| Wylie | e-texts based on the ACIP/ALL Input |
`། །རྣལ་འབྱོར་ལ་འཇུག་པའི་མན་ངག་ཆོས་ཀྱི་དབང་པོས་མཛད་པ་བཞུགས་སོ།། །།རྣལ་འབྱོར་ལ་འཇུག་པའི་མན་ངག་།རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ད་ནི་ཐེག་པ་ཆེན་པོ ་ལ་ལྷག་པར་མོས་པའི་དད་པ་ཅན་རིགས་ཀྱི་བུས་གསོལ་བ་བཏབ་པ་དག་ལ་སྤྲོ་བ་བསྐྱེད་ཅིང་ཐར་པ་མ་ལུས་པ་འདོད་པ་ལ། སྔར་བཤད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་རྟོགས་པར་བྱ་བའི་ཐབས་ཉེ་བར་བསྟན་པས། བདག་དང་གཞན ་གྱི་དོན་རབ་ཏུ་འགྲུབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཚུལ་རྗེས་སུ་དྲན་ནས། དེ་བསྟན་པའི་མན་ངག་བསྒོམ་པའི་རིམ་པའི་ཆོག་འདིར་ཅུང་ཟད་ཅིག་བཤད་པར་བྱའོ། །ཐེག་པ་ཆེན་པོར་ཇི་སྐད་དུ་བཤད་པའི་ཡེ་ཤེས་མངོན་པར་རྟོགས་པར ་འདོད་པས། དད་པ་དང་ལུས་པ་དང་ལྡན་པས། དེའི་ཚུལ་ལས་བཤད་པའི་ཆོ་གའི་རིམ་པ་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་བཏབ་སྟེ། དེའི་དྲིན་གྱི་ཐོབ་པའི་ལུང་གི་བླ་ན་མེད་པའི་ཡེ་ཤེས་ཀྱི་ཐབས་ཀྱི་མན་ངག་གི་རྣལ་འབྱོར ་བསྒོམས་པ་བརྩམ་པར་བྱའོ། །དེ་ལ་དང་བོ་རེ་ཞིག་བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་སུ། །དོན་དམ་དེ་བཞིན་ཉིད་ནི་ངེས་བྱས་ལ། །དང་ལྡན་དེ་ནི་འཇམ་པའི་སྟན་གནས་ཏེ། །བློ་དང་ལྡན་པས་རྣལ་འབྱོར་བརྩོན་པར་བྱ། །གཟུང་དང་འཛིན ་དང་གཉིས་ཀ་གཉིས་མིན་དང། །བདག་དང་གཞན་དང་མྱ་ངན་འདས་པ་དང། །འཁོར་བཞེས་བྱའི་རྣམ་རྟོག་མང་པོ་ནི། །རབ་ཏུ་བཏང་ལ་ཡིད་ནི་མཉམ་པར་བ་ཞག་།སྒྱུ་མ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། ཤེས་བྱ་མ་ལུས་རྣམ་པར་བལྟས་ནས་སུ། ། ་དེ་བཞིན་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཡི། །ལུས་ཀྱི་འཁྲུལ་འཁོར་རབ་ཏུ་གཞིག་པར་བྱ། །རྣམ་པ་ཐམས་ཅད་དུ་ནི་རབ་མཛེས་ལ། །ཐོག་དང་ཐ་མའི་ཆ་བྲལ་རྣམས་མི་རྟོག་།དྲི་མ་མེད་པའི་འོག་ཟེར་སྟོང་གིས་ནི། །མུན་པ་ངེས་གསལ་མཁའ་དང་མཚུངས ་པ་ཡིན། །རང་གི་རྣམ་བ་ཙམ་གྱི་ངོ་བོ་རུ། །གཟོད་ནས་སྐྱེ་བ་མེད་པའི་རང་སེམས་མཐོང། །གང་གིས་ཀྱང་ནི་དེ་མཐོང་གྱུར་པ་དག་།དེ་ཡང་དེ་བཞིན་དུ་ནི་ལྟ་བར་བྱ། །དམིགས་པ་མེད་དང་བཅས་པའི་སེམས་ཉིད་ནི། །དེ་བཞིན་ཉིད་དང་ཡང་དག ་མཛའ་རུ་བཤད། །དེ་ལྟར་རིམ་གྱིས་བསླབ་པར་གྱུར་པ་ལ། །མིང་དུ་འདུ་ཤེས་འགོག་པ་ཐོབ་པར་འགྱུར། །དེ་ལས་ཡང་དག་རེག་པར་སྦྱོར་བ་ལས། །འབད་པ་མེད་པར་མངོན་ཤེས་ལྔ་ལྡན་འགྱུར། །དེ་དང་མངོན་པར་ལྡན་པའི་རྣལ་འབྱོར་པ། ། ་འགྲོ་བའི་དོན་ནི་དཔག་ཏུ་མེད་པ་བྱེད། །འདི་ནི་ཡོངས་སུ་རྫོགས་པའི་རྣལ་འབོར་པ། །ཤིན་ཏུ་ཡུན་རིང་དུས་སུ་གནས་པར་འགྱུར། །ལུས་ནི་རྡོ་རྗེ་ལྟ་བུར་མི་ཤིགས་ཤིང། །ཉོན་མོངས་བདུད་ལ་སོགས་པས་གཡོ་མི་འགྱུར། །ཤེས་རབ་ཕ་རོལ ་ཕྱིན་པ་ཞེས་བྱ་ཡི། །རྣལ་འབྱོར་འདི་དང་རྟག་ཏུ་རབ་ལྡན་པ། ནམ་མཁའ་མཛད་ལ་སོགས་པའི་ཏིང་ངེ་འཛིན། །མང་པོ་རྣམས་ནི་ཡང་དག་རྫོགས་པར་འགྱུར། །འདི་ལྟར་ཟབ་མོའི་དོན་གང་ཅི་ཡང་རུང་བ་རྟོགས་པར་དཀའ་བ་དེ་ནི་བླ་མའི་ཞལ་ནས་ཆོ་ག ་ཇི་ལྟ་བ་བཞིན་དུ་བཤད་པ་བཟུང་བར་བྱའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་གང་ལ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སྤྱད་པ་སྤྱོད་དོ། །ཇི་སྐད་དུ་བཤད་པའི་རིམ་པའི་ཚོགས་སེམས་ཅན་ཐམས་ཅད་གདན་པར་བྱ་པའི་ཕྱིར། ་སེམས་བསྐྱེད་ནས་བླ་ན་མེད་པའི་ཡེ་ཤེས་ཀྱིས། མན་ངག་གི་རྣལ་འབྱོར་བརྩམས་ནས། བརྩོན་འགྲུས་འབར་བ་དང་ལྡན་པས་བསླབས་པའི་སྟོབས་དང་ལྡན་པ་དེ་ནི་རིང་པོ་མི་ཐོགས་བར་ཚེ་ཉིད་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཐོབ་པར ་འགྱུར་རོ། །གང་ཡང་ཇི་སྐད་དུ་བཤད་པའི་ཆོག་མེད་པར་གླེགས་བམ་ལ་བརྟེན་པ་ཙམ་གྱིས་འཇུག་པ་དེ་དག་ནི། ཇི་སྐད་དུ་བཤད་པའི་དངོས་གྲུབ་ལ་རྒྱབ་ཀྱི་ཕྱོགས་པར་འགྱུར་ཞིང། སྡུག་བསྔལ་བ་དང་ཡིད་མི་བདེ་བ ་སྣ་ཚོགས་འབྱུང་བར་འགྱུར་རོ་ཞེས་ཟབ་མོའི་ཚུལ་ལས་དེ་བཞིན་གཤེགས་པས་གསུངས་སོ། །རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་བ་རྫོག་སྟོ།། །།རྒྱ་གར་གྱི་མཁན་པེ་ཚ་རཏན་དང ་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་དག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །དེ་ལྟར ་