CLOSE WINDOW

N4536: dbang phyug 'jig pa'i tshig le'ur byas pa
Wyliee-texts based on the ACIP/ALL Input

དེ་ཕྱིར་སྒྲ་ནི་དངོས་པོ་མི་སྨྲ་ཡིན། །གཞན་སེལ་བརྟགས་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།*།དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ་དགེ་སྲུངས་གཞུགས་སོ།། ་རྒྱ་གར་སྐད་དུ། ཨའི་ཤྭ་ར་ཤཱཾ་ག་ཀཱ་རི་ཀཱ། དོན་སྐད་དུ། དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གིས་ཡང་དག་མཁྱེན་གྱུར་ཅིང། །སེམས་ཅན་རྣམས་ལ་སྟོན་བྱེད་པ། །འགྲོ་མགོན ་དེ་ལ་ཕྱག་འཚལ་ཏེ། །ཡང་དག་གཏན་ལ་དབབ་པར་བྱ། །ལས་དང་ཉོན་མོངས་ལས་སྐྱེ་ཤིང། །སྐད་ཅིག་མ་དང་དེ་བདག་མེད། །ཐམས་ཅད་མཁྱེན་དང་འདོད་ཆགས་བྲལ། །བསྡུས་ཏེ་འདིར་ནི་བརྗོད་པར་བྱ། །གླེན་བློ་གང་ཞིག་འདི་དག་ཀུན། །དབང་ཕྱུག་གོས་ནི་བྱས ་སོ་ཞེས། །སྨྲ་བ་དེ་ཡང་མི་ཤེས་པ། །གཞོམ་ཕྱིར་འཁོར་དུ་གསལ་བར་བརྗོད། །ལུས་དང་དབང་པོས་ལ་སོགས། །ཐམས་ཅད་དབང་ཕྱུག་གིས་མ་བྱས། །ལུས་འབྲས་རྟོགས་པ་ཐ་དང་ཕྱིར། །དཔེར་ན་རྒྱུ་ལས་སྐྱེས་མཐོང་བཞིན། །དེ་ཡང་དབང་ཕྱུག་བསྐྱེད ་བྱ་ན། །བློ་ལྡན་སྐྱེ་ལས་གྲུབ་འགྱུར་ཏེ། །ཇི་ལྟར་བུམ་པ་དེ་བཞིན་དུ། །གཞན་ཞེས་གཏན་དུ་བརྗོད་མི་བྱ། །བྱེད་པ་ལ་སོགས་རྟགས་པ་ཡི། །རྒྱུ་ལས་སྐྱེས་བ་མ་ཡིན་ཏེ། །རིམ་འཇུག་ཕྱིར་ན་དཔེ་བློ་བཞིན། །བདག་དང་དབང་ཕྱུག་སེལ་བར་བལྟ། །གལ་ཏེ་དེ་ཡང་དབང ་ཕྱུག་ལས། །ལོག་པའི་ཤེས་པ་ཟློག་པའི་ཕྱིར། །བསྟན་བཅོས་རྩོམ་པ་དོན་མེད་དེའི། །རྒྱུ་ཡོད་པ་ལས་སྐྱེ་ཕྱིར་རོ། །དངོས་པོ་དབྱངས་དང་ལྡན་པ་རྣམས། །བློ་དང་ལྡན་པས་བྱས་འགྲུབ་པ། །དེ་ཡང་ཆོས་ཀྱི་ཁྱད་པར་ལས། །ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཡིན། །ལུས ་སོགས་དབྱིབས་དང་ལྡན་པའི་ཕྱིར། །མི་རྟག་དུ་མས་བསྐྱེད་བྱ་བ། །གཟུང་སྟེ་དཔེར་ན་ཁྱིམ་སོགས་བདེ་བཞིན་དུ་ནི་མཐོང་ཕྱིར་རོ། །བློ་དང་ལྡན་པའི་རྒྱུ་ཅན་དུ། །འོན་ཏེ་སྤྱིར་ནི་སྒྲུབ་བྱེད་ན། །གྲུབ་པ་སྒྲུབ་སྟེ་གང་?་ཕྱིར། །ཐམས་ཅད་ལས་ལས་སྐྱེས་པར ་འདོད། །དངོས་རྣམས་བརྒྱན་པ་ཉིད་དོ་ཞེས། །གཏན་ཚིགས་ཡོངས་སུ་བསྒྲགས་པ་གང། །དེ་ཡང་མ་གྲུབ་དངོས་པོ་ཀུན། །དེ་ཡི་ངོ་བོར་འབྱུང་ཕྱིར་རོ། །གང་ཕྱིར་ཐ་དད་གྲུབ་དངོས་རྣམས། །བཀོད་པ་བརྒྱན་པ་ཞེས་?། ?ཡང་མིག་ལ་སོགས་རྣམས་ལ ་ཁྱིམ་ལ་སོགས་བཞིན་མི་སྣང་ངོ། །དབང་ཕྱུག་འདོད་པའི་དངོས་པོ་དེས། །དབང་སོགས་ཡོན་ཏན་མི་ལྡན་ཏོ། །མི་སྐྱེ་བ་དང་མི་འཇིག་བཞིན། །ཁྱབ་ཕྱིར་ནམ་མཁའ་ཨི་བདག་ཉིད་བཞིན། །རྒྱུ་ལྡན་ཕྱིར་ན་གཞན་གྱིས་བསྐྱེད། །དཔེར་ན་བུམ་བ་ལ་སོགས་བཞིན། །རི་བོང་རྭ་ནི་མ་སྐྱེས་ལ ་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །དགོས་པ་མེད་པར་བྱེད་པ་ནི། །སྨྱོན་པ་རྣམས་དང་མཚུངས་པར་འགྱུར། །འོན་ཏེ་དགོས་པའི་ཕྱིར་ཡིན་ན། །དེ་ལ་དབང་ཕྱུག་ཡོད་མི་འགྱུར། །གལ་ཏེ་དབང་ཕྱུག་གཞན་དག་དང། །ལས་ལ་བལྟོས་བ་ཡིན་ན་ནི། །དེ་ལ་བལྟོས་ན་དེ་ལ་ནི། །དད་པ ་ཁོ་ནས་དམིགས་པར་ཁྲད། །གལ་ཏེ་ལུས་སོགས་གཟུགས་ཡིན་ན། །ཐམས་ཅད་བྱེད་པ་མ་ཡིན་ཏེ། །ལུས་ལྡན་དབང་པོ་ལྡན་པའི་ཕྱིར། །བྱེད་ཕྱིར་དེ་ལས་གཞན་པ་བཞིན། །ཇི་སྐད་བཤད་པའི་གཏན་ཚིགས་ལས། །དབང་ཕྱུག་སྐྱེ་དང་ལྡན་པ་དང། །འཇིག་དང་ཁྱབ་པ ་ཉིད་དུ་ནི། །རྣམ་པ་ཀུན་ཏུ་ཐལ་བར་འགྱུར། །དབང་ཕྱུག་འདོད་པས་བྱེད་པོ་ན། །ལ་ལར་ཀུན་ཏུ་ཅི་ཕྱིར་མིན། །ཡོན་ཏན་སྐྱོན་དག་རྣམ་དཔྱད་ནས། །ལ་ལར་འདོད་པ་རབ་འཇུག་གོ། །ཡོན་ཏན་སྐྱོན་སྐྱེ་གང་ཡིན་པ། །དབང་ཕྱུག་སྔོན་དུ་འགྲོ་ཡིན་ན། །དེས་ན་དེ་དག་ཐམས ་ཅད་དུ། །སྐྱེ་བ་ཉིད་དུ་ཐལ་བར་འགྱུར། །དེ་ཙམ་ལས་ནི་སྐྱེ་བའི་ཕྱིར། །འདོད་བ་ཅིག་ཅར་སྐྱེ་བར་འགྱུར་།སྔར་སྐྱེས་མ་ཡིན་གང་ཡིན་ཏེ། །ཕྱིས་ནི་ཇི་ལྟར་སྐྱེ་བར་འགྱུར། །འོན་ཏེ་ཤེས་པའི་ངོ་བོ་ནི། །དབང་པོ་མེད་པར་ག་ལ་ཞིག་མ་སྤྲུལ་པ་ཡི་སྔོན་རོལ་དུ། །ཤེས་བྱ་མེད ་བར་ཇི་ལྟར་ཤེས། །འོན་ཏེ་མི་གསལ་རང་བཞིན་ན། །རང་དབང་ཅན་དུ་ཇི་ལྟར་མངོན། །འདོད་པ་སྐྱེ་བའི་རྒྱུ་ཙམ?་སྟེ། །དཔེར་ན་ཆུ་ལ་སོགས་བཞིན་ན། །རྒྱུ་ཡིན་ན་ཡང་རྟག་པ་དང། །ངོ་བོ་གཅིག་ཏུ་རྣམ་གནས་ཕྱིར། །དངོས་པོ་རྣམས་ནི་ཐམས་ཅད་དུ། །རྟག་ཏུ་སྐྱེ་བ་ཉིད ་དུ་འགྱུར། །རིགས་པའི་ལམ་གྱིས་རྫས་འབྲངས་པའི། །མཁས་པའི་ཚུལ་ནི་འདི་ཉིད་ཀྱིས། །ཁྱབ་འཇུག་ཚངས་པ་ལ་སོགས་པའང། གསལ་བར་ཁོང་དུ་ཆུད་པར་བྱ། །དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ། སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས།། །། ་