CLOSE WINDOW

N4545: sel ba grub pa
Wyliee-texts based on the ACIP/ALL Input

བསྒྱུར་བ། །བསེལ་བ་གྲུབ་བ་ཤ་བ?་ཤནད། །*། །རྒྱ་གར་སྐད་དུ། ཨ་ལོ་ཧ་སིདྡྷཱི། བོད་སྐད་དུ་སེལ་བ་གྲུབ་པ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ ་ལོ། །ཀུན་མཁྱེན་འཁྲུལ་བྲལ་དུས་གསུམ་གནས་པ་ཡི། །དོན་རྣམས་ཇི་གཞིན་གཟིགས་པ་ལ་བཏུད་དེ། །བརྩེ་ལ་གནས་ནས་སེལ་བ་ལ་བརྟེན་པའི། །བདག་གཞན་རབ་ཏུ་སྨྲ་བའི་འཁྲུལ་བསལ་བྱས། །སེལ་བ། ་གཞན་གཅོད་དོན་ལ་ནི། །སྒྲུབ་པ་མེད་པ་ལས་བྱུང་བའི། །ཤེས་པའི་བྱ་བ་དེ་རྣམས་གཉིས། །དེ་དག་ལ་ནི་བརྗོད་པ་ཡིན། །སྒྲུབ་པ་དང་རྣམ་པར་གཅོད་པ་དག་གིས་དོན་ལ་ཤེས་པ་བྱ་བ་གཉིས་དང་ལྡན་པ་ཡིན་པའི་ཕྱིར། ་སྒྲུབ་པའི་བདག་ཉིད་ཀྱི་བྱེད་པ་མེད་ན་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་དུ་དོན་ལ་རྣམ་པར་རྟོག་པ་རྣམས་འབྲས་བུ་མེད་པ་ཉིད་ནི་མ་ཡིན་ཏེ། རྣམ་པར་གཅོད་པས་འཇུག་པའི་ཕྱིར་རོ། །རྣམ་པར་གཅོད་པ ་ཉིད་ནི་གཞན་སེལ་བ་ཡིན་ནོ། །དེ་ལ། སྒྲུབ་པ་མྱོང་ཉིད་རྣམ་གཅོད་ནི། ཐ་དད་དངོས་པོ་ལ་རྣམ་པར་ཤེས་པའི་བསྒྲུབ་པའི་བྱ་བ་ནི་དོན་མྱོང་བ་ཉིད་བྱ་བ་ཡིན་ལ། རྣམ་པར་གཅོད་པ་ནི ་རང་བཞིན་གཞན་དུ་གྱུར་པ་དང་འདྲེས་པ་ཐ་དད་པའོ། །འདི་ལྟར་དེ་ནི་རང་རྒྱུད་ལས། བྱུང་ཡང་སྒྲོ་བཏགས་པ་ལས་ནི། །གཞན་དུ་གྱུར་པ་བསལ་བྱ་ཡིན། །དོན་རྣམས་རང་གི་རྒྱུ་ལས་ཐ་དད་པར་བསྒྲུབ་པ་ཡིན ་ཡང་དངུལ་ལ་སོགས་པའི་ཤེས་པས་ཉ་ཕྱིས་ལ་སོགས་པ་དག་ལ་བཞིན་དུ་སྒྲོ་བཏགས་ཀྱི་རང་བཞིན་གཞན་སྒྲོ་བཏགས་པས་ཐ་དད་པ་མེད་པར་བྱས་པ་དག་རྣམ་པར་གཅོད་པར་བྱེད་པའི་ཤེས་པས་ཐ་མི་དད་པ་སེལ་བར ་བྱེད་དོ། །ཇི་ལྟར་ཤེས་པ་འཁྲུལ་པའི་དབང་གི་དེ་ལྟ་བུའི་ངོ་བོ་གྱུར་པས་རྣམ་པ་དེ་ལྟ་བུ་མ་ཡིན་པའི་དོན་ཡང་དེ་ལྟར་འགྱུར་ཞིང། གང་གིས་སྒྲོ་བཏགས་བར་དོན་རྣམས་ཐ་དད་པར་འགྱུར་ཞེ་ན། དོན་ཉིད་དེ ་ལྟར་གྱུར་པར་ནི་མི་སྨྲ་སྟེ། སྒྲོ་བཏགས་པ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །འོན་ཀྱང། དོན་ལ་ཤེས་བའི་བྱེད་ཡོད་པ། དེ་ལ་ཅུང་ཟད་བྱེད་པ་མ། །ཤེས་པ་བཞིན་དུ་དེར་ཡང་ནི། །རྟོགས་པའི་འབྲས་བུ་ལ་བལྟོས ་ཡིན། །དོན་ལ་རྟོགས་པ་འཇུག་པ་ན། །ཕྱི་རོལ་གྱི་དོན་ལ་ནི་ཅུང་ཟད་བྱས་བ་མེད་པ་ཉིད་དེ། དེ་ལ་འགའ་ཞིག་ཡིད་ལས་རང་བཞིན་གྱིས་ཁྱད་པར་གྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་པས་དོན་རྟོགས ་པར་བྱེད་པའི་ཕྱིར་ཇི་ལྟར་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཅེ་ན། མ་ཡིན་ཏེ། རྟོགས་པ་ཞེས་བྱ་བས་ནི་བ་ཉིད་ཀྱི་ཅི་ཞིག་ལྟར་གྱུར་བ་བརྗོད་པ་ཡིན་གྱི་དོན་གྱི་ངོ་བོར་གྱུར་བའི་ཁྱད་པར་ནི། འགའ་ཡང་མ་ཡིན་པའི ་ཕྱིར། །རྟོགས་པར་བྱས་པས་དོན་ལ་འགའ་ཞིག་བྱས་པ་ནི་མ་ཡིན་ནོ། །དོན་རིག་པས་དོན་ཡུལ་དུ་བྱེད་ཞེ་ན། ཡུལ་དུ་བྱེད་པ་ཞེས་བྱ་བ་རང་བཞིན་གྱི་ཁྱད་པར་སྒྲུབ་པ་ནི་མ་ཡིན་ནོ། །ཅི་ལྟར་མི་སྒྲུབ། །གང་གི་ཕྱིར་གསལ ་བར་བྱེད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞན་རྟོགས་པའི་དོན་དུ་གཞན་གྱི་དབང་པོ་ལ་སོགས་པའི་བྱེད་པ་ལ་མི་བལྟོས་པར་འགྱུར་ཏེ། དཔེར་ན་བྱས་པ་ཡང་གཞན་གྱིས་མི་བྱེད་པ་བཞིན་ནོ། །དོན་གྱིས་བདག་ཉིད་ཐམས་ཅད་ལ ་ཐུན་མོང་ཡིན་པའི་ཕྱིར་གསལ?་བའི་བདག་ཉིད་ཀྱང་ཐ་དད་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་དོན་ལ་འཇུག་ཅེ་ན། དེ་ལ་བརྟེན་ནས་རྟོགས་པ་པོ་ལ་འབྲས་བུ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཅི་ལྟར་རྟོགས་པ་པོ་དེ་ནི་ཁོང ་དུ་ཆུད་པ་དོན་ལ་བྱ་བ་འཇུག་པ་ཡིན་པ་དེ་བཞིན་དུ་རྣམ་པ་གཞན་དུ་འགྱུར་བ་ཡང་ཡིན་ནོ། །འདི་ལྟར་དེ་ཡི་ངོ་བོ་མ་སྤངས་པར། །ངོ་བོ་གཞན་རིག་བྱེད་པ་དེ། །རྣམ་གཞན་འབྲས་ཅན་དོན་རྣམས་ནི། །རྣམ་པ་གཞན་དུ་རིག་ཕྱིར་རོ།། ་ཉ་ཕྱིས་ལ་དངུལ་དུ་ཤེས་པས་ཉ་ཕྱིས་ཀྱི་རང་བཞིན་གྱི་ཡུལ་ཡོངས་སུ་སྤངས་ནས་གམ་ཏུ་དངུལ་རྟོགས་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཉ་ཕྱིས་ཀྱི་རང་གི་ངོ་བོའི་ཡུལ་ནོན་པས་ཉ་ཕྱིས་ཀྱི་རྣམ་པར་རྗེས་སུ་ཞུགས ་པ་བཞིན་དུ་རྟོགས་སོ། །དེའི་ཕྱིར་ཉ་ཕྱིས་འདི་ལ་དངུལ་ཉིད་དུ་རྟོགས་པར་བྱེད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་འདི་རྟོགས་པར་བྱེད་པ་ན་རྟོགས་པ་པོ་ལ་གཞན་རྣམ་པ་གཞན་གྱི་ངོ་བོར་བྱེད་བའི་ཕྱིར་དེ་ལ་འདིས་ཐ་མི་དད ་བའི་འབྲས་བུ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཉ་ཕྱིས་ཀྱི་རང་གི་ངོ་བོ་མངོན་སུམ་ཡིན་ཡང་མི་སྣང་བར་མི་འཐད་དོ། །དེའི་རྣམ་པ་འདྲེས་པ་ཐ་དད་བ་མེད་པས་ན་ཤེས་པ་པོ་ལ་གཞན་དུ་གྱུར་པར་བྱས་ལས་ནི་རང་གི་ངོ་བོ་སོ་སོར ་མི་སྣང་བར་འཐད་པ་ཡིན་ནོ། །གལ་ཏེ་དོན་གཞན་གྱི་ངོ་བོར་རྟོགས་པར་བྱེད་གྱི་རྣམ་པ་གཞན་དུ་བྱེད་པ་ནི་མ་ཡིན་པ་མ་ཡིན་ནམ་ཞེ་ན། ལྷ་རྣམས་དགའ་བ་རང་གིས་སྨྲས་པ་ཡང་ངེས་པར་མི་ཟིན་པ་ནི་ཁྱད་དུ ་བསད་པར་བྱ་བ་ཉིད་དེ། ཐ་དད་པ་མེད་པར་ཕྱེད་པ་ནི་གཞན་དུ་རྟོགས་བར་བྱེད་པ་ལ་ཁས་བླང་བའི་ཕྱིར་རོ། །དེའི་ཕྱིར་ངེས་རྟོགས་པ་པོ་ལ་དོན་ཐ་མི་དད་པར་བྱས་སོ་ཞེས་བརྗོད་ཀྱི། དངོས་པོ་ལ་ནི་མ་ཡིན་ནོ། །འདིའི་དེ་ཐ་དད་པར་བྱེད ་པའི་འབྲས་བུ་ནི་དེ་ཉིད་ལ་ཡིད་གཉིས་དངོས་པོ་ལ་ནི་མ་ཡིན་གཞན་དུ་རྟོགས་པ་ཉིད་ཀྱིས་དོན་བསྲེ་བར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དེ་ནི་དེ་ཉིད་ལ། །གསལ་བ་རྣམ་དཔྱོད་བྲོ་འབྲས་ཡིན། དེ་ཇི་ལྟར་ཤེས་པའི་དོན་གྱི ་ཁྱད་པར་དུ་བྱེད་པའི་རྟོགས་པར་བྱེད་པ་ནི་འཇལ་བར་བྱེད་པ་པོ་ལ་ཡིན་གྱི་དོན་ལ་ནི་མ་ཡིན་ལ། །སྒྲོ་འདོགས་ཀྱི་འབྲས་བུ་གཞན་རྟོགས་པས་ཐ་དད་པ་མེད་པར་བྱས་པ་ཡང་དེ་ཉིད་ལ་ཡིན་པ་དེ་བཞིན་དུ་རྣམ་པར་གཅོད་པའི་བློའི་དོགས་པ་དེ་ལས ་གཞན་དུ་གྱུར་པ་ཉིད་བསལ་བ་ཡང་འཇལ་བར་བྱེད་པ་པོ་ཉིད་ལ་ཡིན་ནོ། །ཤེས་པ་ལྟ་བུར་སྒྲུབ་བའི་འབྲས་བུ་དང། རྣམ་པར་གཅོད་པའི་གཞན་ལས་ཐ་དད་པ་དེ་ཡང་རྟོགས་པ་པོ་ལ་ཡིན་ནོ། །རང་བཞིན་གཞན་དུ་རྟོགས་པར་བྱ་བའི ་དངོས་པོ་དེའི་རང་བཞིན་དང་ཐ་མི་དད་པར་འགྱུར་བ་ཉིད་དབང་པོའི་དེ་ཉིད་དུ་རྟོགས་པ་ཟློག་པས་དེ་ལས་ལྡོག་པ་གང་ཡིན་པ་དེ། གལ་ཏེ་བཟློག་ནས་རང་གི་ངོ་བོ་རྟོགས་པ་ད་ལྟ་ན་ཡང་ཟློག་པ་ཡང་རྟོགས་པ་ཡིན་པའི་ཕྱིར། གཉིས་པོ ་འདི་བྱ་བ་ཡིན་ཏེ། སྒྲུབ་པ་དང་རྟོགས་པར་ཁྱད་པར་མེད་པའི་ཕྱིར་རོ། །ཐ་དད་པར་བྱེད་པ་ཉིད་ནི་རྣམ་པར་གཅོད་པའི་བྱེད་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །ངེས་ན་གལ་ཏེ་རྟོགས་པར་གྲུབ་པ་ཡང་ལྡོག་པའི་སྒོ་ཉིད་ནས་འཇུག་པས ་ཁྱད་པར་ཅན་དུ་གྱུར་བ་ཡིན་ནོ་ཞེས་ཀྱང་བསྟན་པར་བྱའོ། །དེའི་ཕྱིར་ཐ་མི་དད་པ་སེལ་བ་ཉིད་དོན་ལ་རྣམ་པར་གཅོད་པའི་བློའི་དགོས་པའི་གཙོ་བོ་ཡིན་ནོ། །དེའི་ཕྱིར་གཅིག་ན་འང་ཐ་དད་ཕྱིར། །དོན་རིགས་པ་ལས་ཉམས་པས་ན། །བློ་དོན་ཐ་དང ་གཅིག་ལ་ནི། །འཁྲུལ་པ་ཐ་དད་སྲིད་ཕྱིར་རོ། །གང་གི་ཕྱིར་དོན་གྱི་མཐར་ཐུག་པའི་ཤེས་པའི་བྱེད་པ་སྒྲུབ་པ་དང། རྣམ་པར་གཅོད་པ་གཉིས་ཡིན་པ་དེའི་ཕྱིར་དོན་རིག་པའི་བདག་ཉིད་ཅན་སྒྲུབ་པའི་བྱེད་ཉམས་པ་ན། སྔོན་པོ་ལ་སོགས ་བའི་ཤེས་པ་དག་རྣམ་པར་གཅོད་པའི་དོན་ཉིད་ཀྱིས་དོན་ལ་འཇུག་པ་ཡིན་གྱི། ངོ་བོ་རྟོགས་པར་བྱ་བའི་དོན་ནི་མ་ཡིན་ནོ། །ཡང་ཇི་ལྟར་ན་དོན་རིག་པ་མེད་ཅེ་ན། དེ་ཡོད་ན་ཤེས་པ་དེ་དོན་ཅི་ལྟ་བ་དེ་ལྟ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར ་གང་ཞིག་གང་རིག་པར་བྱེད་པ་དེ། གལ་ཏེ་དེའི་རང་བཞིན་མ་ཡིན་པར་རིག་པར་བྱེད་ན་ནི་དེ་རིག་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་ཏེ། དུང་སེར་པོ་ལ་སོགས་པ་བཞིན་ནོ། །རྣམ་པར་རྟོག་པའི་ཤེས་པ་ནི་དོན་ཐ་དད་མེད་ན་ཡང་ཐ་དད་བའི་རྣམ ་པས་འཇུག་སྟེ། བ་ལང་དཀར་པོ་རིང་མོ་ཐུང་དུ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་བ་ལང་བ་ལང་ཞེས་ཁྲ་བོ་ལ་སོགས་པ་ལ་བློ་ཐ་མི་དད་ན་ཡང། དེ་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་དོན་ལ་ཐ་དད་པ་དང་འདྲིས་པ ་དག་ཏུ་རྟོགས་པར་བྱེད་པས་དེའི་རྟོགས་པའི་བྱེད་པ་བསལ་བར་གྱུར་པར་འདི་ཅི་སྲིད་དུ་བྱེད་པ་གཞན་དང་ལྡན་པ་བསལ་བར་མ་གྱུར་གྱི་བར་དུ་ད་རུན་ཡང་དངུལ་སོགས་པའི་ཤེས་པ་བཞིན་དུ་ཟླ་བ་གཉིས་ལ་སོགས་པའི་ནང་དུ་གཞུག་པར ་མི་བྱའོ། །དངུལ་གྱི་བློ་ནི་ཉ་ཕྱིས་རྟོགས་པའི་བྱེད་པ་དང་བྲལ་ཡང། ཉ་ཕྱིས་ཉ་ཕྱིས་མ་ཡིན་པ་ལས་ཐ་དད་པ་ལ་བྱེད་པ་ཡོད་པ་མ་ཡིན་ནོ། །དེས་ན་དེའི་ངོ་བོ་མ་རེག་པར་དོན་ལ་སྒྲོ་འདོགས་པའི་རང་བཞིན་ཅན་འདི་འཁྲུལ་བ་ཁོ་ན་ཡིན་པ་དེ ་བཞིན་དུ་སྔོན་པོ་ལ་སོགས་པའི་ཤེས་པ་ནི་དེ་ལྟ་མ་ཡིན་ཏེ། རྣམ་པར་གཅོད་པ་འཇུག་པ་གྲུབ་པའི་ཕྱིར་ཏེ། དེ་ནི་འདིའི་ཤེས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་ཆ་མེད་པ་ཉིད་ཀྱི་དོན་གྱི་རང ་བཞིན་ཐ་དད་པ་མེད་པའི་བདག་ཉིད་ཡིན་ན་ཡང། དེ་ཐུན་མོང་མ་ཡིན་པའི་ཕྱིར་དང། གང་དང་གང་ལས་དེ་ཐུན་མོང་མ་ཡིན་པ་དེ་དག་ཀྱང་མང་བའི་ཕྱིར་དེ་ལ་འཁྲུལ་པ་ཐ་དད་པ་མང་པོ་སྐྱེ་བར་འཐད་པ་ཡིན་ཏེ། དེ་ནི ་བཟློག་པ་སྒྲོ་འདོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང། དེ་དག་ཀྱང་མང་པོ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་ནི་ཆ་མེད་པ་ལ་རྣམ་པ་དུ་མར་སྣང་བར་མི་འགྱུར་གྱི་ཕྱིན་ཅི་ལོག་ནམ་ཡིན་ནོ། །དེའི་ཕྱིར་འཁྲུལ་བ་སེལ་བ ་ཉིད་ཀྱིས་དོན་ཐ་དད་པ་ཅན་ནི་གཅིག་ལ་སྟེ། ཐ་མི་དད་པར་འགྱུར་རོ། །འཁྲུལ་པ་ཐ་དད་པ་དག་ནི་ཤེས་པ་ཐ་དད་པ་ཁོ་ནས་བཟློག་པའི་ཕྱིར་རོ། །དེའི་ཕྱིར་དོན་ཐ་མི་དད་ན་ཡིད་ཤེས་པ་ཐ་དད་པ་ཐུན་མོང་མ་ཡིན་པའི་འབྲས་བུ་ཅན ་རྣམས་རྣམ་པར་གཅོད་པའི་དོན་ཅན་ཉིད་ཀྱིས་ཕྱིན་ཅི་ལོག་པ་ཡིན་ཡང་འཇུག་པར་འགལ་ལམ། ཕྱིན་ཅི་མ་ལོག་པ་དེ་ཡང་གང་ཡིན་ཞེ་ན། དཔེར་ན་སྒྲུབ་པ་དོན་ཅི་ལྟ་བ་དེ་ལྟར་ཤེས་པ་དེ་བཞིན་དུ་རྣམ་པར་གཅོད་པ་ཡང ་དོན་ཇི་ལྟ་བ་ཁོ་ནར་བཟློག་པར་བྱེད་པ་ཡིན་ཏེ། དངུལ་ལ་སོགས་པའི་ཤེས་པ་ལྟར་ལོག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གི་མཚན་ཉིད་རྣམས་ཐ་དད་པ་ལ་འཁྲུལ་བ་ཐ་དད་ནི་ཁྱད་པར་ཏེ། སྐབས་ཀྱི་ཐ་དད་པ་ལ་བལྟོས ་པ་ཉིད་དོ། །དེ་ཡང་གལ་ཏེ་ཐ་དད་པ་དེ་དག་ལ་ཐ་མི་དད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་བདག་ཉིད་ཐ་དད་པའི་ཁྲ་བོ་ལ་སོགས་པ་སོ་སོར་རེ་ཞིང་བ་ལང་མ་ཡིན་པའི་སྒྲོ་འདོགས་དང་འབྲེལ་བ་དག་ལ་དེ་བཟློག་པའི་ཕྱིར་བ་ལང་གི ་ཤེས་པ་གཅིག་འཇུག་པ་སྲིད་པ་ཡིན་ནོ། །དེ་དག་ལ་ཡང་དག་པའི་ཤེས་པ་རང་བཞིན་གཅིག་པར་མི་འགྱུར་གྱི་འཕྲུལ་བ་དང། དེ་བཟློག་པའི་འབྲས་བུ་ཅན་རྣམ་པར་གཅོད་བའི་ཤེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་མེད་ན་རྟོགས་པ་དང་འདྲ་བ ་ནི་རྣམ་པར་གཅོད་པ་ཉིད་ཀྱི་ནི་དོན་རྣམས་ལ་རྣམ་པར་རྟོག་པའི་བྱེད་བ་ཡིན་ནོ། །གང་གིས་ཐ་དད་པའི་སྒྲོ་འདོགས་པ་དག་ཐ་དད་པ་ལ་རྣམ་པར་གཅོད་པ་ཐ་དད་པར་འགྱུར་བ་བརྗོད་དུ་མེད་པའི་རང་བཞིན་ཅན་གྱི་རང་བཞིན་ལ། བདག་ཉིད ་གང་གིས་?་།འདྲ་བ་ཅི་ཞིག་ཡོད། དོན་ཐ་མི་དད་པ་ལ་ནི་མི་རྟག་པ་དང་བྱས་པ་ལ་སོགས་བའི་ཆོས་ཡོད་པ་མ་ཡིན་ན་དེ་ཇི་ལྟར་འདི་རྟག་པ་འམ་མ་བྱས་པ་ལས་དབྱེ་བར་འགྱུར་ཞེ་ན། ཁྱེད་ཀྱི་ཡང་དག་པར་མ་རྟོགས་ཏེ། །དེ ་ཐ་མི་དད་ཀྱང་བྱས་པ་ཉིད་ལ་སོགས་པ་ཐ་དད་པར་མི་འགྱུར་གྱི། མེད་པ་ཉིད་དུ་ནི་མ་ཡིན་ནོ། །ཞེས་བཤད་པར་བྱའོ། །དེའི་ཕྱིར་དེ་ལས་དེའི་ངོ་བོ་ཐ་དད་པ་མེད་པ་ཅན་ཇི་ལྟར་མི་དབྱེ་བར་འགྱུར། གལ་ཏེ་འདི་ནི་སྔོན་པོ་མ ་ཡིན་པ་མ་ཡིན་ནོ་ཞེས་རྣམ་པར་བཅད་པར་བྱ་བ་ལ་བརྟེན་པའི་དགག་པའི་དོན་གཅོད་པར་བྱེད་པའི་ཤེས་པ་ཉིད་རྣམ་པར་གཅོད་པར་བྱེད་པ་བརྗོད་པ་མ་ཡིན་ནམ། སྔོན་པོའི་ཞེས་བྱ་བ་ནི་མ་ཡིན་ཏེ། དེས་ན་རྣམ་པར་གཅོད་པ ་སྒྲུབ་པ་ལས་གཞན་པའི་ཤེས་པའི་བྱ་བ་ཡིན་ཡང་དགག་པའི་དོན་གཅོད་པར་མ་རྟོགས་པའི་ཤེས་པ་ནི་རྣམ་པར་གཅོད་པའི་ཡུལ་ཅན་མ་ཡིན་ནོ་ཞེ་ན། འདི་ནི་གཏན་དུ་གྲགས་པ་ཡིན་ཏེ། འདི་ལྟར། དགག་དོན་སྒྲུབ ་བ་མ་ཡིན་གྱི། བཀག་ནས་ཁྱད་པར་བྱེད་མིན་ཏེ། ཁྱད་པར་ལ་ནི་རྟེན་ཕྱིར་ཡང། འདི་ལ་འདི་ནི་སྔོན་པོ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་དགག་པའི་དོན་གྱིས་ནི་རྣམ་པར་གཅོད་པའི་རྟེན་དུ་གྱུར་བ་འདི་ནི་སྔོན་བའོ? ་ཞེས་རྟོགས་པར་འགྱུར་བ་གཅོད་པར་ནུས་པ་མ་ཡིན་ཏེ། དགག་པའི་དོན་ནི་དགག་པར་བྱ་བ་མེད་པ་ཙམ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བས་སྔོན་པོ་མ་ཡིན་པ་མེད་དོ་ཞེས་བྱ ་བ་དེ་ཙམ་ཞིག་རྟོགས་པ་ན་ཟློག་པ་ནས་འདི་ཞེས་བྱ་བར་རྟོགས་རྟོགས་པ་དང་དེ་འབྲེལ་པར་ཁོང་དུ་ཆུད་པར་ནུས་པ་ནི་མ་ཡིན་ནོ། །གང་གིས་དེ་ཁྱད་པར་དུ་བྱེད་པར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །དེ་མ་ཡིན་ནོ། ་ཞེས་རྟོགས་ཀྱི་གཞན་ཅུང་ཟད་ཅིག་ཡིན་ནོ་ཞེས་ནི་མ་ཡིན་པའི་ཕྱིར་གང་ཞིག་ཁྱད་པར་དུ་བྱེད་པ་ཡིན། བགག་པའི་དོན་སྒྲུབ་པ་ནི་དགག་པ་མ་ཡིན་གྱི། འོན་ཀྱང་དགག་བྱ་མེད་བར་རྟོགས་པ་ཙམ་ཡིན་ནོ། །དེའི་ཕྱིར་སྔོན་པོ ་མ་ཡིན་པ་བཀག་པ་ན་དགག་པའི་དོན་འདིའོ་ཞེས་རྟོགས་པར་རུང་བ་རྟོག་པ་ཉིད་ཁྱད་པར་ཉིད་དུ་བཟོད་པ་ནི་མེད་དེ། དེ་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་རྟོགས་པའི་ཕྱིར་རོ། །སྒྲུབ་ན་ནི་དགག་པ་རྟོགས་པར་འགྱུར་བའི་ཕྱིར་རོ། ། ་དཔེར་ན་དངོས་པོ་མེད་པ་བྱེད་པ་ལ། དེ་བྱས་པས་གཞན་ལ་ཅི་འགྱུར་ཞེས་བརྒལ་ཞིང་བརྟགས་པས་དངོས་པོ་མེད་པར་མི་འགྲུབ་པ་དེ་བཞིན་དུ། ཤེས་པ་ལས་གཞན་བསྒྲུབས་པས་དགག་པ་རྟོགས་པ་དི་ན་མི་འགྱུར་རོ། །དེ་མེད་དོ ་ཞེས་རྟགས་པར་བྱ་བ་ལ་སྒྲུབ་པ་ཁོང་དུ་ཆུད་པ་མེད་བའི་ཕྱིར་རོ། །འདིར་སྔོན་པོ་ལ་འདི་ནི་སྔོན་པོ་མ་ཡིན་?་ཞེས་?་བོ་མ་ཡིན་པས་ཁྱད་པར་ཅན་དུ་སྣང་བ་མ་ཡིན་ཏེ་མདུན་ན་སྣང་བ་ལ་སྔོན་པོ་མ་ཡིན་ནོ་ཞེས་བྱ་བར་རྟགས་པའི་ཕྱིར་རོ། །དགག ་བའི་དོན་ཡང་སྔོན་པོ་མ་ཡིན་པ་ལ་བརྟེན་པ་ཡིན་ནོ། །ཁྱད་པར་ལ་བརྟེན་པའི་ཆོས་ཀྱིས་ནི་ཁྱད་པར་ཅན་རྟོག་པར་བྱེད་པ་མ་ཡིན་ཏེ། འདི་ནི་བ་ཁྲ་མོ་ཅན་ནོ་ཞེས་རྟོགས་པ་ན་ལྷས་བྱིན་ལ་ཡོན་ཏན་ཁྲ་བོ་ཉིད་ཡིན་ནོ། །ཇི་ལྟར་དེ་ལ ་ཡོན་ཏན་དེ་དང་ལྡན་པའི་རྫས་གཅོད་པ་དེ་བཞིན་དུ། འདི་ལ་དགག་པའི་དོན་གྱིས་ཉེ་བར་བསྒྱུར་བའི་སྔོན་པོ་མ་ཡིན་པ་གཅོད་པར་ནི་ཁོང་དུ་ཆུང་པར་མི་བྱ་སྟེ། དེའི་བདག་ཉིད་སྔོན་པོ་མ་ཡིན་པ་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་ ་རྟེན་པའི་དགག་པ་དེ་ཡང་སྔོན་པོའི་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་བཅད་པར་བྱ་བ་ལ་བརྟེན་པའི་དགག་པའི་དོན་གཅོད་པའི་ཤེས་པ་ནི་རྣམ་པར་གཅོད་པ་བྱེད་པ་མ་ཡིན་ནོ། །འོ་ན་འདིར་རྣམ་པར་གཅོད་པ་རྟོགས ་པ་ཀྱི་ལྟར་ཡིན་ཞེ་ན་བརྗོད་པ། དགག་བྱ་ཐ་དད་མེད་གནོད་བྱེད། །སྒྲོ་འདོགས་ཀྱིས་ནི་དབེན་པ་འདིར། །རྣམ་གཅོད་གཞན་དུ་ཇི་ལྟར་ཡིན། །སྔོན་པོ་ཡོད་དོ་ཞེས་བྱ་བའི་སྒྲུབ་པ་དང་དགག་པ་དག་ལས་གཞན་པ་འདི་ནི་སྔོན་པོ་མ་ཡིན ་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཅོད་པའི་བྱེད་པ་ཡིན་ནོ། །དེ་ལ་རྟོཌ་བ་ཙམ་ནི་སྒྲུབ་པའི་བྱེད་པ་ཡིན་ལ་དེ་མེད་པར་རྟོགས་པ་ཙམ་ནི་དགག་པ་ཡིན་ནོ། །དེའི་ཕྱིར་འདི་ཞེས་སྔོན་པོ་རྟོགས་པ་ཙམ་ནི་སྒྲུབ་པ་འབའ་ཞིག་ཏུ་འགྱུར ་ལ་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དགག་པ་འབའ་ཞིག་ཏུ་འགྱུར་རོ། །སྔོན་པོ་མ་ཡིན་པ་བཀག་པས་ཀྱང་སྔོན་པོ་ལ་བྱེད་པ་དང་ལྡན་པའི་ཤེས་པ་སྔོན་པོའི་ཡུལ་ཅན་དུ་གྱུར་པ་ནི་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ནོ། ། ་དེའི་ཕྱིར་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་དགག་པའི་དོན་ཉེ་བར་སྒྲུབ་པར་བྱེད་པ་ལ་ནི་སྔོན་པོ་ལ་ནི་དེའི་འདི་མི་འཐད་དོ། །དེས་ན་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་དགག་པའི་དོན་རྟོགས་པ་ནི། སྔོན་པོ་ལ་འདི་ནི་སྔོན་པོ་མ་ཡིན་ནོ ་ཞེས་བྱ་བར་ཐ་དད་བ་མེད་པ་གང་ཡིན་པ་དེ། དེའི་ཤེས་པ་ལོག་པ་བསལ་བ་དེ་ཉིད་ཀྱིས་འདིའི་སྔོན་པོའི་མཐར་ཐུག་པ་དང། སྔོན་པོ་མ་ཡིན་པ་རྣམ་པར་གཅོད་པ་ཡིན་གྱི། དེ་བཀག་པས་ནི་སྔོན་པོ་ལ་རྣམ་པར་རྟོགས་པར་བྱ་བ ་ཅུང་ཟད་གྱང་ཡོད་པར་འགྱུར་བ་མ་ཡིན་ནོ། །རྣམ་ཅད་ལ་བརྟེན་དངོས་མེད་པ། རྟོག་པ་འམ་ཡང་ན་འགལ་བ་ལས། །འཁྲུལ་སེམས་རྣམ་གཅོད་དེ་མེད་པའི། །ཤེས་པ་ལ་ཡང་ཁྱད་པར་མེད།། ་སྔོན་པོ་འདི་ནི་སྔོན་པོ་མ་ཡིན་ནོ་ཞེས་རྣམ་པར་གཅོད་པའི་ཤེས་པ་ནི་སྒྲོ་འདོགས་ཀྱིས་ཤེས་པ་ནི་ཟློག་པ་ཉིད་བྱ་བ་ཡིན་པའི་ཕྱིར་འདི་ནི་དངུལ་མ་ཡིན་ཞེས་བྱ་བ་ལྟར་དེའི་ཡུལ་རྟོགས་པ་ལས་ཀྱང་དེར་འགྱུར་བ་ཡིན་ནོ། །དེ ་ལ་དངུལ་མེད་པར་རྟོགས་ན་དེ་ལས་དངུལ་གྱི་ཤེས་པ་ལྡོག་པར་འགྱུར་རོ། །གལ་ཏེ་དེ་ལ་དངུལ་མེད་པར་ཤེས་པ་རྣམ་པར་གཅོད་པ་ཡིན་འགྱུར་རོ་ཞེ་ན། གལ་ཏེ་མེད་པ་ལ་བཞི་གྲུབ་ན་ནི་འགྱུར་རོ། །དེ་ལ་ནི་དངུལ་ཡིན ་པ་ཡང་དངུལ་མ་ཡིན་ནོ་ཞེས་དགགས་པའི་དོན་ཡིན་ནོ། །དེ་ལྟར་ན་ཉ་ཕྱིས་རྟོགས་པར་ཅི་ལྟར་འགྱུར་ཏེ། དེས་ན་འདི་ཅི་ལྟར་ཉ་ཕྱིས་ཀྱི་ཡུལ་ཅན་ཡིན། འདིས་ནི་དངུལ་གྱིས་དབེན་པ་དང། དངུལ་ལྡོག་པར་ཤེས་པ་ལ ་སོགས་པ་ལ་ཡང་བསྟན་པ་ཡིན་ནོ། །ཆོས་གཞན་སྒྲུབ་ན་ནི་དངུལ་ལ་བལྟོས་ནས་ཅུང་ཟད་ཀྱང་མ་རྟོགས་པར་འགྱུར་ལ། དེ་ལྡོག་པ་ཙམ་གྱི་རང་བཞིན་ཉིད་ཡིན་ན་ཡང་ཉ་ཕྱིས་སྒྲུབ་བ་མེད་པའི་ཕྱིར་རོ། །དེ་སྒྲོ་འདོགས ་ཀྱིས་ཤེས་པ་ལྡོག་པ་ཉིད་བྱ་བ་ཡིན་ལ། དེ་ནི་དངུལ་བཀག་པའི་དོན་རྟོགས་པའམ། ངེས་པ་དང་སྒྲོ་འདོགས་དག་འགལ་བ་ལས་ཀྱང་འགྱུར་བ་ཡིན་ནོ། །དངུལ་མེད་པར་མ་རྟོགས་ཀྱང་ཉ་ཕྱིས་ཤེས་ན་དངུལ་ཏུ་ཤེས་པ ་མེད་པར་འགྱུར་བའི་ཕྱིར་ཉ་ཕྱིས་ཤེས་པ་ནི་འདི་དངུལ་མ་ཡིན་ནོ་ཞེས་བྱ་བ་འདི་ལས་རྣམ་པར་གཅོད་པར་བྱེད་པ་བྱེད་བ་ཉིད་དུ་ཁྱད་པར་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་སེལ་བ་ནི་འཁྲུལ་བ་ཡོད་པ་ལ་བལྟོས་པ་མ་ཡིན ་ནམ། དེ་མེད་པར་ནི་མ་ཡིན་ནོ་ཞེ་ན། དེ་ནི་མེ་དེ། སྒྲོ་འདོགས་གནས་ལ་དེ་བལྟོས་མིན། སྒྲོ་འདོགས་པ་ཡོད་པ་ལ་བལྟོས་ཏེ། སྒྲོ་འདོགས་པར་བྱེད་བ་ཟློག་པ་ཉིད་ནི་གཞན་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ཏེ། ཐུག་པ་མེད་པར ་ཐལ་བ་འགྱུར་བའི་ཕྱིར་རོ། །རྣམ་པར་རྟོག་པའི་སྒྲོ་འདོགས་ཉིད་རྣམ་པར་རྟོཌ་པས་བཟློག་པར་བྱ་བ་ཡིན་གྱི། རྣམ་པར་རྟོག་པ་མེད་པ་ཟླ་བ་གཉིས་ལ་སོགས་པ་ནི་མ་ཡིན་ནོ། །རང་གི་རྒྱུའི་དབང་གིས་བཟློག་པ་རྟོགས་ཀྱང་མི་ཟློག ་པའི་ཕྱིར་རོ། །དེ་ཡང་རྣམ་པར་རྟོག་པ་ཉིད་ཀྱིས་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཡན་སྒྲོ་འདོཌ་གཞན་ལ་བལྟོས་པད་ན་ཐུག་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ཟློག་པར་བྱེད་པ་ཉིད་ཡིན་ཞེ་ན། གཞན་གྱི་དོན་རྟོགས་ནུས་པ་དག། ཇི་ལྟར ་གནས་བཞིན་བྱུང་གྱུར་བ། །དེ་ལྟར་གཞན་དུ་རིག་པ་སྤོངས། །ཤེས་པ་སྐད་ཅིག་མ་དག་ནི་ཤེས་པ་གཞན་གྱིས་བཟློག་པར་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་འགལ་བའི་དོན་མངོན་སུམ་རྟོགས་པ་མེད་པ་གཞན་གྱིས་བཟློགས་བར་བྱེད ་པ་མ་ཡིན་ཏེ་འགལ་མེ་འཁོར་བ་མེད་པས་འཁྲུལ་བ་ལྡོག་ཅིང། རང་གི་ངོ་བོ་ཇི་ལྟ་བ་བཞིན་མངོན་དུ་བྱེད་པའི་ཤེས་པ་སྐྱེས་པ་ན་དེས་འཁོར་ལོར་འཁྲུལ་བ་མེད་པ་བསལ་བའི་ཕྱིར་ཏེ། གཅིག་རང་གི་རྒྱུ་མེད་པས་ལོག་པ་ན་རྒྱུ ་གཞན་གྱིས་དབང་གིས་གཞན་སྐྱེས་པའི་ཕྱིར་ཕན་ཚུན་བཟློག་བ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། འགལ་བའི་རྣམ་པར་རྟག་པ་སྐྱས་པ་ན་ཡང་རྣམ་པར་རྟོག་པ་གཞན་འབྱུང་བ་སྲིད་པའི་ཕྱིར་རོ། །དེ་ལྟ ་མ་ཡིན་ན་ནི་འདི་དངུལ་མ་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །དེའི་ཕྱིར་ཉ་ཕྱིས་ཀྱི་རྣམ་པར་རྟོག་པའི་སྔོན་རོལ་གཞིན་དུ་དེ་ལྟར་ཡང་དངུལ་གྱི་ཤེས་པ་ཡོད་པ་ཡིན་ཏེ། དེ་ལྟར་ཡིན་ན་དགག་པ་མེད་པར་འགྱུར་བའི་ཕྱིར་རོ། །དངུལ་དུ་ཤེས་པའི ་ཡུལ་རྣམ་པར་དཔྱོད་པར་ནུས་པ་ཉ་ཕྱིས་ཀྱིས་ཤེས་པ་དངུལ་གྱི་རྣམ་པ་སྣང་བར་མ་རྟོགས་ཤིང། རང་གི་ཡུལ་རྣམ་པར་རྟོག་པ་ལས་དངུལ་དུ་ཤེས་པའི་སྤོང་བར་བྱེད་དེ། དེ་ལས་བཟློག་བའི་རང་གི་ཡུལ་བདེན ་པར་དེས་ན། དེ་བདེན་པར་མངོན་པར་ཞེན་པར་མི་སྲིད་བའི་ཕྱིར་རོ། །དངུལ་ལ་མི་བདེན་པར་ངེས་པ་དགག་བྱའི་ཡུལ་ཉེ་བར་འཇོག་པ་ཉིད་ཀྱིས་དེ་ཡོད་པ་ཡིན་ཡང་ཉེ་བར་བརྟག་པའི་དོན་དང་ཡིད་ཀྱི་རྒྱལ་སྲིད་ལ་སོགས་པ་ལྟར ་རྟོགས་བཞིན་པ་མི། བདེན་པའི་ངོ་བོ་ཉིད་དུ་འགྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲོ་འདོགས་བའི་དུས་སུ་དེ་ལས་བཟློག་པའི་དངོས་པོ་མི་བདེན་པར་ཤེས་པས་ན་ཉ་ཕྱིས་ཀྱིས་ཤེས་པས་ཕྱིར་ཤེས་པ་ནི་རྣམ་པ་ཅི་ལྟར་དངུལ་རྟོགས ་པ་དེ་ལྟ་བུར་འགྱུར་རོ། །དེའི་ཕྱིར་འགལ་བའི་ཤེས་པ་བརྟན་པར་འགྱུར་ན་གཞན་དག་འབད་པས་མངོན་སུམ་དུ་གྲུབ་ཀྱིས་གཞན་པར་འཇུག་པ་གང་ཡིན་པ་འདི་ཉིད་དེ་དག་གིས་གནོད་པར་བྱེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར ་སྣང་བའི་རྩ་བ་ཅན་ཉིད་ཀྱིས་བསྟན་པར་རྟོགས་པར་ཁས་བླངས་ན་སྒྲོ་འདོགས་ཡོད་ན་དེས་པ་མེད་ལ། ངེས་པ་ཡོད་ན་སྒྲོ་འདོགས་མེད་དོ་ཞེས་བརྗོད་པ་ཡིད་དོ། །དེས་ན་རྟོགས་པ་ཕལ་པ་ལ་རྟག་པའི་ཤེས་པ་སྤངས་པར་མི་ནུས་ཀྱང། ་སྐད་ཅིག་མ་ཉིད་རྗེས་སུ་དཔོག་པའི་དུས་སུ་ཚད་མ་ཅན་ཡིན་པར་ཤེས་པ་ནི་བཟློག་པར་བརྗོད་པ་ཅན་ཡིན་ནོ། །སླར་སྐྱེ་བའི་ཆོས་ཅན་ཡིན་ཡང་དེའི་དུས་སུ་མེད་པ་ཡིན་ནོ། །དེ་ལྟ་ན་འོན་ནི་ཟླ་བ་གཉིས་སུ་སྒྲོ་འདོགས་པ་རྣམ་པར་རྟོག་པ ་མེད་པ་ལ་ཡང། རྒྱུའི་སྐྱོན་རྟོགས་པའི་རྩ་བ་ཅན་གྱིས་ཤེས་པ་ཟློག་པར་བྱེད་པ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཤེས་པ་དེའི་རྩ་བ་ཅན་དེ་ལྟ་བུའི་རྣམ་པར་རྟོཌ་པས་བྱས་པ་ཐ་མི་དད་པའི་ཟློག་པར་བྱེད་པ་ཉིད་དེ། དེ ་ལྡོག་ན་ཡོངས་སུ་བཅད་པའི་རང་བཞིན་གཅིག་ཏུ་སྦྱོར་བར་བྱེད་པ་དབང་པོའི་བསླད་པ་ཡོད་ཀྱང་སྦྱོར་བར་བྱེད་པ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་དབང་པོའི་ཤེས་པ་ཡང་རྣམ་པར་རྟོག་པ་ཅན་དུ་གྱུར་བ་རྣམ་པར་རྟོགས་པས་བཟློག་པར་བྱ་བ་ཡིན་ལ། ་རྣམ་པར་རྟོག་པ་ཅན་དུ་གྱུར་པའི་དབང་པོ་ཤེས་པ་གསལ་བར་སྣང་པས་ཀྱང་རྣམ་པར་རྟོག་པ་བཟློག་པ་ཡིན་པའི་ཕྱིར་མངོན་སུམ་ནི་སྒྲོ་འདོགས་སེལ་བའི་བྱེད་པ་ཅན་མ་ཡིན་ནོ། །དེ་བཞིན་དུ་རྟག་པའི་ཤེས་པ་རྗེས་སུ་འཇུག་པ་རྒྱུན་མ་ཆད་ཀྱང། ་དེའི་དུས་ན་བདེན་པ་ཉིད་དུ་མངོན་པར་ཞེན་པ་མེད་པ་ཡིན་ནོ། །ཐ་དད་སྒྲུབ་པས་དོན་ལ་ནི། བྱེད་བཅས་གྲུབ་པ་འདི་རྟོགས་པ་ནི་རྣམ་ཕྱེའི་དོན་གྱི་མཐར་ཐུག་ཕྱིར། །ལྡོག་པའི་ཡུལ་ཅན་ཡིན་པར་བརྗོད། །དེའི་ཕྱིར་དེ་ལྟར་ཐ་དད་པའི་འབྲས ་བུ་ཅན་དུ་གྲུབ་པའི་ཤེས་པ་དག་ཀྱང་སྒྲོ་འདོཌ་རྣམ་པར་གཅོད་པ་ཉིད་ཀྱིས་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་དང། དེའི་འབྲས་བུ་ཅན་ཉིད་དུ་ཡང་འཐད་པའི་ཕྱིར་སྔོན་པོ་ལ་སོགས་པའི་ཤེས་པ་དག་ནི་ཅ་དང་པ་སྒྲུབ་པ་ཉིད་ཀྱིས་དོན་ཀྱི་ཡུལ་ལ་བྱེད ་པ་དང་བཅས་པ་གྲུབ་བོ། །སྒྲོ་འདོགས་པར་བྱེད་བའི་ཤེས་པའི་དབང་གིས་སྦྱར་བའི་རིགས་མི་མཐུན་པ་དང་ཐ་མི་དད་པར་གྱུར་པའི་དངོས་པོ་སྒྲོ་འདོགས་སེལ་བས་ལྡེག་པར་བྱེད་པ་ཡུལ་དུ་གྱུར་བའི་ཕྱིར་རིགས་པའི་བྱེད་པ་དན་ཡང་འདི་དག ་ལྡོག་བའི་ཡུལ་ཅན་དུ་བརྗོད་དེ། དཔེར་ན་ཉ་ཕྱིས་ཀྱི་རྣམ་པར་རྟོག་པས་ཉ་ཕྱིས་མ་ཡིན་པ་དད་ཐ་མི་དད་པར་གྱུར་པའི་ཉ་ཕྱིས་ལྡོག་པར་བྱས་པ་ལྡོག་པའི་ཚུལ་གྱིས་ཉ་ཕྱིས་ཀྱི་རང་བཞིན་ཡུལ་དུ་བྱེད་པ་ཡིན་ནོ། །གཞན་དང་མ་འདྲེས་པའི ་དངོས་པའི་རང་བཞིན་ཡུལ་དུ་བྱེད་པ་ཙམ་གྱིས་ནི་ལྡོག་པའི་ཡུལ་ཅན་ཉིད་མ་ཡིན་ཏེ། མངོན་སུམ་ལ་ཡང་ཐལ་པར་འགྱུར་པའི་ཕྱིར་རོ། །བསལ་ནས་རྟོགས་པ་གོ་སེལ་བའི་ཡུལ་ཅན་དུ་ཇི་ལྟར་མི་འགྱུར། མངོན་སུམ་ནི་སེལ་བར་བྱེད་པ ་མ་ཡིན་ཏེ། རྟག་བའི་སྒྲོ་འདོགས་ཡོད་ཀྱང་སྐད་ཅིག་མ་དང། དངུལ་གྱི་སྒྲོ་འདོགས་ཡོད་ཀྱང་ཉ་ཕྱིས་རྟོགས་པའི་ཕྱིར་རོ། །གལ་ཏེ་བ་ལང་མ་ཡིན་པ་མེད་པ་ལྡོག་པ་ཡིན་གྱི། བ་ལང་ཉིད་ནི་མ་ཡིན་པ་མ་ཡིན་ནམ ་དེའི་ཕྱིར་ཇི་ལྟར་བསལ་ནས་བ་ལང་རྟོག་པས་ལྡོག་པ་རྟོག་པར་འགྱུར་ཞེ་ན། ཐ་དད་དོན་ཤེས་བཞིན། དཔེར་ན་འདི་ནི་སྔོན་པོ་མ་ཡིན་ཞེས་བྱ་བ་ཐ་དད་བའི་དོན་ཅན་གྱིས་ཤེས་པ་རྒོལ་བ་གཉི་ག་ལ་གྲུབ་པ་ལྡོག་པའི་ཡུལ་ཅན་དུ་བརྗོད ་པ་དེ་བཞིན་དུ་འདི་ཡང་ཡིན་ནོ། །ད་ཡང་འདིའོ་ཞེས་རྟོཌ་པའི་དོན་གྱིས་མཐར་ཐུག་པ་འམ། སྔོན་པོ་མ་ཡིན་བ་ཞེས་བྱ་བ་འདིའི་མཐར་ཐུག་པ་ཡིན་གྲང། དེ་ལ་གལ་ཏེ་ཕྱོགས་ཕྱི་མ་ལྟར་ན་ནི་འདི་དགག་བའི་ཤེས་པ་ཉིད་འགྱུར་རོ།། ་དེས་ན་ཇི་ལྟར་ཤེས་པ་ལྡོག་པའི་ཡུལ་ཅན་དུ་ཡང་འགྱུར་ལ། དངོས་པོ་གཞན་གྱི་ཡུལ་ཅན་དུ་ཡང་བརྗོད་པར་བྱ། ཤེས་པ་འདི་ནི་སྔོན་པོའི་ཡུལ་ཅན་ཉིད་ཀྱི་འཇུག་པ་ཡིན་ནོ། །སྔོན་པོ་མ་ཡིན་པ་བཀག་པ་ཞེས་བྱ་བ་འདི་ནི ་སྔོན་པོའི་ཅ?་ཡང་མ་ཡིན་པའི་ཕྱིར་ཇི་ལྟར་དེ་རྟོགས་པས་སྔོན་པོའི་ཡུལ་ཅན་ཉིད་དུ་འགྱུར། དེ་ནི་སྔོན་པོ་མ་ཡིན་པ་ཉིད་ཀྱི་ཡིན་ལ། དེ་ཡང་སྔོན་པོ་ལ་སྦྱར་བ་ཡིན་ནོ། །དེ་ལ་སྔོན་པོ་མ་ཡིན་པ་ཉིད་རྟོགས་པར་བྱ་བ་ནི་མ་ཡིན་ལ། དགག ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་མ་ཡིན་པའི་ཕྱིར་རོ། །འདི་ནི་ལྡོག་བའི་ཡུལ་ཅན་ཡིན་ལ། ལྡོག་པ་གང་ཡིན་པ་དེ་ཉིད་ལོག་པ་ཡིན་ནོ། །འདི་ནི་རིགས་པ་ཡིན་ཏེ། དེ་ཚད་མའི་ཡུལ་ཉིད་ཡིན་ན་དངོས་པོ་གཞན་ཉིད་དངོས་པོ ་མེད་པ་ཡིན་པའི་ཕྱིར་རོ། །ཞེས་མ་དམིགས་པའི་སྐབས་སུ་བསྟན་ཟིན་ཏེ། །དེ་འང་འདིར། དེ་བཞིན་ཁོ་ནར་རྟོགས་པར་བྱེད། །ཇི་ལྟར་ཐ་དད་པའི་ཡུལ་ཅན་གྱི་ཤེས་པ་དེ་ཐ་དད་བའི་སྒོ་ནས་རྟོགས་པར་བྱེད་པ་དེ་བཞིན་དུ། སྔོན་པོ ་ལ་སོགས་པའི་ཤེས་པ་ཡང་ཡིན་ཏེ། འདི་ལྟར་དེ་དག་གིས་ཀྱང་རྣམ་པར་གཅོད་པ་ཡུལ་ཏུ་བྱེད་པ་ཡིན་ནོ། །རང་གི་དོན་ལ་ཐ་དང་བློ། །བྱེ་བྲག་མེད་ཕྱིར་འཇུག་ཁྱད་ཡིན། །ཐ་དད་པ་ཞེས་བྱ་བ་དངོས་པོའི་རང་གི་བདག་ཉིད་རྣམ་པར ་གནས་པ་ལས་གཞན་པ་ནི་མེད་དོ། །དེ་ལ་དངོས་པོ་གཞན་མེད་དོ་ཞེས་བཀག་ཀྱང་དེའི་ཁྱད་པར་འགའ་ཡང་བརྗོད་པ་མེད་པའི་ཕྱིར་ཏེ། རང་གི་བདག་ཉིད་ལ་རྣམ་པར་གནས་པའི་དངོས་པོ་ཉིད་ལ་དེ་སྐད་བརྗོད་པའི་ཕྱིར་རོ། །དེས་ན ་ཐ་དང་?་རྟོགས་པས་རང་བཞིན་ཉིད་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ་དོན་ཐ་མི་དད་པ་ཉིད་ན་རྟོག་པ་དུ་མར་མི་འགྱུར་རོ། །འོ་ན་ཇི་ལྟར་ཐ་དང་ཅེན། བྱེད་པ་ཐ་དད་བའི་ཕྱིར་རོ་ཞེས་སྨྲའོ། །རང་གི་བདག་ཉིད་ཙམ་ལ་རྣམ་པར་གནས་པ ་དངོས་པོ་གཞན་དང་མ་འདྲེས་པའི་ལུས་ཀྱི་དངོས་པོ་རང་གི་རྒྱུ་ཉིད་ལས་བྱུང་ཡང། ལོག་པའི་ཤེས་པས་རྣམ་པ་གཞན་དུ་རྟོགས་པས་དངོས་པོ་གཞན་གྱི་བདག་ཉིད་དུ་བྱས་པ་གང་ཡིན་པ་དེ་བསལ་བས་རྟོགས་པར་བྱེད་པ ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྲེ་བར་བྱེད་བའི་ཤེས་བས་ལ་བས་རང་བཞིན་རྟོགས་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །གལ་ཏེ་དོན་ཐ་དད་པ་མེད་པ་དད་ཐ་དད་བ་ལ་འཁྲུལ་བ་ལ་བལྟོས་ཏེ་ཤེས་པ་ཐ་དད་པ་དང་ཐ་མ་དད་བ ་སྐྱེ་བ་ན་རྟགས་པར་འགྱུར་བའི་རང་བཞིན་ལ་ཐ་དད་བའམ་ཐ་མི་དང་བར་ཇི་ལྟར་རྟོགས་ཏེ། དེ་ནི་དེ་ལ་མེད་པའི་ཕྱིར་རོ། །གཅིག་ལ་དུ་མ་འམ། དུ་མ་ལས་གཅིག་ཡོད་པ་ནི་མ་ཡིན་ནོ། །ཐ་མི་དད་པ་ལ་ཐ་མི་དད་པར་རྟོག་ན་ཡང་ཐ་མི་དད་པའི ་ཤེས་པ་ཐ་དད་བའི་སྒྲོ་འདོགས་རྣམ་པར་གཅོད་པའི་འབྲས་བུ་ཅན་དུ་མི་འགྱུར་བའི་ཕྱིར་ཐ་དད་བའི་ཡུལ་ཅན་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཐ་དད་པ་ཐ་དད་བ་ཉིད་དུ་རྟོགས་པ་ཐ་དད་པའི་ཤེས་པའི་རྟེན་དུ་གྱུར་པ་ལ་ཐ་མི་དད་པའི་སྒྲོ་འདོགས་རྣམ ་པར་གཅོད་པར་བྱེད་པ་ཉིད་ཀྱིས་ཐ་དད་པའི་དོན་ཅན་ཉིད་མ་ཡིན་ནོ་ཞེ་ན། འདིར་བརྗོད་པ། ཐ་དད་རྗེས་མཐུན་ལོག་པའི་དོན། །ཐ་དད་འདྲེས་པའི་རང་བཞིན་ཆོས། །དེར་བརྟེན་པ་དག་གིས་རྟོགས་སོ་ཞེས་འབྲེལ་ཏོ།། ་རྣམ་པར་རྟོག་པས་བརྟཌ་པའི་ཆོས་བ་ལང་དང། དཀར་པོ་དང་འགྲོ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་ནི་ལོག་བའི་དོན་ཡིན་ཏེ། ཕྱི་རོལ་མེད་པའི་ཕྱིར་དང། རྟོག་པ་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །ཐ་དད་བའི་རྗེས་སུ ་མཐུན་པས་ན་ཐ་དད་པ་དང་འདྲེས་པའི་རང་བཞིན་གྱི་ཆོས་དེ་དག་གིས་ཤེས་པ་དེ་ལྡོག་པའི་ཡུལ་ཅན་ཡིན་ནོ། །ཇི་ལྟར་འཁྲུལ་པ་ཐ་དད་པ་ལས་གཅིག་ལ་ཐ་དད་པ་ཐ་དད་པ་དག་དང། འཁྲུལ?་པ་གཅིག་ལས་ཐ་མི་དད་པ ་ཡིན་པ་དེ་བཞིན་དུ་ངོ་བོ་ཡང་ཐ་དད་པ་དང་འདྲེས་པར་རྟོགས་པ་ཡིན་ནོ། །འདི་ལྟར་དཀར་པོ་མ་ཡིན་པ་དང་བ་ལང་མ་ཡིན་པའི་འཁྲུལ་པའི་གཞིར་གྱུར་པ་གཅིག་ཉིད་ལ་དེ་བཟློག་པའི་འབྲས་བུ་ཅན་གྱི་ཤེས་པ་ཐ་དད་པ་འཇུག ་བ་དག་རྣམ་པ་ཐ་དད་པ་མེད་པར་ནི་ཐ་དད་པར་མི་འགྱུར་རོ། །རྟོགས་པའི་བདག་ཉིད་ཀྱིས་ནི་བློ་ཐ་དད་པ་མ་ཡིན་ཏེ། འོན་ཀྱང་འཛིན་པ་ཐ་དད་པ་ཉིད་ལས་ཡིན་ནོ། །དེའི་ཕྱིར་འདི་རྟོགས་པར་བྱ་བ་ཐ་དད་པ་འགོག་བས་ཐ་དད ་པ་ཐ་དད་པ་ན། ཐ་མི་དད་པ་ལ་ཐ་དད་པའི་འཁྲུལ་པ་བཟློག་པ་ཡིན་ནོ། །ཐ་དད་པ་ལ་ཐ་མི་དད་པ་ལ་ཡང་དེ་བཞིན་ནོ། །དེའི་ཕྱིར་ཐ་དད་པ་དང་འདྲེས་པ་དག་དེ་ལྟར་ཐ་དད་པའི་རྗེས་སུ་མཐུན་པ་ཡིན་ལ། རྣམ་པར་དབྱེ་པར་བྱ་བ་དང ་མི་མཐུན་པར་རྟོག་པའི་ཕྱིར་ཡང་ཐ་དད་པའི་རྗེས་སུ་མཐུན་པ་ཡིན་ནོ། །འབྱེད་པར་བྱེད་པ་ནི་རྣམ་པ་གང་ཞིག་བརྟགས་པས་འཁྲུལ་པ་སེལ་བར་ནུས་པ་དེའི་བདག་ཉིད་ཅན་དུ་འགྱུར་དགོས་སོ། །དེས་ན་བ་ལང་མ་ཡིན་པ་སྒྲོ་འདོགས་པ ་ཟློག་པར་བྱེད་པ་བ་ལང་དུ་རྟོག་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་གཅིག་ལ་པ་ལང་གི་རྣམ་པ་ཉིད་ཐ་དད་པ་ཡིན་ལ། ཐ་དད་པ་འདྲེས་པ་དེ་ཉིད་ཡིན་ནོ། །དེའི་ཕྱིར་ཐ་དད་པ་དད་ཐ་མི་དད་བར་རྟོགས་པ་དག་ནི་ཐ་དད་པའི་ས་བོན་ཅན་ཡིན ་ཏེ། གང་ཞིག་གང་ལ་མེད་པ་དེ་སྒྲོ་འདོགས་པར་བྱེད་པ་ནི་འཁྲུལ་པ་ཡིན་ལ། དེ་ཟློག་པ་ཡང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཐ་དད་པའི་ས་བོན་ཅན་ཡིན་ནོ། །དེ་སྐད་ཕན་ཚུན་དུ་ཐ་དད་པ་འདིའི་ས་བོན་ཡིན་ཞེས་བཤད་དོ། །དེ་ལྟ་མ ་འཁྲུལ་པའི་རྣམ་པའི་གཉེན་པོ་ཉིད་ཀྱིས་དེ་བཟློག་པར་བྱེད་པ་ཐ་དད་པ་དང་འདྲེས་པ་ལྟ་བུའི་ཁྱད་པར་ཅན་གྱི་རྣམ་པ་རྟོག་པར་བྱེད་པས་དེ་ལས་བཟློག་པའི་དངོས་པོ་དེའི་བདག་ཉིད་ཀྱིས་རྟོགས་པར་ཇི་ལྟར་འགྱུར། དོན་ཇི་ལྟ་བུ་དེ་ལྟ ་བུའི་རྣམ་པ་ཅན་གྱི་ཤེས་པ་ནི་དེ་གསལ་བར་བྱེད་བའི་རང་བཞིན་ཉིད་ཀྱིས་དེ་རྟོག་པར་འགྱུར་བ་ཡིན་ན། ཐ་མི་དད་བའི་དོན་ལ་ཐ་དད་པར་འཛིན་པ་དང། ཐ་དད་པ་ལ་ཐ་མི་དད་པ་ཤེས་པ་གོ་ཅི་ལྟར་དེའི་ཡུལ་ཅན་ཡིན། དེའི་ཕྱིར ་ཇི་ལྟར་གཞན་བཟློག་པའི་སྒོ་ནས་རྟོག་པ་འདི་དོན་གྱི་ཡུལ་ཅན་ཡིན་ཞེ་ན། དེ་ནི་བདེན་ཏེ། དེ་ཉིད་ཕྱིར། དེ་ནི་དེ་དོན་ཅན་མིན་ཏེ། དེ་དག་ཏུ་འཁྲུལ་དེར་ངེས་པ། །དེའི་བློ་ལ་བརྟེན་ཕྱིར་རོ། །ཤེས་པ་དེ་ནི་ཐ་དད་པ་དང་འདྲེས་པའི ་རྣམ་པའི་བདག་ཉིད་ཀྱིས་ན་དེ་ལས་བཟློག་པའི་དངོས་པོའི་ཡུལ་ཅན་བསལ་བ་ཡིན་ཏེ། ཐ་དད་པ་དང་འདྲེས་པའི་རང་བཞིན་དུ་འཁྲུལ་པ་ཉིད་དོ། །དེ་ལྟ་མོད་ཀྱི་ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟར་འདི་དེ་ལ་དེའི་བདག་ཉིད ་རྣམ་པ་ཐམས་ཅད་དུ་འཁྲུལ་པ་ནི་མ་ཡིན་ཏེ། ཡོད་པའི་དོན་གྱི་དོན་གྱི་བློ་ལ་བརྟེན་པའི་ཕྱིར་རོ། །འདི་ལྟར་སྔོན་པོ་ཉམས་སུ་མྱོང་བའི་འདུ་བྱེད་ཀྱིས་མཐུ་ལས་བྱུང?་བའི་སྔོན་པོའི་རྣམ་པར་རྟོག་པ་ནི། ཆ་ལ་དམིགས་པ་དང། དངོས ་བོ་གཞན་དང་འདྲེས་པ་དེའི་རང་བཞིན་ཡུལ་དུ་བྱེད་པ་ཡིན་ནོ། །དེའི་ཕྱིར་འདི་ནི་སྔོན་པོ་ཉིད་རྟོག་པ་ཡིན་ནོ། །དེའི་ཕྱིར་རོལ་གྱི་སྔོན་པོ་དང་ནི་མི་མཐུན་ཏེ། ཐ་དད་པ་དང་འདྲེས་པ་དག་དང། ལོང་པ་དང། ་འོན་པ་ལ་སོགས་མེད་པར་ཐལ་བར་མི་འགྱུར་བའི་རྒྱུ་མཚན་སྔོན་བོ་རྟོགས་པར་ཁྱད་མེད་ཀྱང། མངོན་སུམ་དང་མངོན་སུམ་མ་ཡིན་པའི་རྒྱུ་སྣང་བ་ཐ་དད་པའི་ཡང་ཕྱིར་རོ། །དཔེར་ན་མིག་སེར་གྱི་ནད་དང་ལྡན་པས་དུང་ཉིད ་རྟོགས་པས་དེ་ལ་སེར་པོར་གཅོད་པ་ཕྱི་རོལ་གྱི་དང་མི་འདྲ་བ་དེའི་ཕྱིར་དེ་རྟོགས་པ་མ་ཡིན་པ་བཞིན་ནོ། །གལ་ཏེ་སྔོན་པོའི་རྣམ་པར་རྟོག་པ་དང་གསེར་པོར་སྣང་བ་དེའི་དངོས་པོའི་ཡུལ་ཅན་མ་ཡིན་པ་དེ་ལྟ་ན་ཡང། སེར་པོར ་སྣང་བ་ནི་ཕྱི་རོལ་གྱི་དངོས་པོའི་ཡུལ་ངེས་པར་འབྱེད་པ་མ་ཡིན་ནོ། །སྔོན་པོའི་རྣམ་པར་རྟོགས་པ་ནི་དེ་ལྟ་མ་ཡིན་ཏེ། མཐོང་བའི་དངོས་པོའི་རང་བཞིན་དུ་ཞེན་པས་རང་གི་ཡུལ་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་སྔོན་པོ་ཉིད ་རྟོཌ་པ་ཡིན་ལ། ཕྱིར་རོལ་ཡང་སྔོན་པོ་ཡིན་ནོ། །མཐོང་བ་དང་མི་མཐུན་པ་ནི་དེ་ལ་མཐོང་བ་ཉིད་དུ་ཞེན་པས་བསྒྲིབས་པ་དེས་ན་དེ་ལ་ཕྱི་རོལ་རྟོགས་པར་བརྗོད་ཀྱི། དངོས་པོ་ལ་ནི་མ་ཡིན་ནོ། །དུད་སེར་པོ་ལ་ཡང་གནོད་བྱེད་སྐྱེས ་པའི་སྔོན་རོལ་དུ་དོན་གྱི་ཡུལ་ཅན་ཉིད་དུ་ཞེ་ན་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དེ་ལྟ་བུ་ནི་ཡོད་པ་མ་ཡིན་གྱི། སེར་པོར་ཞེན་པའི་ཕྱིར་དང། དེ་ཡང་མེད་པའི་ཕྱིར་རོ། །འདིར་མཐོང་བའི་སྔོན་པོར་ཞེན་པར་བྱེད་བ་དེ་ལ་ཡང་དེ་ཁོ་ན་ལྟར ་ཡིན་ནོ། །དེ་ལ་ནི་གནོད་པ་ཡོད་པའི་ཕྱིར་ཐ་དད་དུ་རྟོགས་ཀྱི། འདིར་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ཙམ་རྟོགས་པ་དང། ཇི་ལྟ་བ་བཞིན་ཏུ་ཞེན་པ་ལ་བལྟོས་ཏེ། དངོས་པོ་རྟོགས་པ་ཉིད་དོ། །ཐ་དད་རྗེས་སུ་འགྲོས་སྟོང་པ་ཡི། ཕྱི་དོན་ཡོད་ཕྱིར། ་དོན་ལ་བ་ལང་དང་དཀར་པོ་དག་ཐ་དད་པ་མེད་ཀྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །ཇི་ལྟ་བུ་ཞིག་ཆོས་ཉིད་གཅོད་པས་རྟོགས་པ་དེ་ལྟ་བུ་དངོས་སུ་གཅིག་པ་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་རང་བཞིན་ཅན་ནི་བ་ལང་ཉིད་ཡིན་ཏེ། ཐ་དད་པའི ་འཁྲུལ་པ་སེལ་བ་ཉིད་ཀྱི་ཐ་དད་པར་གྱུར་པའི་རྣམ་པར་རྟོགས་པས་དེའི་རང་བཞིན་ཐ་དད་པར་བྱས་པ་ཡིན་ནོ། །བ་ལང་མ་ཡིན་པར་འཁྲུལ་བས་ནི་འདི་རྟལ་སོགས་པར་སྒྲོ་འདོགས་པ་ཡིན་ལ། དཀར་པོ་མ་ཡིན་པར་འཁྲུལ་པས་ནི། དེ་ལ ་བ་ལང་ནག་པོ་ལ་སོགས་པ་ཡང་ཡིན་ནོ། །དེ་བཞིན་དུ་ཁྲོ་བོ་དང་སེར་པོ་ལ་སོགས་པ་དག་ཐ་མི་དད་པའི་བི་ལང་གི་བདག་ཉིད་ཀྱིས་མི་བདེན་པ་ཡིན་གྱིས། བ་ལང་གི་རང་བཞིན་ནི་མ་ཡིན་ནོ། །དེ་ཐམས་ཅད་ལ་བ་ལང་མ་ཡིན་པ་མ་ཡིན་པར་སྒྲོ ་འདོགས་པར་བཟོད་པའི་ཕྱིར་རེ་རེ་ཞིང་འཁྲུལ་པ་ཐ་དད་པས་འཁྲུལ་བཟློག་པར་བྱེད་པའི་རྣམ་པར་རྟོག་པ་ཡང། རྣམ་པ་ཐ་མི་དད་པའི་ཕྱིར་ཐ་མི་དད་པར་འགྱུར་བ་ཡིན་ནོ། །གཞན་དུ་ན། དེའི་ཐ་དད་ཀྱང་མེད་འགྱུར། །གལ་ཏེ་བདེ་བར་གཤེགས ་པ་བདག་ཐ་དད་པ་དད་འདྲེས་པར་དབྲལ?་བའི་པ་ལང་ཉཧིད་དཀར་པོ་ཉིད་ཀྱང་མི་འདོད་ན་ནི། དེ་ལ་བ་ལང་མ་ཡིན་པ་ལས་ཐ་དད་པ་འམ། དཀར་པོ་མ་ཡིན་པ་ལས་ཐ་དད་པར་ཡང་མི་འགྱུར་ཏེ། བ་ལང་མ་ཡིན་པ་ཉིད་བ་ལང་མ་ཡིན་པ་ལས ་ལྡོག་བ་འམ། དཀར་པོ་མ་ཡིན་པ་ཉིད་ལས་ཟློག་པ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཆོས་ཉིད་ཀྱང་མ་ཡིན་ཏེ། དེའི་རང་གི་ངོ་བོ་ཉིད་དེ་ལྟར་སྣང་བའི་ཕྱིར་རོ། །དངོས་པོ་ལ་གཅིག་དང་དུ་མར་འཛིན་པ་ནི་འཁྲུལ་པ་ཡིན་ནོ་ཞེས་བཤད་དོ།། ་དོན་ལ་བརྟེན་པ་ཡིན་ན་ཡང། ངེས་སྟོང་མིན་ཕྱིར་ཏེ་ཡང། གལ་ཏེ་ཐ་དད་པ་དང་འདྲེས་པ་དག་ཉིད་འཁྲུལ་པ་ཉིད་ཀྱི་རང་གི་ངོ་བོ་ལ་མ་ཡིན་པ་དང། དེར་རྟོགས་པ་ཡང་ཞེན་པ་ལ། བལྟོས་ནས་ཡིན་ན། དེའི་ཕྱིར་ཞེན་པ་ལ་བལྟོས་ནས་སྒྲུབ་པ ་ཉིད་རང་གི་སྒྲའི་དོན་དུ་འགྱུར་མོད། །འཐད་པ་དང་དཀའ་པའི་གཞན་སེལ་བའི་ཡུལ་ཅན་གྱི་ཅི་ཞིག་བྱ་སྙམ་ན། དེ་ལ་བརྗོད་པ། དངོས་པོ་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པ་དོན་ལ་བརྟེན་པ་ཡིན་ཡང་དེ་གཏོང་པ་མ ་ཡིན་པའི་ཕྱིར་རོ། །དོན་རིགས་པ། ཡོད་ཀྱང་དེ་ནི་གནས་ཕྱིར་རོ། །སྒྲོ་འདོགས་རྣམ་པར་གཅོད་པར་བྱེད་པ་ཉིད་ཀྱང་རྟོགས་པའི་ཕྱིར་དང། རྣམ་པར་གཅོད་པའི་ཤེས་པའི་རྣམས་ཀྱི་རྣམ་པར་གཅོད་པར་བྱེད་པ་ཉིད་ཀྱང། དེ་ཉིད་ལས་སྒྲུབ་བའི ་ཕྱིར་འདི་སྔོན་པོ་མ་ཡིན་ནོ། །ཞེས་བྱ་བའི་ཤེས་པ་དང་ཁྱད་མེད་པས་ན། སྔོན་པོ་ལ་སོགས་པའི་ཤེས་པ་གལ་ཏེ་དོན་གྱི་ཡུལ་ཅན་ཡིན་ཡང་སེལ་བའི་ཡུལ་ཅན་ཁོ་ནའོ། །ཐ་དད་པ་དང་རྗེས་སུ་འགྲོ་བ་འགལ་བའི་ཕྱིར་དང། རྣམ་པར་གཅོད་བའི ་ཡུལ་ཅན་ཉིད་དུ་ཡང་དེ་འཐང་བའི་ཕྱིར། དེའི་ཡུལ་ཅན་ཉིད་མ་ཡིན་ན་ནི། རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དུ་གསལ་བ་ཉིད་དོ། །གལ་ཏེ་འདི་དག་གི་དོན་ལ་བརྟེན་པའི་བྱེད་པ་འདི་མེད་ན་ནི་ཇི་སྐད་བཤད་པའི་ཚུལ་གྱིས་བསྒྲུབ་པའི་ཡུལ ་ཅན་དུ་འགྱུར་བ་ཁོ་ནའོ། །གལ་ཏེ་གང་གི་རྣམ་བཅད་ཀྱི་བདག་ཉིད་དེ་རང་རིག་པས་རྟོགས་པ་ན་གང་གི་རྣམ་པ་འཛིན་པ་དེ་ལ་དོན་རིག་པར་འགྱུར་བ་མ་ཡིན་ནམ། སྣང་བ་ཐ་དད་པ་ལ་སོགས་པས་དངོས་པོ་དང་མི་མཐུན་པའི་རྣམ་པ་ཅན ་གྱི་རྣམ་པར་རྟོག་པའི་ཤེས་པ་ནི་དངོས་པོ་སྣང་བ་ཅན་མ་ཡིན་པས་ཇི་ལྟར་དངོས་པོ་ངེས་པའི་རང་བཞིན་དུ་འགྱུར་ཞེ་ན། ཉེས་བ་འདི་ནི་མེད་དེ། འདི་ལྟར་དོན་ངེས་པ་ནི་མྱོང་བ་མིན། །དེ་ཉིད་མིན་པ་མྱོང་བ་ནི། །ཅི་བཞིན་མྱོང་བྱ་གནས་པའི་ཕྱིར། ་མེད་བ་རྟོགས་འགྱུར་ཆུ་སོགས་བཞིན། །གང་གིས་དེ་མི་སྣང་ན་དེ་མ་ངེས་པར་འགྱུར་པ་དོན་ངེས་པ་ཞེས་བྱ་བ་དོན་མྱོང་བ་ཡིན་པར་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་ཡུལ་མེད་པར་སྨྲ་བའི་ཤ་ཟད་ཉིད་ལྔར་པར་འགྱུར ་པའི་ཕྱིར་རོ། །དེས་ནི་རེ་ཞིག་འདི་ཉིད་བཟོག་པ་ན་མྱོང་བའི་རང་བཞིན་ཉིད་བཞག་པར་བྱ་སྟེ། དེས་ན་དེའི་འདོད་པ་བརྗོད་དོ། །གང་གི་ཕྱིར་དོན་མྱོང་བ་ཡིན་ན་གང་མྱོང་བ་དེ་ཉིད་ཡུལ་དུ་འགྱུར་ཏེ། མྱོང་བ་ནི་མྱོང་བར་འགྱུར་བའི་ཆོས་ལས་ལྷག་པ་མེད ་པར་རིག་པར་བྱེད་པ་ཡིན་པའི་ཕྱིར། །དེ་བདག་ཉིད་དོན་དུ་ཞེན་པར་བྱེད་པའི་ཕྱིར་བདག་ཉིད་ཡུལ་དུ་བྱེད་པར་ནི་མ་རུས་ཏེ། བདག་ཉིད་དོན་ལས་གཞན་ཡིན་པའི་ཕྱིར་དོན་རིག་པའི་ཡུལ་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དཔེར་ན་སྨིག་རྒྱུ་ལ་ཆུར ་རིག་པའི་ཡུལ་ནི་ཆུ་ཉིད་ཡིན་ནོ། །འོན་ཀྱང་སྨིག་རྒྱུ་ཉམས་སུ་མྱོང་ནས་ཞེན་པ་ཡིན་པའི་ཕྱིར་གང་ལས་སྨྲིག་རྒྱུ་ལ་རྒྱུར?་དེས་སོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་བ་དེ་ལ་དེ་སྒྲོ་བཏཌ་པར་བརྗོད་པ་ཡིན་ནོ། །དེ་ལྟར་བདག་ཉིད་ཉམས་སུ་མྱོང་ནས་དོན་དུ་སྒྲོ་འདོགས ་པ་ནི་མ་ཡིན་ཏེ། སྐད་ཅིག་གཉིས་སུ་གནས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་ཉམས་སུ་མྱོང་བ་དང་དུས་མཚུངས་པར་དེས་པའི་ཡུལ་ནི་དངོས་པོ་མེད་པ་ཡིན་ནོ། །དེ་བདག་ཉིད་དུ་གྱུར་པའི་ཡུལ་གྱི་རྣམ་པ་ལས་ཐ་དད་པར་མ་ངེས་པ་ཉིད་ཀྱི ་བདག་ལ་སྒྲོ་བཏགས་པ་ཡིན་ཏུ་ཆུག་ཀྱང། འདི་དེ་བཞིན་དུ་མྱོང་བ་ནི་མི་བརྗོད་དོ། །བདག་ཉིད་ཅེས་ངེས་པ་ནི་མ་ཡིན་ཏེ། འོན་ཀྱག་དོན་ཞེས་ངེས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་བདག་ཉིད་དང་འགལ་བ་དོན་མྱོང་བའི་རང་བཞིན ་ཡིན་ནོ། །དེ་ཡང་གལ་ཏེ་རྣམ་པ་དེ་ལྟ་བུའི་དོན་ཡོད་ན་ནི། དོན་གྱི་ཡུལ་ཅན་ཉིད་དུ་འགྱུར་བ་ཡིན་ན། དེ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་དུ་འགྱུར་རོ། །འདི་ནི་ཟླ་བ་གཉིས་སོགས་བཞིན། །སྣང་བ་མེད་ཕྱིར་མྱོང་ཡིན་ཏེ། །ལུགས་ངན་སེལ་བར་བྱེད་པ ་དག། རང་བདག་རིག་བྱེད་ཡིན་པར་འདོད། །གལ་ཏེ་ངེས་པ་དོན་རིག་པ་ཡིན་ནོ་དེ་དེ་ལྟར་འགྱུར་བ་ཞིག་ཡིན་ན། རིག་པ་མ་ཡིན་པས་ཇི་སྐད་བརྗོད་པའི་ལྟ་བ་ངན་བཟློག་བར་བྱེད་པ་དག་རང་གི་བདག་ཉིད་རིག་པར་བྱེད་པར་འདོད་དོ། །ཇི་ལྟར ་རིག་པ་མ་ཡིན། ཟླ་བ་གཉིས་ལ་སོགས་པ་ལྟར་སྣང་བ་མེད་པའི་ཕྱིར་རོ། །དོན་རིགས་པར་བྱེད་པ་རྣམ་པར་རྟོག་པ་མེད་པས་དོན་རྟོག་པ་ནི་རྣམ་པ་གཞན་ཡིན་ལ། རྣམ་པར་རྟོག་པས་རྟོག་པ་ཡང་གཞན་ཡིན་ཏེ། ་དེ་ལྟ་མ་ཡིན་ན་མངོན་སུམ་དང་མངོན་སུམ་མ་ཡིན་པར་རྟོགས་པ་མེད་པར་འགྱུར་རོ། །དེའི་ཕྱིར་རིག་པ་བྱ་བ་ཇི་ལྟ་བ་བཞིན་གྱི་དོན་ལ་དོན་དུ་རྟོགས་པར་བྱེད་པ་དེ་ཉིད་དོན་རྟོགས་པ་ཡིན་ཏེ། དཔེར་ན་གང་ལ་སྔོན་པོ་གསལ་བ་དེ་ཉིད ་སྔོན་པོ་རྟོགས་པ་ཡིན་པ་བཞིན་ནོ། འདི་ལྟར། དེ་ལྟའི་དོན་ནི་མེད་ཀྱང་བློ། །དོན་གྱི་ཡུལ་ཅན་གྲུབ་བ་ཡི། །ཉེས?་ལས་རྣམ་གཞན་རྟོགས་པ་ནི། །དེ་ལྟའི་དོན་ཀྱས?་དངོས་བློ་མིན། །དོན་གྱི་ཡུལ་གྱི་དངོས་པོ་ལ། །གནོད་པ་མེད་པའི་རྟོགས ་པ་གང་ཡིན་པ་དེ་ནི་ཅི་ལྟར་སྣང་བའི་དོན་ཡོད་པས་དེ་རྟོགས་པ་ཉིད་དུ་བྲུ་བ་པ་ནི་ཡོད་པའི་དོན་རྟོགས་པར་འགྱུར་པ་ཡིན་ནོ། །མེད་ན་ནི་དོན་རྟོགས་པ་ཉིད་འཁྲུལ་བ་ཡིན་ཏེ། དོན་མེད་པར་རབ་རིབ་ལ་སོགས་པས་དེ་ལྟར་བསྐྱེད་པའི ་ཕྱིར་རོ་རྟོགས་པ་དེ་དང་མི་མཐུན་པར་སྣང་བ་ནི་དེ་ལྟ་བུའི་དོན་ཡོད་ཀྱང་དོན་རྟོཌ་པ་མ་ཡིན་ཏེ། རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །དེའི་ཕྱིར་གལ་ཏེ་རྣམ་པར་རྟོག་པ་དོན་མེད་ཀྱང་དོན་དུ་ཞེན་པའི་རང་བཞིན་དོན་རྟོགས་པ་ཉིད་ཡིན ་ན་ནི་རྨི་ལམ་དུ་དམིགས་པའི་རྣམ་པར་རྟོགས་པ་མེད་བ་སྔོན་པོ་གསལ་པ་ལྟར་སྔོན་པོར་རྣམ་པར་རྟོག་པ་སྔོན་པོ་རིག་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་འདི་ལ་ནི་འཁྲུལ་ཀྱང་དོན་རྟོགས་པ་མེད་དོ། །བློ་ལ་དྲི་ལྟར་དོན་སྣང་བ། དེ ་ལྟར་སྔོན་པོ་དངོས་པོ་ཉིད། དེ་ཡོད་ན་ཡང་ཅི་བཞིན་དུ། །སྣང་དང་འགལ་ཏེ་དངོས་བློ་མིན། །ཅི་སྟེ་ཡང་སྔོན་པོ་ནི་དོན་ནུས་པའི་དངོས་པོ་ཡིན་ལ། རྣམ་པར་རྟོག་པ་ལ་ཡང་དེ་ལྟར་རྟོགས་པ་ཡོད་པའི་ཕྱིར་དེ་ཉིད་དངོས་པོར ་ཞེན་པ་ཡིན་ནོ། །བདག་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཏེ། བདག་གི་ཡུལ་ཅན་མ་ཡིན་ལ། དེ་ལྟ་བུར་གྱུར་པ་ཡང་མེད་པའི་ཕྱིར་མེད་པ་སྣང་བ་ཡིན་ནོ། །དེ་ནི་མ་ཡིན་ཏེ། གང་གིས་ཕྱིར་སྔོན་པོ་དོན་བྱེད་པར་ནུས་པའི་དངོས་པོ་ཡིན་ནོ་ཞེས་གང ་ལས་རྟོགས། འདི་དེ་ལྟར་ཚད་མས་རྟོགས་པའི་ཕྱིར་ཞེ་ན། འོ་ན་དེ་ལ་ཅི་ལྟ་བུར་གྱུར་པ་ཉིད་དུ་སྣང་བ་དེ་ལྟ་བུར་གྱུར་པ་ཉིད་དངོS་པོ་དེ་ཡིན་ལ་དེ་ལྟ་བུར་གྱུར་པ་ཉིད་ན་སྣང་བའི་བློ་ཡིན་ནོ། །རྣམ་པར་རྟོག་པའི་བློ་ལ་ནི་དེ་ལྟར་སྣང་བ་མེད་དེ། དེའི་ཕྱིར ་དེ་དངོས་པོ་མ་ཡིན་པ་ལ་དེ་དངོས་པོ་ཤེས་པ་ཡང་མ་ཡིན་ནོ། །རྨི་ལམ་ན་ནི་དེ་ལྟར་སྣང་བ་ཡོད་པར་ཕྱིར་དེ་དངོས་པོ་ཤེས་པ་ཡིན་ནོ། །གལ་ཏེ་དངོས་པོ་གྲུབ་ན་ནི་དངོས་པོ་ཡོད་པ་ལ་ཡིན་ལ། དེ་མེད་པའི་ཕྱིར་ནི་དངོས་པོ་མེད་པ་ལ་རྣམ་པར ་ཤེས་པ་འཁྲུལ་བ་ཉིད་དོ། །རྣམ་པར་རྟོག་པའི་ཤེས་པའི་ཤེས་པ་དེ་ལྟར་སྣང་བ་དང་མི་ཐུན་པ་ཉིད་ཀྱིས་དངོས་པོ་རྟོགས་པ་མ་ཡིན་པ་ལས། གལ་ཏེ་སྔོན་པོ་ཡོད་པ་ལ་དེ་ལྟར་འཛིན་ནུས་ན་འདི་དངོས་པོའི་བློར་འགྱུར་རོ། །དེ་ལྟར་ནི་མ་ཡིན་ཏེ། དེ་སྣང ་ན་རང་གི་ངོ་བོ་ཅི་ལྟ་བ་བཞིན་སྣང་བའི་ཕྱིར་གསལ་བ་མཚོན་པའི་སྣང་བ་སྐྱེ་བར་ཐལ་བར་འགྱུར། །རྒྱུ་ཐ་དང་བའི་ཕྱིར་སྣང་བ་ཐ་དད་དོ་ཞེ་ན། རྒྱུ་ཐ་དད་ལ་འགལ་ཏེ་དེ་སྣང་ན་བློ་དབྱེ་གང་ལས་ཡིན། གལ་ཏེ་སྒྲ་འ་མ་བློ་ལས་རིག་པར་བྱ་པ ་ལ་བློ་ཐ་དད་པར་བྱས་ན་དེ་སྣང་བ་མེད་པར་ཐལ་བར་འགྱུར་རོ། །དེའི་བློ་སྐྱེས་པ་ལ་དེ་སྣང་བའི་ཕྱིར་དེ་ཡུལ་ཏུ་འགྱུར་བ་ཡིན་ནོ། །གལ་ཏེ་དེ་སྣང་མ་བློ་ཐ་དད་བག་ལས་ཡིན། །དེས་ན་གང་གི་ཚེ་སྣང་བའི་དོན་སྣང་བར་མི་བཟོད་པ་དེས་ན་འདི ་དངོས་པོའི་བློ་མ་ཡིན་ནོ། །དངོས་པོ་རྟོགས་པ་མིང་ན་ནི། །གང་ལས་རང་བདག་དམིགས་མ་ཡིན། །གང་གི་ཚེ་དེ་ལྟར་དངོས་པོའི་བློ་མེད་པ་དེའི་ཚེ། དངོས་པོར་ཞེན་པས་ནམས་སུ་མྱོང་བས་གྲུབ་པ་གང་ཞིག་ཡིན། གང་གིས་བདག་གི ་ཡུལ་ཅན་ཉིད་དུ་མི་འགྱུར། དེས་ན་གང་སྣང་དེ་འདིར་བདག་ཉིད་དེ། །གཞན་གང་དེ་ནི་མི་སྣང་ཉིད། །དངུལ་སོགས་སྣང་དང་ཉ་ཕྱིས་ལས། །གཞན་ཉིད་དུ་ཡང་རྟོགས་པ་ཡིན། སྔོན་པོའི་རང་བཞིན་དེ་ལ་སྣང་བའི ་ཕྱིར་དེ་ཤེས་པ་ཉིད་དུ་མི་འགལ་ལོ། །ཕྱི་རོལ་དུ་ཞེན་པ་གང་ཡིན་པ་དེ་ནི་རིག་པར་བྱ་བ་མ་ཡིན་པའི་ཕྱིར་དེ་ལྟ་བུར་གྱུར་པ་མེད་པས་མེད་པའི་ཡུལ་ཉིད་མི་འགྱུར་རོ། །གལ་ཏེ་མི་གསལ་བར་སྣང་བས་དངོས་པོ་རིག་པ་མ ་ཡིན་ན། ཐག་རིང་པོར་དོན་རྣམས་དེ་ལྟར་རྟོགས་པའི་ཕྱིར་དབང་པོའི་ཤེས་པ་དངོས་པོའི་ཡུལ་ཅན་མ་ཡིན་པར་འགྱུར་རོ། །དངོས་པོའི་ཡུལ་ཅན་མ་ཡིན་པ་ཁོ་ནའོ་ཞེ་ན། མི་གསལ་བར་སྨང་བས་ཟླ་བ་གཉིས་ལ་སོགས་པ་དང ་མི་མཐུན་པར་ཤེས་པ་འདི་རྣམ་པར་རྟོག་པ་བཞིན་དུ་འཁྲུལ་པས་དངོས་པོ་རིག་པར་ཡང་མི་འགྱུར་རོ། །མ་ཡིན་ཏེ། ཐག་རིང་པོ་མ་ཡིན་པ་དང་བསྐལ་པར་མི་གསལ་བར་སྣང་བ་ཉིད་ཀྱིས་ཉེ་བ་མཚོན་པའི་ཕྱིར་རོ། །འདི་འབའ་ཞིག ་ནི་ཁྱད་པར་མ་ཡིན་ཏེ། འདིར་མི་མཐུན་པ་ཉིད་ནི་ཉམས་སུ་མྱོང་བས་གྲུབ་པ་ཉིད་དོ། །དེ་ལྟར་མ་ཡིན་ན། ཐག་རིང་པོ་ནས་སྡོང་པོ་དམིགས་པ་དང། དེ་ཉིད་དུ་རྟོགས་པར་དབང་པོའི་བྱེད་པ་འཇུག་པ་ལ་མཐོང་བ་དང་བརྟགས་པ ་ཉིད་དུ་རྣམ་པར་ཕྱེ་ནས་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་མི་གསལ་བར་སྣང་ཡང་རྣམ་པར་རྟོག་པ་དང་མི་མཐུན་པར་ཟླ་བ་གཉིས་བཞིན་དུ་འདི་ནི་སྔོན་པོ་རྟོགས་པ་ཉིད་ཡིན་ནོ། །དེ་ལྟར་རྣམ་པར་རྟོག་པ་ལ་དངོས་པོ་རྟོགས་པ ་འགའ་ཡང་མེད་བས་ན་རྣམ་པ་དེ་ལྟ་བུའི་དངོས་པོ་མེད་པའི་ཕྱིར་མེད་པའི་ཡུལ་ཅན་ཉིད་མ་ཡིན་ནོ། །དངུལ་ལ་སོགས་པ་ལནི་དངུལ་སྣང་བ་དང། ཉ་ཕྱིས་ལ་སོགས་པ་ལས་གཞན་ཡིན་པའི་ཕྱིར་མྱོང་བ་དེ་ཉ་ཕྱིས་ཀྱི་ཡུལ་ཅན་མ ་ཡིན་ཏེ། འོན་ཀྱང་དངུལ་གྱི་ཡུལ་ཅན་ཉིད་དོ། །ཉ་ཕྱིས་ཀྱི་ཡུལ་ཉིད་དུ་རྟོགས་པས་ཕྱིན་ཅི་ལོག་ཏུ་རྟོཌ་པར་བརྗོད་ཀྱི་ཉམས་སུ་མྱོང་བ་ཉིད་ཀྱིས་དེ་ལྟར་རྟོགས་པའི་ཕྱིར་མི་མ་ཡིན་ཏེ། ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་རྟོགས་པ་མེད་པའི ་ཕྱིར་རོ། རྣམ་པར་རྟོག་པའི་སྔོན་པོའི་རྣམ་པ་ནི་ཤེས་པ་ལ་ཡང་སྲིད་པ་དང། དོན་དུ་ངེས་པ་དོན་མྱོང་པ་ཡང་མ་ཡིན་པ་དེའི་ཕྱིར་འདི་ཡུལ་ཅན་ཉིད་འཇུག་པ་མ་ཡིན་ནོ། །གཞན་ཡང། དེའི་ངོ་བོར་སྣང་བ་ལས། །མྱོང་བ་གཞན་འགའ་ཡོད་མ ་ཡིན། དོན་གྱི་ངོ་བོར་སྣང་ཡང་ནི། །དེ་ནི་བློ་ཡི་འདྲ་ཉིད་ཡིན། །ལྷག་པར་ཞེན་པ་དོན་རིག་པ་ཉིད་ཡིན་ན་བདག་ཉིད་མ་ངེས་པའི་ཕྱིར་ཡུལ་མ་ཡིན་ལ། དོན་ངེས་པའི་ཕྱིར་དོན་ཉིད་ཡུལ་ཡིན་ཞིང། དེ་ལྟ་བུ་ཡང་ཡོད་པ་མ་ཡིན་པའི་ཕྱིར་མེད ་པའི་ཡུལ་ཅན་ཉིད་དུ་འགྱུར་ཏེ། །དེ་ལྟ་མ་ཡིན་ན་དེའི་ཡུལ་ཅན་ཉིད་དུ་ཡང་མི་འགྲུབ་པའི་ཕྱིར་རོ། །དོན་མྱོང་བ་ཉིད་ཡིན་ཡང་བདག་ཡུལ་ཡིན་པར་ནི་མི་འགལ་ཏེ། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་ནོ། །འདི་ལྟར་མྱོང་བ་ཞེས་བྱ་བ ་དོམ་གསལ་བ་ཉི་མ་རྟོགས་པ་གཞན་ནི་འགལ་བ་ཡང་མེད་དོ། །དེའི་ཕྱིར་གསལ་བ་དེ་ནི་དོན་ཡིན་ལ། བདག་ནི་དེ་ལ་ས་གཞན་ཡིན་པའི་ཕྱིར་བདག་ཡུལ་མ་ཡིན་ཞེ་ན། དེ་ལྟ་བུ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཡིན་ནོ། །ཤེས་པ་ཡང ་དོན་ཅི་ལྟ་བུར་གྱུར་བ་རྣམ་པ་དེ་ལྟ་བུའི་གཟུགས་བརྙན་དང་འབྲེལ་པས་གང་སྣང་བ་ན་སྣང་བ་འདི་ནི་དོན་ཡིན་ནོ་ཞེས་བརྗོད་དེ། དེ་ལྟར་སྣང་བ་དེ་ཤེས་པ་ལས་ཡང་མི་སྲིད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་སྣང་བ་དེ་དོན་གྱིས་བྱས་པ་ཡིན་པ་དེ་ལྟ་ན་དེ་ལྟར ་སྣང་བང?་དོན་གསལ་བའི་རང་བཞིན་ཡིན་པའི་ཕྱིར་དོན་རྟོགས་པ་ཉིད་དོ། །གཏོད་པར་བྱེད་པ་དོན་ཀྱི་བྱེད་པ་མེད་ན་ནི་དེ་ཤེས་པ་ཙམ་སྣང་བར་ཟད་དེ། ཟླ་བ་གཉིས་ལ་སོགས་པའི་ཤེ་སེལ?་པ་བཞིན་ནོ། །དེ་ལྟ་མ་ཡིན་ན་ནི་རྣམ་པར་རྟོག་པ་མེད་པཱི ་ཤེས་པ་ཡང་དོན་གྱིས་རྣམ་པ་ཅན་དུ་མི་འགྱུར་རོ། །གལ་ཏེ་རྣམ་པར་རྟོག་པ་མེད་པ་ནི་སྣང་བ་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་བ་ཅན་ཡིན་གྱི། འགའ་ཡང་ངེས་པ་ནི་མ་ཡིན་ནོ། །ངེས་ན་འདིའི་འཛིན་པ་དང་མི ་འཛིན་པ་ནི་སྣང་བ་ལ་བལྟོས་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་ཕྱི་རོལ་གྱི་སྲེག་པ་དང་རྗེས་སུ་འབྲེལ་པ་ཡོད་པ་དང་མེད་པར་སྣང་བ་མ་ཡིན་ཡང་ཕྱི་རོལ་ངེས་པར་ཡིན་ཏེ། དེའི་ཕྱིར་ངེས་བ་ཉིད་དེའི་གཟུང་བ་ཡིན་ནོ། །དེ་ཡང་ཕྱི་རོལ་ཉིད ་ཡིན་གྱི་རང་གི་ངོ་བོ་ནི་མ་ཡིན་ཞིང། རྣམ་པ་དེ་ལྟ་བུ་ཡང་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཞེ་ན། འདི་ལ་བཤད་ཟིན་ཏོ། །ཞེན་པ་ཞེས་བྱ་བ་གལ་ཏེ་རིག་པར་བྱེད་པ་མ་ཡིན་ནོ། དེ་ལས་ཡུལ་གནས་པ་མེད་པའི་ཕྱིར་དེ་ལ ་བལྟོས་ནས་འཛིན་པ་དང། འཛིན་པ་མ་ཡིན་ནོ། །འོན་ཏེ་མྱོང་བར་བྱེད་པ་ཡིན་ན་དེ་མྱོང་བ་ཞེས་བྱ་བ་ཅི་ཞིག། དེ་ལྟ་བུར་གྱུར་པའི་དོན་གསལ་བར་བྱེད་བའོ། །ཇི་ལྟ་བུར་གྱུར་བ་གསལ་བར་བྱེད་བ་དེ་ལྟ་བུར་ཉིད་དུ་གྱུར་ནས་རང་ཉིད་སྣང ་བའི་ཕྱིར་གང་གིས་མེད་པའི་ཡུལ་ཅན་དུ་འགྱུར་བ། བློ་གྲོས་དོན་བརྟགས་པའི་དངོས་པོ་མེད་པ་སྣང་བ་ཞེས་བྱ་བ་འདི་གཟུང་པའི་རྣམ་པ་ལས་དཔགས་པ་ཅི་ཡོད། གལ་ཏེ་དེ་ལྟ་ན་རྟོག་པ་མེད་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་རོ།། ་བདེན་ཏེ་མྱོང་བའི་བདག་ཉིད་ཀྱིས་ཡིན་ནོ། །ཁྱད་པར་ནི་མྱོང་བའི་རང་བཞིན་མ་ཡིན་པ་ཉིད་ལས་ཡིན་ནོ་ཞེས་འཆད་པར་འགྱུར། །གལ་ཏེ་ཤེས་པའི་རྣམ་པར་ཤེས་པ་དང་ཐ་མི་ཐ་དད་པའི་ཕྱིར་དེའི་དུས་པ་ཉིད་ཀྱིས་སྔ་མ་དང་ཕྱི་མར? ་ཡོད་པ་མ་ཡིན་པའི་ཕྱིར་དང། རང་གི་མཚན་ཉིད་ཀྱི་རང་བཞིན་ཡིན་པས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མཚམས་སྦྱོར་བའི་རང་བཞིན་གྱིས་རྟོགས་པ་མི་འཇུག་པས་རྣམ་པར་རྟོག་པ་ཉིད་དུ་འཐད་དོ། །གལ་ཏེ་འདི་རང་རིག་པས་རང ་གི་བདག་ཉིད་ཇི་ལྟ་བ་བཞིན་སྣང་བ་དེ་ཙམ་གྱིས་མཐར་ཕྱིར་པ་ཡིན་ན་ནི་དེའི་ཚེ་ཟླ་བ་གཉིས་ཀྱི་ཤེས་པ་བཞིན་དུ་རང་གི་བདག་ཉིད་ལ་རྣམ་པར་རྟོག་པ་མེད་པ་ཉིད་དོ། །འོན་ཏེ་སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་དུ་མྱོང་བའི་རང་ཞིན ་དེ་དོན་གྱི་མཐར་ཐུག་པ་ཉིད་ཡིན་ན། དེའི་ཚེ་ཇི་ལྟར་སྣང་བ་དེ་དང་ཐ་མི་དད་པའི་ཕྱིར་རང་གི་ངོ་བོས་དེ་ལྟ་བུའི་རྣམ་པ་ཅན་ཡིན་བས་དེ་གསལ་བ་ཉིད་དུ་འགྱུར་བའི་ཕྱིར། །དེ་ལྟ་ན་དང་རྟོག་པ་མེད་པ་ཉིད་དོ། །དེའི་ཕྱིར་སྔོན་བོའི ་རྣམ་བ་ཡོད་ཀྱང་རྣམ་པར་རྟོག་པ་ནི་ཐ་དད་པར་སྔ་མ་དང་ཕྱི་མ་དང། ཕྱི་རོལ་གྱི་རང་བཞིན་དུ་སྣང་བ་དང་རྗེས་སུ་འགྲོ་བ་རིག་པའི་རང་བཞིན་ཉིད་དུ་འདོད་པར་བྱ་བ་ཁོ་ནའོ། །དེས་ན་རྣམ་པར་རྟོག་པ་འདི་དེའི་རྣམ་པ་ཅན་མ་ཡིན་ཡང་དེའི ་རིག་པ་ཡིན་ལ་དེའི་ཡུལ་དེ་འདྲ་བ་དེ་ཡང་མེད་པའི་ཕྱིར་བདག་ཉིད་དུ་གྱུར་པ་མ་ཡིན་པ་འདི་ནི་སྒྲོ་འདོགས་པ་ཞེས་བྱའོ་ཞེ་ན། འདི་ལ་སྨྲས་པ། ཤེས་པའི་དངོས་པོར་མི་འཐད་རྣམས། གལ་ཏེ་རིག་ན་འཁྲུལ་མ་ཡིན། །མིན་ན་དེ་དག ་ཤེས་པར་ཡང། རྣམ་པར་རྟོག་པས་ནི་སྔ་མ་དང་ཕྱི་མ་མཐོང་བ་ཉིད་དང། ཐ་མི་དད་པར་ཡུལ་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེའི་སྒྲའི་ཡུལ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །བརྗོད་པར་བྱ་བ་མ་ཡིན་པའི་ཡུལ་ཅན་ཉིད ་ཡིན་ན་ནི་རྣམ་པར་རྟོག་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ཤེས་པའི་ངོ་བོར་མི་འཐད་པའི་ཆོས་དེ་དག་རིག་བར་འདོད་ན་ནི་དེ་ཤེས་པའི་ངོ་བོར་མི་སྲིད་པར་འགྱུར་བ་ཡིན་ནོ། །གལ་ཏེ་འདི་ནི་སྔར་མཐོང་བ་ཉིད ་རིག་པར་བྱ་བ་ཡིན་ན། ཤེས་པ་ནི་ད་ལྟར་བྱུང་བ་ཡིན་པའི་ཕྱིར་སྔར་མཐོང་བ་མ་ཡིན་པས་དེ་དེའི་རྣམ་པར་རིག་པར་མི་འགྱུར་རོ། །དེ་ལྟར་ཡིན་དང་རྣམ་པར་རྟོག་པ་འཁྲུལ་བ་ཞེས་བྱ་བར་མི་འཐད་པར་འགྱུར་རོ།། ་དེའི་ཕྱིར་དོན་མེད་པར་ག་ལ་འགྱུར། གལ་ཏེ་དེ་ལྟར་དོན་སྔར་མཐོང་བ་དེ་ལྟར་རིག་ན་དོན་ཉིད་རིག་པར་འགྱུར་རོ། །རིག་པ་དེ་ལྟར་ཞུགས་ཀྱང་དོན་གཞན་རིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །ངེས་ན་མཐོང་བ་སྔ་མ ་ཡུལ་དུ་བྱས་པ་རྟོགས་པས་སྔོན་མཐོང་ཞིང་ཡུལ་དུ་བྱས་པ་ཉིད་རྟོགས་པ་ཡིན་ནོ། །འོན་ཏེ་འདི་དེ་ལྟར་རྟོགས་པ་ནི་མ་ཡིན་ཏེ། དེའི་ཡུལ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་སྔར་མ་མཐོང་བའི་རང་བཞིན་དུ་རྟོགས་པ ་ཡིན་ནོ། །དེ་ལྟར་ཡིན་དང་དེ་ཉིད་ཀྱི་གསལ་བ་ཉིད་མི་མཐད་པ་ཅི་ཡོད་སྒྲོ་?་པ་སྔོན་མ་མཐོང་བའི་རང་བཞིན་ཉིད་ལ་སྔོན་མཐོང་བ་ཉིད་དུ་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་འཁྲུལ་པ་ཡིན་ཡང་མི་ཚོར་མིན། །སྒྲོ ་བཏགས་ལ་མངོན་མཐོང་བ་ཉིད་དུ་རྟོགས་པར་འདོད་པས་འདོད་པས་ཀྱང་སྔོན་མཐོང་བར་རྟོགས་པས་སྔོན་མཐོང་བ་ཉིད་རྟོག་པ་ཡིན་ནོ་ཞེས་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་འདི་སྔོན་མཐོང་བ་ཉིད་དུ་རྟོགས་པར་མི་འགྱུར་གྱི། འོན ་ཀྱང་སྒྲོ་བཏགས་བའི་ཡུལ་ཅན་ཉིད་དོ། །འཁྲུལ་པ་ཡང་རྣམས་པ་ཅི་ལྟར་འཁྲུལ་པ་དེའི་ངོ་བོར་རིགས་པ་ཡིན་ཏེ། དཔེར་ན་ཉ་ཕྱིས་ལ་དངུལ་དུ་རྟོགས་པས་དངུལ་ཚོར་བ་མེད་པ་ནི་རྟོགས་པ་ནི་མ་ཡིན་ཏེ། དངུལ་ཉིད་དུ་ལ་རིག ་པར་ཐལ་བའི་ཕྱིར་རོ། །འོ་ན་དངུལ་གྱི་ཤེས་པ་དངུལ་གྱི་ཡུལ་ཅན་ཉིད་དུ་འགྱུར་རམ། དངུལ་གྱི་ཤེས་པ་ཡང་ཡིན་ལ། དངུལ་གྱི་ཡུལ་ཅན་མ་ཡིན་ནོ་ཞེས་གང་གིས་དེ་ལྟར་བརྒལ་ཞིང་བརྟག་པར་བྱ་བ། དེ་དེའི་ཤེས་པ་ཡིན་པའི་ཕྱིར་དེའི་ཡུལ ་གང་ཞིག་ཡིན་པར་འགྱུར་འོ་ན་ཇི་ལྟར་བདག་ཉིད་སྣང་བ་ཡིན། །ཡུལ་དང་དུས་དེས་རྣམ་པར་བཅད་པའི་ཕྱི་རོལ་གྱི་དངུལ་མེད་པའི་ཕྱིར་ཤེས་པའི་བདག་ཉིད་དངུལ་གྱི་རྣམ་པར་སྣང་བ་ཡིན་ནོ་ཞེས་དེ་རིག་པ་དག་འཛེར་ཏོ། །འདིནི ་ཕྱི་རོལ་གྱི་ངོ་བོ་ཉིད་དང། སྔ་མ་དང་ཕྱི་མའི་རང་བཞིན་དུ་རིག་པ་གང་ཡིན་པ་དེ་ཤེས་པའི་རང་བཞིན་ལ་མི་སྲིད་པའི་ཕྱིར། ཡུལ་མེད་པ་ཉིད་དུ་བློ་གྲོས་ངན་པ་དག་འཁྲུལ་པས་དེ་ལ་དེ་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་འདི་སྔ་མ་དང ་ཕྱི་མ་ཕྱི་རོལ་གྱིས་རང་བཞིན་ཉིད་རྟོགས་པ་ཡིན་ན་རང་གི་ཡུལ་ཅན་དུ་མི་འགྱུར་རོ། །དེ་ལྟ་ན་ཡང་རང་གི་མཚན་ཉིད་ཡུལ་ཡིན་པར་ཐལ་ལ། དེ་ཡང་འཐད་པས་སྤང་པར་བྱ་བ་ཡིན་ནོ། །ཅི་སྟེ་དེ་ལྟར་རིག་པ་མ་ཡིན་ན་འདི་ཤེས་བའི ་ངོ་བོ་དང་མི་འགལ་ལོ། །དེ་ཉིད་ཀྱི་ཕྱིར་སྒྲོ་བཏགས་པ་ལ་ཕྱི་རོལ་ཉིད་དུ་ཞེན་པ་ཡང་འཐད་པ་མ་ཡིན་ཏེ། ཕྱི་རོལ་དུ་རིག་པ་ནི་ཕྱི་རོལ་གྱི་ཡུལ་ཅན་མ་ཡིན་པར་མི་འཐད་པའི་ཕྱིར་རོ། །ཕྱི་རོལ་དང་མི་མཐུན་པའི་རང་བཞིན་ཡིན་པའི་ཕྱིར ་དེ་སྒྲོ་བཏགས་པ་ཡིན་པར་འདོད་པ་གང་ཡིན་པ་ཕྱི་རོལ་དང་མཐུན་པའི་ཕྱིར་དེ་ལྟ་བུའི་དངོས་པོ་ཤེས་པ་ཉིད་དུ་ཡང་མི་འཐད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་ཕྱི་རོལ་ཉིད་དུ་རྟོགས་ན་ཤེས་པ་ཉིད་ལ་འགྱུར་མོད། །འོན་ཏེ་སྒྲོ་བཏགས་རྟོགས་པ ་ཉིད་ཕྱི་རོལ་རྟོཌ་པ་ཡིན་ན་ཕྱི་རོལ་དང་མི་མཐུན་པའི་ཡུན་ཅན་ཡིན་པའི་ཕྱིར་བྱ?་རོལ་བརྟོགས་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་རྣམ་པར་རྟོགས་པའི་ཡུལ་ཤེས་པའི་རྣམ་པ་ཉིད་ཡིན་ན་རྣམ་པར་རྟོཌ་པ་ཉིད་མེད་པར་ཐལ་བར་འགྱུར་བའི ་ཕྱིར། བདག་གི་ཡུལ་སྣང་བ་ལས་ཁྱད་པར་གྱུར་བའི་རིག་པའི་བདག་ཉིད་ཁས་བླང་བར་བྱ་བ་ཡིན་ནམ་ཞེ་ན། དེ་ནི་བདེན་མོད་ཀྱི་།དེ་ལྟ་ན་ཡང། རྣམ་པ་ཇི་ལྟའི་དོན་རིག་པས། རྟོག་ཡིན་དེ་རིག་མེད་པའི་ཕྱིར། །ཤེས་ཆོས་མངོང་པར་རློམ་པ་ལ། ། ་ངེས་པར་བརྗོད་དེ་བདེ་སོགས་བཞིན། །གལ་ཏེ་དེའི་རྣམ་པ་ཙམ་གྱིས་དེ་གསལ་བ་ཡིན་ན་རྟོག་པ་མེད་པར་ཐལ་བའི་ཕྱིར་རོ། །རིག་པ་བླ་ལྷག་པ་ཉིད་ཀྱིས་རྟོག་།པ་དང་བཅས་པར་བརྗོད་པར་བྱ་བ་ཡིན་ཡང། དེའི་རྣམ་པ་མ་ཡིན་པར ་རིག་པར་རིག་པ་ནི་མེད་དེ་གཞན་དུ་ཇི་སྐད་བཤད་པ་བཞིན་ནོ། །རིག་པར་བྱ་བ་དང་རིག་པར་བྱེད་པ་དག་ཐ་དད་པར་སྣང་བ་ཡང་མེད་དོ། །དེ་ལྟ་མོད་ཀྱི་ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ། རྣམ་པ་ཇི ་ལྟ་བུའི་རང་བཞིན་རིག་པ་འདི་རྣམ་པར་རྟོག་པ་ཡིན་པར་འདོད་པ་དེ་ལྟ་བུ་ནི་འདིར་རིག་པ་མེད་དོ། །འདིར་དོན་རིག་པ་ཉིད་ཀྱིས་རྣམ་པར་རྟོག་པར་འགྱུར་རོ། །དེ་ཡང་གལ་ཏེ་དོན་སྣང་བ་ཉིད་ཀྱིས་རིག་པ་མིན་ན། རྟོག་པ་མེད་པར ་འགྱུར་རོ། །གང་གི་ཚེ་སྣང་བའི་རང་བཞིན་སྤངས་ནས་སྔོན་དང་ཕྱི་མར་མཐོང་བའི་རང་བཞིན་དུ་དེ་རིག་པར་བྱེད་པ་དེའི་ཚེ་ནི་དེའི་ཡུལ་ཅན་ཉིད་དུ་འགྱུར་ན་དེ་ཡང་རིག་པ་མ་ཡིན་ཏེ། དེ་ལྟར་རིག་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི ་དོན་ནི་ཡོད་པ་ཡང་མ་ཡིན་ཏེ། ཐ་དད་པ་ཐ་མི་དད་པས་དབང་དུ་བྱས་པས་དོན་ཞེས་པའི་རང་བཞིན་ཕ་རོལ་པོ་རང་ཉིད་ཀྱིས་དེ་ལྟར་ཁས་མ་བླངས་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་ནི་དངོས་པོ་དང་དངོས་པོ་མེད་པ་ལ་བལྟོས་པ་དང་བཅས་པ་མ ་ཡིན་ལ། རྣམ་པར་རྟོག་པ་ལ་སྣང་བ་དེ་ནི་སྔོན་དང་ཕྱིས་མཐོང་བ་ཉིད་ཀྱིས་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་བའི་ཕྱིར་དེ་ལ་བལྟོས་པ་དང་བཅས་པ་ཡིན་ནོ། །དེའི་ཕྱིར་དོན་རིག་པར་བྱ་བ་མེད་པའི་ཕྱིར་འདི་དོན་རིག་པ་མ་ཡིན་ནོ། ། ་རེག་པར་བྱ་བ་གང་ཡིན་པ་དེ་དོན་མ་ཡིན་ནོ། །དེ་ལྟར་རིག་པ་མེད་པ་ནི་མ་ཡིན། །གལ་ཏེ་དོན་མ་ཡིན་ན་འདི་དོན་རིག་པ་ཡང་མ་ཡིན་ནོ་ཞེ་ན། ལྷ་རྣམས་དགའ་བས་འདི་ལྟ་བུ་ཉིད་དུ་ངེས་པར་བྱས་པ་ཡིན་ཏེ་དངུལ་སྣང་བ་ཉིད་ལ ་དངུལ་རིག་པ་ནི་དངུལ་རིག་པ་ཡིན་པའི་ཕྱིར་རོ། །དོན་ཇི་ལྟ་བུར་འགྱུར་བ་དེ་ལྟ་བུ་རིག་པ་མ་ཡིན་ན་དོན་ཏེ་རིག་པ་ཇི་ལྟར་ཡིན། གལ་ཏེ་ཤིང་གི་དོན་ཕྱི་རོལ་དུ་ངེས་པ་ཉིད་ཡིན་ལ། དོན་ཞེས་ཅི་འདྲ་བར་འདྲིས་པ་དེ་འདྲ་བར ་ཡོད་པ་མ་ཡིན་པའི་ཕྱིར་ཡུལ་མེད་པར་བརྗོད་དོ། །དེ་ཙམ་གྱིས་དོན་རིག་པ་མེད་པ་ནི་མ་ཡིན་ནོ། །ཡུལ་དང་དུས་གང་གིས་ཁྱད་པར་ཅན་གྱིས་དངུལ་དུ་ངེས་པ་དེའི་ཡུལ་དང་དུས་དེ་མེད་དངུལ་དུ་རིག་པ་ཡང་མེད་པ་ནི་མ་ཡིན་ཏེ། དེའི་ཕྱིར ་རྣམ་པ་དེ་ལྟ་བུའི་དོན་རིག་པ་མ་གྲུབ་པ་ནི་མ་ཡིན་ནོ་ཞེ་ན། མི་མཐུན་པ་ཉེ་བར་བཀོད་པ་སྟེ། དངུལ་ཇི་ལྟར་གྱུར་བ་དེ་ལྟ་བུར་གསལ་བ་དེ་ན་མེད་པའི་ཕྱིར་མེད་པ་འདི་དངུལ་རིག་པར་འགྱུར་རོ། །དེ་བཞིན་དུ་དོན་ཇི་ལྟ་བུར་གྱུར་པ་རྣམ་པ ་དེ་ལྟ་བུ་རིག་པ་ཡོད་པ་ལས་ཡུལ་དང་དུས་འབའ་ཞིག་མེད་པ་ཡིན་པའི་ཕྱིར་མེད་པའི་ཡུལ་ཅན་ཉིད་དུ་འགྱུར་བ་ཡིན་ནོ། །གང་གི་ཚེ་དོན་དང་རྗེས་སུ་མཐུན་པ་འགར་ཡང་རིག་པ་མེད་པའི་ཕྱིར་དོན་ཅི་ལྟར་འགྱུར་བ་དེ་ལྟ་བུ་རིག་པ་མེད་པ་ཉིད ་ཡིན་པ་དེའི་ཆེ་དེ་ལས་བཟློག་པ་བདག་ཉིད་ཁོ་ན་རིག་པ་ཡིན་ནོ། །དེ་བཞིན་དུ་ཉ་ཕྱིས་ལ་དངུལ་དུ་རིག་པ་ཡང་བདག་གི་ཡུལ་ཅན་ཉིད་དེ་དེ་ཡང་རྣམ་པར་རྟོག་?དངུལ་གྱི་རང་བཞིན་ཇི་ལྟ་པ་བཞིན་རིག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ལ་དོན་རིག་པ ་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་ཡང་འདི་ལྟར་འགྱུར་བ་ཡིན་ཏེ། སྔོན་མཐོང་བ་སྒྲ་ལ་སོགས་པ་སྦྱོར་བའི་ཕྱིར། དོན་བྱེད་པ་དང་ལྡན་པ་བཞིན་དུ་མཐོང་བ་ལ་བལྟོས་པ་མེད་པས་དེ་ལྡན་པའི་དོན་ལ་ཡང་འཇུག་པའི་ཕྱིར་རོ། །དེས་ན་དེ་ལྟར ་རིག་པ་མེད་ཀྱང་དེར་མངོན་པར་རློམ་པ་ཡོད་པའི་ཕྱིར་དེ་ལ་དེ་ལྟར་ཐ་སྙད་བྱེད་དོ་ཞེས་སྨྲའོ། །མངོན་པར་རློམ་པ་ཡང་ཤེས་པའི་ཆོས་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་ནོ། །དཔེར་ན་རིགས་པས་མངོན་པར་རློམ་མོ། །རིགས་བཙུན་པས ་མངོན་པར་རློམ་མོ་ཞེས་བྱ་བ་དེ་ནི་དམ་པ་ཙམ་ལ་ནི་བརྗོད་པ་མ་ཡིན་པ་བཞིན་ནོ། །རིགས་བཙུན་པ་འམ་རིག་པ་རིག་གོ་ཞེས་བྱ་བ་ཉིད་ཀྱིས་ནི་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །དེའི་འདོད་ཆགས་ལ་སོགས་པ་བཞིན་དུ་ཤེས་པའི་ཁྱད་པར་མངོན ་པར་རློམ་པ་ཞེས་བྱ་བ་ནི་ཡོད་པ་བཞིན་ནོ། །དེས་ན་མ་གྲུབ་པའི་ཕྱིར་དང། འགལ་བའི་ཕྱིར་རིག་པ་ཡོད་ཀྱང་རིམ་པ་མ་རྟོགས་པར་མངོན་པར་རློམ་པ་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་པས། རྣམ་རྟོག་རྗེས་སུ ་འབྲེལ་འཇུག་པ། །རང་དང་མཐར་ཐུག་ངེས་པར་རྟོག། མངོན་པར་རློམ་པར་ཉིད་ཀྱིས། རྣམ་རྟོག་ཡུལ་རྣམས་ཅན་ཡིན་པ། །དེ་ཕྱིར་མེད་པ་རིག་ཡིན་བཤད། ཐམས་ཅད་ཀྱི་རིག་པ་ནི་དོན་འདྲ་བའི་རྣམ་པར་ཤེས་པ་ཉིད་ཡིན་པའི ་ཕྱིར་རྟོག་པའི་ངོ་བོ་རྣམ་པར་རྟོག་པ་ནི་དེ་ཉིད་ཀྱིས་ཡུལ་ཀྱི་རྣམ་པ་ཅན་ཡིན་ནོ། །དེ་ཡང་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་རང་བཞིན་དེ་ཙམ་གྱིས་ནི་དེ་མ་ཡིན་ཏེ། འོན་ཀྱང་དེ་ཉིད་རྣམ་པར་རྟོག་པའི་ཆོས་དང་ལྡན་བའི་ཕྱིར་ལྷག ་པར་ཞེན་པས་ཡིན་ནོ། །དེ་ཡང་འཇུག་པ་ནི་མི་གསལ་བའི་རང་བཞིན་པ་ནི་འཇུག་པ་མ་ཡིན་ཏེ། མ་རྟོགས་པ་འགའ་ཡང་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །འདི་ལ་དོན་རིག་པ་ནི་མེད་པའི་ཕྱིར་རང་གི་བདག་ཉིད་གསལ་བ་ཉིད་ན ་དོན་ངེས་པར་བརྗོད་དོ། །དེ་ཡང་དོན་གྱི་རང་བཞིན་གྱིས་འཇུག་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ནོ། །གང་གི་ཡུལ་མེད་པར་འགྱུར་བ་ཇི་ལྟར་ཉ་ཕྱིས་ལ་དངུལ་བཞིན་དུ་བདག་ཉིད་དོན་མེད་པ་ལ་རིག་པར་བྱེད་པ་མ་ཡིན་པའི་ཕྱིར་དོན་གྱི་ཡུལ ་ཅན་ནི་མ་ཡིན་ནོ་།འོན་ཀྱང་དོན་རིག་པ་དང་རྗེས་སུ་མཐུན་པའི་རིག་པའི་ཆོས་མེད་པ་ལ་འཇུག་པ་ཡིན་ཏེ། རྨི་ལམ་ཀྱི་བུད་མེད་ཀྱི་རྣམ་པ་འཁྲུལ་པའི་ཡུལ་ལ་དེ་ལྟར་ཞེན་པ་བཞིན་ནོ། །དེའི་ཕྱིར་ནང་གི་སྣང་བ་དོན་མེད་པ་ལ་དོན་དུ ་ཞེན་ནས་འཇུག་པའི་ཕྱིར་རོ། ཞེས་བྱ་བ་སྒྲ་ཇི་ལྟ་བ་བཞིན་དུ་འཐད་པ་ཡིན་ནོ། །དེས་ན་འདི་རང་གི་བདག་ཉིད་ལ་སྔོན་དང་ཕྱི་མ་ཕྱི་རོལ་གྱི་རང་བཞིན་དུ་འཇུག་པས་རྣམ་པར་རྟོག་པའི་ཆོས་ཀྱི་འཇུག་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་རང་གི་? ་བདག་ཉིད་ལ་སྔོན་དང་ཕྱིས་མཐོང་བའི་རང་བཞིན་དུ། རྣམ་པར་རྟོག་པར་བྱེད་བས་རྣམ་པར་རྟོག་པར་བརྗོད་དོ། །དེ་ལྟར་མངོན་པར་ཞེ་ནན་སྒྲ་ཡིས་འབྲེལ་པར་རུང་བའི་ཡུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེན་པ་བཞིན་དུ་དེའི། །དོན་གྱི་རང་བཞིན ་གསལ་པའི་ཕྱིར། བརྟགས་མེད། རྣམ་པར་རྟོག་བའི་ཤེས་པ་ནི་ཞེན་པ་ཉིད་ཀྱི་ཡུལ་གྱི་རྣམ་པ་ཅན་མ་ཡིན་པའི་ཕྱིར་འདིས་ཇི་ལྟར་ཞེན་པ་དེ་ཉིད་རྣམ་པ་རྟོག་པའི་ཡུལ་ཡིན་ནོ། །རྣམ་པར་རྟོག་པའི་རང་བཞིན་ནི་སྔོན་དང་ཕྱིས་མཐོང་བའི་དོན ་དོན་དུ་ཞེན་པ་ཡིན་ནོ། །འགའ་ཡང་མྱོང་བ་མེད་པ་ནི་ཞེན་པ་མ་ཡིན་པའི་ཕྱིར། །རང་གི་བདག་ཉིད་དེ་ལྟར་སྣོད་པ་ཉིད་ན་འཇུག་པ་ཡིན་ཏེ་དེའི་ཕྱིར་རང་གི་བདག་ཉིད་ལ་སྒྲོ་འདོགས་པས། དེ་ལྟར་བཏགས་པ་དོན་ཞེས་བརྗོད་དོ། །ཤེས་པས་ནི་ཕྱི་རོལ་གི ་རང་བཞིན་དང། སྔོན་དང་ཕྱིས་མཐོང་བ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་བཏགས་པ་མེད་པར་བརྗོད་དོ། །དེ་ལྟར་མེད་པ་སྣང་བ་ནི་མ་ཡིན་ཏེ། ཞེན་པ་ནི་སྣང་བའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དེས་ན་མྱོང་བ་གང་ཡིན་པ་དེ་ནི་རྣམ ་པར་ཤེས་པ་རང་ཉིད་དོ། །དེས་ན་ཞེན་པའི་འཇུག་པ་དཔྱད་ན། མི་སྣང་བ་ལ་མི་འཇུག་པའི་ཕྱིར། རང་གི་བདག་ཉིད་ཁོ་ན་རྣམ་པར་རྟོག་པའི་ཡུལ་ཡིན་ཏེ། ཇི་སྐད་དུ་སྒྲ་ལས་ཤེས་པ་ཐ་དང་ལྟར། དོན་གྱི་གཟུགས་བརྙན་སྣང་བ་གང་ཞེས་བཤད་པ ་ཡིན་ནོ།།ཞེས་པའི་རང་གི་ངོ་བོ་བཏགས་ན་ནི་མད་པ་ཉིད་དེ། ཇི་སྐད་དུ་སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ། བཞིན་དུ་བརྗོད་པ་སྟེ། །དངོས་པོ་ལ་འདི་མི་སྲིད་དོ་ཞེས་བཤད་དོ། །ཐ་སྙད་བྱེད་བ་པོའི་བློ་ལ་བལྟོས་ནས ་ནི་གང་གིས་སྒྲུབ་བའི་ཡུལ་ཅན་ཉིད་གསལ་བ་ཡིན་ཏེ། གཞན་སེལ་བའི་སྒོ་ནས་དོན་ལ་འཇུག་པར་བརྗོད་པ། ཕྱི་རོལ་གྱི་དོན་ཉིད་དེ། ཅི་སྐད་དུ་ནི་དེ་མི་བྱེད། །ཡོད་སྤོང་ཡན་ལག་ངོ་བོའི་ཕྱིར། །དངོས་པོ་ཐ་དད་རྟེན་ཅན་ཕྱིར། །དོན་ལ་མི་བསླུ་ཡིན ་པར་འདོད། །ཅེས་བཤད་ཡིན་ན་འདིའི་ཐ་དད་དང། འདྲེས་པའི་རང་བཞིན་ངོ་བོ་མིན། ཕྱི་དང་ནང་གི་ངོ་བོར་ནི་འགལ་ཕྱིར། བཏགས་ཇི་ལྟ་བཞིན་བ་བཞིན་མེད་པས་ཤེས་པ་ལ་སྔོན་དང་ཕྱི་མ་དང། ཕྱི་རོལ་མེད་པའི ་ཕྱིར། ཅིག་རྣམ་པ་ཐམས་ཅད་དུ། མེད་པར་ཡིན་ནམ། མ་ཡིན་ཞེས་བརྗོད་དོ། །རང་བཞིན་ནི་མེད་པ་མ་ཡིན་ནོ་མི་གསལ་བར་སྣང་བའི་སྔོན་པོ་ནི་མེད་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ནི་ཇི ་ལྟར་ཞེན་པ་ཕྱི་རོལ་ཉིད་དུ་མེད་པ་ཡིན་གྱི། རང་གི་ངོ་བོར་ནི་ཡོད་པ་ཉིད་དེ། རྨི་ལམ་དང་ཟླ་བ་གཉིས་ལ་སོགས་པའི་རང་བཞིན་བཞིན་ནོ། །གལ་ཏེ་རང་བཞིན་ཡོད་པ་ཡིན་ན་དེ་ནི་ཤེས་པའི་བདག་ཉིད་དུ་གནས་པ་ཐོབ་པས། ་བ་ལང་དཀར་པོ་ཞེས་ཐ་དད་པ་ཡང་གཅིག་གི་རྣམ་པ་དང། དེ་བཞིན་དུ་འདི་ཡང་བ་ལང་ཞེས་འདྲེས་པའི་རྣམ་པའི་སྤྱི་བཞིན་དུ་ཡོད་པ་ཁོ་ན་སྟེ། ཕྱི་རོལ་གྱི་རང་བཞིན་འབའ་ཞིག་གི་མེད་པར་འགྱུར་རོ། །དེས་ན་ཤེས་པའི ་རང་བཞིན་ཆོས་དུ་མའི་བདག་ཉིད་དུ་གྱུར་པའི་ཆོས་ཅན་དང་སྤྱི་ཡོད་པ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །ཟླ་བ་གཉིས་ཕྱི་རོལ་དུ་མེད་ཀྱང་ཤེས་པར་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྤྱི་འམ་བ་ལང་གཉིས ་དང། དཀར་པོ་ཉིད་དང་འབྲེལ་བའི་བདག་གི་དོན་ཀྱང་འགྱུར་རོ་ཞེ་ན། མ་ཡིན་ཞེས་སྨྲས་སྟེ། བཏགས་པ་ནི་ཕྱི་རོལ་ཉིད་བཞིན་དུ་ཐ་དད་པ་དང་འདྲེས་པའི་རང་བཞིན་ཉིད་ཡང་མེད་པ་ཡིན་ནོ། །བ་ལང་དཀར་པོ་ཞེས་ཤེས་པ ་ལ་ཐ་དད་བར་སྣང་བ་སྒྲ་ཐ་དད་པའི་གཟུང་བ་རང་བཞིན་དུ་མ་ཤེས་པ་གཅིག་གི་ཡུལ་དུ་བྱས་བ་དག་ཕན་ཚུན་འབྲེལ་པས་ངོ་བོ་གཅིག་ཏུ་གྱུར་བ་ནི་རྣམ་པར་ཤེས་བའི་རང་གི་ངོ་བོར་གྱུར་པ་མ་ཡིན་ནོ། །སྤྱི་ཡང་དེ་བཞིན་ནོ། ། ་ཇི་ལྟར་མ་ཡིན་ཞེ་ན། ཕྱི་དང་ནང་དུ་འགལ་བའི་ཕྱིར་ཏེ། གཉི་གར་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་བ་ལང་འབའ་ཞིག་གི་རྣམ་པར་རྟོག་པ་པ་ལང་ཞེ་འང་དེའི་རྟོག་པ་ཙམ་ལ་དཀར་པོ་ཞེས་བྱ་བ་ཙམ་དུ་རྟོགས་པ་དེ་ཙམ་ཉིད་རྣམ་པར ་ཤེས་པའི་རང་བཞིན་ཡིན་གྱི། དེ་ལྟ་བུའི་ཤེས་པ་གཅིག་ཏུ་རྗེས་སུ་འབྲེལ་པ་འམ། ཁྱད་པར་གཞན་ལས་རྗེས་སུ་སོང་བའི་སྤྱི་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་འགལ་ཞེ་ན། བཤད་པ། ཕྱི་རོལ་ཐ་དད་ཀྱང། རྗེས་འབྲེལ་མེད་ཕྱིར ་གཅིག་ན་ཡང། རྣམ་ཀུན་གཅིག་ཏུ་རྟོགས་ཕྱིར་རོ། །གང་གི་རྣམ་པ་དེ་ལྟ་བུ་གཅིག་གི་རྣམ་པ་འདི་བློ་ལ་ཡོད་པར་འགྱུར་བ་བ་ལང་དཀར་པོ་ཞེས་རྣམ་པ་ཐ་དད་པ་ཉིད་དུ་སྣང་བདག་རྗེས་སུ་འབྲེལ་པ་ལས་རང་བཞིན་དུ་གནས་པ་ནི་མ ་ཡིན་ནོ། །དེ་ན་དེ་ནི་དེ་ལྟར་ཞེན་པ་ཡིན་ཏེ། དེས་ན་གལ་ཏེ་ཐ་དད་དག་ཀྱང་གཞན་གྱི་རང་བཞིན་དུ་འགྱུར་བ་དོན་ལ་ཡོད་ན། དེའི་ཚེ་བ་ལང་ཡོན་ཏན་དཀར་པོའི་རང་བཞིན་ཡིན་པའི་ཕྱིར་བ་ལང་ཞེས་རྟོགས་པ་ན། རང་བཞིན་རེ་བར ་འགྱུར་ལ། དེ་ལྟ་ཡིན་པར་གྱུར་དང་ར་བར་གྱུར་པ་དེ་ཉེ་བར་རུང་བ་ཡིན་པས་བ་ལང་ཉིད་དཀར་པོའི་རང་བཞིན་ཏུ་རྟགས་པར་གྱུར་པ་ནི་དེ་ལྟ་ཡང་མ་ཡིན་ནོ། །གཞན་ནི་གཞན་གྱི་རང་བཞིན་དུ་འགྱུར་བ་མ་ཡིན་ཏེ། གཉི་ག ་ཡང་རང་གི་བདག་ཉིད་ཁོ་ན་ལ་རྣམ་པར་གནས་པའི་ཕྱིར་རོ། །དེས་ན་དེའི་རང་བཞིན་མ་ཡིན་པས་བ་ལང་དཀར་པོའི་རང་བཞིན་དུ་རྟོགས་པ་མ་ཡིན་པའི་ཕྱིར་བ་ལང་ཞེས་རྟོགས་པ་ན་ཡོན་ཏན་དཀར་པོ་རེ་བ་ཡིན་ལ། འདི་དེ་ལྟར་རུང་བ ་ཡང་ཡིན་ནོ། །དེའི་ཕྱིར་ཉེ་བ་ཡང་མ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་དང་སྣམ་བུ་ཞེས་བྱ་བ་བཞིན་དུ་རྟོགས་པར་འགྱུར་རོ། །སྒྲ་ཉིད་ཀྱིས་དེ་དེའི་རང་བཞིན་ཉིད་དུ་སྒྲུབ་པར་བྱེད་ཞེ་ན། མ་ཡིན་ཏེ། དེ་ལྟར་རྟོཌ་པ་ཉིད་ལ་དེ་ལྟར་སྦྱར་ན་དེ་ལྟར་རྟོགས ་པའི་ཕྱིར་རོ། །མ་རྟོགས་ན་ནི་མི་སྦྱོར་བའི་ཕྱིར་བ་ལང་བུམ་པ་ཞེས་བྱ་བ་ལྟར་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་ཐ་དད་པ་དག་ལ་རྗེས་སུ་འབྲེལ་པ་མེད་པས་རྗེས་སུ་འབྲེལ་བའི་རང་བཞིན་གྱི་དངོས་པོ་དག་གི ་དོན་གཅིག་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བ་ལང་སྐུལ་ཅིག་ཅིས་བྱ་བ་ཡང་རྗེས་སུ་འབྲེལ་པ་མ་ཡིན་ཏེ། བྱ་བ་དང་བྱེད་པ་པོ་མེད་པའི་ཕྱིར་རོ། །འོན་ཏེ་བ་ལང་ཉིད་དཀར་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་དེའི་རང་བཞིན་ཏེ་དེ ་ལྟར་རྟོགས་སོ། །དེ་བཞིན་དུ་རྣམ་པར་རྟོག་པ་ལ་ཡང་དེ་ལྟར་རྟོགས་པའི་ཕྱིར་དེ་ལྟར་རྟོགས་སོ་ཞེས། དེ་ལྟར་ནི་ནུས་པ་མ་ཡིན་ཏེ། ཐ་དད་པ་མེད་ན་བ་ཡང་ཞེས་བྱ་བ་རྣམ་པ་ཐམས་ཅད་རྟོགས་པར་ཐལ་བའི་ཕྱིར་ཏེ། དཀར་པོ་ཉིད ་ལ་སོགས་པ་མ་གཏོགས་པའི་རྣམ་པ་མེད་པའི་ཕྱིར་རོ། །ཐ་དད་རྟེན་པས་གཅིག་ལ་ནི། །ཐ་དད་ལ་ཡང་བརྡ་ལས་ནི། ངེས་ཕྱིར་རང་བཞིན་གཅིག་ཉིད་ནི། །བློ་རྣམས་གཅིག་པ་ཉིད་ཀྱིས་མིན། །ཅི་སྟེ་རྣམ་པར་གཅོད་པའི ་དོན་ཉིད་ཀྱིས་ན་རྟོགས་པས་དེ་དང་རྗེས་སུ་མཐུན་པར་རང་བཞིན་དུ་མ་བརྟགས་པ་ཡིན་གྱི་དངོས་པོར་ནི་མ་ཡིན་ལ། སྒྲ་ནི་དེ་ལ་བརྟེན་པ་ཡིན་ནོ་ཞེས་བརྗོད་ན་ཡང་དེ་ལ་ནི་བ་ལང་དཀར་པོའི་བདག་ཉིད་ཡིན་པའི་ཕྱིར་སྒྲ་རྣམས་དངོས་པོའི ་ཡུལ་ཅན་མ་ཡིན་པས་གཅིག་གིས་ཐམས་ཅད་རྟོཌ་པ་མ་ཡིན་པའི་ཕྱིར། པ་ལང་ཞེས་རྟོགས་པ་ན་རང་བཞིན་ར?་བར་འགྱུར་རོ། །དེས་ན་ཚིག་དོན་རྟོཌ་བ་བཞིན་དུ་རྗེས་སུ་འབྲེལ་པ་ཡང་བརྡ་ལས་འབྱུང་བར་འགྱུར་རོ། །ཇི་ལྟར་དཀར་པོའི་དོན ་བརྡ་ལས་རྟགས་པར་བྱེད་པ་དེ་བཞིན་དུ། གང་གི་རང་བཞིན་དུ་ཐམས་ཅད་ཀྱིས་རྟོགས་པ་དེའི་རང་བཞིན་ཐ་དད་པར་བསྟན་ན་དེའི་རང་བཞིན་ཉིད་དུ་འགྱུར་ཏེ། དེ་ལྟར་བརྡར་བྱས་པའི་ཕྱིར་རོ། །དེ་ལ་ཚིག་གི་དོན་གཉིས ་གཅིག་གི་རང་བཞིན་དུ་གྱུར་པ་རྣམ་པར་ཤེས་པའི་རྣམ་པ་གཅིག་ཉིད་ནི་མ་ཡིན་གྱི། འོན་ཀྱང་དཀར་པོ་ཞེས་རྟོགས་པ་ནི་ཕྱི་རོལ་ལྟར་བ་ལང་གི་རང་བཞིན་ཉིད་དུ་ངེས་པར་བྱེད་དེ། དེས་ན་ཐ་དད་པའི་བདག་ཉིད་ནི་གཅིག་ལ་ཡོད་པ་མ ་ཡིན་ནོ། །ད་ནི་འདྲེས་པ་ཅི་ལྟར་མེད་པ་སྟོན་ཏེ། རྗེས་འབྲེལ་མེད་ཕྱིར་ཐ་དད་དམ། གཞན་གྱི་འདྲི་བ་ཡོད་མ་ཡིན། །གལ་ཏེ་དངོས་པོ་རྣམ་ཐ་དད་པ་འམ་ཐ་དད་པ་མེད་པའི་བདག་ཉིད་ཀྱིས་འདྲེས་པར་སྣང་ན་དེའི་ཚེ་འདི་ཕྱི་རོལ་བཀག་བས ་ཤེས་པའི་བདག་ཉིད་དུ་འགྱུར་བའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་འགྱུར་བ་ཡིན་ནོ། །ཟླ་བ་གཅིག་ལ་བརྟེན་ནས་ཟླ་བ་གཉིས་སྣང་བ་དེ་ལྟ་བུ་ནི་གཅིག་ལ་མེད་པའི་ཕྱིར་ཕྱི་རོལ་ཏུ་མི་འཐད་དོ། །དེའི་རང་བཞིན་ཅན་མ་ཡིན་པའི་རྣམ་པར་ཤེས ་པ་ནི་དེ་ལྟར་སྣང་བ་ཉིད་ཡིན་པའི་ཕྱིར། ཟླ་བ་གཉིས་ཤེས་པའི་བདག་ཉིད་དུ་ཡོད་པ་ཡིན་ནོ། །དེ་བཞིན་དུ་སྤྱི་ཡང་གསལ་བ་རྣམས་ལ་ཐ་དད་པའམ། ཐ་མི་དད་པར་རིག་ན། དེ་ཡང་གསལ་བ་རྣམས་ལ་སྲིད་པ་བཀག་པས་ཤེས་པའི ་བདག་ཉིད་དུ་ཡོད་པར་འགྱུར་ཏེ། དེའི་རྣམ་པ་ཅན་མ་ཡིན་ན་དེའི་རྣམ་པར་ཤེས་པ་དེ་ལྟར་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་བ་ལང་བ་ལང་ཞེས་གསལ་བ་རྣམས་རྣམ་པར་ཤེས་པ་སྐྱེའི། གང་གི་ཕྱིར་ཐ་དད་པས་འདི་དག་འདྲེ་བར ་འགྱུར་བ་ཁྲ་བོ་ལ་ཡོད་པའི་རང་བཞིན་གང་ཡོད་པ་དེ་ཉིད་ཁུ་ཡུལ་ཡང་ཡོད་དོ་ཞེས་དེ་ལ་ཐ་དད་པ་རྗེས་སུ་སོང་བ་རྗེས་སུ་འབྲེལ་བར་བྱེད་པ་ནི་མེད་དོ། །ཁྲ་བོ་གང་ཡིན་པ་ནི་གུ་ཡུ་ཡིན་ནོ་ཞེས་ཐ་དད་པ་མེད་པར་ཡོད་མ་ཡིན་ནོ། །དེའི་ཕྱིར་ཐ ་དད་པ་དང་ཐ་མི་དད་པ་དག་ཏུ་སྤྱི་རིག་པ་མེད་པའི་ཕྱིར་སྤྱི་ནི་རྣམ་པར་ཤེས་པའི་རྣམ་པ་མ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་གིས་གསལ་བ་རྣམས་ལ་རྗེས་སུ་འབྲེལ་བར་བྱེད་པ་མེད་པ་དེའི་ཕྱིར་སྤྱི་མེད་དོ། །རྟོགས་པར་བྱ་བ་ནི ་རྟོགས་པའི་ཚད་མ་ཅན་ཡིན་པའི་ཕྱིར་ཐ་དད་པ་འམ་ཐ་མི་དད་པས་དེ་ལྟར་རྟོགས་པ་མེད་པའི་ཕྱིར། ཐ་དད་པ་འམ་ཐ་དད་པ་མེད་པའི་སྤྱི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱད་པར་ཕན་ཚུན་མི་འདྲ་བ་རྣམས ་ལ་ཡང་བ་ལང་བ་ལང་སྙམ་པའི་ཤེས་པ་ཐ་མི་དད་པ་ནི་ཁྱད་པར་གཅིག་དང་འབྲེལ་པ་མེད་པར་མི་འཐད་དོ། །འདི་དག་གི་རང་གི་བདག་ཉིད་ལ་ནི་རིག་མི་མཐུན་པར་མངོན་པར་འདོད་པ་དང། ཐ་དད་པར་མི་འདྲ་བ་ཡོད་པ་མ་ཡིན་ནོ།། ་དེས་ན་ཁྲ་བོ་ལ་བལྟོས་ནས་ཁུ་ཡུ་དང་བུམ་པ་དག་ཁྱད་པར་མེད་ཀྱང་ཁྲ་བོ་ཁུ་ཡུ་དག་ལ་ནི་བ་ལང་བ་ལང་སྙཾ?་དུ་རྟོཌ་ལ་བུམ་པ་ལ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་དག་ལ་བ་ལང་ཉིད་གཅིག་དང་འབྲེལ་བའི་ཕྱིར་རོ། །དེའི་ཕྱིར་དག ་དོན་གཅིག་དང་འབྲེལ་བའི་ཕྱིར་རྣམ་པ་གཅིག་ཏུ་རྟོགས་པའི་ཡུལ་ཡིན་གྱི། གཞན་དག་ནི་མ་ཡིན་ནོ། །དེས་ན་དོན་རྣམས་ལ་ཐ་དད་པ་མེད་པར་རྟོགས་པ་ནི་འདི་ཁོ་ན་སྟེ། གང་ཞིག་ངེས་ཡུལ་དུ་བྱས་པ་དེ་དག་ལ་རིགས ་མཐུན་པ་ཉིད་དུ་རྣམ་པར་བཞག་པའི་རྒྱུ་སྤྱི་ཅིག་ཡོད་པའོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར། ཁྱད་པར་གཞན་གྱི་རྣམ་ཕྱི་མེད། །དེ་ལས་གཞན་དང་ཐ་མི་དད། རིག་འཇུག་གེགས་ཀྱི་བདག་ཉིད་དོ། །བ་ལང་ཤེས ་པའི་སྤྱོད་ཡུལ་ཡིན། །བ་ལང་པ་ལང་སྙམ་པའི་རྣམ་པར་ཤེས་པ་ནི་དོན་ཐ་དད་པ་མེད་པའི་སྒྲུབ་བྱེད་དུ་མི་འཐད་དེ། །རྣམ་པར་ཤེས་པ་དེའི་སྤྱོད་ཡུལ་དུས་དང། བདག་ཉིད་ཐ་དད་པའི་ཁྱད་པར་ཡིན་པའི་ཕྱིར་ཏེ། འདི་ན་ད་ལྟར་འདི ་དང་འདི་ལའོ་ཞེས་རྟོགས་པའི་ཕྱིར་དང། རྟག་པ་ཁྱབ་པ་གཅིག་པུ་ལ་ནི་དེ་མེད་པའི་ཕྱིར་རོ། །ཁྱད་པར་ཉིད་ཡིན་པ་ནི་བདེན་མོད་ཀྱི། འོན་ཏེ་བ་ལང་ཉིད་ཀྱི་མཚན་ཉིད་ཁྱད་པར་གཅིག་གིས་སྒོ་ནས་ཡིན་ནོ། ཞེ་ན། མ་ཡིན་ནོ་ཞེས་བརྗོད་དོ། ་གཞན་གྱི་རྣམ་ཕྱེ་མེད། པ་ལང་ཉིད་ཀྱི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་འདི་གཞན་གྱི་སྒོ་ནས་གཞན་ཡུལ་དུ་བྱེད་པ་ནི་མ་ཡིན་ནོ། །དཔེར་ན་དབྱུག་པ་ཅན་དབྱུག་པའི་ཁྱད་པར་ཅན་དུ་ཤེས་པ་དེ་བཞིན་དུ་ཁྲ་བོ་ནི་བ་ལང་ཉིད་ཀྱི་ཁྱད་པར་ཅན ་དུ་མ་ཡིན་ནོ། །རྟོགས་པའི་ཡུལ་གང་ཇི་ལྟར་རྟོགས་པ་མེད་པ་དེ་ནི་དེ་ལྟར་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །བ་ལང་སྙམ་པའི་ཤེས་པས་ཀྱང་གཅིག་ཉིད་རྟོཌ་ཀྱི་དེ་ལ་འབྲེལ་བ་མེད་པ་འམ། ཁྱད་པར་དང་ཁྱད་པར་ཅན ་དུ་གྱུར་པ་གཉིས་རྟོགས་པ་ནི་མེད་དེ། བདེའི་ཕྱིར་འདི་བ་ལང་ཉིད་ཀྱིས་སྒོ་ནས་རྫས་རྟོགས་པ་མ་།ཡིན་ནོ། །བ་ལང་ཉིད་རྫས་དང་ཐ་མི་དད་པར་རྟོགས་པའི་ཕྱིར་རྣམ་པར་བཅད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཐ་དད་པར་མ་རྟོགས་སོ་ཞེ་ན། མ་ཡིན ་ཏེ། ཐ་མི་དད་བར་ཉེ་བར་འདོགས་པ་ནི་གཉིས་རྟོགས་པ་ཉིད་ཡིན་ན་སྲིད་པའི་ཕྱིར་ཏེ། །བུར་བུ་བ་ལང་ཞེས་བྱ་བ་བཞིན་ནོ། །རྫས་ཉིད་རྣམ་པ་གཅིག་ཏུ་རྟོགས་པར་འགྱུར་བ་འམ། སྤྱི་ཉིད་ལ་ཡིན་གྱི། སྤྱིའི་ཁྱད་པར་གྱི་རྫས ་རྟོགས་པ་ནི་མ་ཡིན་ནོ། །སྤྱི་ཉིད་རྟོགས་པ་ནི་མ་ཡིན་ཏེ། ཁྱད་པར་ཆོས་སུ་རྟོགས་པའི་ཕྱིར་རོ། །གཞན་ཡང་བ་ལང་སྙམ་པའི་ཤེས་པས་ཡུལ་དུ་བྱས་པའི་རང་བཞིན་ནི་བ་ལང་དཀར་པོ། །བ་ལང་ཁུ་ཡུ་ཞེས་ཁྱད་པར་དང་གཞི་མཐུན་པར ་སྣང་གི་འདི་ལ་བ་ལང་ཉིད་ཡོད་ལ། འདི་ཡང་ངོ་ཞེས་ནི་མ་ཡིན་ནོ། །ཁྱད་བར་ཡང་ཁྱད་པར་གཞན་ལ་ཡང་ཐ་མི་དད་པར་རིག་པ་འཇུག་པའི་གེགས་བྱེད་བ་ཡིན་ནོ། །འདིའི་ཁྱད་པར་གཞན་ལ་ཡང་ཐ་མི་དད་པར་རིག་པ་ནི་རྗེས་སུ་འབྲེལ་པར་བྱེད ་པ་ཉིད་ཡིན་ནོ། །དེ་ལ་ཁྱད་པར་ཐ་མི་དད་པར་སྣང་བ་ནི་འདི་ནི་འདི་ལ་ཡིན་ལ་འདི་ལ་ཡང་ངོ་ཞེས་ཐ་དད་པས་རྗེས་སུ་འབྲེལ་པར་བྱེད་མི་ནུས་སོ། །དེ་ཉིད་འདི་ཡིན་ནོ་ཞེས་ཐ་མི་དད་པས་ཀྱང་མ་ཡིན་ཏེ། ཁྱད་པ་ཡང་རྗེས་སུ་སྦྱོར་བར་ཐལ་བའི་ཕྱིར། ་ཁྱད་པར་ནི་ཁྱད་པར་གཞན་གྱི་བདག་ཉིད་ཅན་ཡང་མ་ཡིན་ནོ། །དེ་དང་ཐ་མི་དད་པར་སྣང་ལ་ཐ་དད་པ་དང་རྗེས་སུ་འབྲེལ་བ་ནི་དེ་སྤངས་ནས་རྗེས་སུ་འབྲེལ་པ་ནུས་པ་མ་ཡིན་ནོ། །རྟོགས་པ་གཞན་གྱིས་དེའི་བདག ་ཉིད་ཀྱི་དངོས་པོ་སྤངས་པ་ཡིན་ན་ཡང་དེ་ལ་ཡོད་པ་གང་ཡོད་པ་ནི་འདི་ནའོ་ཞེས་ཐ་དད་པ་ཉིད་ཀྱིས་རྗེས་སུ་འབྲེལ་བར་འགྱུར་ན། དེ་ལྟར་ནི་རྟོགས་པ་མེད་ལ་ཁས་ཀྱང་མི་ལེན་ཏེ་འབྲེལ་པ་རྟོག་པར་དཀའ་བས་སྤྱི་དང་ཁྱད་པར་དག ་ཐ་དད་པར་རྟོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་གི་ཡུལ་དུ་གྱུར་པ་ཅི་ཡིན་པ?་འགྱུར་བ་མི་དད་པ་ཡིན་པར་རྟོགས་པ་ནི་ཡོད་པ་མ་ཡིན་?་ཉིད་དོ། །འདི་ལ་བ་ལང་ངོ་སྙམ་པའམ། །?་ལང་ངོ་སྙམ་པ་ཉིད་ཀྱང་ཁྱད་པར་དང་གཞི ་མཐུན་པ་ཉིད་དེ། དེ་ལ་ཡང་ཁྱད་པར་གཞན་ལ་རྗེས་སུ་སྦྱོར་བ་ནི་མེད་དོ། །དེས་ན་སྤྱིའི་ཤེས་པ་མེད་པས་འདི་ཟླ་བ་གཉིས་གཞན་དུ་ཤེས་པའི་རྣམ་པ་ཉིད་མ་ཡིན་ནོ། །གལ་ཏེ་འདི་ལ་བ་ལང་ངོ་སྙམ་པ་རྗེས་སུ་འབྲེལ་པར་བྱེད་པ་མ་ཡིན ་མོད། །རིགས་མི་མཐུན་པར་མངོན་པར་འདོད་པའི་ཁྱད་པར་སྤངས་ནས་ཁྱད་པར་གཞན་ལ་འཇུག་པའི་ཤེས་པ་དེ་ཉིད་དེ་ལས་གཞན་རྣམས་ཀྱི་རིགས་གཅིག་གོ་བར་བྱེད་པ་ཡིན་ནོ། །དེ་ལྟར་ནི་མི་ནུས་ཏེ། འདི་ལྟར། ཕན་ཚུན ་ལོག་པར་གྱུར་པ་ཡི། །རང་རྟེན་རྣམ་པར་རིག་པ་ནི། ཁྱད་པར་ཁྱད་པར་ཅན་ཙམ་ལ། །ནུས་ཡོད་དངོས་གཅིག་ལ་མ་ཡིན། །འདི་ནི་བཤད་ཟིན་ཏེ། གཞན་ཐ་མི་དད་པར་ཉེ་བར་བཏགས་པ་ལས་སམ། ཁྱད་པར་དང་ཁྱད་པར ་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། འདི་བ་ལང་ཞེས་རྣམ་པ་གཅིག་ཐ་དད་པར་རྟོགས་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་བས་ན་འདི་ནི་བ་ལང་གཅིག་ཡིན་ལ། །འདི་གཞན་ཡིན་ནོ་ཞེས་རང་བཞིན་དེ་ཉིད་དེ་ལྟར་རྟོགས་པ་གཞན་དང ་ཐ་དད་པར་རྟོགས་པས་ཕན་ཚུན་ལོག་པ་རྟོགས་པ་ཡིན་ཏེ། །དེ་ལྟ་མ་ཡིན་ན། པ་ལང་གཞན་ཡིན་ནོ་སྙམ་དུ་ཤེས་པར་མི་འགྱུར་རོ། །ཁྱད་པར་ལ་བལྟོས་ནས་གཞན་ཉིད་དོ་ཞེ་ན། མ་ཡིན་ཏེ། རྣམ་པ་གཞན་སྣང་བ་མེད་པའི་ཕྱིར་རོ། །བ་ལང ་ཞེས་གཞན་ཉིད་ཏུ་རྟོགས་པ་ནི་རྟོག་པ་གཅིག་གིས་ཡུལ་དུ་བྱས་པའི་ཕྱིར་དང་ཁྱད་པར་དག་ལས་གཅིག་དང་འབྲེལ་པ་ཞེས་བྱ་བར་ནུས་པ་མ་ཡིན་ཏེ། སྣམ་བུ་དཀར་པོ་རིང་ངོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འདི་བ་ལང། འདི་ཡང ་བ་ལང་ཞེས་བྱ་བ་པ་ལང་གི་རྣམ་པར་ཉིད་ཀྱིས་བ་ལང་གཞན་ལས་ལོག་པར་སྣང་བསན། བྱད་པར་བྱེ་བྲག་ཅན་རྟོགས་པར་བྱེད་ཀྱི། ཐ་མི་དད་པ་འགའ་ཞིག་ཐ་དད་དུ་སྣང་བ་ལས་འདི་མ་ཡིན་ནོ། །དེས་ན་ཁྲ་བོ་དང་བུམ་པ་གཉིས་ཁུ ་ཡུ་ལས་ཐ་དད་པར་ཁྱད་པར་མེད་ཀྱང། གང་ལས་དེ་ལ་བ་ལང་ཉིད་ཡིན་པ་ན་པ་ལང་ལས་ཐ་དད་པར་འགྱུར་ལ། བུམ་པ་ནི་མ་ཡིན་པར་འགྱུར་བ་ཉམས་སུ་མྱོང་བས་གྲུབ་པའི་ཁྱད་པར་ཡོད་བ་ཡིན་ཏེ། ཕན་ཚུན་རྣམ་པར་དབྱེ་བས་ཐ ་དད་པའི་བདག་ཉིད་བ་ལང་དང་རྟའི་ཚོགས་གཉིས་ཐ་དད་པར་སྣབ་བའི་ཕྱིར་རོ། །དེས་ན་སློབ་དབོན་གྱིས་འདི་ཉིད་ཐ་དད་པ་རྣམས་འབྲས་བུ་གཅིག་ལ་ནུས་པར་སྒྲུབ་པའི་སྒོ་ནས་དེ་དང་དེར་བསྟན་པ་ཡིན་ནོ། །དེའི་ཕྱིར་རྟོགས་པས་ནི་གང་ལས ་བ་ལང་མ་ཡིན་པ་ལས་ལོག་པར་ཐ་མི་དད་པར་འགྲུབ་པ་ཁྱད་པར་བྱེ་བྲག་ཏུ་གྱུར་པ་ཅམ་ཉིད་འགྲུབ་ཀྱི། སྤྱི་ནི་མ་ཡིན་ནོ། །གསལ་བ་ཐ་དད་མེད་གཅིག་དང། ཐ་དད་ཐ་དད་མིན་པ་འམ་མེད། ཐ་དང་རིག་དང་ཐ་དད་ཀྱི། རང་བཞིན་ཅན ་ཆོས་དེར་གཅིག་ཕྱིར། །གསལ་བ་རྣམས་ལ་ཐ་མི་དང་པ་གཅིག་གམ། ཐ་དད་པ་དང་ཐ་མི་དད་པ་གཅིག་ནི་དེ་དག་ལ་མེད་དོ། །གང་ལས་ཤེ་ན། རྟོགས་པར་བྱེད་པ་ཇི་སྐད་བཤད་པ་ཉིད་ལས་སོ། །འདི་ལྟར་ཁྱད་པར་རྣམས་ནི་ཐ་དད ་པར་རིག་པ་ཡིན་གྱི། ཐ་དད་པར་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཁྱད་པར་གྱི་བདག་ཉིད་ཀྱིས་ཐ་དད་ཀྱང་སྤྱིའི་བདག་ཉིད་ཀྱིས་ཐ་མི་དད་དོ་ཞེ་ན། དེ་ལྟ་ན་འོ་ན་སྤྱི་དང་ཁྱད་པར་དག་ཐ་དད་པ་ཐ་མི་དད་པའི ་རང་བཞིན་དུ་འགྱུར་རོ། །གང་གི་ཕྱིར་ཐ་མི་དད་པ་མེད་པར་ནི་སྤྱི་ཐ་མི་དད་པ་མེད་པར་མི་འཐད་ལ། ཐ་དད་པ་མེད་ན་ཡང་སྤྱིའི་བདག་ཉིད་ཀྱིས་ཐ་མི་དད་ཅིང་ཁྱད་པར་གྱིས་བདག་ཉིད་གྱིས་ཐ་དད་དོ་ཞེས་བྱ་བ་མི་འཐད་པའི་ཕྱིར་རོ། །ཐ་དད ་པ་དང་ཐ་མི་དད་པའི་རང་བཞིན་དུ་རྟོགས་པ་ནི་མེད་དེ། བ་ལང་ཁྲ་བོ་ཞེས་བ་ལང་ཉིད་དང་ཁྲ་བོ་ཉིད་ལ་སོགས་པའི་ཆོས་རྣམས་ཀྱི་རིག་པ་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྡོག་པ་ཐ་དད་པ་ལ་བརྟེན་པའི་ཆོས་ཐ་དད་པ་ཁས་བླངས ་པ་མ་ཡིན་ནམ་ཞེ་ན། བདེན་ཡ?་ཏེ། རྟོགས་པ་དང་མ་རྟོགས་པའི་རྒྱུ་མཚན་ཅན་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དེ་ནི་ཡོད་པ་ཡིན་ཏེ། བ་ལང་ཞེས་གཅིག་བདག་ཉིད་དུ་རྟོགས་བ་ན་དེའི་བདག་ཉིད་ཁོ་ནའི་རང་བཞིན་མ་རྟོགས་པར་བསམས་པའི ་རང་བཞིན་ལ་རེ་བར་རིགས་པའི་ཕྱིར་ཏེ། དཀར་པོ་ཞེས་རྟོགས་པ་ནི་དེའི་བདག་ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་ནི་ཇི་ལྟར་རྟོགས་པ་དེ་ལྟར་དེར་དེ་ཉིད་ཡིན་པར་ཁས་བླང་པར་བྱ་བ་ཡིན་ན། བ་ལང་དཀར་པོའི་སྙམ་པ་ལ་ནི་ཐ་དད་པར ་རིག་པ་མེད་དོ། །དེའི་ཕྱིར་སྤྱི་ཐ་དད་པ་དང་ཐ་མི་དད་པར་སྨྲ་བ་ཡང་རྟོཌ་པའི་ཚད་མ་ཅན་མ་ཡིན་གྱི། །བྱེད་པར་བྱེ་བྲག་ཅན་སྒྲུབ་པར་བྱེད་པར་ཉིད་དོ་ཞེས་བརྗོད་དོ། །སྤྱིར་སྨྲ་བ་རྟོགས་པ་ཉིད་གཅིགས་པ་ཆར་བཟུང་སྟེ། བདེ་བར་གཤེགས ་པ་དང་འགྲན་པའི་ཕྱིར་རང་གི་ཕྱོཌ་ཀྱང་རྟོཌ་པ་ཉིད་ཀྱིས་བསྒྲུབས་བས་རྟོགས་པ་ཉིད་མེད་པའི་སྒོ་ནས་ལན་བཏབ་པ་ཡིན་ཏེ། ཅི་སྐད་དུ། བློ་ཡི་སྣང་བ་ཐ་དད་དེ། དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་བཤད་པ ་ཡིན་ན། །དངོས་པོ་རྣམ་པར་དཔྱད་བ་ནི་རྒྱས་པར་འགྲེལ་ཉིད་དམ། རྣམ་འགྲེལ་གྱི་རྗེས་སུ་འབྲད་བ་ལས་ཁོང་དུ་ཆུད་པར་བྱའོ། །འབྲས་བུ་དེ་བྱེད་གཅིག་ཉིད་ལ། །དེ་ལྟར་རྟོགས་ལ་བལྟོས་ཏེ་ཡང། །བློ་འགྱུར་ཕྱིར་ན་མྱོང་བ་ལས། །ཐ་དད་མེད ་མིན་ངེས་བརྟེན་ཡིན། །ཅི་སྟེ་ཡང་གལ་ཏེ་བ་ལང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཤེས་པ་ཁྱད་པར་གྱིས་ཡུལ་ཅན་ཉིད་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པ་བཞིན་དུ་ཡོད་པར་ཐལ་པའི་ཕྱིར་སྤྱི་སྣང་བ་མེད་པ་ཉིད་ཡིན་ན། འོ་ན་ཇི་ལྟར་རྣམ ་པར་རྟོག་པ་སྤྱིའི་ཡུལ་ཅན་ཉིད་དང། གཞན་སེལ་བ་སྤྱིའི་ཐ་སྙད་དུ་བརྗོད་ཅེ་ན། འདིར་བཤད་པ། འདིར་མེ་ལ་སོགས་པ་དུ་བ་ལ་སོགས་པའི་འབྲས་བུ་བྱེད་པ་ཅན་དག་མངོན་སུམ་དང་མི་དེ་མིགས་པ་དག་ལས་དུ་བ་ལ་སོགས་པ་རང་གི་འབྲས་བུ ་དང་འབྲེལ་པ་མི་རྟོགས་པར་ནི་འབྲས་བུ་དེ་བྱེད་པ་ཉིད་དུ་ངེས་པ་མ་ཡིན་ནོ། །དེས་ན་འབྲས་བུ་དེ་ཕྱེད་བ་ཉིད་རྟོགས་པ་ལ་བལྟོས་ཏེ་འབྲས་བུ་དེ་བྱེད་པ་ཉིད་ཀྱི་བླར་འགྱུར་རོ། །དེ་ཡང་གསལ་བ་གཅིག་ཉིད་ལ་དེ་ལྟར་རྟོགས་པས་གསལ་པ ་གཞན་ལ་ཡང་མཐོང་བ་ལ་བལྟོས་པ་མེད་པར་རྟོགས་པར་འགྱུར་རོ། །དེས་ན་གསལ་བ་དེ་ནི་གསལ་པ་དེའི་རང་བཞིན་ཅན་ཉིད་དུ་ངེས་པ་ཡིན་ཏེ། གསལ་བ་རིགས་མི་མཐུན་པ་དག་འབྲས་བུ་གཅིག་བྱེད་པ་ཡིན་ཡང་གཅིག་ལ་རྟོགས་བས ་གཞན་ལ་རྟོགས་པ་མེད་པའི་ཕྱིར་རོ། །སླེ་ཏྲེས་ལ་རིམས་སེལ་བའི་ནུས་པ་རྟོགས་པས་སླེ་ཏྲེས་ཀྱི་གསལ་བ་གཞན་ལ་དེ་ལྟར་རྟོགས་ཀྱི། ཤ་རི་བ་ལ་ནི་མ་ཡིན་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཐ་དད་བ་འདྲེས་པའི་རྣམ་བ་ཅན་གྱི་སྤྱིའི ་རྟོགས་པ་འཁྲུལ་པ་ཡིན་ཡང་དོན་ལ་མི་བསླུ་བར་སྲིད་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་ཉིད་ལ་དེ་ལྟར་རྟོགས་པའི་ཕྱིར་ཉ་ཕྱིས་ལ་དངུལ་ཏུ་རྟོགས་པ་ལྟར་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་ལྟར་ཐ་མི་དད་པའི་རང་བཞིན་རིགས་པ་ནི་མ་ཡིན ་ཏེ། ཐ་དད་པ་འམ་ཐ་མི་དད་བས་དེ་ལྟར་རྟོགས་པ་བཀག་པའི་ཕྱིར་རོ། །དེའི་ཕྱིར་སྤྱི་རྟོགས་པ་གྲུབ་པ་ནི་མ་ཡིན་གྱི། མ་རྟོགས་ཀྱང་འདི་ཕྱི་རོལ་གྱི་དོན་བཞིན་དུ་ངེས་པ་ཡིན་ནོ། །དེས་ན་བརྗོད་དུ་མེད་པ་སྤྱིའི་རྟོགས་པ ་འདི་ནི་འཇུག་པ་ཐ་མི་དད་པས་དཔག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །དེ་ཡི་ཇི་ལྟར་ཀུན་བརྟགས་པ། དེ་ནི་དམ་པའི་དོན་དུ་མེད། །ཅེས་བཤད་དོ། །དེ་ལྟར་རང་གི་བདག ་ཉིད་ཐ་དད་པ་མེད་པར་ཤེས་པར་བྱས་བས་དོན་འདྲེས་པར་འགྱུར་བ་ཡིན་ཏེ། དོན་དེ་དང་ཐ་དད་པ་མེད་བར་བརྟགས་པའི་ཕྱིར་དང། ལྷག་པར་ཞེན་པའི་དོན་དོན་གྱི་ཡུལ་ཅན་ཉིད་དུ་ཁས་བླངས་པས་དེ་ལ་ཡང་དོན་ཉིད་དུ་ཡང་བརྗོད ་པའི་ཕྱིར་རོ། །དེའི་ཕྱིར། དེ་ལྟར་ཤེས་པའི་རྣམ་པ་ཉིད། །སྤྱི་ཞེས་བྱ་བར་བརྗོད་པ་ཡིན། །ཇི་སྐད་དུ། གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་བ། ཞེས་བྱ་བ་དད་དེ་བཞིན་དུ། གལ་ཏེ་སྤྱི་ནི་ཤེས་པ་ཡིས། །རང་བཞིན ་ཉིད་དུ་ཐལ་བར་འགྱུར་རོ། དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །དོན་གྱི་ངོ་བོ་ཉིད་ཀྱིས་སྤྱིད། །ཞེས་བཤད་དོ། །དེའི་ཕྱིར་ཐ་དད་པའི་རང་བཞིན་གྱི་དོན་ཐ་དད་པའི་སྒོ་ནས་རྟོགས་པས་རྣམ་པར་རྟོགས་པ་གཞན་སེལ་པའི་ཡུལ ་ཅན་ཡིན་གྱི། །བློ་ཆུང་ཞིང་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམ་འགྲེལ་གྱི་རྗེས་སུ་འབྲང་བར་མི་ནུས་པ་དག་གི་ཇི་ལྟར་བརྟགས་པ་གང་ཡིན་པ་དེ་ནི་འཐད་པ་མ་ཡིན་ཏེ། འདི་ལྟར་མེད་སྒོ་འདོགས་ན་དངོས་པོ་དང། །དངོས་མེད་དེ་ཡང ་འདོད་མ་ཡིན། དེ་དག་དེ་ལྟ་ཉིད་ཡིན་ན། རང་བཞིན། རང་བཞིན་མེད་གང་ལས། དོན་ནི་དངོས་པོ་འམ། དངོས་པོ་མེད་པར་དེས་པ་ཡིན་ནོ། །གང་ན་འདི་ཡོད་པ་ངེས་ནི་ཡོད་པ་ཉིད་ཡིན་ལ། གང་ན་མེད་པ་དེ་ནི་མེད་པ་ཉིད་དེ། ཡོད་དམ་མེད་ཅེས་མ ་ངེས་པ་ན་མ་ཡིན་ནོ། །ཡོད་ན་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་དང། མེད་ན་མེད་པ་ཡིན་ནོ། །དེ་ལ་གལ་ཏེ་ཡོད་པ་དེ་རྣམ་པར་རྟོགས་པས་བརྟགས་པ་ཡིན་ན་ཤིང་ཡོད་དོ་ཞེས་ཡོད་པའི་དོན་དང་འབྲེལ་པར་མི་འགྱུར་ཏེ་ཡོད་པའི་དོན་ལྷག་པ་ལ་མི ་བལྟོས་པའི་ཕྱིར། དཔེར་ན་ཤིང་ཡོད་དོ་ཞེས་རྟོགས་པ་འབྲེལ་པར་མི་འགྱུར་བ་བཞིན་ནོ། །འོན་ཏེ་མེད་པ་དེའི་ཕྱིར་དགག་པའི་དོན་དང་འབྲེལ་བར་མི་འགྱུར་ཏེ། དཔེར་ན་མེད་དོ་ཞེས་རྟོགས་པ་ཡང་དགག་པ་འམ། སྒྲུབ་པ་གཞན་དང་འབྲེལ་པར་མི ་འགྱུར་བ་བཞིན་ཏེ། མེད་པ་ནི་ཡོད་པ་ཉིད་དུ་འགལ་པའི་ཕྱིར་རོ། །དེ་བཞིན་དུ་གཞི་མཐུན་པའི་ཆོས་གཅིག་བཀག་ན་དེའི་བདག་ཉིད་ཀྱིས་མེད་པ་མིན་གྱི། བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། དཔེར་ན་སྒྲ་རྟག་པ་མ་ཡིན་ནོ་ཞེས་བྱ་བ ་བཞིན་ནོ། །འདི་ལ་དེའི་བདག་ཉིད་ཡིན་ཡང་རྟག་པ་ཉིད་མེད་ཅེས་བྱ་བར་རྟོགས་ཀྱིས། །སྒྲ་ཡང་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོགས་པ་ཕྱི་རོལ་ཇི་ལྟར་འགྱུར་པ་དེ་ལྟ་བུ་ཉིད་སྒྲོ་འདོགས་པ་མ་ཡིན་པའི་ཕྱིར་བསྒྲུབ་པའི་རང་བཞི་མི་སྒོ་འདོགས ་པ་མ་ཡིན་ནོ། །རྣམ་པར་རྟོག་པ་དེ་སྒྲོ་འདོགས་པར་བྱེད་པའི་རྣམ་པ་ནི་རབ་ཏུ་གྲུབ་པ་ཡིན་ནོ། །ཕྱི་རོལ་ཇི་ལྟར་གྱུར་པ་དེ་ལྟ་བུར་གྱུར་པ་སྒྲོ་འདོགས་པ་སྒྲུབ་པའི་རང་བཞིན་སྒྲོ་འདོགས་པར་བྱེད་པར་འགྱུར་ན། དེ་ལྟ་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་ལ ་སོགས་པ་མཐོང་པ་ལ་བསྒྲུབ་པའི་རང་བཞིན་ཤིང་གི་ཡོད་པ་ཉིད་དང། མེད་པར་དགག་པའི་རང་བཞིན་ཤིང་མེད་ན་ཡོད་པ་ཡིན་ནོ། །དེའི་ཕྱིར་དེའི་སྒྲུབ་པའི་རང་བཞིན་སྒྲོ་འདོགས་པར་མི་ནུས་ཨོཔས། མེད་པར་དགག་པའི་རང་བཞིན་སྒྲོ་འདོགས ་པ་ཡིན་ཏེ། ཕྱི་རོལ་མེད་པར་དགག་པའི་མཐར་ཐུག་པའི་ཁྱད་པར་ཅན་ཤིང་གི་རྣམ་ལྷག་པར་སྒྲོ་འདོགས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་པ་ཉིད་འཐད་པ་ཡིན་ནོ། །ཤིང་མ་ཡིན་པ་ལ་ལོག་པ་སྒྲོ་འདོགས་པའི་ ་ཕྱིར་ཏེ། མེད་པ་ལས་མོན?་པ་ནི་མ་ཡིན་ཞེས་དེས་གང་བརྗོད་པ་དེ་ནི་མ་འབྲེལ་པ་ཡིན་ཏེ། སྒྲུབ་པའི་རང་བཞིན་ཕྱི་རོལ་གྱིས་རྣམ་པ་ལས་གཞན་ཉིད་ཡིན་ན་ཡོད་དོ་ཞེས་རྟོགས་པ་ཡང་བསྒྲུབ་པའི་རང་བཞིན་ཉིད་དོ།། ་དེས་ན་རྣམ་པར་རྟོཌ་པས་ཡོད་དོ་ཞེས་རྟོཌ་པ་གང་ཡིན་པ་དེ་ནི་ཡོད་པའི་དོན་མ་ཡིན་ཏེ། ཅི་ཡོད་ཅེས་དེ་ཡང་ཆོས་ཅན་ལས་བལྟོས་པ་ཡིན་པའི་ཕྱིར་དཔེར་ན་ཤིང་ཞེས་རྟོགས་པ་ཤིང་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་དེ་ལ་བལྟོས་པའི་ཤིང་གི ་དོན་ཕྱི་རོལ་དང་མི་མཐུན་པར་མི་འགྱུར་རོ། །ཕྱི་རོལ་ནི་ཡོད་པའི་བདག་ཉིད་ཅན་ཉིད་ཀྱིས་ཡོད་པ་གཞན་ལ་བལྟོས་པ་མེད་པའི་ཕྱིར་འདི་མཚན་ཉིད་མི་མཐུན་པར་བརྗོད་པ་ཡིན་ནོ། །རྣམ་པར་རྟོག་པའི་ཡུལ་ནི་ཡོད་པའི ་དོན་ལ་བལྟོས་པ་ཡིན་ཡང། ཡོད་པའི་དོན་ལ་བལྟོས་པ་ཉིད་དུ་མི་འགྱུར་ཏེ། དེ་དེ་ལས་གཞན་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་མི་མཐུན་པའི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་ཉིད་ཡོད་པའི་དོན་མ་ཡིན་ནོ་མོད་འདིའི་དེ་ལྟ་བལྟོས་པ་ཉིད ་ནི་ཡོད་པ་ཡིན་ནོ། །དེ་ཡང་དངོས་པོར་འགལ་པ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ཉིད་བལྟོས་པར་བྱ་བ་ཡིན་པས་ཡོད་པའི་དོན་ལ་བལྟོས་བ་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་ནི་རྣམ་རྟོག?་པ་ལS་སྣང་བར་ནུས་པ་མ་ཡིན་པའི ་ཕྱིར་ཇི་ལྟར་དེས་བལྟོས་པར་འགྱུར་ཏེ། སྔོན་ཤེས་པས་ཤེས་པ་ཉིད་བལྡོས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ན་ནམ་ཡང་རྟོགས་པ་མེད་དོ། །མངོན་སུམ་གྱི་ཤེས་པ་ཉིད་ཞེ་ན། བདེན་མོད་ཀྱི། རྣམ་པར་རྟོག་པ་ལ་ཞུགས་པ་མེད་པའི་ཕྱིར་རྣམ་བར ་རྟོག་པའི་གནས་སྐབས་སུ་བལྟོས་པར་བྱ་བ་མ་ཡིན་པའི་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་གྱི་དངོས་པོ་མེད་པ་ཡང་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེ་ནི་རང་བཞིན་མེད་པ་ཉིད་ཀྱིས་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །། ་། །འདིའི་མཚན་ཉིད་མི་མཐུན་བ་ནི་རྟོགས་པའི་ཡུལ་ཉིད་ཡིན་ནོ། །ཅི་སྟེ་དངོས་པོ་དང་དངོས་པོ་མེད་པ་དེ་དག་ཉིད་ཀྱང་རྣམ་པར་རྟོགས་པའི་ཡུལ་དུ་ཡང་འགྱུར་ན། འོ་ན་ཤིང་ཡང་ཤིང་ཉིད་ཡིན་པའི་ཕྱིར་ཇི་ལྟར་བསྒྲུབ་པའི་རང ་བཞིན་སྒྲོ་མི་འདོགས་པ་ཞེས་བྱ། ཤིང་མིན་བཀག་པ་ཤིང་གི་ནི། །རང་བཞིན་མ་ཡིན་དེ་རྟོགས་ན། །ཤིང་རྟོགས་མི་འགྱུར་གལ་ཏེ་དེར། །འགྱུར་ན་དེ་ལྟར་འགྱུར་པ་ཡིན། །དེ་དག་ཕྱི་རོལ་སྒོ་འདོགས་པར་སྒྲུབ་པས་དེ་ལྟར་འཁྱམས་པ་ཡིན་ཏེ། དེར ་གྱུར་པའི་སྒྲུབ་པའི་རང་བཞིན་སྒྲོ་མི་འདོགས་ཀྱང་མེད་པར་དགག་པར་སྒྲོ་འདོགས་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་སྒྲོ་འདོགས་པ་བཀག་པ་ཉིད་ཀྱིས་རྫོགས?་པ་འདི་རྫོགས་པའི་ཕྱིར་གཞན་སེལ་བ་ཡུལ་ཉིད་དུ་མི་འགྱུར་རོ། །དེ་ལ ་ཡང་གལ་ཏེ་ཤིང་མ་ཡིན་པ་མེད་པར་བཀག་པའི་རང་བཞིན་ཤིང་གི་རང་བཞིན་ཞེས་བྱ་བར་གྲུབ་ན་དེའི་ཚེ་དེ་སྒྲོ་བཏགས་པར་འགྱུར་པ་ཡིན་ནོ། །དེ་ནི་ཡོད་པ་མ་ཡིན་ནོ། །ཤིང་ལ་ནི་ཤིང་མ་ཡིན་གྱི། དེ་མེད་པ་ཡོད་པ་ནི་མ་ཡིན་ནོ། །དེས་ན་འདི ་རྟོགས་པས་ཤིང་ལ་ཅི་ཞིག་རྟོགས་པར་འགྱུར་རོ། །ཡང་ན་ཤིང་ལ་ཤིང་མ་ཡིན། །བཀག་པས་ཡོད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང། །གལ་ཏེ་དེ་བསྒྲུབ་པའི་རང་བཞིན་ཉིད་ཡིན་ན་དེའི་ཚེ་སྒྲོ་འདོགས་པ་ན་དེ་ཉིད་སྒྲོ་བཏགས་པར་འགྱུར ་པའི་ཕྱིར་སྒྲུབ་པའི་རང་བཞིན་དུ་སྒྲོ་འདོགས་པ་མ་ཡིན་ནོ། །ཅི་སྟེ་ཡང་བསྒྲུབ་པའི་རང་བཞིན་ཙམ་མ་ཡིན་ན། དེ་ལྟ་ན་འོ་ན་ཤིང་ཞེས་མེད་བར་བཀག་པ་སྒྲོ་བཏགས་ཀྱང་ཤིང་ལ་ཅི་ཞིག་སྒྲོ་བཏགས་བར་འགྱུར་ཏེ། གཟུགས་སྒྲོ ་བཏགས་པས་རོ་བཞིན་ནོ། །གཞན་ཡང་འདི་དངོས་པོ་ནི་རང་དང་གཞན་གྱིས་ཡོད་པ་དང་མེད་པའི་བདག་ཉིད་ཡིན་ནོ། །ཞེས་མུ་སྟེགས་བྱེད་གཞན་གྱི་འདོད་པ་ལྟ་བུར་ཁས་བླངས་བར་འགྱུར་རོ། །གང་ཡང་ཤིང་གིས་རྟོགས་པས་དེ་ལ་གནས ་པ་ཤིང་མ་ཡིན་མེད་པར་བཀག་པ་རྟོགས་པར་སེམས་པ་དེའི་ཤིང་མ་ཡིན་མེད་ཞེས་མེད་པར་བཀག་པ་ན་ཤིང་རྟོག་པར་འགྱུར་རོ། །གལ་ཏེ་ཡང་ཤིང་ལ་ཡང་མེད་པར་དཀག་པ་ཡོད་ན་ཅི་ལྟར་མངོན་སུམ་གྱིས་མ ་རིག་།མངོན་སུམ་མ་ཡིན་ན་ཡང་གཟུང་བ་དང་མ་གཟུང་བདག་ཇི་ལྟར་དོན་གཅིག་གི་རང་བཞིན་དུ་འགྱུར། །དེའི་ཕྱིར་གཞན་སེལ་བ་ཡུལ་དུ་བརྗོད་པ་ཡང་མ་འབྲེལ་བ་ཉིད་དོ། །བློ་གང་ལ་ནི་གང་སྣང་མེད། །དེ་ལ་དེ་སྒྲོ་འདོགས ་པ་མེད། །རྗེས་སུ་དཔོག་ཀྱང་འགལ་པ་ཡི། །རང་བཞིན་རིག་པ་དེར་རྟེན་མིན། །གལ་ཏེ་ཤིང་ཞེས་རྟོགས་པ་ལ་དགག་པའི་དོན་རྟོགས་པ་ཡོད་ན་མེད་པར་དགག་པའི་རང་བཞིན་གྱི་དོན་སྒྲོ་བཏགས་པར་འགྱུར་རོ། །དེའི་ཕྱིར ་འདི་ཅི་ལྟར་མེད་པར་དགག་པའི་ཁྱད་པར་ཅན་ཡིན། །དགག་པའི་དོན་མི་སྣང་པ་ཡང་དངོས་སུ་ན་ཤིང་མ་ཡིན་པ་ལས་ལོག་པའི་ཤིང། སྒྲོ་འདོགས་པ་ཡིན་ཏེ། ཕྱི་རོལ་བཞིན་དུ་ཤིང་མ་ཡིན་པ་བཀག་པ་ནི་དེ་ལ་ཡང་ཡོད་པའི ་ཕྱིར་རོ། །སྒྲོ་བཏགས་པ་དེ་ཉིད་ནི་དགག་པའི་དོན་མེད་པར་དགག་པའི་རང་བཞིན་སྒྲོ་བཏགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་ནི་མི་རྟོགས་པ་མི་སྲིད་པའི་ཕྱིར་རོ། །མ་རྟོགས་ཀྱང་དངོས་པོའི ་མཐུ་ལས་བྱུང་བའི་རང་བཞིན་ནི་རྟོགས་པའི་ཡུལ་ལ་སྲིད་པ་མ་ཡིན་ཏེ། སྐད་ཅིག་?་ཉིད་ཀྱང་ཡིན་པར་ཐལ་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཡུལ་ལ་ཡང་འགྱུར་རོ། །གལ་ཏེ་ཡང་འདི་ཤིང་ཡིན་ན་ཤིང་མ་ཡིན་པ ་ལས་ཐ་དད་པར་འགྱུར་རོ། །དེ་ལྟ་ཡིན་དང་སྒྲུབ་པའི་རང་བཞིན་སྒྲོ་འདོགས་པར་འགྱུར་རོ། །དགག་པའི་དོན་རྟོགས་པ་མེད་ཀྱང་རྗེས་སུ་དཔག་པ་ལས་སྒྲོ་འདོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དང་མི་འགལ་བར་རིག་པ་ལ་དེ་རྗེས་སུ་དཔག་པ ་སྲིད་པའི་ཕྱིར་སྔོན་པོ་ལ་སྐད་ཅིག་མ་ཉིད་བཞིན་ནོ། །འགལ་པ་ནི་མ་ཡིན་ཏེ། དེ་ལ་དྲོ་བ་མ་ཡིན་པ་བཞིན་ནོ། །དགག་པ་རྗེས་དཔག་འགྱུར་པ་དང་གཏན་ཚིགས་བསྒྲུབ་བྱ་ཁྱད་མེད་འགྱུར། དངོས་མེད་དངོས་མེད་སྒྲུབ་བྱེད་ལ། །དོན་ཆོས ་འབྲེལ་བའང་མེད་པར་འགྱུར། །གཞན་སེལ་པ་ནི་མེད་པར་དགག་པ་ཡིན་ལ། རྗེས་སུ་དཔག་པ་ཡང་དེའི་ཡུལ་ཅན་ཡིན་པའི་ཕྱིར་སྐད་ཅིག་མ་མ་ཡིན་པ་མེད་དོ། །མེ་མ་ཡིན་པ་མེད་དོ་ཞེས་རྗེས་སུ་དཔག་པ་མཛའ་དག་དགག་པའི་རང་བཞིན་དུ་འགྱུར ་གྱི། སྐད་ཅིག་མ་ཉིད་དུ་རྟོགས་པར་ནི་ག་ལ་འགྱུར་ཏེ། དེ་ནི་སྒྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཀྱང་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་སྒྲུབ་བྱེད་མེད་པར་དགག་པ་ཡིན་ལ། བསྒྲུབ་བྱ་ཡང་དེ་ཉིད་ཡིན་པའི་ཕྱིར ་བསྒྲུབ་བྱ་གང་ཡིན་པ་དེ་ཉིད་སྒྲུབ་བྱེད་དུ་འགྱུར་རོ། །བསལ་བྱ་ཐ་དད་པས་ཐ་དད་དོ་ཞེ་ན། མ་ཡིན་ཏེ་ཐ་དད་པ་ནི་ཡོད་པ་ཉིད་ཀྱི་ཁྱད་པར་དུ་རྟོགས་པའི་ཕྱིར་རོ། །མེད་པ་ནི་ཡོད་པ་མ་ཡིན་ནོ། །དངོས་པོ་ཉིད་དངོས་པོ་ལ་བསལ་བར་བྱ་པ་ཡིན ་ན་དེ་ནི་སྒྲུབ་པའི་རང་བཞིན་རྣམ་པར་རྟོག་པ་མེད་པའི་ཡུལ་ཡིན་པའི་ཕྱིར་ཇི་ལྟར་བསལ་བྱ་ཐ་དད་པར་འགྱུར། དངོས་པོ་ཉིད་དངོས་པོའི་བདག་ཉིད་དང། དངོས་པོའི་བསྐྱེད་བར་བྱ་བ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་དེའི་བདག ་ཉིད་དང། དེ་ལས་བྱུང་བ་ལྟར་སེལ་བའི་བདག་ཉིད་ཀྱིས་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་ཡོད་པར་འགྱུར། སེལ་བ་ཉམས་སུ་མྱོང་བས་ཀྱང། །བརྟགས་པ་དོན་བློ་མིན་དེ་ལས། །ངེས་དང་ལྡན་པའང་མ་ཡིན་ནོ། །རྟོགས་མེད་ལ་ཡང་ཡོད ་ཕྱིར་རོ། །ཇི་སྐད་དུ། ཇི་སྐད་དུ་བཤད་པའི་ཚུལ་གྱི་དོན་དང་མི་མཐུན་པ་ཡིན་ཡང། སྒྲོ་བཏོགས་པ་ལ་དོན་ཉིད་དུ་རྟོགས་པ་དེ་ལས་གཞན་པ་ལས་ལྡོག་པས་བྱས་པའི་འདྲ་བ་ལ་བལྟོས་པ་ཅན་ནི་མེད་པ་།དག་པ་སྒྲོ་བཏགས་པ ་མེད་པར་མི་འགྱུར་རོ། །དེ་བཞན་དུ་གལ་ཏེ་སྒྲོ་བཏགས་པ་མིན་ན་ཇི་ལྟར་ཡང་ཤིང་མ་ཡིན་པ་ལ་ལྡོག་པའི་བདག་ཉིད་ཅན་ངེས་པའི་བདག་ཉིད་ཀྱིས་ཤིང་རྟོགས་པར་མི་འགྱུར་རོ། །ངེས་པའི་བདག་ཉིད ་བསྒྲུབས་པའི་ཤུགས་ཀྱིས་འགྱུར་རོ་ཞེས་ན་དེ་ཉིད་ལྡོག་པ་མེད་ན་ག་ལས་ཞེས་བརྗོད་པ་དེ། ཡང་མི་རིགས་ཏེ། དོན་རྣམ་པ་གཞན་མྱོང་བ་ལ་གཞན་དུ་རྣམ་པར་རྟོག་པའི་རྒྱུ་ནི་མཐོང་བ་དང་རྣམ་པར་བཏགས་པ་དག་འདྲ་བ་ཡིན་པར་བརྗོད་དོ།། ་དཔེར་ན་སྨིག་རྒྱུ་མྱོང་བ་ལ་ཆུར་རྣམ་པར་རྟོག་པ་བཞིན་ནོ། །དེ་ལྟར་གཞན་ལ་ལྡོག་པ་མྱོང་བ་ན། དོན་དུ་རྟོག་པ་ནི་མ་ཡིན་ནོ། །རྟོགས་པ་འདི་ནི་གཅིག་ཉིད་ཡིན་ཏེ། གང་གི་ཚེ་འདྲ་པ་ཉམས་སུ་མྱོང་བ་འདི་ཉིད་ཀྱི་ཚེ་དོན་དུ་ལྷག་པར ་ཞེན་པའི་ཕྱིར་འདི་དག་ལ་རྒྱུ་མཚན་ཅན་གྱི་དངོས་པོ་ཅི་ཞིག་ཡོད། གཞན་སེལ་བ་རྟོགས་པ་ཁོ་ནས་དེས་པ་ཉིད་ཀྱང་མ་ཡིན་ཏེ། མངོན་སུམ་དེའི་ཡུལ་ཅན་མ་ཡིན་པ་ཡང་དེ་ལྟར་གྱུར་པ་རྟོགས་ཕྱིར་རོ། །སྒྲུབ་པ་དང ་དགག་བ་དག་ནི་བློ་ལ་མ་ཡིན་ཞིང། གཟུང་བའི་རྣམ་པ་མ་ཡིན་ལ། སྒྲོ་བཏགས་པའི་རང་བཞིན་ལ་ཡང་མ་ཡིན་ཏེ། ཐམས་ཅད་རང་གི་རང་བཞིན་དུ་ཡོད་པར་མི་འཁྲུལ་བས་བསྒྲུབ་པ་དོན་མེད་པའི་ཕྱིར་དང། དགག་པ ་ལ་དགག་པ་འགལ་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་འབྲེལ་པ་ཡིན། འདི་ལྟར་འཁྲུལ་པ་མི་བསླུ་གནོད་པ་ལས། ཕྱི་རོལ་ཡོད་དང་མེད་པར་ནི། །རྟོགས་བྱེད་ཞན་མིན་དེ་སྤངས་ནས། །ཐ་དད་མེད་པར་རིག་ཕྱིར་རོ།། ་དོན་དུ་སྣང་བ་སྐྱེད་པ་དེར་ཐེ་ཚོམ་ཟ་བ་མི་བསླུ་བ་དམིགས་པ་ལས་དེ་བཞིན་དུ་རྟོགས་ཏེ། དེར་སྣང་བ་དང་པོ་ཉིད་དུ་གྲུབ་པ་ལ་ཅི་འདི་ཅི་ལྟར་སྣང་བ་དེ་ཁོ་ན་ལྟར་ཡིན་ནམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་ཐེ་ཚོམ་ཟ་བ། མི ་བསླུ་བ་ལས་རྟོགས་ན་ཕྱི་རོལ་བསྒྲུབས་པར་འགྱུར་བ་འམ། གནོད་པ་བཀག་ན་ཕྱི་རོལ་ཉིད་བཀག་པར་འགྱུར་པ་ཡིན་ཏེ། དེ་ལྟར་རྟོགས་པ་ལ་རྩོད་པ་མེད་པའི་ཕྱིར་རོ། །ཡིད་བསླང་པ་མེད་པས་བུམ་པ་ཡོད་དོ། །བུམ་པ་མེད་དོ་ཞེས་བསྒྲུབ ་པ་དགག་པ་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་དེས་པ་ལ་བལྟོས་ནས་ཕྱི་རོལ་གྱི་མཐར་ཐུག་པ་ཉིད་དེ། སྒྲའི་དོན་རྣམ་པར་གསུམ་དང། ཚིག་གི་དོན་རྗེས་སུ་འབྲེལ་བ་ནི་སྔར་རྣམ་པར་ཕྱེ་བའི་ཕྱིར་རོ། །འདི་འགའ་ཞིག་ལ་རྣམ་པར་བཞག་ནས ་འགའ་ཞིག་ཏུ་སྒྲུབ་པ་འམ་འགོག་པ་ནི་མ་ཡིན་ཏེ། ཐ་དད་པར་རྟོགས་པ་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་བསྒྲུབ་ལ་དོན་རང་གི་།བདག་ཉིད་གནས་དངོས་རིག་པ་ལྟར། དགག་པའི་བློ་ལ་དགག་པ་ཡི། །དོན་དང་འབྲེལ་པར་འགྱུར་པ་མིན། ། ་བསྒྲུབ་པ་ལ་ནི་རང་གི་བདག་ཉིད་ལ་གནས་པའི་དོན་བསྒྲུབ་བཞིན་པའི་ཆོས་དང་འབྲེལ་པར་རྟོགས་པ་ཡིན་ཏེ། རྟོགས་པ་བ་ལང་སྔོན་པོའི་བདག་ཉིད་དུ་རིག་པ་བཞིན་ནོ། །མེད་དོ་བྱ་བ་ནི་བུམ་པའི་བདག་ཉིད་རྣམ་པར་གནས་པ་ཉིད་དགག་པའི ་དོན་དང་འབྲེལ་པ་མ་ཡིན་གྱི། འོན་ཀྱང་དེའི་བདག་ཉིད་ལྡོག་པ་རྟོགས་པ་ཉིད་འདིའི་དགག་པ་རྟོགས་པ་ཡིན་ནོ། །མེད་པའི་དོན་ནོ་ལྡོག་པ་ཡིན་ལ་དེ་ཡང་བུམ་པའི་སྒྲ་སྦྱར་པ་མེད་ན་ཡུལ་མེད་པར་འགྱུར་བའི་ཕྱིར་དེ་སྦྱར་བས་བུམ་པ ་མེད་པར་རྟོགས་པ་ཡིན་ནོ། །དེ་བས་ན་གལ་ཏེ་བུམ་པ་ཡིན་ན་ཇི་ལྟར་མེད་ཅེས་བྱ་བ་འགལ་བར་མི་འགྱུར། །མེད་པ་ལ་སྒྲ་སྦྱོར་པ་ཡང་སྒྲ་རྣམས་དོན་ཡོད་པ་ལ་མི་བལྟོས་པ་ཉིད་ཀྱིས་མི་འགལ་ལོ། །དེས་ན་འདི་འབྲེལ་པ་མེད་པའི་ཕྱིར ་ཇི་སྐད་བཤད་པའི་ལམ་གཟུང་བ་ཉིད་རིགས་སོ། །མཁས་རློམ་བས་ཀྱང་གང་ལ་ཇི་བཞིན་བློ་མ་རྙེད། །རབ་བརྟགས་ཆགས་ལའང་གསལ་འཛིན་རྨོངས་པས་ཕོངས་གྱུར་པ། །མུ་སྟེགས་ལྟ་ངན་རྒྱ་ཆེར་འཇོམས་པའི་གཞན་སེལ་འདི།། ་ཇི་བཞིན་གཏན་ལ་མཁས་རྣམས་དཔྱོད་པར་མི་བྱེད་དམ། །གཞན་སེལ་པ་གྲུབ་པ། དགེ་བསྙེན་དམ་པ། མཁས་པ་ཆེན་པོ་བྲམ་ཟེ་ཤ་ཀི་ར་ནནདས་མཛད་པ་རྫོགས་སོ།། །།གྲོང་ཁྱེར་དཔེ་མེད་དུ།? ་ཁ་ཆེའི་པཎྜི་ཏ་མ་ན་རེ?་ཐེ་དང། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་པའོ། །བསྒྱུར་དཔེ་ལ་གཏུགས།། །།འགྲེལ་པ་གྲུབ་པ་ཤད་རཱ་ནནདས། །རྒྱ་གར་སྐད་དུ། པྲ་ཏི་བནདྷ་སིདྡྷི། བོད་སྐད་དུ། འབྲེལ་པ ་