའོ། །བཞི་པ་ལ་ནི་སྨན་བཏང་སྟེ། ནས་ཐུག་དུག་འཇོམས་པའི་སྨན་དང་ལྷན
་ཅིག་བླུད་དོ། །ལྔ་པ་དང་དྲུག་པ་ལ་ནི་སྨན་བསིལ་བ་དང། སྦྱར་བའི་དུག་སྨན་བཏང་ངོ། །དེ་བཞིན་དུ་བསིལ་བའི་སྨན་བླུགས་པ་དང། བྱུག་པ་ཡང་དང་ཡང་དུ་སྦྱར་རོ། །སློན་སྨན་རྣོན་པོ་བླུད་ལ་དེའི་འོག་ཏུ་དུག་འཇོམས་པའི་སྨན་དང་ཐུག་པ
་སྦྱར་བ་བླུད་དོ། །གནས་སྐབས་བདུན་པ་ལ་ནི་དུག་འཇོམས་པའི་སྨན་རྣོན་པོའི་མིག་སྨན་དང། སྣ་སྨན་སྦྱར་བ་དང། སྤྱི་བོར་མཚོན་གྱི་རྒྱ་གྲམ་དུ་ཅུང་ཞིག་མཚོན་གྱིས་བསྲལ་པའི་ནང་དུ་ཤ་འམ་ཁྲག་གམ། པགས་པ་གང་ཡང་རུང་བ
་གཞུག་གོ། སྦྲུལ་འཁྱིལ་བས་བཟུང་བའི་གནས་སྐབས་གསུམ་པ་ལ་ནི་སློན་བྱས་ཏེ་ཐུག་པ་བླུད་དོ། །དུག་འཇོམས་པའི་སྨན་མི་རྣོ་བ་འམ། ཡང་ན་ཤུག་པའི་སྡེ་ཚན་བསྐོལ་བའི་ཁུ་བ་བླུད་དོ། །སྦྲུལ་ཁྲ་བོས་ཟིན་པའི་གནས་སྐབས་དང
་པོ་ལ་ནི་རྨ་ལ་ཞལ་ཞལ་བྱ་སྟེ། དེའི་འོག་ཏུ་བསྐུ་བས་ཁྲག་ཕྱུང་སྟེ། གོང་མ་བཞིན་དུ་དུག་འཇོམས་པའི་སྨན་བླུད་དོ། །དྲུག་པ་ལ་ནི་སྨན་ཤིན་ཏུ་རྣོ་བའི་མིག་སྨན་དང། སྣར་རྡུབ་པ་རྣམས་སྦྱར་རོ། །གཞན་ཡང་གྲངས་མ
་སྨོས་པ་རྣམས་ནི་སྦྲུལ་གདེངས་ཀ་ཆེན་པོས་ཟིན་པའི་གནས་སྐབས་ཀྱི་གྲངས་ཀྱི་གསོ་བ་འདིར་ཡང་སྦྱར་རོ། །བུད་མེད་སྦྲུམ་མ་དང། བྱིས་པ་དང། རྒན་པོ་རྣམས་ལ་ནི་ཁྲག་ཉུང་ཤས་དབྱུང་ངོ། །ཤིང་ཚ་དང། ལྡོང་རོས་དང། ཡུང་བ་དང།
་རྒྱ་སྤོས་དང། ཀུ་ཤའི་ཁུ་བ་དང། ཆུ་སྲིན་སེན་མོ་དང། ཏ་མ་ལའི་གེ་སར་དང་འབྲས་ཀྱི་ཆུ་གྲང་མོ་དང་ལྷན་ཅིག་སྦྱར་བ་བླུད་ན་དུག་ཐམས་ཅད་འཇོམས་ཏེ། ཅི་ལྟར་དབང་པོའི་རྡོ་རྗེས་ལྷ་མ་ཡིན་རྣམས་འཇོམས་པ་བཞིན་ནོ། །བིལྦའི་རྩ
་བ་དང། བྱིའུ་རུག་པའི་མེ་ཏོག་དང། ཀ་རཉྫ་ཕ་ལ་པ་དང། ཏ་མ་ལའི་གེ་སར་དང། ཐང་ཤིང་དང་འབྲས་བུ་གསུམ་དང། སེར་པོ་རྣམ་གཉིས་དང། ཚ་བ་གསུམ་དང། དེ་རྣམས་ར་གཅིན་དང་ཞིབ་ཏུ་བཏགས་པ་ལས་མིག་སྨན་བཏབ་པ་དང།
་སྣ་སྨན་དུ་སྦྱར་ན་སྤྲུལ་དང། སྲོག་ཆགས་ལུ་ཏ་དང། བྱི་བ་དང། སྡིག་པ་ལ་སོགས་པའི་དུག་དང། གསུང་པ་དང། མ་ཞུ་བ་དང། དབྱིག་དུག་དང། རིམས་ཀྱིས་བཏབ་པ་དང། གདོན་གྱིས་ཟིན་པ་ལ་སོགས་པས་ཉམས་ཐག་པའི
་མི་ལ་ཕན་ཏེ། བདེ་ལེགས་སུ་བྱེད་དོ། །དུག་གིས་ཕོག་པའི་རྨ་ལ་དུག་གི་ལྷག་མ་ཅུང་ཟད་ཅིག་ཡོད་ན། ཡང་བྱུག་པ་ལ་སོགས་པས་མ་ལུས་པར་དབྱུང་སྟེ། ལྷག་མ་ལུས་ན་ནི་ཡང་དུག་གི་མཐུ་སྐྱེ་བར་འགྱུར་ཏེ། ཅི་ལྟར
་དུག་གིས་ནད་གཞི་འཁྲུགས་པ་བཞིན་ནོ། །དུག་གིས་ཉེས་པས་སྣང་བ་རླུང་འཁྲུགས་ཤིང་སྐྱེས་ན་ནི། ཏིལ་མར་དང། ཆང་དང། རྒྱ་སྲན་དང། སྐྱུར?་དང། དེ་རྣམས་མ་གཏོགས་པའི་ལྷག་མ་རླུང་འཇོམས་པའི་གས་བ་ཐམས་ཅད་སྦྱར་རོ། །
་དུག་གིས་མཁྲིས་པ་སྐྱེས་པ་ལ་ནི་རིས་འཇོམས་པའི་སྨན་བསྐོལ་པ་དང། འཇམ་རྩི་མས་བཏང་བ་རྣམས་བྱའོ། །དུག་གི་བད་ཀན་སྐྱེས་པ་ལ་ནི་དོང་ཀའི་སྡེ་ཚན་སྦྲང་རྩི་དང་སྦྱར་བ་བཏང་ངོ། །མུ་ཟི་དང། རྒུན་འབྲུ་དང། པ་ཡསསྱ་དང་ཤིང་མངར་དང། སྦྲང
་རྩི་དང། དེ་སྤྱིའི་ཕྱེད་དང། མཉམ་པའི་ཁ་ར་དཀར་པོ་དང་སྦྱར་བའི་ལྡེ་གུ་ལྡག་གོ་།ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་བ་དང། གཏོར་མ་རྣམས་བྱའོ། །སྙིང་དགའ་བའི་བག་བསྟེན་ཅིང་སེམས་དགའ་བར་བྱའོ། །སྤྲུལ་གྱི་ལུས་ཀྱིས་རེག་པ་ལས
་བྱུང་པའི་དུག་དང། རྟོག་པ་ལས་བྱུང་པའི་དུག་གིས་ཉམས་ཐག་པ་ལས་ཡང་ཆོ་ག་གོང་མ་བཞིན་དུ་སྦྱར་ན་ཕན་ནོ། །རིན་པོ་ཆེ་ཀེ་ཀེ་རུ་དང། མརྒད་དང། མུ་ཏིག་དང། རྡོ་རྗེ་དང། བཻཌཱུ་རྱ་དང། གར་ད་པ་མ་ནི་དང། བི་ཙུ་ཀ་དང། བྱི་བའི་དུག་དང།
་དེ་བཞིན་དུ་རི་ཁ་བ་ཅན་ན་སྐྱེས་པའི་སྨན་སོ་མ་ར་ཙ་དང། བ་སྤྲུ་བ་དང། དྲོན་དང། མ་ཧཱ་དྲོ་ན་ཞེས་བྱ་བ་དང། སྤྲུལ་ལ་ཡོད་པའི་ནོར་བུ་དང། ན་མ་སི་དང། དུག་ཞི་བར་བྱ་བའི་ཕྱིར་དུག་དང། དེ་བཞིན་དུ་ནུས་པ་དང་ལྡན་པའི་སྨན་རྣམས་ཀྱང
་བཅད་བར་བྱའོ། །གལ་ཏེ་ནུབ་མོ་རྒྱུ་ན་ཡང་ལག་ན་གདུགས་དང་འཁར་གསིལ་དག་ཏུ་ཐོག་ན་དེའི་གྲིབ་མ་དང་སྒྲས་ལག་འགྲོ་རྣམས་སྡངས་ཤིང་འབྱེར་བར་འགྱུར་རོ། །སྦྲུལ་གདུག་པས་ཟིན་པ་གསོ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དྲུག
་པ་རྫོགས་སོ།། །།དེ་ནས་སྲིན་བུ་སྲོག་ཆགས་ལུ་ཏ་ལ་སོགས་པའི་དུག་གིས་ཟིན་པའི་དམིགས་བརྟག་ཅིང། གསོ་བའི་ལེའུ་བཤད་བར་བྱ་སྟེ། སྲིན་བུའི་དུག་དེ་ཡང་སྦྲུལ་གྱི་ཚིལ་དང། བཤང་གཅི་དང། ཁུ་ཆུ་དང། སྒོ་ང
་དང། །ཁོག་པ་དང། པགས་པ་ལ་སྐྱེས་ཏེ། སྲིན་བུ་དེའི་རང་བཞིན་ཡང་ནད་གཞི་གསུམ་དང། འདུས་པ་དང། རྣམ་པ་བཞི་དང་ལྡན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་རླུང་གི་རང་བཞིན་ཅན་གྱི་སྲིན་བུའི་དུག་གིས་ཟིན་པའི་རྟགས་ནི
་རྨ་ཁ་ཤས་ཆེར་ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་པའི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པའི་རྡགས་ནི་འཛག་པ་ཉུང་བ་དང། ཚ་བ་དང། མདོག་དམར་བ་དང། ཤུ་བ་མཆེད་བ་དང། ཡང་ན་ཤང་བི་ལུའི་འབྲས་བུ་སྨིན་པ་དང།
་།བྲ་གོའི་འབྲས་བུ་སྨིན་པ་དང་འདྲ་བར་འདུག་པ་ཡིན་ནོ། །བད་ཀན་གྱི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པ་ནི་ཟུག་གཟེར་ཆུང་བ་དང། ཨུ་དུམྦ་ར་སྨིན་པ་འདྲ་བ་ཡིན་ནོ། །འདུས་པའི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པ་ནི་ཚབས
་ཆེར་འཛག་ཅིང་རྟེན་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ནི་སྤང་བར་བྱའོ། །སྲིན་བུ་གདུག་པ་དེ་དག་གི་མཐུ་གནས་སྐབས་དང་པོ་ལ་སོགས་པ་སྦྲུལ་གྱིས་ལྟར་བལྟ་བར་བྱ་སྟེ། །དེ་བཞིན་དུ་སྐྲང་བ་འཕེལ་བ་དང། ཁྲག་དྲི་ང་བ་འཛག་པ་དང། མགོ
་དང་མིག་ལྕི་བ་དང། མགོ་འཁོར་བ་དང། བརྒྱལ་བ་དང། དབུགས་མི་བདེ་བ་དང། རབ་ཏུ་ན་བ་ཡིན་ཏེ། སྲིན་དུ་གདུག་པ་སྤྱི་ནང་མཐུན་པར་རྨའི་ནང་དུ་པདྨའི་སྙིང་པོ་ལྟ་བུར་འབྱུང་ཞིང། ཚ་བ་དང། གཡའ་བ་དང། ཁ་ཟས་ཡི་གར་མི་འོང་བ
་ཡིན་ནོ། །སྡིག་པས་ཟིན་པའི་དུག་ནི་ཤིན་ཏུ་རྣོ་བ་ཡིན་ཏེ། དང་པོ་མེ་བཞིན་དུ་ལུས་ལ་སྲེག་པར་བྱེད་ལ། དེ་མ་ཐག་རོ་སྟོང་དུ་མཆེད་པར་འགྲ་སྟེ། དེའི་འོག་ཏུ་རྨའི་ནང་དུ་འདུག་པ་ཡིན་ཏེ། དེས་གཟུང་མ་ཐག་རབ་ཏུ་མ་ཞིང་སྐྲང་བ་དང།
་འགས་པ་རྣམས་ཡིན་ནོ། སྡིག་པ་དེ་སྐྱ་བའི་རྒྱུ་ནི་བ་ཡང་ལ་སོགས་པའི་ལྕི་བ་དང། པགས་པ་བསོགས་ཏེ་རུལ་ཞིང་རླན་པ་ལས་སྐྱེས་པ་དང། སྤྲུལ་གྱི་པགས་པ་ལས་སྐྱེས་པ་ཡིན་ཏེ། རྐེད་པ་ཕྲ་བའི་སྡིག་པའི་དུག་ཚབས་ཆེ་བ་ཡིན་ཏེ།
་དེ་ཡང་མདོག་སེར་བ་དང། གནག་བ་དང། རྩུབ་པ་དང། མདོག་སྣ་ཚོགས་སུ་སྣང་བ་དང། ནོར་བུ་གཟི་མདོག་ཏུ་རྣང་བ་ཡིན་ནོ། །སྡིག་པ་ཁ་ཅིག་ནི་སྤུ་མང་ཞིང་ཚིགས་ཀྱང་མང་བ་ཡིན་ནོ། །ཁ་ཅིག་ནི་རྒྱབ་དམར་ཞིང་ལྟོ་དཀར་བ་ཡིན་ནོ།།
་ཁ་ཅིག་ནི་མདོག་དུང་ཁར་འདུག་ཅིང་ཚིགས་གསུམ་ཡོད་པ་དང། རྐེད་པ་སེར་སྐྱར་འདུག་པ་ཡིན་ནོ། །ཁ་ཅིག་ནི་ཐལ་བའི་མདོག་ཏུ་འདུག་པ་དང། སྲེ་བོའི་མདོག་དང། ཁྲག་འཐུང་བ་དེ་ནི་དུག་ཆེན་དང་ལྡན་པ་ཡིན་ནོ། །ཁ་ཅིག་ནི་མེའི་མདོག་ཏུ་སྣང་ཞིང་ཚིགས
་གཉིས་ཡོད་པ་དང། ལྟོ་དཀར་བ་འམ། དམར་བ་འམ། གནག་བ་ཡིན་ནོ། །སྡིག་པ་དེ་རྣམས་ཀྱིས་ཟིན་པའི་རྟགས་ནི། ལྕེ་སྐྲང་བ་དང། ལྕེ་གྱོང་བ་དང། ལུས་རེངས་པ་དང། རིམ་གྱིས་འདེབས་པ་དང། ཁ་ལ་སོགས་པའི་སྒོ་ནས་ཁྲག་ནག་པོ་མང
་དུ་འཛག་པ་དང། དབང་པོ་རྣམས་ཀྱིས་དོན་མི་ཚོར་ཞིང་མི་རེག་པ་དང། རྡུལ་བ་དང། བརྒྱལ་བ་དང། ཁ་སྐམ་པ་དང། རྨོངས་པ་དང། རབ་ཏུ་ན་བ་དང། ཤ་འདྲུལ་ཞིང་ལྷགས་པ་སྙམ་སེམས་པའི་ནད་པ་དེ་ནི་ཕལ་ཆེར་སྲོག་འདོར་བ་ཡིན་ནོ། །སྲོག
་ཆགས་ཨུ་ཙི་ཏི་ཀ་ཞེས་བྱ་བའི་སྲོག་ཆགས་ནི་ཁས་འཛིན་པར་བྱེད་དེ། དེ་ཡང་གོང་མ་བས་ཚབས་ཆེར་ན་བ་ཡིན་ལ། སྡིག་པའི་ལུས་ཀྱིས་ནི་གཡས་གཡོན་གཉིས་ཀ་ནས་འཛིན་པ་ཡིན་ནོ། །སྲོག་ཆགས་ཨུ་ཙི་ཏི་གས་བཟུང་བའི་མཚན་མ་ནི་ཕོ
་མཚན་འགྲེང་བ་དང། བ་སྤུ་ལངས་པ་དང། ལུས་ལ་རྡུལ་འབྱུང་བ་དང། རྨ་ལས་ཆུ་སེར་གྲང་མོ་འཛག་པ་རྣམས་ཡིན་ནོ། །སྲིན་བུ་ཨུ་ཙི་ཏི་གའི་མིང་གི་རྣམ་གྲངས་ནི་རྔ་མོ་དུད་ཁ་ཞེས་བྱ་མཚན་མོ་རྒྱུ་བ་ཞེས་བྱ་མཚན་མོ་ཅན་ཞེས་ཀྱང་བྱ་སྟེ། དེ་ནི
་རླུང་དང་མཁྲིས་པ་ཤས་ཆེ་བ་ཡིན་ནོ། །སྲིན་བུ་ཀ་ན་པ་ཞེས་བྱ་བ་དང་བི་བ་ཞེས་བྱ་བ་སྲིན་བུ་གཉིས་ནི་བད་ཀན་ཤས་ཆེ་བ་ཡིན་ནོ། །དེ་ལས་ཀྱང་སྡིག་པའི་དུག་དང། སྲིན་བུ་རྔ་མོ་དུད་ཀ་ཞེས་བྱ་བ་གཉིས་ནི་ཕལ་ཆེར་རླུང་ཤས་ཆེ་བ་ཡིན་ནོ། །སྲིན
་བུ་ཀ་ན་བ་ཞེས་བྱ་བ་དང། ནད་གཞི་གང་དང་གང་གིས་ཤས་ཆེ་བ་ལེགས་པར་བརྟགས་ཏེ། དེ་དང་དེའི་སྨན་གྱིས་ཡོན་ཏན་གྱིས་གསོ་བར་བྱའོ། །དེ་ལ་རླུང་ཤས་ཆེ་བའི་རྟགས་ནི་གློ་སྙི་བ་དང། སྟོང་དུ་རླུང་འབྱུང་བ་དང། ལུས་ཁོང་རེངས་པ
་དང། རྩ་རྒྱ་ཆེར་སོང་བ་དང། རུས་པ་དང། ཚིགས་སུ་ཟུག་པ་དང། རྣ་བའི་སྒྲ་ཟི་ཟི་ཟེར་བ་དང། ལུས་བཅུས་པ་སྙམ་བྱེད་པ་དང། ལུས་མཆོག་གནག་པ་ཡིན་ནོ། །མཁྲིས་བ་ཤེས་ཆེ་བའི་རྟགས་ནི་འདུ་ཤས་ཉམས་པ་དང། དྲོད
་ཚ་བ་དང། དབུགས་ཚ་བ་འབྱུང་བ་དང། གློ་སྙིང་ཚ་བ་དང། ཁར་ཁ་བ་བྲོ་བ་དང། ཤ་འགས་པ་དང། ལུས་སྐྲང་བ་དང། མདོག་དམར་ཞིང་སེར་བ་ཡིན་ནོ། །བད་ཀན་ཤས་ཆ་བའི་དུག་ནད་ཀྱི་རྟགས་ནི་སྐྱུག་པ་དང། ཁ་ཟས་ཡི་གར་མི་འོང
་བ་དང། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་དང། ཆམ་པས་བཏབ་པ་དང། སྣ་ཆུ་འཛག་པ་དང། གྲང་བ་དང། ཁ་མངར་བྲོ་བ་རྣམས་ཡིན་ནོ། །དེ་ལ་རླུང་གི་བདག་ཉིད་ཀྱི་དུག་གིས་ཟིན་པ་ལ་ནི་ཏིལ་གྱི་ཚིགས་མས་བྱུག་པ་དང། ཏིལ་མར
་གྱིས་བསྐུ་བ་དང། པུ་ལ་ཀ་ཀ་ལ་སོགས་པ་སྦུ་བའི་དུག་བྱ་བ་དང། ལུས་འཕེལ་ཞིང་བརྟ་བའི་ཆོ་ག་རྣམས་བྱས་ན་ཕན་ནོ། །མཁྲིས་པའི་དུག་ནད་ལ་ནི་བསིལ་བའི་ནུས་པ་དང་ལྡན་པ་བླུགས་པ་དང། བྱུག་པས་བཅད་ཅིང་བཟློག་པར་བྱའོ། །
་བད་ཀན་གྱི་ཤས་ཆེ་པའི་དུག་ལ་ནི་ཐོག་མར་སྐྱུག་སྨན་བཏང་སྟེ། དུགས་བྱས་ལ་མཚོན་གྱིས་བཅད་ཅིང་བཞར་ན་ཕན་ནོ། །སྲིན་བུའི་རང་བཞིན་ནད་གཞི་རྣམ་པ་གསུམ་དུ་འགྱུར་བ་དེ་བཞིན་དུ་གོས་པ་ཡང་དེ་ལྟར་བྱས་ན་ཕན་ནོ། །དུག་ས
་དང། བླུགས་པ་དང། བྱུག་པ་ལ་སོགས་པ་རྣམས་ཀྱང་ཕལ་ཆེར་དྲོན་པོ་སྦྱར་ན་ཕན་ནོ། །དུག་གིས་ཟིན་པའི་རྨ་གཞན་དུ་མཆེད་ཅིང་སྣགས་པ་དང། པགས་པ་རུལ་པ་ལ་ནི་མིའི་སྐྲ་དང། ཡུངས་ཀར་སེར་པོ་དང། བུ་རམ་རྙིང་བ་རྣམས
་སྦྱར་བའི་དུང་པས་དུག་སྟེ། དེ་ནི་དུག་ནད་ཐམས་ཅད་ལ་བདུག་པར་བྱ་སྟེ་ཞེས་དྲང་སྲོང་ཆེན་པོ་འགྲོ་བ་སྐྱོང་གིས་བཤད་དོ། །སྲིན་བུའི་དུག་དང། སྡིག་པའི་དུག་མི་བཤད་པ་གཉིས་ལ་ནི་སྦྲུལ་གྱི་དུག་གི་གསོ་བ་བཞིན་དུ་བྱ་སྟེ། དེ་བཞིན
་དུག་འཇོམས་པའི་གསོ་བ་ཐམས་ཅད་དང། སློན་ཁྲུས་ཀྱིས་ལུས་དག་པ་རྣམས་སྤྱད་དོ། །མོན་སྲན་རྡེའུ་དམེ་རུ་དང། དུར་བྱིད་ཆ་བསྙམས་ཏེ་མར་དང་སྦྱར་བ་བླུད་ན་སྲིན་བུའི་དུག་གཡོ་བར་མི་འགྱུར་ཏེ། ཇི་ལྟར་རླུང་གིས་གངས་ཏི་སི་མི་བསྒུལ་བ་བཞིན་ནོ། །
་ཤིང་འོ་མ་ཅན་གྱི་ཤུན་པ་བཏགས་པའི་ལྡེ་གུས་ལུས་སྦྱར་བའི་འོག་ཏུ་བསྐུས་ན་སྲིན་བུ་ལས་གྱུར་པའི་དུག་ཐམས་ཅད་འཇོམས་སོ། །གོང་དུ་བཤད་བའི་བྱུག་པའི་མཆོག་དེས་བསྐུས་ན་སྐྲང་བ་དང། ན་ཞིང་ཚ་བ་དང། རིམས་རྣམས་སེལ་བར་བྱེད་དོ། །ཤུ
་དག་དང། ཤིང་ཀུན་དང། བྱི་དང་ག་དང། རྒྱམ་ཚ་དང། ཧ་སྟི་པི་པི་ལིང་དང། པ་ཐ་དང། བོང་བ་དཀར་པོ་དང། ཚ་བ་གསུམ་དང། དེ་རྣམས་ལྷན་ཅིག་སྦྱར་བ་ནི་ཡན་ལག་བཅུ་པ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་སྲིན་བུའི་དུག་ཐམས་ཅད་ལས
་རྒྱལ་བར་བྱེད་དོ། །ཞེས་དྲང་སྲོང་འགྲོ་བ་སྐྱོང་གིས་བཤད་དོ། །སྡིག་པས་ཟིན་པ་ལ་ནི་དེ་མ་ཐག་ཙག་ཀྲ་མར་ཐའི་འབྲུ་མར་གྱིས་བསྐུ་པར་བྱའོ། །ཡང་ན་ས་ལ་པརྞི་བསྐོལ་བའི་ཆུ་དྲོ་འཇམ་ཙམ་གྱིས་བསྐུས་པ་འམ། ཡང་ན་རྒྱམ་ཚ་མར་དང
་བཅས་པས་ཡང་དང་ཡང་དུ་བསྐུའོ། །རང་སྐྱུར་དྲོ་འཇམ་ཙམ་འམ། འོ་མ་དང་བཅས་པའི་ལན་ཚས་བསྐུའོ། །མར་བརྡོས་པའི་ནང་དུ་གོང་སྙོད་དང། རྒྱམ་ཚ་བཏགས་པའི་ཕྱེ་མས་བཏབ་པའི་ལྡེ་གུས་རྨའི་ཐོན་འཁོར་དུ་དུགས་བྱའོ། །དེ་ནས
་རྨའི་སྟེང་དུ་ཞལ་ཞལ་བྱས་ལ། ཡུང་བ་དང་རྒྱམ་ཚྭ་དང། ཚ་བ་གསུམ་དང། ཤྲི་ཤའི་མེ་ཏོག་དང། འབྲས་བུ་བཏགས་པའི་ཕྱེ་མ་མ་དུ་ལུང་ཀའི་ཁུ་བ་འམ། །བ་གཅིན་ནམ་ཆང་གི་དངས་མ་དང་སྦྱར་བའི་ལྡེ་གུས་བསྐུའོ། །དེ་བཞིན་དུ
་ཏིལ་གྱི་ཚིགས་མ་འམ་བ་ལང་གི་ལྕི་བ་དྲོ་འཇམ་བྱུག་གོ་།བཏུང་བར་ནི་མར་དང་སྦྲང་རྩི་བཅས་པ་འམ། འོ་མ་དང་ཤ་ཁ་ར་ཤས་ཆེར་བཏབ་པ་བླུད་དོ། །ཕུག་རོན་གྱི་རྟུག་པ་དང། མར་དང། རྒྱ་སྤོས་དང། བཅའ་སྒ་དང། འདི་རྣམས
་ཀྱི་ཕྱེ་མ་ཁ་ལུང་གི་ཁུ་བའི་ནང་དུ་བཏབས་ཏེ་འཐུངས་ན་སྡིག་པས་ཟིན་པའི་དུག་འཇོམས་པའི་མཆོག་ཡིན་ནོ། །རྔ་མོའི་མཆེ་བ་ཆུ་བལ་དང། ལྷན་ཅིག་སྦྱར་བ་ནི་སྡིག་པའི་དུག་འཇོམས་པར་བྱེད་དོ། །ཤིང་ཀུན་དང། བ་བླ་ཁ
་ལུང་གི་ཁུ་བའི་ནང་དུ་བཏགས་པའི་ལྡེ་གུས་བྱུག་པ་དང། མིག་སྨན་དང། རི་ལུར་བྱས་ཏེ་བསྟེན་ན་སྡིག་པས་ཟིན་པའི་དུག་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ཀ་རཉྫ་དང། ཨ་ཛུ་ན་དང། ཤེལ་ལུ་ནི་དང། གེ་རི་ཀོརྞ་ཀི་དང། ཤྲི་ཤའི་མེ
་ཏོག་དང། འདི་རྣམས་ཞོ་ག་ཆུ་ལས་བཏགས་བས་བསྐུས་ན་སྡིག་བས་ཟིན་པའི་དུག་ལ་ཕན་ནོ། །གང་མྱོས་ཤིང་དམུགས་ཤས་བྱེད་པ་དང། དབུགས་རྔམ་པ་འཐོན་པ་དང། གླལ་བ་དང། མི་ཟད་པར་ན་བ་དེ་ལ་ནི། ཨ་རུ་ར་དང། ཡུང
་བ་དང། པི་པི་ལིང་དང། བཙོད་དང། བོང་ང་དཀར་པོ་དང། ན་ལེ་ཤམ་དང། བ་སྤྲུ་བ་དང། བཀྲུ་སྨན་དང། བར་དཀའ་ཨི་ཁུ་བའི་ནང་དུ་བཏགས་ཏེ་བྱུག་པ་བྱའོ། །དུག་གིས་ཐམས་ཅད་དུ་ཁྲག་ཁྱབ་པ་ལ་ནི་ཞོ་དང། མར་བླུད་པ་དང། རྩ་ལས
་ཁྲག་གཏར་བ་དང། སྣ་སྨན་དང། མིག་སྨན་ཡང་བྱའོ། །དྲོ་བ་དང། སྣུམ་པ་དང། སྐྱུར་བ་དང། མངར་བ་དང། རླུང་འཇོམས་པའི་ཁ་ཟས་ཀྱང་སྦྱར་རོ། །དོང་ཀྲ་དང། ཁྱིམ་གྱི་ཐི་བའི་རྟུག་པ་དང། བ་ལུང་གི་ཁུ་བ་དང། པ་ལུང་གི་ཁུ་བ
་དང། བ་བླ་དང། རྒྱམ་ཚ་དང། འདི་རྣམས་སྦྱར་བའི་ལྡེ་གུའི་དུག་སྨན་འདིས་སྦྲང་མའི་རིགས་ཀྱི་དུག་མྱུར་དུ་འཇོམས་པར་བྱེད་དོ། །སྡིག་པས་ཟིན་པའི་རྨ་དུས་ཕྱིས་ཞིག་ན་དུག་གིས་གནོད་པ་ཡང་དག་པར་བསྐྱེད་པ་ལ་ནི་རྨ་ལ་བྱུག
་པས་བསྐུ་བར་བྱ་སྟེ། ཨུ་ཙ་ཏིང་ག་ཞེས་བྱ་བའི་དུག་གི་ཡང་ཆོ་ག་འདི་བཞིན་དུ་བྱའོ། །གླང་པོ་ཆེའི་རྟུག་པ་དང། ཚད་དྲ་དང། རེ་ཧི་ཤིའི་རྩ་བ་དང། ཤེ་ལུའི་ཁུ་བ་དང། ལྷན་ཅིག་བསྐུ་བ་དང། རི་ལུར་དང་བྱུག་པ་ལ་སོགས་བྱས་ན་སྦྲང
་མའི་དུག་འཇོམས་པར་བྱེད་པའི་གཙོ་བོ་ཡིན་ནོ། །ཤྲི་ཤའི་ས་བོན་ཨརྐའི་འོ་མ་དང་ནང་དུ་ཕོགས་གསུམ་བསྒོས་ཏེ། པི་པི་ལིང་གི་ཕྱེ་མས་བསྲེགས་པ་དུག་འཇོམས་པའི་སྨན་འདིས་ནི་སྲོག་ཆགས་ག་དའི་དུག་དང། སྦྲུལ་གྱི་དུག་དང། སྲོག་ཆགས་ལུ
་སྟའི་དུག་དང། བྱི་བའི་དུག་དང། སྡིག་པའི་དུག་རྣམས་སེལ་བར་བྱེད་དོ། །ཤྲི་ཤའི་ས་བོན་དང། ཀ་རཉྫའི་ས་བོན་དང། གུར་ཀུམ་དང། རུ་རྟ་དང། ལྡོང་རོས་དང། འདི་རྣམས་ལྷན་ཅིག་སྦྱར་བའི་དུག་འཇོམས་པའི་སྨན་འདི་ནི་རྒྱལ་བ་སངས་རྒྱས
་ཀྱིས་གསུངས་ཏེ། སྲིན་བུ་མཚན་མོ་ཅན་དང། སྡིག་པའི་དུག་ལུས་ལ་ཁྱབ་པ་ཞིག་ཏུ་སྡུད་པར་བྱེད་དོ། །སྲོག་ཆགས་ཀི་ཏའི་དུག་པས་ཀྱང་སྲོག་ཆགས་ལུ་ཏའི་དུག་མི་བཟད་པ་ཡིན་ཏེ། དེ་ཡང་སྲོག་ཆགས་ལུ་ཏའི་དབྱེ་བ་ཡང་བཅུ་དྲུག་ཡོད
་དོ་ཞེས་ཁ་ཅིག་འཆད་དོ། །ཁ་ཅིག་ནི་ཉི་ཤུ་རྩ་བརྒྱད་ཡོད་དོ་ཞེས་ཟེར་རོ། །གཞན་དག་ནི་ཉི་མའི་ཕྱི་བཞིན་འབྲང་ཞིང་སྟོང་ཕྲག་ཙམ་དུ་ཡོད་དོ་ཞེས་འཆད་དོ། །སྲོག་ཆགས་ལུ་ཏ་ཞེས་བྱ་བ་དེའི་ཚུལ་ནི་གནོད་པར་བྱེད་པར་སྣང་ན་ཡང
་མཚན་ཉིད་ནི་དུག་དང་གཅིག་གོ་།སྲོག་ཆགས་ལུ་ཏ་དེའི་ལུས་དང་མིང་ཡང་ཤེས་པར་དཀའ་ཞིང། འདྲེས་པ་ཡིན་ཏེ། གནས་སུ་བཞག་པ་ཡང་མེད་དོ། །དེ་བས་ན་ནད་གཞི་ལ་བརྟེན་ཏེ་ཤེས་པར་བྱའོ། །དེ་ཡང་ནད་གཞི་ལ་རེ་རེ་ལས
་གྱུར་པའི་ལུ་ཏའི་དུག་ནི་གསོ་དཀའ་བ་ཡིན་ཏེ། ལུ་ཏའི་ནད་འདུས་པ་ལས་གྱུར་པ་ནི་གསོར་མི་རུང་ངོ། །མཁྲིས་པ་ལས་གྱུར་པའི་ལུ་ཏའི་མཚན་མ་ནི་ལུས་ཚ་བ་འུར་འུར་པོར་འདུག་པ་དང། འབྲུམ་བུ་གསུམ་འབྱུང་བ་དང། རིམས
་ཀྱིས་འདེབས་པ་དང། རྨོད་བག་ཏུ་འདུག་པ་དང། ཚ་བ་ཆེ་བ་དང། མདོག་སེར་ཞིང་དམར་བ་དང། རུལ་པ་དང། རྒུན་འབྲུམ་གྱི་འབྲས་བུ་འདྲ་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་ལུ་ཏའི་མཚན་མ་ནི་སྲ་བ་དང། མདོག་དཀར་བ་དང།
་ཤིང་ཏོག་བ་རུ་ཤ་ཀའི་དབྱིབས་འདྲ་བ་དང། གཉིད་ཆེ་བ་དང་གྲང་བ་དང། རིམས་ཀྱིས་འདེབས་པ་དང། ལུད་པ་ལུ་ཞིང་ལྷག་པར་གཡའ་བ་དང་ལྡན་པ་ཡིན་ནོ། །རླུང་ལས་གྱུར་པའི་ལུ་ཏའི་མཚན་མ་ནི་རྩུབ་ཅིང་རུང་རུང་བོར་འདུག་པ
་པ་དང། མདོག་གནག་པ་དང། ཚིགས་རྣམས་བྱེ་པ་སྙམ་བྱེད་པ་དང། རིམས་ཀྱིས་འདེབས་པར་བྱེད་པ་ཡིན་ནོ། །སྲོག་ཆགས་ལུ་ཏ་དེའི་རང་རང་གི་དབྱེ་བ་ཡང་ནན་གྱིས་བརྟགས་ལ་ཤེས་པར་བྱའོ། །འདུས་པ་ལས་གྱུར་པའི་གསོར་མི་རུང་བའི་ལུ
་ཏའི་ནད་ནི་སྙིང་ཚ་འུར་འུར་བོར་འདུག་པ་དང། དབུགས་མི་བདེ་བ་དང། སྐྱིགས་བུའི་ནད་དང། མགོ་འགྱུར་མི་ཤེས་པ་དང། འབྲུམ་བུའི་མདོག་དཀར་བ་དང། སེར་བ་དང། གནག་པ་དང། དམར་བ་དང། སྐྲང་བ་དང། ལུས་འདར་བ་དང། སློན་པ
་དང། ལུས་ཚ་བ་དང། སྐོམ་དང་ཆེ་བ་དང། ལོང་བར་འགྱུར་བ་དང། སྣ་ཡོ་བར་འགྱུར་བ་དང། མཆུ་དང་ཁ་དང། སོ་གནག་པར་འགྱུར་བ་དང། རྒྱབ་ཀྱི་སྒལ་ཚིགས་དང། མགྲིན་པ་ཞིག་པར་འགྱུར་བ་དང། ཤིང་འཛམ་བུ་སྨིན་པའི་མདོག
་འདྲ་བར་སྣང་བ་དང། རྨའི་སྒོ་ནས་ཁྲག་འཛག་པར་འགྱུར་བ་དང། དེ་ནི་ཕལ་ཆེར་ས་ལས་བྱུང་བའི་སྲོག་ཆགས་ལུ་ཏའི་དུག་ཡིན་པར་ཤེས་པར་བྱའོ། །ས་ལས་བྱུང་བའི་སྲོག་ཆགས་ལུ་ཏ་དེ་ཡང་དུག་ཤིན་ཏུ་རྣོ་བ་དང། འབྲིང་དང། ཐ་མ
་དང། རྣམ་པ་གསུམ་དུ་བཤད་དེ། གསོ་བ་མ་བྱས་ཏེ་ཡལ་བར་དོར་ན་ནི་འཆི་བར་འགྱུར་ཏེ། ཞག་བདུན་དང། ཞག་བཅུ་དང། ཟླ་བ་ཕྱེད་དང། གོ་རིམ་བཞིན་ནོ། །སྲོག་ཆགས་ལུ་ཏས་ཟིན་པའི་རྨ་ཐམས་ཅད་ཀྱང་ཤུ་བའི་འཁོར་ལིང་ལྟ་བུར་སྣང
་བ་དང། དེ་ཡང་དཀར་བ་དང། རྩ་གནག་པ་དང། སེར་བ་དང། སྔོ་བསངས་སུ་འདུག་པ་དང། འཇམ་པ་དང། མཐོན་པོར་འདུག་པ་དང། རྨའི་དབུས་གནག་པ་འམ། ཡང་ན་བར་སྔོ་བསངས་སུ་འདུག་པ་དང། རྨའི་ཐ་མ་དྲ་བ་ལྟ་བུས་ཁེབས་པ
་ཡིན་ནོ། །རྨ་དེ་ཤུ་བ་མཆེད་པ་དང། སྐྲང་བ་དང། ལུས་ཚ་བ་དང། ཟུག་གཟེར་མང་དུ་སྐྱེ་བ་དང། རིམས་ཀྱིས་འདེབས་པ་དང། མྱུར་དུ་སྨིན་ཅང་སྣགས་པ་དང། སོ་སོ་འགས་པ་དང་ལྡན་པ་དང། ལུས་གང་དུ་རྣག་གིས་རེག་པ་དེར་རྨ་སྐྱེད་པར་བྱེད་དོ། །གཞན་དག་ན
་ནི་སྲོག་ཆགས་ལུ་ཏའི་དུག་རྣམ་པ་བརྒྱད་དོ་ཞེས་བྱ་བ་ནི་དབུགས་དང། མཆེ་བ་དང། བཤང་བ་དང། གཅི་བ་དང། ཁུ་ཆུ་དང། སེན་མོ་དང། ཁྲག་དང། ཁྱད་པར་དུ་ནི་ཁ་ལ་དུག་ཡོད་དོ། སྲོག་ཆགས་ལུ་ཏའི་དུག་དེ་ལྟེ་བའི་ཕྱོགས་སུ་བྱུང་སྟེ། ལུས
་ཀྱི་གོང་འོག་ཏུ་སྲིན་བུ་འབྱུང་ཞིང་རྨ་སྐྱེད་དེ། དེས་རེག་པའི་གོས་ལ་སོགས་པ་དང། རེག་ན་ཡང་ན་བར་བྱེད་དོ། །དེ་ལ་སྲོག་ཆགས་ལུ་ཏས་ཟིན་པའི་དུག་གིས་ཤུགས་དང་པོ་ལ་ནི་ཉི་མ་ཕྱེད་ཀྱི་བར་དུ་ཁབ་ཀྱིས་ཕུག་པ་ཙམ་གྱི་བུ་ག་མང་དུ་སྣང་བ
་ཡིན་ནོ། །དེའི་མདོག་རབ་ཏུ་མི་གསལ་བར་སྣང་ཞིང། ཅུང་ཟད་གཡའ་བ་དང། ན་བ་དང། ལྡན་པར་བྱེད་དོ། །ཞག་གཉིས་པ་ལ་ནི་གོང་མ་ལྟར་སྣང་བའི་བུ་གའི་ནང་དུ་འབྲུམ་བུ་ཁྱབ་པར་སྣང་ཞིང་མདོག་གསལ་ལ། དབུས་མཐོན་པོར་འདུག་པ་དང།
་གཡའ་བ་དང། རྨེན་བུ་ལྟར་སྣང་བ་ཡིན་ནོ། །ཞག་གསུམ་པ་ལ་ནི་རིམས་ཀྱིས་འདེབ་པ་དང། བ་སྤུ་ལངས་པ་དང། ཁྲག་མདོག་དམར་བ་འཁོར་ལིང་རྫ་བདེ་ལྟ་བུར་སྣང་བ་དང། ཚབས་ཆེར་ན་ཞིང་བ་སྤུའི་ཁུང་བུ་ནས་འཛག་པ་དང་བཅས་པ་ཡིན་ནོ།
་ཉིན་ཞག་བཞི་པ་ལ་ནི་ཤས་ཆེར་སྐྲང་ཞིང་ལུས་ཚ་བ་དང། དབུགས་མི་བདེ་བ་དང། མགོ་འཁོར་བར་བྱེད་དོ། །ཞག་ལྔ་པ་ལ་ནི་དུག་འཁྲུགས་པའི་ནང་དེ་དེར་སྐྱེ་བར་བྱེད་དོ། །ཞག་དྲུག་པ་ལ་ནི་དུག་གི་ཤུགས་ནང་དུ་འབྱུང་བར་བྱེད་པ་ཡིན་ནོ། །ཞག
་བདུན་པ་ལ་ནི་སྲོག་འདོར་བར་བྱེད་དོ། །དེ་བཞིན་དུ་དུག་གི་ཤུགས་རྣོ་བ་དང། བར་མ་དང། ཐ་མའི་དབྱེ་བས་ཞག་བདུན་དང། བཅུ་དང་ཟླ་བ་ཕྱེད་ཀྱིས་འཆི་བར་བྱེད་པ་ཡིན་ནོ། །གལ་ཏེ་འཚོ་བ་ཡིན་ན་ནི། །ཞག་ཉི་ཤུ་དུག་གི་ཤུགས་རྣམ་པ་ཐམས་ཅད
་དུ་ཞི་བར་བྱེད་དོ། །དེ་ནས་སྲོག་ཆགས་ལུ་ཏས་ཟིན་པ་ལ་ནི། མཚོན་གྱིས་མྱུར་དུ་དབྱུང་བར་བྱའོ། །ཤིང་འཛམ་བུ་ལ་སོགས་པ་ཤིང་རྣམ་པ་བརྒྱད་ཀྱིས་བསྲེག་པར་བྱའོ། །མཁྲིས་པ་ཤས་ཆེ་བ་ལ་ནི་མི་སྲེག་གོ་།སྲོག་ཆགས་ལུ་ཏས་ཟིན་པའི
་རྨ་ནང་ལ་བརྟེན་ཅིང་གནས་བཅས་ཏེ་སྤུ་འབྱི་བ་དང། རྩུབ་པ་དང། རྒྱ་ཆེར་སོང་བ་དེ་ནི་བཅད་པའམ་བསྲེག་པར་བྱའོ། །གོང་དུ་སྨོས་པའི་དུག་འཇོམས་པའི་སྨན་བཏགས་པའི་ཕྱི་མ་དང། རྒྱམ་ཚ་དང་སྦྲང་རྩི་དང་སྦྱར་ཏེ་སྐུའོ། །ཤིང་འོ་མ་ཅན་བསྐོལ་བའི
་ཁུ་བ་གྲང་མོས་བླུགས་པར་བྱའོ། །ལུས་ཀུན་དུ་རྨ་དང་ནང་གང་ན་ཡོད་ཀྱང། གཏར་གས་ཁྲག་དབྱུང་བ་དང། རྭ་གང་ཡང་རུང་བས་གཏར་ག་བྱའོ། །བྱང་ཆུབ་ཀྱི་ཤིང་དང། སྨན་སླེ་མཐང་ཀ་དང། བ་རུ་ར་དང། པྲི་ཡང་ཀུ་དང། སེར་པོ་རྣམ་གཉིས་དང
་ཤུག་པ་དང། དེ་རྣམས་སྦྲང་རྩི་དང་མར་དང་སྦྱར་བ་གྲང་མོས་བླུགས་པ་དང། བྱུག་པ་ལས་ཐམས་ཅད་ལ་སྦྱར་ན་ལུ་ཏ་དང། སྲིན་བུ་ཤི་ཏ་ལ་སོགས་པའི་དུག་མ་ལུས་པ་འཇོམས་པར་བྱེད་དོ། །སེར་པོ་རྣམ་གཉིས་དང། ཤུག་པ་དང་དེ་རྣམས
་སྦྲང་རྩི་དང། མར་དང་སྦྱར་བ་གྲང་མོས་བླུགས་པ་དང། བྱུག་པ་ལས་ཐམས་ཅད་ལ་སྦྱར་ན་ལུ་ཏ་དང། སྲིན་བུ་ཤིང་རྟ་ལ་སོགས་པའི་དུག་མ་ལུས་པ་འཇོམས་པར་བྱེད་དོ། །རྨ་ཤིང་དང་བཙོད་དང། པདྨ་གེ་སར་དང། རྒྱ་སྤོས་དང་དེ་རྣམས་མར་
་དང་སྦྲང་རྩི་དང་སྦྱར་བའི་ནང་དུ་ཙམ་པ་ཀས་བསྐོལ་ཏེ་བཏང་བ་ནི་ཕན་ཡོན་གོང་མ་བས་འཕགས་སོ། །སྨན་གོང་མ་དེ་ཉིད་ཀྱི་ནང་དུ་བ་ལང་གི་ལྕི་ཁུ་དང། ཤ་ཁ་ར་དང། མར་དང་སྦྲང་རྩི་དང་སྦྱར་བ་ཡང་ཕན་ཡོན་གོང་མ་དང་འདྲའོ། ། ཕ
་མངྒ་དང། ལྡོང་རོས་དང། བ་བླ་དང་སྐྱེར་པ་དང་བྱ་མ་ཀ་དང། བཙག་ཡུག་སྣམ་དང་རྒྱ་སྤོས་དང། སུག་སྨེལ་དང། རུ་རྟ་དང། ན་ལེ་ཤམ་དང་ཤིང་མངར་དང། དེ་རྣམས་མར་དང་སྦྲང་རྩིར་སྦྱར་བ་ནི་དུག་འཇོམས་པའི་སྨན་མནད་ར་ཞེས་བྱ་སྟེ། ལྡེ
་གུས་སོགས་པ་བྱས་ཏེ་བཟའ་ཨོ། །རྒྱ་སྤོས་དང་གསེང་ཕྲོམ་དང། ཤུ་དག་དང། པུ་ཙེ་ཤེལ་དང། པ་ཐ་དང། སུག་སྨེལ་དང། གུར་གུམ་དང། དེ་རྣམས་ལྷན་ཅིག་སྦྱར་བའི་དུག་འཇོམས་པའི་སྨན་འདི་ནི་ནད་གཞི་མང་པོ་ལ་སྦྱར་བར་བྱ་སྟེ། གནད་མ་ད་ཞེས་བྱའོ།།
་ཤིང་མངར་དང། པོ་སོན་ཆ་དང། ཨ་གོ་ལ་དང། ཀོ་ཤ་ཏ་ཀེ་དང། སིནདུ་བ་ར་དང། དེ་རྣམས་འབྲས་བུ་གསུམ་བསྐོལ་བའི་ཆུ་དང་སྦྱར་ཏེ་འཐུངས་ན། བད་ཀན་ལས་གྱུར་པའི་དུག་ནད་མི་བཟད་པ་ཕྱིར་འབྱིན་ཏེ་སྐྱུག་པར་བྱེད་དོ། །ཤྲི་ཤའི་ལོ་མ་དང་རྩ་པ
་དང་འབྲས་བུ་འམ། ཡང་ན་ཨ་གོ་ལའི་ལོ་མ་དང། རྩ་བ་དང་འབྲས་བུ་དང། དེ་གཉིས་གང་ཡང་རུང་པ་འབྲས་བུ་གསུམ་དང་ལྷན་ཅིག་བསྐོལ་པའི་ཁུ་བའི་ནང་དུ། ནི་ལི་ནི་དང། དུར་བྱིད་ལ་སོགས་པའི་ཕྱེ་མ་བཏབ་སྟེ། བཀྲུ་སྨན་དུ་སྦྱར་རོ།།
་སྲོག་ཆགས་ལུ་ཏས་ཟིན་པའི་དུག་ནང་ལ་ཆ་བ་དང་སྐྲང་བ་ལ་སོགས་པའི་ནད་ཞི་བ་དང། པདྨའི་སྙིང་པོ་ཞེས་བྱ་བའི་ནད་རྨའི་ནང་དུ་འབྱུང་སྟེ། དེ་ལ་ནི་ལེབ་རྩིའི་མེ་ཏོག་དང། བ་བླ་དང། གཙང་སྨན་ཁྲོན་པུ་དང། ཐི་བའི་རྟུག་པ་དང། དུར་བྱིད་དང། རྒྱལ?
་ཚ་དང། དནྟི་དང། དེ་རྣམས་སྦྱར་བས་རྨ་ལ་བསྐུས་ན་པད་མའི་སྙིང་པོ་ཞེས་བྱ་བའི་ནད་འབྱིན་པར་བྱེད་དོ། །ཡང་ན་ཨུ་ཏ་མ་ཀི་ན་རིའི་རྩ་བ་དང། སྨིག་མའི་ཤུན་པ་སྦྱར་བས་བསྐུ་བ་འམ། ཡང་ན་རྒྱམ་ཚ་དང། རུ་རྟ་དང། དནྟི་དང། པུ་ཙེ
་ཤེལ་དང། དེ་རྣམས་ཞོ་དང་ལྷན་ཅིག་སྦྱར་བ་འམ། ཡང་ན་རྭ་ཙ་ཀོ་ཤ་ཏ་ཀའི་རྩ་བ་དང། ཕབས་གཉིས་དརྦ་དང། ལྷན་ཅིག་སྦྱོར་བ་འམ། སྦྱོར་བ་དེ་དག་གང་ཡང་རུང་བས་བསྐུ་བ་བྱས་ན་པདྨའི་སྙིང་པོ་ཞེས་བྱ་བའི་ནད་འབྱིན་པར་བྱེད་དོ།།
་དེའི་དུས་སུ་དུག་འཇོམས་པའི་སྨན་གྱིས་ཉམས་བརྟ་པར་བྱ་སྟེ། དེ་ཡང་སྣུམ་གྱིས་བྱ་བ་མ་ལུས་པ་དང། མར་རྣམས་ལེགས་པར་སྤྱད་དོ། །དུག་གི་ནད་ཀྱིས་ཟིན་བ་ལ་ནི་ཏིལ་མར་བླུང་ཅིང་བསྟན་ན་དུག་འཕེལ་ཞིང་རྒྱས་པར་འགྱུར་ཏེ་ཇི་ལྟར
་རྩལ་མེ་མཆེད་པ་བཞིན་ནོ། །བ་ལུ་དང། ཀརྐ་ཏ་དང། ཐལ་ཏྲེས་དང། གླ་སྒང་དང། ཤི་ཙ་དང། ཙན་དན་དང། སོ་ན་ཀ་དང། ཉ་ལྕིབས་དང། ཨུཏཔལ་སྔོན་པོ་དང། རྒྱ་སྤོས་དང། ཤིང་མངར་དང། ཤིང་ཚ་དང། ན་ཀུ་ལི་དང། ཤུག་པ་དང། པོ
་སོན་ཆའི་རྐང་དང། དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་སྐྱེར་པ་དང། འབྲས་གང་དང། སརྦ་ལོ་ཅན་དང། པི་པི་ལིང་དང། བཅའ་སྒ་དང། པི་པི་ལིང་གི་རྩ་བ་དང། ཙི་ར་ཀ་དང། བར་ན་དང། ཨ་ག་རུ་དང། བིལྦ་དང། པ་ཏ་ལི་དང། ནིམྦ་དང། རུ
་རྟ་དང། ཤེ་ལུ་དང། ན་ག་གེ་སར་དང། དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་བིལྦ་དང། ཙན་དན་དང། རྒྱ་སྤོས་དང། ཨུཏཔལ་དང། བཅའ་སྒ་དང། པི་པི་ལིང་དང། ལྕམ་མ་དང། ཅུང་ལྕམ་དང། རུ་རྟ་དང། ཉ་ཕྱིས་དང། ཤལམ་ལི་དང། འབྲས
་བུ་གསུམ་དང། བ་ཏ་ལི་དང། ག་བྲའི་རྩ་བ་དང། སེནྟུ་བ་ར་དང། ཀ་ར་གྷ་དང། ཤིང་ཚ་དང་དེ་རྣམས་ལྷན་ཅིག་སྦྱར་བ་འམ། སྦྱོར་བ་དེ་དག་གང་ཡང་རུང་བ་བཏུང་བ་དང། མིག་སྨན་དང། སྣར་བླུགས་བ་དང། བྱུག་པ་དང་བླུགས་པ་ལ་སོགས་པ་བྱས་ན་དུག
་འཇོམས་པའི་སྨན་གྱི་མཆོག་ཡིན་ཏེ། མཁྲིས་པ་དང་བད་ཀན་དང་རླུང་ལས་གྱུར་པའི་ལུ་ཏའི་དུག་འཇོམས་པར་བྱེད་དོ། །ཅི་ལྟར་འཕོངས་པས་དབང་རྙེད་ན་འབྱོར་པ་འགྲུབ་པ་བཞིན་ནོ། །གསེར་ཕྲོམ་དང། པུ་ཤེལ་ཙི་དང། ཤུག་པ་དང། པདྨ་གེ
་སར་དང། ཙན་དན་སེར་པོ་དང། ཙན་དན་དམར་པོ་དང། པྲི་ཡཾ་ཀུའི་མེ་ཏོག་དང། པ་ཡསསྱ་དང། པདྨའི་རྩ་ལག་དང། དེ་རྣམས་སྦྱོར་པ་ཐམས་ཅད་ལ་སྦྱར་ན་སྲོག་ཆགས་ལུ་ཏའི་འདུག་ཐམས་ཅད་འཇོམས་སོ། །སྲིན་བུའི་དུག་ཅན་དང། སྲོག་ཆགས
་ལུ་ཏ་ལ་སོགས་པས་ཟིན་པའི་ནད་བརྟག་པ་དང། གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པ་རྫོགས་སོ།། །།དེ་ནས་བྱི་བ་དང་ཨ་ལངཀའི་དུག་གིས་བཟུང་བའི་ནད་དམིགས་བརྟག་ཅིང་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བྱི་བའི་བྱེ་བྲག
་རྣམ་པ་བཅོ་བརྒྱད་ཡོད་དེ། པ་ཙ་ལ་དང། པུ་ཊ་ལ་དང། ཧ་ས་ན་དང། ཙ་གི་རཱི་ཙི་ན་དང། ཀ་ཤ་ཡ་དནྟ་དང། ཀོ་ཀི་ལ་དང་ཀ་མི་ལ་དང། ཨ་ས་ཏ་དང། ཨ་རུ་ར་དང་ཤ་ཐལ་དང། ཤེ་ཏ་དང་ཀ་པོ་ཏ་དང། ཀ་པི་ལུ་དང། ཨུནདུ་ར་དང། ཚུ་ཚུན་ད་ར་དང། རལ་ས་དང
་དེ་རྣམས་ནི་མིང་གི་རྣམ་གྲངས་སོ། །བྱི་བ་དེ་དག་གི་དུག་གིས་ཟིན་པའི་མཚན་མ་ནི། བྱི་བ་དེ་དག་གི་ཁ་ཆུས་ལུས་ལ་ཕོག་གམ་བྱི་པའི་ཁུ་ཆུས་ཕོག་པའི་གོས་དང་རེག་ཀྱང་རུང་སྟེ། དེས་ལུས་དང་ཡན་ལག་རྣམས་སུ་ཕོག་ཅིང་རིག་པས་ཁྲག་སྐྱོན་དང
་བཅས་པར་བྱས་མདོག་དཀར་བ་དང། ཐོར་བུ་དང་སྐྲང་བ་དང། ཤུ་བ་འཁོར་བའི་ལིང་དུ་བྱུང་བ་དང། མགོ་འཁོར་བ་དང། ཡི་ག་འཆུས་པ་དང་ལུས་གྲང་བ་དང། རིམས་ཀྱིས་འདེབས་པ་དང། རབ་ཏུ་ན་བ་དང། ལུས་ཉམ་སྨས་པ་དང། འདར་བ་དང།
་ཚིགས་རྣམས་སུ་ཟུག་པ་དང། སྤུ་ཟིང་ཞེས་བྱེད་པ་དང། རྣག་ཁྲག་འཛག་པ་དང། བརྒྱལ་བ་དང་ཡུན་རིང་དུ་ནང་དང་འབྲེལ་བ་ཡིན་ནོ། །བྱི་པའི་ཕྲུ་གུ་མང་དུ་བླངས་ཏེ། དེའི་སྐྱུགས་པ་མི་ལ་རེག་པས་བད་ཀན་དང་འབྲེལ་པའི་ནང་དུ་འགྱུར་ཏེ། དེ་ཡང
་སྐོམ་དང་ཆེ་བ་ཡིན་ནོ། །བྱི་བ་འདོད་པ་སྤྱད་ཅིང་དེའི་ཁུ་བས་མི་ལ་རེག་པའི་དུག་ནི་ཡང་དང་ཡང་ལྡང་བ་ཡིན་ཏེ་གསོ་དཀའ་བ་ཡིན་ནོ། །བརྒྱལ་བ་དང་ལུས་སྐྲང་བ་དང། ལུས་མདོག་འགྱུར་ཞིང་དབལ་སྐྱབ་པ་དང། སྣགས་པ་དང། རྣ་བས་སྒྲ་མི་ཐོས་པ
་དང། རིམས་ཀྱིས་འདེབས་པ་དང། མགོ་ལྕི་བ་དང། ཁ་ཆུ་དང། ཁ་ནས་ཁྲག་སྐྱུག་པའི་མཚན་མ་འབྱུང་བ་དང་ལྡན་པ་ནི་གསོར་མི་རུང་བ་ཡིན་ནོ། །དེ་ལ་བྱི་བ་ཚུ་ཚུན་དར་ཞེས་བྱ་བའི་དུག་གིས་ཟིན་པའི་རྟགས་ནི་ཆུ་སོ་སྐྲང་པ་དང། མཆུའི་མདོག་འགྱུར་བ
་དང་བྱི་པ་འདྲ་བའི་རྨེན་བུས་ལུས་ལ་ཁྱབ་པ་དང། བྱི་བ་ཉིད་ཀྱི་དྲི་བྲོ་བ་དེ་ནི་སྤང་བར་བྱའོ། །བྱི་བའི་དུག་གིས་བད་ཀན་གྱི་ནང་འཁྲུག་པར་བྱས་ཏེ་སྐྲང་བ་དང། འདུ་ཤེས་རྒྱུ་བ་འམ། ཡང་ན་མི་རྒྱུ་བ་ལ་བརྟེན་ཏེ་ཁོང་པའི་ནར་དོ་བ་དང། ལུས་ཟུངས་རྣམས
་འཁྲུགས་པར་བྱེད་ཅིང་མི་བཟད་པ་དང། ཁ་ཆུ་ཛག་པ་དང། ལོང་བ་དང། འོན་པར་འགྱུར་བ་དང། སྐྲང་བ་དེ་ལུས་ཀུན་དུ་འཕོ་ཞིང་བྱེར་བ་ཡིན་ནོ། །བྱི་བའི་མཇུག་མ་དང། འགྲམ་པ་དང། ཕྲག་གོང་དང། མགོ་བོ་རྣམས་གནས་ནས་སྐྱོད་པ
་དང། སྡུག་བསྔལ་གྱིས་མགོ་དུང་བ་དང། དེ་ལྟ་བུའི་བྱི་བའི་དུག་གིས་ཟིན་པའི་རྨ་ནི་ཚོར་བ་ཆུང་བ་དང། ཁྲག་ནག་པོ་འཛག་པ་ཡིན་ནོ། །དེའི་འོག་ཏུ་མིག་དང་གོ་བོར་ཟུག་པ་དང། རིམས་ཀྱིས་འདེབས་པ་དང། ལུས་ཁོང་རེངས་པ་དང། སྐོམ་དང་ཆེ་བ་དང།
་བརྒྱལ་བ་དང། གདུག་པ་ཅན་གཞན་གྱིས་མཆེ་བའི་དུག་གིས་ཟིན་པ་ཡང་དེ་བཞིན་དུ་བལྟ་སྟེ། དེ་ཡང་ཅེ་སྤྱང་དང། གྲེའུ་དང། གུང་དང། སྟག་དང་སྤྱང་ཀི་ལ་སོགས་པ་རྣམས་ཀྱིས་ཟིན་ན་ནི། གཡའ་བ་དང། ན་ཞིང་ཟུག་པ་དང། མདོག་འགྱུར་བ་དང།
་ཚོར་བ་མེད་པ་དང། སྣགས་པ་དང། གཉིད་ཆུང་བ་དང། རིམས་ཀྱིས་འདེབས་པ་དང། མགོ་འཁོར་བ་དང། ཚ་བ་འུར་འུར་པོར་འདུག་པ་དང། མདོག་དམར་བ་དང། ན་ཞིང་སྨིན་པ་དང། སྐྲང་བ་དང། རྨེན་དུ་སྐྱེ་བ་དང། ཡན་ལག་འཁུམས་པ་དང། རྨ་འགས་པ
་དང། འབྲུམ་བུ་འབྱུང་བ་དང། པདྨའི་སྙིང་པོ་ལྟ་བུའི་ནད་འཁོར་ལིང་དུ་འབྱུང་བ་དང། མཚན་མ་དེ་དག་དང་ལྡན་ན་ནི། དུག་དང་བཅས་པ་ཡིན་ལ། དུག་མེད་ནི་ན་མཚན་མ་དེ་དག་མི་སྣང་བའོ། །སྲོག་ཆགས་གདུག
་པ་གང་གིས་སྐྱེས་བུ་གང་ཡང་རུང་བ་བཟུང་སྟེ། བཟུང་བ་དེ་ཉིད་ཀྱིས་ཇི་ལྟར་བཟུང་བའི་སྟོན་ཅིང། དེ་མ་ཐག་པ་ལ་དགྱེལ་བ་དང། རྒྱུ་མེད་པར་སྤྲུལ་ལ་སོགས་པས་ཟིན་པ་དང། མེ་ལོང་ལ་ཆུ་ལ་སོགས་པའི་ནང་དུ་མཐོང་བ་དང། ཆུའི་ནང
་དུ་གཞན་གྱིས་མ་བཟུང་བཞིན་དུ་རེག་པ་འམ། མཐོང་བ་འམ། ཐོས་པ་ཙམ་གྱིས་སྡངས་པ་དེ་ནི། ཆུའི་ནང་དུ་སྡངས་པའི་དུག་ཅེས་བྱ་སྟེ། དེ་ནི་སྤང་བར་བྱའོ། །དེ་ལ་ཐོག་མ་བྱི་བའི་དུག་གིས་གཟུང་བར་གྱུར་ན་དེ་མ་ཐག་མདེའུ་བསྲེགས
་བསྲེགས་པར་བྱའོ། །ཡང་ན་མེ་ལོང་བསྲོས་པས་དུགས་བྱའོ། །དེ་ལྟར་མ་བྱས་ན་ནའི་པདྨའི་སྙིང་པོ་ཞེས་བྱ་བའི་ནད་ཤིན་ཏུ་མི་བཟད་པ། ཟུག་གཟེར་དང་བཅས་པར་འགྱུར་རོ། །དེ་ལྟར་བསྲེགས་པའི་འོག་ཏུ་ཆུ་སེར་གཟག་གོ་།ཡང་མཚོན་གྱིས་ཞལ
་ཞལ་བྱས་ལ་དེའི་འོག་ཏུ་ཤྲི་ཤ་དང། ཡུང་བ་དང། རྒྱ་སྤོས་དང། གུར་ཀུམ་དང། སླེ་ཏྲེས་དང། དེ་རྣམས་ཀྱི་བྱུག་པར་བྱའོ། །སོལ་བ་དང། ཁྱིམ་གྱི་དུད་པ་དང། བཙོད་དང། ཡུང་བ་དང། རྒྱམ་ཚ་དང། དེ་རྣམས་ཀྱི་བྱུག་བ་བྱས་ན། བྱི་བའི་དུག་ལས
་རྒྱལ་བར་བྱེད་དོ། །ཀིརྞ་ཀ་ཞེས་བྱ་བའི་དུག་སེལ་ཏོ། །དེ་ནས་རྨ་ཁ་སྐྱུར་གྱིས་བཀྲུས་ཏེ། དེ་ནས་ཡང་སྨན་གྱིས་བསྐུའོ། །སྨན་པ་ལིང་གི་དང། ཀ་ན་ཀ་དཀར་པོ་དང། བིལྦའི་རྩ་བ་དང། སླེ་ཏྲེས་དང། དེ་དག་དང་གཞན་ཡང་དུག་གི་སྐྲངས་པ
་འཇོམས་པའི་སྨན་དང། ལྷན་ཅིག་སྦྱར་ཏེ་བྱུག་པ་བྱས་ལ་རྩ་ལ་ཁྲག་ཀྱང་མྱུར་དུ་དབྱུང་བར་བྱའོ། །སྨན་ནི་ལི་ནི་བསྐོལ་བའི་ནང་དུ་ཤྲི་ཤ་དང། རྒྱ་ཤུག་གི་ཕྱེ་མས་བཏབ་སྟེ་སློན་དུ་གཞུག་གོ་།ཀོ་ཤ་ཏ་ཀི་དང། ཤྲི་ཤ་དང། ཛི་ལུ་ཏྲ་གའི
་འབྲས་བུ་དང། པོ་སོན་ཆ་དང། དེ་རྣམས་ཕྱེ་མར་བྱས་ཏེ། ཞོ་དང་སྦྱར་བ་བླུད་ལ་སློན་དུ་གཞུག་གོ་།ཡང་ན་ཤུ་དག་དང། པོ་སོན་ཆ་དང། ཛི་མུ་ཏ་དང། རུ་རྟ་དང། དེ་རྣམས་པ་གཅིན་ལས་བཏགས་ཏེ། གོང་མ་བཞིན་དུ་བྱས་ལ་བླུད་ན་བྱི་བའི་དུག
་འཇོམས་སོ། །བཀྲུ་སྨན་དུ་བྱས་ན་ནི་ལིན་འདི་དང། དུར་བྱིད་དང། འབྲས་བུ་གསུམ་གྱི་ལྡེ་གུ་འདོད་པ་ཡིན་ནོ། །མགོ་ཁྲུས་ལ་ནི་ཤིང་ཤྲི་ཤིའི་སྙིང་པོ་དང། འབྲས་བུ་འདོད་པ་ཡིན་ནོ། །མིག་སྨན་དུ་ནི་བའི་བཙིར་བའི་ཁུ་བའི་ནང་དུ། རྩ་བ
་གསུམ་གྱིས་ཕྱེ་མས་བཏབ་པ་སྦྱར་རོ། །བ་ལང་གི་གཅི་ཁུའི་ནང་དུ་ཀ་པིཏྟའི་ཕྱེ་མ་དང། སྦྲང་རྩི་དང་སྦྱར་བ་ནི་ལྡེ་གུར་བཟའ་ཨོ། །མོན་སྣེའུ་དམེ་རུའི་རྩ་བ་མར་དང་ལྷན་ཅིག་བསྐོལ་ཏེ་བཏུང་བར་བླུད་ན་ཕན་ནོ། །སེར་པོ་རྣམ་གཉིས་དང། གེ་རི་ཀརྞ་ཀ་དང།
་བཙོད་དང། ཤིང་མངར་དང། སླེ་ཏྲེས་དང། དེ་རྣམས་མར་དང་སྦྱར་བའི་བཏུང་བ་སྦྱར་ནས་ཡང་བཟའ་ཨོ། །ཡང་ན་ཐལ་ཏྲེས་ཀྱི་རྩ་བ་མར་དང་བསྐོལ་བ་འམ། ཡང་ན་ཀ་བིཏྟ་རྣམ་ལྔ་མར་དང་ལྷན་ཅིག་བསྐོལ་བ་གང་ཡང་རུང་བ་བཏུང་བར
་བླུད་ན་ཕན་ནོ། །སིན་དུ་བར་དང། རྒྱ་སྲོས་དང། ཤི་ཏྲུ་དང། བིལྦའི་རྩ་བ་དང། བ་སྤྲུ་བ་དང། ཤུ་དག་དང། གཟེ་མ་དང། ཟེ་མུ་ཏ་དང་དེ་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་ལྡན་པ་བླུད་དོ། །ཁ་ཟས་སུ་ནི་འབྲས་སཱ་ལུའི་ཆ་ན་ཞོ་དང་ལྷན
་ཅིག་ཟོས་ན་ནི་བྱི་བའི་དུག་གི་ཉམས་ཐག་པ་སེལ་ཏོ། །ཤ་ར་ཕུང་ཀའི་ས་བོན་བཏགས་པའི་ཕྱེ་མ་དར་བ་དང་སྦྱར་བ་བཏུང་ངོ། །ངཀ་ལའི་རྩ་བ་བཏགས་པ་རྭ་ཐུག་གི་གཅིན་དང་སྦྱར་བའི་ལྡེ་གུས་བསྐུས་པ་དང། བཏུང་པར་སྦྱར་ན་ནི་བྱི
་བའི་དུག་ཐམས་ཅད་འཇོམས་སོ། །ཀ་པི་ཐའི་སྙིང་པོ་དང། ཤིང་ཏི་ལ་ཀ་དང། ཏི་ལ་དང། མ་ཀོ་ལའི་རྩ་བ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་བླུད་དོ། །ཡང་ན་ཤིང་ཏི་ལ་ཀའི་སྙེ་མ་བཏགས་པའི་ཕྱེ་མ་འོ་མ་དང་སྦྱར་བ་བླུད་དོ། །ཡང་ན་ཤེ
་རྒྱ་ཀའི་རྩ་བ་སྦྲང་རྩི་དང་སྦྱར་བ་འབྲས་བུ་བཀྲུས་པའི་ཆུ་དང་སྦྱར་བ་བླུད་དོ། །ཡང་ན་ཁུ་བ་ཁ་བའི་སྣོད་ཀྱི་ནང་ཆུ་བཞག་གཅིག་སྦྱར་བ་བླུད་པར་བྱའོ། །སིན་དུ་བ་རའི་རྩ་བ་དང། བྱི་བའི་རུས?་པ་དང། རྒྱ་སྤོས་དང། བོང་ང་དཀར་པོ་རྣམས
་ཆུ་ལ་བཏགས་ཏེ་སྣར་བླུད་པ་ལ་སོགས་པ་བྱས་ན་བྱི་བའི་དུག་སེར་བར་བྱེད་དོ། །བྱི་བའི་དུག་དེའི་ལྷག་མ་ལུས་ནི་ན་དུས་ཕྱིས་ནད་གཞི་རྣམས་ཅི་ལྟ་ཅི་ལྟར་སྐྱེད་པའི་དུས་དེ་དང་དེའི་ཚེ། དུག་དེ་ཡང་རྗེས་སུ་འཕེལ་ཞིང་སྐྱེ་བར་འགྱུར་ཏེ། དེ་ལ
་ནི་གནས་སྐབས་བརྟགས་ཏེ། ནད་གཞི་རང་རང་གི་གསོ་བ་ཇི་ལྟ་བ་བཞིན་དུ་དུག་འཇོམས་པའི་སྨན་གྱི་གསོ་བ་ཡང་དེ་ལྟར་སྦྱར་རོ། ། ལ་ཀ་ཞེས་བྱ་བའི་དུག་གིས་གཟུང་བ་ལ་ནི། མར་བསྐོལ་བས་རྨ་བསྲེག་པར་བྱའོ། །གོང་དུ་སྨོས་པའི་དུག
་འཇོམས་བའི་སྨན་གྱིས་ལྡེ་གུ་ལ་བསྐུས་ཏེ། མར་རྙིང་པ་བཏུང་བར་བླུད་དོ། །རྒའི་འོ་མ་དང་ལྡན་པའི་བཀྲུ་སྨན་ཡང་མྱུར་དུ་བྱའོ། །ིངཀོ་ལའི་རྩ་བ་བྱང་ཕྱོགས་སུ་ཟུག་པ་དེ་བཏུས་ལ་བསྐོལ་པའི་ཁུ་བའི་ནང་དུ་འབྲས་བུ་གསུམ་དང་ཤིང་པི་པི
་ལིང་གི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་ལམ་ཏང་རྩེའི་འབྲས་བུ་དང། གི་རི་ཀརྞི་ཀ་དང། བ་སྤྲུ་བ་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ཏིལ་བཏགས་པའི་ལྡེ་གུ་དང། རུ་ཤ་ཀ་དང། ལྕགས་ཕྱེ་དང། འོ་མ་དང། བུ་རམ་བསྲེགས་པ་བླུད་ན། ཨ
་ལ་ཀའི་དུག་མི་བཟང་པ་ཡང་འཇོམས་པར་བྱེད་དོ། །ཇི་ལྟར་སྤྲིན་གྱི་ཚོགས་རླུང་གིས་གཏོར་བ་བཞིན་ནོ། ། ལ་ཀའི་དུག་གིས་ཟིན་པའི་མི་ལ་ནི་གྲུབ་པའི་སྔགས་དང་སྨན་དང། རིན་པོ་ཆེ་དང་ལྡན་པའི་ཆུ་ལུས་བཀྲུ་བར་བྱའོ། །སྲོག་ཆགས་རྐང
་བཞི་པ་འམ། རྐང་གཉིས་པའི་སོ་དང་སེན་མོའི་ནང་དུ་དུག་ཡོད་པ་བཟུང་ན་རྨས་པར་འགྱུར་ཏེ། དེ་སྐྲང་བ་དང། སྨིན་པ་དང། མདོག་དམར་བ་དང། ཚ་བ་སྐྱེས་པ་དང། ཆུ་སེར་འཛག་པ་དང། ནད་དང་བཅས་པ་ལ་ནི། སོ་མ་བལྐ་དང། ཨ་ཤ་
་ཀརྞ་དང། ཁལ་པ་གོ་ཛི་ཧ་དང། ཧ་ན་ས་བ་ཏི་ཀ་དང། སེར་པོ་རྣམས་ཉིས་དང། བཙག་དང། དེ་རྣམས་ཀྱི་ལྡེ་གུས་རྨ་ལ་བསྐུས་པ་ན། སེན་མོ་དང། སོ་ལས་གྱུར་པའི་དུག་འཇོམས་སོ། །བྱི་བ་དང། ཨ་ལ་ཀའི་དུག་གིས་བཟུང་བའི་ནད
་དམིགས་པ་རྟ?་བ་ཅིང་གསོ་བའི་ཆོ་གའི་ལེའུ་སུམ་ཅུ་རྩ་བརྒྱད་པ་རྫོགས་སོ།། །།སྨན་དཔྱད་ཡན་ལག་བརྒྱད་པ་ལས་དུག་གསོ་པ་བཤད་ཟིན་ཏོ། །དེ་ནས་བཅུད་ཀྱི་ལེན་གྱི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བཅུད་ཀྱི་ལེན
་ཞེས་བྱ་བ་ནི། ཚེ་རིང་བ་དང་དྲན་པ་དང། ཡིད་གཞུང་བ་དང། ནང་མེད་པ་དང། ན་ཚོད་གཞོན་ནུར་གྱུར་པ་དང། གཟི་མདངས་སྐྱེད་པ་དང། སྐད་གསལ་བ་དང། ལུས་དང་དབང་པོ་རྣམས་ཀྱི་སྟོབས་སྐྱེས་པ་དང། དག་གྲུབ་པ་དང། རོ་རྩ
་བར་འགྱུར་བ་དང། སྙིང་དུ་སྡུག་པ་རྣམས་ཐོབ་པར་བྱེད་པ་རྣམས་ཡིན་ནོ། །དེ་ལ་ཅིའི་ཕྱིར་བཅུད་ཀྱིས་ལེན་ཞེས་བྱ་ཞེ་ན། བཅུད་ལ་སོགས་པ་ཉམས་པ་དེ་ཐོབ་པར་བྱེད་པའི་ཐབས་ནི་བཅུད་ཀྱིས་ལེན་ཞེས་བྱའོ། །དེ་བསྒྲུབ་པ
་ཡང་ན་ཚོད་དང་པོ་དང། བར་མ་ལ་གཡུལ་ལས་རྒྱལ་བའི་བདག་ཉིད་ཅན་གྱི་བསྒྲུབ་པར་བྱའོ། །ཐོག་མར་བཅུད་ཀྱིས་ལེན་བསྒྲུབ་པར་འདོད་པས་དང་པོ་རྣམ་པ་ཐམས་ཅད་དུ་སྣུམ་བཅོས་དང། ཁྲག་གཏར་བ་དང་སློན་ཁྲུས་ཀྱིས་ལུས་ངག་བར
་བྱ་བ་གཅེས་སོ། །གལ་ཏེ་སློན་ཁྲུས་ཀྱིས་ལུས་མ་དག་ཅིང་ཆོ་ག་ལོག་པར་བཅུད་ཀྱིས་ལེན་དང་རོ་རྩ་བར་བྱད་པའི་ཆོ་ག་སྒྲུབ་པར་བྱེད་ན་ནི་འབྲས་བུ་དོན་མེད་དེ། ཇི་ལྟར་དྲི་མ་དང་བཅས་པས་རས་ལ་རི་མོ་འགྲི་བ་འབྲས་བུ་མེད་པ་བཞིན་ནོ། །
་དེ་ལ་བཅུད་ལེན་གྱི་སྦྱོར་བ་ཡང་རྣམ་པ་གཉིས་སུ་དྲང་སྲོང་རྣམས་ཀྱིས་བཤད་དེ། དེ་ཡང་ཁང་པ་རླུང་དང་ཉི་མས་མ་ཕོག་པའི་གནས་སུ་འདུག་པ་དང། རླུང་དང་ཉི་མ་ལྷག་པའི་གནས་གཉིས་ལས་གོང་མ་མཆོག་ཡིན་ནོ། །ཁང་པ་བྱ་བ་དེ
་ཡང་རླུང་མེད་པ་དང། འཇིག་པ་མེད་པ་དང། ཡང་ཐོག་གི་ནང་དུ་ཞལ་ཞལ་ལ་སོགས་པས་ལེགས་པར་བསྟར་ཏེ། ཡོ་བྱད་རྣམས་དང། སྨན་པ་མཁས་པ་ཡང་ཡོ་བྱད་དང་བཅས་པ་ཉེ་བར་བསགས་ལ། ཁང་པ་ཡང་དབང་ལྡན་གྱི་ཕྱོགས
་སུ་ཁ་བལྟས་ཏེ། གནས་ཤེས་པར་བྱ་བ་དང། ཁང་བ་སྦྲེལ་མ་གསུམ་དུ་བྱས་ཏེ་སྐར་ཁུང་ཤིན་ཏུ་ཕྲ་བར་གཏོང་ངོ། །དེ་ཡང་དུ་བ་དང་ཉི་མ་དང། རུལ་བ་དང། སྲོག་ཆགས་གདུག་པ་དང། བུད་མེད་དང། གླེན་པ་ལ་སོགས་པས་མི་བགྲོང
་བའི་གནས་སུ་བྱའོ། །དེ་ནས་དེའི་འོག་ཏུ་ཉིན་ཞག་ཤིས་པ་ལ་ཕྱི་རོལ་གྱི་ལུས་ཀྱི་ཁྲུས་ཀྱིས་གཙང་སྦྲ་བྱ་སྟེ། མཆོད་པར་འོས་པ་རྣམས་ལ་མཆོད་དོ། །ཁང་པ་དེར་གདུག་པར་བྱའོ། །དེ་ནས་སློན་ཁྲུས་ཀྱིས་ལུས་སྦྱངས་ནས་ཉམས
་སྟོབས་བདེ་བར་སྐྱེས་པ་དང། ཚངས་པར་སྤྱོད་པ་དང། བློ་བརྟན་པ་དང། དད་པ་དང་ལྡན་པ་དང། ཡུལ་ལས་དབང་པོ་རྣམས་རྒྱལ་བར་བྱ་བ་དང། སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་ལ་གནས་པ་དང། བདེན་པ་དང་བརྟུལ་ཞུགས་དང། ཆོས་བཞིན་དུ་སྤྱོད་པ་དང
་ལྟ་རྗེས་སུ་དྲན་པ་དང། གཉིད་ལོག་པ་དང། མི་ལོག་པའི་ཚོད་ཤེས་ཤིང་རིགས་པར་སྤྱོད་པ་དང། སྨན་ལ་དགའ་ཞིང་ངེས་པ་དང་ལྡན་པའི་གང་ཟག་གི་བཅུད་ཀྱི་ལེན་བརྩམ་པར་བྱའོ། །དེ་ཡང་ཐོག་མར་སྣུམ་ཆོས་དང་དུགས་བྱས་པའི་སྐྱེས་བུས་བཀྲུ་སྨན
་དང། ཨ་རུ་ར་དང། སྐྱུ་རུ་ར་དང། རྒྱམ་ཚ་དང། བཅའ་སྒ་དང། ཤུ་དག་དང། ཡུང་བ་དང། པི་པི་ལིང་དང། བྱི་དང་ག་དང། བུ་རམ་དང་དེ་རྣམས་ཆུ་དྲོན་དང་སྦྱར་བས་བཀྲུ་སྨན་དུ་བྱའོ། །ཁྲུས་དེ་ལགས་ཏེ་ལུས་དག་པ་དང་ཐུག་བ་རྐྱང་རྐྱང་པོ་ལ་སོགས
་པ་ཁ་ཟས་ཀྱི་རིམ་པ་སྦྱར་ཏེ། དེ་ཡང་ཞག་གསུམ་མམ་ལྔའམ་བདུན་གྱི་བར་དུ་མར་དང་བཅས་པར་སྦྱར་རོ། །ཡང་ན་ཡ་བ་ཀ་ཞེས་བྱ་བ་འོ་མ་དང་ནས་རྙིང་པའི་ཕྱེ་སྦྱར་བ་ལུས་ངག་པའི་འོག་ཏུ་སྦྱིན་ནོ། །དེ་ལྟར་ལྟོ་བ་ལེགས་པར་སྦྱངས་ནས་བཅུད་ཀྱི་ལེན་གྱི
་སྦྱོར་བ་ལ་འཇུག་པར་བྱ་སྟེ། དེ་ཡང་སྨན་པ་མཁས་པ་མང་པོས་གང་དང་གང་ལ་སྨན་གོམས་ཤིང་རིགས་པས་བརྟགས་ཏེ་སྦྱར་རོ། ། རུ་ར་རྡོག་མ་སྟོང་དང། དེའི་སུམ་འགྱུར་གྱི་སྐྱུ་རུ་ར་དང། རྩ་བ་ལྔ་པ་སྤྱི་ལ་སྲང་ཉིས་བརྒྱ་དང། སྨན་དེ་རྣམས་སྤྱིའི
་བཅུ་འགྱུར་གྱི་ཆུ་དང་བསྐོལ་ཏེ། ལྷག་མ་བཅུ་ཆ་ཅིག་ལུས་པ་དང། ཨ་རུ་ར་དང། སྐྱུ་རུ་ར་དང། རྩ་བ་ལྔ་པོ་སོ་སོར་ཕྱུང་སྟེ། སྐྱུ་རུ་ར་དང། ཨ་རུ་ར་བརྡུངས་པ་རུས་པ་ཕྱུང་སྟེ། བོར་བའི་ཤུན་པ་ཁུ་བའི་ནང་དུ་བཅུ་སྟེ། དེའི་ནང་དུ་ཤིང་ཚ་དང་སུག
་སྨེལ་དང། ག་དུར་དང། སྐྱེར་པ་དང། པི་པི་ལིང་དང། ཨ་རུ་ར་དང། ཙན་དན་དང། མན་རྒྱ་ཀ་པརྞི་དང། ཀ་ན་ཀ་དང། ཤ་ཁ་སྤུ་བི་དང། ཤུ་དག་དང། སླ་བ་དང། ཤིང་མངར་དང། བྱི་དང་ག་དང། དེ་རྣམས་སྲང་བཞི་བཞི་བཏགས་པར?་ཕྱི?་མ་དང
་ཁ་ར་དཀར་པོ་སྲང་བརྒྱ་ཕྲག་བཅུ་གཅིག་དང། མར་སྲང་སུམ་བརྒྱ་བརྒྱད་བཅུ་རྩ་བཞི་དང། ཏིལ་མར་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང། དེ་རྣམས་ལྷན་ཅིག་བསྐོལ་ཏེ་ལྡེ་གུ་ཙམ་དུ་གྱུར་པ་དང། ཕྱིར་ཕྱུང་ལ་བསྒྲངས་པའི་ནང
་དུ་སྦྲང་རྩི་སྲང་སུམ་བརྒྱ་ཉི་ཤུ་བཅུག་ལ་ཁ་གཟར་གྱིས་བཀྲུགས་ཏེ། རྫ་མ་སྣུམ་ཅན་གྱི་ནང་དུ་བཅུག་ལ་ཁ་ཟས་ཞུ་བའི་འོག་ཏུ་དེ་ལས་ཐུན་རབ་འབྲིང་གསུམ་དུ་བཤད་པ་ལས་ཐུན་ཅི་རན་ཞིག་བཏང་བར་བྱའོ། །དེ་ནས་སྨན་དེ་ཞུ་བའི་ཚེད་ཙམ
་ན། འབྲས་དྲུག་ཅུ་བ་དང་འོ་མར་སྦྱར་བ་ཁ་ཟས་སུ་བཟའ་ཨོ། །དེ་ལྟར་བཤད་པའི་བཅུད་ཀྱི་ལེན་འདི་ཚངས་པས་བསྟན་པ་ཡིན་ཏེ། དྲང་སྲོང་བི་ཁ་ན་ས་ཞེས་བྱ་བ་དེས། བ་ལ་ཁྱི་ལྱ་ཞེས་བྱ་བ་དང། དེ་བཞིན་དུ་གཞན་ཡང་དྲང་སྲོང་དཀའ་ཐུབ་ཅན
་མང་པོས་བསྒྲུབས་ནས་གྲུབ་སྟེ། དེ་ཡང་སྙོམ་པ་དང། ངལ་ཞིང་དུབ་པ་དང། གཉེར་མ་དང། སྐྲ་དཀར་དང། དེ་རྣམས་ཀྱི་ནད་སེལ་ཞིང། ཡིད་གཞུངས་པ་དང། དྲན་པ་གསལ་བ་དང། སྟོབས་དང་ལྡན་པ་དང། ཚེ་ཡང་དཔག་ཏུ་མེད་པར་འཚོ
་བར་འགྱུར་རོ། ། རུ་ར་དང། སྐྱུ་རུ་ར་རྡོག་མ་སྟོང་དང། པི་པི་ལིང་འབྲུ་སྟོང་དང། རྒྱ་སྐྱེགས་ཤིང་གཞོན་ནུའི་ཐལ་བ་ཆུ་དང་སྦྱར་ཏེ། བཙགས་པའི་ཁུ་བ་སྣོད་ཀྱི་ནང་དུ་བཅུག་སྟེ། ཨ་རུ་ར་དང། པི་པི་ལིང་རྣམས་དེའི་ནང་དུ་སྤངས་གྲིབ་མ་ལ
་བསྐམས་ཏེ། ཕྱེ་མར་བྱས་པ་དེའི་བཅུ་འགྱུར་གྱི་ཁ་ར་དཀར་པོ་དང། བཞི་འགྱུར་གྱི་མར་དང། སྦྲང་རྩི་དང་དེ་རྣམས་མར་སྣོད་ཀྱི་བུམ་པའི་ནང་བཅུག་སྟེ། ས་བརྐོས་པའི་ནང་དུ་ཟླ་བ་དྲུག་བཞག་ལ་དེ་ནས་ཕྱུང་སྟེ། མེ་དྲོད་ཇི་ལྟ་བ་བཞིན་དུ
་ནད་པར་སྨན་བཟའ་སྟེ། ཁ་ཟས་ཀྱང་ལེགས་པར་སྦྱར་བརྟག་ཏུ་བསྟེན་ཅིང། སྨན་མ་ལུས་པ་ཟོས་ན་ལོ་བརྒྱ་འཚོ་ཞིང་ནད་མེད་པ་དང་སྐྲ་དཀར་མེད་པ་དང། ལུས་ཀྱི་ཉམས་སྟོབས་འཕེལ་ཞིང། ཁྱད་པར་དུ་དྲན་པ་གསལ་བ་དང། ཡིད་གཞུངས
་པར་འགྱུར་རོ། །རྒྱ་སྐྱེགས་ཤིང་སློན་པ་སྔོན་པོ་ཐོར་ཏོ་བཅད་དེ་ནང་དུ་ཁྲུ་གཉིས་བརྐོས་པའི་ནང་དུ་སྐྱུ་རུ་ར་སར་པ་ལེགས་པར་སྨན་པས་བཀང་སྟེ། ཕྱི་རོལ་ཀུན་ནས་རྩཝ་ཀུ་ཤས་དཀྲིས་ལ། པདྨ་སྐྱེས་པའི་འདམ་གྱི་ཕྱི་རོལ་ནས་བསྐུས་ཏེ། རླུང་མེད་པའི་གནས་སུ
་པའི་གཅི་བའི་མས་བསྲེགས་ཏེ་བཙོས་ཏེ། དེ་ནས་སྐྱུ་རུ་ར་ཚོས་པ་དང། སྐྱེས་བུ་དེས་མར་དང། སྦྲང་རྩི་དང་བཅས་པ་ཡོག་ཚད་དུ་བཟའ་ཞིང་བཏུང་བར་ནི་འོ་མ་བསྐོལ་བ་ཅི་འདོད་པ་བླུད་དེ། དེ་ལྟར་ཟླ་བ་གཅིག་གི་བར་དུ་ཁ་ཟས་གཞན་མི་ཟ་བར་དེ
་ཉིད་ཀྱི་ལུས་གསོ་པར་བྱས་ཏེ། གཞན་ཡང་སྤང་པར་བྱ་བ་ནི་སྤངས་ལ་ཆུ་གྲང་མོ་ནི་འབད་པ་དང་བཅས་པས་ལུས་དང། ལག་པས་ཀྱང་རེག་ཏུ་མི་རུང་སྟེ་བསྲུང་ངོ། །དེ་ལྟར་ཚུལ་བཞིན་བསྟེན་ན་ཞག་བཅུ་གཅིག་འདས་པ་དང། སྐྲ་དང་སོ་དང། སེན་མོ
་རྣམས་ལྷག་པར་འགྱུར་རོ། །ཇི་སྟེ་ཉིན་ཞག་ཉུང་ངུ་སྤྱད་ན་ཡང་གཟུགས་བཟང་ཞིང་བུད་མེད་ལ་ཕོད་པ་དང། གླང་པོ་ཆེན་སྟོབས་དང་འདྲ་བ་ཐོབ་སྟེ། ཁྱད་པར་དུ་ཡིད་གཞུངས་པ་དང། སྟོབས་དང་ལྡན་པ་དང། བློ་ཆེ་བ་དང། སྙིང་སྟོབས་དང་ལྡན
་པར་འགྱུར་ཏོ། ལོ་སྟོང་གི་བར་དུ་འཚོ་བར་འགྱུར་རོ། །རྩ་བ་བཅུ་པ་དང། བ་བླ་དང། སླ་སྒང་དང། ཛི་བ་ཀ་དང། ཟངས་རྩི་བ་དང། ཨུཏཔ་ལ་དང། འདབ་མ་རྣམ་གཉིས་དང། པི་པི་ལིང་དང། མེ་ཤ་སྟི་གི་དང། མེ་ད་རྣམ་གཉིས་དང། བཅའ་བ་དང།
་ཛི་བནྟི་དང། སུག་སྨེལ་དང། ཨ་ག་རུ་དང། རྒུན་འབྲུམ་དང། པུས་ཀྲ་ར་མུ་ལ་དང། ཟུར་བ་དང། བ་སྤྲུ་བ་དང། ཀ་ཀོ་ལི་རྣམ་གཉིས་དང། སླེ་ཏྲེས་དང། ཨ་རུ་ར་དང། བི་ད་རི་དང། བ་ཤ་ཀའི་རྩ་བ་དང། འདི་རྣམས་སྲང་རེ་རེ་ཆུ་སྲང་ལྔ་བརྒྱ
་རྩ་བཅུ་གཉིས་དང། སྐྱུ་རུ་ར་རྡོག་མ་ལྔ་བརྒྱ་དང། ལྷན་ཅིག་བསྐོལ་ཏེ། བཞི་ཆ་སྲང་བརྒྱ་ཉི་ཤུ་ལུས་པ་ལས་སྨན་དེ་རྣམས་བཙག་པས་སྐྱུ་རུ་ར་རུས་པ་ཕྱུང་སྟེ། སྣོད་ཀྱི་ནང་དུ་བཅུག་ནས་མར་སྲང་དྲུག་དང། ཏིལ་མར་སྲང་དྲུག་དང་བརྔོས་ཏེ
་ཤ་ཁ་ར་སྲང་ལྔ་བཅུ་དང། སྨན་གོང་མ་དེ་རྣམས་ལྷན་ཅིག་ཡང་བསྐོ་བ་ནས་ལྡེ་གུར་བྱས་པ་དང། གྲངས་པའི་ནང་དུ་སྦྲང་རྩི་སྲང་དྲུག་དང། མིག་རྐང་སྲང་བཞི་དང། པི་པི་ལིང་སྲང་གཉིས་དང། དྲི་རྣམ་བཞི་ཞོ་གཉིས
་གཉིས་དང། དེ་རྣམས་ཀྱི་ཕྱེ་མ་བཏབ་སྟེ་ལྡེ་གུར་བྱས་ལ་ཁང་པའི་ནང་དུ་འདུག་ནས་ཐུན་རན་པར་བཟའ་ཞིང་ཕན་པའི་ཟས་དང་བཅས་པ་ནི་དྲང་སྲོང་རྩ་བ་ནས་བསྟན་པ་ཡིན་ནོ། །མིང་ཡང་རྩ་བ་ནི་བཅུད་ཀྱིས་ལེན་ཞེས་བྱ་སྟེ། དྲང་སྲོང་དེ་སྔོན་རྒས་འཁོག
་བར་གྱུར་པ་ལས་བུད་མེད་རྣམས་ཀྱི་མིག་ཟིམ་པར་བྱེད་པ་དང། དབུགས་མི་བདེ་བ་དང། རིམས་དང། གློ་སྙིང་གི་ནད་དང། དྲེག་ནད་དང། གཅིན་དང་ཁུ་ཆུ་ལ་གནས་པའི་ནད་དང། སྐད་འགག་རྣམས་སེལ་ཏེ། དེ་བཞིན་དུ་ཉམས་སྟོབས་སྐྱེ་བ
་དང། གློ་འདྲམས་པ་དང། གློ་གཅོད་ཟད་བྱེད་ཀྱིས་ལུས་སྐེམ་ཞིང་ཉམས་ཆུང་བ་རྣམས་འཕེལ་ཞིང་རྒྱས་པར་བྱེད་དོ། །དྲན་པ་དང། ཡིད་གཞུངས་པ་དང། གཟི་མདངས་སྐྱེད་པ་དང་ནད་མེད་ཅིང་ཚེ་རབ་ཏུ་འཕེལ་བ་དང། རླུང་ལུགས་སུ་འབྱུང་ས
་བ་དང། བུད་མེད་རྣམས་ལ་ཤིན་ཏུ་དགའ་བ་སྐྱེད་པའི་ནུས་པ་དང་ལྡན་པ་དང། སྟོབས་བསྐྱེད་པ་དང་འཕེལ་བར་བྱེད་པ་དང། །ཆོ་ག་བཞིན་དུ་བྱས་ན་མེའི་དྲོད་ཀྱང་སྐྱེད་པར་བྱེད་དོ། །ཤིང་མངར་དང། མིག་རྐང་དང། པི་པི་ལིང་དང། རྒྱམ་ཚ་དང། ལྕགས
་གང་ཡང་རུང་བ་རེ་རེ་དང། ཡང་ན་གསེར་ཉི་རྩེ་དང། ཤུ་དག་དང། མར་དང་སྦྲང་རྩི་དང། ཁ་ར་དཀར་པོ་དང། འདི་རྣམས་གང་ཡང་རུང་བ་དང་ལྡན་པར་འབྲས་བུ་གསུམ་གྱི་བཅུད་ཀྱི་ལེན་ཟླ་བ་གཅིག་གི་བར་དུ་བསྟེན་ན་ནད་ཐམས་ཅད་འཇོམས
་པར་བྱེད་དོ། །དྲན་པ་དང། ཡིད་གཞུངས་པ་དང། བློ་སྐྱེ་བར་བྱེད་དོ། །མན་དུ་ཀ་པརྞི་རང་གི་ཁུ་བའི་ནང་དུ་ཤིང་མངར་གྱི་ཕྱེ་མ་བཏབ་སྟེ། མེའི་དྲོད་ཇི་ལྟ་བ་བཞིན་དུ་འོ་མ་དང་ལྷན་ཅིག་སྦྱར་པར་བྱའོ། །སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་སླེ་ཏྲེས་ཀྱི་མེ
་ཏོག་དང། རྩ་བའི་ཕྱེ་མ་བཏབ་པ་དང། ཤ་ཁ་པུཥཔ་བསྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་རྩ་བ་དང། མེ་ཏོག་གི་ཕྱེ་མ་བཏབ་པ་སྦྱར་ན། ཚེ་སྦྱིན་པར་བྱེད་པ་དང། ནད་འཇིག་པར་བྱེད་པ་དང། སྟོབས་དང། མདོག་དང། མེའི་དྲོད་དང། སྐད་གསལ་བར་བྱེད་པ་དང།
་ཡིད་གཞུངས་པར་བྱེད་དེ། བཅུད་ཀྱི་ལེན་གྱི་སྦྱོར་བ་དེ་དག་ལས་ཁྱད་པར་དུ་ཤ་ཁ་པུཥཔའི་སྦྱོར་བ་བསྟན་པར་བྱའོ། །སྤངས་མ་དང། པུ་ཙེ་ཤེལ་དང། པ་ཡསསྱ་དང། ཤིང་མངར་དང། ཙན་དན་དང། ཐལ་ཏྲེས་དང། ཤུ་དག་དང། འབྲས་བུ་གསུམ་དང།
་ཛ་གསུམ་དང། སེར་པོ་རྣམ་གཉིས་ཏེ། །པ་ཏོ་ལའི་རྩ་བ་དང། རྒྱམ་ཚ་དང། འདི་རྣམས་ལེགས་པར་བཏགས་ཏེ། མར་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང། ཤ་ཁ་པུཥཔ་བསྐོལ་བའི་ཁུ་བ་སྲང་སྟོང་ལྔ་བརྒྱ་སུམ་ཅུ་རྩ་དྲུག་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ
་ལས་ཉེ་བར་སྦྱར་བར་གྱུར་ན་གླེན་པ་ཡིན་ན་ཡང་ཚིག་ལ་དབང་བ་དང། ཐོས་པ་འཛིན་པ་དང། སྤོབས་པ་ཆེ་བ་དང། ནད་མེད་པར་འགྱུར་རོ། །པད་མའི་རྩ་ལག་དང་རྩ་བ་དང། པདྨ་གེ་སར་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་གསེར
་གྱི་བུམ་པའི་ནང་དུ་བཅུག་པ་དེ་ནི་པདྨ་རྣམ་ལྔའི་བཅུད་ཀྱིས་ལེན་ཞེས་བྱའོ་ཞེས་ས་སྟེང་ཀུན་ཏུ་གྲགས་སོ། །དེ་ལ་ཚུལ་བཞིན་བསྟེན་ན་སྐྱེས་བུའི་ཉམས་འཇིགས་པ་དང། ཟད་པ་ཡང་སྐྱེད་པར་བྱེད་དོ། །ུཏཔ་ལའི་སྡོང་བུ་དང་རྩ་བ་དང། ལོ་མ་དང།
་གེ་སར་མར་དང་འོ་མ་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་དེ་གསེར་གྱི་སྣོད་ཀྱི་ནང་དུ་བཅུག་པ་དེ་ཡང་ཨུཏཔ་ལ་རྣམ་པ་ལྔ་ཞེས་བྱ་བའི་སྦྱོར་བ་ཞེས་ས་སྟེང་ཀུན་དུ་གྲགས་པའི་སྦྱོར་བ་གཉིས་པ་ཡིན་ཏེ། བྱོལ་སོང་བ་ལང་ཡང་ཡིད་གཞུངས
་བར་བྱེད་ན་སྐྱེས་བུ་མི་རྣམས་ལྟ་སྨོས་ཀྱང་ཅི་དགོངས། བྲཧམ་དང། ཤུ་དག་དང། རྒྱམ་ཚ་དང། ཤངཀ་པུཥཔ་དང། གནད་དུརྦ་དང། བྲཧམ་དང། སོ་བ་ར་ཙམ་དང། བྱི་ཤ་ལ་དང། པི་པི་ལིང་དང། འདི་རྣམས་རེ་རེ་ཡང་ནས་གསུམ་གསུམ་ཙམ་གྱི་ཚར་ཙམ
་དང། གསེར་ནས་འབྲུའི་ཚད་ཙམ་དང་དུག་ཏིལ་འབྲུ་ཙམ་དང། འདི་རྣམས་ཞིབ་མོར་བཏགས་ཏེ། མེར་སྲང་གཅིག་དང་སྦྱར་བའི་ལྡེ་གུ་བསྔགས་ཏེ་དེ་ཞུ་བའི་ཚོད་ཙམ་ན་ཁ་ཟས་མར་ཤས་ཆེ་བ་དང། སྦྲང་རྩི་དང་ལྡན་བ་ཟོས་ལ་ཚུལ་དེ་བཞིན་དུ་ཉིན་རེ་ཞིང་ལོ
་གཅིག་གི་བར་དུ་བསྟེན་ན་བློ་ཚ་བ་དང། དྲན་པ་དང། ཡིད་གཞུངས་པ་དང། རྒ་བས་ཟིལ་གྱིས་ནོན་པ་དང། ནད་ཀྱིས་ཟིལ་གྱིས་ནོན་པ་དང། སྐྱིད་སྐྱུར་བ་དང། སྙོམ་པ་དང། ངལ་བ་དང། རྡུབ་བ་རྣམས་མེད་ཅིང་ལོ་བརྒྱ་ཡོངས་སུ་རྫོགས་པར་འཚོ་བར
་འགྱུར་རོ། །དཔལ་དང་གཟི་བརྗིད་དང། མདངས་དང་ལྡན་པ་དང། ལྷག་པར་མཛེ་དང། ཤ་བཀྲ་དང། སྐྲན་དང། དུག་དང། རིམས་དང། སྨྱོ་བྱེད་དང། དབྱིག་དུག་དང། དམུ་རྫིངས་རྣམས་ལས་བཟློག་པར་བྱེད་དོ། །སྲིད་སྲུང་གི་རིག་བྱེད་ལ
་སོགས་པས་བསྐྱེད་པའི་གཤེད་བྱེད་ཀྱི་གནོད་པ་དང། ཤིན་ཏུ་སྟོབས་ཆེ་བའི་རླུང་གི་ནད་ཀྱང་འདིས་ཞི་བར་བྱེད་དོ། །སྟོན་པ་དང་པོའི་དུས་སུ་སྨན་ནག་པ་ལའི?་རྩ་བ་སྐར་མ་རྒྱལ་དང་ལྡན་པའི་དུས་སུ་ཕྱུང་སྟེ། དེ་ལས་ཞོ་གཉིས་ཀྱི་ཕྱེ་མ་ཐུན་ཚད
་ཙམ་འགམས་ལ། དེའི་འོག་ཏུ་འོ་མ་བླུད་བ་འམ། ཡང་ན་མར་དང་སྦྲང་རྩི་དང་ལྡན་པའི་ལྡེ་གུ་ལྷག་ཅིང་ཁ་ཟས་གཞན་མི་བཟའ་བར་འོ་མ་ཉི་ཚེས་གསོ་བར་བྱ་སྟེ། དེ་བཞིན་དུ་སྦྱོར་བ་ལོ་གཅིག་གི་བར་དུ་ཕྱས་ན་སྟོབས་དང་ལྡན་ཞིང་ལོ་བརྒྱ
་འཚོ་བར་བྱེད་དོ། །གཟེ་མ་འབྲས་བུ་སྐྱེ་བའི་དུས་སུ་རྩ་བ་དང་བཅས་པ་བཏུས་ཏེ་གྲིབ་མ་ལ་སྐབས་ལ་དེ་ལེགས་པར་ཕྱེ་མར་བྱས་ནས་གཟེ་མ་རང་བསྐོལ་བའི་ཁུ་བས་སྤངས་ནས་ཐུན་ཆེ་ཚད་དུ་བཟའ་བར་བྱའོ། །དེའི་འོག་ཏུ་བཏུང་བར་འོ
་མ་དེ་ཉིད་དང་འབྲས་སཱ་ལུས་ཟས་སུ་སྦྱིན་ཏེ། དེ་ལྟར་བྱས་པ་ནི་གཟེ་མའི་ཕྱེ་མ་སྲང་བརྒྱ་བའི་སྦྱོར་བ་ཞེས་བྱ་སྟེ་དེ་ལས་ཞག་རེ་སྲང་གཉིས་ཟོས་ན་གཟུགས་བཟང་བ་དང། སྐལ་བ་དང་ལྡན་པ་དང། ལོ་བརྒྱ་ཐུབ་པ་དང། འདོད་པ་སྤྱོད་ནུས་པ
་ཡིན་ཏེ་ཇི་ལྟར་ནོག་རྒྱས་པ་དང་ལྡན་པའི་ཁྱུ་མཆོག་གིས་བ་ལང?་གི་བྱ?་ལ་འཇུག་ནུས་པ་བཞིན་ནོ། །སྨན་བ་ར་ཧི་ཤུན་ལྤགས་དང་བྲལ་བ་རྩ་བ་ཤིན་དུ་རློན་པ་བརྡུངས་པ་འོ་མ་དང་སྦྱར་བ་ཟོས་ལ། དེ་ཞུ་བའི་ཚོད་ཙམ་ན་ཁ་ཟས་གཞན་མི་བཟའ་བར་འོ་མ་ཉི་ཚེ་བླུད་པ
་འམ། ཡང་ན་སྨན་པར་ཧིའི་རྩ་བ་དེ་ཉིད་རང་གི་ཁུ་བ་བསྐོལ་བའི་ནང་དུ་ལེགས་པར་སྤངས་ཏེ་མར་དང་སྦྲང་རྩི་དང་ལྷན་ཅིག་སྦྱར་བའི་ལྡེ་གུ་སྦྱིན་པ་འམ། ཡང་ན་སྨན་པ་ར་ཧི་བསྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ་དང། མར་རྣམས་ལྷན་ཅིག་བསྐོལ་བ
་དེ་འོ་མ་ལུས་ལ་བླུད་དོ། །ཆོ་ག་བཞིན་དུ་སྨན་བི་ད་རི་དང། བ་ལ་དང། ཨ་ཏི་བལ་དང། ཤིང་མངར་དང། ཀ་ཀ་མ་ཙི་དང། ཛི་བནྟི་དང། ར་སྣ་དང། ཨ་རུ་ར་དང། སྐྱུ་རུ་ར་དང། སྠི་དང། ས་ལ་པརྞི་དང། སླེ་ཏྲེས་མཎ་ཊུ་ཀ་པརྞི་དང། ཤཾ་ཀ་པུཥཔ་དང། ཨ
་ཤ་སྟནདྷ་དང། ཉེའུ་ཤིང་དང། འདི་རྣམས་གང་ཡང་རུང་བ་རེ་རེ་ཡང་ཆོ་ག་གོང་མ་བཞིན་དུ་སྦྱར་ན། ཡིད་གཞུངས་པ་དང། བློ་དང་རྒན་སྲ་ཞིང་ན་ཚོད་བརྟན་པ་དང། ཉམས་བདེ་སྟོབས་སྦྱིན་པར་བྱད་དོ། །ཙི་ཏྲ་ཀའི་མེ་ཏོག་སེར་པོ་དང། དཀར་པོ
་དང། ནག་པོ་ནི་རང་རང་གི་མེ་ཏོག་གི་མདོག་ཇི་ལྟ་བ་བཞིན་དུ་ཙི་ཏྲ་ཀ་སེར་པོ་དང། དཀར་པོ་དང། ནག་པོ་ཞེས་བྱ་བ་ཡིན་ཏེ། བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན་དུ་སྤྱད་ན་ཕན་ཡོན་སྤས་ཀྱི་རིམ་བཞིན་དུ་ཆེ་བ་ཡིན་ཏེ། དེ་ནས་ཙི་ཏྲ་ཀའི་རྩ་བ་ཕྱུང་ལ
་གྲིབ་སྐམས་སུ་བྱས་ནས་བཏགས་པའི་ཕྱི་མའི་ཞུན་མར་དང་སྦྲང་རྩི་འམ་འོ་མ་འམ་ཆུ་གང་ཡང་རུང་བ་ལས་ལྡེ་གུ་བྱས་ནས་ལྔགས་ཏེ། དེའི་འོག་ཏུ་ཕན་པའི་ཟས་དང། དེ་ལྟར་ཟླ་བ་གཅིག་གི་བར་དུ་བསྟེན་ན་ནད་མེད་ཅིང་ལོ་བརྒྱ་འཚོ་བ་དང། ཡིད
་གཞུངས་པ་དང། སྟོབས་དང་ལྡན་པ་དང། ལུས་མདངས་དང་ལྡན་པ་དང། མེའི་དྲོད་འབར་བར་འགྱུར་རོ། །ཏིལ་མར་དང་ལྡེ་གུར་བྱས་ཏེ་ཟླ་བ་གཅིག་གི་བར་དུ་བརྟེན་ན། རླུང་ནད་གསོ་དཀའ་བ་ཡང་འཇོམས་པར་བྱེད་དོ། །གཅིན་དང་ལྷན་ཅིག
་འཐུངས་ན་མཛོ་འཇོམས་པར་བྱེད་དོ། །དར་བ་དང་ལྷན་ཅིག་འཐུངས་ན་གཞུང་འབྲུམ་སེལ་ཏོ། །གོ་བྱེ་ལེགས་པར་སྨིན་པ་དཔྱིད་ཀྱི་དུས་སུ་འབྲུའི་ཕུང་པོའི་ནང་དུ་བཅུག་སྟེ། དགུན་གྱི་དུས་སུ་ཕྱུང་ལ་སྨན་མངར་བ་དང། སྣུམ་པ
་དང། བསིལ་བའི་ནུས་པ་དང་ལྡན་པས་ལེགས་པར་སྦྱར་ཏེ་སྨན་དེའི་བརྒྱད་འགྱུར་གྱི་ཆུ་དང་གོ་བྱེ་རྡོག་མ་བརྒྱད་བསྐོལ་ཏེ། ཁུ་བ་བརྒྱད་ཆ་ལུས་པ་དང། འོ་མ་དང་ལྷན་ཅིག་སྦྱར་བ་གྲང་མོ་བླུད་དེ། དེ་ལྟར་བསྐོལ་བའི་རིམ་པ་ཞག
་བདུན་གྱི་བར་དུ་ཉིན་རེ་བཞིན་རེ་རེས་བསྐྱེད་ལ། དེ་ནས་ཞག་བདུན་གྱི་བར་རེ་རེས་དབྲི་ཞིང་བརྒྱད་དུ་ཕྱིན་པ་དང། དེ་ནས་ཞག་བདུན་གྱི་བར་དུ་འབྲུ་རེ་རེས་བསྐྱེད་དེ་ཉི་ཤུ་རྩ་གཅིག་ལོན་པ་དང་དེའི་འོག་ཏུ་གོ་བྱེའི་འབྲུ་གོང་མ་བརྒྱད
་ཀྱི་སྟེང་དུ་གོ་བྱེའི་འབྲུ་གསུམ་གསུམ་གྱིས་ཞག་རེ་བསྐྱེད་ཅིང་དབྲི་བ་ཡང་གོང་མ་ལྟར་ཞག་ཉི་ཤུའི་བར་དུ་བྱའོ། །དེ་ལྟར་གོ་བྱེའི་འབྲུ་བཞི་བརྒྱའི་བར་དུ་དབྲི་ཞིང་བསྐྱེད་པར་བྱའོ། །དེའི་འོག་ཏུ་ཞག་བདུན་གྱི་བར་དུ་གོང
་མའི་བརྒྱད་པའི་སྟེང་དུ་འབྲུ་བདུན་གྱིས་བསྐྱེད་ཅིང་དབྲི་པ་ཡང་ཞག་བདུན་དང་བསྐྱེད་པ་ཡང་ཞག་བདུན་གྱི་བར་དུ་བྱས་ཏེ། སྐྱེད་པའི་ཚུལ་གྱི་འབྲུ་སྟོང་རྫོགས་ཀྱི་བར་དུ་བྱའོ། །ཁ་ཟས་བཟའ་བའི་ལུགས་ནི་མར་དང་འོ་མ་དང་འབྲས་དྲུག་ཅུ་བ་སྦྱིན་ནོ།།
་དེ་བཞིན་དུ་སྨན་གྱི་སྦྱོར་བ་དེ་ཡང་བདུན་དང་གསུམ་གཅིག་གི་བར་དུ་ཡང་མར་དབི་བ་དང། བསྐྱེད་པའི་གོ་བྱའི་སྦྱོར་བ་ཡང་དེ་ལྟར་ཤེས་པར་བྱའོ། །སྔོན་ལེགས་པར་སྨོན་པ་ཐོབ་པ་ཡང་ཁྱད་པར་དུ་མེའི་དྲོད་འབར་བ་དང། གཅིན་ནི་སྲ་བ་ཡང
་སྲིན་བུའི་ནད་དང། མཛེ་ནད་དང། གཞང་འབྲུམ་གྱི་ནད་དང། ཚིལ་ནད་རྣམས་སེལ་བར་བྱེད་དོ། །གོ་བྱེའི་འབྲས་བུ་སྐྱོན་མེད་པ་བརྡུངས་ཏེ་ཞིབ་ཏུ་བཏགས་བས་བསྐོལ་བའི་ནང་དུ་བུམ་པ་བཞག་སྟེ། དེའི་ཁར་བུམ་པ་ཞབས་སུ་བུ་ག
་ཕུག་པ་ཞིག་བཞག་སྟེ། བུམ་པ་སྟོང་མའི་ནང་དུ་བ་ལ་ཀའི་ཕྱེ་མ་བཅུག་ལ་ས་ནག་པོའི་འཇིམ་པ་དང། ཁ་དང་མཚམས་ཐམས་ཅད་བསྐུས་ཏེ། བ་ལང་གི་ལྕི་བ་བསྐམས་པོའི་མོས་བཙོས་པ་ཚོས་པ་དང། དེའི་ཁུ་བ་བུམ་པ་འོག་མའི་ནང་དུ་འཛག་པར་འགྱུར་ཏེ།
་དེ་བླངས་ནས་དེའི་བརྒྱད་འགྱུར་གྱི་སྦྲང་རྩི་དང། ཉིས་འགྱུར་གྱི་མར་དང་སྦྱར་བའི་ལྡེ་གུས་འདི་ཡང་སྦྱར་བར་བྱའོ། །ཆོ་ག་གོང་མ་བཞིན་དུ་ཁ་ཟས་ལ་སོགས་པ་བསྟེན་ན་ཕན་ཡོན་གོང་མ་དང་འདྲའོ། །གོ་བྱེའི་འབྲས་བུ་སྨིན་ཅིང་རྒྱས་པ་བུང་བ་སྲང་བརྒྱ་ཉི
་ཤུ་རྩ་བརྒྱད་ཀྱི་བར་ཚྭ་ཙམ་སོ་ཕག་ཕྱེ་མར་བྱས་པ་ཞིབ་མོ་བོར་བའི་རྩིང་པོ་དང། ཆུས་མཉེ་ཞིང་བཀྲུ་སྟེ་དེ་ནས་གོ་བྱེ་རླུང་ལ་སྐམས་ཏེ། དེ་ནས་ཆམ་ཆོམ་བརྡུངས་ལ་ཆུ་སྲང་ལྔ་རྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བཞི་ཆ་ལུས་པ་དང། ཕྱུང་ལ་བཙགས་ཏེ
་ཚིགས་མ་བར་ལ་གང་བའི་ཁུ་བ་དེ་དང་འོ་མ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང། ཡང་བསྐོལ་ཏེ་ཁུ་བ་དུ་ཞིང་འོ་མ་ལུས་པ་དང། དེ་དང་མཉམ་པའི་མར་དང་ཡང་བསྐོལ་ཏེ་འོ་མ་ཟད་ཅིང་མར་ཉི་རྩེ་ལུས་པ་དང། ཤ་ཁ་རའི་ཕྱེ་མ་ཅི་འདོད་པས་བཏབ་སྟེ།
་གཅིག་ཏུ་གྱུར་པ་དེ་ཁ་གཟར་གྱིས་དཀྲུགས་ཏེ། སྦྲུའི་ཕུང་པོའི་ནང་དུ་ཞག་བདུན་གྱི་བར་དུ་སྤངས་ལ་བཅུད་སྨིན་ཅིང་བདུད་རྩི་དང་འདྲ་བར་གྱུར་བ་དང། སྐྱེས་བུ་གང་གིས་ནང་རེ་དེར་ལས་རན་པར་བསྟེན་ཅིང་བཟའ་སྟེ། དེའི་འོག་ཏུ་ཆཱུམ་འོ་མ་འམ་ཤ་ཁུ
་ཚིམ་ཚད་དུ་བླུད་ན། དྲན་པ་དང་ཡིད་གཞུངས་པ་དང། བློ་གྲོས་དང་སྟོབས་དང། ལྡན་བ་དང། སྙིང་སྟོབས་དང་ལྡན་པ་དང། གསེར་གྱི་རི་བོང་འདྲ་བར་མདོག་དཀར་སེར་དུ་འགྱུར་ཞིང་ཚེ་རིང་བ་དང། འཚོ་བ་ཡུན་རིང་དུ་གནས་པར་འགྱུར་རོ།།
་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང། བ་ལ་ཀ་བ་ཤགས་པ་སྲང་སུམ་བརྒྱ་དང། ལྷན་ཅིག་བསྐོལ་བའི་ཁུ་བ་ལུས་པ་སྲང་ཉི་ཤུ་རྩ་བརྒྱད་དང། དེ་དང་མཉམ་པའི་ཏིལ་མར་རྣམས་སྣོད་ཀྱི་ནང་དུ་བཅུག་སྟེ། ཏིཀྟ་དང་བོང་ང་རྣམ་གཉིས
་དང། འབྲས་བུ་གསུམ་དང། བྲག་ཞུན་དང། སྐྱེར་ཁཎྜ་དང། འདི་རྣམས་ཀྱི་ཕྱེ་མ་བཏབ་སྟེ། ཡང་བསྐོལ་ཏེ་འོ་མ་ལུས་པ་ལས་རན་པར་བསྟེན་ན་མཛེ་ནད་ཐམས་ཅད་འཇོམས་པའི་མཆོག་ཡིན་ནོ། །ཡང་གོ་བྱེ་དང་ལྷན་ཅིག་སྐྱུ་རུ
་ར་དང། ཞོའི་སྤྲིས་མ་དང། ཏིལ་མར་དང། བུ་རམ་དང། འོ་མ་དང། ནས་ཕྱེ་དང། ཏིལ་དང། སྦྲང་རྩི་དང། ཏིལ་བཏགས་པའི་ཕྱེ་མའི་ལྡེ་གུ་དང། མོན་སྲན་སྡེའུ་ལ་སོགས་པའི་ཚོད་མ་དང། འདི་རྣམས་གང་ཡང་རུང་བ་སྲང་གཅིག་དང
་བསྟེན་པ་ནི་གོ་བྱེའི་བཅུད་ཀྱིས་ལེན་ཞེས་བྱ་སྟེ། ལུས་སྐྱེ་བར་བྱེད་པ་དང། ཡིད་གཞུངས་པ་དང། ཚེ་རིང་བར་བྱེད་པའི་མཆོག་ཡིན་ནོ། །གོ་བྱེའི་འབྲས་བུ་ནི་ཤིན་ཏུ་རྣོ་བ་ཡིན་ཏེ། ཁོང་དུ་ཞུ་བའི་དུས་ན་མེ་དང་མཉམ་པ་ཡིན་ལ། ཆོ་ག་ཇི་ལྟ་བ་བཞིན
་དུ་སྦྱར་ན་ནི་བདུད་རྩི་དང་འདྲ་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་ནད་དང་བད་ཀན་དང་རྗེས་སུ་འབྲེལ་བའི་ནད་གང་ཡང་གོ་བྱེའི་སྦྱོར་བ་འདིས་མི་སེལ་བ་གཅིག་ཀྱང་མེད་དེ་ལྷག་པར་ཕོ་བའི་མེ་དྲོད་མྱུར་དུ་སྦྱིན་པར་བྱེད་དོ། །དེ་ལྟར་བཅུད་ཀྱིས
་ལེན་གྱི་ཆོ་ག་བྱེད་པའི་དུས་སུ་རླུང་དང་ཚད་པར་འདུག་པ་ཁྱད་པར་དུ་སྤང་པར་བྱའོ། །དེ་བཞིན་དུ་རྒྱ་རན་ཀུ་ལ་ཐ་དང། ཞོ་དང་ཚྭ་དང། ཏིལ་མར་གྱིས་ལུས་བསྐུ་བ་དང། མེ་ལ་བསྟེན་པ་རྣམས་སྤང་བར་བྱའོ། །ཤིང་དུ་བ་རི་ཀེ་ཞེས་བྱ་བ་ནུབ
་ཕྱོགས་ཀྱི་རྒྱ་མཚོའི་ཕྱི་རོལ་གྱི་དོགས་ན་སྐྱེ་སྟེ། དེའི་ལོ་མ་དང་འབྲས་བུ་རླུང་གིས་ཆུ་རླབས་བསྐྱོད་པ་ལས་ཤིང་བསྐུལ་ཏེ་འབྲས་བུ་དང། ལོ་མ་རྒྱ་མཚོའི་ནང་དུ་ལྟུང་སྟེ། དེ་ཆུ་རླབས་ཀྱིས་ཚུ་རོལ་གྱི་འགྲམ་དུ་འོངས་པ་དང། དེ་དབྱེར་སྤྲིན་བྱུང
་བའི་དུས་སུ་ལེགས་པར་སྨིན་པ་བླངས་ལ་འབྲས་བུ་དེའི་ཤུན་པ་བོར་ཏེ་སྐམས་ལ་བཏགས་པའི་ཕྱེ་མ་ཏིལ་བཙིར་བ་འམ། ལེ་བརྒན་རྩི་བསྐོལ་ཏེ་མར་ཕྱུང་བ་བཞིན་དུ། ཏུ་བ་རིའི་འབྲས་བུའི་མར་ཡང་དེ་ལྟར་འབྱུང་སྟེ། དེ་ཡང་ཆུ་དང
་ཕོལ?་ཏེ་ཆུ་དུ་མར་ཉི་ཚེ་ལུས་པ་ཕྱིར་ཕྱུང་ལ་བའི་གཅི་བའི་ནང་དུ་ཟླ་བ་ཕྱེད་ཀྱི་བར་དུ་བཞག་ཏེ་ཕྱུང་ལ། དེའི་འོག་ཏུ་ཐོག་མ་སྣམ་བཅོས་དང་དུགས་བྱས་ལ་ལུས་ཀྱི་དྲི་མ་དག་པར་བྱ་སྟེ། དེ་ནས་ཞག་བཞི་བཞིའི་བར་དུ་འབྲས་ཆན་ཟོས་ལ་ནང་རེ་ཞིང་གོང་མའི་བར་ལས
་ལགས་ཐིལ་གང་ཙམ་བླུད་ལ་སྦྱིན་ཁར་སྔག་འདིས་སྦྱང་བར་བྱའོ། །མད་ཛཱ་སཱ་ར་མ་ཧཱ་བཱིརྱ། སརྦ་མ་དྷ་དུ་བི་ཤོ་དྷ་ཡ། ཤ་མ་ཁ་ཙ་ཀྲ་ག་དྷ་པཱ་ནི་སྟན་ཨཱ་ག་ཉ་པ་ཡ་ཏི་ཛུ་ཏ། དེ་ལྟས་བྱས་པའི་འབྲུ་མར་དེ་ལན་ཅིག་འཐུངས་པས་ཀྱང་ལུས་ཀྱི་སྟོད་སྨད་ཀྱི་ནད
་ཐམས་ཅད་སེལ་བར་བྱེད་དོ། །དེ་ལྟར་ཞག་ལྔའི་བར་དུ་འཐུངས་པའི་འོག་ཏུ་རྒོངས་ཀ་སྣུམ་དང་ཚྭ་མེད་པའི་ནས་ཐུག་གྲངས་མོ་བླུད་དེ་ཟླ་བ་ཕྱེད་ཀྱི་བར་དུ་སྲན་མུད་ཀའི་ཁུ་བཅུད་དང་བཅས་པའི་ཁ་ཟས་ཟོས་ལ་སྤང་བར་འོས་པ་རྣམས་སྤངས་ན། མཛེ་ནད
་ཐམས་ཅད་འཇོམས་སོ། །ཡང་ན་ཏུ་བ་རིའི་མར་དང། དེའི་སུམ་འགྱུར་སེང་ལྡེང་གི་ཁུ་བ་དང། གོང་མ་བཞིན་དུ་བསྐོལ་ཏེ། བསྒྲུབས་ལ་ཟླ་བ་གཅིག་གི་བར་དུ་སྲུང་བ་ལ་སོགས་པ་ཆོ་ག་ལེགས་པར་བྱ་སྟེ། ཁ་ཟས་གཞན་མི་བཟའ་བ་དང། སྐུ་བྱུག་ལ
་སོགས་པ་སྦྱར་ཏེ་སྐྱེས་བུ་མཛེ་ནད་ཅན་རྣམས་ཀྱིས་སྦྱོར་བ་འདི་བསྒྲུབ་པར་བྱའོ། །འོ་མའི་སྦྱོར་བ་ལས་སེང་ལྡེང་གི་ཁུ་བ་མ་གཏོགས་པ་མར་དང་སྦྲང་རྩི་དང་ལྡན་པ་བཏུང་ཞིང་ཁ་ཟེས་སུ་ཤ་ཁུ་ཉི་ཚེ་འཐུངས་ན་ལོ་ཉིས་བརྒྱ་ཐུབ་པར་འགྱུར་རོ། །མར
་དེ་ཉིད་ཀྱིས་སྣ་སྣང་དུ་ཞག་ལྔ་བཅུའི་བར་དུ་སྦྱར་ན་ལུས་ཉམས་སྟོབས་དང་ལྡན་པ་དང། ཐོས་པ་འཛིན་པ་དང། ལོ་སུམ་བརྒྱ་འཚོ་བར་འགྱུར་རོ། པི་པི་ལིང་འབྲུ་ལྔ་འམ་བརྒྱད་དམ་བདུན་ནམ་བཅུ་འམ་ཚད་དོ་རྣམས་ལས་གང་ཡང་རུང་བ་མར
་དང་སྦྲང་རྩི་དང་སྦྱར་ཏེ་བཅུད་ཀྱིས་ལེན་གྱི་ཆོ་ག་ཇི་ལྟར་བཙོལ་བ་བཞིན་དུ་སྤྱད་པར་བྱའོ། །པི་པི་ལིང་རྡོག་མ་བརྒྱད། གསུམ་བརྒྱད་རྒྱ་སྐྱེགས་ཤིང་གི་ཐལ་བའི་ནང་དུ་སྤངས་ཏེ། དེ་ནས་ཕྱིར་ཕྱུང་ལ་སྐམས་ཏེ་མར་དང་ཡང་?་ལ་སྦྲང་རྩི་དང་སྲེས་ཏེ
་སྔ་དྲོ་ཁ་ཟས་ཀྱི་གོང་དུ་གསུམ་གསུམ་བཟའ་ཨོ། །པི་པི་ལིང་བཅུ་ཞག་བཅུའི་བར་དུ་རེ་ཅེས་རིམ་གྱིས་བསྐྱེད་ཅེ་འོ་མ་ཡང་དེ་ལྟར་བསྐྱེད་ལ་དེ་བཞིན་དུ་ཉི་ཤུར་ཕྱིན་པ་དང། རེ་རེས་དབྲི་སྟེ་བཅུ་པ་ལ་ཐུག་པ་དང། སྨན་དེ་ཞུ་བའི
་ཚོད་ཙམ་ན་འབྲས་དྲུག་ཅུ་པ་འོ་མ་དང་བཅས་པ་ཁ་ཟས་སུ་བཟའ་ཨོ། །དེ་ལྟར་པི་པི་ལིང་སྟོད་ཟད་ཀྱི་བར་དུ་ཆོ་ག་དེ་ལྟར་བྱས་པ་ནི། པི་པི་ལིང་སྟོང་གི་སྦྱོར་བའི་བཅུད་ཀྱིས་ལེན་ཞེས་བྱའོ། །དེ་ཡང་བཏགས་པའི་ཕྱེ་མ་འོ་མ་དང་སྦྱར་ཏོ། བཟའ་བ་ན་མེ
་དོད་རབ་ལ་སྦྱིན་ནོ། །མེ་དྲོད་བར་མེ་ལ་ནི་བསྐོལ་བ་བླུད་དོ། །དེ་བཞིན་དུ་པི་པི་ལིང་དང་འོ་མ་དང་དེ་ལྟར་སྦྱར་ཏེ། པི་པི་ལིང་ཉིས་སྟོང་གི་བར་དུ་ཡང་དེ་ལྟར་བྱའོ། །པི་པི་ལིང་གི་སྦྱོར་བ་དེ་རྣམས་ཆོ་ག་བཞིན་དུ་བྱས་པ་ནི་ལུད་པ་ལུ་བ་དང།
་དབུགས་མི་བདེ་བ་དང། མགུལ་བན་པ་དང། གཅོང་ཆེན་པོ་དང། གཞང་འབྲུམ་དང། གཅིན་སྙི་བ་དང། སྐྱ་རྦབ་དང། རིམས་མ་རུངས་པ་དང། སྐྲང་བ་དང། སྐྱུག་པ་དང། སྐྱིགས་བུ་དང། མཆེར་པ་ན་བ་དང། དྲག་ནད་རྣམས་འཇོམས
་པར་བྱེད་དོ། །ཡང་པི་པི་ལིང་སྲང་ཕྱེད་ཆུ་དང་ལྡེ་གུར་བྱས་ཏེ། ལྕགས་སྣོད་ཀྱི་ནང་དུ་བསྐུས་ལ་ནུབ་གཅིག་བཞག་ལ། དེ་ནས་ཆུ་སྙིམ་བ་གང་དང། ལྷན་ཅིག་ནང་རེ་བླུད་པར་བྱ་སྟེ། དེ་ལྟར་ལོ་གཅིག་དུ་ཁ་ཟས་དང་བཏུང་བ་དང་བཅས་པ་ཅི
་འདོད་བ་བསྟེན་ཏོ། །བཅའ་ཨི་སྒོ་དང་བྱི་དང་ག་དང། འབྲས་བུ་གསུམ་དང། སླེ་ཏྲེས་དང། ཤིང་མངར་དང། ཡུང་པ་དང། ཡུ་ཏི་བ་ལེ་དང། བ་ལ་དང། སླ་སྒང་དང། ཐང་ཤིང་དང། ཨུ་དུ་ར་དང། ཀྲུ་ཏྲུག་ཏྲེས་དང། མུ་ཟི་དང
་པི་པདྨ་མ་དང། ཨུཏཔ་ལ་དང། དྷཱ་བཱ་དང། ཨ་ཤ་ཀརྞི་དང། བ་ལིའི་འོ་མ་འམ་སྙིང་པོ་གང་རྙད་པ་དང། དེ་རྣམས་རེ་རེ་ཡང་པི་པི་ལིང་གི་སྦྱོར་བ་བཞིན་དུ་ལྕགས་ཀྱི་སྣོད་ཀྱི་ནང་དུ་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ཏེ་ཟོས་ན་པོ་བརྒྱ
་འཚོ་ཞིང་ནད་དང་རྒས་པ་ལས་གྲོལ་བར་བྱེད་དོ། །གང་གི་ལྕགས་སྣོད་ལ་བསྐུ་བའི་སྨན་སྣ་རེ་རེའི་སྦྱོར་བ་གང་ཡང་རུང་བ་འདྲ་སྟེ། འོ་མ་སྙིམ་པ་གང་དང་བཅས་པར་འཐུངས་ན། གོང་དུ་སྨོས་བའི་ཡོན་ཏན་བས་ལྷག་པར་ཉིས་འགྱུར་གྱིས་ཆེས་སྐྱེད་པར་བྱེད་དོ། །ཤིང
་ལས་རྒ?་དང། སེང་ལྡེང་བསྐོལ་བའི་ཁུ་བའི་ནང་དུ་སོ་མར་ཛའི་ཕྱེ་མ་སྤངས་ཏེ་མར་དང། སྦྲང་རྩི་དང། རུ་རྟ་དང། ཨ་རུ་ར་དང། ལྕོགས་ཕྱེ་གསུམ་བཏགས་པས་བཏབ་སྟེ། ལྡེ་གུར་བྱས་པ་ལ་ལོ་གཅིག་གི་བར་དུ་ལྡག་ཅིང་ཁ་ཟས་རུང་ཞིང་ཕན་པ་ཟོས
་ན་ཁ་ཟས་ལས་གྱུར་པའི་ནད་ཡུན་རིང་བ་ཡང་འདོར་བར་བྱེད་དོ། །མཛེ་ནད་ཀྱིས་ལུས་ལ་ཚབས་ཆེར་ཁྱབ་ཅིང་ན་བར་གྱུར་བའི་སྐྱེས་བུས་ནི་སོ་མ་ར་ཛ་དང། ཏིལ་ནག་པོ་གཉིས་ངེས་པར་ལོ་གཅིག་གི་བར་དུ་ཟས་ན་ཟླ་བ་བཞིན་ལུས་མདོག་ཤིན་ཏུ
་མཛེས་པར་འགྱུར་རོ། །སྐྱེས་བུ་གང་གིས་སོ་མ་ར་ཛ་ཕུབ་མ་མེད་པར་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་སྣོད་ཀྱི་ནང་དུ་མནན་ཏེ། སྨན་པ་དང་ཕྱུང་ལ་སྙིང་པོར་གྱུར་བ་དེ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ལྡགས་ཏེ། དེའི་འོག་ཏུ་དར་བ་ལེགས་པར
་རེངས་པ་འཐུངས་ན་མཛེ་ནད་ལུས་ཀྱི་རྐང་ལག་དང་སྣ་ལ་སོགས་པ་འབྲུལ་ཞིང་ཆད་པ་ཡང་སོར་མོ་དང་སྣ་ལྔ་སོགས་པ་སྐྱེ་བར་འགྱུར་ཏེ། ཇི་ལྟར་ཤིང་བཅད་པའི་འོག་ཏུ་ལོ་མ་སྐྱེ་བ་ཤིན་ཏུ་མཛེས་པ་བཞིན་ནོ། །སྒོག་སྐྱ་ནི་ཐོག་མར་སྒྲ་གཅན་ཟིན
་གྱིས་བདུད་རྩིས་བསྐུས་པ་ལས་ཁྱབ་འཇུག་གིས་འཁོར་ལོ་འཕངས་ཏེ། མགོ་བཅད་པ་ལས་བདུད་རྩིའི་ཐིགས་པ་ས་ལ་ལྟུང་ཞིང་ཐིགས་པ་ལས་སྒོག་སྐྱ་རྣམས་སུ་གྱུར་ཏོ། །སྒོག་སྐྱ་དེ་བྲམ་ཟེ་མི་ཟ་བ་ནི་ལྷ་མ་ཡིན་གྱི་ལུས་ལས་བྱུང
་བའི་ཁྲག་དང་འདྲེས་པ་ཡིན་པས་དེས་མི་ཟ་བ་ཡིན་ནོ། །སྒོག་སྐྱ་དེ་ནི་མངོན་སུམ་གྱི་བདུད་སྩི་ཉིད་ཡིན་ཏེ། གྲོང་གི་བཅུད་ཀྱིས་ལེན་ཞེས་བྱའོ། །སྒོག་སྐྱ་དེ་ནི་ཁྱད་པར་དུ་གྲང་བའི་དུས་སུ་བསྟེན་པར་བྱའོ། །དབྱིད་བད་ཀན་ལྡང་བའི་དུས་སུ
་ལྷག་པར་དཔྱད་དོ། །དབྱར་སྤྲིན་སྐྱེས་པའི་དུས་སུ་ནི་མེ་དང་རླུང་གིས་ཉམས་ཐག་པ་ཡིན་པས་དེའི་དུས་སུ་བཟའ་བ་འམ། ཡང་ན་རྟག་ཏུ་བརྟེན་པར་བྱའོ། །སོ་ཀ་ཆ་བའི་དུས་སུ་ནི་དུས་ཀྱི་སྤྱོད་ལམ་བརྟེན་ཅིང་ལུས་དག་པ་དང
་དྲི་མ་མེད་པར་བྱ་སྟེ། སྣུམ་པ་དང། བསིལ་བ་དང། མངར་བ་དང། སྒོག་སྐྱ་ལྷན་ཅིག་བསྟེན་པར་བྱའོ། །དེ་བཞིན་དུ་གོས་དང་རྒྱན་ཡང་དུས་དང་ཇི་ལྟར་མཐུན་པ་དང། གཡོག་འཁོར་རྣམས་ཀྱང་མཐུན་པ་དང། ལྷན་ཅིག་སྒོག་སྐྱ་བསྟེན
་བར་བྱའོ། །རི་ཁ་བ་ཅན་ཞེས་བྱ་བའི་དྲུང་ན་ཤ་ཁ་ཞེས་བྱ་བའི་ཡུལ་ཡོད་པ་དེ་དེར་སྐྱེས་པའི་སྒོག་སྐྱའི་རྩ་བ་ཡུལ་དེའི་མིས་དཔྱིད་ཀྱི་དུས་སུ་ཤུན་པ་དང་ཕྲལ་ཏེ་ནུབ་མོ་ཆང་དང་ལྷན་ཅིག་ཟོས་པས་མེ་དྲོད་སྐྱེད་དོ། །སྒོག་སྐྱ་ཆ་མཆོམ
་བརྡུངས་ཏེ། བཙིར་བའི་ཁུ་བ་ཆ་ཅིག་དང། ཆང་ལེགས་པར་སྨིན་པ་ཆ་གསུམ་སྦྱར་བ་ནང་པར་འཐུངས་ན་བཟང་ངོ། །ཡང་ན་སྒོག་སྐྱའི་ཁུ་བ་དེ་ཆང་གཞན་གང་ཡང་རུང་བ་དང། བཏུང་བ་འམ། ཡང་ན་འབྲུ་མར་དང། ཞོ་ཁ་ཆུ་དང་རྩབ་མོའམ
་དེ་དག་གང་ཡང་རུང་བ་དང། ལྷན་ཅིག་སྒོག་སྐྱའི་ཁུ་བ་ཐུན་ཚད་རན་པར་དཔྱིད་ཀྱི་དུས་སུ་བཏུང་བར་བྱའོ། །ཡང་ན་འོ་མ་དང་མར་དང་ཞག་དང་རྐང་དང། སྲོག་ཆགས་ཐང་ལ་གནས་པའི་ཤ་དང། དེ་དག་གང་ཡང་རུང་བ་དང་ལྷན་ཅིག
་བསྐོལ་ཏེ། ནད་གཞི་ཇི་ལྟ་བ་བཞིན་དུ་སྦྱར་ཏེ་བཏུང་བ་འམ་ཡང་ན་སྒོག་སྐྱའི་ཁུ་བ་ཉི་ཙེ་འཐུངས་ན་མཁུར་བར་གང་བ་ཙམ་གྱིས་ཀྱང་མིད་པ་དག་པར་བྱེད་དོ། །ཟུག་གཟེར་ཆེ་ཆིང་ན་བ་ལ་ནི་སྒོག་སྐྱའི་ཁུ་བ་དེ་རྒྱུན་དུ་དུགས་བྱས
་ན་རབ་ཏུ་བསྔགས་ཏེ་དེའི་འོག་ཏུ་ཆུ་གྲང་སྤང་བར་བྱ་སྟེ། གལ་ཏེ་ཆུ་གྲང་བསྟེན་ན་ནི་འཕྲལ་ལ་སྐྱུག་ཅིང་བརྒྱལ་བར་འགྱུར་རོ། །གཞན་ཡང་ཟུགས་གཟེར་ཆེ་ཞིང་ན་བ་དང། ངལ་ཞིང་དུབ་བའི་དུས་སུ་འཐུངས་ན་ལུས་བརྟེན་ཞིང་གཟི
་??་སྐྱེ་བར་འགྱུར་རོ། །གལ་ཏེ་ལུས་ཚ་བ་སྐྱེས་ན་ནི་བསིལ་བའི་སྨན་གྱི་བསྐུ་ཞིང་ཆུའི་རྒྱུན་ཕྲ་མོའི་ཐིགས་པས་ཕོག་པ་བྱ་བ་དང་ཨ་བི་མུགཏ་ཀ་དང། ག་པུར་མ་ལི་ཀའི་ཕྲེང་བས་ལུས་ལ་བཏགས་པར་བྱའོ། །སྒོག་སྐྱ་ཉི་ཙེ་སྲང་བརྒྱད་དམ། སྲང་བཞི་པ་འམ
་ཡང་ན་དེའི་རྐང་སྲང་གཅིག་བཏགས་པའི་ཕྱེ་མ་ཁ་ཟས་དང་སྔ་དྲོ་དང་པོ་བསྟེན་པར་བྱའོ། །དེ་ཞུ་བའི་ཚོད་ཙམ་ན་འབྲས་རྙིང་པའི་ཆན་དང་མེ་ཏོག་ཀུན་ད་ཟླ་བ་ལྟར་དཀར་བའི་ཆན་ཁུ་བཅུ་པ་དང་འོ་མ་དང་ཐང་ལ་སྐྱེས་པའི་ཤ་ཁུ་དང། ལྷན་ཅིག་བཟའ་སྟེ། དེ
་མ་ཐང་ཆང་བཏུང་བར་བྱའོ། །སྐོམ་དད་ཆེ་བ་ལ་ནི་ཆང་ཆུ་དང་ལྷན་ཅིག་བཏུང་ངོ། །གལ་ཏེ་ཆང་མི་བཏུང་བ་ཞིག་ཡིན་ན་ནི་རྩ་བ་མོ་དང་རྒུན་འབྲུ་ལ་སོགས་པའི་ཁུ་བ་སླ་བ་བླུད་དོ། །ཡང་ན་སྒོག་པ་ལ་བཏགས་པའི་ཕྱེ་མ་མར་དང་ཆ་བསྙམས་ཏེ། འདྲེས
་བར་དཀྲུགས་ནས་མར་སྣོད་དུ་བཅུག་སྟེ་ཞག་བཅུ་བཞག་པ་འམ། ཡང་ན་ཕྱི་མ་དེ་དེ་ཉིད་ཞག་དང་ལྷན་ཅིག་བཟའ་འོ། །སྒོག་སྐྱ་ཤུན་པ་བཤུས་པའི་སྙིང་པོ་དང། ཐུར་མ་ལ་བསྲེགས་པའི་ཤ་འམ་ཡང་ན་བཟའ་བ་སྣ་ཚོགས་སམ། ཡང་ན་ཤ་བརྡུངས་པ་དང།
་ལྷན་ཅིག་གམ། ཡང་ན་མར་དང། ཚྭ་དང་ལྷན་ཅིག་གམ། ཡང་ན་ཆང་ཅི་འདོད་པ་དང་ལྷན་ཅིག་གམ། ཡང་ན་ཁ་ཟས་ཡང་བ་དང། པིཙྪ་དང་དེ་རྣམས་གང་ཡང་རུང་བ་དང་ལྷན་ཅིག་བཟའ་ཨོ། །ཁྲག་དང་མཁྲིས་པ་མ་གཏོགས་པ་རླུང་ནད་ནད་གཞི་གཞན་དང
་ལྷན་ཅིག་པ་འམ། ཡང་ན་རླུང་ཉི་ཚེ་ལ་ནི་སྒོག་སྐྱ་ལས་ལྷག་པའི་སྨན་གཞན་མེད་དོ། །གང་ཞིག་ཆུ་དང་བུ་རམ་དང་འོ་མ་ལ་སྲེད་ཅིང། ཤ་དང་ཆང་དང་སྐྱུར་རྣམས་ལ་མི་སྲེད་པ་དང། ཤིན་དུ་སྐོམ་དང་ཆེ་བ་ཤིང་བྲང་ཚ་བ་དང། འཇུག་སྟོབས་ཆེ་བ
་ལ་ནི་སྒོག་སྐྱ་བྱིན་ན་ངེས་པར་གནོད་པ་སྐྱེད་དོ། །དེ་ལྟར་སྒོག་སྐྱ་བསྟེན་པའི་འོག་ཏུ་མཁྲིས་པ་སྐྱེ་བར་དོགས་ན་བཀྲུ་སྨན་འཇམ་པོ་སྦྱར་ན་དེ་ཉིད་ཀྱིས་བཅུད་ལེན་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་བྲག་ཞུན་ཞེས་བྱ
་བ་ནི་སོ་ག་ཚ་བའི་ཉི་མའི་དྲོད་ཀྱི་རི་ལ་ཕོག་པ་ལས་རྒྱ་སྐྱེགས་ཀྱི་བཅུད་འཛག་པ་བཞིན་དུ་གསེར་ལ་སོགས་པའི་རིག་རྣམ་པ་དྲུག་དུ་འབྱུང་ཞིང་འཛག་པ་དེ་ནི་བྲག་ཞུན་ཞེས་བྱའོ། །གསེར་གྱི་རིགས་ལ་སོགས་པ་དྲུག་པོ་ཀུན་ཀྱང་ཁ་བ་དང
་ཚ་བ་དང། ཧ་ཅང་དྲོད་མི་ཆེ་བ་དང། ཞུ་བའི་རྗེས་ཆ་བ་ཡིན་ནོ། །བྲག་ཞུན་གྱི་རིགས་བཅད་དུ་འདོད་པ་དེ་ནི་ལྕགས་ཀྱི་རིགས་ཀྱི་བྲག་ཞུན་ཞེས་བྱའོ། །བྲག་ཞུན་པ་གཅིན་གྱི་དྲི་བྲོ་བ་དང། གུ་གུལ་གྱི་མདོག་ལྟར་གནག་པ་དང། འཇམ་པོ་འབྱར་བག་དུ
་འདུག་པ་དང། སྣུམ་པ་དང། མི་སྐྱུར་བ་དང། རོ་མངར་བ་དང། འཇམ་པ་དང། ལྕི་བ་དེ་ནི་བྲག་ཞུན་གྱི་མཆོག་དམ་པ་ཡིན་ནོ། །ནད་ཀྱིས་བཏབ་པའི་སྐྱེས་བུ་ལ་ཡང་བྲག་ཞུན་འདི་རྗེས་སུ་མཐུན་པ་ཡིན་ནོ། །དེ་ལ་ཐོག་མར་བྲག་ཞུན་ལྕགས་སྣོད
་ཀྱི་ནང་དུ་བཅུག་སྟེ། ཆུས་སྤངས་ལ་བཀྲུས་ཏེ་སྐམས་ལ་བསྐམས་པའི་བྲག་ཞུན་དང་མཉམ་པའི་སྨན་བསྐོལ་བའི་ཆུའི་ནང་དུ་སྤང་བར་བྱའོ། །དེ་ནས་ཡང་བསྐམས་ལ་དེའི་བརྒྱད་འགྱུར་གྱི་ཆུ་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང། ཚིགས་མ་བོར་ཏེ་ཁུ
་བ་དྲོ་འཇམ་ཙམ་གྱི་ནང་ཁུ་བ་དེ་དང་མཉམ་པའི་བྲག་ཞུན་བླུགས་ལ་ཡང་སྐམས་ཏེ། དེ་ལྟར་རང་རང་དང་མཐུན་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་སྤང་ཞིང་སྐམ་པ་ལན་བདུན་གྱི་བར་དུ་བྱའོ། །དེའི་འོག་ཏུ་ཏིཀྟའི་སྨན་མར་གྱིས་སྣུམ་བཅོས་བྱས
་ལ་སློན་ཁྲུས་ཀྱིས་ལུས་དག་པར་བྱ་སྟེ། དེ་ནས་བྲག་ཞུན་དེ་འབྲས་བུ་གསུམ་གྱི་ཁུ་བ་དང་སྦྱར་ལ་ཞག་གསུམ་བླུད་དོ། །དེ་ནས་ཞག་གསུམ་གྱི་བར་དུ་པ་ཏོ་ལའི་ཁུ་བ་དང་སྦྱར་བ་བཏང་ངོ། །དེ་ནས་ཞག་གསུམ་གྱི་བར་དུ་ཤིང་མངར་གྱི་ཁུ་བ
་དང་སྦྱར་བ་བླུད་དོ། །སྦྱོར་བ་དེ་དག་ཀྱང་ཇི་ལྟར་རིགས་པ་དུས་དང་སྦྱར་ཏེ་བཏང་ངོ། །བྲག་ཞུན་ཞེས་བྱ་བ་དེ་ཉིད་ནི་ལུས་ལ་ཕན་པར་བྱེད་པ་ཡིན་ཏེ་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཆོ་ག་ལོག་པར་བྱས་ན་ནི་འབྲལ་ལ་གནོད་པ་བསྐྱེད་དོ།།
་བྲག་ཞུན?་ནི་ཞག་བདུན་དང། ཞག་ཉི་ཤུ་རྩ་གཅིག་དང། ཞག་ཉི་ཤུ་རྩ་དགུ་ལ་བྲག་ཞུན་ཞོ་གཉིས་དང། སྲང་ཕྱེད་དང། སྲང་གཅིག་སྟེ། དེ་ལྟར་བྲག་ཞུན་གྱི་ཐུན་ཚད་རབ་འབྲིང་གསུམ་དང། ཞག་བདུན་ལ་སོགས་པ་གོ་རིམ་བཞིན་དུ་སྦྱར་ན་ཕན་ཡོན་ཡང་རིན
་པ་བཞིན་དུ་བཟང་བ་ཡིན་ཏེ། དེ་ལྟར་སྨན་ལེགས་པར་སྦྱར་བ་ཡང་ལུས་ལེགས་པར་སྦྱངས་པ་ལ་བྱ་བ་ཡིན་ནོ། །ཟངས་མ་དང། ལྕགས་དང། དངུལ་དང། གསེར་དང། དེ་རྣམས་ཀུན་འབྱོར་ཡང་རུང་སྟེ། དེའི་ཕྱེ་མ་དང། འོ་མ་དང། བྲག་ཞུན་ལྷན་ཅིག
་བསྲེས་ཏེ། འཐུངས་ན་མྱུར་དུ་བཅུད་ཀྱིས་ལེན་གྱི་ཆོ་ག་འགྲུབ་པར་འགྱུར་རོ། །རྒྱ་སྲན་དང། ཀ་ཀ་མ་ཅི་དང། ཕུག་རོན་གྱི་ཤ་རྣམས་ནི་རྟག་ཏུ་སྤང་བར་བྱའོ། །བྲག་ཞུན་གྱི་སྦྱོར་བ་དུས་སུ་ཆོ་ག་བཞིན་དུ་འབད་དེ་སྤྱད་ན། སའི་སྟེང་ན་གསོར་རུང་བའི
་ནད་གང་ལས་ཀྱང་མི་རྒྱལ་བ་མེད་དེ། ནད་མེད་ཅིང་ཐ་མལ་བར་འདུག་པ་ཡང་བསྟེན་ན་ཉམས་སྟོབས་དང་སག་རྩ་འཕེལ་ཞིང་སྦྱིན་པར་བྱེད་དོ། །ཉི་མ་དང་རླུང་ལ་སོགས་པས་མ་ཕོག་པའི་ཁྱིམ་གྱི་ནང་དུ་འདུག་ཅིང་རྒྱུན་དུ་ཕྱིར་མི་འབྱུང་བར་བྱ་སྟེ
་དེ་ལྟར་མ་བྱས་ན་ནི་རྩོམ་པ་དོན་མེད་པར་འགྱུར་རོ། །གང་ཉི་མ་དང་རླུང་དང་ལྷན་ཅིག་གནས་པའི་སྦྱོར་བའི་བྱེ་བྲག་བཤད་པར་བྱ་སྟེ། གང་གི་ལུས་ལ་གནོད་པར་བྱེད་པའི་རྒྱུ་བདེ་བའི་ཡོ་བྱད་བསྟེན་པས་ཉམས་པ་དང། ཆུ་གྲང་མོ་དང། འོ་མ་དང།
་སྦྲང་རྩི་དང། མར་དང། དེ་རྣམས་གང་ཡང་རུང་པ་ལ་ཞེ་སྡང་ཞིང་མི་འདོད་པ་ཡང་ཆུ་གྲང་ལ་སོགས་པ་གོང་མ་དེ་ལས་གསུམ་འམ་ཡང་ན་གཉིས་སམ། ཡང་ན་མ་ལུས་པ་ཀུན་ཡང་རུང་སྣོད་གཅིག་ཏུ་འདྲེས་པར་བྱ་སྟེ། སྨན་གྱི་གོང་དུ་ཟོས
་ན་ཡང་མི་འགྲུབ་སྟེ། གནོད་པ་སྐྱེད་དོ། །བུ་རམ་དང། སྦྲང་རྩི་དང། བཅའ་སྒ་དང། པི་པི་ལིང་དང། རྒྱམ་ཚ་དང། དེ་རྣམས་གང་ཡང་རུང་བ་དང། ལྷན་ཅིག་ཨ་རུ་ར་གཉིས་རྟག་ཏུ་ཟོས་ན་ལོ་བརྒྱ་བདེ་བར་འཚོ་བར་འགྱུར་རོ། ། རུ་ར་མར་གྱི
་ནང་དུ་བསྐོལ་ལ་བཟའ་ཞིང་དེའི་འོག་ཏུ་མར་འཐུངས་ནས། རྒས་སྲ་ཞིང་ན་ཚོད་གནས་པ་དང། ལུས་ཀྱི་ཉམས་སྟོབས་འཕེལ་བར་བྱེད་དེ། ཇི་ལྟར་མཁས་པ་ཤེས་རབ་ཅན་གྱི་གཞན་གྱིས་བྱས་པའི་བཟོ་ལན་གཅིག་བསྟན་པས་ཤེས
་པ་བཞིན་ནོ། །སྐྱུ་རུ་རའི་ཁུ་བ་དང་སྦྲང་རྩི་དང། ཁ་ར་དཀར་པོ་དང་མར་དང། དེ་རྣམས་ལྡེ?་གུར་བྱ་སྟེ། ཕན་པའི་ཟས་དང། ལྷན་ཅིག་མི་རྣམས་ཀྱིས་བསྟེན་ན། རྒ་བའི་འགྱུར་བ་རྣམ་པར་འཇིག་ཅིང་ཞི་བར་འགྱུར་ཏེ། ཇི་ལྟར་གཞུང་རྒྱ་ཆེ་བ་དག
་འཛིན་པར་མི་ནུས་པ་བཞིན་ནོ། །སྐྱུ་རུ་ར་དང། བྱི་དང་ཀ་དང། ཤིང་ཨ་ས་ནའི་སྙིང་པོ་དང། དེ་རྣམས་ཀྱི་ཕྱེ་མ་དང། ལྕགས་ཀྱི་ཕྱེ་མ་དང་ཏིལ་མར་དང། མར་དང་སྦྲང་རྩི་དང། དེ་རྣམས་ལྡེ་གུར་བྱས་ཏེ་རྟག་ཏུ་བསྟེན་ན། གཞོན་པའི
་ན་ཚོད་དང། མཛེས་པ་ཉམས་པ་མེད་པར་འགྱུར་རོ། །ལྕགས་ཕྱེ་དང། བྱི་དང་གའི་ཕྱེ་མ་མར་དང་སྦྲང་རྩི་དང་བསྲེས་ལ་སྦྱར་ཏེ། ཟ་མ་ཏོག་གི་ནང་དུ་ལོ་གཅིག་ཙམ་བཞག་ལ་སྨིན་ཅིང་སྙིང་པོར་གྱུར་པ་དང། ལྡེ་གུར་བྱས་ཏེ་ལྷག་ན
་སྟོབས་དང་ལྡན་པ་དང། འཚོ་བ་ཡུན་རིང་བར་འགྱུར་བ་དང། སྐྲ་ནག་པོར་བྱེད་དོ། །བྱི་དང་ག་དང་གོ་བྱེ་དང། བཅའ་སྒ་དང། དེ་རྣམས་མར་དང་སྦྲང་རྩི་དང་སྦྱར་བ་ཟོས་ན་རྒ་བའི་ཆུ་བོ་དང། ནད་ཀྱི་རླབས་ལས་ཐར་ཞིང་སྐྱེས་ཁུ་དེ་མདོག་བཟང
་ཞིང་མཛེས་པར་འགྱུར་རོ། །སེང་ལྡེང་དང། ཤིང་ཨ་ས་ནའི་ཁུ་བའི་ནང་དུ་འབྲས་བུ་གསུམ་དང་སྤངས་ལ་སྐམས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཆོ་ག་བཞིན་དུ་མི་རྣམས་ཀྱི་ངེས་པར་བསྟེན་ན་གསེན་བཞིན་དུ་རྒ་བ་མེད་པ
་དེ་ནི་ངོ་མཚར་མི་ཆེའོ། །སྨན་ཛི་བ་ཀའི་ཁུ་བ་དང། ཤ་ཁ་ར་དང། མར་དང། སྦྲང་རྩི་དང་འབྲས་བུ་གསུམ་གྱི་ཕྱེ་མ་ལྡེ་གུར་བྱས་ཏེ། ལག་མཐིལ་དུ་བཞག་སྟེ། སོར་མོས་ལྡག་ཅིང་བསྟེན་ན་སྐྱེས་བུ་རྣམས་རྒས་པས་གནོད་པ་བྱུང་ཟིན
་པ་ཡང་ཟློག་པར་བྱེད་དོ། །བ་སྤྲུ་པ་སར་པ་སྲང་ཕྱེད་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་ཟླ་བ་ཕྱེད་དམ་གཉིས་སམ་དྲུག་གམ་ལོ་གཅིག་གི་བར་དུ་བསྟེན་ན་རྒས་འཁོགས་པ་ཡང་ཕྱིར་ཞིང་ལུས་སར་བ་སྐྱེད་པར་བྱེད་དོ། །མུ་རྦ་དང། པྲི་ཧ་ཏཱི་དང། ཨ་ཤུ
་མཾ?་ཏ་དང། པཱ་ལ་དང། པུ་ཤེལ་ཙེ་དང། པཱ་ཐཱ་དང། ཤིང་ཨ་ས་ན་དང། ཐལ་ཏྲེས་དང། ཀ་ལ་ནུས་དང། ཨ་རུ་ར་དང། ཙན་དན་དང། དེ་རྣམས་རེ་རེ་ཡང་བ་སྤྲུ་བའི་ཆོ་ག་བཞིན་དུ་བྱས་ན་ཕན་ཡོན་ཡང་དེ་དང་འདྲའོ། །ཉེའུ་ཤིང་སྐོལ་བའི་ཁུ་བའི་ནང
་དུ་དེ་ཉིད་ཀྱི་ཕྱེ་མ་བཅུག་ལ་ལྡེ་གུར་བྱས་པའི་ནང་དུ་མར་དང་སྦྲང་རྩི་གཉིས་བཏབ་སྟེ་ཟོས་ནས། དེའི་འཚོ་བ་བདག་ཉིད་ཅན་དེ་ལ་ནད་ཀྱི་ཆོམ་པོས་ནམ་ཡང་གཙེས་པར་མི་འགྱུར་རོ། ། ཤྭ་གནདྷའི་ཕྱེ་མ་མར་དང་ཏིལ་མར་དང་ཏིང་མར་དང་ཆུ
་དྲོ་འཇམ་ཙམ་དང། དེ་རྣམས་ལས་གང་ཡང་རུང་པ་དང་སྦྱར་ཏེ་ཟླ་བ་ཕྱེད་ཀྱི་བར་དུ་བསྟེན་ན། ལུས་སྐེམ་ཞིང་ཉམ་ཆུང་བ་ཡང་འཕེལ་ཞིང་སྐྱེ་བར་འགྱུར་ཏེ། ཇི་ལྟར་ལོ་ཐོག་སར་པ་ལ་ཆར་ལེགས་པར་འབབ་པ་བཞིན་ནོ། །ཏིལ་ནག་པོ
་སྲང་གཅིག་ཉིན་རེ་ཞིང་ཟོས་ལ་དེའི་འོག་ཏུ་ཆུ་གྲང་འཐུང་ན་ལུས་འཕེལ་ཞིང་གསོ་བར་འགྱུར་ཏེ། ཇི་སྲིད་འཆི་བའི་མཛའ་ལ་ཐུག་གི་བར་དུ་སོ་བརྟན་པར་འགྱུར་རོ། །གཟེ་མ་དང། སྐྱུ་རུ་ར་དང་སླེ་ཏྲེས་དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་ཆ
་རེ་རེས་བསྲེས་པའི་ལྡེ་གུ་ཟོས་ན་བུད་མེད་ལ་ཕོད་པ་དང། ལུས་བརྟན་པ་དང། ནད་ཀྱི་སྡུག་བསྔལ་ཞིང་བར་བྱེད་པ་དང། སྐྲ་གནག་ཅིང་ལོ་བརྒྱ་འཚོ་བར་འགྱུར་རོ། །ཏིལ་ནག་པོ་སྐྱུ་རུ་ར་འམ། བ་རུ་ར་གང་ཡང་རུང་བ་ཞོ་གཉིས་དང་སྦྱར་བའི་ལྡེ
་གུ་ཟོས་ན་ཇི་ལྟར་རྨ་བྱ་བཞིན་དུ་མདངས་བཟང་པོ་སྐྱེད་པར་འགྱུར་རོ། །བྲག་ཞུན་དང། བྱི་དང་ག་དང། ཨ་རུ་དང། ལྕགས་ཕྱེ་དང། མུན་མེན་དང། དངུལ་དང། དེ་རྣམས་མར་དང། སྦྲང་རྩི་དང། སྦྱར་བའི་ལྡེ་གུས་ཟོས་ན་ལུས
་རྗུད?་ཅིང་ཉམ་ཆུང་བ་རྣམས་ཀྱང་ཡོངས་སུ་རྫོགས་ཤིང་ལུས་ཟུངས་འཕེལ་ལ་རྒྱས་པར་འགྱུར་ཏེ། ཇི་ལྟར་ཟླ་བ་ཡང་གྱི་ངོ་བཞིན་ནོ། །སྨན་བྲིང་གར་ཛིའི་ཁུ་བ་ཟླ་བ་གཅིག་གི་བར་དུ་ཉིན་རེ་བླུད་ཅིང་དེའི་འོག་ཏུ་འོ་མ་འཐུངས་ན
་སྟོབས་དང་ནུས་པར་བཅས་པའི་ལོ་བརྒྱ་འཚོ་བར་འགྱུར་རོ། །ཆུ་དང་འོ་མ་དང་འབྲུ་མར་དང། མར་དང། དེ་དག་གང་ཡང་རུང་བ་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བསྟེན་ན་རང་གི་ལུས་སྲིན་བུ་ལ་སོགས་པས་བལྟ་མི་ནུས་ཞིང་མཐོང་བ་དང།
་ཡིད་གཞུངས་པ་དང་ཚིག་གསལ་ཞིང་མཉེན་པར་འགྱུར་རོ། །མཎྚུ་ཀ་བརྞི་བཏགས་པའི་ཕྱེ་མ་མར་དང་བརྔོས་ཏེ་ཟླ་བ་གཅིག་གི་བར་དུ་ཟོས་ན་ལུས་ཟད་ཅིང་ཉམ་ཆུང་བ་སེལ་ཏོ། །འཚོ་བ་ཡུན་རིང་བ་དང། གནས་པ་དང།
་ལུས་གྲིམས་པ་དང། གཞོན་ཤ་ཆགས་པ་དང་ལུས་མཛེས་པ་ལ་སོགས་པའི་གཞིར་གྱུར་པ་ཡིན་ནོ། །སྨན་ལང་ག་ལི་དང། འབྲས་བུ་གསུམ་དང་ལྕགས་ཕྱེ་རྣམས་སྲང་ལྔ་བཅུ་བྲིང་ག་ར་ཛི་རང་གི་ཁུ་བའི་ནང་དུ་བཏགས་ཏེ་རི་ལུ་སུམ
་བརྒྱ་བྱས་ནས་གྲིབ་མ་ལ་སྐམས་ཏེ་ཐོག་མར་རི་ལུའི་ཕྱེད་ཟོས་ལ་དེ་ནས་རེ་རེ་བཟའ་ཨོ། །དེ་ལ་སྨན་བཟའ་བ་ཡང་ཐོག་མ་བཀྲུ་སྨན་བྱ་སྟེ། རིམ་གྱིས་ཐུག་པ་རྐྱང་རྐྱང་པོ་དང། ཕྱར་ལངས་ཙམ་དང་གར་བ་དང་ཤ་ཁུ་དང། འབྲས
་ཆན་ལ་སོགས་པ་རིམ་གྱིས་བཟའ་ཨོ། །བདག་ཉིད་གཅིག་པུ་མ་ཡེངས་པར་བསམ་པ་བརྟན་པོར་ཟླ་བ་གཅིག་གི་བར་དུ་མར་གྱི་སྣུམ་བཅོས་བྱའོ། །དེ་ནས་ཟླ་བ་གཅིག་གི་བར་དུ་རྣམས་ཐམས་ཅད་དུ་བདག་ཉིད་གཅིག་པུ་འདུག་པར་བྱའོ། །མ
་ཞུ་བ་ནི་དུས་ཐམས་ཅད་དུ་འབད་པ་དང་བཅས་པས་སྤང་བར་བྱའོ། །སྦྱོར་བ་དེ་ལྟར་ལོ་གཅིག་གི་བར་དུ་ཉེ་བར་སྦྱར་ན་ནད་གསོར་མི་རུང་བ་ཡང་འདིས་འཇིག་པར་བྱེད་དོ། །ཤིན་ཏུ་རྒས་འཁོགས་པ་ཡང་སྟོབས་དང་ལུས་མཛེས་པ་དང། ལུས་ཤིན་ཏུ་འཕེལ
་ཞིང་རྒྱས་པ་དང་རྣ་བ་བསང་བ་དང། མིག་གསལ་བ་ལ་སོགས་པ་ཡང་ན་ཚོད་གཞོན་ནུ་བཞིན་དུ་མཐོང་ཞིང་ཐོས་ཏེ་ལོ་ལྔ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །སེང་ལྡེང་དང། ཙི་ཏྲ་ཀ་དང། ཤིང་ཤ་ཀ་དང། ཨ་ས་ནའི་ཤིང་དང། བོང་ང་དཀར་པོ་དང། བྱི་དང་ག
་དང། བ་རུ་ར་དང་གོ་བྱེ་དང། འདི་རྣམས་བཏགས་པའི་ཕྱེ་མ་དང། ཕྱེ་མ་སྤྱིའི་བཅོ་བརྒྱད་འགྱུར་གྱི་ཆུ་དང། ལྕགས་ཀྱི་དུམ་བུ་དང་བཅས་པ་ལྕགས་སྣོད་ཀྱི་ནང་དུ་བཅུག་སྟེ་ཞག་གསུམ་ཉི་མ་ལ་བཞག་ལ་དེའི་འོག་ཏུ་མེ་ཆེ་བ་ལ་བསྐོལ་ཞིང་དཀྲུགས་ལ་ལྕགས་ཀྱི་དུམ་བུ་དང་བཅས་པ་བཞི་ཆ་ལུས་པ་དང། བཙགས་ལ་རྙིང་མ་བོར་བའི་ཁུ་བ་དང། འབྲས་བུ་གསུམ་གྱི་ཁུ་བ་དང། དེ་གསུམ་རེ་རེ་ཡང་སྨན་ཁུ་དང་མཉམ་པ་དང། འབྲས་བུ་གསུམ་རེ་རེ་ཡང་ཁུ་བའི་ཆ་གཉིས་གཉིས་དང། མར་སྲང་ཆ
་བཞི་དང་དེ་རྣམས་ལྷན་ཅིག་བསྲེས་ལ་ལྕགས་སྣོད་ཀྱི་ནང་དུ་བསྐོལ་ཏེ་མར་ལུས་པའི་ནང་དུ་ཧྭགས་དྲི་མ་མེད་པ་དང། ཁ་ར་དཀར་པོ་དང། སྦྲང་རྩི་དང། དེ་དག་རིམ་གྱིས་བཅུག་སྟེ། དེ་ལས་ཇི་ལྟར་མདོ་ཁར་འོངས་པར་འོངས་པར་བཏུང་བ་དང། ཁ་ཟས་ལ
་སོགས་པར་ཟོས་ཤིང་བསྟེན་ན་ནད་མེད་པར་འགྱུར་ཏེ་དཔལ་དང་ལྡན་ཞིང་སྡིག་པ་རྣམས་བྱད་པ་དང། ནགས་ཀྱི་མ་ཧེ་བཞིན་དུ་སྟོབས་དང་ལྡན་པ་དང། རྟ་བཞིན་མགྱོགས་པ་དང། ཡན་ལག་རྣམས་བརྟན་པ་དང། སྐྲ་བུང་བའི་མདོག་བཞིན་དུ་སྔོ་བ་དང། ཁ
་ཟས་དྲི་ཞིམ་པོ་དང་མངར་བ་འབྱུང་བ་དང། བུད་མེད་དུ་མ་འདོད་པ་སྤྱོད་ནུས་པ་དང། ཚིག་གསལ་ཞིང་བློ་དང་དག་ཕུན་སུམ་ཚོགས་པར་འགྱུར་བ་དང། མེ་དྲོད་ཆེ་བར་འགྱུར་རོ། །སྦྱོར་བ་དེ་ལྟར་ཟླ་བ་གཅིག་གི་བར་དུ་བསྟེན་ན་གསེར་བཅོ?་མའི་མདོག
་དང་ལྡན་པའི་མིའི་སེང་གེར་འགྱུར་ཏེ། ནམ་དུ་ཡང་ནད་ཀྱིས་བཏབ་ཅིང་བར་དུ་གཅོད་པར་མི་འགྱུར་ཏེ། ཇི་ལྟར་མིའི་སེང་གེ་ལག་ན་འཁོར་ལོ་འབར་བ་ཐོགས་པའི་འཇིགས་པས་ལྷ་མ་ཡིན་རྣམས་ཀྱིས་བར་གཅོད་མི་ནུས་པ་བཞིན་ནོ། །དེ་ལ་ཐོག
་མར་སློན་ཁྲུས་ཀྱིས་ཁོང་དག་པར་བྱས་པའི་འོག་ཏུ་བྲིང་ག་རཱ་ཛའི་འོ་མ་མར་དང་བརྔོས་ཏེ། བསྲུང་བའི་ཆོ་ག་དང་བཅས་པར་བཟའ་བ་དང། ཤིང་ཨ་ས་ནའི་སྙིང་པོ་འོ་མ་དང་བཅས་པ་བླུད་ཅིང་བཟའ་བའི་དོན་དུ་བསྟེན་ཏེ་ཟླ་བ་གཅིག་གི་བར་དུ་སྦྱར་ན་ལོ་ཉིས་བརྒྱའི
་བར་དུ་འཚོ་བར་འགྱུར་བ་དང། ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་ཐོས་པ་འཛིན་པ་དང། དྲན་པའི་དབང་པོ་ཉམས་པར་མི་འགྱུར་རོ། །བྲིང་ག་ར་ཛའི་འབྲུ་མར་ཡང་ཆོ་ག་གོང་མ་ལྟར་བྱས་ན་ཡོན་ཏན་དེ་ཉིད་ཐོབ་པར་འགྱུར་ཏེ། ཁྱད་པར་དུ་མདོག་ནག་པོར་འགྱུར་རོ། །དེ
་ལྟར་བདག་གིས་བཅུད་ཀྱིས་ལེན་བཤད་པ་འདི་ནི་ནུས་པ་དང་ལྡན་པ་འབྲས་བུ་དང་བཅས་པའི་དུས་དང་རྗེས་སུ་མཐུན་པ་མང་པོས་འཐུན་པར་བསྔགས་པ་ཡིན་ནོ། །བཅུད་ཀྱིས་ལེན་གཞན་ཐོབ་པར་དཀའ་བ་དང། སྒྲུབ་མི་ནུས་པ་དེ་ནི་འདིར་མ་སྨྲས་སོ། །གལ་ཏེ་བཅུད
་ཀྱིས་ལེན་གྱི་ཆོ་ག་ཉམས་ཏེ་ནད་སྐྱེ་བར་འགྱུར་ན་དེ་ལ་ནི་ནད་གཞི་རང་རང་གི་སྨན་གྱིས་གསོ་བ་ཇི་སྐད་བཤད་པ་བཞིན་དུ་བྱ་སྟེ། བཅུད་ཀྱི་ལེན་གྱི་ཆོ་ག་ནི་དོར་བར་བྱའོ། །བདེན་པར་སྨྲ་བ་དང། ཁྲོ་བ་མེད་པ་དང། ལྷག་པའི་བསམ་པ་དང་ལྡན་པ་དང། གཡུལ
་རྣམས་ལས་རྒྱལ་བ་དང། སེམས་ཞི་བ་དང། དམ་པ་རྣམས་ལ་རྟག་ཏུ་དགའ་བ་ནི་བཅུད་ཀྱི་ལེན་སྒྲུབ་པའི་ཡོན་ཏན་ཡིན་ཏེ། ཡོན་ཏན་དེ་རྣམས་ཚོགས་ན་གདོང་བཅུད་ཀྱི་ལེན་འགྲུབ་པ་ཡིན་ཏེ། བདག་ཉིད་ཤེས་པ་དང་ཚེ་རིང་བ་དང། འཇིག་རྟེན་འདི་དང
་ཕྱི་མ་གཉིས་ཀར་དགའ་ཞིང། སྐྱིད་པ་དང་བསྟན་བཅོས་དང་རྗེས་སུ་མཐུན་པ་སྤྱོད་པ་དང་བདག་ཉིད་ཀྱི་སེམས་ལ་ལྟ་བ་དང། འཁོར་རྣམས་དང་རྗེས་སུ་མཐུན་པར་འཇུག་གོ་།དོན་ཐམས་ཅད་ལ་བློ་མི་འཁྲུལ་བ་དེ་ནི་བཅུད་ཀྱིས་ལེན་ཡོངས་སུ་རྫོགས་པ་ཡིན
་ནོ། བཅུད་ཀྱིས་ལེན་གྱི་ཆོ་ག་བཤད་པའི་ལེའུ་སྟེ་སུམ་ཅུ་དགུ་པ་རྫོགས་སོ།། །།དེ་ནས་ས་བོན་གསོ་ཞིང་རོ་ཙ་བར་བྱ་བའི་ལེའུ་བཤད་པར་བྱ་བ་སྟེ། དེ་ལ་བུད་མེད་ཀྱི་ཡུལ་ལ་རྟག་ཏུ་ཆགས་པའི་སྐྱེས་བུས་ནི་རོ་ཙ་བར་བྱ་བའི་སྨན
་??། །?་ཙེ་བྲིལ?་?་མ་བྱས་ན་ནི་དགའ་བ་དང། ལུས་ཀྱི་ཉམས་མཆོག་བརྟ་བ་དང། བུ་ཚ་རྣམས་སྐྱེ་བའི་ཡོན་ཏན་དང་ལྡན་ཞིང་གནས་པ་ཡིན་ཏེ། བུ་ཚེའི་རྒྱུད་མང་དུ་འཕེལ་ཞིང་སྐྱེད་པ་དང། དེ་མ་ཐག་དགའ་བ་སྐྱེད་པ་དང། ཇི་ལྟར་རྟ་རྒོད་མ་ལ་འཇུག་ནུས་པ་བཞིན་དུ་བུད
་མེད་རྣམས་ལ་?་པ་མེད་པར་འཇུག་ནུས་པ་དང། བུད་མེད་རྣམས་ལ་ཆགས་ཤིང་དགའ་བར་འགྱུར་པ་དང། གང་དང་གང་གིས་ས་བོན་འཕེལ་བར་བྱེད་པ་དེ་ནི་རོ་ཙ་བར་བྱེད་པ་ཞེས་བྱ་སྟེ། དེ་ནི་ལུས་ཀྱི་སྤུངས་དང
་??་ཕྱེ?་བའི་མཆོག་ཀྱང་ཡིན་ནོ། །ཀྱེ་ཚངས་པར་སྤྱོད་པ་ལ་གནས་པའི་སྐྱེས་བུ་ལ་ནི་བདག་རྗེས་སུ་ཡི་རང་སྟེ། གཅིག་ཏུ་དྲི་མ་མེད་ཅིང་ཆོས་དང་གྲགས་པ་འཕེལ་བ་དང། ཚེ་འདི་དང་ཕ་རོལ་གཉི་གའི་བཅུད་ཀྱིས་ལེན་པ་ཡིན་ནོ། །འོན་ཀྱང་ལུས་ཀྱིས
་ཉམས་སྟོབས་ཆུང་བ་དང། འདོད་ཆགས་ཀྱི་ཉོན་མོངས་པས་གནོད་པར་འགྱུར་བ་དང། ལུས་ཟུངས་ཟད་པ་བསྲུང་བར་བྱ་བའི་ཕྱིར། རྩ་བའི་སྨན་རྣམས་བརྗོད་པར་བྱའོ། །སྐྱེས་བུ་གང་གིས་རོ་ཙ་བར་བྱེད་པའི་སྨན་བསྟེན་ན་ཉིན་དང་མཚན་ཐམས་ཅད་དུ་ཉལ
་པོ་མ་བཏང་བར་སྤྱད་ཀྱང་ནུས་པར་འགྱུར་ཏེ། ཅི་ལྟར་ཆུ་ཤིང་གི་ཁུ་བ་འཛག་པ་བཞིན་ནོ། །དེ་ནས་ཐོག་མར་སྣུམ་བཅོས་བྱས་ལ་བློན་ཁྲུས་ཀྱིས་ལུས་དག་པར་བྱ་སྟེ། དེའི་འོག་ཏུ་ནི་རུ་ཧ་དང། འཇམ་རྩིམས་བཏང་བ་རྣམས་བྱའོ། །ཐོག་མར་མར་དང་ཏིལ་མར་དང
་ཞག་དང་སྦྲང་རྩི་དང། ཤ་ཁ་ར་དང། འོ་མ་དང་ལྡན་པ་སྦྱོར་བ་ཤེས་པའི་སྨན་པས་སྦྱར་ལ་དེའི་འོག་ཏུ་འོ་མ་དང། ཤ་ཁུ་སྦྱིན་ནོ། །རོ་རྩ་བའི་སྦྱོར་བ་དེ་ནི་ཁུ་ཆུ་དང་བུ་ཚ་འཕེལ་བར་བྱེད་དོ། །ཇི་ལྟར་ལྗོན་ཤིང་ཡལ་ག་གཅིག་པ། གྲིབ་མ་མེད་ཅིང་མེ་ཏོག་དྲི
་ང་བ་དང། འབྲས་བུ་མེད་པ་ཤིན་ཏུ་མི་མཛེས་པ་ནི་སྐྱེས་བུ་བུ་ཚ་མེད་པ་ཡང་དེ་དང་འདྲའོ། །བུ་ཚ་དང་མཉམ་པ་མཐོང་ན་ཡིད་དུ་འོང་བ་དང། ཡང་ན་དགའ་བ་བསྐྱེད་པའི་དངོས་པོ་ནི་གང་ཡང་མེད་དོ། །ཇི་ལྟར་བྱིས་པའི་གནས་སྐབས་ན་འཁྱོར་འགྲོས་སུ་འགྲོ
་ཞིང་ཚིག་མི་གསལ་བ་དང། རྡུལ་དང་ལྷན་ཅིག་འདྲེ་ཞིང་གདོང་ཁ་ཆུ་དང། སྣབས་ཀྱི་དྲིས་མས་བརྙོག་པ་དེ་ལ་ཡང་སེམས་དག་པར་བྱེད་པའི་གནས་ཡིན་ན་ཡང་རུང་གི་བུ་ཆོས་དང་སྙན་པར་སྨྲ་བ་དང། གྲགས་པ་ང་རྒྱལ་བ་དང།
་རིགས་འཕེལ་བར་བྱེད་པའི་བུ་ཚ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་སྤྲོ་ཞིང་སྙིང་དགའ་བར་བྱེད་པ་ཡིན་ནོ། །ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པ་དང། མེའི་འཇུ་སྟོབས་ཇི་ལྟ་བ་བཞིན་དུ་བུད་མེད་ལ་ཕོད་བར་བྱ་བའི་སྦྱོར་བ་རྣམས་སྤྱད་པར་བྱ་སྟེ། འདམ?
་བུ་འདམ་རྒྱུད་དང། བུ་རམ་ཤིང་དང་ཀུ་ཤ་དང་ཀ་ཤ་ལ་སོགས་པའི་རྩཝའི་རྩ་བ་དང། བི་ད་རི་དང། བུ་ཤེལ་རྩེའི་རྩ་བ་དང། ཀཎྜ་ཀཱ་རི་དང། ཟངས་རྩི་ཀ་ལ་དང། བ་ལ་དང། མ་ད་རྣམ་གཉིས་དང། རམ་ཉེ་བ་རྣམ་གཉིས་དང། ཉེའུ་ཤིང་དང། པརྞ་རྣམ་གཉིས་དང།
་ཨ་ཤྭ་གནདྷ་དང། ཨ་ཏི་བ་ལ་དང། ཁ་སྲལ་ཕྲེའུ་དང། བ་སྤྲུ་པ་དང། བི་ད་རི་དང། པ་ཡསསྱ་དང། ཛི་བནྟི་དང་རི་དི་དང། ར་སྣ་དང། གཟེ་མ་དང། ཤིང་མངར་དང། ས་ལ་པརྞི་དང། དེ་རྣམས་རེ་རེ་ཡང་སྲང་གསུམ་གསུམ་དང། མོན་སྲན་གྲེའུ་སྲང
་བརྒྱ་ཉི་ཤུ་རྩ་བརྒྱད་དང། ཆུ་སྲང་སྟོང་ཉི་ཤུ་ཙ་བཞི་དང། ལྷན་ཅིག་བསྐོལ་ཏེ། ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་མར་དང། བི་ད་རི་དང། སྐྱུ་རུ་ར་དང། བུ་རམ་ཤིང་དང། དེ་རྣམས་རེ་རེ་ཡང་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། འོ་མ་སྲང་ལྔ
་བརྒྱ་རྩ་གཉིས་དང། སྨན་བི་ད་རི་དང། ཁ་སལ་དང། ར་མ་ཉེ་བ་རྣམ་གཉིས་དང། ཤིང་མངར་དང། ཕལ་གུ་ནི་དང། པི་པི་ལིང་དང། རྒུན་འབྲུམ་དང། བི་ད་རི་དང། བྲ་གོ་དང། ཤིང་ཏོག་མ་དུ་ཀ་དང། དེ་རྣམས་བཏགས་པའི་ཕྱེ་མ་བཏབ་པ་དང། ཡང་བསྐོལ
་ཏིལ་མར་ལུས་པ་དང། སྙིགས་མ་ཕྱུང་བའི་ནང་དུ་སྨན་དེ་རྣམས་ཉིད་ཀྱི་ཕྱེ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང། ཤཁ་ར་སྲེང་བརྒྱ་དང། པི་པི་ལིང་སྲང་བཞི་དང། ན་ལེ་ཤམ་སྲང་གཅིག་དང། ཤིང་ཚྭ་དང། སུག་སྨེལ་དང། ནཱ་ག་གེ་སར་དང། དེ
་གསུམ་སྲང་ཕྱེད་ཕྱེད་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང། སྦྲང་རྩི་སྲང་བཅུ་དྲུག་དང། དེ་རྣམས་ལྷན་ཅིག་དཀྲུགས་པའི་ལྡེ་གུ་ལས་སྲང་རེ་རེ་ཙམ་ཟོས་ལ་དེའི་འོག་ཏུ་ཤ་ཁུ་དང། འོ་མ་འཐུངས་ནི་ཇི་ལྟར་རྟ་ལོ་རྒོད་མ་ལ་འཇུག་ནུས་པ་དང་བྱེའུ་ཀ་ལིང་ཀ་ང་བཞིན་དུ་བུད
་མེད་ལ་ཉལ་པོ་ནུས་པར་འགྱུར་རོ། །སྨན་བི་ད་རི་དང་པི་པི་ལིང་དང། འབྲས་ཤི་ལ་དང། བི་ཡ་ལ་དང། གཟེ་མ་དང་ཁ་སྲལ་དང། དེ་རྣམས་ཀྱི་ཕྱེ་མ་སྲང་བཞི་བཞི་དང་སྦྲང་རྩི་སྲང་བརྒྱད་དང། ཤ་ཁ་ར་སྲང་ལྔ་བཅུ་དང། མར་སྲང་བཅུ་དྲུག་རྣམས་ལྡེ་གུར
་བྱས་པ་དེ་ལས་ཞོ་གཉིས་གཉིས་ཙམ་གྱིས་ཐུན་ཚད་དུ་ཟོས་ན་བུད་མེད་བརྒྱའི་ནང་དུ་ཞུགས་ཏེ་འདོད་པ་སྤྱད་ཀྱང་མི་ངོམས་སོ། །ཁ་སྲལ་ཕྲེའུ་དང། གྲོ་དང་འོ་མ་སྦྱར་བ་བླུད་པ་འམ་ཡང་ན་མོན་སྲན་གྲེའུ་དང། མར་དང་སྦྲང་རྩི་སྦྱར་བ་ཟོས་ལ་དེའི་འོག་ཏུ
་བ་བེའུ་ཐོག་མ་བཙས་བའི་འོ་མ་བླུད་ན་མཚན་ཐོག་ཐག་གཉིང་མི་ལོག་བར་བུད་མེད་ལ་སྤྱད་ཀྱང་བུད་མེད་དུབ་པ་སྲིད་ཀྱིས་སྐྱེས་པ་ཉལ་བོས་དུབ་པ་ནི་མི་སྲིད་དོ། །ར་ཐུག་གི་རླིག་པ་འོ་མ་དང་བསྐོལ་བའི་ནང་དུ་ཏིལ་ལན་མང་དུ་སྤངས་ཏེ། ཁ་ར་དཀར
་པོ་དང་བཅས་པར་གང་གིས་ཟོས་ན་ཡང་བུད་མེད་བརྒྱ་ལ་འདོད་པ་སྤྱོད་བར་འགྱུར་རོ། །སྨན་བི་ད་རིའི་ཕྱེ་མེ་རང་གི་ཁུ་བའི་ནང་དུ་ལན་མང་དུ་སྤངས་ཤིང་སྐམས་པ་སྦྲང་རྩི་དང་མར་དང་ལྡེ་གུར་བྱས་ཏེ་ཟོས་ན་བུད་མེད་འདོད་པ་དང་ལྡན་པ་བཅུ་ལ
་འཇུག་ནུས་པར་འགྱུར་རོ། །པི་པི་ལིང་དང་སྐྱུ་རུ་རའི་ཕྱེ་མ་རང་གི་ཁུ་བ་དང། སྤངས་ཏེ་ཤ་ཁ་ར་དང། སྦྲང་རྩི་དང་མར་དང་ལྡན་ཅིག་ལྡེ་གུར་བྱས་ཏེ་ལྡགས་ལ་དེའི་འོག་ཏུ་བཏུང་བར་འོ་མ་བླུད་ན་སྐྱེས་བུ་ལོ་བརྒྱད་བཅུ་ལོན་ན་ཡང་ལང་ཚོ་ལ་བབ
་པའི་སྐྱེས་བུ་བཞིན་དུ་དགའ་བ་ཐོབ་ཅིང་ནུས་པར་འགྱུར་རོ། །ཤིང་མངར་གྱི་ཕྱེ་མ་ཞོ་གཉིས་དང་མར་དང་སྦྲང་རྩི་ཆ་ཉམ་པར་སྦྱར་བ་བཟའ་ཞིང་བཏུང་བར་འོ་མ་བླུད་ན་རྟག་ཏུ་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཀརྐ་ཏེ། ཤྲཾ་གིའི་ཕྱེ་མ་འོ་མའི་ནང་དུ
་བཏབ་པའི་སྐྱོ་མ་བླུད་ནས། ཁ་ར་དཀར་པོ་དང། མར་དང་འོ་མ་ལྷན་ཅིག་པའི་ཁ་ཟས་ཟོས་ན་བུད་མེད་རྣམས་ལ་ཕོད་པ་ཡིན་ནོ། །སྨན་པ་ཡསསྱ་འོ་མ་དང་བསྐོལ་ཏེ་བ་མར་དང་སྦྲང་རྩི་དང་བཅས་པར་བཟའ་ཞིང་བཏུང་བ་རེ་འོ་མ་བླུད་ན། ས་བོན
་ཟང་མི་ཤེས་པར་འགྱུར་རོ། །ཁ་སྲལ་གྱི་འབྲས་བུ་དང་མེ་ཏོག་གི་ཕྱེ་མ་དང། ཤ་ཁ་ར་དང། འོ་མ་བཞོས་མ་ཐག་དྲོན་པོ་དང། སྦྱར་བ་འཐུངས་ན་ལུང?་བོང་བཞིན་དུ་སྐྱེས་བུ་བུད་མེད་ལ་འཇུག་ནུས་སོ། ། ཚ་ཏྲའི་ཕྱེ་མ་དང་ཉེའུ་ཤིང་གི་ཕྱེ་མ་ཡང
་གོང་མ་ལྟར་བྱ་སྟེ། ཞོའི་སྤྲིས་མ་ཟླ་བ་ལྟར་དཀར་བ་དང། ཁ་ར་དཀར་པོ་དང། འབྲས་དྲུག་ཅུ་པའི་ཚན་དང། དེ་དག་གི་གོས་ཀྱིས་རླུང་ཡབ་ཀྱིས་བསིལ་བར་བྱས་པ་ཟོས་ན། རྒན་པ་ཡང་གཞོན་ནུ་བཞིན་དུ་འདོད་པ་ལ་ཕོད་པ་ཡིན་ནོ། །གཟེ་མ
་དང་ཨ་ག་རུ་དང། མོན་སྲན་གྲེའུ་དང། ཁ་སྲལ་གྱི་ས་བོན་དང། ཉེའུ་ཤིང་དང། དེ་རྣམས་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་བླུད་ན་རྒས་འཁོགས་པ་ཡང་བུད་མེད་བརྒྱ་ལ་འཇུག་ནུས་པ་ཡིན་ནོ། །གང་ཡང་མངར་བ་དང་སྣུམ་པ་དང། ཉམས
་བརྟ་བ་དང། སྟོབས་འཕེལ་བ་དང། ཡི་གར་འོང་བ་དང། དེ་དག་ཐམས་ཅད་བསྟན་ཀྱང་རོ་རྩ་བའི་བདག་ཉིད་དུ་བཤད་དོ། །དེ་ལྟ་བས་ན་སྨན་གོང་མ་དེ་རྣམས་ཆོ་ག་བཞིན་དུ་བྱས་ན་ནི་འདོད་པས་དྲེགས་ཤིང་བུད་མེད་རྣམས་ལ་འཇུག་ནུས
་པར་འགྱུར་ཏེ། བདག་ཉིད་ཀྱང་ཤུགས་དྲགས་པ་དང། བུད་མེད་ཡོན་ཏན་དང་ལྡན་པ་ལྷན་ཅིག་བརྟེན་ན་དགའ་བ་སྐྱེད་དོ། །དབང་པོ་རྣམས་བདེ་བར་བྱེད་པའི་དཔག་བསམ་གྱི་ཤིང་གི་མྱུ་གུ་དང་འདྲ་བ་དང། མེ་ཏོག་གི་མངའ་ལྔ་ཡུལ་ལ་བསམ་པ
་ཐག་པ་ནས་འགའ་བ་སྐྱེད་པ་ཡིན་ནོ། །འདོད་བའི་ཡུལ་རེ་རེས་ཀྱང་དགའ་ཞིང་ཚིམ་པར་བྱེད་པའི་མཆོག་ཡིན་ན་བུད་མེད་ཀྱི་ལུས་ལ་ཡུལ་ཐམས་ཅད་དང་ལྡན་པ་ལྟ་ཅི་སྨོས་ཏེ། དགའ་བ་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །བུད་མེད་གང་གི
་མིང་ཙམ་ཐོས་ན་ཡང་སྙིང་དགའ་བར་བྱེད་པ་ཡིན་ན་མཐོང་བ་དང་མངོན་སུམ་དུ་སྤྱད་ཅིང་ལ་ཚིམ་པ་ལ་དགའ་བ་སྐྱེད་པ་ལྟ་ཅི་སྨོས་ཏེ། སྔོན་མ་མྱོང་བའི་བདེ་བ་ཐོབ་པར་བྱེད་པ་ཡིན་ནོ། །བརྟུལ་ཞུགས་དང་སྡོམ་པ་དང་དབང་པོ་རྣམས་འདྲེན་པར་གྱུར་པའི་ཞགས་པ་ཡིན་ནོ། །བུད་མེད་ཀྱི་སྒྱུ
་ཚུལ་ལ་མཁས་ཤིང་འཇོ་སྒེག་དང་ལྡན་པ་དང། ལུས་དང་ན་ཚོད་ཀྱི་བྱིན་ཕྱིམ་ཕུང་པ་དང། ཕྱིར་ངོ་ཚ་དང་བཅས་ཤིང་ཁྲེལ་ཡོད་པ་དང། དབེན་པར་གྲིམས་ཤིང་བག་དང་བཅས་པ་དང། ཚིག་འཇམ་པ་དང་ལྡན་པ་དང་སྐྱེས་པ་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་དགའ་བའི་བུད
་མེད་དེ་ནི་སྐྱེས་བུ་རྣམས་ཀྱི་རོ་རྩ་བ་བསྐྱེད་པའི་མཆོག་ཡིན་ནོ། །འདིར་འདོད་པ་སྤྱད་པའི་ཆོ་ག་མ་ལུས་པ་ནི་འདོད་པ་བཞིན་དུ་མངོན་པར་དགའ་བའི་བུད་མེད་དེ་ནི་སྐྱེས་བུ་རྣམས་ཀྱིས་སྤྱོད་པའི་བསྟན་བཅོ་ལས་ཇི་སྐད་བཤད་པ་བཞིན་དུ་བྱ་སྟེ། དེ་ཡང་ཡུལ་དང་དུས་དང་ཉམས་སྟོབས
་ཇི་ལྟ་བ་བཞིན་དུ། བརྟགས་ཏེ་རྗེས་སུ་མཐུན་པར་དགག་པ་དང། དབྱིའོ། །དེ་ལ་འདོད་པའི་བསྟན་བཅོས་ནི་སྨན་དཔྱད་ཀྱི་རྒྱུད་འདི་ལས་རྒྱ་ཆེར་མ་བསྟན་ཏོ། །བསྐུ་ཕྱུག་དང་ལུས་ལ་དྲིལ་བ་དང། ཆུས་ལུགས་པ་དང། དྲི་དང་འཕྲེང་བ་དང། གོས་སྣ་ཚོགས་དང། རྒྱན་གྱི་རྣམ་པ་དང
་གླུ་དབྱངས་དང། སྙན་དག་ལ་སོགས་པའི་གཏམ་སྙན་པ་དང། པི་ཝང་གི་སྒྲ་དང། མཐུན་ཞིང་ནེའི་ལྡངས་རང་གིས་དབང་དུ་གྱུར་པའི་གྲོགས་པོ་རྣམས་དང་འགྲོགས་པ་དང། རང་གི་ཁང་པའི་ནང་ན་རྫིང་བུ་ཉམས་དགའ་བ་ཡོད་ཅིང་དེའི་ནང་དུ་འཇུག་པ་དང། པདྨའི་གེ་སར
་དང། ཕུང་བ་སྣ་ཚོགས་དང། བྱ་ལྡིང་བ་དང། རི་ཞོལ་ཐམས་ཅད་སྣང་བའི་རིའི་རྩེ་མོར་འཛེག་པ་དང། མེ་ཏོག་རྒྱས་པའི་ནགས་ཀྱི་ནང་དུ་ཞུགས་པ་དག་མཐོང་ན་བདེ་བ་ནི་ལྡན་ཤིང་རིགས་སྣ་ཚོགས་ཡིན་ནོ། །རྣ་བའི་ཡུལ་བདེ་བ་ནི་ཁུ་བྱུག་གི་སྒྲ་སྙན་པ་གྲགས་པ་བཞིན
་ཡིན་ནོ། །ལུས་ཀྱི་བདེ་བའི་ཡུལ་ནི་ཁྱད་པར་གྱི་རྒྱན་གྱིས་བརྒྱན་པ་ཡིན་ནོ། །སེམས་བདེ་བའི་ཡུལ་ནི་གཡོག་འཁོར་ཐམས་ཅད་དང་ལོངས་སྤྱོད་པ་ཡིན་ནོ། །གླ་གོང་ཞ་ཤ་དང། ཆང་གི་དངས་མ་དང། ཆུང་མ་ཡིད་དུ་འོང་བ་དང། བདག་ཉིད་ལྷན་ཅིག་དབེན་བར
་གནས་བ་དང། མཚན་མོ་ཟླ་བའི་འོད་ལ་འདུག་པ་དང། དངོས་པོ་གང་དང་གང་གིས་ཡིད་ཚིམ་ཞིང་དགའ་བར་བྱེད་པ་དེ་དང་དེ་ནི་རོ་རྩ་བར་བྱེད་པ་ཡིན་ནོ། །ུཏཔ་ལའི་དྲིས་བསྒོས་པའི་བཏུང་བ་བཞིན་དུ་རང་གི་ཆུང་མའི་ཁ་དྲི་ཞིམ་པ་ལའོ་བྱེད་ཅིང
་མཁྱུད་པ་དང། ཚིག་སྙན་ཅིང་ཡིད་དུ་འོང་བར་སྨྲ་བ་དང། མལ་སྟན་ཤིན་ཏུ་ཡིད་འཕྲོག་པ་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ་ནི། ཇི་ལྟར་མཇུག་མ་གེ་སར་བཅས་པ་ལྟ་བུའི་མལ་སྟན་ལ་ཉལ་བ་དང། སེམས་ཀྱི་ནད་དང་ལུས་ཀྱི་ནད་གང་ཡང་མེད
་པ་དང། ནོར་གྱིས་ཕོངས་པ་མེད་པ་དང། སེམས་ཀྱི་གནོད་པ་ཅུང་ཟད་ཀྱང་མེད་པ་དང། རོ་རྩ་བར་བྱེད་བའི་སྦྱོར་བ་ཐམས་ཅད་དང་ཡང་ལྡན་པ་དེ་ནི་འདོད་པའི་སྟེང་དུ་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རིམས་ལ་ནི་གླ་སྒང་དང་སྨྲ་བར་པ་ཏ་པན
་ནོ། སྐོམ་དང་ཚ་བ་ལ་ནི་བོང་བ་ཚིག་པ་བསྲེགས་པ་ཆུའི་ནང་དུ་བསྙུགས་པ་སྦྱིན་པ་ཕན་ནོ། །སྐྱུགས་པ་ལ་ནི་འབྲས་ཡོས་ཕན་ནོ། །ཆུ་སོའི་ནད་ཐམས་ཅད་ལ་ནི་བྲག་ཞུན་སྔགས་སོ། །གཅིན་སྲི་བ་ལ་ནི་སྐྱུ་རུ་ར་དང་ཡུད་བ་ཕན་ནོ། །སྐྱ་རྦབ་ཀྱི་ནད་ལ་ནི
་འབྲས་བུ་གསུམ་དང་ལྕགས་ཕན་ནོ། །རླུང་དང་བད་ཀན་ལ་ཨ་རུ་ར་ཕན་ནོ། །མཆེར་བའི་ནད་ལ་པི་པི་ལིང་བསྟོད་དོ། །རྟུག་པ་འགགས་པའི་ནད་ལ་ནི་བྱི་དང་ག་བ་སྔགས་སོ། །དུག་བཞི་ཀ་ཤ་དང་ཞེས་བྱ་བ་ཤྲི་ཤ་ཕན་ནོ། །ཚིལ་དང་རླུང་འདྲེས་བའི
་ནང་ལ་ནི་གུ་གུལ་ཕན་ནོ། །ཁྲག་དང་མཁྲིས་པ་ལ་ནི་བ་ཤ་ཁ་ཕན་ནོ། །ཚད་པར་འཁྲུལ་བ་ལ་དུག་མོ་ཡུང་ཕན་ནོ། །གཞམ་འབྲུམ་ལ་ནི་གོ་བྱེ་ཕན་ནོ། །དབྱིག་དུག་ལ་ནི་གསེར་ཕན་ནོ། །ཤ་ཆེ་ཞིང་ཚོ་བ་ལ་ནི་སྐྱེད་པ་ཕན་ནོ། །སྲིན་བུའི་ནད་ལ་ནི
་སྲིན་བུ་འཇོམས་པའི་བྱི་དང་ག་ཕན་ནོ། །གློ་གཅོད་སྒེམ་བྱེད་ལ་ནི་རའི་ཤ་འམ་འོ་མ་སྦྱིན་ནོ། །མིག་ནད་ལ་ནི་འབྲས་བུ་གསུམ་ཕན་ནོ། །དྲག་ནད་ལ་ནི་སློ་ཏྲེས་ཕན་ནོ། །ཕོ་བའི་ནད་ལ་ནི་དར་བ་ཕན་ནོ། །མཛེ་ནད་ལ་ནི་སེང་ལྡེང་གི་སྙིང་པོ་རྟག་ཏུ
་བསྟེན་པར་བྱའོ། །སྨྱོ་བྱེད་ཀྱི་ནང་ལ་ནི་མར་རྙིང་ཕན་ནོ། །ནད་ཐམས་ཅད་ལ་ནི་ལྡོང་རོས་ཕན་ནོ། །མྱ་ངན་གྱིས་ནོར་བ་ལ་ནི་ཆང་བྱུང་ན་བཟང་ངོ། །བརྗེད་བྱེད་ལ་ནི་སྨན་མཧཱ?་ཕན་ནོ། །གཉིས་མེད་བ་ལ་ནི་?་བླུད་ན་ཕན་ནོ། །ཆམ་པ་ལ་ནི་ཞོ་དང་ལེ་ཤམ་དང་ཤ་ཁ་ར་སྦྱར
་བ་ཕན་ནོ། །ལུས་སྐོམ་ཞིང་ཉམས་ཆུང་བ་ལ་ནི་ཧ་སྦྱིན་ན་ཕན་ནོ། །རླུང་ནད་ལ་ནི་སྒོག་སྐྱ་སྦྱིན་ན་ཕན་ནོ། །ལུས་རེངས་པ་ལ་ནི་དུགས་བྱས་ན་ཕན་ནོ། །མི་རྣམས་དང་སྣ་དང་ཕྲག་གོང་དང་ལག་པར་རྣམས་ཀྱི་ནད་ལ་ནི་ཨ་བ་མརྒ་བསྔོགས་སོ། །གླང་བའི་ཕྱེད་ན
་བ་ལ་ནི་མར་སར་དང་ཧྭགས་སྦྱིན?་ནོ། །དམུ་རྫིང་གི་ནད་ལ་ནི་རྔ་མོའི་གཅིན་དང་འོ་མ་སྦྱིན་ནོ། །མགོ་ནད་ཐམས་ཅད་ལ་ནི་སྣ་སྨན་བྱའོ། །ཁོང་འབྲས་གསར་དུ་བྱུང་བ་ལ་ནི་ཁྲག་གཏར་བར་བྱའོ། །ཁ་ནད་ལ་ནི་སྣ་སྨན་དང་མཁུར་བ་དགང་བའི་སྨན
་བྱའོ། །མིག་ནད་ལ་ནི་སྣ་སྨན་དང་མིག་སྨན་དང་ཉམས་པ་རྟག?་བའི་སྨན་སྦྱོར་རོ། །ལུས་འཕེལ་ཞིང་རྒྱས་བར་བྱེད་པ་ལ་ནི་འོ་མ་དང་ཞུན་སྲང་ཕན་ནོ། །བརྒྱལ་བ་ལ་ནི་ཆུ་གྲང་མོ་དང་རླུང་དང་གྲིབ་མ་ཕན་ནོ། །མེ་དྲོད་ཆུང་བ་ལ་ནི་པུས་དལ་བར་བྱ་བ་དང་ཚ་དང་སྒེའུ
་གཤར་སྦྱར་བ་ཐུན་རན་པར་བཟའ་ཨོ། །ལུས་དལ་ཞིང་དུ་བ་ལ་ནི་ར་སྣ་སྦྱིན་མོས་།སྡུག་བསྔལ་འབྱུང་བ་ལ་ནི་བཟོད་པ་ཕན་ནོ། །ལྕེ་ལ་དྲག་པོ་ལ་ནི་བརྟན་པར་གནས་པ་ཕན་ནོ། །གཅིན་སྲིབ་ལ་གཟེ་མ་ཕན་ནོ། །ལུང་པ་ལུ་བ་ལ་ནི་ཀཎྜ་ཀཱ་རི་ཕན?་ནོ། །རྩིབ
་ལོགས་སུ་ཟུག་པ་ལ་ནི་མ་ནུ་ཕན་ནོ། །རྒས་སྲ་ཞིང་ན་ཚོད་གནས་པར་བྱ་བ་ལ་ནི་སྐྱུ་རུ་ར་སྦྱིན་ནོ། །རྨ་བྱུང་བ་ལ་ནི་འབྲས་བུ་གསུམ་དང་གུ་གུལ་ཕན་ནོ། །དེ་ལྟར་གོང་དུ་བཤད་པ་དེ་དག་སྨན་གྱི་མཆོག་བསྡུས་པ་ཡིན་ཏེ་ནད་ཐམས་ཅད་ཞི་བར་བྱེད་པ
་ཡིན་ནོ། །དེ་ཡང་ཡུལ་དང་དུས་དང་ནད་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་བརྟགས་ཏེ་སྦྱར་བར་བྱའོ། །དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བྱེ?་བར་བཤད་བའི་གཞུང་ནི་ངོམས་མི་ཤེས་རྒྱ་ཆེར་ཡོད་མོད་ཀྱི། དྲང་སྲོང་ཆེན་པོ་གཟིངས?་ཅན་དང། མེ
་བཞིན་འཇུག་པ་སོགས་བའི་དྲང་སྲོང་རྣམས་ཀྱིས་ལྷན་ཅིག་བློ་མཐུན་པར་བྱས་ཏེ། འདུས་ན་དྲང་སྲོང་མེ་བཞིན་འཇུག་གིས་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་ཐེ་ཚོམ་བཅད་དེ་ཞུས་པའི་སྐབས་ནས་བདག་གིས་མདོའི་དོན
་མདོར་བསྡུས་པ་འདི་བཤད་པ་ཡིན་ནོ། །བཅོམ་པ་དང་ལྡན་པ་འདི་ན་ཁ་ཅིག་ནད་པ་སྙིང་སྟོབས་དང་ལྡན་པ་དང་སྨན་གྱི་ཡོན་ཏན་གྱི་ནད་གཡོག་གི་ཡོན་ཏན་དང་སྨན་པ་རྒན་པོ་རྣམས་ཀྱི་ལུང་དང་མཐུན་པར་བྱས་ཀྱང། ནད་ཀྱི་ལུས་ཟད་ཅིང
་སྲོག་འགྱུར་བར་སྣང་བ་ཡོད། ལ་ལ་ནི་སྨན་དང་དཔྱད་མ་བྱས་ཀྱང་ཞི་བར་སྣང་སྟེ། འོན་ཀྱང་ཕན་པ་དང་མི་ཕན་པའི་འབྲས་བུའི་བྱེ་བྲག་དེས་པ་མེད་པར་སྣང་ན་འདིར་བསྟན་བཅོས་ཀྱིས་ཞི་བར་བྱེད་པའི་རྟོགས་པ་ནི་ཇི་ཞིག་ཡིན་ཞེས་དྲིས
་པ་དང་མེ་བཞིན་འཇུག་པ་ལ་སོགས་པ་སློབ་མའི་ཚོགས་རྣམས་ལ་དེ་ཉིད་ཀྱི་དོན་མ་ལུས་པ་བུ་ནར་བཱ་ལུས་བཤད་པ། དེ་ལྟར་གསོ་བ་བྱས་པ་དང། མ་བྱས་པ་ཡང་མཉམ་ཞིང་བྱེ་བྲག་མེད་དེ། ནང་གསོ་བའི་ཡན་ལག་དྲུག་ཅུ་དང་མི
་ལྡན་ཞིང། གསོ་བ་མ་བྱས་ཀྱང་ནད་མང་བར་འགྱུར་བ་ཡང་ཡོད་མོད་ཀྱི། འོན་ཀྱང་ནད་ཀྱི་འདམ་བུར་ཕྱིར་བ་ལ་ལག་པས་ལས་འདྲེན་པ་ལྟ་བུ་ནི་སྨེན་པ་ཡིན་ནོ། །སྲོག་འཚོ་བར་འདོད་པ་ཐམས་ཅད་ཀྱི་འདྲེན་པར་འགྱུར་པ་ནི་སྨན་ཡིན་ནོ།།
་འདི་ལྟར་ནད་གསོ་བའི་ཆོ་ག་ནི་ཡལ་བར་མི་བར་ཞིང་ངེས་པར་བླང་བར་བྱ་སྟེ། ཆོ་ག་བཞིན་དུ་བྱས་ན་གསོར་རུང་བ་ཡིན་ནོ་།དེ་ལས་གཞན་དུ་ཡལ་བར་བོར་ན་ནི་གསོར་མི་རུང་བ་ཡིན་ནོ། དེ་བས་ན་རྒྱུ་མེད་པར་བདག་ཉིད་ཞི་བར་གྱུར་བ་མེད་དོ། །ནད་གང་ལ་གོང་དུ་བསྟན་པའི་གསོ་བ
་ཐམས་ཅད་ཕུན་སུམ་ཚོགས་པར་གསོ་བ་བྱས་ན་ནི་དེ་འཆི་བར་མི་འགྱུར་ཏེ་གསོ་བར་བྱ་བ་གཅེས་སོ། །དེ་བས་ན་གསོ་བའི་ཐབས་ཡོད་ན་ནི་གསོ་བའི་ཐབས་མེད་པ་མ་ཡིན་ཏེ་གསོ་བ་ཡོད་དོ། །སྨན་པ་བློ་དང་ལྡན་པས་ཆོ་ག་དང
་ལྡན་པར་གསབ་བྱས་ཤིང་སྨན་གྱི་ཡན་ལག་བཅུ་དྲུག་དང་ལྡན་དུ་ཟིན་ཀྱང་སྨན་གྱིས་ཡོན་ཏན་སྔོན་གྱི་ལས་ལོགས་པར་སོང་སྟེ། མི་འགྲུབ་པ་ཡང་ཡོད་དོ། །ཁ་ཅིག་ལ་མེ་དང་ཆུ་དང་དུགས་བྱས་པ་དང། འཁྲུལ་བ་བཅང་སྒ་ལ་སོགས་པ་གྲུབ་པའི་ལས་བྱས་ཀྱང
་མི་འགྲུབ་པ་ཡོད་དེ། དེ་བཞིན་དུ་ལུས་ཉམ་བརྟ་བའི་ཕྱིར་འོ་མ་སྦྱིན་ཡང་སྐེམས་པ་དང། ལུས་ཉམ་ཆུང་བ་ལ་སྨན་བེའུ་སྦྱར་ཡང་རྟ་བར་བྱེད་པ་དང། ཁ་ཅིག་ལ་ཤ་དང་ཁ་སྲལ་ཕྲེའུ་ལ་སོགས་པ་ཉམ་བོད་པའི་སྨན་བསྟེན་ཀྱང་རོ་རྩ་མི་ནུས་པ་དང།
་ཁ་ཅག་ལ་འཁྲུ་བ་བཅད་པའི་སྨན་བྱས་ཀྱང་མི་ཕན་ཏེ་ངེས་པ་མེད་ཅིང་ཐེ་ཚོམ་བཅས་པའང་ཡོད་དོ། །སྔས་དང་རྒྱུ་མེད་པར་ཁ་ཅིག་གི་དུག་ཟོས་ཀྱང་འཇུ་བ་ཡོད་ཁ་ཅིག་ནི་མགུལ་བའི་ནད་རོ་ཧི་ད་ཞེས་བྱ་བས་བཏབ་སྟེ། ཞི་བར་བྱེད་པའི་སྨན་མ་བསྟེ་ཀྱང་རང
་ཞི་བ་ཡོད་དོ། འོན་ཀྱང་གྲུབ་པའི་མཛའ་ཐམས་ཅད་ལ་དུས་མ་ཡིན་པར་ངེས་པར་འཆི་བ་ཡོད་དེ། དེ་ལ་འབད་པ་ཆེན་པོས་གསོ་བར་བྱས་ཏེ། བཟུང་ན་ནི་ཇི་ལྟར་ཡང་འཆི་བར་མི་འགྱུར་རོ། །དེ་བས་ན་ཙན་དན་ལ་སོགས་པ་ནི་ཚ་བ་འཇོམས་པར་བྱེད་ལ།
་རིམས་ལ་ནི་སྨྱུར?་བ་དང། ཉམས་བརྟབ་རྣམས་བྱའོ། །ཞེས་སྔན་ཆད་དུ་བསྟན་བཅོས་དག་ལས་གྲགས་ཤིང་མིང་དུ་ཆགས་པ་ཡིན་ཏེ། ནད་གསོ་བའི་ཡན་ལག་རྣམ་པ་བཞི་འོ་ཚོགས་ན་ལེགས་པར་བརྟགས་ཏེ། སྨན་སྦྱར་ཞིང་གསོ་བར་བྱའོ། །དེ་བས
་ན་ནད་ཀྱི་བཏབ་ཅིང་ཉམས་ཐག་གཟིར་བ་ལ་ནི་ཐེ་ཚོམ་དང་བཅས་པའི་གསོ་བ་མི་བྱ་སྟེ། སེམ་ཉི་སྤངས་ལ་གསོའོ། །དེ་ལྟར་སྨན་གྱི་རྒྱུད་འདི་ནི་འགྲེ་བ་རྣམས་ཀྱི་ནད་མངོན་སུམ་དུ་སེལ་བར་བྱེད་པའི་བདུད་རྩི་ཡིན་ཏེ། ནད་ཀྱིས་འཇིགས་ཤིང་སྔར་བ་རྣམས
་ཀྱི་རྒུད་པ་མེད་པའི་བསྲུང་བའི་སྐུད་པ་ཡིན་ཏེ། གལ་ཏེ་སྨན་པ་བློ་ཞན་པ་སྣོད་ངན་པ་འདྲ་བ་སྙིང་ལ་གནས་ན་ནི། དེ་མ་ཐག་དུག་ཧ་ལ་ཧ་ལར་འགྱུར་ཏེ། སྨན་དཔྱད་ཀྱི་དོན་མ་ནོར་བར་མ་ཤེས་ཤིང་ལོག་པར་དབྱད་དེ་སྨན་དཔྱད་ཀྱི་ཡི་གེ་ཙམ་གཅོད
་སྟོན་ཅིང་འདོན་པ་དང་འཆང་བ་དེ་ནི་རིང་དུ་སྤང་བར་བྱ་སྟེ། ཇི་ལྟར་གཤིན་རྗེ་ལག་ན་ཞགས་པ་ཐོགས་པ་བཞིན་ནོ། །སྨན་པ་མཁས་པའི་རྒྱུད་དུ་བྱུང་པའི་ལུང་ལ་བརྟེན་པའི་གསོ་བའི་ལས་ལ་གོམས་པ་དེ་ལྟ་བུ་ལ་བརྟེན་པ
་ནི་རབ་ཏུ་བཟང་བ་ཡིན་ཏེ། མཁས་པ་རྣམས་ཀྱིས་མན་ངག་བཟང་པོ་དེ་ལྟ་བུ་ལ་འདོད་པར་བྱའོ། །དེ་ལྟར་སྨན་གྱི་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་དང་ནི་མི་ལྡན་ལ་རྒྱུད་ཀྱི་སྐྱོན་ཐམས་ཅད་ནི་སྤངས་པ་ཡིན་ནོ། །གསོ་བའི་དཔྱད་ཀྱི་བསྟན་བཅོས་མ
་ལུས་པ་ཐམས་ཅད་ལ་ཁྱབ་ཅིང་གནས་པ་ཡིན་ཏེ། དེ་ཡང་དྲང་སྲོང་ཆེན་པོ་རྣམས་ཀྱི་དགོངས་པ་རྒྱ་ཆེ་ཤིང་དྲི་མ་མེད་པ་རྣམས་ཀྱི་ལུགས་དང། རྗེས་སུ་མཐུན་པ་རྒྱ་ཆེན་པོ་ལྟར་རྒྱ་ཆེ་བའི་ཡན་ལག་བསྡུས་པའི་དོན་འདིས་ཉེ་བར་མཚོན
་པ་ཡིན་ནོ། །སྨན་དཔྱད་ཡན་ལག་བརྒྱད་པ་རྒྱ་མཚོ་དང་འདྲ་བ་ལས་བསྲུབས་ཏེ། ཡན་ལག་བརྒྱད་པ་བསྡུས་པ་བདུད་རྩིའི་ཕུང་པོ་དང་འདྲ་བ་འདི་ཕྱུང་ངོ། །ཡན་ལག་བརྒྱད་པ་བསྡུས་པ་ད?་ལས་བློ་ཞན་ཞིང་བརྩོན་པ་ཆུང་བ་རྣམས་ཀྱི་དོན
་ཆེད་དུ་རྒྱུད་འདི་ལོགས་ཤིག་ཏུ་བཤད་དོ། །འདི་ནི་ལུང་ཆེན་པོར་གྲགས་ཤིང་མཆོག་ཏུ་གྲུབ་པ་ཡིན་ལ་འབྲས་བུ་མངོན་སུམ་དུ་སྟོན་པ་ཡིན་ཏེ། ཇི་ལྟར་སྔགས་ཀྱིས་སྦྱོར་བ་གྲུབ་པ་བཞིན་ནོ། །འདི་ནི་སྤྱོད་པ་ཅན་གྱི་གཞུང་ལྟར་དོན་མེད
་པ་ནི་མ་ཡིན་ནོ། །འདི་འདོན་པ་དང་རྟོགས་པ་དང་རྗེས་སུ་འགྲུབ་པ་དེ་ན་ངེས་པར་ཡུན་རིང་དུ་འཚོ་བ་དང་ནད་མེད་པ་དང། ཆས་དང། ནོར་དང། བད་བ་དང། གྲགས་པ་ཡང་ཐོབ་པར་འགྱུར་རོ། །རྒྱུད་འདི་རྟོག་ཅིང་འདོན་ན་ནི་ཡན་ལག
་བརྒྱད་པ་བསྡུས་པའི་དོན་ཡང་རྟོགས་པར་འགྱུར་ཏེ། རང་གི་གསོ་བའི་ལས་ལ་གོམས་པའི་སྨན་པ་རྣམས་ཀྱང་སེམས་གཡོས་པར་འགྱུར་ན་ཡང་མངོན་པར་བརྩོན་པར་བྱས་ཏེ། སྨན་དཔྱད་ཀྱི་རྒྱུད་རྒྱ་ཆ་བ་གཞན་གོ་ཞིང་ཤེས་པ་ནི་ངོ
་མཚར་ཀྱང་ཆེ་སྟེ། གལ་ཏེ་ཙར་ཀ་དང། སུ་སུ་ཏལ་སོགས་པས་བཤད་པའི་སྨན་གྱི་རྒྱུད་ཤེས་པས་ནི་ནད་རྣམས་ཀྱི་མིང་ཙམ་ཡང་ཁོང་དུ་ཆུད་པར་མི་འགྱུར་རོ། །ཅི་སྟེ་ཙ་ར་ཀས་བཤད་པའི་སྨན་དཔྱད་ཀྱི་ཡི་གེ་ཁོང་དུ་ཆུད་ཀྱང་དེ་ནི་གསོ་བར་ཡོངས་སུ་རྫོགས
་པ་མ་ཡིན་ཏེ། ངེས་པར་ནད་ཀྱིས་ཉམས་ཐག་པ་རྣམས་གསོ་བར་མི་ནུས་སོ། །ལེགས་པར་ཤེས་ཤིང་རིག་པར་བྱ་བའི་སྨན་དཔྱད་ཀྱི་ཡི་གེ་སྐྱེས་བུའི་ཚེའི་རིགས་བྱེད་ཀུན་གྱི་སྔོན་དུ་འགྲོ་བ་འདི་ལ་སྐྱོ་བ་མེད་ཅིང་མངོན་པར་བརྩོན་པའི་མཆོག་གིས་མི་འཇུག
་པ་དེ་ནི་ཤིན་ཏུ་གཏི་མུག་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་ལ་ཏིལ་མར་དང། མར་དང་སྦྲང་རྩི་གོ་རིམ་བཞིན་དུ་ཕན་ཞིང་ཞི་བར་བྱེད་དོ། །ཞེས་ཆངས་པ་འམ་ཚངས་པའི་བུས་བཤད་དེ་རེ་ནི་རྩིང་མ་བརྟགས་པར་སྨན་གྱི་ནུས་པའི་བྱེ
་བྲག་བཅོད?་ཅིང་ཕྱེ་བ་ཡིན་ནོ། །དེ་བས་ན་བདག་གིས་སྨན་དཔྱད་ཀྱི་རང་བཞིན་ཤེས་ནས་སྨན་གྱི་ནུས་པ་དང་ཁྱད་པར་ཞིབ་དུ་བརྗོད་པ་ཡིན་ཏེ་དེས་ན་ཞེ་སྡང་དང་ཕྲག་དོག་སྤང་ཞིང་གང་རིགས་པ་དེ་བླང་བར་འོས་སོ། །གལ་ཏེ་བྲང་སྲོང་ཆེན་པོ་ཙ་ར་ཀ་དང
་སྲུ་སྲུ་ཏ་དང་གཟིངས་ཅན་ལ་སོགས་པས་བཤད་པ་ལ་དད་པ་ཞིག་ཡོད་ན་ཡང་བདག་གིས་དེའི་ལུང་ཅི་ཞིག་མ་བརྗོད་དེ་སྨྲས་སོ། །དེ་བས་ན་ལེགས་པར་གསུངས་པའི་སྨན་གྱི་དཔྱད་ཀྱི་རྒྱུད་འདི་ཉམས་སུ་ལེན་པའི་རིགས་སོ། །རང་གི་རང་བཞིན་ཚེའི
་རིག་བྱེད་རྒྱ་མཚོ་ལས། །སྙིང་པོ་བཞིན་དུ་བསྡུས་པའི་ཆོ་ག་འདི་བཤད་པས། །དགེ་བ་གང་ཞིག་རབ་ཏུ་བསགས་པ་ཐོབ་གྱུར་པ། དེས་ནི་འགྲོ་བ་མ་ལུས་བདེ་བ་ཐོབ་གྱུར་ཅིག་།རོ་རྩ་བར་བྱེད་པའི་ལེའུ་སྟེ་བཞི་བཅུ་ཐམས་པའོ།། །།སྨན
་པའི་བདག་པོ་སེང་གེ་སྤས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་རྒྱུད་ཕྱི་མའི་གནས་རྫོགས་ཏེ། ཡན་ལག་བརྒྱད་པའི་སྙིང་པོ་ལས་གནས་བྲུག་པ་སྟེ་ཐ་མ་རྫོགས་སོ།། །།
་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་ཇི་སྙེད་པའི་བཤད་པ་རྫོགས་སོ།། །།མ་རིག་དབང་གིས་འདི་དག་ཏུ། །ཅུང་ཟད་ནོངས་པར་གང་གྱུར་ཏེ། །གང་ཕྱིར་བདག
་ཉིད་ཁོང་བླུན་པས། །མཁས་པ་རྣམས་ལ་བཟོད་པར་གསོལ། །གལ་ཏེ་འབྱུང་ཁུངས་བཟང་པོའི་གཏེར། །མངོན་སུམ་སྣང་བ་འགྲོ་ལ་བཏང། བོད་ཀྱི་ལྟ་བཙན་པོ་སློབ་དཔོན་བྱང་ཆུབ་སེམས་དཔའ་ལྷ་བླ
་མ་ཛྙཱ་ན་པྲ་བྷཱའི་བཀས། ཚེའི?་རིགས་བྱེད་ཀྱི་རྒྱ་མཚོ་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་བཤད་པ་འདི་བསྒྱུར་ཅིག་ཅེས་བཀའ་སྩལ་ནས་བླ་མའི་ཞབས་དྲུང་དུ། རྒྱ་གར་གྱི་ཨཱ
་ཙཨཱ་རྱ་དྷརྨ་ཤྲཱི་བར་མ་དང། ཞུ་ཆེན་གྱི་ལོཙྪ་བ་ཨི་གུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་མར་ལོ་དགེ་སློང་རིག་པ་གཞོན་ནུ་དང། སྙེལ་བོར་དགེ་སློང་དབྱིག་གི་རིན་ཆེན་དང་གསུམ་གྱིས
་ཚད་ལ་ཕབ་སྟེ་མཇུག་བསྡུས་ནས་རྫོགས་པར་བགྱིས་སོ།། མངྒཱ་ལཾ། །།
་