| Wylie | e-texts based on the ACIP/ALL Input |
གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཅིང། །གཞན་གྱི་དོན་ལ་ངེས་བརྟན་པ། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །འཇམ་པའི་དཔལ་ལ་བདག་ཕྱག་འཚལ། །ལས་གྲུབ་རབ་ཏུ་བྱེད་པ་ནི། །མདོར་བཤད་འདོད ་པ་གང་ཡིན་པ། །དེ་དག་དགའ་བར་བྱ་བའི་ཕྱིར། །མདོར་ན་དེ་ཡི་བཤད་པར་བྱ། །མདོ་ལ་ལས་རྣམས་ནི་གསུམ་སྟེ། ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ། རབ་ཏུ་བྱེད་པ་དགོས་པ་དང་བཅས་པ་བཤད་པ་ནི་རིགས་མོད། །འདི་ལ་ནི ་དགོས་པ་མེད་དེ། དེའི་ཕྱིར་རེ་ཤིག་རྟོག་པ་སྔོན་དུ་གཏོང་པ་ཅན་གྱིས་དེ་བརྩམ་པ་ཉིད་ཀྱང་མི་རུང་ན། དེ་བཤད་པ་ལྟ་ལོག་པར་ག་ལ་འགྱུར། འདི་ལ་སྦྱོར་བ་ཡང་ཡོད་དེ། རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་ནི་དགོས་པ་མེད་པ་གང་ཡིན་དེ་བརྩམ་བར་མི་བྱ ་སྟེ། དཔེར་ན་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་ལྟ་བུ་ཡིན་ལ། རབ་ཏུ་བྱེད་པ་འདི་ཡང་དགོས་པ་མེད་པ་ཡིན་པས་ཁྱད་པར་བྱེད་པ་མི་དམིགས་པ་སྟེ། དེ་བརྩམ་པ་ལ་དགོས་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དེ་ལྟར་རབ་ཏུ་བྱེད་པ་ལ ་གཞན་གྱིས་བརྒལ་བ་དང། འདིར་བཤད་པ་དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་མ་གྲུབ་བོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལ་ལུས་ལ་སོཌ་པའི་ལས་གསུཾ་ལས་གསུམ་གྱི་རང་བཞིན་ཕྱིན་ཅི་མ་ལོག་པར་གཟུང་བ་ཞེས་བྱ་བའི ་དགོངས་པ་ཡོད་དོ། །དེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་གཞན་ཐམས་ཅད་ཀྱིས་ལོག་པར་རྟོག་པའི་ཕྱིར་ཏེ། དེའི་ཕྱིར་ཤེས་བྱ་ནང་གིས་ཡིན་པར་སྨྲ་བས་དེའི་ལུགས་དགག་བ་དང། །རང་གིས་བསམ་པ་བསྟན་པའི་སྒོ་ནས་རབ་ཏུ ་བྱེད་པ་འདིས་བསྒྲུབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་ལས་ལས་རྣམས་ནི་གསུམ་སྟེ་ཞེས་གསུངས་པ་དགོས་པ་ནི་རྩོད་པའི་གནས་ཡིན་པའི་ཕྱིར་ཕ་རོལ་གྱི་ལུགས་བསལ་བས། རང་གི་ངོ་བོ་ཕྱིན་ཅི་ལོག་པར་བསྟན་པར་བྱ་བའི ་ཕྱིར་རོ། །དེ་ལ་རེ་ཤིག་དེ་ལ་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས། ཕ་རོལ་གྱི་ལུགས་དགེས་པ་མཛད་དེ། དེའི་ལུགས་དམིགས་ཀྱི་དཀར་ཏེ་ཕྱོགས་རེ་རེ་ནས་སུན་ཕྱུང་བས་ནི་ཕྱོགས་རང་གིས་ཕྱོགས་བདེ་བླག་ཏུ་ཁོང་དུ་ཆུད་པར ་ནུས་པའི་ཕྱིར་རོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ཡིན་པར་རིག་པར་བྱ་སྟེ། རང་གི་བླ་མ་རྒྱུད་པ་ལས་བཤད་པ་འོངས་པས་བསླུས་པ་དེ་དག་ནི་འདི་སྐད་དུ་ལུས་ཀྱིས་བྱས་པའི་ལས་ནི་ལུས་ཀྱི་ལས་ཡིན་པ་ཞེས་བྱ་བ་ལ་སོགས་པ་ཟེར་ཏེ། ལས ་གསུམ་པོ་དག་གི་བསྡུ་བ་ནི་གཞན་དང་གཞན་དུ་རིག་པར་བྱའོ། །ལུས་ཀྱི་བྱས་པའི་ལས་ནི་ལུས་ཀྱི་ལས་ཞེས་བྱ་བའི་ཚིག་བསྡུ་བ་ནི་གསུམ་པ་ཡིན་ཏེ། ལུས་ལ་བརྟེན་ནས་ཞེས་བྱ་བར་བསམས་པ་ཡིན་ཏེ། དེ་ནི་བྱ་བའི་རང་བཞིན་མ ་ཡིན་པའི་ཕྱིར་རོ། །དག་ཉིད་ནི་དག་གིས་ལས་ཡིན་ཏེ་ཞེས་བྱ་བའི་ཚིག་བསྡུ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། དབྱངས་ནི་དག་ཡིན་ནོ་ཞེས་འབྱུང་བས་དེ་ནི་བྱ་བའི་རང་བཞིན་པའི་ཕྱིར་རོ། །སོ་སོར་ཞེས་བྱ་བ་ནི་རེ་རེ་ཞིང་ཞེས་བྱ་བའི་དོན་ཏོ། །གཉིས ་པ་ཡང་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །རྣམ་པར་རིག་བྱེད་དང། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་དེ་ལ། རྣམ་པར་རིག་བྱེད་པས་ན་རྣམ་པར་བྱེད་དེ། ཐ་སྙད་རྟོགས་པ་གཞན་གྱི་ནང་ན་ཡོད་པའི་བསམ་པ་སྟོན་པར་བྱེད་པ་ཞེས་བྱ ་བའི་དོན་ཏོ། །རྣམ་པར་རིག་བྱེད་བཞིན་དུ་གཟུགས་དང་བྱ་བའི་རང་བཞིན་ཡིན་དུ་ཟིན་ཀྱང། གཞན་དག་ལ་རྣམ་པར་རིག་པར་མི་བྱེད་པས་ན་རིག་བྱེད་མ་ཡིན་པའོ། །ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཏ5ེ་ཞེས་བྱ་བ་འདིར་ཡང ་ཚིག་བསྡུ་བ་ནི་གསུམ་པ་ཡིན་ནོ། །ཡིད་ནི་བྱ་བའི་རང་བཞིན་མ་ཡིན་པའི་ཕྱིར། ལས་ཉིད་དུ་མི་སྲིད་པས་དེ་དང་མཚུངས་པར་ལྡན་པའི་སེམས་པ་ནི་ལས་སོ། །དེ་ལ་འདིར་ནི་སྤྱད་པར་བྱ་སྟེ་ཞེས་བྱ་བ་ནི་སློབ་དཔོན་གྱི་དྲི་བ་གློང་བར་མཛད་པ་སྟེ། ་དེའི་ཕྱོགས་བསྟན་ལ་ཕབ་ནས་ཕྱིས་སུན་དབྱུང་བའི་ཕྱིར་རོ། །རེ་ཞིག་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་བྱ་བ་ལ་སོགས་པར་རྒྱ་ཆེར་འབྱུང་བས་ནི་བྱེ་བྲག་ཏུ་སྨྲ་བ་དག་རང་གི་ཕྱོགས་རྣམ་པར་འཇོག་པར་བྱེད་དོ། །རེ་ཞིག་ལུས་ཀྱི་རྣམ ་པར་རིག་བྱེད་ཅེས་བྱ་བ་ལ། རེ་ཞིག་གི་སྒྲས་ནི་རྣམ་པར་རིག་བྱེད་ཅིག་ཤོས་རྣམ་པར་གཅོད་པར་མཛད་དོ། །དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ལ། དེའི་སྒྲས་ནི་དབྱིབས་ལ་སྙེགས་སོ། །གང་ལ་ལག་པ་ལ ་སོགས་པ་དབྱིབས་ཀྱི་དམིགས་པ་ཡོད་པ་དེ་ནི་དེ་ལ་དམིགས་པའོ། །དེ་ནི་དེ་ལ་དམིགས་པ་ཡང་ཡིན་ལ་སེམས་ཀྱང་ཡིན་པས་དེ་ལ་དམིགས་པའི་སེམས་ཏེ། འཇུག་པར་བྱེད་པའི་སེམས་སོ། །དེ་ལས་སྐྱེས་པས་ན་དེ་ལ་དམིགས་པའི ་སེམས་ལས་སྐྱེས་པ་ཡིན་ཏེ། དེ་ཅི་ཞེ་ན། དབྱིབས་ཀྱི་རྣམ་པར་རིག་བྱེད་དོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་ཀུན་ནས་སློང་བར་བྱེད་པའི་སེམས་གང་ཡིན་པ་དེའི་དམིགས་པ་ནི་མ་འོངས་པའི་ལུས ་ཀྱི་ལས་རྣམ་པར་རིག་བྱེད་ཅེས་བྱ་བའི་དབྱིབས་ཡིན་ཏེ། དེའི་ཕྱིར་སེམས་དེ་ལྟ་བུས་ཀུན་བསླང་བའི་རྣམ་པར་རིག་བྱེད་ནི་དེ་ལས་སྐྱེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཞེས་བྱ་བ་ནི་རྒོལ་བར་བྱེད་པ་ཡིན་ཏེ། འདི་ཡང་གཡཱ? ་གཡོན་འདུག་ཨ་འགའ་ཞིག་ཡིན་གྱི། སློབ་དཔོན་ནི་མ་ཡིན་ནོ། །ལུས་ཀྱི་ཡིན་ནོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་གོ། གལ་ཏེ་ལུས་ཀྱི་ཡིན་ན་ཞེས་བྱ་བ་ནི་རྒོལ་བར་བྱེད་པ་ཡིན་ཏེ། དེའི་བསམ་པ་ནི་རྣམ་པར་དབྱེ་བ་གང་ཡང་རུང ་བ་ཞིག་བསྟན་པས་དོན་རྟོག་པའི་ཕྱིར་དེ་ལས་གཞན་པའི་སྒྲུབ་པ་མེད་པའི་ཕྱིར་ཇི་ལྟར་ན་དེ་ལུས་ཀྱིས་བྱས་པའི་ལས་ཞེས་བྱ་ཞེས་སྨོས་ནས་ལུས་ཀྱི་ཞེས་བྱ་སྟེ། ཐ་སྙད་གཉི་ག་ཡང་མེད་པ་ཞེས་བྱ་བ་འདི་ཡིན་ནོ། །ལུས་ཞེས་བྱ ་བ་སྤྱིའི་ཡན་ལག་ཏུ་གྱུར་པའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་བྱེ་བྲག་ཏུ་སྨྲ་བ་པ་དག་ཐ་སྙད་གཉི་ག་གཞུང་འཛུགས་པར་བྱེད་པ་ཡིན་ནོ། །ལུས་ནི་འབྱུང་བ་དང། འབྱུང་བ་ལས་གྱུར་པ་འདུས་པ་སྟེ་ཁོག་པ་རིལ་ལ་བྱ ་ལ?། ལས་ནི་ལག་པ་ལ་སོགས་པ་ཉེ་ཚེ་ལ་ཡོད་པ་མ་ཡིན་ནམ། ཇི་ལྟར་ལུས་ཀྱི་འམ། ལུས་ཀྱིས་ཞེས་བྱ་ཞེས་བྱ་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་འདི་སེམས་ལ་བསྡོགས་ནས་སྤྱི་དག་ལ་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཞེས་བྱ་བ་ཅི་དགོས་ཤེ་ན་ཞེས་བྱ་བ་ན་འདིར་འདྲི་བ་པོ་དེའི་བསམ་པ་ནི་སེམས་ལས་བྱུང་བའི་ཕྱིར་རོ། །སེམས་ལས་སྐྱེས་པ་ཞེས་བྱ་བའི་རིགས་ནི་ཅིའི་ཕྱིར་དེ་ལ་དམིགས་པའི་ཞེས་སྨོས ་པ་བྱས་ཞེས་བྱ་བ་འདི་ཡིན་ནོ། །བརྒལ་ཞིང་བརྟག་པ་དེ་ལ་བྱེ་བྲག་ཏུ་སྨྲ་བ་བ་རྣམས་ཀྱི་སྨྲ་བ་ན་མཆུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ལན་བཏབ་པ་ཡིན་ཏེ། དེ་ནི་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ཏེ་ཞེས་བྱ་བ་ནི ་མཆུ་ལ་སོགས་པའི་དབྱིབས་ནི་དབྱིབས་ལ་དམིགས་པ་སེམས་ལས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཆུ་ལ་སོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་འབྱེད་པ་དང་འཛུམས་པ་ལ་སོགས་པ་གཟུང་ངོ། །ཅིའི་ཕྱིར་མ་ཡིན་ཞེ ་ན། དེའི་ཕྱིར་ཚིག་ལ་དམིགས་པའི་སེམས་ལས་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་སྨྲ་བར་བྱེད་པ་ནི་འདི་ལ་ཚིག་འདིས་བརྗོད་པར་འདོད་པའི་དོན་འདི་ཁོང་དུ་ཆུང་བར་བྱའོ་ཞེས་ཚིག་ལ་དམིགས་ནས་ཚིག ་གཅིག་ཏུ་འདོན་པར་བྱེད་དོ། །དེའི་ཕྱིར་ཚིག་ལ་དམིགས་པའི་སེམས་ལས་སྐྱེས་པ་ཉིད་ཡིན་པས་མཆུ་ལ་སོགས་པའི་དབྱིབས་ནི་དབྱིབས་ལ་དམིགས་པའི་སེམས་ལས་སྐྱེས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྔོན་གྱི་སྨོན་ལམ ་གྱི་སེམས་ལས་སྐྱེས་པ་ཡོང་གྱུར་ན་མི་རུང་བ་སྟེ་ཞེས་བྱ་བ་ནི་དག་གི་མཚུ་བ་ནི་པ་ལྟར་དམར་བ་ལ་སོགས་པ་དེ་དག་དེ་ལྟར་གྱུར་ཅིག་ཅེས་སྔོན་སྨོན་ལམ་བཏབ་པ་གནག་ཡིན་པ་དེའི་སེམས་ལས་སྐྱེས་པ་ཡང་དེར་གྱུར་ན་མི་རུང་ངོ ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྨིན་པའི་རྒྱུའི་སེམས་གཞན་ལས་ཀྱང་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་གཞན་སྔོན་གྱི་རྣམ་པར་སྨིན་པའི་རྒྱུར་གྱུར་པ་དགེ་བའི་སེམས་གང་ཡིན་པ་རྒྱུར་གྱུར་པའི་ཁྱད་པར་ཐོབ ་པ་དེ་ལས་ཀྱང་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་དེ་ལ་དམིགས་པའི་སེམས་ལས་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བའི་འབྲས་བུ་ཅན་དུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་དེ་རྣམ་པར་རིག་བྱེད་ཅེས་བྱ་ཞེ་ན་ཞེས་བྱ་བ་ནི་དྲི་བ ་ཡིན་ནོ། །ཕྱི་རོལ་བསྐྱོད་པའི་འགྱུར་བ་དག་གིས་ནི་ཞེས་བྱ་བ་ནི་སེམས་ལས་ཕྱི་རོལ་དུ་བསྐྱོད་པས་ཏེ་བྱུང་བའོ། །འགྱུར་བ་བདག་གིས་ནི་ཞེས་བྱ་བ་ནི་ལག་པ་ལ་སོགས་པའི་གཡོ་བ་དག་གིས་ཞེས་བྱ་བའི་དོན་ཏོ། །བསམ་བ་ཞེས ་བྱ་བ་ནི་སེམས་པའོ། །མཚོན་གནས་པའི་ཉ་ནི་རབ་ག་བ་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྟན་ཏོ། །ཚིགས་སུ་བཅད་པ་ལྷག་མའི་དོན་ནི་རྟོགས་པར་ཟད་དོ། །དེ་ལྟར་རྒྱ་ཆེར་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་མཚན་ཉིད ་རྣམ་པར་བཞག་པ་དང། སློབ་དཔོན་གྱིས་དེའི་མཚན་ཉིད་སུན་དབྱུང་བར་བཞེད་ནས། འོ་ན་དབྱིབས་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱིབས་ཤིག་གྲུབ་ན་ནི་དེའི་བདག་ཉིད་ཀྱིས་ལུས་ཀྱི་རྣམ་པར ་རིག་བྱེད་རྟོགས་པར་ནུས་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །འདི་ལྷ་སྟེ་རིང་པོར་ལ་སོགས་པའོ། །ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་གོ། །རིང་པོ་ལ་སོགས་པ་འདི་ཅི་ཡིན་ཞེས་གསུངས་པ་ནི་སློབ་དཔོན་སྟེ། ་འདི་ཡང་མ་གྲུབ་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་དཔེར་བརྗོད་ཅེས་བྱ་བར་དགོངས་པ་ཡིན་ནོ། །གང་ལས་རིང་པོ་འམ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ན་བྱེ་བྲག་ཏུ་སྨྲ་བ་པ་དག་སྟེ། རིང་པོ་ལ་སོགས་པ་ནི་མངོན་སུམ་གྱི་ཚད་མས ་གྲུབ་པ་ནི་འདི་ལ་ཅི་ཞིག་ཐེ་ཚོམ་ཟ་བར་འགྱུར། སྦྱོར་བ་ནི་མངོན་སུམ་གྱི་ཚད་མས་གྲུབ་པ་ཙམ་གང་ཡིན་པ་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་གཟུགས་ལྟ་བུ་ཡིན་ལ། རིན་པོ་ཆེ་ལ་སོགས་པ་ཡང་མངོན་སུམ་གྱི་ཚད་མས ་གྲུབ་པ་ཡིན་ནོ། །ཡོད་པ་ཉིད་ནི་མངོན་སུམ་གྱི་ཚད་མས་གྲུབ་པ་ཙམ་ཉིད་ཀྱིས་ཡོད་པ་ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ་སྙམ་དུ་སེམས་སོ། །སྐྱེ་མཆེད་གང་ཡིན་ཞེས་བྱ་བ་ནི་སློབ་དཔོན་གྱིས་རེ་ཞིག་དེའི་ཕྱོགས་ཁོ་ན་སུན ་དབྱུང་བའི་ཕྱིར་བསྟན་པར་མཛད་པ་སྟེ། གལ་ཏེ་དབྱིབས་དེ་རྫས་སུ་ཡོད་ན་སྐྱེ་མཆེད་བཅུ་གཉིས་དག་གིས་ནི་རྫས་ཐམས་ཅད་བསྡུས་པའི་ཕྱིར་དེ་སྐྱེ་མཆེད་གང་དུ་འདུས་ཞེས་བྱ་བར་དགོངས་པའོ། །གཟུགས་ཀྱི་སྐྱེ་མཆེད་དོ་ཞེས་ཟེར ་པ་ནི་བྱེ་བྲག་ཏུ་སྨྲ་བ་དག་སྟེ། འདི་ལྟར་གྲུབ་པའི་མཛའ་ལས་གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་དང་དབྱིབས་སོ་ཞེས་འབྱུང་བས་དེའི་ཕྱིར་སྐྱེ་མཆེད་དུ་འདུས་སོ། །ཅི་སྟེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་སློབ་དཔོན་དྲི་བ་གླིང་བར་མཛད ་པ་ཡིན་ནོ། །ཁ་དོག་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་གྲུབ་པ་ཁ་དོག་གི་རྡུལ་ཕྲ་རབ་རྫས་སུ་ཡོད་པ་ཆ་ཤས་སོ་སོ་དུ་མ་ནི་དེ་འདུས་པ་ལ་ཡང་ཐ་མི་དང་པར་འཇུག་པ་ཡིན་པར་འདོད་ན། ཅི་དབྱིབས ་ཀྱང་དེ་ལྟ་བུར་འདོད་དམ། འོན་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཡིན་ནམ་ཞེས་བྱ་བ་ནི་ཅི་སྟེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་གི་བདག་ཉིད་རྣམས་འདུས་པ་ཞིག་ཡིན་པར་འདོད་དམ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་ཁ་དོག་ལ་སོགས ་བ་འདུས་བ་ལ་ཁྱབ་བའི་རྫས་ཞེས་བྱ་བ་ནི་ཅི་དེ་བྱེ་བྲག་བ་རྣམས་ཀྱི་ཆ་ཤས་ཅན་བཞིན་དུ་དྲི་དང། རོ་དང། རེག་བྱའི་ཁ་དོག་ལ་ཁྱབ་པ་ཞིག་ཏུ་འདོད་དམ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་རྣམ་པ་ཐམས་ཅད་དུ་མི་འཐད་དེ། ་ཉེས་པ་རྣམ་པ་གསུམ་ཡོང་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གལ་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་གསུངས་ཏེ། འདི་སྐད་དུ་གལ་ཏེ་རྡུལ་ཕྲ་མོའི་བྱེ་བྲག་ལ་རིང་པོ་ལ་སོགས་པ་དེའི་བློ་སྐྱེ་བའི ་རྒྱུར་འདོད་ན། དེ་ལྟ་ན་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པ་དེའི་ཆ་ཤས་རེ་རེ་ལ་ཡང་སྔོན་པོ་ལ་སོགས་པའི་ཁ་དོག་གི་ཕྲ་རབ་ལས་མ་གཏོགས་པར་དབྱིབས་དེ་གཟུང་བར་འགྱུར་ཏེ། དཔེར་ན་ཁ་དོག་བཞིན་དུ་འགྱུར་བ་ཞིག་ན་དེ ་ལྟ་ཡང་མ་ཡིན་ནོ། །སྦྱོར་བ་ནི་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་གང་ཡིན་པ་དེ་ནི་མེད་པར་ཐ་སྙད་གདགས་པའི་ཡུལ་ཡིན་ཏེ། དཔེར་ན་བོང་བུའི་རྭ་ལྟ་བུ་ཡིན་ལ་རིང་པོ་ལ་སོགས་པའི་དབྱིབས་ཀྱང་ཁ་དོག་གི ་རྡུལ་ཕྲ་རབ་ལས་ལོགས་ཤིག་ན་མི་དམིགས་པས། རང་བཞིན་མི་དམིགས་པ་ཏེ། འདི་ལྟར་དེ་ལྟ་བུར་གྱུར་པ་ཡོད་པ་ལ་དམིགས་པས་ཁྱབ་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་ཕྱོགས་སྔ་མ་སྨྲ་བས་མངོན་སུམ་གྱི་ཚད་མས་གྲུབ་པའི ་ཕྱིར་རོ། ཞེས་གཏན་ཚིགས་སྦྱར་བ་དེ་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །གལ་ཏེ་འོ་ན་རིང་པོ་དང་ཐུང་དུ་ལ་སོགས་པ་ཇི་ལྟར་དམིགས་པར་འགྱུར་ཞེ་ན། མ་ཡིན་ཏེ། དེ་ནི་འོག་ནས་སྔོན་པོ་ལ་སོགས་པ་དེ་ལྟར་གནས་པ་དག་ཁོ་ནས ་རིང་པོ་ལ་སོགས་བའི་བློ་བསྐྱེད་དོ་ཞེས་སྒྲུབ་པའི་ཕྱིར་རོ། །འོན་ཏེ་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་ཅི་སྟེ་དབྱིབས་ཀྱི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ཞིག་ཏུ་འདོད་ན་ནི། རིང་པོ་དང་ཐུང་དུ་ལ ་སོགས་པར་མིང་བཏགས་པ་དབྱིབས་ཀྱི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་གང་གིས་ན་དབྱིབས་རྡུལ་ཕྲ་རབ་དམིགས་ཀྱི་མ་ཕྱེ་བའི་རང་བཞིན་དག་འདུས་པ་ལ་དབྱིབས་ཞེས་བྱ་བ་དེ་ཁ་དོག་གི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་འདུས་པ་ལས་ཁྱད་པར ་ཅི་ཡོད་དེ། དེ་བས་ན་སྔོན་པོ་ལ་སོགས་པ་དེ་དག་ཁོ་ན་འདུས་པའི་ཁྱད་པར་ལས་རིང་བ་ལ་སོགས་པར་འགྱུར་རེ་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ནོ། །འོན་ཏེ་ཁ་དོག་ལ་སོགས་པ་འདུས་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་གལ་ཏེ་དྲི་དང། རོ ་དང། རེག་བྱའི་ཁ་དོག་ལ་ཁྱབ་པ་གཅིག་བུ་ཞིག་དབྱིབས་སུ་འདོད་ན། དེ་གཅིག་པུ་ཉིད་ཡིན་པའི་ཕྱིར་དང་ཆ་ཤས་མེད་པའི་ཕྱིར་ཀ་པ་ལ་སོགས་པའི་ཆ་ཤས་རེ་རེ་ལ་ཡང་དམིགས་པར་འགྱུར་ཏེ། དེ་ཆ་ཤས་རེ་རེ་ལ་ཡང་ཁྱབ་པ་ཉིད་དུ་ཡོད་པའི་ཕྱིར་རོ། །དེ ་ལྟར་ཡང་ཡིན་ན་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཁྱབ་པར་བྱེད་པ་གཅིག་པུ་དེ་ཡོད་པ་མ་ཡིན་པས་སྔ་མ་བཞིན་དུ་གང་ཞིག་དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ་བ་ལ་སོགས་པས་ཁྱབ་པར་བྱད་པ་མི་དམིགས་པའི་སྦྱོར་བ་རིག་པར་བྱའོ། །ཡང་ན་དེ་གཅིག་པུ ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ནི་ཁྱབ་པ་ལ་ཆ་འཁྲུལ་པ་མེད་པའི་ཕྱིར་དེ་ལ། ངེས་པར་ཆ་ཡོད་པར་བྱ་དགོས་སོ། །དེ་བས་ན་རྫས་ནི་གཅིག་པའི་རྒྱུ་ཅན་ཉིད་དུ་མི་འགྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྦྱོར་བ་ནི་གང་དང་གང་ལ་ཆ་དང་ཆར ་རྣམ་པར་གནས་པ་ཡོད་པ་དེ་དང་དེ་ནི་ཡང་དག་པར་ན་གཅིག་པ་ཉིད་མེད་དེ། དཔེར་ན་དམག་དང་ནག་ཚལ་ལ་སོགས་པ་ལྟ་བུ་ཡིན་ལ། དབྱིབས་ཀྱང་ཆ་དང་ཆར་རྣམ་པར་གནས་པ་ཡིན་པས། ཁྱབ་པར་བྱད་པ་འགལ་བ་དམིགས་པའོ། །འདི་ལྟར་ཆ་ཅན་དང། ་ཆ་ཅན་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ་ནས་པས་འགལ་བ་ཡིན་ཏེ། གཅིག་ཉིད་ལ་ཆ་ཅན་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་བས་ན་ད་ནི་ཆ་ཅན་འགལ་བ་དམིགས་པ་ན། ཁྱབ་པར་བྱེད་པ་ཆ་ཅན་མ་ཡིན་པ་ལྡོག་གོ། དེ་ལོག་ན་ངེས་ཁྱབ་པར་བྱ་བ ་གཅིག་ཉིད་ལྡོག་པ་ཡིན་ནོ། །ཅི་སྟེ་ཕ་རོལ་པོ་གལ་ཏེ་དབྱིབས་གཅིག་པ་ཉིད་མེད་དུ་ཟིན་ཀྱང་དེས་ཅིར་གྱུར་སྙམ་དུ་སེམས་ན། དེའི་ཕྱིར། སྐྱེ་མཆེད་བཅུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་རྫས་ནི་གཅིག་པའི་རྒྱུ་ཅན་ཉིད་ཡིན་པས་དེ ་མེད་ན་རྫས་མེད་པའི་ཕྱིར། སྐྱེ་མཆེད་བཅུ་ནི་རྫས་སུ་ཡོད་དོ་ཞེས་བྱ་བའི་གྲུབ་པའི་མཛའ་དད་འགལ་ལོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་གཟེགས་ཟན་པའི་གཞུང་གིས་ཞེས་བྱ་བ་ལ་སོགས་པའི་སྐྱོན་གཞན་འདི་ཡང་ཡོད་གོ། །སྤེལ ་པར་འགྱུར་རོ་ཞེས་བྱ་བ་ནི་གསོས་པས་འགྱུར་བས་ཞེས་བྱ་བའི་དོན་ཏོ། །ཅེས་ཏེ་གཞན་གལ་ཏེ་དབྱིབས་ཞེས་བྱ་བ་ཡོང་ཡེ་མེད་ན། ཇི་ལྟར་ན་འཇིག་རྟེན་ན་གྲགས་པ་རིང་པོ་ལ་སོགས་པའི་བློ་མེད་པར་མི་འགྱུར་སྙམ་དུ་སེམས་པ་དོགས་ན། ཕྱོགས་གཅིག ་གིས་སྒོར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། འདི་སྐད་དུ་དེང་ཡོད་ཡེ་དབྱིབས་མེད་དོ་ཞེས་ནི་མི་ཟེར་ཏེ། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་རྫས་སུ་བཏགས་པ་དེ་ལྟ་བུ་ནི་མེད་ཀྱི། འཇིག་རྟེན་གྱི་གྲགས་པ་ཡང་མེད་པ་ནི་མ་ཡིན་ནོ། ། ་འདིའི་ཕྱིར་ཡང་རིང་པོ་ལ་སོགས་པའི་དབྱིབས་རྫས་སུ་མེད་པར་གསལ་བར་ཤེས་པར་གྱིས་ཤིག་།གང་གི་ཕྱིར་ཞེ་ན་རི་མོ་བཀྲམ་པ་ཞེས་བྱ་བ་སྟེ། ཁབ་རིས་ལ་སོགས་པའོ། །དེ་དང་ལྟ་བུར་སྣང་བ་ལ་ཞེས་བྱ་བ་ནི་རི་དགས་དང ་ཕག་ལ་སོགས་པའི་གཟུགས་ཐ་དད་པར་རོ། །འདི་སྐད་དུ། འདིར་རི་མོ་བཀྲམ་པ་ལ་སོགས་པ་དབྱིབས་སྣ་ཚོགས་དམིགས་ཏེ་ཡང་ནམ་ཞིག་རུང་སྟེ། གལ་ཏེ་དབྱིབས་རྫས་སུ་མེད་ན་ནི་རུང་གི་གཞིན་དུ་ན་དེ་མི་སྲིད་པ་ཁོ་ནའོ། །ཞེས ་བསྟན་པ་ཡིན་ནོ། །བརྒྱ་ལ་གཞན་དག་འདི་སྐད་དུ་རྫས་སུ་ཡོད་པར་ཁས་བླངས་ཀྱང། ཅིའི་དེ་ལྟར་མི་སྲིད་ཅེས་སྨྲ་བར་གྱུར་ན། དེའི་ཕྱིར་དབྱིབས་རིགས་ཐ་དད་པ་དག་ནི་ཡུལ་གཅིག་པར་རིགས་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོཌ ་བ་གསུངས་སོ། །རིགས་ཐ་དད་པ་དག་ཅེས་བྱ་བ་ནི་རང་བཞིན་ཐ་དད་པ་དག་ཅེས་བྱ་བའི་དོན་ཏོ། །དཔེར་ན་ཁ་དོག་དག་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྔོན་པོ་ལ་སོགས་པའི་ཁ་དོག་རང་བཞིན་ཐ་དད་པ་རྣམས་ནི་ཕན་ཚུན་ལྷན་ཅིག་མི ་གནས་པའི་མཚན་ཉིད་ཀྱི་འགལ་བས་འགལ་བའི་ཕྱིར་ཕྱོགས་གཅིག་ཏུ་གནས་བ་མེད་དོ། །རིང་པོ་ལ་སོགས་པའི་དབྱིབས་རྣམས་ཀྱང་དེ་བཞིན་དུ་མི་འདོད་པར་བྱའོ། །འོ་ན་གལ་ཏེ་གཞན་མིག་བརྩུམས་ནས་འོལ་བྱིར་འདི་སྐད་དུ་འགལ་བ་རྣམས་ཀྱང་ཡུལ་ཅིག་པ་ཁོ་ན ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་འོན་ཀྱང་འགྱུར་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགལ་བ་རྣམས་ཕྱོགས་གཅིག་ན་ཡོད་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཐམས་ཅད་དུ་དབྱིབས་ཐམས་ཅད་ཀྱི་བློ་འབྱུང་བར་འགྱུར་བཞིག་ན་ཞེས་བྱ་བ་ཅིའི ་ཕྱིར་ཞེ་ན། དབྱིབས་རེ་རེའི་ཡུལ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དབྱིབས་ཞེས་བྱ་བའི་རྫས་གཞན་ནི་མེད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་དུ་བཤད་པའི་མཇུག་བསྡུད་པ་བསྟན་ཏོ། །གལ་ཏེ་དེ་ལྟན་ཐག་རིང་པོ་ནས་ཁ་དོག ་འདུས་པ་དམིགས་ཀྱིས་མི་ཕྱེད་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་སྔོན་པོ་ལ་སོགས་པའི་ཁ་དོག་འདུས་པ་ལ་དབྱིབས་ཀྱི་བློ་འབྱུང་ན། ཐག་རིང་པོ་ནས་དེ་མི་འཛིན་བཞིན་དུ་དབྱིབས་འཛིན་པ་ཇི་ལྟ་བུ་སྟེ། དེ་འཛིན་པ་ཁོ་ནས་དེ་འཛིན་གྱི་གཞན ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །རེ་ཤིག་དབྱིབས་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ་དེའི་དངར་ཀ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ཉིད་ཀྱིས་ལན་མ་བཏབ་པར་གཞན་ལ་སྨད་པར་མཛད་པ་ཡིན་ཏེ། གཞན་དག་ཡུལ་དེ་ལྟ་བུ་ལ་བརྩད་པ་ན། ་གཞན་མི་ཞིག་སྨྲ་བར་འགྱུར་ཏེ་ཅུང་ཟད་ཀྱང་སྨྲར་མེད་ཀྱི། འོན་ཀྱང་དེ་ཉིད་དེ་ལྟ་བུར་སྣང་ངོ་ཞེས་སྨྲ་པར་འགྱུར་རོ། །དེས་ན་ཁོ་བོའི་རིགས་པ་ཡང་དེ་ཉིད་ཡིན་ནོ། །དབྱིབས་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ་ཞེས་བྱ་བ་ནི་གང་དག་ལ་དབྱིབས ་དམིགས་ཀྱིས་མི་ཕྱེད་པ་ཡོད་པ་དེ་དག་ནི་དབྱིབས་དམིགས་ཀྱིས་མི་ཕྱེད་པ་དག་གོ། དབྱིབས་དག་དམིགས་ཀྱིས་མི་ཕྱེད་བཞིན་དུ་སྟེ། གང་དག་གི་ཞེ་ན། ཤིང་དག་གི་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེའི་དངར་ཀ་དང་ཚོགས་དག་གི་ཞེས་བྱ་བ་དེ ་ལ། དངར་ཀ་གོ་རིམས་དང་ཚར་ཞེས་བྱ་བའི་དོན་ཉོ། །ཚོགས་ནི་འདུས་པའོ། །ཤིང་དེ་དག་གི་དངར་ཀ་དང། ཚོགས་དག་ནི་དེའི་དངར་ཀ་དང། ཚོགས་ཞེས་བྱ་བར་ཚིག་སྦྱར་རོ། །གཞན་ཡང་འདིར་བརྒལ་ད་གཞན་དག་ལན་ཅི ་ཞིག་འདེབས་པར་འགྱུར་ཏེ། དེའི་ཕྱིར་གཉི་གར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉི་གར་ཡང་ཞེས་བྱ་བ་ནི་ཁ་དོག་དང། དབྱིབས་སུ་ཞེས་བྱ་བའི་དོན་ཏོ། །དམིགས་ཀྱིས་མི་ཕྱེད་ལ། ཞེས་བྱ་བ་ནི་གཏན་ལ་མི་ཕེབས་ལ་ཞེས་བྱ་བའི་ཐ ་ཚིག་གོ། དེ་ན་ཅི་སྣང་ཞེས་བྱ་བ་ནི་ཁ་དོག་དང། དབྱིབས་ལ་མ་གཏོགས་པར་སྣང་བར་འགྱུར་བ་གང་ཡིན་པའི་སྣང་བ་ལས་གཞན་ནི་ཁས་མ་བླངས་སོ་ཞེས་བྱ་བར་དགོངས་པའོ། །དེ་ལྟ་བས་ན་དེའི་ཚེ་ཁ་དོག་ཅེས་བྱ་བ་ལ་སོགས་པས་ནི་ལན ་གསུངས་པ་ཡིན་ཏེ། འདི་སྐད་དུ་འུ་བུ་ཅག་གིས་དེ་ནི་ཅི་སྣང་ཞེས་དྲིས་པ་ན་བསྒྱངས་ཀྱང་འདི་སྐད་ཅེས་དེའི་ཚེ་ཁ་དོག་མི་བསལ་བར་འཛིན་པ་ཡིན་གྱིས་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་དགོས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་དབྱིངས ་ཀྱི་རྣམ་པར་རིག་བྱེད་མི་འགྲུབ་བོ་ཞེས་བྱ་བ་འདིས་ན་བྱེ་བྲག་ཏུ་སྨྲ་བ་པའི་ཕྱོགས་རྒྱ་ཆེར་སུན་ཕྱུང་ནས་མཇུག་བསྡུ་བ་ཡིན་ནོ། །གཞན་དག་ན་རེ་ཞེས་བྱ་བ་ནི་འཕགས་པ་མང་པོས་བཀུར་བའི་སྡེ་པ་རྣམས་སོ། །དེ་དག་ནི་འདི་སྐད་དུ་ཡང་དག ་པར་ན་དབྱིབས་མེད་པའི་ཕྱིར་ལུས་གཡོ་བའི་གནས་སྐབས་ཀྱི་འགྲོ་བ་ཁོ་ན་ཡིན་གྱི་དབྱིབས་ནི་མ་ཡིན་ནོ། །དེ་བས་ན་དེ་ཉིད་རྣམ་པར་རིག་བྱེད་ཡིན་པར་རིགས་ཀྱི་དབྱིབས་ནི་མ་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས ་ལ་ནི་ཇི་སྐད་བཤད་པའི་སྒྲུབ་པ་རྣམས་ནི་གྲུབ་པར་བྱེད་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །འཕོས་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཞེ་ན་ཞེས་བྱ་བ་ནི། མངོན་སུམ་གྱི་ཚད་མས་སམ། འོ་ན་ཏེ་རྗེས་སུ་དཔག་པས་གཏན་ལ་འབེབས་སམ་ཅེན། གང་གི ་ཕྱིར་འདི་སྙམ་དུ་དེ་ཉིད་ཡུལ་གཞན་དུ་འཕོས་པ་འདི་ཡིན་གྱི་དེར་གཞན་ཁོ་ན་ཞིག་བྱུང་བ་ནི་མ་ཡིན་ནོ། སྙམ་དུ་སེམས་ཞེས་བྱ་བའི་ཐ་ཚིག་གོ། ཁྱད་པར་ངེས་པར་མི་ཟིན་པའི་ཕྱིར་རེ། ཞེས་བྱ་བ་འདིས་ནི་ལན་བཏབ་པོ། །དེ་ནི་འདི་སྐད་དུ་དོན་འདི་ནི་རྗེས་སུ་དཔག་པས་གྲུབ་པ་ཁོ ་ན་ཡིན་ཏེ། འདི་ལྟར་གལ་ཏེ་དེ་འཕོ་བར་མི་འགྱུར་གྱི། འོན་ཀྱང་དེར་ཁྱད་པར་ཅན་གཞན་ཁོ་ན་ཞིག་འབྱུང་བར་འགྱུར་ན་འོ་ན་ནི་ཁྱད་པར་བྱུང་བ་དེ་ངེས་པར་ཟིན་པར་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །དེ་བས་ན་དེར་གཞན་མི་སྐྱེ་སྟེ། འོན་ཀྱང་དེ་ཉིད་འཕོ ་བ་ཡིན་པར་ཤེས་སོ་ཞེས་བསྟན་བ་ཡིན་ན། །སྦྱོར་བ་ནི་གང་ཞིག་གང་ལས་ཁྱད་པར་མི་དམིགས་པ་དེ་ནི་དེ་ལས་ཐ་དད་པ་མེད་དེ། །དཔེར་ན་རང་བཞིན་ཅིག་པ་དེ་ཉིད་རང་ལས་ཐ་དད་པ་མེད་པ་ལྟ་བུ་ཡིན་ལ། སྔ་མའི་རང་བཞིན་ལས་ཀྱང་ཡུལ་གཞན་དུ ་འཕོས་པའི་རང་བཞིན་གྱིས་ཁྱད་པར་མི་དམིགས་སོ། །དེའི་ཕྱིར་ཐ་དད་པ་ཡོད་པ་ཉིད་ནི་དམིགས་པས་ཁྱབ་པའི་ཕྱིར་རང་བཞིན་མི་དམིགས་པ་ཡིན་ནོ་སྙམ་དུ་སེམས་སོ། །མེ་དང། ཉི་མ་དང། ཆབ་བྲོམ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ཕ་རོལ ་པོ་གཏན་ཚིགས་སྦྱོར་བ་མ་ངེས་པ་ཉིད་དུ་གསུངས་པ་ཡིན་ནོ། །ཕྲད་པ་ནི་འབྲེལ་པ་ཡིན་ཏེ། ཀུན་ཏུ་རེག་ཅེས་བྱ་བའི་ཐ་ཚིག་གོ། ཕྲང་མ་ཐག་ཏུ་ཞེས་བྱ་བ་ནི་དུས་རིང་པོ་དགག་པའི་ཕྱིར་ཏེ། དུས་རིང་པོས་ཕྲད་པ་ལ་ཁྱད་བར་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །བྲལ་བར ་གྱུར་པ་ལ་ཞེས་བྱ་བ་ནི་རེག་མ་ཐག་ཏུ་གྱེས་ཞེས་བྱ་བའི་ཐ་ཚིག་གོ། གང་ལ་ཞེ་ན། མེ་དང། ཉི་མ་དང། ཆབ་བྲོམ་དང་རྩ་ལ་སོགས་པ་ལའོ། །སོགས་པ་སྨོས་པས་ནི་བུལ་རྟོག་ལ་སོགས་པ་བསྡུའོ། །ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་པ་ཡིན་ཞེ་ན། དེའི་ཕྱིར་ཆོས ་བྱང་ལས་སྐྱེ་བའི་རྐྱེན་ཞེས་བྱ་བ་གསུངས་ཏེ། ཆོས་བྱེད་ལས་སྐྱེ་བ་འབྱུང་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་བྱེད་ལས་སྐྱེ་བའི་རྐྱེན་གང་དང་ཕྲད་མ་ཐག་ཏུ་བྲལ་བར་གྱུར་ཅེ་ན། བུམ་པ་ལ་སོགས་པ་དང་ངོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་དག ་གཞན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། གཞན་ཡང་འདིའི་ཕྱིར་ཡང་ཁྱད་པར་ངེས་པར་མི་ཟིན་ལ་དེ་ནི་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་ཞེ་ན། བསྲེག་བྱ་ཆ་ཤས་འདྲ་བ་ཅན་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། མེ་འབར་བ་གཞན་གང་དག་ལ་བསྲེག་བྱ་ཡང་ཡིན་ལ་ཆ་ཤས་འདྲ་བ་ཡང་ཡིན་པ་ཡོད་པ་དེ་དག་ནི་བསྲེག་བྱ་ཆ་ཤས་འདྲ་བ་ཅན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདྲ་བ་ཞེས་བྱ་བ་སྨོས་པ་ནི་མི་འདྲ་པ་གསལ་བའི་ཕྱིར ་ཏེ། མི་འདྲ་བ་དེ་དག་ལ་ནི་ཆུང་ངུ་དང་ཆེན་བའི་ཁྱད་པར་གྱི་བྱེ་བྲག་སྣང་བའི་ཕྱིར་རོ། །རྩ་ཞེས་སྨོས་པ་ནི་དེ་ནི་འགྱུར་བ་མྱུར་བས་འབར་བ་གཞན་གསལ་བར་རྟོགས་པའི་ཕྱིར་རེ། །རིང་པོ་ཞེས་བྱ་བ་ནི་ཁྱད་པར་ངེས་པར་གཟུང་བའི་ཕྱིར་ཏེ། ཐུང་ངུ་ལ་ནི་རེས་འགའ་ཁྱད ་པར་མི་དམིགས་བར་འགྱུར་རོ། །འབྲེལ་པ་ཞེས་བྱ་བ་ནི་རྗེས་སུ་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། ལྷག་མ་ནི་སྔ་མ་བཞིན་བཞིན་ནོ། །དཔེ་སྣ་ཚོགས་བརྗོད་པ་ནི་དོན་འདི་གསལ་པར་བྱ་བའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་འདི་སྐད་དུ་གང་གི་ཕྱིར་བུམ་པ་དང། མེ་འབར ་བ་ལ་སོགས་པ་དེ་ལ་ཚོས་བྱེད་ལས་སྐྱེ་བ་ལ་སོགས་པའི་ཁྱད་པར་ཡོད་ཀྱང་འདུ་བྱེད་རྣམས་འདྲ་བས་བསྡུས་པས་མི་དམིགས་ཏེ། དེའི་ཕྱིར་ངན་དོན་མི་དམིགས་པ་ལས་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ནི་གཏན་ཚིཌ་མ་ངེས་བ་ཡིན་ནོ་ཞེས་བསྟེན་པ ་ཡིན་ནོ། །ཅི་སྟེ་གཞན་གྱི་ལྟར་ན་ནི་ཕྲང་མ་ཐག་ཏུ་འབྱུང་པ་ཡིན་གྱི་དེ་ལ་ནི་ཕྲད་མ་ཐག་ཏུ་ཆོས་བྱེད་ལས་སྐྱེ་བ་འབྱུང་བ་མེད་པ་ཉིད་ལ་དེ་བཞིན་དུ་བསྲེག་བྱ་ཆ་ཤས་འདྲ་བ་ཅན་གྱི་མེ་འབར་བ་གཞན་རྣམས་ཀྱི་ཁྱད་པར་ཡང་བྱུང་བ་མ་ཡིན་ན་ཅིའི ་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་སྙམ་དུ་སེམས་པར་དོགས་ནས། དེ་གཞུང་གཟུགས་པའི་ཕྱིར་འོན་ཏེ་ཕྲད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྐྱེན་རྣམས་སྐད་ཅིག་མ་ཡིན་པ་ཉིད་ཀྱི་ཕྱད ་པར་མེད་པའི་ཕྱིར་རེ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྲེག་བྱའི་ཆ་ཤས་གཞན་ཞེས་བྱ་བ་ནི་བསྲེག་བྱའི་ཆ་ཤས་ནི་བསྲེག་བྱའི་ཆ་ཤས་སོ། །དེ་ནི་བསྲེག་བྱའི་ཆ་ཤེས་ཀྱང་ཡིན་ལ་གཞན་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ནི་ཞེས་བྱ་བའི་ཚིག་གི ་ཕྲད་སྤྱི་ནི་བསྡུ་པའི་དོན་ཏོ། །དེའི་ཁྱད་པར་ལས་ཞེས་བྱ་བ་ནི་བསྲེག་བྱའི་ཁྱད་པར་ལས་ཞེས་བྱ་བའི་ཐ་ཚིག་གོ། ཚ་དང་གསལ་བ་དད་ཚ་བའི་ཁྱད་པར་མེད་པར་འགྱུར་རོ། །ཞེས་བྱ་བ་དེ་ལ་ཚད་ཀྱི་ཁྱད་པར་ནི་རིང་པོ་དང། ཐུང་དུ་ལ་སོགས་པའི་ཁྱད་པར་རོ། །གསལ ་བའི་ཁྱད་པར་ནི་སྣང་བ་ཆུང་དུ་དང། འབྲིང་དང་ཆེན་པོའི་ཁྱད་པར་རོ། །ཚ་བའི་ཁྱད་པར་ནི་རིག་པ་ཆུང་དུ་དང། འབྲིང་དང་ཆེན་པོའི་ཁྱད་པར་རོ། །གསུམ་སྨོས་པ་ནི་དབྱིབས་དང། ཁ་དོག་དང་རེག་པའི་བྱེ་བྲག་གི་ཁྱད་པར་དང་ལྡན་པའི་མེ་འབར་བ་སྐད་ཅིག་རེ་རེ་ལ ་གཞན་དུ་འགྱུར་བར་བསྟན་པའི་ཕྱིར་རོ། །དེའི་ཁྱད་པར་ངེས་པར་མི་ཟིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ཇི་སྐད་དུ་བསྟན་པའི་མཇུག་བསྡུ་བ་གསུངས་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་གཞན་གྱི་གཏན་ཚིགས་སྦྱར་བརྒྱ་ཆེར་སུན་ཕྱུང་བ ་དང། ཡང་གཞན་དག་ཇི་ལྟར་སྨྲས་པ་བཞིན་དུ་མི་རུང་དུ་ཟིན་ཀྱང། འོ་ན་འཇིག་པའི་རྒྱུ་མེད་པའི་ཕྱིར་རོ། ཞེས་གཏན་ཚིགས་གཞན་སེམས་པར་བྱེད་དེ། ཅི་ཞེ་ན། དེ་ཉིད་ཡུལ་དུ་འཕོས་པ་འདི་ཡིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འོ་ནའི་སྒྲ་ནི་མ་རངས་པའོ། །འདི ་སྐད་དུ་སྔོན་གྱི་རང་བཞིན་བཏང་ན་ནི། སྔོན་མེད་པའི་རང་བཞིན་ཐོབ་པའི་ཕྱིར། གཞན་ཞིག་སྐྱེ་བར་ཡང་འགྱུར་ན། དེའི་འཇིག་པའི་རྒྱུ་མེད་པའི་ཕྱིར་རང་བཞིན་ཀྱིས་འཇིག་པ་ཉིད་མེད་ན། གང་གི་ཕྱིར་ན་ཡུལ་གཞན་ཞིག་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་ཉིད་ཡུལ་དུ ་འཕོས་པ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་ལ་སྔ་མའི་རང་བཞིན་འཇིག་པ་མེད་པ་དེ་དང་དེ་ལ། རང་བཞིན་ཐོབ་པས་འབྱུང་བ་མེད་དེ་དཔར་ན་རུ་སྤལ་གྱི་སྤུ་ལྟ་བུ་ཡིན་ལ། ཡུལ་གཞན་ན་འདུག་པའི་དངོས་པོ་ཡང་འཇིག་པའི་རྒྱུ་མེད་པའི་ཕྱིར་སྔ་མའི་རན ་བཞིན་འཇིག་པ་མེད་དོ། །དེ་ཉིད་འཇིག་པ་དང། རང་བཞིན་གཞན་ཐོབ་པ་གཉིས་ཀྱིས་སྐྱེ་བ་ལ་ཁྱབ་པའི་ཕྱིར་དེ་མེད་ན་ཁྱབ་པར་བྱ་བ་དེ་ཡང་མེད་པས། ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ་སྙམ་དུ་སྐད་ཅིག་མ་མ་ཡིན་པར་སྨྲ་བ་དག་སེམས ་སོ་འདིར་སྨྲས་པ། གཏན་ཚིགས་མ་གྲུབ་སྟེ། འདི་ལྟར་འདུ་བྱེད་རྣམས་ནི་རང་གིས་དང་གིས་འཇིག་པའི་ཕྱིར་ན། གང་གིས་ན་སྐྱེ་བ་མི་སྲིད་པའི་ཕྱིར། དེ་ཉིད་ཡུལ་གཞན་དུ་འཕོ་བར་འགྱུར་བའི་འཇིག་པའི་རྒྱུ་ནི་མེད་དོ། །ཅིའི་ཕྱིར་མེད་ཅེན། དེའི་ཕྱིར་སེམས ་དང་སེམས་ལས་བྱུང་བ་ཞེས་བྱ་བ་སོགས་པ་གསུངས་ཏེ། འཇིག་པའི་རྒྱུ་ཡང་གང་ཡིན་ཏེ། ཞེས་བྱ་བ་ནི་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་དེ་དག་ནི་སྐད་ཅིག་རེ་རེ་ལ་རང་གི་རང་གིས་འཇིག་པ་ཉིད་དུ་གཞན་དག ་གིས་བདག་ཉིད་ཀྱིས་ཁས་བླངས་པས་དེ་ཉིད་སྒྲུབ་པའི་ཕྱིར་འབད་པར་མི་བྱའོ། །སྒྲ་ལ་སོགས་པ་དང། མེ་ལྕེ་དག་གི་འཇིག་པའི་རྒྱུ་ཡང་གང་ཞིག་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །སྒྲ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བློ་ལ་སོགས་པ་སྐད ་ཅིག་མ་ཉིད་དུ་གྲགས་པ་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ཡང་སྒྲ་དང། མེ་ལྕེ་ལ་སོགས་པ་དག་ཀྱང་སྐད་ཅིག་རེ་རེ་ལ་རང་གི་དང་གི་འཇིག་པར་གཞན་བྱེ་བྲག་ལ་སོགས་པས་བདག་ཉིད་ཀྱིས་ཁས་བླངས་པས་དེ་ཉིད་སྒྲུབ་པའི་ཕྱིར་སྔ་མ་བཞིན་དུ་འབད་བར་མི་བྱའོ། །སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་འདི་ཐམས་ཅད་ནི་སྐད་ཅིག་པ་ཉིད་དུ་གྲུབ་པའི་ཕྱིར་དཔེ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་གཞན་ལ་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་ཀྱི་དོན་སྒྲུབ་པར་བྱེད་པ་ཡིན་པར་བྱའོ། །དེ་བཞིན་དུ ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དག་ཅེས་བྱ་བའི་ཐ་ཚིག་གོ་།གཞན་ལ་ཡང་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལའོ། །མེད་པར་འགྱུར་རོ་ཞེས་བྱ་བ་ནི་འཇིག་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་དུ་ཇི་ལྟར་སེམས་དང་སེམས་ལས ་བྱུང་བ་ལ་སོགས་པ་དག་ལ་ཅི་དེ་དག་འཇིག་པའི་བདག་ཉིད་དུ་བྱུང་བདག་ཅིག་གམ། འོན་ཏེ་འཇིག་པའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པར་རྣམ་པར་བརྟགས་ན་འཇིག་པའི་རྒྱུ་མི་སྲིད་པའི་ཕྱིར་འཇིག་པ་རྒྱུ་དང་བཅས་པར་མི་འདོད་ཏོ་།དེ་བཞིན་དུ་གཟུགས ་ལ་སོགས་པ་གཞན་ལ་ཡང་མེད་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་དག་འདུས་བྱས་ཡིན་པ་དེ་དང་དེ་དག་ནི་འཇིག་པའི་རྒྱུ་ལ་མི་བལྡེས?་པ་ཡིན་ཏེ། དཔེར་ན་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ལྟ་བུ་ཡིན་ལ། དུམ་བལ? ་སོགས་པ་དངོས་པོ་ཐམས་ཅད་ཀྱང་བྱས་པ་ཡིན་པས་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ལྟར་འདུས་བྱས་དང་འདུས་མ་བྱས་གཉིས་ན་ཕེན་ཆུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ལ། འདུས་མ་བྱས་ཀྱང་འཇིག་པའི་རྒྱུ་ལ་བལྟོས ་པ་དང་བཅས་པ་ཉིད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདུས་མ་བྱས་དང་འགལ་བ་འདུས་བྱས་དམིགས་པ་དེའི་ཚེ། འདུས་མ་བྱས་ལྡོག་གོ་།ཁྱབ་པར་བྱེད་པད་ལོག་ན་དེས་ཁྱབ་པར་བྱ་བ་འཇིག་པའི་རྒྱུ་ལ་བལྟོས་པ་དང་བཅས་པ་ཡང་ལྡོག་པར ་འགྱུར་རོ། །སློབ་དཔོན་གྱིས་དེ་ལྟར་ཚད་མ་མཛད་པ་དང་དེ་ལ་གཞན་དག་གིས་དཔེ་ནི་གྲུབ་པར་བསྟན་པའི་ཕྱིར། དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། དེ་དག་གི་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དེ་དགག?་གིའོ?། །རང་ཉིད་ཀྱི་མི་རྟག་པ ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་བདག་ཉིད་ལ་ཡོད་པ་ཉིད་དེའི་རང་བཞིན་འཇོམས་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འཇིག་པའི་རྒྱུ་གཞན་ཕྱི་རོལ་གྱི་མི་སྲིད་དུ་ཟིན་ཀྱང་གང ་གིས་ན་དེ་དག་འཇིག་པར་བྱེད་པ་རང་ལ་ཡོད་པ་ཉིད་ཀྱི་མི་རྟག་པ་ཉིད་ཡོད་དོ། །དེ་བས་ན་དཔེ་བསྒྲུབ་པར་བྱ་བ་དང་མི་ལྡན་ནོ་སྙམ་དུ་སེམས་པ་ལ་།དེ་བཞིན་དུ་གཞན་དག་ལ་ཡང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ལ་སོགས་པ་འདིས་སློབ་དཔོན་གྱི་ཧ་ཅང་ཐལ་བར་སྟོན ་པར་མཛད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སེམས་དང་སེམས་ལས་བྱུང་བ་དག་གིས་མི་རྟག་པ་ཉིད་འཇིག་པའི་རྒྱུར་འདོད་པ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །གཞན་དག་ལ་ཡང་ཞེས་བྱ་བ་ནི་བུ་ལ་སོགས་པ་དག་ལའོ། །གཞན་ནི ་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཇིག་པའི་རྒྱུའོ། །དེ་དག་ལ་མེད་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དེ་དག་ལའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་མེད་པར་འགྱུར་རོ། །ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་དག་ལ་སྟེ། མི་འདོད་པར ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དཔེ་བསྒྲུབ་པར་བྱ་བ་དང་ལྡན་པ་ཉིད་དུ་གཞུང་གཟུགས་པའི་རིགས་པ་མ་ཡིན་ནམ། ཧ་ཅང་ཐལ་བ་སྐབས་མ་ཡིན་པ་གཞན་ཅི་སྟེ་སྨོས་ཤེ་ན་དེ་ནི་ཉེས་པ་མེད་དེ། འདི་ལྟར་འདི་སྙཾ་དུ་ཅི་འཇིག་པའི་རྒྱུད་དེ་ཉིད་བྱེད་དམ། འོན་ཏེ་གཞན ་ཞིག་བྱེད་ཅེས་བྱ་བ་ལ་སོགས་པའི་བརྟག་པས། ཇི་ལྟར་ཕྱི་རོལ་གྱི་འཇིག་པའི་རྒྱུ་གཞན་མི་སྲིད་པ་ལྟར་མི་རྟག་པ་ཉིད་ཀྱང་དེ་དང་འདྲ་སྟེ། བརྒལ་ཞིང་བརྟག་པ་མཆུངས་པའི་ཕྱིར་རོ། །འོན་ཏེ་དེ་ལྟ་ཡིན་ན་ཡང་སེམས་དང་སེམས་ལས་བྱུང་བ ་རྣམས་ཀྱི་མི་རྟག་པ་ཉིད་འཇིག་རྒྱུ་ཡིན་པར་ཁས་ལེན་གྱི་ཕྱི་རོལ་གྱི་འཇིག་པའི་རྒྱུ་གཞན་ནི་མ་ཡིན་ནོ། དེ་བཞིན་དུ་བུམ་པ་ལ་སོགས་པ་གཞན་དག་ལ་ཡང་དེ་ཁོ་ན་དང་འདྲ་བར་འགྱུར་རོ་ཞེས་ཐལ་བར་བསྒྲུབ་པའི་ཐབས་ཀྱིས་དཔེ་གཞུང་འཛུགས ་བར་མཛད་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱིས་ཐལ་བ་བསྒྲུབས་པ་དང། འདིར་སྐད་ཅིག་པ་མ་ཡིན་པར་སྨྲ་བར་གཞན་དག་གལ་ཏེ་མེད་ན་ཞེས་བྱ་བ་ལ་སོགས་པས་བུམ་པ་ལ་སོགས་པ་ལ་ཕྱི་རོལ་གྱི་འཇིག་པའི་རྒྱུ་ཡོད་པ་ཉིད་དུ་གཞུང ་འཛུགས་ཏེ། གལ་ཏེ་མེད་ན་ཞེས་བྱ་བ་ནི་གལ་ཏེ་ཕྱི་རོལ་གྱི་འཇིག་པའི་རྒྱུ་ཞེས་བྱ་བ་ཐ་ཚིག་གོ་།མེ་ལ་སོགས་པ་དང་ཕྲད་པའི་སྔོན་རོལ་དུ་ཡང་ཞེས་བྱ་བ་ནི་མེ་དང་ཕྲད་པ་བས་སྔར་ཏེ། མེ་ལ་སོགས་པ་དང་མ་འབྲེལ་བའི་གནས་སྐབས ་སུ་ཞེས་བྱ?་བའི་ཐ་ཚིག་གོ་།ཇི་ལྟར་དེའི་འོག་རོལ་བཞིན་དུ་ཞེས་བྱ་བ་ནི་མེ་ལ་སོགས་པ་དང་ཕང་བའི་འོག་ཅེས་བྱ་བའི་དོན་ཏོ། །ཡང་ན་ནི་དེའི་ཕྱིས་ཀྱང་འཛིན་པར་འགྱུར་རོ་ཞེས་བཟློག་པར་བྱ་སྟེ། ཕྱི་རོལ་གྱི་འཇིག་པའི་རྒྱུ་ནི་ཐམས་ཅད་མེད ་པར་འདྲ་བའི་ཕྱིར་རོ་ཞེ་ན། རེ་ཞིག་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་དྲི་བའི་སྒོ་ནས་མར་མེ་ལ་སོགས་པ་བཟུང་བ་དང། མི་བཟུང་བར་གྲགས་པས་དེ་མེད་པ་ཁོ་ནར་སྒྲུབ་པར་མཛད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས ་རྣམ་པ་བསྟན་ཏོ། །ཕྲད་པ་ཙམ་གྱིས་བྲལ་མ་ཐག་པ་ན་ཡང་འགྱུར་རོ་ཞེས་བྱ་བ་ཅི་ཞེ་ན་མི་བཟུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ཚོས་བྱེད་ལས་སྐྱེ་བའི་ཕྱི་རོལ་གྱི་རྐྱེན་ཁྱད ་པར་མེད་ན་ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་འཇིག་པའི་རྒྱུ་མི་འཐད་དོ། །ཁྱད་པར་ཅན་དང། ཆེས་ཤིན་ཏུ་ཁྱད་པར་ཅན་འབྱུང་བ་ཞེས་བྱ་བ་ནི། དམར་བ་དང། ཆེས་དམར་བ་ལ་སོགས་པ་ལའོ། །ཇི་ལྟར་འབྱུང་བ་དག་ལ་དེན། ་དེའི་ཕྱིར་ཕྱི་མ་ཕྱི་མའི་རྒྱུད་ཉིད་ཀྱིས་ཞེས་བྱ་བ་གསུངས་ཏེ། དམར་བ་ལ་སོགས་པ་ཕྱི་མ་ཕྱི་མ་འབྱུང་བའི་རྒྱུའི་དངོས་པོ་ཞེས་བྱ་བའི་ཐ་ཆིག་གོ་།གང་ཞིག་ཅེ་ན། མེ་ལ་སོགས་པའི་ཞེ་ན་བྱ་བ་ཚིག་གི་ལྷག་མའོ། །སྔ་མ་དག་གི་ཞེས་བྱ ་བ་ནི་དམར་བ་ལ་སོགས་པ་སྔ་མ་སྔ་མ་བྱུང་བའི་ཞེས་བྱ་བའི་དོན་ཏོ། །འཇིག་པ་གང་ལས་འབྱུང་བ་ཞེས་བྱ་བ་ནི་ཅི་མེ་ལ་སོགས་པ་ལས་སམ། འོན་ཏེ་གཞན་འགའ་ཞིག་ལས་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་གཞན་ཅིའི་ཕྱིར་ཐེ་ཚམ་ཟ། ་འོན་ཀྱང་མེ་ལ་སོགས་པ་ཉེ་བར་ཉིད་དེ་དག་གི་འཇིག་པའི་རྒྱུར་འགྱུར་རོ། སྙམ་དུ་འདོད་པར་དོགས་ནས། གང་ཁོ་ན་ལས་གང་ཡོད་པ་དེ་ཁོ་ན་ལས་དེ་མེད་པ་ནི་རེག་པར་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར ་འགལ་བ་གཉིས་ཀྱི་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ཐ་དད་ན་ནི་དངོས་པོ་རྣམས་ཀྱང་ཐ་དད་པར་འགྱུར་ཏེ། གལ་ཏེ་གཞན་གྱི་རྒྱུ་གཞན་ཡིན་ན། གཞན་གྱི་གཞན་ཡིན་ནོ་ཞེས་སོ་སོར་ངེས་པར ་འགྱུར་རོ། །དེ་བས་ན་གང་སྐྱེ་བ་ལ་ཕན་འདོགས་པར་བྱེད་པ། གང་ཡིན་པ་དེ་ཉིད་འཇིག་པར་བྱེད་པར་ཇི་ལྟར་འགྱུར་ཏེ། དེ་ནི་འགལ་བ་ཡིན་ནོ། །དེ་བས་ན་འཇིག་པའི་རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུད་དོ། །ཅི་སྟེ ་གཞན་འཇིག་པའི་རྒྱུ་མེད་པར་འཇིག་པ་ཡིན་ལ་ནི་རག་ན། སྔ་མ་བཞིན་དུ་མེ་ལ་སོགས་པ་དང་ཕྲད་པའི་འོག་ཏུ། བུམ་པ་ལ་སོགས་པ་གཅུང?་བར་ཇི་ལྟར་མི་འགྱུར་ཏེ། ད་དུང་དུ་ཁྱོད་ཀྱིས་བརྒལ་བ་དེའི་ལན་མ་བཏབ་བོ་སྙམ་དུ་སེམས་པར ་དོག་ནས། སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་དང། མི་བཟུང་བ་རིག་པར་བྱའོ་ཞེས་བར་དུ་ཆོད་པ་དང་སྦྱར་རོ། །གཟུང་བ་དང། མི་བཟུང་བ་ནི་གཟུང་བ་དང། མི་བཟུང་བའོ། །དེ་ཇི་ལྟར་རིག་པར་བྱ་ཞེས་དེའི་ཕྱིར་སྨད ་ཀྱི་ཁྱད་པར་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨད་ཀྱི་ཁྱད་པར་མེད་པ་ནི་འདྲ་བ་གཞན་དང་གཞན་འབྱུང་བས་མཚན་ཉིད་མི་འདྲ་བ་མཚར་གཅིག་མེད་པ་ཞེས་བྱ་བའི་དོན་ཏོ། །འཇུག་པ་དང་ལྡོག་པ་ཞེས་བྱ་བ་ནི་གོ་རིམས ་བཞིན་དུ་འཇུག་པས་ནི་སྔ་མ་བཞིན་དུ་གཟུང་བ་ཡིན་ལ། ལྡོག་པས་ནི་སྔ་མ་བཞིན་དུ་གཟུང་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་བརྣན་པ་བསྟན་པ་འདིའི་ཕྱིར། ཡང་ཇི་ལྟར་འཇིག ་པའི་རྒྱུ་མེད་པ་ཁོང་དུ་ཆུད་པར་བྱོས་ཤིག་།དཔེར་ན་སྐྱེ་བ་བཞིན་ནོ། །ཞེས་བྱ་བ་ནི། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དེ་དག་དང། བུམ་པ་ལ་སོགས་པ་གཞན་དག་སྐྱེ་བ་ཐམས་ཅད་ནི་རྒྱུ་དང་བཅས་པ་ཡིན་ནོ། །དེ་ལྷ་མ ་ཡིན་ཏེ་རྒྱུ་མེད་པ་ཡིན་ན། རྟག་ཏུ་ཡོད་པ་འམ། མེད་པར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་འཇིག་པ་ཡང་རྒྱུ་དང་ལྡན་པར་འདོད་ན་ནི་དེ་ཡང་དེ་ཉིད་དང་འདྲ་བར་འགྱུར་ཏེ། དེའི་ཕྱིར་འཇིག་པ་ཐམས་ཅད་རྒྱུ་དང་བཅས་པར་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ ་ལ་སོག་པ་ཞེས་སྨོས་པ་ནི་ཁྱོད་མི་འདོད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྒྱ་ལ་ཕ་རོལ་དེ་དག་ལ་ཡང་འཇིག་པའི་རྒྱུ་རང་གི་མི་རྟག་པ་ཉིད་ཡོད་དོ། །དེ་བས་ན་ཐམས་ཅད་འཇིག་པའི་རྒྱུ་དང་བཅས་པ་ཉིད་དུ་བསྒྲུབ་པར་བྱ་བ་ནི། ངེ་མི་འདོད་པ་ཉིད་མ ་ཡིན་ནོ་ཞེས་ཟེར་དུ་དོགས་ནས། མི་རྟག་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ལགས་སོ། །གཞན་པར་ཞེས་བྱ་བ་ནི་ལོགས་ཤིག་ཏུའོ། །འདི་སྐད་དུ་གང་གིས་ན། སེམས་དང་སེམས ་ལས་བྱུང་བ་རྣམས་ཀྱི་འཇིག་པ་ཡང་རྒྱུ་དང་བཅས་པར་འགྱུར་བ་མི་རྟག་པ་ཉིད་ཅེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་ལས་ལོགས་ཤིག་ན་ཡོད་པར་མངོན་སུམ་ལ་སོགས་པའི་ཚད་མས་ཅུང་ཟད་ཀྱང་གྲུབ་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། ། ་གཞན་ཡང་རྒྱུའི་ཁྱད་པར་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུའི་ཁྱད་པར་ལས་ཞེས་བྱ་བ་ནི་འཇིག་པའི་རྒྱུའི་ཁྱད་པར་ལས་སོ། །དེའི་ཁྱད་པར་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ནི་འཇིག་པའི་ཁྱད་པར་ཡོད་པར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག ་གོ་།ཅི་འདྲ་བའི་ཁྱད་པར་ཡོད་པར་འགྱུར་ཞེས་ན། དེའི་ཕྱིར་མེད་དོ། ཉི་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་ལ་ནི་ཁྱད་པར་རམ། ཁྱད་པར་མེད་པར་འགྱུར་མོད། འཇིག་པ་ནི་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བ་ཡིན་ཏེ། ་ཅུང་ཟད་ཀྱང་མེད་པ་མ་ཡིན་ནམ་ཇི་ལྟར་རྒྱུའི་ཁྱད་པར་ལས་དེ་ལ་ཁྱད་པར་ཡོད་པར་འགྱུར་ཞེས་ན། དེ་ནི་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་སྐྱེ་བ་བཞིན་དུ་དེ་ཡང་བློ་གྲོས། རྣམ་པར་རྨོངས་པ་གཞན་དག་གིས་རྒྱུ་དང་བཅས་པར་དམ་བཅས་པ་ན། དེ་ཅི ་ཞིག་གིས་ན། འཇིག་པ་དེ་ཅུང་ཟད་ཀྱང་མེད་པ་ཉིད་ཡིན་ནོ་ཞེས་དགོངས་པའོ་གཞན་ཡང་འཇིག་པ་དང་ལྡན་པར་ཡང་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དེ། རྒྱུ་དང་བཅས་པ་ཡིན་པའི་ཕྱིར། གཟུགས ་ལ་སོགས་པ་བཞིན་དུ། འཇིག་པ་ཡང་དངོས་པོ་ཉིད་དུ་གྱུར་པ་ཡིན་ལ། དེ་ཡང་འདུས་བྱས་ཡིན་པའི་ཕྱིར་འཇིག་པ་སྟེ། འཇིག་པ་གཞན་དང་ཡང་ལྡན་པར་འགྱུར་རོ། །དེའི་ཕྱིར་དེ་ཡང་འཇིག་པ་གཞན་དང་ལྡན་པ་ཉིད་པས་ཐུག་ཕ་མེད་པར ་འགྱུར་རོ། །དེ་ལྟར་བས་ན་འཇིག་པའི་རྒྱུ་ནི་འགའ་ཡང་ཞེས་བྱ་བ་ལ་སོགས་རྒྱ་ཆེར་འབྱུང་བས། འདི་སྐད་དུ་གསུངས་པའི་མཇུག་སྡུད་པ་ཡིན་ནོ། །གང་དང་གང་དག་འདུས་བྱས་ཡིན་པ་དེ་དང་དེ་དག་ནི་འཇིག་པའི་རྒྱུ་ལ་མི་ལྟས་པ་ཡིན་ཏེ ་ཞེས་བྱ་བ་ལ་སོགས་པ་ཚད་མ་སྔ་མའི་དོན་ཀྱང་སྦྱར་བར་བྱའོ། །དེ་བས་ན་གཟུགས་ལ་སོགས་པའི་འདུ་བྱེད་རྣམས་སྐད་ཅིག་མ་ཡིན་ནོ། །སྦྱོར་བ་ནི་གང་དང་གང་དག་འཇིག་པའི་རྒྱུ་ལ་མི་བལྟོས་པ་དེ་དང་དེ་དག་ནི་རང་གི་དང་གིས་འཇིག ་པ་དག་ཡིན་ཏེ། དཔེར་ན་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དེ་དག་ཉིད་ལྟ་བུ་ཡིན་ལ། གཟུགས་ལ་སོགས་པ་འདུ་བྱེད་རྣམས་ཀྱང་འཇིག་པའི་རྒྱུ་ལ་མི་བལྟོས་པ་ཡིན་ནོ། །རང་གི་ངང་གིས་འཇིག་པ་ནི། འཇིག་པའི་རྒྱུ་ལ་མི་བལྟོས ་པ་ཙམ་དང་འབྲེལ་པ་ཡིན་པས། རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལྟར་སློབ་དཔོན་གྱིས་གཞན་གྱིས་སྦྱར་བའི་གཏན་ཚིགས་གཉིས་པ་ཡང་རྒྱ་ཆེར་སུན་ཕྱུང་བ་དང། ཡང་སྐད་ཅིག་པར་མ་ཡིན་པར་སྨྲ་བ་གཞན་དག་འགྲོ་བ་རབ་ཏུ ་སྒྲུབ་པའི་ཕྱིར་འོ་ན་དེ་གཞན་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཞན་སེམས་སོ། །འདི་སྐད་དུ་རྒྱུ་ཡོད་ན་ནི་དེ་ཡོད་ན་འབྱུང་བ་ཉིད་ཀྱིས། དེ་ལས་རག་ལས་བའི་ཕྱིར་ཡུལ་གཞན་དེར་གཞན་སྐྱེ་བར ་རྟག་པ་ཞིག་ན་གང་གི་ཚེ། རྒྱུ་དེ་ཉིད་མེད་པ་དེའི་ཚེ་དེ་མེད་པའི་ཕྱིར་ཇི་ལྟར་གཞན་སྐྱེ་བར་འགྱུར། དེ་བས་ན་དེ་ཉིད་འཕོ་བར་མངོན་ནོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་རྒྱུ་དང་བྲལ་བ་དེ་ནི་འབྱུང་བ་མེད་དེ། དཔེར་ན་བོང་བུའི་རྭ་ལྟ་བུ་ཡིན་ལ། ཡུལ་གཞན་ན་གནས ་པའི་དངོས་པོ་ཡང་རྒྱུ་དང་བྲལ་བ་ཡིན་ནོ། །དེ་ནི་རྒྱུ་ལ་རག་ལས་པའི་ཕྱིར་དེ་མེད་ན་དེ་ཡང་མེད་པས། རྒྱུ་མེད་དམིགས་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལྟར་གཞན་དག་གིས་ཕྱོགས་སྔ་མ་བཙུགས་པ་དང། འདིར་སློབ་དཔོན་གྱི་གཏན་ཚིགས་མ་ངེས ་པ་ཉིད་དུ་བསྙད་པའི་ཕྱིར། སྔ་མ་ནི་ཕྱི་མ་སྐྱེ་བའི་རྒྱུ་ཡིན་པས་ཡོད་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ལོགས་ཤིག་ན་རྒྱུ་གཞན་མེད་དུ་ཆུག་ན་ཡང་དངོས་པོ་ཡུལ་གཞན་ན་གནས་པའི་སྐལ་བ་མཉམ་པའི ་རྒྱུ་སྐད་ཅིག་མ་སྔ་མས་བསྡུས་པ་ཡིན་པ་ན། འདི་ལྟར་དེ་རྒྱུ་བ་མེད་པར་ཁོང་དུ་ཆུད་པར་བྱའོ། །འདི་སྐད་དུ་འདིར་གཞན་ནི་ནི་དོན་དེ་གསལ་བར་བྱ་བའི་ཕྱིར་རོ། །དེ་བས་ན་འཕོ་བའི་མཚན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། ། ་འཕོ་བའི་མཚན་ཉིད་ཀྱི་འགྲོ་བ་ཞེས་བྱ་བ་འགའ་ཡང་མེད་དོ་ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། བར་ཆད་མེད་པར་ཡུལ་གཞན་དུ་འབྱུང་བ་ལ་འགྲོ་བ་བཏགས་པར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་ཡང་དངོས་པོ་གནས་ན་འགྲོ་བ་མེད། ་ཅེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་དངོས་པོ་རྣམས་ཀྱི་འགྲོ་བ་མེད་པར་ཁོང་དུ་ཆུད་པར་བྱའོ། །འདི་སྐད་དུ་འདིར་གཞན་ནི་འདི་ལྟ་སྟེ། དངོས་པོ་གནས་པ་འམ་མི་གནས་པ་ཞིག་ལ་འགྲོ་བ་ཡོད་དོ་སྙམ་དུ་དེ་ཙམ་ཞིག་གི་རྟོག་པ་འབྱུང་བར ་འགྱུར་གྲང་ན། དེ་ལ་རེ་ཤིག་གནས་པ་ལ་འགྲོ་བ་མེད་དོ། །གནས་པ་དང་འགྲོ་བ་ཕན་ཚུན་དུ་འགལ་བའི་ཕྱིར་རོ། །འོ་ན་མི་གནས་པ་ལ་ཡོད་དོ་ཞེ་ན། དེ་ཡང་མེད་དེ། འགྲོ་བ་མེད་པར་ནི་མི་གནས་པ་དེ་ཉིད་མི་སྲིད་དོ། །ཅིའི་ཕྱིར་འགྲོ་བ་མི་སྲིད་ཅེ་ན ་དེ་ནི་འགྲོ་བ་མེད་དང་རྟག་ཏུ་གནས་ཞེས་བྱ་བས་བསྟན་ཏོ། །དེ་ལྟར་སློབ་དཔོན་གྱིས་སྐད་ཅིག་རེ་རེ་ལ་འདུ་བྱེད་རྣམས་འབྱུང་བར་རབ་ཏུ་བསྒྲུབས་པ་དང། མངོན་པར་ཞེན་པའི་ཕྱིར། གལ་ཏེ་ལྟ་ཡིན་ན་ཞེས་བྱ་བ་ལ ་སོགས་པས་ཡང་རྒོལ་བར་བྱེད་དོ། །གཞན་ན་སྣང་བ་དེ་ཅི་ཡིན་ཞེས་བྱ་བ་ནི་དེ་ཉིད་སྣང་ངེ་ཞེས་བསམས་པའོ། །དེ་ཉིད་སྣང་བ་ནི་མ་ཡིན་ཞེས་བྱ་བ་ནི་སློབ་དཔོན་གྱིས་འགོག་པར་མཛད་པའོ། །འོ་ན་ཅེ་ཞེ་ན་ཞེས་ཟེར་བ་ནི་གཞན་ནོ། །ཡུལ་དང་ཡུལ་དུ་ཞེས་བྱ ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །གསར་དང་གསར་ཅི་ཞེ་ན། སྣང་ངོ་ཞེས་བྱ་བར་སྦྱོར། ཅི་དང་འདྲ་ཞེ་ན། དེའི་ཕྱིར་རྩཝ་མེ་ལྟ་བུ་འམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་ཇི་ལྟར་ཁྱད་པར་མངོན་པར་མི་རྟོག་པའི་ཕྱིར། མེ་འབར་བ་ན ་མེད་དེ་ཉིད་འགྲོ་ཞེས་མངོན་པའི་ང་རྒྱལ་འབྱུང་བ་བཞིན་དུ་མི་འགྲོའོ། །གྲིབ་མ་འགྲོའོ་སྙམ་དུ་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར། དོན་དམ་པར་མེ་འབར་བ་དང། གྲིབ་མ་ལ་འགྲོ་བ་མེད་དོ། །གཟུགས་ལ་སོགས་པ་འདུ་བྱེད་སྐད་ཅིག་རེ་རེ་ལ་གཞན་འབྱུང་བ ་དག་ལ་ཡང་དེ་བཞིན་དུ་འདོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །མངོན་ཞེས་པའི་ཕྱིར་མེ་འབར་བའི་འགྲོ་བ་ལྟ་མངོན་པའི་ང་རྒྱལ་དུ་ཆུག་ན། གྲིབ་མ་ནི་གཟུགས་ལ་སོགས་པ་བཞིན་དུ་བརྩད་པ་ཡིན་པའི་ཕྱིར། ཇི་ལྟ་བུ་ཡིན་སྙམ་དུ ་དོགས་པས། གྲིབ་མ་ཡང་སྐད་ཅིག་པ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར། གྲིབ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་ལྡན་པ་ཞེས་བྱ་བ་ནི་གྲིབ་མ་དང་ལྡན་པའི་མི་ལ་སོགས་པའོ། །དེ་སྐྱེ་བ་དང་འགྲིབ་པ་དང། འགྱུར་བར་སྣང ་བའི་ཕྱིར་ཞེས་བྱ་བ་ནི། གྲིབ་མ་སྐྱེ་བ་དང། འགྲིབ་པ་དང། འགྱུར་བར་སྣང་བའི་ཕྱིར་རོ། །འདི་སྐད་དུ་ཉི་མ་ཐག་རིང་ན་གྲིབ་མ་སྐྱེ་བར་སྣང། ཉེ་ན་གྲིབ་མ་འགྲིབ་པར་སྣང། འགྱུར་བས་ནི་འགྱུར་བར་སྣང་བ་ཡིན་ནོ། །གལ་ཏེ་གྲིབ་མ་ཡུལ ་གཞན་དུ་འཕོན། དེ་ནི་ངོ་བོ་གཅིག་པ་ཡིན་པའི་ཕྱིར་ཇི་ལྟར་ན་གྲིབ་མ་དང་ལྡན་པའི་མི་ལ་སོགས་པ་འདུག་བཞིན་དུ། དེ་ཉི་མ་འགྱུར་བའི་རྗེས་སུ་འགྱུར་བ་བསྟེན་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །རྒོལ་བ་གང་ཞིག་གྲིབ་མ་ཡུལ་གཞན་དུ་འཕོ་བ་ཉིད ་ཡིན་གྱི། འབྱུང་བ་ནི་མ་ཡིན་པར་ལྟ་བ་དེའི་ལྟར་ན་དེ་ནི་གཅིག་པ་ཉིད་ཡིན་པའི་ཕྱིར་སྐད་ཅིག་པ་ཡང་མ་ཡིན་ན་དེའི་ཅིའི་ཕྱིར་དེ་དང་ལྡན་པ་འདུག་བཞིན་དུ་ཞེས་བྱ་བའི་ཁྱད་པར་སྨོས། དེ་ལ་ནི་གནས་འགྱུར་བས་ཀྱང་འགྱུར་བ་ཡོད་པར་མི་སྲིད་དོ། ་ཞེ་ན་དེ་ནི་བདེན་ཏེ་འོན་ཀྱང་རྫས་མ་དང། འབྲུ་མར་བཞིན་དུ་དེ་ལ་བརྟེན་པ་དེ་ཙམ་གྱིས་གནས་ཀྱི་དབང་གིས་གྲིབ་མ་དེ་འགྱུར་བ་ཡིད་དུ་ནི་ཆུག་ན། དེ་དང་ལྡན་པར་འདུག་བཞིན་དུ་དེ་གཅིག་པར་ཡིན་པའི་ཕྱིར་ཉི་མའི་འགྱུར་བས་འགྱུར་པར ་ནི་མི་རུང་ངོ་ཞེས་ཞལ་གྱིས་བཞེས་ནས་བཤད་དོ། །སྙམ་དུ་དགོངས་པ་ཡིན་ནོ། །སྣང་བའི་ཕྱོགས་གཞན་དུ་བསྒྲིབས་ན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། གྲིབ་མ་དེ་ཉིད་ཡུལ་གཞན་དུ་སྣང་བ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱོར ་རོ། །དགོངས་པ་ནི་གལ་ཏེ་གྲིབ་མ་དེ་ཉིད་ཡུལ་གཞན་དུ་འཕོ་ན། འོ་ན་ནི་རེ་ལྡེ་དང། རྩིག་པ་ལ་སོགས་པས་སྣང་བའི་ཕྱོགས་གཞན་དུ་བསྒྲིབས་ན་དེ་འབྱུང་བར་དམིགས་པར་མི་འགྱུར་གྱི། འོན་ཀྱང་ཐམས་ཅད་དུ་དམིགས་པ་ཁོ་ནར ་འགྱུར་ཏེ། དེ་ནི་སྣང་བའི་ཕྱོགས་མ་བསྒྲིབས་པ་གཞན་དུ་ཡང། འཕོ་བར་ཁྱད་པར་དུ་མེད་པའི་ཕྱིར་རོ། །དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བའི་ཕྱིར་གྲིབ་མ་ཡང་མེ་འབར་བ་དང། ཚུལ་འདྲ་བར ་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་འདུ་བྱེད་རྣམས་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་བསྒྲུབས་ནས། སློབ་དཔོན་གྱིས་རྒོལ་བ་གཞན་གྱིས་སྨྲས་པ་ལས་ཡང། གང་ཞིག་ཅེས་བྱ་བ་ལ་སོགས་པ་སླ་ཆོས་ཀྱིས་རྩིས ་མགོས་བསྒྲེ་བར་མཛད་དོ། །གང་ཞིག་ཅས་བྱ་བ་ནི་རྒོལ་བའོ། །བརྩད་པ་ཞེས་བྱ་བ་ནི་བརྒལ་བ་སྟེ། སྐད་ཅིག་པར་སྨྲ་བས་ཞེས་བྱ་བ་ཚིག་གི་ལྷག་མའོ། །ཇི་ལྟར་བརྒལ་ཅེ་ན། དེའི་ཕྱིར་འདི་ག་ལས་ཞེས་བྱ་བ་ལ ་སོགས་པ་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་ཡུལ་གཞན་ན་སྣང་བ་གང་ཡིན་པའོ། །དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་མཐོང་བ་གང་ཡིན་པ་ཞེས་བྱ་བ་ཚིག་གི་ལྷག་མའོ། །འདི་ག་ལས་ཞེས་བྱ་བ་ནི་ཅིའི་ཕྱིར་རོ། །ཕྱིས་རྒོལ་བར་འགྱུར ་བཞེས་བྱ་བ་ནི། སྐད་ཅིག་པར་སྨྲ་བ་དེ་ཉིད་ལ་དེ་རྩོད་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཉིད་ཁུངས་ཡིན་ནོ་ཞེས་བྱ་བ་ནི། བཤད་མ་ཐག་པ་དེ་ཉིད་གཞན་དུ་འགྱུར་བའི་ཡིད་ཆེས་བར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི ་ཐ་ཚིག་གོ་།དེ་ཅི་ཞེ་ན། དེའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་ཆོས་བྱེད་ལས་སྐྱེ་བ་རྣམས་ཀྱི་ཕྱི་རོལ་གྱི་རྐྱེན་ཐ་དད་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་མེ་ལ་སོགས་པ་ཕྱི ་རོལ་གྱི་རྐྱེན་རྣམས་ནི། སྐད་ཅིག་པ་མ་ཡིན་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐ་དད་མེད་དོ། །གལ་ཏེ་ཡང་དེ་དང་ཕྲད་མ་ཐག་ཁོ་ནར་བུ་མ་པ་ལ་སོགས་པ་སྔོན་གྱི་གཟུགས་འཇིག་པས་ཕྱི་མའི་གཟུགས་ཀྱི་ཁྱད་པར་འབྱུང་བར ་མི་འགྱུར་ན་ནི་ཕྱིས་ཀྱང་མི་འགྱུར་ཏེ། རྐྱེན་རྣམས་ནི་སྔ་མ་བཞིན་སྔོན་གྱི་རང་བཞིན་མ་གཏང་བའི་ཕྱིར་རོ། །དེ་ལྟ་ཡང་ཡིན་ཏེ་འོན་ཀྱང་ཁྱད་པར་དམིགས་སོ། །དེ་ལྟ་བས་ན་ཕྱི་མའི་ཁྱད་པར་གཟུང་བ་འདི་ཉིད་ཆོས་བྱ་དང། ཆོས་བྱེད་ཀྱི ་རྫས་རྣམས་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བའི་ཁུངས་ཏེ། གཏན་ཚིགས་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །གཞན་ཡང་རེ་ཞིག་དེད་ཀྱིས་གཞན་དུ་འགྱུར་བའི་གཏན་ཚིགས་རྒྱ་ཆེར་བཤད་ཟིན་མོད་ཀྱིས་ཁས ་བླངས་ཏེ། ཡང་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་འགྱུར་བའི་ཞེས་བྱ་བ་ནི་གཞན་དུ་འགྱུར་བར་བསྒྲུབ་པར་བྱ་བའི་འོ། །ཁུངས་མེད་པས་ཞེས་བྱ་བ་ནི་གཏན་ཚིགས་མེད་པས་སོ། །དངོས་པོར་རྟོག་པར་བྱེད་ན་ཞེས་བྱ་བ་ནི ་དེ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི་དངོས་པོ་སྟེ། གང་ལས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ཤེས་པའི་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་ཉིད་ཀྱི་དངོས་པོ་ནི་དེའི་དངོས་པོ་སྟེ། གནས་པའི་འགྲོ་བ་ནི་དངོས་པོའོ་ཞེས་བྱ་བའི་ཐ་ཚིག་གོ། དེའི་དངོས་པོ ་ཡིན་པའི་ཞེས་བྱ་བ་ནི་རང་བཞིན་གཅིག་པའི་དངོས་པོ་སྟེ། རང་བཞིན་ཐ་མི་དད་པའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པར་བྱེད་དོ། །གང་གི་ཕྱིར་ཅི་གཅིག་པ་ཉིད་ཡིན་ནམ། འོ་ན་ཏེ་གཞན་དུ ་འགྱུར་བ་ཉིད་ཡིན་ཞེས་ཐེ་ཚོམ་ཟ་སྟེ། ཁུངས་མེད་པའི་ཕྱིར་རོ། །དེ་བས་ན་གཉི་གར་ངེས་པར་མི་གཟུང་བར་ཐལ་བར་འགྱུར་བས་ཞེས་བྱ་བ་ནི། ཕྱོགས་གཉི་གར་ངེས་པར་མི་བཟུང་བར་ཐལ་བར་འགྱུར་བ་སྟེ། དེའི་དངོས་པོ་འམ། གཞན་དུ ་འགྱུར་བའི་དངོས་པོར་ངེས་པར་གཟུང་དུ་མེད་པར་ཐལ་བར་འགྱུར་པས་སོ། །དེ་ཡང་འདོད་པ་མ་ཡིན་ཏེ། དངོས་པོ་གཅིག་ལ་དེའི་དངོས་པོ་དང་གཞན་དུ་འགྱུར་བའི་དངོས་པོ་ཕན་ཚུན་འགལ་བདག་དང་ལྡན་པ་ནི་མ་ཡིན་ནོ། །འཕོ་བ་ནི་མ ་གྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་འཕོ་བ་ནི་གཏིང་མི་ཚུགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། སྦྱོར་བ་ནི་གང་དང་གང་དག་སྐད་ཅིག་པ་ཡིན་པ་དེ་དང་དེ་དག་ལ་ཡུལ་ག་ཞན་དུ་འཕོ་བ་མེད་དེ། དཔེར་ན་མེ་འབར་བ་དང། ་གྲིབ་མ་ལ་སོགས་པ་ལྟ་བུ་ཡིན་ལ། གཟུགས་ལ་སོགས་པ་འདུ་བྱེད་རྣམས་ཀྱང་སྐད་ཅིག་མ་ཡིན་པས་ཁྱབ་པར་བྱེད་པ་འགལ་བར་དམིགས་པའོ། །འདི་ལྟར་སྐད་ཅིག་པ་དང། སྐད་ཅིག་པ་མ་ཡིན་པ་ནི་ཕན་ཚུན་སྤངས་ཏེ། གནས ་པ་འགལ་བ་ཡིན་ལ། འཕོ་བ་ཡང་སྐད་ཅིག་པ་མ་ཡིན་པས་ཁྱབ་པའི་ཕྱིར། དེ་དང་འགལ་བ་སྐད་ཅིག་པ་དམིགས་པ་ན། སྐད་ཅིག་མ་ཡིན་པ་ལྡོག་གོ། དེ་ལོག་ན་དེས་ཁྱབ་པར་བྱ་བའི་ཕོ་བ་ཡང་ལྡོག་པར ་འགྱུར་རོ། དེ་ལྟར་སློབ་དཔོན་གྱིས་རྒྱ་ཆེར་འགྲོ་བ་རྣམ་པར་རིག་བྱེད་མ་ཡིན་ནོ། ཞེས་འཕགས་བ་མད་པོས་བཀུར་བའི་སྡེ་པ་དག་གི་ཕྱོགས་སུན་ཕྱུང་བ་དང། འདིར་མདོ་སྡེ་པའི་ཁྱད་པར་རྣམས་ལས། ཉི་མ་འཆར་ཀ་བ་ཞེས་བྱ་བ་ལ་ལ་དག ་ཆོས་གཞན་གྱི་རང་བཞིན་ཞིག་རྣམ་པར་རིག་བྱེད་ཡིན་པར་བརྗོད་པས་ན། ཉི་མ་འཆར་ཀ་པ་དག་ན་རེ་ཞེས་བྱ་བ་སོགས་པ་སྨོས་ཏེ། ཉི་མ་འཆར་ཀ་པ་དག་ན་རེ་ཞེས་བྱ་བ་ནི། གནས་བརྟན་གཞན་ནུ་ལེན་གྱིས་བྱས་པའི་བསྟན་བཅོས་ཉི་མ ་འཆར་ཀ་ཞེས་བྱ་བ་དེ་ཐ་སྙད་བརྗོད་པ་གང་དག་ཡིན་པ་དེ་དག་ནི་ཉི་མ་འཆར་ཀ་པ་དག་གོ། གལ་ཏེ་ཁ་ཅིག་ན་རེ་འོན་ཀྱང་འདུ་བྱེད་རྣམས་ནི་རང་བཞིན་གྱིས་འཇིག་པའི་ཕྱིར་འཕོ་བ་མེད་ལ། དེས་ན་དེ་མེད་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང ་མེད་ན། འཇིག་རྟེན་ན་འགྲོ་བའི་ཐ་སྙད་དམ། རྣམ་པར་རིག་བྱེད་ཀྱི་ཐ་སྙད་ཇི་ལྟར་འབྱུང་ཞེས་ཟེར་བ་འདིས་དོགས་ནས་དེའི་ཕྱིར་ཡུལ་གཞན་དུ་འབྱུང་བའི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས། ཡུལ་གཞན་དུ་འབྱུང་པའི་རྒྱུ་ཞེས་བྱ ་བ་ནི། ཡུལ་གཞན་དུ་འདུ་བྱེད་རྣམས་འབྱུང་བ་གང་ཡིན་པ་དའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། དེ་གང་ཞེ་ན། དེའི་ཕྱིར་ཆོས་གཞན་ཞེས་བྱ་བ་སྨོས་ཏེ། རང་བཞིན་གཞན་དང་དངོས་པོ་གཞན་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་རྒྱུ་ཅི་ལས ་འབྱུང་བ་ཞིག་ཡིན་ཞེ་ན། དེའི་ཕྱིར་སེམས་ཀྱི་ཁྱད་པར་གྱི་རྒྱུ་ཅན་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་ཁྱད་པར་ནི་དེ་འདོད་པས་རབ་ཏུ་བཅུག་པའི་སེམས་སོ། །ཆོས་གཞན་གང་ལ་རྒྱུ་དེ་ཡོད་པ་དེ་ནི་ཆོས་གཞན ་སེམས་ཀྱི་ཁྱད་པར་གྱི་རྒྱུ་ཅན་ནོ། །དེ་ལྟ་བུར་གྱུར་བ་དེ་ཡུལ་གང་དུ་འབྱུང་ཞེ་ན། དེའི་ཕྱིར་ལག་པ་ལ་སོགས་པ་ལ་ཞེས་བྱ་བ་སྨོས་སོ། །དེ་ནི་འགྲོ་བཞེས་ཀྱང་བྱ། རྣམ་པར་རིག་བྱེད་ཅེས་ཀྱང་བྱའོ་ཞེས་བྱ་བ་ནི། དེ་ལྟ་བུའི་རྣམ་པའི ་ཆོས་གཞན་དེ་ཉིད་ནི། འཇིག་རྟེན་ན་འགྲོ་བ་འམ། རྣམ་པར་རིག་བྱེད་ཅེས་བྱའི། དེ་ལ་མ་གཏོགས་པའི་ཡུལ་གཞན་དུ་འབྱུང་བར་བྱེད་པ་གཞན་དང། དེའི་འབྲས་བུར་གྱུར་པ། གཞན་ནི་འགལ་ཡུལ་མེད་དོ། །ཞེས་བྱ་བའི་ཐ ་ཚིག་གོ། འོ་ན་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཆོས་གཞན་སུན་དབྱུང་བ་གསུངས་པ་ཡིན་ནོ། །འདི་སྐད་དུ་གལ་ཏེ་ཆོས་གཞན་དེ་གཟུགས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ན། གཟུགས་ཀྱི་སྐྱེ་མ་ཆེད་ནི་ལྟ་བར་བྱ་བ་ཡིན་པའི ་ཕྱིར། དེར་གཏོགས་བ་དེ་ཡང་ཁ་དོག་བཞིན་དུ་མཐོང་བར་འགྱུར་རོ། །དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་མེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །སྔར་དབྱིབས་བསལ་བའི་ཚད་མའི་དོན་གང་དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ ་པ་ལ་སོགས་པ་བསྟན་བ་དེ་ཉིད་འདིར་ཡང་སྦྱར་བར་བྱའོ། །གལ་ཏེ་མངོན་པར་ཞེན་པའི་ཕྱིར་གཞན་དག་ན་རེ། གལ་ཏེ་གཟུང་བ་མ་ཡིན་དུ་ཆུག་ན། ཆོས་གཞན་དེ་གཟུང་བར་བྱ་བ་མ་ཡིན་ཡང་ཡོད་པ་མ་ཡིན་ནོ་ཞེས་ཟེར་དུ་དོགས་ནས། ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུང་ས་ཏེ། གཞན་ལ་རྣམ་པར་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་ཅེས་བྱ་ན། དེ་ཇི་ལྟར་གཞན་ལ་རྣམ་པར་རིག་པར་བྱེད་པར་འགྱུར་ཏེ། གལ་ཏེ་གཟུང་བ་ཞིག་སྲིད་ན་ནི་འགྱུར་རོ། །གང ་གི་ཆོ་དེ་ལ་བཟུང་བ་ཉིད་མེད་པ་དེའི་ཚེ། ཇི་ལྟར་གཞན་ལ་རྣམ་པར་རིག་པར་བྱེད་པར་འགྱུར་སྙམ་དུ་དགོངས་པའོ། །གཞན་ཡང་ཁྱེད་ཀྱིས་དེ་ཡོད་པར་ཡང་ཚད་མས་ངོ་བོ་དམིགས་ཀྱིས་མ་ཕྱེ་བཞིན་དུ། ཇི་ལྟར་ཁོང་དུ་ཆུད་བར ་གཞན་འདི་ཡང་བརྗོད་པར་འོས་ཏེ། ཆོས་གཞན་དེ་ཇི་ལྟར་ཡོང་ཅེས་བྱ་བའི་ཐ་ཚིག་གོ། ཅིས་ཏེ་གཞན་དག་ཆོས་གཞན་དེ་དབང་པོ་ལས་འདས་པའི་ཕྱིར་མངོན་སུམ་གྱི་ཚད་མས་ཁོང་དུ་ཆུད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་འབྲས་བུ་རྗེས ་སུ་དཔག་པས། ཁོང་དུ་ཆུད་བར་བྱ་བར་འགྱུར་རོ་སྙམ་དུ་སམས་ཤིང་དེ་ཉིད་བསྟན་པའི་ཕྱིར། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་ཏེ། འདི་སྐད་དུ་གལ་ཏེ་ཆོས་གཞན་མེད་ན། དེ་མེད་པར་ཡུལ་གཞན་དུ་ལུས་འབྱུང་བར་ཇི་ལྟར་འགྱུར་ཏེ། ་དེ་བས་ན་ཡུལ་གཞན་དུ་ལུས་འབྱུང་བའི་རྒྱུར་གྱུར་པ། ཆོས་གཞན་ཞིག་ཡོད་པར་ཁས་བླངས་པར་བྱའོ། ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དེ་སྔོན་དུ་སོང་བ་ཡིན་ཏེ། དཔེར་ན་ས་བོན་ཡོད་ན་མྱུ་གུ ་འབྱུང་བ་ལྟ་བུ་ཡིན་ལ་ཡུལ་གཞན་དུ་ལུས་འབྱུང་བ་ཡང་ཆོས་གཞན་ཡོད་ན་འབྱུང་བར་འགྱུར་བ་ཡིན་ནོ། །རྒྱུ་དེ་སྔོན་དུ་སོང་བ་ཅན་དེ་ནི་དེ་ཡོད་ན་འབྱུང་བ་ཙམ་དུ་འགྱུར་བའི་ཕྱིར། རང་བཞིན་གྱི་གཏན་ཚིགས་ཡིན ་ནོ་སྙམ་དུ་ཉི་མ་འཆར་ཀ་བ་དག་སེམས་སོ། །དེ་ལྟར་གཞན་དག་གིས་ཚད་མ་བཙུགས་པ་དང། འདིར་སློབ་དཔོན་གྱིས་གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། སེམས་ཀྱི་ཁྱད་པར་ལས་སྐྱེད་པའི་རླུང ་གི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་དེ་ཡོད་ན་འབྱུང་བ་ཉིད་ཀྱིས་རྒྱུ་ཆོས་གཞན་སྔོན་དུ་སོང་བ་ཉིད་དུ་བསྒྲུབ་པར་བྱ་བ་དེ་ཡང་ནམ་ཞིག་ན་རུང་བར་འགྱུར་ཏེ། གལ་ཏེ་དེ ་ཡོད་ན་འབྱུང་བ་ཉིད་དེ། ཁོ་ན་གྲུབ་ན་ནི་རུང་བར་འགྱུར་བ་ཞིག་ན་ལོན་ཀྱང་དེ་ནི་མ་གྲུབ་སྟེ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཁོ་ནས་ཡུལ་གཞན་དུ་ལུས་འབྱུང་བར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན ་ནོ། །འདི་ལྟ་སྟེ་ཡུལ་གཞན་དུ་ཞེས་བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་དང་འཐུན་པའི་མིང་བསྟན་པའི་སྒོ་ནས་གཞུང་འཛུགས་པར་མཛད་དོ། །རྩཝ་དང། ལོ་མ་ལ་སོགས་པའི་ཇི་ལྟར་འགྱུར་ཞེ་ན། ཞེས་བྱ་བ་ཅི་ཞེ་ན། ཡུལ་གཞན་དུ ་འབྱུང་བའི་རྒྱུ་ཞེས་བྱ་བར་སྦྱར་རོ། །འདིས་ནི་གཞན་དག་གས་རླུང་གི་ཁམས་ལས་འཁྲུལ་བ་ཡོད་བར་བསྟན་པ་ཡིན་ཏེ། ཁྱོད་ཡུལ་གཞན་དུ་དངོས་པོ་འབྱུང་བའི་རྒྱུ་ནི་རླུང་གི་ཁམས་ཡིན་པར་འདོད་ལ། རྩཝ་དང་ལོ་མ་ལ་སོགས་པ་ལ་ནི་ཁྱོད་ཀྱི ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །གཡོ་བར་བྱེད་པ་དང། འཕེན་པར་བྱེད་པ་དང། ཕྲད་པའི་རླུང་གི་ཁམས་ལས་སོ་ཞེས་བྱ་བ་ནི་ཅི་ཞེ་ན། རྩ་དང། ལོ་མ་ལ་སོགས་པའི་ཡུལ་གཞན ་དུ་འབྱུང་ངོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ནོ། །དེ་ལ་གཡོ་བར་བྱེད་པ་ནི་འགུལ་བ་སྟེ། གང་ལ་ལ་ཞིག་གིས་གནས་པ་སྐྱོད་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། འཕེན་པར་བྱེད་པ་ནི་རྡེགས་པར་བྱེད ་བ་སྟེ། ཤུགས་དང་ལྡན་པས་རྫས་དང་སྤྱོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེ་གཉིས་ལས་བྱུང་བའི་རླུང་གི་ཁམས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་ཚིག་བསྡུའོ། །དོན་ནི་གལ་ཏེ་ངེད་ཡུལ་གཞན་རུ ་སྐྱེ་བ་ཐམས་ཅད་ཀྱི་རྒྱུ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཁོ་ན་ཡིན་པར་སྨྲ་ན་ནི། དེའི་ཚེ་རྩ་དང་ལ་མ་ལ་སོགས་པ་ལ་ཇི་ལྟར་འགྱུར་ཞེས་འཁྲུལ་པར་འགྱུར་ན། འོན་ཀྱང་ཇི་ལྟར་སྲིད་པར་སྨྲ་སྟེ། ཁ་ཅིག ་ཏུ་ནི་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་ཡིན་ལ། ཁ་ཅིག་ལ་ནི་གཡོ་བར་བྱེད་པ་ལ་སོགས་པ་དང། ཕྲད་པ་ཡིན་བས་དེའི་ཕྱིར་འགལ་བ་མེད་དོ་ཞེས་བསྟན་པ་འདི་ཡིན་ནོ། །ཡང་ན་གང་ལས་ཞེས་བྱ་བ་ནི་རྒྱུ་རླུང་གི་ཁམས ་ལས་སོ། །འགྲོ་བ་འབྱུང་བར་འདོད་པ་ཞེས་བྱ་བ་ནི་ཆོས་བཞིན་གྱི་རང་བཞིན་གྱི་འགྲོ་བ་འབྱུང་བར་འདོད་པ་ཞེས་བྱ་བའི་ཐ་ཆིག་གོ། །དེ་ཉིད་ལས་ཞེས་བྱ་བ་ནི་ཆོས་གཞན་འབྱུང་བའི་རླུང་གི་ཁམས་ཁོ་ན ་ལས་ཞེས་བྱ་བའི་ཐ་ཚིག་གོ། ནུས་བ་དམིགས་ཀྱིས་མ་ཕྱེ་བ་ཅན་གྱི་འགྲོ་བ་བརྟགས་ཏེ་ཅི་ཞིག་བྱ་ཞེས་བྱ་བ་ལ། འགྲོ་བ་གང་ལ་ཚད་མས། དམིགས་ཀྱིས་མ་ཕྱེ་ཞིང་ངེས་པར་མ་བྱས་པའི་ནུས་པ་སྟེ། བྱེད་པ་ཡོད་པ་དེ་ལ་དེ་སྐད ་ཅེས་བྱའོ། །དེ་ལྟ་བུ་བརྟགས་ཏེ་ཅེ་ཞིག་བྱ་སྟེ། དགོས་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་གཉིས་པའོ། །འོ་ན་ཡུལ་གཞན་དུ་ལུས་འབྱུང་བའི་རྒྱུ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་གཞན ་སུན་ཕྱུང་བའི་ཕྱིར་ཡང་ཉི་མ་འཆར་ཀ་པ་དག་ཕྱོགས་གཞན་སེམས་པ་ཡིན་ཏེ། འདི་སྐད་དུ་གལ་ཏེ་ཆོས་གཞན་གྱི་རང་བཞིན་མ་གྲུབ་པའི་ཕྱིར། རྣམ་པར་རིག་བྱེད་དུ་མི་རུང་བར་གྱུར་ན། འོ་ན་སེམས་ཀྱི ་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་དེ་ཉིད་ལུས་འགྱུང་བའི་རྒྱུ་ཉིད་དུ་འུ་བུ་ཅག་ལ་གྲགས་པའི་ཕྱིར། རྣམ་པར་རིག་བྱེད་དུ་འགྱུར་མོང་ཅེ་ན། ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་རིག་པར་མི་བྱེད་པར་ཞེས ་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་དགག་པ་མཛད་དོ། །རླུང་གི་ཁམས་ནི་རེག་བྱའི་སྐྱེ་མཆེད་ཡིན་བས། བལྟར་རུང་བ་མ་ཡིན་བའི་ཕྱིར། རྣམ་པར་རིག་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་རིག་བྱེད་ཀྱང་དེའི་རང ་བཞིན་ཡིན་ན། རྣམ་བར་རིག་བྱེད་པ་ལས་དེ་ཇི་ལྟར་རྣམ་པར་རིག་པར་བྱེད་པ་མ་ཡིན་བར་འགྱུར་ཞེས་དགོངས་པའོ། །གཞན་ཡང་རེག་བྱའི་སྐྱེ་མཆེད་དགེ་བ་དང། མི་དགེ་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དོ། ། ་ཤཱཀྱའི་སྲས་པོ་ཞེས་བྱ་བ་ལ། ཤཱཀྱ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་སྲས་པོ་ནི་དེའི་སློབ་མའོ། །དེ་རྣམས་ཀྱི་གང་ཡིན་པ་དེ་ནི་ཤཱཀྱའི་སྲས་པོའི་འོ། །ཤཱཀྱའི་སྲས་པོའི་མ་ཡིན་པའོ་ཞེས་བྱ་བ་ཚིག་བསྡུའོ། །དེ་ལྟ་བུ ་དེ་ཅི་ཡིན་ཞེ་ན་།དེའི་ཕྱིར་རེག་བྱའི་སྐྱེ་མཆེད་དགེ་བ་དང། མི་དགེ་བར་འདོད་པ་ཞེས་བྱ་བ་གསུངས་ཏེ། རླུང་གི་ཁམས་ནི་རེག་བྱའི་སྐྱེ་མཆེད་དུ་གཏོགས་པའི་ཕྱིར། གཅིག་ཏུ་མ་སྒྲིབས་ལ། ལུང་དུ་མ་བསྟན་པ་ཡིན་ལ། རྣམ་པར ་རིག་བྱེད་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །དེ་བས་ན་དེ་རླུང་གི་ཁམས་དེའི་རང་བཞིན་དུ་ཇི་ལྟར་འགལ་བ་དགེ་བ་ལ་སོགས་པ་ཉིད་ཡིན་པར་རུང་བར་འགྱུར་ཞེས་དགོངས་པའོ། །ཕྱོགས་སྔ་མས་སྨྲས་མ ་ཐག་པ་ཡང་རྒྱ་ཆེར་སུན་ཕྱུང་བ་དང། ཡང་ཉི་མ་འཆར་ཀ་པ་དག་འོ་ན་ཞེས་བྱ་བ་ལ་སོགས་པས། ཕྱོགས་གཞན་སེམས་པར་བྱེད་དེ། རླུང་གི་ཁམས་ནི་རྣམ་པར་རིག་པར་མི་བྱེད་པ་ལ་སོགས་པར་ཐལ་བར་འགྱུར་བར ་རྣམ་པར་རིག་བྱེད་དུ་མི་རུང་ན། ཡུལ་གཞན་དུ་ལུས་འབྱུང་བ་གང་ཡིན་པ་སེམས་ཀྱི་ཁྱད་པར་ལས་སྐྱེས་པའི་རླུང་གི་ཁམས་དེ་ཉིད་ཀྱིས་བསྐྱོད་པ་དེ་ཁོ་ན་སྐྱོན་མེད་པའི་ཕྱིར་རྣམ་པར་རིག་བྱེད་དུ་འགྱུར་རོ། ཞེས་བྱ་བའི་ཐ ་ཚིག་གོ་།རྣམ་པར་རིག་བྱེད་བརྟགས་པ་ཅན་ཡིན་གྱི། ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་སུན་ཕྱུད་བ་མཛད་པའོ། །ལུས་ནི་རྫས་དུ་མའི་བདག་ཉིད་ཡིན་བའི་ཕྱིར་རྣམ་པར་རིག་བྱེད་དེའི་རང་བཞིན་ཡིན་ན་རྫས་ཉིད་ཉམས་སོ ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་རྣམ་བར་རིག་བྱེད་ནི་རྣམ་པར་རིག་བྱེད་པ་མ་ཡིན་བར་ཡང་འགྱུར་ཏེ་ཞེས་བྱ་བ་ལ་སོགས་བ་སྐྱོན་གཞན་འདི་ཡང་ཡོད་དོ། །འདིར་ནི་དྲི་ལ་སོགས་པ་ཕྱོགས་གཅིག་གི་སྒོ་ནས། རྣམ་པར་རིག་པར་མི་བྱེད་པ་ཉིད་ཀྱི་སྐྱོན ་ཡིད་ཀྱི་གཟུགས་ཀྱི་སྒོ་ནས་ནི་མ་ཡིན་ཏེ། དེ་ནི་ལྟར་རུང་བའི་ཕྱིར་རོ། །དེ་ཉིད་གྱི་ཕྱིར། དྲི་ལ་སོགས་པས་ཞེས་བྱ་བ་གསུངས་སོ། །དྲི་ལ་སོགས་པའི་སྐྱེ་མཆེད་དགེ་བ་དང། ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འོ་ན་ཡང ་ཞེས་བྱ་བ་ལ་སོགས་པས་ནི། ཡང་དེ་དག་ཉིད་ཕྱོགས་གཞན་ལ་སེམས་པ་ཡིན་ནོ། །སློབ་དཔོན་གྱིས་ཕྱོགས་དེ་ཡང་མི་རུང་བའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པས་སུན་དབྱུང་བ་གསུངས་ཏེ། རང་གི་ས་བོན་དང། རླུང་གི་ཁམས་ཀྱིས་ཁྱད ་པར་ལས་ཞེས་བྱ་བ་ནི། ཁ་དོག་དེའི་རང་གི་ས་བོན་ནི་སྐད་ཅིག་སྔ་མས་བསྡུས་པ་སྐལ་པ་མཉམ་པའི་རྒྱུ་ཡིན་ནོ། རླུང་ཁམས་ནི་ཡུལ་གཞན་དུ་འབྱུང་བའི་རྒྱུ་སྟེ། ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། རང་གི་ས་བོན་དང། རླུང་གི་ཁམས་ནི། རང་གི་ས་བོན ་དང། རླུང་གི་ཁམས་དག་གོ་།དེ་ཉིད་ཀྱི་ཁྱད་པར་ནི། རང་གི་ས་བོན་དང། རླུང་གི་ཁམས་ཀྱི་ཁྱད་པར་ཏེ། དེ་ནི་དེ་ཁོ་ན་ལས་སྐྱེས་བ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཐོག་མར་ཡུལ་གཞན་དུ་བསྐྱོད་པར་བྱའོ། །སྙམ ་བའི་སེམས་འབྱུང་ལ། དེ་ལས་ནི་རྩོལ་བ་འབྱུང། རླུང་ལས་ཀྱང་ལག་པ་འབྱུང་བ་མ་ཡིན་ནམ། དེ་ཇི་ལྟར་ལག་པ་ལ་གནས་པའི་ཁ་དོག་སེམས་ཀྱི་ཁྱད་པར་ལས་སྐྱེས་པ་མ་ཡིན་ཞེ་ན། དེ་ནི་ཉེས་པ་མེད་དེ། འདི་ལྟར་གཞན ་གྱིས་དེ་ནི་དེའི་དབང་གིས་དགེ་བ་ལ་སོགས་པར་འགྱུར་རོ་ཞེས་མངོན་སུམ་གྱི་རྒྱུ་ཉིད་ཀྱིས། ཁ་དོག་སེམས་ཀྱི་ཁྱད་པར་ལས་སྐྱེས་པར་འདོང་ཀྱི་བརྒྱུད་པས་ནི་མ་ཡིན་པས་སོ། །ཁ་དོག་དགེ་བ་དང། མི་དགེ་བར་འདོད ་པ་ཞེས་བྱ་བ་ལ་སོགས་པ་གཟུགས་ཀྱི་སྐྱེ་མཆེད་ནི་དགེ་བ་ལ་སོགས་པར་འདོད་པའི་ཕྱིར། ཇི་ལྟར་དེར་རྟོགས་པའི་ཁ་དོག་དགེ་བ་ལ་སོགས་པའི་གཟུགས་མ་ཡིན་ཞེ་ན། བཤད་པ་འགལ་བ་མེད་དེ། འདི་ལྟར་ཀུན ་ནས་སློང་བའི་དབང་གིས་དེ་ལ་རྣམ་པར་རིག་བྱེད་དགེ་བ་ལ་སོགས་པའོ་ཞེས་བྱ་བས་དེའི་རང་བཞིན་གྱི་གཟུགས་ལ་དགེ་པ་བ་ལ་སོགས་པའི་གཟུགས་ཞེས་བྱའོ། །སྔོན་པོ་ལ་སོགས་པ་ཁ་དོག་གི་རང་བཞིན་གཅིག་ཏུ་མ་བསྒྲིབས ་ལ་ལུད་དུ་མ་བསྟན་པ་ནི་མ་ཡིན་ནོ། །འདས་མ་ཐག་པའི་ཕྱོགས་ཀྱང་སུན་ཕྱུད་བ་ཁོ་ནའི་ཕྱིར། ཁ་དོག་ལྟམ་ཡིན་ཡང་རུང་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཞན་སེམས་བ་ཡིན་ནོ། །ལྷ་རྣམས་དགའ་བ་ཞེས་བྱ་བ་ལ ་སོགས་པས་ནི་སློབ་དཔོན་གྱི་བསྟིང་ཚིག་གིས་སུན་འབྱིན་པར་མཛད་པའོ། །གཟུགས་ལ་སོགས་པ་བཞིན་དུ་ཡང་མ་མཐོང་ན་ཞེས་བྱ་བས་ནི་མངོན་སུམ་གྱི་ཚད་མས་གཟུང་པར་བྱ་བ་མེད་པར་སྟོན་ཏོ། །ནུས་པ་ཡང ་མ་མཐོང་ཞེས་བྱ་བས་ནི། རྒྱུ་དང་འབྲས་བུའི་ནུས་པ་མེད་པས་རྗེས་སུ་དཔག་པ་མེད་པར་སྟོན་ཏོ། །མི་མཐོང་ན་ནི་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་ནི་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་བལྟར་མི་རུང་བ ་ཉིད་དོ། །གལ་ཏེ་རྣམ་པར་རིག་བྱེད་ཀྱང་དེའི་རང་བཞིན་ཡིན་ན་ནི་དེ་ཡང་རྣམ་པར་རིག་པར་མི་བྱེད་པ་ཡིན་ཏེ་བལྟར་མི་རུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་ཁ་དོག་དགེ་བ་དང། མི ་དགེ་བ་ཉིད་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དོ། །ཁ་དོག་ནི་དེ་ལྟ་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །ཞེས་བྱ་བ་ནི་ཁ་དོག་དགེ་བ་དང། མི་དགེ་བར་འདོད་པ་འདི ་ཡང་ཤཱཀྱའི་སྲས་པོའི་མ་ཡིན་ནོ་ཞེས་བྱ་བ་འདས་མ་ཐག་འདིས་སོ། །འཇི་སྐད་དུ་འབྱུང་བ་ནི་ཁ་དོག་ལ་རག་ལས་པའི་ཕྱིར་དེའི་དབང་གིས་ནི། དགེ་བ་ལ་སོགས་པ་འགྱུར་ཡང་སྲིད་ན། གང་གི་ཚེ་བནདེ་ཉིད་དགེ་བ་ལ ་སོགས་པར་མི་སྲིད་པ་དེའི་ཚེ། འབྱུང་བ་དེ་ལྟར་ཇི་ལྟར་འགྱུར་ཞེས་བསྟན་པ་ཡིན་ནོ། །རྣམ་པར་རིག་བྱེད་རྒྱ་ཆེར་སུན་ཕྱུང་བ་དང། བྱེ་བྲག་ཏུ་སྨྲ་བ་པ་དག་ཕུགས་ཐུག་ནས་རྣམ་པར་རིག་བྱེད་མ་ཡིན་པ་ཙམ་ཞིར ་ཡོད་ན་ཡང་དྲག་གོ་སྙམ་ནས། འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཙམ་ཞིག་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སློབ་དཔོན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་སུན་དབྱུང་བར་བཞིད་ནས། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས ་རྒྱས་པར་དྲི་བས་རྒོལ་བར་མཛད་དོ། །སྡོམ་བ་ལ་སོགས་པའི་གཟུགས་ཆོས་ཀྱི་སྐྱེ་མཆེད་པ་མ་ཡིན་ནོ། །ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་པ་དག་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་རྣམ་པར་འཇོག་པར་བྱེད་པའོ། །སྡོམ་པ་ལ་སོགས་པ ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། སྡོམ་པ་མ་ཡིན་པ་ལ་སོགས་པ་བསྡུའོ། །ཇི་ལྟར་ན་འདོད་པ་ན་སྦྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་རིག་བྱེད་སུན་བྱུང་བའི་ཕྱིར་རོ། །འདོད་པ་མ་སྦྱོད་པ་ཞེས ་སྨོད་པ་ནི། གཟུགས་ན་སྤྱོད་པ་བཟློག་པའི་ཕྱིར་ཏེ། དེ་ནི་བསམ་གཏན་གྱི་སེམས་ལ་རག་ལུས་པའི་ཕྱིར་རྣམ་པར་རིག་བྱེད་གཞན་ལ་བལྟོས་བར་མི་བྱེད་དེ། འདི་ལ་རྣམ་པར་རིག་བྱེད་མེད་པ་ཡོད་པས་ན། རྣམ་པར་རིག་བྱེད་མེད ་པ་སྟེ། རྣམ་པར་རིག་བྱེད་ཡོད་པ་མ་ཡིན་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་ཡིན་ན་ཅིར་འབྱུང་ཞེ་ན། ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་བདག་གོས། །གལ་ཏེ་ཡིན་ན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རྣམ་པར ་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མ་ཡིན་པ་ཅན་ཡིན་ནའོ། །ཅིར་འགྱུར་ཞེས་བྱ་བ་ནི། སྐྱོན་ཅིར་འགྱུར་ཞེས་བྱ་བའོ། །སེམས་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་སྐྱོན་བརྗོད ་བར་མཛད་པའོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དཔེར་ན་གཟུགས་ན་སྤྱོད་པ་ལྟ་བུའི་ཞེས་བྱ་བ་གསུངས་སོ། །གལ་ཏེ་བྱེ་བྲག་ཏུ་སྨྲ་བ་དག་སྐྱོན་འདི་ནི་ཡོད་དུ་ཟད་དེ་ཁོ་བོ་ཅག་ཁས་ཀྱང་ལེན་ན། དེ་ལྟར་གྱུར་པ་ལ་སྐྱོན་གཞན་ཅིའོ ་ཅེས་ཟེར་དུ་དོགས་ནས། དེས་ན་ཞེས་བྱ་བ་ལ་སོགས་བ་གསུངས་ཏེ། སེམས་གཞན་དང་སེམས་མེད་པ་དག་ལ་ཞེས་བྱ་བ་ལ་དེ་ལ་སེམས་གཞན་དག་ནི་སྡོམ་པ་ལ་སོགས་པ་ལེན་པ་དགེ་བ་ལ་སོགས་པའི་སེམས་ལས་ལོགས་ཤིག་པ ་ནི་སེམས་གཞན་དག་གོ་།སེམས་མེད་པ་བ་དག་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་ཡོད་པ་མ་ཡིན་པའོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་མེད་པར་འགྱུར་རོ་ཞེས་བྱ་བ་ནི་འདིར་ཡང། དཔེར་ན་བསམ་གཏན ་གྱི་སྡོམ་པ་ལྟ་བུ་ཞེས་དཔེ་ཁོང་ནས་དྲད་པར་བྱའོ། །དུས་ཡོངས་སུ་བཟུང་བས་འཕངས་པའི་ཕྱིར་ཞེས་བྱ་བ་སོགས་པས་ནི། བྱེ་བྲག་ཏུ་སྨྲ་བ་པ་དག་གིས་ཐལ་བར་འགྱུར་བ་ལ་ལན་བཏབ་པ་ཡིན་ནོ། །འདི་སྐད་དུ་གལ ་ཏེ་དུས་ཀྱི་མཚམས་ཡོངས་སུ་འཛིན་པའི་སེམས་འཕེན་པར་བྱེད་པ་མིན་ན་ནི། དེའི་ཆེ་གཟུགས་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ། སེམས་གཞན་དང་སེམས་མེད་པ་དག་ལ་སྡོམ་པ་ལ་སོགས་པ་མེད་དོ ་ཞེས་བྱ་བར་ཐལ་བར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ཏེ། འོན་ཀྱང་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་གོ་སྙམ་པ་དེ་ནི་ཡོད་པས་ནའོ། །དེ་བས་ན་དེས་འཕངས་པའི་ཕྱིར། ཐལ ་ཆེས་བར་ག་ལ་འགྱུར་ཞེས་བསྟན་པ་ཡིན་ནོ། །སོ་སོར་ཐར་བའི་མདོ་བསྟན་པ་དང། ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་རྣམ་པར་རིག་བྱེད་མེད་པར་ཡང་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བར་རྟོགས་པར་བྱའོ། ། ་གལ་ཏེ་རྣམ་པར་རིག་བྱེད་སྔོན་དུ་སོང་བ་ཁོ་ན་ལས་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བ་ན། དེ་མེད་པར་སོ་སོར་ཐར་བའི་མདོ་བསྟན་པ་དང། ལྟུང་བ་བཅས་པས་དགེ་འདུན་སླུ་བར་བྱེད་པ་ལ་རྣམ་པར་རིག་བྱེད ་མ་ཡིན་པའི་རང་བཞིན་བརྫུན་དུ་སྨྲ་བའི་ཁ་ན་མཐོ་བ་ཇི་ལྟར་འབྱུང་སྙམ་བསམས་སོ། །འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས། སློབ་དཔོན་གྱི་སྐྱོན་གཞན་དུ་སྟོན་པར་མཛད་དོ། །རྣམ་པར་རིག ་བྱེད་མ་ཡིན་པ་རྣམ་པ་གཉིས་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་ཞེས་བྱ་བར་མཚན་ཉིད་གསུངས་པའི་ཕྱིར་ལུང་དུ་མ་བསྟན་པའི་སྐབས་མེད་དོ། །གཞན་ཡང་དེའི་སྐད་ཅིག་པའི་དགེ་བ་དང་མི་དགེ་བ་ཡང་རྣམ་པར་རིག་བྱེད་མ ་ཡིན་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ནི། རྗེས་སུ་འབྲང་བ་ཡིན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྗེས་འབྲངས་གང་ཞེས་བྱ་བར་མཚན་ཉིད་བསྟན་པའི་ཕྱིར་ན། སྐད་ཅིག་མ ་གཅིག་གིས་བསྡུས་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ལུས་དང་ངག་གི་ལས་གཟུགས་ཅན་ནི། ཇི་ལྟར་གཏགས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་ནི། །སློབ་དཔོན་ཉིད་ཀྱི་གསུངས་པ་ཡིན ་ཏེ། འདི་སྐད་དུ་བདག་ཅག་གིས་རྣམ་པར་རིག་བྱེད་འདི་ཅི་དབྱིབས་ཀྱི་བདག་ཉིད་ཡིན་ནམ། འོན་ཏེ་འགྲོ་བའི་བདག་ཉིད་ཡིན་ཞེས་བྱ་བ་དང། དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པར་ཇི་ལྟར ་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་འབད་པས་ཅི་ཞིག་བྱ་སྟེ། འོན་ཀྱང་རྣམ་པར་རིག་བྱེད་དམ། རྣམ་པར་རིག་བྱེད་མ་ཡིན་པ་འམ། གཞན་གྱི་ངོ་བོ་ཉིད་དུ་ལུས་དང། དག་གི་ལས་གཟུགས་ཅན་ནི་ཇི་ལྟར ་བརྟགས་ཀྱང་རུང་སྟེ། འོན་ཀྱང་དགེ་བ་ལ་སོགས་པ་ཉིད་དུ་མི་འགྲུབ་པ་ཁོ་ནའོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་འདིས་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་འདྲི་བར་བྱེད་དོ། །ལུས་བོར་ན་གང་ལས་ཚེ་ཕྱི་མ ་ལ་འབྲས་བུ་ཡིད་དུ་འོང་བ་འམ་ཞེས་བྱ་བ་ལ་སོགས་པ་ནི། སློབ་དཔོན་གྱིས་དགེ་བ་ལ་སོགས་པ་ཉིད་དུ་མི་འགྲུབ་པར་སྟོན་པར་མཛད་དོ། །འདི་སྐད་དུ་ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བ་དང། ཡིད་དུ་མི་འོད་པ་འབྱུང་བར ་འགབ་པར་ནུས་པས། དགེ་བ་ལ་སོགས་པ་ཉིད་དུ་རྣམ་པར་བཞག་གོ་།ལུས་ལ་སོགས་པའི་ལས་གཟུགས་ཅན་ཡིན་ན་ནི་ལུས་ཞིག་ན། དེ་ཡང་འཇིག་པ་ཁོ་ན་ཡིན། འབྲས་བུ་འབྱུང་བར་འགྱུར་བ་ལ་བལྟོས་ནས། །དགེ་བ ་ལ་སོགས་པ་ཉིད་དུ་ཇི་ལྟར་འགྲུབ་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་གིས་ལུས་ལ་སོགས་པའི་ལས་གཟུགས་ཅན་འདས་པ་ཡིན་པ་ཉིད་ཀྱིས་དགེ་བ་ལ་སོགས ་པ་ཉིད་དུ་སྒྲབ་བར་བྱེད་པ་ཡིན་ནོ། །ལས་འདས་པ་ཡོད་དོ་ཞེས་བྱ་བ་འདི་ནི་ཞེས་བྱ་བ་ལ་སོགས་པས། སློབ་དཔོན་གྱིས་དབྱེ་བའི་ཚིག་གིས་སུན་དབྱུང་བ་གསུངས་པ་ཡིན་ནོ། །འབྲས་ཀྱི་སྟེང་དུ་འབྲུམ་བུ་བྱུང་བ་ཡིན་ཏེ་ཞེས་བྱ་བ་ནི། དེ་ལ ་འདས་པའི་ལས་ཡོད་དེ། །ཞེས་བྱ་བ་ནི་འབྲས་ལྟ་བུའོ། །དེ་ཡང་ཚེ་ཕྱི་མ་ལ་འབྲས་བུ་སྐྱེད་པར་ནུས་པའོ། །ཞེས་བྱ་བ་ནི་འབྲུམ་བུ་ལྟ་བུས་ཏེ། ཤིན་ཏུ་སྡུག་བསྔལ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ། །འདི་ལྟ་སྟེ ་གཞན་འདི་ལ་གང་གིས་འབྲས་ཀྱི་སྟེང་དུ་འབྲུམ་བུ་བྱུང་བར་གྱུར་པ་ལྟ་བུའི་སྐྱོན་ཅི་ཡོད་སྙམ་དུ་སེམས་སུ་དོགས་པས། འདས་པ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྔོན་བྱུང་ལ་ཞེས་བྱ་བ་ནི་གང ་ཞིག་སྔོན་གྱི་གནས་སྐབས་སུ་བྱུང་ཞིང་གྲུབ་པའོ། །ཕྱིས་མེད་པ་ཞེས་བྱ་བ་ནི། ད་ལྟར་གྱི་གནས་སྐབས་ལས་ཕྱི་མ་སྟེ། འདས་པའི་གནས་སྐབས་སུ་མེད་ཅིང་ཡོད་པ་མ་ཡིན་བཞེས་བྱ་བའི ་ཐ་ཚིག་གོ་།དོན་འདི་བསྟན་པ་ཡིན་ཏེ། འདས་པ་ལ་སོགས་པའི་མཚན་ཉིད་ཉིད་ནི་སྡོན་བྱུང་བ་ལ་སོགས་པ་རིགས་པའི་སྟོབས་ཀྱི་གྲུབ་པ་འདི་ཁོ་ན་ཡིན་པར་རིགས་ཀྱི། བྱ་བ་ཞིག་བ་ལ་ནི་མ་ཡིན་ཏེ། རང་བཞིན་ཁོ ་ནར་གནས་པ་དེ་ལ་ནི་དེ་མི་རུང་བའི་ཕྱིར་རོ། །འདས་པ་ལ་སོགས་པ་ཇི་ལྟར་རྫས་སུ་མི་འཐད་པ་དེ་ལྟར་ནི་ཚིགས་སུ་བཅད་པ་བརྒྱ་པ་ལ་སོགས་པའི་བསྟན་བཅོས་གཞན་ལས་རྒྱ་ཆེར་བསྒྲུབས་པས་འདིར་ནི་མདས་པར་འགྱུར ་བའི་ཕྱིར་སྤྲོ་བར་མི་བྱའོ། །འོ་ན་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱེ་བྲག་ཏུ་སྨྲ་བ་དག་གི་ལུང་དང་འགལ་བར་སྟོན་ཏེ། ཚིགས་སུ་བཅད་པའི་དོན་ནི་ཁོང་དུ་ཆུད་པར་སླའོ། །འདིར་ཁུངས་ནི་ཆུད་ཟར་མི་འགྱུར་ཏེ། ཞེས ་བྱ་བ་ནི་འདི་ཡིན་ནོ། །ཆུང་ཟར་མི་འགྱུར་ཏེ་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་རྨ་བའི་སྒོ་ནས་འགལ་བ་ལན་གདབ་པ་ཡིན་ནོ། །འབྲས་བུ་མེད་པར་མི་འགྱུར་ཞེས་བྱ ་བའི་ཐ་ཚིག་གོ་།ཞེས་བྱ་བ་ནི་དེ་དག་ནི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པ་ཡིན་གྱི། ནུས་པ་དང་བྲལ་བ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ?་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཕྱེད་འོག་ནས་བསྟན་པ་ཡིན་ནོ། ། ་ཞེས་བྱ་བའི་ནི་ཚིགས་སུ་བཅད་པས་ཕྱེད་ཕྱི་མ་ནི་ཕྱེད་འོག་མ་སྟེ། ཚོགས་ཤིག་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ལས་ཀྱི་ནུས་པ་ཆུད་མི་ཟ་བར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། འདས་པའི་རང་བཞིན་ཡོད ་པ་ཉིད་བསྒྲུབ་པ་བརྗོད་པར་བཞེད་པ་ཡིན་ན་ནི། ཕྱེད་གོང་མ་ཉིད་ཀྱིས་དེའི་དོན་ཁོང་དུ་ཆུང་པའི་ཕྱིར་ཕྱེད་འོག་མ་དོན་མེད་པར་འགྱུར་རོ། །ཆུང་ཟར་མི་འགྱུར་ཏེ་ཞེས་བྱ་བ་དེའི་དོན་འབྲས་བུ་མེད་པར་མི་འགྱུར་ཞེས་བྱ་བ་འདི་ཡིན ་དུ་ཆུག་ན། དེ་ཅི་ཞིག་ཡིན་ཞེ་ན་དེའི་ཕྱིར་ལས་རྣམས་ཡུན་རིང་པོར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ཉིད་ཇི་ལྟར་འབྲས་བུ་འབྱིན་པར་འགྱུར་ཞེས་བྱ་བ་འདི་ནི་དཔྱད་པར་འབྱའོ། ཞེས་བྱ་བ་བར་དུ་ཆོད་པ་འདི་དང་སྤྱར་བྱར་བྱའོ། །འབྲས ་བུ་འབྱིན་པར་དཔྱད་པ་འདི་ལ་ནི་རྣམ་པ་གཞན་མི?་སྲིད་པའི་ཕྱིར། འབྲས་ས་ལུ་ལ་སོགས་པའི་ས་བོན་བཞིན་དུ་ཞེས་བྱ་བ་ལ་སོགས་པས། རྣམ་པར་བརྟག་པ་གཉིས་ཁོ་ན་གསུངས་སོ་ཏེ། རྣམ་པར་རྟག་པ་དེ་གཉིས་ལས་ཀྱང་དང་པོ་ནི ་སྐྱོན་མེད་པའི་ཕྱིར། རང་གི་ཕྱོགས་ཁོ་ན་ཡིན་པས། གཉིས་པའི་དབང་དུ་བྱས་ཏེ། གལ་ཏེ་ཞེས་བྱ་བ་ལ་སོགས་པས་སྐྱོན་བསྟན་པ་ཡིན་ནོ། །མ་ཞིག་པས་འབྲས་བུ་འབྱིན་པར་བསྟན་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་སྐད་ཅིག ་མར་འཇིག་པ་ལ་གནོད་པར་འགྱུར་བས་བསྟན་ཏོ། །དེ་དག་ཅེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་སྨྲ་བ་པ་དག་ལན་འདེབས་པ་ཡིན་ནོ། །དོན་འདི་བསྟན་པ་ཡིན་ཏེ། གང་གིས་ལས་རྣམས་མ་ཞིག་བར་འབྲས་བུ་འཕེན་པར་བྱེད་པས་སྐད ་ཅིག་པ་ཉིད་ལ་གནོད་པར་འགྱུར་བ་རྣམ་པ་ཐམས་ཅད་དུ་རང་བཞིན་འཆད་པས་འཇིག་པ་ནི་མ་ཡིན་ནོ། །འོན་ཀྱང་བྱ་བ་བྱེད་པའི་གནས་སྐབས་དང་བྲལ་བའི་ཕྱིར་ཡང། འབྲས་བུ་འཕེན་པར་ནི་མི་བྱེད་དེ། དེ་བས་ན་ཞིག་པ་ཞེས་བྱ་བ་ཡིན ་པས་དེའི་ཕྱིར་གནོད་པ་ཡིན་པས་དེའི་ཕྱིར་གནོད་པ་ཡང་གང་ལ་ཡོད། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། སློབ་དཔོན་གྱི་སུན་དབྱུང་བའི་གསུངས་པ་ཡིན་ཏེ། དེ་ནི་མཆོད་པ་མེད་པའི་ངོ་བོར་གནས་པའི ་ཕྱིར། འབྲས་བུ་འཛིན་པར་མི་བྱེད་པ་ཉིད་མི་འུང་དོ་ཞེས་བྱ་བར་དགོངས་པའོ། །འཕངས་ཟིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི། བྱེ་བྲག་ཏུ་སྨྲ་བ་བདག་ཡན་འདེབས་པར་བྱེད་པའོ། །འཕེན་པ་ཡང་འདིར་མ་འོངས་པའི་འབྲས ་བུ་འབྱུང་བའི་རྒྱུའི་དངོས་པོར་གནས་པ་གང་ཡིན་པའོ། །དེ་དང་འབྲས་བུ་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །འདི་སྐད་དུ་གལ་ཏེ་འབྲས་བུ་འབྲངས་ཟིན་པའི་ཕྱིར་ཡང་མི་འཕེན་དུ་ཆུག་ན་འཕེན་པར་བྱེད་པའི་རང་བཞིན་མ ་ཞིག་པའི་ཕྱིར། དེ་དང་འདྲ་བ་གཞན་ཅིའི་ཕྱིར་མི་འཕེན། དེ་དང་འདྲ་བ་སྨོས་པ་ནི་འབྲས་བུ་འཐུན་པ་འཕེན་པ་ལ་བྱ་སྟེ། རྒྱུ་ཐམས་ཅད་ནི་འབྲས་བུ་ཐམས་ཅད་འཕེན་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རེ་ཤིག་ཇི་ལྟར་འབྲས་བུ་ཞེས ་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཉིད་ཀྱིས་སུན་དབྱུང་བའི་ཕྱིར་རྨེད་པར་མཛད་པའོ། །སྐྱེ་བར་འཇོག་པར་རུང་བར་ཞེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བ་པ་དག་འཕེན་པའི་མཚན་ཉིད་སྟོན་པར་བྱེད་པ་ཡིན་ནོ། །འོན་ནི་ཞེས་བྱ་བ་ལ་སོགས ་པས་ནི་སློབ་དཔོན་གྱིས་མཚན་ཉིད་འཁྲུལ་པར་བསྟན་པ་ཡིན་ནོ། །དེ་ལ་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་སྐད་ཅིག་མའི་མཛའ་སྟེ། ཐ་མ་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་འབྲས་བུ་མི་འཕེན་ནོ། །གཞན ་ཡང་ལས་གང་ཞིག་གི་འབྲས་བུ་སོ་སོར་བརྟགས་པ་མ་ཡིན་པའི་འགོགས་པས་འགགས་པ་དེ་ཡང་འཕེན་པར་བྱེད་པ་མི་ཡན་པས། དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུ་གཞན་མ ་ཚང་བའི་ཕྱིར་འབྲས་བུ་མི་སྐྱེ་བར་ཟད་ཀྱི། ཐ་མ་ལ་སོགས་པ་དེས་ནི་འཕངས་པ་ཉིད་མ་ཡིན་ནམ། ཇི་ལྟར་ན་འབྲས་བུ་འཕེན་པ་མ་ཡིན་ཞེས་བྱ་ཞེ་ན། དེ་ལྟ་བུ་ནི་མེད་པའི་འདི་ལྟར་གང་གིས་ན་རྒྱུ་གཞན་མ་ཚང་ཡང་དེ་ལ་དེ་འཕེན་པའི ་ནུས་པ་ཡོད་པར་ཡིད་ཆེས་པར་འགྱུར་བ་དེ་ལྟ་བུ་ལས་འབྲས་བུ་འབྱུང་བ་ནི་འགའ་ཡང་མི་དམིགས་པས་དེ་ནི་གྱི་ནའོ། །དེ་འཕེན་པའི་ནུས་པ་མེད་དུ་ཟད་མོད་དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཐོག་མ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད་དུ་གཞན་གྱིས ་བྱ་བ་ཀྱེད་པའི་གནས་སྐབས་ཞིག་པས་དངོས་པོ་ཞིག་པ་ཉིད་དུ་རྣམ་པར་བཞག་གི་རང་གི་ངོ་བོ་ཆད་པས་ནི་མ་ཡིན་ན། ཐ་མ་ལ་སོགས་པ་ལ་ཡང་བྱ་བ་བྱེད་པའི་གནས་སྐབས་ཉིད་མེད་པས་ཇི་ལྟར་ཞིག་པ་ཉིད་དུ་འགྱུར། དེ་བས་ན་ཞེས་བྱ་བ་ལ་སོགས་པས ་ནི་མཇུག་སྡུད་པར་བྱེད་དོ། །དེ་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ་།འོ་ན་ཇི་ལྟར་ཞེ་ན། ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་གོ་།གང་གིས་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་འཕེན་པའི་མཚན་ཉིད་ཕྱིར་ཅི ་མ་ལོག་པར་སྟོན་པ་ཡིན་ནོ། །གང་གིས་ཞེས་བྱ་བ་ནི་ལས་ཀྱི་ཐ་རང་བཞིན་གྱི་རྒྱས་སོ། །འབྲས་བུའི་ས་བོན་གསོ་བར་བྱེད་པ་ཞེས་བྱ་བ་ནི་ནང་ན་འབྲས་བུ་དང་འབྲེལ་པའི་ས་བོན་གནས་པ་རྟག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།འདིར་ཡང་སྔོན་མང་བའི་ས ་བོན་འབྱུང་བ་ནི་འཕེན་པ་མ་ཡིན་ནོ། །འོ་ན་ཅི་ཞེན། རྣམ་པར་ཤེས་པའི་རྒྱུད་ལ་གནས་པ་ཁོ་ན་གསོ་བར་བྱེད་པ་ཡིན་པར་རིག་པར་བྱེད། དེ་ལྟ་མ་ཡིན་ན་ཉན་ཐོས་ལ་སོགས་པའི་རིགས་རྣམ་པར་བཞག་པ་རྒྱུད་སོ་སོར་ངེས་པར་མི་འགྱུར་རོ། །དེ་ཉིད་ཀྱི ་ཕྱིར་སློབ་དཔོན་གྱིས་ཀྱང་གང་གིས་འབྲས་བུའི་ས་བོན་གསོ་བར་བྱེད་པ་ཞེས་གསུངས་སོ། །གང་གི་ལྟར་ན་འདས་པ་ཡོད་པ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་ཉིད་ཀྱིས་གཞན་གྱི་ཕྱོགས་ཧ་ཅང་ཐལ་བར་སྟོན་པ་ཡིན་ཏེ། མ་འོངས་པ་ཡང་ད་ལྟར་བྱུང་བ ་བཞིན་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར། འབྲས་བུ་འཕེན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་རྟག་ཏུ་ཞེས་བྱ་བ་ལ་སོགས་པའི་སྐྱོན་གཞན་འདི་ཡང་ཡོད་དོ། །གང་ལས་ངའི་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད ་པའི་རིགས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུད་པ་ཡིན་ནོ། །སློབ་དཔོན་གྱིས་ལུས་ལ་སོགས་པའི་ལས་གཟུགས་ཅན་དགེ་བ་ལ་སོགས་པ་ཉིད་ཡིན་པ་རྒྱ་ཆེར་བཀག་པ་དང། བྱེ་བྲག་ཏུ་སྨྲ་བ་བ་དག་འོན་ནི་དགེ་ལ ་དང་ད་མི་དགེ་བའི་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཞན་སེམས་སོ། །ཕུང་པོ་རྒྱུད་ལ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་ལ་ཡིན་གྱི། བདག་ལ་ནི་མ་ཡིན་ཏེ། དེ་ནི་ཡོད་པར་མི་འཐད་པའི་ཕྱིར་རོ། །ཆོས་གཞན་ཞིག་བསྐྱེད་དེ་ཞེས་བྱ་བ་ནི་སེམས་དང། ་སེམས་ལས་བྱུང་བ་ལ་མ་གཏོགས་པར་རང་བཞིན་ཁོ་ན་ཞིག་སྐྱེད་ཀྱི། དེ་ཉིད་ལ་སྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་དོན་འདི་ཉིད་སྡེ་པ་གཞན་ལ་གྲགས་པའི་རྣམ་གྲངས་ཀྱིས་སྟོན་པ་ཡིན ་ཏེ། དེ་ལ་ངེས་པ་སྐྱེད་པའི་ཕྱིར་རོ། །ཁ་ཅིག་ན་རེ་བརྩགས་པ་ཞེས་ཟེར་བ་ཞེས་བྱ་བ་ནི་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཡིན་ཏེ། དེ་དག་ནི་དེ་ལྟ་བུའི་རང་བཞིན་ལ་བརྩགས་པ་ཞེས་བྱ་བའི་སྒྲ་འདིས་ཐ་སྙད་བརྗོད་པར་བྱེད་དོ། །གཞན་དག་ན་རེ ་ཆུང་མི་ཟ་བར་ཞེས་ཟེར་བ་ཞེས་བྱ་བ་ནི། འཕགས་པ་མང་པོས་ཀུར་བའི་སྡེ་བ་དག་སྟེ། དེ་དག་ཀྱང་རང་གི་སྡེ་པ་དག་གི་ནང་ན་ཆུད་མི་ཟ་བ་ཞེས་བྱ་བ་འདིས་ཐ་སྙད་བརྗོད་པར་བྱེད་དོ། །ཅི་སྟེ་གཞན་དེ་ལྟ་བུའི་ཆོས་གཞན་ཡོད་པར་ཚད་མ་གང་ལས ་མངོན་སྙམ་དུ་སེམས་པར་དོགས་ནས། དེ་ནི་འབྲས་བུ་ཞེས་བྱ་བའི་རྗེས་སུ་དཔག་པས་འགྲུབ་པར་བསྟན་པའི་ཕྱིར། གང་ལས་ཚེ་ཕྱི་མ་ལ་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དེ་སྔོན་དུ་སོང་བ་ཞེས་བྱ ་བ་ལ་སོགས་པ་སྔར་བཤད་པའི་ཚད་མའི་ངོན་ཡང་འདིར་བལྟ་བར་བྱའོ། །འདིའི་ཕྱིར་ཡང་ཇི་ལྟར་འབྲས་བུ་ཡིད་དུ་འོང་བ་ལ་སོགས་པ་འགྲུབ་པར་ནུས་པའི་ཆོས་གཞན་ཁོ་ན་ཞིག་བསྐྱེད་པར་ཡིད་ཅེས་པར་གྱིས་ཤིག་ཅེས་བསྟན་པའི་ཕྱིར ་གལ་ཏེ་སེམས་ཀྱི་རྒྱུད་ལ་ཆོས་གཞན་ཞིག་མི་སྐྱེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གདོན་མི་ཟ་བར་དེ་འདོད་པར་བྱའོ་ཞེ་ན། ཞེས་བྱ་བ་འདིས་ནི་མཇུག་བསྡུད་པ་ཡིན་ན། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ཆོ་གཞན་འཁྲུལ་པ་ཡོད་བའོ? ་སྒོ་ནས། གཏན་ཚིགས་མི་འགྲུབ་པར་སྟོན་པ་ཡིན་ནོ། །དཱི་སྐད་དུ་རེ་ཞིག་ངེད་ལ་ནི། འདི་ལྟ་སྟེ། འབྲས་བུ་ཡིད་དུ་འོང་པ་ལ་སོགས་པ་སྐྱེ་བ་ནི་ཆོས་གཞན་ཡོད་ན་འབྱུང་བ་ཡིན་ནོ་ཞེས་དྲག་པའི་དོན་འདི་ཉིད་མ་གྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར ་དེ་ནི་བག་ཆགས་སྔོན་དུ་སོང་བར་ཡང་སྲིད་པས། གཏན་ཚིགས་མི་འགྲུབ་པ་ཡིན་ནོ། །གཞན་ཡང་འབྲས་བུ་སྐྱེ་བ་ནི། བག་ཆགས་སྔོན་དུ་འགྲོ་བ་ཁོ་ན་ཡིན་པར་རྟོགས་པར་ནུས་ཏེ། འདི་ལྟར་དེ་ནི་གཞུང་ལ་སོགས་པའི་ཡུལ་ལ་ཡང་འབྱུང་བས་སོ། ། ་དེ་ལྟ་མ་ཡིན་ན། གཞན་གྱིས་དེའི་ཡུལ་ལ་ཆོས་གཞན་ཁས་མ་བླངས་པའི་ཕྱིར། ཇི་ལྟར་འབྲས་བུ་འབྱུང་ཞེས་བསྟན་པ་ཡིན་ནོ། །གཞུང་ལ་གོམས་པ་ཞེས་བྱ་བ་ནི། །འདྲིས་པ་ཞེས་བྱ་བའི་ཐ་ཚིག་གོ་།མཐོང་བ་ལ་སོགས་པའི་དོན་ལ་ཞེས་བྱ་བ་ནི། མཐོང ་བ་དང། ཐོས་བ་དང། བྱེ་བྲག་ཕྱེད་དང། རྣམ་པར་ཤེས་པའི་དོན་དག་ལ་སྟེ། ཅི་སྟེ་ཞེ་ན། དྲན་པ་སྐྱེ་བ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་གཞུང་ལ་སོགས་པ་ལའོ། །གོམས་པ་དེ་ཆོས་ཅི་ཞིག་སྐྱེད་པར་བྱེད་ཅེས་བྱ་བ་ནི། གཞན་གྱིས་དགེ་བ་ལ་སོགས ་པའི་ཡུལ་ལ་མ་གཏོགས་པར་ཆོས་གཞན་ལས་མ་བླངས་པའི་ཕྱིར་དེ་མི་སྐྱེད་དོ། ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་སྐད་ཅིག་མ་གང་ལ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། སྐྱེད་པར་བྱེད་ཅེས་བྱ་བར་སྦྱར་རོ། །དོན་ནི་འདི་སྐད་དུ་ཅི་སྐད་ཅིག་མ་དང་པ་ཨེལ ་བསྐྱེད་དམ། འོན་ཏེ་གཉིས་པ་དག་ལ་བསྐྱེད། གལ་ཏེ་རེ་ཞིག་སྐད་ཅིག་མ་དང་པོ་ལ་ཡིན་ནོ་ཞེས་ན། དེ་ལྟ་ན་འོ་ན་ནི་ལེན་ཅིག་གོམས་པས་ན། ཆོས་གཞན་དེ་སྐྱེད་པས། དེ་འོག་ཏུ་གོམས་པ་དོན་མེད་པ་ཉིད་ཡིན་ནོ། །འོན་ཏེ་སྐད་ཅིག་མ་གཞན་གཉིས་པ་ལ་སོགས་པ་དག ་ལའོ་ཞེ་ན། དེ་ནི་མི་འཐད་དེ། རྐྱེན་ལ་ཁྱད་པར་མེད་པའི་ཕྱིར་བསྟན་པ་ཡིན་ནོ། །སྐད་ཅིག་མ་གང་ལ་ཞེས་བྱ་བ་འདི་ནི། སྐད་ཅིག་བ་མ་ཡིན་པར་སྨྲ་བ་དག་སུན་དབྱུང་བ་ཡིན་པར་རིག་པར་བྱའོ། །དེ་ལྟ་མ་ཡིན་ན་ནི། སྐད ་ཅིག་པ་ཉིད་ཀྱིས་རྐྱེན་ལ་ཁྱད་པར་ཡོད་པའི་ཕྱིར་དེ་ཇི་ལྟར་སུན་དབྱུང་བར་རུང། མཐོང་བ་ལ་སོགས་པ་དེས་ཞེས་བྱ་བ་ནི་ཆོས་ཅི་ཞིག་གམ་སྐད་ཅིག་མ་གང་ལ་སྐྱེད་པར་བྱེད་ཅེས་བྱ་བ་ལ་སྦྱར་ལ། འདི་ཡང་སྔ་མ་དང་འཐུན་པར་ཐམས ་ཅད་སྦྱར་རོ། །ཕྱིས་ཞེས་བྱ་བ་ནི་དུས་གཞན་ནོ། །འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་འཇུག་པའི་སེམས་ཀྱིས་ཀྱང་ཞེས་བྱ་བ་ཅི་ཞེ་ན་ཆོས་ཅི་ཞིག་གམ། སྐད་ཅིག་མ་གང་ལ་སྐྱེད་པར་བྱེད་ཅེས་བྱ་བ་ཐམས་ཅད་སྦྱར་བར་བྱ ་སྟེན་འདིར་ཡང་བཤད་པ་ནི་སྔ་མ་བཞིན་ནོ། །མ་ཏུ་ལུང་གའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གཞན་འདི་ཡང་ཁྱེད་ཀྱིས་བརྗོད་དགོས་སོ། །བསྒོས་པ་ནི་ཞེན་པར་བྱས་པའོ། །དེ་དང་ལྷན་ཅིག་ཏུ་འགག་པས་ཞེས་བྱ་བ་ནི་མ་ཏུ་ལུང་གའི་མ ་ཏོག་དང་ལྷན་ཅིག་ཏུ་འགག་པས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འབྲས་བུ་ལ་ཞེས་བྱ་བ་ནི་མ་ཏུ་ལུང་གའི་འབྲས་བུ་ལ་སྟེ། ཆོས་ཅི་ཞིག་བསྐྱེད་པར་བྱེད་དེ་མེ་སྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ་དེ་ལྟར་རེ་ཞིག་སློབ་དཔོན་གྱིས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལ་ཆོས་གཞན་སྐྱེད་པ་ཇི་ལྟར་མི་འཐད་པ་དེ་ལྟར་རྒྱ་ཆེར་བསྒྲུབས་པ་ཡིན་ནོ། །ད་ནི་མདོ་སྡེ་པ་དག་གིས་ཕྱོགས་གཞན་བསྟན་པའི་ཕྱིར། དེ་བས་ན་ཇི་ལྟར་ཀུན་ཏུ་བརྟགས་པའི ་ཆོས་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ཏུ་ལུང་གའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་ཞེས་བྱ་བ་ལ་སོགས་པ་ནི། དཔེ་ཡིན་ཏེ་གོ་བར་སླའོ། །འོ་ན་ལུས་དང་ངག་གིས་ལས་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། བྱེ་བྲག་ཏུ་སྨྲ་བ་པ་ངག་ཕྱི ་རྒོལ་བར་བྱེད་པ་ཡིན་ནོ། །འདི་སྐད་དུ་སེམས་དང་མི་ལྡན་པའི་ཆོས་གཞན་དང། འབྲས་བུ་སྐྱེ་བའི་རྒྱུར་མ་རུང་ན། མ་རུང་དུ་ཟད་དོ། །འོན་ཀྱང་ཇི་ལྟར་སེམས་པས་སེམས་ཀྱི་རྒྱུད་བསྒོ་བར་བྱེད་ཅེས་བྱ་བ་དེ་བཞིན་དུ་ལུས་དང། ངག་གིས་ལས་ཀྱིས་ཀྱང་ཅིའི་ཕྱིར་སྒོ ་བར་མི་བྱེད་ཅེས་བསྟན་པ་ཡིན་ནོ། །འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་མདོ་སྡེ་པ་དག་ལན་འདེབས་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །སེམས་ལ་ལྟོས་ནས་དགེ་བ་དང། མི་དགེ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཀུན་ནས་སློང་བར་བྱེད་པའི ་སེམས་ལ་བལྟོས་ནས། དགེ་བ་ལ་སོགས་པར་འགྱུར་གྱི། རང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།སེམས་ལ་བལྟོས་ནས། ལུས་དང་ངག་གི་ལས་དགེ་བ་ལ་སོགས་པ་ཉིད་དུ་འགྱུར་དུ་ཆུག་ན། དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་གང་ཞིག་གང་གིས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་བྱ་བ་ནི་ལུས་དང་ངག་གི་ལས་སོ། །གང་གིས་དགེ་བ་དང། མི་དགེ་བ་ཉེད་དུ་བྱས་བཞེས་བྱ་བ་ནི་སེམས་ཀྱིས་བྱས་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི། ལུས་དང། ངག་གི་ལས་ཀྱིས་སོ། །དེའི་རྒྱུད་ལ་ཞེས་བྱ་བ་ནི་སེམས ་ཀྱི་རྒྱུད་ལའོ། །དེའི་རྒྱུད་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དགེ་བ་དང་མི་དགེ་བ་སྟེ། འདིར་ཡང་དེའི་རྒྱུད་ལ་འབྲས་བུ་ཡིད་དུ་འོང་བ་དང། མི་འོང་བ་འབྱིན་པར་ནུས་པ་ཞེས་རྣལ་མ་དང་སྦྱར་བར་བྱའོ། །དོན་ནི་འདི་སྐད་དུ་སེམས་ཀྱི་ཁྱད་པར་གང་ཞིག་གིས་ལུས ་ལ་སོགས་པའི་ལས་དགེ་བ་ལ་སོགས་པའི་གཟུགས་གཞན་ཡང་བྱས་ནས་རང་གིས་རྒྱུད་ལ་བསྒོ་བར་ནུས་པ་དེས་དེ་ལ་བསྒོ་བར་བྱ་བ་རྒྱུད་པ་ལ་ལྟོས་ཀྱི། རང་ཉིད་མངོན་སུམ་དུ་སྒོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི། རྣར་མི་འོང་ཞེས་བསྟན་པ་ཡིན་ནོ། ། ་དེ་ལྟར་མདོ་སྡེ་པ་ངག་གིས་རང་གི་ཕྱོགས་རྒྱ་ཆེར་བསྒྲུབས་པ་དང། ང་ནི་སློབ་དཔོན་གྱིས་ཕྱོགས་དེ་ཡང་མི་རུང་བ་ཉིད་དུ་བསྟན་པའི་ཕྱིར་ན་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ནུབ་ཀྱང་ཞེས་བྱ་བ་ནི་སྐྱེས་པ་འགགས་ཀྱང་ངོ། །ངེས་བསྒོས་པའི་ཞེས་བྱ་བ་ནི ་ལས་ཀྱི་བག་ཆགས་ཀྱིས་བསྒོས་པའི་འོ། །ཚེ་ཕྱི་མ་ལ་འབྲས་བུ་འབྱུང་ན་ཞེས་བྱ་བ་ནི། མ་འོངས་པའི་དུས་ན་འབྲས་བུ་འབྱུང་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡན་ཆད་ཀྱིས་ནི་ཕ་རོལ་གྱིས་སྨྲས་པ་བཟླས་པ་ཡིན་ནོ། །སེམས ་མེད་པའི་ཞེས་བྱ་བ་ལ་སོགས་པས་ནི། སུན་འབྱིན་པ་ཡིན་པར་རིག་པར་བྱའོ། །སེམས་ཀྱི་རྒྱུད་ཆད་པ་རག་གིས་ཞེས་བྱ་བ་ནི། གང་དག་ལ་སེམས་ཀྱི་རྒྱུན་ཆད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ལས་སྔ་མའི་ཞེས་བྱ་བ་ནི་སྔར ་བསྐྱེད་པའི་འོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི། མདོ་སྡེ་པའི་ནང་ནས་ཁ་ཅིག་ལན་འདེབས་པ་ཡིན་ནོ། །ཚེ་དེ་ཉིད་ལ་ཞེས་བྱ་བ་ནི་ཚེ་གང་ལ་དེ་བསྐྱེད་པ་ཉིད་ལ་ཡིན་གྱི། ཚེ་གཉིས་པ་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག ་གོ་།དེས་བསྒོས་པའི་སེམས་ཀྱི་རྒྱུད་མཚམས་འབྱོར་པ་ལས་སོ་ཞེས་བྱ་བ་ནི་ལས་ཀྱིས་བསྒོས་པའི་སེམས་ཀྱི་རྒྱད་ཕྱིར་མཚམས་འབྱོར་པ་ལས་སོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །དེ་ཡང་ཞེས་བྱ་བ་ནི ་སེམས་ཀྱི་རྒྱུད་དོ། །ཅིའི་ཕྱིར་མཚམས་འབྱོར་ཞེས་བྱ་བ་ནི། རྒྱུད་མེད་པའི་ཕྱིར་མཚམས་མི་འབྱོར་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ་།སྙོམས་པར་འཇུག་པའི་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་མདོ་སྡེ་པ་ཁ་ཅིག་གོ། ་སྙོམས་པར་འཇུག་པའི་སེམས་ནི་འདིར་འཇུག་པའི་སེམས་ཡིན་པར་ལྟ་བར་བྱ་སྟེ། གང་གིས་འགོགས་པའི་སྙོམས་པར་འཇུག་པ་ལ་སོགས་པ་དེས་མངོན་སུམ་དུ་བྱེད་པའོ། །ཞེས་བྱ་བའི་ཐ་ཚིག་གོ་།རིང་མོ་ཞིག་ལོན་པ་སྨོས ་པ་ནི་ཤིན་ཏུ་མི་སྲིད་པར་བསྟན་པའི་ཕྱིར་ཏེ། རེ་ཞིག་འགགས་མ་ཐག་པ་ཡང་མེད་པའི་ཕྱིར། རྐྱེན་དུ་མི་འགྱུར་ན་འགགས་ནས་རིང་མོ་ཞིག་ལོན་པ་ལྟ་ག་ལ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདས་པ་ལས་འབྲས་བུ་མི་འབྱུང ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཉིད་ཀྱིས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་བཤད་པ་དྲན་པར་མཛད་པའོ། །གང་ལས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །ཁ་ཅིག་ན་རེ་དེའི་ས་བོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ན་རེ་ཞེས ་བྱ་བ་ནི་མདོ་སྡེ་པའི་ཁྱད་པར་གཞན་ཁ་ཅིག་གོ། དེའི་ས་བོན་དང་དབང་པོ་གཟུགས་ཅན་ལ་གནས་པ་ལས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ལས་ཏེ། ཅི་ཞེ་ན། སེམས་ཀྱི་རྒྱུད་མཚམས་སྦྱོར་བར་བྱེད་ཅེས་བྱ་བར་སྦྱར་རོ། །གཉིས་ལ་གནས་པ་ཡིན་ཏེ། ་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་དུ་བསྟན་པའི་གཞུང་འཛུགས་པ་ཡིན་ནོ། །ཅི་རིགས་སུ་སྦྱར་རོ་ཞེ་ན། ཞེས་བྱ་བ་ནི་འདོད་པ་དང། གཟུགས་ཀྱི་ཁམས་སེམས་དང་བཅས་པའི་གནས་སྐབས་ན་ནི། སེམས་ཀྱི་རྒྱུད་དང། གཟུགས་ཀྱི་རྒྱུད་ལའོ། །སེམས ་མེད་པའི་གནས་སྐབས་ན་ནི་གཟུགས་ཀྱི་རྒྱུད་ལའོ། །གཟུགས་མེད་པའི་ཁམས་ན་ནི་སེམས་ཀྱི་རྒྱུད་ཁོ་ན་ལ་སྟོ། ཅི་རིགས་སུ་སྦྱར་རོ་ཞེས་བྱ་བའི་དོན་ནི་དེ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་སོགས་པ་འདིས་ན་སློབ་དཔོན་གྱིས་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ ་མ་ཚང་བས་ལུང་དང་འགལ་བ་ཉིད་བླང་བར་མཛད་དོ། །ཁ་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་མདོ་སྡེ་པའི་ཁྱད་པར་དག་ལ་ནི་འདེབས་པ་ཡིན་ནོ། །ཁ་ཅིག་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུ་མ་ཡིན་གྱི། འོན་ཀྱང་གང་ལ་ཡིད་མངོན་དུ་གྱུར་བར་འཇུག ་པ་མེད་པ་དེ་ལ་འདིར་ཉེ་བར་འདོགས་སོ་ཞེས་བྱ་བའི་ཐ་ཚིག་གོ་།དཔེར་ན་ཞེས་བྱ་བ་ལ་སོགས་པའི་དཔེ་ནི་གོ་བར་སླའོ། །ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །ས་བོན་གྱི་རྒྱུད་གཉིས་སུ་ཞེས་བྱ་བ་ནི་གཟུགས་ཅན་དང། གཟུཌ ་ཅན་མ་ཡིན་པའི་ས་བོན་རྒྱུད་གཉིས་སུའོ། །ཅིའི་ཕྱིར་མི་འགྱུར་སྙམ་པ་ལ། དེའི་ཕྱིར། མྱུ་གུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་མ་མཐོང་ངོ་ཞེས་བྱ་བ་ནི་ས་བོན་གྱི་རྒྱུད་ཐ་དད་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུ་ལ་གཞན ་དག་འདི་སྐད་དུ་ས་ལ་སོགས་པ་རྒྱུ་དུ་མས་ཀྱང་མྱུ་གུ་ལ་སོགས་པ་སྐྱེས་པར་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་ན་རྒྱུད་ཐ་དད་པ་མ་མཐོད། ཞེས་བྱ་བ་ཞེས་སྨྲས་བར་འགྱུར་བས་དིའི་ཕྱིར། རྐྱེན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རྐྱེན་ནི་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །ས་བོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། ཅི་ཞེ་ན། གཅིག་ལ་དུ་མ་ཞེས་བྱ་བ་དང་རྣལ་འབྱོར་དུ་སྦྱར་རོ་འདི་ཐམས་ཅད་ཀྱིས་ནི་འདི་སྐད་དུ་ནང་དང། ཕྱི ་རོལ་གྱི་མི་དང། འབྲས་ས་ལུ་ལ་སོགས་པའི་རྒྱུད་ཐ་དད་པ་ནི་ཉེ་བར་ལེན་པའི་རྒྱུ་ཐ་དད་པས་བྱས་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ས་བོན་གྱིས་རྒྱུད་ཀྱང་ཐ་དད་པར་འགྱུར་ན་ནི་དེས ་ན་ཉེ་བར་ལེན་པའི་རྒྱུ་ཐ་དད་པའི་ཕྱིར་ལུས་གཅིག་ལ་ཡང་སེམས་དང་སེམས་ལས་བྱུང་བའི་རྒྱུ་རྣམས་པ་གཉིས་ཁོ་ནར་འགྱུར་རོ། །དེ་ཡང་འདོད་པ་མ་ཡིན་པས་ཉེས་པ་ཡིན་ཞེས་བསྟན་པ་ཡིན་ནོ། །འོ་ན་ཀྱང་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ནི་སློབ་དཔོན་ཉིད་དེ། འདི་སྐད་དུ། གང་གི་ཚེ་ས་བོན་དབང་པོ་གཟུགས་ཅན་ལ་གནས་པ་ལས་ཀྱང་སེམས་ཀྱི་རྒྱུད་ཉིད་མཚམས་སྦྱོར་བར་མི་འཐད་པ་དེའི་ཚེ། སྐྱོན་སྔར་བཤད་པ་དེ་སོན་འདུག་པ་ཁོ་ན་ཡིན་ནོ ་ཞེས་བསྟན་པ་ཡིན་ནོ། །སྐྱོན་དེ་ཕྱོགས་ལ་ཡོད་པ་ཡིན་ནོ། ཞེས་བྱ་བ་ནི། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཁ་ཅིག་ལན་འདེབས་པ་ཡིན་ནོ། །ཕྱོགས་གང་ལ་ཡོད་ཅེས་གསུངས་པ་ནི་སློབ་དཔོན་ནོ། །གང་གི་ལྟར་ན་ཞེས་བྱ་བ་ལ་སོགས ་པ་སྨྲ་བ་ནི་ཕ་རོལ་པོའོ། །འདིར་མདོའི་ཁུངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲ་བ་ཡང་ཕ་རོལ་པོ་ཉིད་ཡིན་ནོ། །འགོག་པའི་སྙོམས་པར་ཞུགས་པའི་ལུས་ཀྱི་འདུ་བྱེད་དག་འགགས་པ་ནས་ཞེས་བྱ་བ་ནས་མ་བྲལ་བའི་བར་ཡིན་ནོ ་ཞེས་བྱ་བ་འདིས་ནི་མདོའི་བར་སྐབས་སུ་ཡང་དེ་བཞིན་དུ་སྦྱར་བ་ཡིན་ཏེ། འདུ་ཤེས་དང། སེམས་པ་དང། ཡིད་ལ་བྱེད་པ་དང། དབང་པོ་དག་ཅེས་བྱ་བའི་ཐ་ཚིག་གོ་།མ་གྱུར་བ་ཡིན་ཞེས་བྱ་བ་ནི་མ་རྙིས་པ་ཡིན་ཞེས་བྱ་བའི་འཚིག་གོ་།མ་བྲལ་བ་ཞེས་བྱ་བ་ནི ་མེད་པ་མ་ཡིན་པ་དང། མ་ཞིག་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་དེའི་ཚེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་ཕ་རོལ་གྱི་ཕྱོགས་སུན་དབྱུང་བའི་ཕྱིར་རྨེད་པར་མཛད་པ་ཡིན་ནོ། །རྣམ་པར་ཤེས་པ་གང་ཡིན་པར་འདོད་ཅེས་བྱ་བ་ནི། ཅི་མིག་གི་རྣམ་པར་ཤེས ་པ་ཡིན་ནམ། འོན་ཏེ་རྣ་བའི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། རེ་ཞིག་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཁ་ཅིག་ན་རེ་ནི་དེའི་ཚེ། དེ་ལས་གཞན ་བའི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་འབྱུང་བ་ཡིན་ནོ་ཞེས་ཟེར་རོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་དེ་མི་འཐད་པ་ཉིད་དུ་གསུངས་པ་ཡིན་ནོ། །ཡང་དག་པར་འདུས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི ་དོན་ནི་གོ་བར་སླའོ། །འདི་སྐད་དུ། རྣམ་པར་ཤེས་པ་དང། ཚོར་བ་ལ་སོགས་པ་དག་ནི་ཕན་ཚུན་མེད་ན་མི་འབྱུང་བ་ཡིན་ཏེ། དེ་བས་ན་གལ་ཏེ་།དེའི་ཚེ་རྣམ་པར་ཤེས་པ་དེ་ཡོད་ན། རེག་པ་ལ་སོགས་པ་དོན་ནི་མི་ཟ་བར་འབྱུང་ངོ། །འོན་ཏེ་དེ་དག་མེད ་ན་ནི་རྣམ་པར་ཤེས་པ་ཡང་གཅིག་པོ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་གིས་ཐལ་བ་དེའི་ལན་གདང་བ་ཡིན་ནོ། །གསུངས་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྟན་པ་ལས། ཚོར ་བའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རོ། །ཚོར་བ་ཐམས་ཅད་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི། འདི་ལྟར་ཟག་པ་ཟད་པ་དགལ་ཚོར་བ་རྣམ་པ་གསུམ་ཆར་བྱུང་ཡང་སྲེད་པ་མི་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས ་པས་ནི། དཔེ་ཉེ་བར་བསྟན་ནས། དོན་གྱིས་དངོས་པོ་དང་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པའི་རིས་ནི་སློབ་དཔོན་གྱིས་དེས་པར་གཞུང་འཛུགས་པ་ཉིད་དུ་མཛད་པའོ། །དེ ་ནི་ཞེས་བྱ་བ་ནི་ཚོར་བའོ། །ཇི་ལྟར་དེ་ཁྱད་པར་དུ་མཛད་ཅེ་ན། དེའི་ཕྱིར་མ་རིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིགས་པ་དང་མཚུངས་པར་ལྡན་པའི་རིག་པ་ནི་མ་རིག་བའི་འདུས་ཏེ་རེག་པའོ། །དེ་ལས་སྐྱེས་པ་ནི་མ་རིག་པའི་འདུས་ཏེ ་རེག་པ་ལས་སྐྱེས་པའི་ཞེས་བྱའོ། །ཅི་སྟེ་གཞན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྲེད་པ་འབྱུང་བའི་ཚོར་བ་ཁྱད་པར་དུ་མཛད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འབྱུང་བའི་རེག་པ་ཡང་ཁ་ཅིག་ཏུ་ཁྱད་པར་དུ་མཛད་དོ་སྙམ་དུ་སེམས ་སུ་དོགས་ནས། རེག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་གཞན་དུ་ལན་འདེབས་པ་ཡིན་ཏེ། འདི ་སྐད་དུ་གལ་ཏེ། རེག་པ་གང་དུ་ཡང་ཁྱད་པར་མཛད་དུ་ཟིན་ཀྱང། འོན་ཀྱང་ཚོར་བ་ལ་སོགས་པ་བསྐྱེད་པ་གསུམ་ཡང་དག་འདུས་པ་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པར་བརྗོད་པར་འདོད་དེ། ཁྱད་པར་དུ་འཕགས་པ ་གང་ཞེ་ན། གང་གི་མཇུག་ཐོགས་སུ་རེག་པ་འབྱུང་པའི་འདུས་བ་ནུས་པ་ཅན་གང་ཡིན་པ་དེ། དེ་ཡང་ཚོར་བ་ལ་སོགས་པ་སུན་འབྱིན་པའི་ཚེ་མེད་ན་ཇི་ལྟར་རེག་པ་ཡིན། །དེ་མེད་བའི་ཕྱིར། ཚོར་བ་ལ་སོགས་པ་ལྟ་གལ ་ཡོད་དེ། དེའི་ཕྱིར་ཡིད་གྱི་རྣམ་པར་ཤེས་པ་འབའ་ཞིག་ལུས་པ་ཡིན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །འོན་དེ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་སུན་དབྱུང་བའི་ཕྱིར། དགེ་བ་ལ་སོགས་པའི་ཕྱོགས་ཡོངས་སུ་འཛིན་དུ་འཇུག ་པར་མཛད་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། ཞེས་བྱ་བ་ནི་གཞན་གྱི་སྐྱོན་མ་མཐོང་ནས་སྨྲས་པ་ཡིན་ནོ། །གལ་ཏེ་དགེ་བ་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནི། ཅི་སྟེ་གཞན་སུ་ཞིག་མ་ཆགས་པ་ལ་སོགས་པ་མེད་པར ་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་སྙམ་དུ་སེམས་ན། དེའི་ཕྱིར། མ་ཆགས་པ་ལ་སོགས་པ་ཡོང་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་དགེ་བ་མ་ཡིན་པར་འགྱུར ་ན། འོ་ན་རྣམ་པར་ཤེས་པ་དེ། དེ་མ་ཐག་པའི་རྐྱེན་དགེ་བ་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་པའི་སེམས་ཀྱིས་བསྐྱེད་པའི་ཕྱིར། དགེ་བ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་པར་དོགས་ནས། མ་ཡིན་ཏེ། དགེ་བའི་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དགེ་བའི་མཇུག་ཐོགས་སུ་སེམས་རྣམ་པ་གསུམ་འབྱུང་བའི་ཕྱིར་ཞེས་བྱ་བའི་དོན་ནི་འདི་སྐད་དུ་དགེ་བའི་མཇུག་ཐོགས་སུ་ནི་དགེ་བ་ལ་སོགས་པའི་སེམས་རྣམ་པ་གསུམ་འབྱུང་བར་གཞན་ན་དམིགས་པ་ཡིན་ན། གལ་ཏེ་དེ་མ ་ཐག་པའི་རྐྱེན་དགེ་བའི་དབང་གིས་དགེ་བ་ཉིད་དུ་འགྱུར་ན། མི་དགེ་བ་དང་ལུང་དུ་མ་བལྟན་པ་ཉིད་ཀྱང་དེར་ཐལ་བར་འགྱུར་བའི་ཞིག་ན་དེ་ཡང་འདོད་པ་མ་ཡིན་ཏེ། དེ་བས་ན་འཕེན་པའི་དབང་གིས་དགེ་བ་ཉིད་མ་ཡིན་པར་འདོད་པར་མི ་བྱའོ། །ཞེས་བསྟན་པ་ཡིན་ནོ། །གཞན་ཡང་སྐྱོན་འདི་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། དགེ་བའི་རྩ་བའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་རྩ་བ་རྣམས་ཀྱིས་སྟོབས་ནི། དགེ་བའི་རྩ་བའི་སྟོབས་ཏེ་ནུས་པ་ཉིད་དོ། །དེས་གང་ལ ་དགེ་བ་ཉིད་དེ། དགེ་བའི་ངོ་བོ་ཡོད་པ་འཕངས་ཤིང་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཅི་ཞིག་ཅེ་ན། སེམས་སོ། །དེ་ལྟ་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་བཟློག་པའི་རྒྱ་མི་རུང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །དེ་ལྡོག་པ་ནི་དགེ་བ་ཉིད ་ལོག་པ་སྟེ། མེད་པར་འགྱུར་བའོ། །དེ་ལྡོག་པའི་རྒྱུ་ནི་དེ་ལྡོག་པའི་རྒྱུའོ། །དེ་མི་རུང་བ་ནི་མི་འཐད་པ་ཉིད་དོ། །འདི་སྐད་དུ་གལ་ཏེ་དེ་མ་ཐག་པའི་རྐྱེན་དགེ་བའི་དབང་གིས་ཕྱི་མའི་དུས་ན་འབྱུང་བའི་སེམས་དགེ་བ་ཉིད་དུ ་འགྱུར་ན། དེ་ལྟ་ན་འོ་ན་ནི་ལན་ཅིག་དགེ་བ་སྐྱེས་ན་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་ཕྱི་མའི་དུས་ན་འབྱུང་བར་འགྱུར་བ་ཐམས་ཅད་དགེ་བ་ཉིད་དུ་འགྱུར་ཏེ། མི་དགེ་བ་དང། ལུད་དུ་མ་བསྟན་པ་གཉིས་མེད་པར་འགྱུར་རོ་ཞེས་བསྟན་པ་ཡིན ་ནོ། །དེ་ནི་མི་དགེ་བ་ལ་ཡང་ཐལ་བར་འགྱུར་རོ། ཞེས་བྱ་བ་འདིས་ནི་ཙིས་མགོ་བ་སྒྲེ་བ་སྟེ། ཇི་ལྟར་དགེ་བ་ཉིད་མི་འཐད་པ་དེ་བཞིན་དུ་མི་དགེ་བ་ཡང་བཤད་མ་ཐག་པའི་རིག་པས་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སྟེ་གཞན་གལ་ཏེ་འགོག ་པའི་སེམས་དགེ་བ་དང། མི་དགེ་བར་མི་འཐད་ན། སྙོམས་པར་འཇུག་པ་དེ་ཇི་ལྟར་ན། དགེ་བ་ཞེས་བྱ་བ་སྙམ་དུ་སེམས་ན། དེའི་ཕྱིར། འགོག་པའི་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགོག་པ་བཞིན་དུ་ཤེས ་བྱ་བ་ནི། ཇི་ལྟར་ཐར་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་དགེ་བ་ཞེས་བྱའི། །དངོས་པོ་མེད་པའི་ངོ་བོ་ཡིན་པའི་ཕྱིར། ཡང་དག་པར་ནི་མ་ཡིན་པ་དེ་བཞིན་དུ། འགོག་པའི་སྙོམས་པར་འཇུག་པ་ཡང་དུས ་རེ་ཞིག་ཞི་བས། དེ་ཙམ་གྱིས་ན་དེ་དག་པ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སྟེ་དེ་དགེ་བ་དང། །མི་དགེ་བ་མ་ཡིན་པར་འགྱུར་ན། འོ་ན་བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་མོད་སྙམ་དུ ་སེམས་སུ་དོགས་ནས། གལ་ཏེ་ཉོན་མོངས་པ་ཅན་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུ་བ་བཅུའི་མདོ་ཞེས་བྱ་བ་ནི། མདོ་གང་ལས་ཞུ་བ་བཅུ་འབྱུང་བ་དེ་ནི། ཞུ་བ་བཅུའི་མདོ་སྡེ། དེས་མཚོན་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞན ་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡང་ཞེས་བྱ་བ་ལ་སོགས་པས། སྐྱོན་གཞན་འདི་ཡང་ཡོད་དོ་ཞེས་བསྟན་པ་ཡིན་ནོ། །ཅི་སྟེ་གཞན་གལ་ཏེ་ཉོན་མོངས་པ་ཅན་མ་ཡིན་པར་གྱུར་ན། འོ་ན་མ་བསྒྲིབས་ལ་ལུང་དུ་ཡང་བསྟན་པར་འགྱུར ་མོད་སྙམ་དུ་སེམས་སུ་དོགས་ན། འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་རྣམ་པ་བཞི་སྲིད་པའི་ཕྱིར། ཅི་སྟེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་རྟོགས་པར་མཛད་དོ། །དེ་ལས་ཅི་འགྱུར ་ཞེས་བྱ་བ་ནི། གཞན་གྱིས་སྐྱོན་མ་མཐོང་བའི་ཕྱིར་དེ་སྐད་སྨྲས་སོ། །གལ་ཏེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞིག་ཡིན་ན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ཕྱོགས་རེ་རེ་ནས་རྒྱ་ཆེར་སུན་དབྱུང་བ་གསུངས་པ་ཡིན་ནོ། །ཇི་ལྟར་ན་ཞེས ་བྱ་བ་འདི་ནི་མངོན་དུ་འགྱུར་ཞེས་བྱ་བ་བར་དུ་ཆོད་པ་འདི་དང་སྦྱར་བར་བྱའོ། །རྣལ་འབྱོར་པ་ནི་ཕྲ་བ་དང། ཕྲག་པའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་སྲིད་པའི་རྩ་མོ་པའི་སྙོམས་པར་འཇུག་པའི་མཇུག་ཐོགས་སུ་འགོག ་པའི་སེམས་མངོན་སུམ་དུ་བྱ་དགོས་ན། གལ་ཏེ་དེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ན། དེ་འདོད་པ་སྤྱོད་པར་འགྱུར་ཏེ། རྣལ་འབྱོར་པ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པའི་རྩེ་མོའི་སེམས་ཀྱི་མཇུག་ཐོགས་སུ་བསམ་གཏན ་དང་པོ་ལ་སོགས་པས་འོག་མ་བརྒྱད་ཀྱིས་བར་དུ་ཆོད་པའི་སེམས་དེ་རྣལ་འབྱོར་པས་ཇི་ལྟར་མངོན་སུམ་དུ་བྱེད་དེ། ཤིན་ཏུ་ཐག་རིང་བའི་ཕྱིར་རོ། །འདི་ལྟར་ཐོད་རྒལ་དུ་སྙོམས་པར་འཇུག་པར་བྱེད་པ་དག་ཀྱང་རེ་ཞིག་སྙོམས་པར་འཇུག་པའི་སེམས ་ཀྱི་མཇུག་ཐོགས་སུ་བཞི་པ་ཡང་མངོན་སུམ་དུ་བྱ་བར་མི་ནུས་ན། དེས་ས་འོག་མ་བརྒྱད་ཀྱིས་བར་དུ་ཆོད་པ་འདོད་པ་ན་སྤྱོད་པའི་སེམས་གཅིག་མངོན་སུམ་དུ་བྱེད་དམ། དེའི་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་འདི་ཡང་ཡོད་དེ། འདིར་ཡང་ཤིན་ཏུ་ཐག་རིང་བ་ཉིད ་ཀྱི་ཕྱིར་ལངས་པ་ལ་མངོན་དུ་འགྱུར་མི་སྲིད་དོ། །མི་གཡོ་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། ཅི་ཡང་མེད་པ་དང། མཚན་མ་མེད་པ་བསྡུའོ། །ཅི་སྟེ་ཕ་རོལ་པོ་གང་གིས་ན་སྐྱོན་དེར་འགྱུར ་བ་འགོག་པའི་སེམས་ཀྱི་མཇུག་ཐོགས་སུ་མི་གཡོ་བ་ལ་སོགས་པའི་སེམས་མངོན་དུ་འགྱུར་བ་དེ་ཇི་ལྟར་མི་མངོན་ཞེ་ན། ཞེས་སྨྲ་བར་འགྱུར་རོ་སྙམ་དུ་བསམས་ནས། ལུང་གིས་སྒྲུབ་པའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ ་རེག་པ་དུ་ཞིག་ལ་རེག་ཅེས་བྱ་བ་ནི་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།དེ་ལ་མི་གཡོ་བ་ནི་བསམ་གཏན་བཞི་བའི་ས་པའོ། །ཅི་ཡང་མེད་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་བའོ། །མཚན་མ་མེད་པ་ནི། འདུ་ཤེས་ཕྲ་བས ་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། སྲིད་པའི་རྩེ་མོ་ཡིན་པར་རིག་པར་བྱའོ། །གཞན་ཡང་མངོན་གྱི་ལས་ཀྱི་འཕངས་པའི་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པའི་རིགས་ཏེ། མདོན་གྱི་ལས་ཀྱིས་འཕངས་པ ་ཞེས་བྱ་བ་ནི་ཚེ་རབས་གཞན་གྱི་ལས་ཀྱིས་འཕངས་པ་ཞེས་བྱ་པའི་ཐ་ཚིག་གོ་།དུས་ཚིགས་ཞེས་བྱ་བ་ནི་དུས་མཚམས་སོ། །སྔར་བསམས་པ་ཞེས་བྱ་བ་ནི། སྔར་བརྣག་བརྣག་པའོ། །འདི་ལ་ཡང་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི ་མེད་པ་ཁོ་ན་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ་།འདི་སྐད་དུ་རྣམ་པར་སྨིན་པ་ནི་རང་གི་དང་གིས་འབྱུང་བ་ཡིན་ན། ཇི་ལྟར་ན་དེ་རང་གི་ཆོས་ལས་འདས་ནས། གང་གིས་ན་དེས་ལྡང་བའི་དུས་ཀྱི་དུས་ཚིགས་བསམས་པ་ལས་འདའ་བར ་མི་བྱེད་པར་རྣལ་འབྱོར་པའི་སེམས་ཀྱི་རྗེས་སུ་འགྲང་ཞེས་བསྟན་པ་ཡིན་ནོ། །མི་འཐད་པ་གཞན་འདི་ཡང་ཡོང་ངོ་ཞེས་བསྟན་པའི་ཕྱིར། རེ་ཞིག་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་གསུངས་ཏེ། འདི་ལང་རྣམ་པར་སྦྱིན་པའི་སེམས ་འགྲུབ་པར་བྱ་བའི་འཇུག་པའི་ཐོབ་གྱི་ཚེས་སྔ་བར་ནི་མ་ཡིན་ཞེས་བྱ་བ་བར་དུ་ཆོས་པ་འདི་དང་སྦྱར་རོ། །འགོག་པ་ལ་དམིགས་པ་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་རྣམ་པར་ཚོར་བ་ལ་སོགས་པ་འགོག་པ་ལ་དམིགས་པ་ཞེས་བྱ་བའི ་ཐ་ཚིག་གོ་།སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་སེམས་ཀྱི་མཐར་ཕྱིན་པ་ན་ཞེས་བྱ་བ་ནི། སྙོམས་པར་འཇུག་པའི་མཐར་ཕྱིན་པའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ་།ཆེས་སྔ་པར་ནི་མ་ཡིན་ཞེས་བྱ་བར་ནི། ཆེས་དང་པོ་ས་གཞན་པའི་སེམས ་མངོན་སུམ་དུ་གྱུར་པ་ན་ཡང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།ཚོར་བ་ལ་སོགས་པ་གཅོད་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་དགྲ་བོར་གྱུར་པའི་གནས་སྐབས་ན། བག་ཆགས་འཇུག་པ་འཐོབ་ཀྱི་ཆེས་སྔ་པ་རྗེས་སུ་འཐུན་པའི་གནས་སྐབས་སུ་ནི ་ལན་འགའ་ཡང་མ་ཡིན་ཞེས་བྱ་བ་དེ་ཇི་ལྟར་རུང་ཞེས་བྱ་བ་བསྟན་པ་ཡིན་ནོ། །སྐྱོན་གཞན་འདི་དང་ཡང་ལྡན་ནོ་ཞེས་བསྟན་པའི་ཕྱིར། རེ་ཞིག་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་བྱ་བ་ནི་འདི་ལ་རིགས་པ ་ཅི་ཞིག་ཡོད་ཅེས་བྱ་བའི་ཐ་ཚིག་གོ་།འདིར་ཞེས་བྱ་བ་ནི་འདོད་པ་དང། གཟུགས་ཀྱི་ཁམས་སུ་འོ། །ཡང་མ་ཚམས་མི་འབྱོར་ལ་ཞེས་བྱ་བ་ནི། སྔོན་གྱི་ལས་ཀྱི་འཕེན་པའི་དབང་གིས། རང་གི་རང་གིས་འབྱུང་བའི་རྒྱུན་ཆད་པའི་ཕྱིར་རོ ་རྣམ་པར་སྨིན་པའི་སེམས་ནི་མཚམས་འབྱོར་ཞེས་བྱ་བ་ནི་ངེས་པར་སེམས་གཞན་མངོན་དུ་གྱུར་པའི་ཚེ་ན་ཆད་པ་ཡང་མཚམས་འབྱོར་ཏེ། འགོག་པའི་སྙོམས་པར་འཇུག་པར་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སྟེ་གཞན་དེ་ལྟར་རྣམ་པར་སྨིན་པ་མ་ཡིན་ཀྱང ་རུང་འོན་ཀྱང་སྤྱོད་ལམ་པ་ལ་སོགས་པས་འགྱུར་མོད་སྙམ་དུ་སེམས་སུ་དོགས་ནས། འོན་ཏེ་སྤྱོད་ལམ་པ་ལ་སོགས་པ་ཞིག་ཡིན་ནོ། །ཞེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱོད་ལམ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། བཟོའི་གནས ་དང། སྦྲུལ་པའི་སེམས་བསྦུའོ། །ཞི་བ་ལ་སོགས་པའི་རྣམ་པར་ཚོར་བ་ལ་སོགས་པ་འགོག་པ་ལ་དམིགས་པས་རྣམ་པ་གཞན་དུ་ཞུགས་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པ་མངོན་པར་འདུ་བྱེད་པ་ལྟ ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་རེག་པ་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མངོན་བར་འདུ་བྱེད་པ་ཞེས་བྱ་བ་ནི་སྤྱོད་ལམ་ལ་སོགས་པ་མངོན་པར་འདུ་བྱེད་པ་སྟེ། ཅི་ཞེ་ན་ལྟ་ག་ལ་ཡོད་ཅེས་བྱ་བར་སྦྱར་རོ། ། ་ག་ལ་ཡོད་ཅེས་བྱ་བ་ནི། དེའི་ཚེ་མེད་པ་ཉིད་དེ། འགོག་པའི་སྙོམས་པར་འཇུག་པ་མངོན་སུམ་དུ་གྱུར་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་འདིའི་ཕྱིར་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར། མཐར་གྱིས་གནས་པའི ་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐར་གྱིས་པའི་གནས་པའི་སྙོམས་པའི་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པ་བརྒྱད་དང། འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་དག་ནི ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །རྣམ་པར་ཐར་པ་བརྒྱད་དག་ཅེས་བྱ་བ་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་བརྒྱད་དག་གོ་།དེ་དག་གི་ནང་ནས་འགོག་པའི་སྙོམས་པར ་འཇུག་པ་ཡང་འབྱུང་སྟེ། འདུ་ཤེས་དང། ཚོར་བ་ལ་འགོག་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་བརྟེན་ནས ་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་པར་བྱ་སྟེ། སྲིད་པའི་རྩེ་མོའི་ཞེས་བྱ་བ་ལ་སོགས་པ་གཞན་འདིས་ནི། རེ་ཞིག་ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་མངོན་སུམ་དུ་བྱེད་པ་དེ་ལྟ་བུའི་ཚུལ་སྟོན་ཏོ། །ཕྱིས་ནི་དེའི་དམིགས ་པ་དང། རྣམ་པ་ཅི་ཞིག་ཡིན་ཞེས་བྱ་བ་ལ་སོགས་པས་འགལ་བ་བརྗོད་དོ། །སྟོབས་ཀྱི་དོན་ནི་རྟེན་ནས་གནས་ཀྱི་དོན་དུ་རིག་པར་བྱའོ། །ཚུལ་འདི་གཉིས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་གྲུབ་པོ། །མཚན་མ་མེད་པའི་དབྱངས་ཞེས་བྱ ་བ་ནི། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ་།རྒྱུ་དང་རྐྱེན་ནི་འདིར་དོན་གཅིག་ཏུ་རིག་པར་བྱའོ། །ཡང་ན་རྒྱུ་ཉེ་བ་ནི་རྐྱེན་ནོ། །རྒྱུ་ནི་བརྒྱུད་པ་གཞན་དག་ཀྱང་ཡིན་ནོ། །ཡང་ལ་མི་བྱེད་པ་ཞེས་བྱ་བ་ནི་འཇུག་པ ་མེད་པའོ། །ཇི་ལྟར་དགེ་བ་མ་ཡིན་ཞེས་བྱ་བ་ནི་དགེ་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དེ་དགེ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་དགེ་བ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་ཇི་ལྟར ་ཞེས་བྱ་བར་སྦྱར་བར་བྱའོ། །གལ་ཏེ་འདི་ཡང་འདོད་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། མཚུངས་པར་ལྡན་ན་ཡང་ཞེས་བྱ་བ་གསུངས་ཏེ། འདི་ཡང་དེ་བཞིན་དུ་སྦྱར་རོ། །གལ་ཏེ་འགོག་པ་ལ་དམིགས་པ་དང། ཞི་བའི ་རྣམ་པ་མ་ཡིན་དུ་ཟིན་ཀྱང། དེའི་དམིགས་པ་དང་རྣམ་པ་གཞན་དུ་འགྱུར་མོད་ཅེ་ན། དེའི་ཕྱིར་འོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ཞེས་བྱ་བ་འདིས་ནི་སེམས་གཡེང་བར་རུང་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། ། ་མཚན་མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་དམིགས་པ་དང། རྣམ་པ་གཞན་ཞིག་ཡིན་ནོ། །སྦྱོར་བའི་སེམས་ཀྱི་མཇུག་ཐོགས་སུ་གཡེང་བར་འགྱུར་རོ། །ངེས་ན་མཚན་མ་མེད་པ་ནི་སྦྱོར་བ་དང་འཐུན་པའི་ཕྱིར ་རྐྱེན་གཉིས་ཏེ་ཞེས་བྱ་བ་འདི་དང་འགལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ལུང་དུ་མ་བསྟན་པ་རྣམ་པ་བཞི་རྒྱ་ཆེར་མི་འཐད་དོ། །གལ་ཏེ་འདིར་གཞན་དག་འོ་ན་དེ་ལུང་དུ་མ་བསྟན་པ་གཞན་ཞིག་ཏུ་འགྱུར་མོད ་ཅེས་ཟེར་དུ་དོགས་ནས། གཉིས་པོ་དེ་ཉིད་ཀྱིས་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པོ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་གསུངས་པའི ་ཕྱིར་དང། སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པ་ལ་རྟེན་ནས་ཞེས་གསུངས་པ་ནི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་གཞན་གྱི་ཕྱོགས་རྒྱ་ཆེར་བསལ་ནས། དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་དུས?་བ་མཟེད?་དོ།། ། ་བམ་པོ་གསུམ་པའོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི། གཞན་དག་སློབ་དཔོན་ལ་ཞུ་བ་བྱེད་པ་ཡིན་ཏེ། གལ་ཏེ་འགོག་པའི་སྙོམས་པར་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པར་མི་འཐད་ན། ཀྱེ ་ཁྱོད་ཀྱིས་ཀྱང་དེ་སེམས་དང་བཅས་པ་ཇི་ལྟ་བུ་ཡིན་པར་བརྗོད་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ་།འདིས་གདོན་མི་ཟ་པར་གཉེར་གསང་དགོས་སམ། ཅི་ན་གང་གིས་དེ་སྐད་དུ་ཞུ་བར་བྱེད། འདི་ལྟར་སློབ་དཔོན་གྱིས་ནི། དེ ་སེམས་དང་བཅས་པར་གསུངས་པ་མེད་དོ་ཞེས། དེ་ནི་མ་ཡིན་ཏེ། སློབ་དཔོན་གྱིས་ཀྱང་ལུང་གི་ཚང་མས་ཞལ་གྱིས་བཞེས་པ་ཁོ་ན་ཡིན་ཏེ། རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། ། ་དེ་ལྟ་བས་ན་དེ་ནི་གྱི་ནའོ། །ཇི་ལྟར་མདོ་སྡེ་པ་ཁ་ཅིག་འདོད་པ་ལྟ་བུ་རོ་ཞེས་བྱ་བ་ནི། དེ་ལྟ་བུར་སེམས་དང་བཅས་པར་འདོད་དོ་ཞེས་བྱ་བ་ལྷག་མའོ། །འདིས་ནི་སློབ་དཔོན་བཞེད་པའི་ཕྱོགས་སྟོན་ཏོ། །ཁ་ཅིག་ཞེས་བྱ་བ ་ནི་དང་པོའི་ཁྱད་པར་རྩམ་པར་འབྱེད་པའི་ཆོས་ཀྱི་རྣམ་བྲངས་ལ་སེམས་པ་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་མདོ་སྡེ་བ་ཁ་ཅིག་ཇི་ལྟར་ཞེས་བྱ་བ་ལ་སོས་པ་སྨྲ་བ་ནི་གཞན་དག་གོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས ་བྱ་བ་ལ་སོགས་པ་སྨྲ་བ་ནི་སློབ་དཔོན་ནོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ན། རྣམ་པར་སྨིན་པ་ཞེས་བྱ་བའི་རྣམ་པར་ཤེས་པའོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པའི་ཟོས་བསྐྱེད་ནུས་པའོ། །ཉིད་མཚམས ་སྦྱོད་བ་ནས་བཟུང་སྟེ་ཞེས་བྱ་བ་ནི། མའི་རུམ་དུ་ཉིད་མཚམས་སྦྱོར་པ་ཁུ་བ་དང། ཁྲག་རྡོས་པར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མྱོས་པ་དེ་ནས་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱེ་བ་དེ་དང་དེར་ཞེས་བྱ་བ་ནི་མི་ལ་སོགས ་པར་རོ། །བར་ཆད་མེད་པར་ཞེས་བྱ་བ་ནི། རྣམ་པར་ཆད་པ་མེད་པའོ། །རྣམ་པར་སྨིན་པའི་རྒྱུ་ཐ་དད་བས་ཐ་དད་པར་གྱུར་པ་ཞེས་བྱ་བ་ནི། དགེ་བ་ལ་སོགས་པ་ཐ་དད་པས་ཐ་དད་པ་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།མྱ་ངན་ལས་འདས་པ་ལ ་ཐུག་གི་པར་དུ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་ཐར་ཕྱིན་པ་སྟེ། མྱ་ངན་ལས་འདས་པར་ཟད་ཅེས་བྱ་བའི་ཐ་ཚིག་གོ་།རྒྱུན་གྱིས་འཇུག་པ་ཞེས་བྱ་བ་ནི་རྒྱུད་ཀྱིས་སོ། །དེ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལ་སོགས་པའི་ངོ་བོའི་རྣམ་པར ་ཤེས་པ་བཤད་མ་ཐག་པ་དེ་ལྟ་བུ་དེ་ཞེས་བྱ་བའི་ཐ་ཚི་གོ། དེའི་ཚེ་ཞེས་བྱ་བ་ནི། འགོག་པའི་སྙོམས་པར་འཇུག་པའི་ཚེའོ། །མི་འཆད་དེ་ཞེས་བྱ་བ་ནི་མི་འབྲལ་ཞིང་མི་འགག་ཅེས་བྱ་བའི་ཐ་ཚིག་གོ། ངེས་ན་ཞེས་བྱ་བ་ནི་རྣམ་པར་ཤེས ་བ་སི་འཆད་པས་སོ། །སེམས་དང་བཅས་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་བཅས་པ་ཞེས་བྱ་བའོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་གཞན་དག་ནི་མི་འཇུག་ཏེ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྣལ་བར་ཤེས་པ་ལས་གཞན ་བའི་ཚིགས་རྣམས་སོ། །ཅིའི་ཕྱིར་མི་འཇུག་ཅེན། དེའི་ཕྱིར་རྣམ་པར་ཤེས་པ་དག་གིས་བོན་ཉམས་པའི་ཕྱིར་ཞེས་བྱ་བ་གསུངས་པ་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ནུས་པ་ཉམས་པའི་ཕྱིར་རོ། །གང་གིས་ས་བོན་ཉམས་པར ་བྱས་ཤེ་ན། དེའི་ཕྱིར་འགོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇུག་པའི་སེམས་ཀྱི་ཞེས་བྱ་བ་ནི། སྦྱོར་བའི་སེམས་སུ་རིག་པར་བྱ་སྟེ། གང་གིས་ན་དེ་མངོན་སུམ་དུ་བྱེད་པའོ། །དུས་ཇི་སྲིད ་ཅིག་ཏུ་ཉམས་ཤེ་ན། དེའི་ཕྱིར་དུས་རེ་ཤིག་ཅེས་བྱ་བ་གསུངས་སོ། །དེས་ན་ཞེས་བྱ་བ་ནི་མིག་གི་རྣ་བར་ཤེས་པ་ལ་སོཌ་པ་ཆད་པའོ། །འོ་ན་རྣམ་པར་ཤེས་པས་སེམས་ཡོང་བཞིན་དུ་ཡང་ཇི་ལྟར་དེའི་གནས་སྐབས་སེམས་མེད་པ་ཞེས་བྱ་ཞེ་ན། ཞེས་གཞན་གྱི ་སེམས་ཀླན་ཀ་འབྱུང་དུ་དོགས་ནས། སེམས་ནི་རྣམ་པ་གཉིས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་ནི་ཞེས་བྱ་བ་ནི། འདི་ནི་རེ་ཞིག་གཅིག་ཡིན་ཏེའོ། དེའི་ས་བོན་རྣམས་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས ་པ་ལ་སོགས་པའི་ས་བོན་རྣམས་སོ། །བསགས་པ་ཞེས་བྱ་བ་ནི་ཀུན་ཏུ་བསགས་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ན་བསགས་པའི་ཕྱིར་སེམས་ཡིན་ནོ། །གཉིས་པ་ནི་ཞེས་བྱ་བ་ནི། འདི་ནི་གཞན་ཡིན་ཏེའོ། །སྣ་ཚོགས ་པ་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ་།གང་གིས་སྣ་ཚོགས་པ་ཡིན་ཞེ་ན། དེའི་ཕྱིར་དེའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དམིཌ་པ་རྣམས་ཐ་དད་པ་ནི་གཟུཌ་ལ་སོཌ་པའོ། །རྣམ་པ་རྣམས་ཐ་དད་པ་ནི་གཟུཌ་པ ་སོཌ་པ་དེ་དག་ཉིད་ཀྱི་སྔོན་པོ་ལ་སོགས་པའོ། །བྱེ་བྲག་ཐ་དད་པ་ནི་སྔོན་པོ་ལ་སོགས་པ་ལ་སོགས་པ་དེ་དག་གི་ནང་གི་བྱེ་བྲག་སྟེ། རྨ་བྱའི་མགྲིན་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཚུལ་གྱིས་ན། སྣ་ཚོགས་པའི་ཕྱིར་སེམས་ཡིན་ནོ། །འདིས་ནི་རེ་ཞིག ་སེམས་ཁོ་ན་རྣམས་པར་དབྱེ་བར་ཟད་དོ། །དེ་ན་སེམས་གཉིས་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ནོ། །དཔེ་ནི་གོ་བར་སླའོ། །གལ་ཏེ་དུས་རེ་ཞིག་ས་བོན་ཉམས་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི ་འབྱུང་ན། ཕྱིས་རྣལ་འབྱོར་པ་ལངས་པ་ན་ཡང་དེའི་རྣམ་པར་ཤེས་པ་དེ་ཇི་ལྟར་འབྱུང་སྙམ་དུ་གཞན་དེ་ལྟར་སེམས་པར་ཐུགས་སུ་ཆུད་ནས། ས་བོན་ཉམས་པའི་གནས་སྐབས་དེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཞན་པ་དེ་དང། ཆོས ་ཞན་པ་དང། ཤིན་ཏུ་ཆེས་ཞན་པའི་རིམ་པས་ཞེས་བྱ་བ་ནི། ཞན་པ་དང། ཆེས་ཞན་པ་དང། ཤིན་ཏུ་ཆེས་ཞན་པའི་རིམ་གྱིས་ཞན་བྱ་བའི་ཐ་ཚིག་གོ་།ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་ཆུ་ཚན་དང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲི ་བའི་ཚུལ་གྱི། སྒྲ་ནི་ཆུ་ཚན་འབྲི་བའི་ཚུལ་དང། མངའ་ཕངས་པའི་ཤུགས་འབྲི་པའི་ཚུལ་དུ་ཞེས་རེ་རེ་ལ་སྦྱར་བར་བྱ་སྟེ། ཇི་ལྟར་ཆུ་ཚན་དང། མངའ་འཕངས་པའི་ཤུགས་ཞན་པ་དང། ཆེས་ཞན་པ་དང། ཤིན་ཏུ་ཆེས་ཞན་པའི་རིམ་པས ་འབྲི་བ་ལྟར་དེ་ཡང་དེ་བཞིན་ན་ཞེས་བྱ་བའི་ཐ་ཚིག་གོ། དེས་ཞེས་བྱ་བ་ནི་ཞན་པ་དང། ཆེས་ཞན་པ་དང། ཤིན་ཏུ་ཆེས་ཞན་པའི་རིམ་པས་སོ། །ལྡང་བའི་དུས་ལ་ངས་པའི་མཐར་ཐུག་པ་ན། ཞེས་བྱ་བ་འདིས་ནི་གནས་སྐབས་དེ ་ཉིད་ཁྱད་པར་དུ་བྱེད་དོ། །འཕངས་པའི་ཞེས་བྱ་བ་ནི་བདག་གིས་དུས་འདི་སྲིད་གཅིག་ཏུ་སྙོམས་པར་ཞུགས་པས་གནས་པར་བྱའོ་སྙམ་པ་རྣལ་འབྱོར་པའི་སེམས་ཀྱི་ཤུགས་སོ། །དེའི་མཐར་ནི་རྫོགས་པ་སྟེ། དེའི་ཐུག་ཅིང་ཕྱིན ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།སྐད་ཅིག་རེ་རེ་ལ་ཞེས་བྱ་བ་ནི། སྐད་ཅིག་སྐད་ཅིག་ལའོ། །འགྱུར་བའི་ཁྱད་པར་ལས་ཞེས་བྱ་བ་ནི། རྒྱུའི་སྐད་ཅིག་དང་མི་མཐུན་པའི་མཚན་ཉིད་འབྲས་བུ་མི ་འདྲ་བ་འབྱུང་བ་ལས་ཞེས་བྱ་བའི་ཐ་ཚིག་གོ་།འཇུག་པ་རྙེད་པས་ཞེས་བྱ་བ་ལ། འཇུག་པ་རྙེད་པ་ནི་གང་གིས་ཡོངས་སུ་རྟས་པ་དེ་ནི་འཇུག་པ་རྙེད་པ་སྟེ་ངེས་སོ། །དེ་ཅི་ཞེ་ན། དེའི་ཕྱིར་ས་བོན་ཞེས་བྱ་བ་གསུངས་སོ། །རྐྱེན་ཇི་ལྟ་བ་བཞིན ་དུ་ཞེས་བྱ་བ་ནི། གང་གི་རྐྱེན་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་ཀྱང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་ལྟར་དང་པོ་འཁྱད་པར་རྣམ ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ལ་སེམས་པའི་མདོ་སྡེ་པ་དེ་དག་སེམས་དང་བཅས་པར་འདོད་པ་རྒྱ་ཆེར་བསྒྲུབས་ནས། ད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་བཞག་པ་བསྟན་པའི་ཕྱིར། རྣམ་པར་སྨིན་པའི་རྣམ ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཅི་ཞེ་ན། སྒོ་བར་བྱེད་དོ་ཞེས་བྱ་བ་འདི་དང་སྦྱར་རོ། །ས་བོན་རྣམ་པ་སྨ་ཆོགས་ཁོང་ན་ཡོད་པ་ཞེས་བྱ་བ་འདས་ནི་དེའི་རང་བཞིན ་བསྟན་པ་ཡིན་ཏེ། གང་ལ་ས་བོན་རྣམ་པ་སྣ་ཚོགས་ཁོང་ན་ཡོང་ཅིང་ལུས་ཡོང་པ་དེ་ལ་དེ་སྐད་ཅེས་བྱ་བའི་ཐ་ཚིག་གོ། གང་གིས་དེ་ལ་སྒོ་བར་བྱེད་ཅན། དེའི་ཕྱིར་དེ་ལས་གཞན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །དེ་ལས་གཞན་པ་མིག་གི་རྣམ་པར་ཤེས་པ་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་ལྟན་ཅིག་འབྱུང་བའི་འོ། །ཆོས་གཞན་ཞེས་བྱ་བ་ནི་དག་པ ་དང། འདོད་ཆགས་ལ་སོགས་པའོ། །ཇི་ལྟར་སྒྲོ་བར་བྱེད་ཅེ་ན། དེའི་ཕྱིར་ས་བོན་རྟས་བར་བྱེད་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། ས་བོན་གསོ་བར་བྱེད་པའི་སྒོ་ནས་ཡིན་གྱི། སྔོན་མེད་པ་བསྐྱེད་པས་ནི་མ་ཡིན་ཏེ། ཇི་སྐད་སྔར་བཤད་པ ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་སྲིད་པར་རོ། །སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ནུས་པ་ཇི་ལྟ་བ་བཞིན་དུའོ། །བག་ཆགས་འཇུག་པ་རྙེད་ན་ཞེས་བྱ་བ་ནི། བག་ཆགས་རྟས་ན་ཞེས་བྱ་བའི་ཐ་ཚིག་གོ་།དེ ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་གནས་བརྟན་རྟ་སྐད་ཀྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས། ཚིགས་བཅད་དེ་བཤད་དོ་ནས་བྱ་བའི་ཐ་ཚིག་སྟེ། འདིས་ནི་སྐྱེས་བུ་ཚད་མས་བཤད་པར་སྟོན་ཏོ། །སེམས་འདི་ཞེས་བྱ་བ་ནི། སེམས ་དེ་ཡིན་པར་རིག་པར་བྱའོ། །བྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། དེའི་ཕྱིར་ས་བོན་མཛའ་ཡས་པ་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དགེ་བ་ལ་སོགས་པའི་ཆོས་ཀྱིས་ས་བོན་དཔག་ཏུ་མེད་པ་དང་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ཀྱང་བསགས ་པའི་ཕྱིར་ན། སེམས་ཞེས་བྱ་བ་བསན་ཏེ། བག་ཆགས་བསགས་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ། རྒྱུན་གྱིས་འཇུག་འགྱུར་ཞིང་ཞེས་བྱ་བ་ནི། དེ་ཡང་རྒྱུན་གྱིས་འཇུག་པའོ། །དེ་དང་དེའི་ས་བོན་རྟས་ཞེས་བྱ་བ་ནི་ཆོས་དེ་དང་དེ་འབྱུང་བའི་རྒྱུ་བས ་ཆགས་ཞེས་བྱ་བ་ས་བོན་ཐོག་མ་མིད་པའི་དུས་ནས་ཞུགས་པའོ། །རྟོས?་པ་ནི་གསོས་པའོ། །འགྱུར་ཞེས་བྱ་བ་ནི་འགྲོ་བ་ཞེས་བྱ་བའི་ཐ་ཆིག་གོ། གང་ཞིག་ཡོད་ན་དེ་རྟས་པར་འགྱུར་ཞེ་ན། དེའི་ཕྱིར་སེམས་ལ་རང་རྐྱེན་བྱུར་ན་ཞེས་བྱ་བ ་གསུངས་ཏེ། སེམས་ལ་དད་པ་དང། འདོད་ཆགས་ལ་སོགས་པའི་རྐྱེན་ཀུན་ཏུ་བྱུང་ན་ཞེས་བྱ་བའི་ཐ་ཚིག་གོ་།དེས་རྟས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཡོངས་སུ་རྟས་ནའོ། །རིམ་གྱིས་འཇུག་པ་སྙེད་ན་དུས་སུ་འབྲས་བུ་འབྱིན ་བ་འགྲུབ་ཅེས་བྱ་བ་ནི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གང་གིས་རིམ་གྱིས་འཇུག་པ་རྙེད་ན་འབྲས་བུ་ཡང་འབྱིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་སུ་ཞེས་བྱ་བ་ནི་དུས་གཞན་ནོ། །ཅི་འདྲ་བར་འགྲུབ་ཅེ་ན། དེའི་ཕྱི། མ་ཏུ་ལུང་གའི་ཞེས་བྱ ་བ་ལ་སོགས་པ་གསུངས་སོ། །དེའི་ཤ་ཞེས་བྱ་བ་ནི། མ་ཏུ་ལུང་གའི་ནང་གི་ཤ་ལའོ། །ཅི་ཞེ་ན། ཚོན་དེའི་རིམ་གྱིས་འཇུག་བརྙེད་ན་དུས་སུ་འབྲས་བུ་འབྱིན་པ་འགྲུབ་ཅེས་བྱ་བར་སྦྱར་རོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི། ་བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་བསྟན་པ་ཉིད་ཡིན་ནོ། ཞེས་བྱ་བ་བསྟན་ཏོ། །ལེན?་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་བརྡ ་ཕྲད་པར་ཟད་དོ། །ད་ནི་དེ་ཡང་ཡང་སྲིད་པའི་ཞེས་བྱ་བ་ལ་སོགས་པས་ནི། ལེན་པའི་རྣམ་པར་ཤེས་པ་དེའི་མིང་གི་རྣམ་གྲངས་རྣམས་བསྟན་ཏོ། །ལུས་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་ནི། ལུས་རང་གིར་བྱེད་པའི་ཕྱིར་རོ། །ལེན་པའི་རྣམ་པར ་ཤེས་པའི་ཞེས་བྱའོ་ཞེས་བྱ་བ་ནི་འདིས་ལེན་པར་བྱེད་པས་ན་ལེན་པའོ། །དེ་ནི་ལེན་པ་ཡང་ཡིན་ལ་རྣམ་པར་ཤེས་པ་ཡང་ཡིན་པས་ལེན་པའི་རྣམ་པར་ཤེས་པའོ། །གཞིར་གྱུར་པའི་ཕྱིར་ཞེས་བྱ་བ་བ་ནི་རྟེན་དུ་གྱུར་པའི་ཕྱིར་རོ། །ཀུན ་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འདིར་ཆོས་ཐམས་ཅད་ཀུན་ཏུ་སྦྱོར་བར་བྱེད་པ་ཀུན་གཞི་སྟེ། ཚོག་བསྡུ་བ་ནི་སྔ་མ་བཞིན་ནོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། རྣམ་པར་སྨིན་པས་རྣམ་བར་སྨིན་པ་སྟེ། འདིར་ཡང ་ཚིག་བསྡུ་བ་ནི་སྔ་མ་ཁོ་ན་དང་འདྲའོ། །ལུང་གི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རབ་ཏུ་བསྒྲུབས་ནས། ད་ནི་རིགས་པས་ཀྱང་དེ་བསྒྲུབ་པར་བསྟན་པའི་ཕྱིར། གལ་ཏེ་དེ་ཡང་མི་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས ་གཞན་པའི་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །མི་གཏོང་བར་འདུག་པ་ཞེས་བྱ་བ་ནི་ཡོངས་སུ་མ་གཏང་བར་འདུག་པའོ། །ཁྱབ་པར་བྱ་བ་ཅི་ཞེ་ན། འདུག་པ་ཞེས་བྱ་བར་སྦྱར་ཏེ། མིག་ལ་སོགས་པའི ་རྟེན་ཉི་ཚེ་ལ་འདུག་པའི་ཕྱིར་རོ། །འདི་སྐད་དུ་ལུས་ནི་རྣམ་པར་ཤེས་པས་ཟིན་པའི་ཕྱིར་མ་ཤི་པར་དུ་རུལ་བར་མི་འགྱུར་རོ། །དེ་ནི་གལ་ཏེ་དེ་ལ་རྣམ་པར་ཤེས་པ་རྒྱུན་མི་འཆད་པའམ། ཁྱབ་པར་འདུག་ན་དེ་ལྟ་ན་ཟིན་པ་ཡིན་ན་རྣམ་པར ་སྨིན་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་རྣམ་པར་ཤེས་པ་གཞན་ལ་ནི་ཇི་སྐད་བཤད་པའི་རྣམ་པར་ཡང་མི་སྲིད་དོ། །དེ་བས་ན་དེ་དང་བྲལ་བའི་ཕྱིར་ཤི་བའི་རོ་བཞིན་དུ་རུལ་བར་འགྱུར་པ་ཞིག་ན། དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་གང་གི་དབང ་གིས་འདྲུལ་བར་མི་འགྱུར་བ་དེ་གདོན་མི་ཟ་བར་རྣམ་པར་ཤེས་པ་གཞན་ཡོད་པར་ཁས་བླངས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་འབྲས་བུ་མི་འབྱུང་བ་འགྲུབ་པར་བྱེད་པ་དེ་ནི་དེ་དང་ཐ་དད་པ་ཡིན་ཏེ། དཔེར་ན་སྣམ ་བུ་ལས་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་མི་འབྱུང་བ་བུམ་པས་འགྲུབ་པར་བྱེད་པ་ལྟ་བུ་ཡིན་ལ། དེ་ལས་གཞན་པའི་རྣམ་པར་ཤེས་པ་ལས་འབྲས་བུ་ལུས་མི་འབྲུལ་བ་ལ་སོགས་པ་མི་འབྱུང་བ་ལ་ཡང་རྣམ་པར་སྨིན་པའི་རྣམ་པར་ཤེས ་བས་འགྲུབ་པར་བྱེད་དོ། །ཐ་དད་པ་ནི་དེ་ལས་འབྲས་བུ་ནི་འབྱུང་བ་འགྲུབ་པར་བྱེད་པ་ཙམ་གྱིས་ཡོད་པ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གལ་ཏེ་དེ་ཡང་མི་འདོད་ན་ཉོན་མོངས་པའི་བག་ལ་ཉལ་གང་ལ་གནས་པ ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གཞན་འདི་ཡང་བརྗོད་དགོས་སོ། །གང་ལ་གནས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གང་ལ་རྣམ་པར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་གཉེན་པོས་ཞེས་བྱ་བ་ནི་བག་ལ་ཉལ་གྱི་གཉེན་པོ་འཕགས་པའི ་ལམ་གྱིས་སོ། །རེ་ཞིག་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་ནི་ཕྱི་རོལ་ཏུ་རྣམ་པར་གཡེངས་པའི་ཕྱིར་དེའི་ཚེ་མི་སྲིད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་འདུས་ལ། དེ་ཡང་བག་ལ་ཉལ་གྱི་གཉེན་པོར་གྱུར་པ་ཡིན་ནོ། །དེའི་ཕྱིར་བག ་ལ་ཉལ་གང་ལ་གནས་པ་སྤོང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ཅི་སྟེ་གཞན་དག་དེ་ནི་གཉེན་པོའི་སེམས་ལ་གནས་པ་ཉིད་སྤོང་པར་འགྱུར་སྙམ་དུ་སེམས་སུ་དོགས་ནས། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི ་སྐད་དུ་འཕགས་པའི་ལམ་ནི་བག་ཆགས་དཔྱིས་དབྱུང་བའི་ཕྱིར་ཞུགས་པ་ཡིན་ན། ཇི་ལྟར་ན་གང་གིས་ན་གཞན་འགྱུར་བར་དེ་དེ་དང་འཐུན་པར་འགྱུར་ཏེ། གང་ཞིག་གང་གཞོམ་པར་བརྩོན ་པ་དེ་ཉིད་དེ་ལ་ཕན་འདོགས་པར་བྱེད་པ་ནི་མི་རུང་ངོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་འཇོམས་པར་བྱེད་པ་དེ་ནི། དེ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་ཆུ་དང་མེ་ལྟ་བུ་ཡིན་ལ། འཕགས་པའི་ལམ་ཡང་བག ་ཆགས་འཇོམས་པར་བྱེད་པ་ཡིན་པས། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་སྟེ། འདི་ལྟར་འཇོམས་པར་བྱེད་པ་ཉིད་དང། འཇོམས་པར་བྱེད་བ་མ་ཡིན་པ་ཉིད་གཉིས་ནི་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད ་ཀྱིས་འགལ་བ་ཡིན་ལ། འཇོམས་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ནི་སྐྱེད་པར་བྱེད་པ་ཉིད་ལ་ཁྱབ་པའི་ཕྱིར་དེ་དང་འགལ་པ་འཇོམས་པར་བྱེད་པ་ཉིད་དམིགས་ན། འཇོམས་པར་བྱེད་པ་མ་ཡིན་པ་ཉིད་ལྡོག་གོ་།དེ་ལོག་ན་དེས ་ཁྱབ་པར་བྱ་བ་སྐྱེད་པར་བྱེད་པ་ཉིད་ཀྱང་ལྡོག་པར་འགྱུར་རོ། །དེ་བས་ན་རྣམ་པར་ཤེས་པ་གཞིར་གྱུར་པ་གཞན་ཞིག་གདོན་མི་ཟ་བར་ཁས་བླང་བར་བྱའོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་དེ་སྔོན་དུ་འགྲོ་བ ་ཅན་ཡིན་ཏེ། དཔེར་ན་ས་བོན་ཡོད་ན་མྱུ་གུ་འབྱུང་བ་ལྟ་བུ་ཡིན་ལ། རྣམ་པར་ཤེས་པ་གཞན་ཡོད་ན་ཡང་ཉོན་མོངས་པའི་བག་ཆགས་འབྱུང་བ་ཡིན་ནོ། །དེ་སྔོན་དུ་འགྲོ་བ་ཅན་ནི་དེ་ཡོད་ན་འབྱུང་བ་ཙམ་དང་འབྲལ་བའི ་ཕྱིར། དེ་ཡོད་པ་ཁོ་ནས་ཡོད་པ་ཡིན་པས། རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ལ་སེམས་ཀྱི་རྒྱུད་ཉོན་མོངས་པ་ཅན་དང། དགེ་བ ་དང་ཟག་པ་མེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་གཟུགས་མེད་པ་དེ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བས་གཟུགས་དང། དེའི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལུས་སོ། །དེ་ཡང་གང་གི ་ཚེ་ཉོན་མོངས་པ་ཅན་ལ་སོགས་པའི་ངོ་བོ་ཡིན་པ་དེའི་ཚེ། རྣམ་པར་སྨིན་པ་ཉིད་མེད་པས་རྣམ་པར་སྨིན་པའི་རྫས་མེད་དོ། །དེ་བས་ན་འགྲོ་བ་ནི་རྣམ་པར་སྨིན་པ་མ་ཡིན་པ་དང་ལྡན་པ་མ་ཡིན་པར་ཡང་འགྱུར་རོ། །དེ་ཡང་མི་འདོད་དེ། དེ་ལྟ་བས ་ན་རྣམ་པར་སྨིན་པའི་འགྲོ་བ་གང་གས་པའི་རྒྱུ་རྣམ་པར་ཤེས་པ་གཞན་ཞིག་གདོན་མི་ཟ་བར་ཁས་བླངས་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །འདིར་ཡང་གང་ཞིག་གང་ཡོད་ན། འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་བཤད་མ་ཐག་པ་གང ་ཡིན་པ་དེ་ཉིད་རིག་པར་བྱ་སྟེ། འདིར་གཟུགས་མེད་པ་ན་རྣམ་པར་སྨིན་པའི་འགྲོ་བར་གདགས་པ་ནི་རྣམ་པར་ཤེས་པ་གཞན་ཡོད་ན་འབྱུང་ངོ། །སྐྱོན་འདི་ཡང་བྱེ་བྲག་ཏུ་སྨྲ་བ་དག་ལ་ཡོད་དེ། དེ་དག་ནི་འགྲོ་བ་དག་ནི་མ་བསྒྲིབས་ལ་ལུང་དུ་མ ་བསྟན་པ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱེད་དོ། །གཞན་ཡང་སྲིད་པའི་རྩེ་མོའི་ཞེས་བྱ་བ་གཞན་འདི་ཡང་བརྗོད་དགོས་སོ། །དོན་ནི་འདི་སྐད་དུ། སྲིད་པའི་རྩེ་མོ་ལས་མ་གཏོགས་པའི་གཟུགས་མེད་པ་ན་ནི་གལ་ཏེ་ཞིག་ན་རྣམ་པར་སྨིན ་བ་མ་ཡིན་པ་ཡང་འགྲོ་བ་ཡིན་པར་འགྱུར་བྲང་ན། སྲིད་པའི་རྩེ་མོ་དེ་ན་ནི་ཕྱིར་མི་འོང་བ་ཟག་པ་ཟད་པར་བྱེད་པ་རྣམ་པར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཟག་བ་མེད་པའི་སེམས་མངོན་དུ་གྱུར་པ་ན། དེ་ཡང་མི་སྲིད་པས་འགྲོ་བ་ཆད་པ ་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་མི་འདོད་དེ་དེ་བས་ན་འདིར་ཡང་སྦྱོར་བ་སྔ་མ་བཞིན་ནོ། །སྐྱོན་འདི་ནི་ཕྱིར་རྣམ་པར་ཤེས་པ་དེ་ཁས་མི་ལན་པར་གྱུར་པ་ཐམས་ཅད་ལ་ཡོད་དེ། །འདིར་གལ་ཏེ་བྱེ་བྲག་ཏུ་སྨྲས་པ་དག་རྒོལ ་བ་གང་ཞིག་སེམས་ལས་བྱུང་བ་ལས་མ་གཏོགས་པ་ལྡན་པ་མ་ཡིན་པ་གཞན་ཁས་མི་ལེན་པ་དེ་ལ་སྐྱོན་འདི་ཡོད་ཀྱི་གང་ཞིག་རིགས་འཐུན་པ་ལ་སོགས་པ་ལྡན་པ་མ་ཡིན་པ་ཡང་ཡོད་པར་ཁས་ལེན ་པ་ལ་དེ་ནི་ཐལ་བ་འདིར་མི་འགྱུར་རོ་ཞེས་སྨྲས་ན། དེའི་ཕྱིར་ཕ་རོལ་གྱི་གླགས་བཟློག་པའི་ཕྱིར། རིས་འཐུན་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རིས་འཐུན་པ་ལ་སོགས་པ་མི་སྲིད་པ་དེ་ལྟ་བུ་ནི་མཛོད་ཀྱི་བསྟན་བཅོས ་ལས་རྒྱ་ཆེར་བཤད་ཟིན་པའི་ཕྱིར། འདིར་སྤྲོ་བར་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་རིགས་པས་རྒྱ་ཆེར་རབ་ཏུ་བསྒྲུབས་ནས་མཇུག་བསྡུ་བ་མཇེད་དོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྡེ་པ ་གཞན་ལ་རབ་ཏུ་གྲགས་པས་ཀྱང། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འགྲུབ་པར་སྟོན་པའོ། །བཙུན་པ་གོས་དམར་སྡེ་པ་རྣམས་ཞེས་བྱ་བ་ནི་འཕགས་པ་གནས་བརྟན་པ་རྣམས་ཏེ། དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་ལ་སྲིད ་པའི་ཡན་ལག་གི་རྣམ་པར་ཤེས་པའི་སྒྲས་ཐ་སྙད་རྗོད་པར་བྱེད་དོ། །གཞན་དག་ནི་རྩ་བའི་རྣམ་པར་ཤེས་པ་ཞེས་ཟེར་རོ་ཞེས་བྱ་བ་ནི་འཕགས་པ་དགེ་འདུན་ཕལ་ཆེན་པ་རྣམས་ཏེ། དེ་དག་ཀྱང་རང་གི་སྡེ་པ་དག་ལས་རྩ་བའི ་རྣམ་པར་ཤེས་པའི་སྒྲས་ཐ་སྙད་བརྗོད་པར་བྱེད་དོ། །འོ་ན་དེའི་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ལ་གཞན་དག་སྒོལ་བར་བྱེད་པ་སྟེ། གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་མ་གཏོགས་པའི། །ཀུན་གིས? ་རྣམ་པར་ཤེས་པ་གཞན་ཞིག་ཡོད་ན། དེའི་དམིགས་པ་ཅི་ཡིན་པ་དང། རྣམ་པ་ཅི་ཡིན་པ་བརྗོད་དགོས་ཏེ། རྣམ་པར་ཤེས་པ་དམིགས་པ་མེད་པ་དང། རྣམ་པ་མེད་པ་ནི་མདོ་ཞེས་བསམས་པའོ། །དམིགས་པ་དང། རྣམས ་མ་ཆད་པ་ཡིན་ནོ་ཞེས་བྱ་བ་འདིས་ནི། སློབ་དཔོན་ལན་འདེབས་པར་མཛད་པ་སྟེ། གང་ལ་དུས་ཐམས་ཅད་དུ་རྣམ་པར་སྨིན་པའི་རང་བཞིན་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་དང། རྗེས་སུ་དཔག་པས་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར། དམིགས་པ་དང་རྣམ་པ་འདི་ཡིན་ནོ་ཞེས ་བྱ་བར་མི་གསལ་བ་དང། ཡོངས་སུ་མི་ཆོད་པ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་རྣམ་པར་ཤེས་པ་ཡང་ཡིན་ལ་དེ་དང་འདྲ་བ་ཡང་ཡིན་ཞེ་ན། ཞེས་བྱ་བ་འདི་འདྲ་བ་མི་སྲིད་པར ་བསྟན་པའི་ཕྱིར་སྨྲ་བ་ཡིན་ནོ། །དེ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་རྒྱུ་བ་མི་བསལ་བ་ནི། གཞན་གྱིས་ཀྱང་ཁས་བླངས་སོ་ཞེས་བསྟན་ཏོ། །རྣམ་པར་ཤེས་པ་ཡོད་པར་སྨྲ་བ་གཞན ་དག་དང། ཡང་ཞེས་བྱ་བ་ནི། བཙུན་པ་དབྱིག་པ་ཤེས་ལ་སོགས་པ་ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་པར་སྨྲ་བ་དག་གོ་།མཚུངས་སོ་ཞེས་བྱ་བ་ནི་དེ་དང་ཡང་བརྩད་པར་བྱ་བ་འདི་མཚུངས་ཞེས་བྱ་བའི་ཐ་ཚིག་གོ་།འོ་ན་དེ་ཞེས་བྱ ་བ་ལ་སོགས་པ་སྨྲ་བ་ནི་གཞན་ཏེ། གལ་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་མ་གཏོགས་པའི་ཀུན་གཞི་རྣམ་པར་ཤེས་པ་གཞན་ཞིག་ཡོད་ན། ཟག་པ་དང་བཅས་པ་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོར་བསྡུས་པའི་ཕྱིར། འོ་ན་དེ་གཟུཊ ་ལ་སོགས་པའི་ཉེ་བར་ལེན་པའི་ཕུང་པོ་གང་དུ་གཏོགས་ཞེས་བྱ་བའི་ཐ་ཚིག་གོ་།དོན་གྱིས་ན་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོར་རོ། །ཞེས་བྱ་བ་འདིས། སློབ་དཔོན་གྱི་རྟོག་པ་སྟོན་པར་མཛད་དོ། །དོན་གྱིས་ན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤས ་པ་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཤུགས་ཀྱིས་ན། རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོར་གཏོགས་པ་ཡིན་གྱི་སྒྲས་ནི་མ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་དངོས་སུ་ཉེ་བར་ལེན་པའི་ཕུང་པོར་གཏོགས་པར་གསུངས་པ་ནི ་མེད་པས་སོ། །འོ་ན་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་ལུང་དང་འགལ་བར་བརྗོད་པ་ཡིན་ཏེ། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་གཞན་ཞིག་ཡོད་ན། མདོ་འདི་གཉི་ག་ལས་ཀྱང་རྣམ་པར་ཤེས་པའི་ཚོགས ་དྲུག་དག་གོ་།ཞེས་འབྱུང་བ་དེ་དང་འགལ་ལོ་ཞེས་བྱ་བའི་ཐ་ཚིག་གོ་།དགོངས་པ་ཅན་ཡིན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་མི་འགལ་བར་སྟོན་པར་མཛད་པའོ། །འདི་ལ་དགོངས་པ་གང་ཡིན་ཞེ་ན། ཞེས་ཟེར་པ་ནི ་གཞན་ཏེ། སེམས་པ་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པར་ཞུགས་པའི་ཕྱིར། དེ་ལ་དེ་སྐད་ཅེས་བརྗོད་པར་ཆེད་ཆེ་བའི་དགོངས་པ་ཡིན་ན། རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པ་འདི་ལ་གོ་དགོངས་པ་ཅི་ཞིག་ཡོད་ཅེས་བྱ ་པའི་ཐ་ཚིག་གོ་།རེ་ཞིག་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་དགོངས་པ་སྟོན་པར་མཛད་དོ། །ཅིའི་ཕྱིར་དེ་ལྟར་རྟོག་པར་གྱུར་ཞེ་ན། ཞེས་ཟེར་བ་ནི་གཞན་ནོ། །དེའི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ནི་སློབ་དཔོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་སྨིན་པ་རང་བཞིན་གཅིག་པའི་ཕྱིར་འཁོར་པ་ཇི་སྲིད་པར་གཞན་དུ་འགྱུར་བ་མེད་དེ། དེས་ན་ཤིན་ཏུ་ཕྲ་བའི་ཕྱིར། དེའི་རང་བཞིན་ཁོང་དུ་མ་ཆུད་པ་རྣམས་གལ་ཏེ་ན ་བདག་ཏུ་ཡང་རྟོག་པར་འགྱུར་རོ། །རེ་ཞིག་མདོ་ལས་གསུངས་པའི་དགོངས་པ་ཅིག་ནི་དེ་ལྟ་བུ་ཡིན་ནོ། །ད་ནི་དགོངས་པ་གཞན་བསྟན་པའི་ཕྱིར་གང་ཞིག་རྟེན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་པ་གང་ཞིག ་གོ། ཅི་ཞེ་ན། རགས་པའོ། །ཇི་ལྟར་རགས་པ་ཡིན་ཞེ་ན། དེའི་ཕྱིར་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྟེན་ནི་མིག་ལ་སོགས་པའོ། །དམིགས་པ་ལ་སོགས་པ་ནི་སྔར་བསྟན་ཟིན་ཏོ། །གང་ཞིག་ལ་ཞེས་བྱ་བའི་རྣམ་པར་ཤེས་པ ་ལའོ། །ཅི་ཞེ་ན། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་རྣམ་པར་བཞག་པའོ། །དེ་ཇི་ལྟར་རྣམ་པར་བཞག་ཅེ་ན། དེའི་ཕྱིར་ཉོན་མོངས་པ་དང། དེའི་གཉིས་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་དང། ཉོན་མོངས་པའི་གཉེན་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།འབྲས་བུ་ཞེས་བྱ་བ་ནི་བྱ་བའོ། །གང་གིས་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ཅི ་ཞེ་ན། རྗེས་སུ་དཔོག་པར་བྱེད་པའོ། །རྗེས་སུ་དཔག་པར་བྱ་བ་དེ་ཅི་ཡིན་ཞེ་ན། དེའི་ཕྱིར་དེའི་ས་བོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་གི་ས་བོན་ནི་དེའི་ས་བོན་ནོ། །དེ་ནི་དེའི་ས་བོན ་ཡང་ཡིན་ལ། རྣམ་པར་ཤེས་པ་ཡང་ཡིན་པར་དེའི་ས་བོན་གྱི་རྣམ་པར་ཤེས་པའོ། །དེ་རྗེས་སུ་དཔོག་པ་ནི། དེ་ས་བོན་གྱི་རྣམ་པར་ཤེས་པ་རྗེས་སུ་དཔོག་པའོ། །དེ་ཁོ་ན་འདིར་རྣམ་པར་ཤེས་པར་བསྟན་གྱི་ཞེས་བྱ་བའི་ཚིག་འདི་ནི་རག་པ ་ལ་སོགས་པ་ཇི་སྐད་བསྟན་པ་ཐམས་ཅད་ལ་རགས་པ་གང་ཡིན་པ་དེ་ཉིད་འདིར་རྣམ་པར་ཤེས་པར་བསྟན་གྱི་ཞེས་བྱ་བ་ལ་སོགས་པ་རེ་རེ་ལ་སྦྱར་རོ། །འདིར་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་བསྟན་པའི་མདོར་རོ། །རྣམ་པར་ཤེས ་བ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པར་རིག་པར་བྱའོ། །རྒྱུའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ཅི་ཞེ་ན་བསྟན་པ་ནི་ཞེས་བྱ་བར་སྦྱར་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་རྒྱུར་གྱུར་པའི་ཕྱིར། རྒྱུའི ་རྣམ་པར་ཤེས་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེ་ལས་བཟློག་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། རགས་པ་ལ་སོགས་པ་ལས་བཟློག་པའི་ཕྱིར་ཏེ། འདི་ལྟར་རྟེན་དང་དམིགས་པ་དང། རྣམ་པ་དང་བྱེ་བྲག་ཡོངས་སུ་མ་ཆད་པའི ་ཕྱིར། རག་པ་ཡང་མ་ཡིན་ཞིང། དེ་ལ་ནི་ཉོན་མོངས་པ་དང། དེའི་གཉེན་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་པ་རྣམ་པར་བཞག་པ་ཡང་མེད་ལ་འདྲས་བུར་གྱུར་པ་དེས? ་ས་བོན་དུ་གྱུར་པའི་རྣམ་པར་ཤེས་པ་འགའ་ཞིག་རྗེས་སུ་དཔོག་པར་ཡང་མི་བྱེད་དོ། །འདིས་ནི་ཞེས་བྱ་བ་ནི་རྩིས་མགོས་བསྒྲེ་བ་སྟེ། ཇི་ལྟར་རྣམ་པར་ཤེས་པའི་ཕུང་པོ་བསྟན་པར་ལན་གདབ་པ་དེ་བཞིན་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་མིད? ་རྣམ་པར་དབྱེ་བ་བསྟན་པར་ཡང་ལན་གཏབ་པ་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་རིག་པར་ཞེས་བྱ་བ་ནི་ཇི་ལྟར་འབྱོར་པར་སྟེ། རྣམ་པར་ཤེས་པ་གསལ་བར་སྣང་བར་མྱོང་བ་གང་ཡིན་པ་དེ་ཉིད་བསྟན་གྱི། ཀུན་གཞི་རྣམ ་པར་ཤེས་པ་རྗེས་སུ་དཔག་པས་ཁོང་དུ་ཆུང་པར་བྱ་བ་ནི་མ་ཡིན་ནོ། །གཞན་ཡང་རྣམ་པར་བཤད་པའི་རིག་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་བཤད་པའི་རིག་པ་ལས་ཡང་དག་པར་བསྡུས་པའི་བཞི་ནི་ནུབ་པའི ་ཕྱིར་ལ། གསུང་རབ་ཀྱང་དང་སང་རྣམ་པ་དུ་མར་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དེང་སང་མདོ་སྡེ་ཐམས་ཅད་ནི་མི་སྣང་ངོ་ཞེས་རྒྱ་ཆེར་བསྒྲུབས་སོ། །དེའི་ཕྱིར་མོང་སྡེ་དག་ལས་ཞེས་བྱ་བ་ནི། ཇི་ལྟར་དམིགས་པའི་མདོ་སྡེ་དག ་ལས་ཞེས་བྱ་བའི་ཐ་ཚིག་གོ་།ལྷངས་པོར་ཞེས་བྱ་བ་ནི་གཟུགས་པོར་རོ། །འོ་ན་ལྟ་ནི་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་ཕྱིར་རྒོལ་བར་བྱེད་པའོ། །གཞན་ཞེས་བྱ་བ་མི་དམིགས་ལ་སོགས་པའི་རྣམ་པར་ཤེས་པའོ། །ཀུན་གཞི་རྣམ་པར ་ཤེས་པ་ནི་རྒྱུན་མི་འཆད་པར་འབྱུང་བས་རྟག་ཏུ་གནས་པ་ཡིན་པའི་ཕྱིར་ལ། གང་གི་ཚེ་མིག་གི་རྣམ་པར་ཤེས་པ་ལ་སོས་པ་གཞན་ཡང་དམིགས་པ་དེའི་ཚེ། དེ་དང་ཀུན་གཞི་རྣམ་པར་ཤེས་པ་ལྷན་ཅིག་པ་ཡིན་པས། ཅིག་ཅར་རྣམ་པར ་ཤེས་པའི་རྒྱུན་གཉིས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟ་ཡིན་ན་ཅི་ཉེས་ཞེས་བྱ་བ་ནི། སློབ་དཔོན་གྱི་སྐྱོན་མ་གཟིགས་ནས་གསུངས་པ་ཡིན་ནོ། །རྣམ་པར་ཤེས་པའི་རྒྱུད་གཉིས་ཞེས་བྱ་བ་ལ་སོགས་པས་ནི། ཕ་རོལ་པོ་སྐྱོན་བརྗོད་པ་ཡིན་ཏེ ་སེམས་ཅན་དུ་གདགས་པ་ཐ་དད་པ་ནི་རྣམ་པར་ཤེས་པའི་རྒྱུད་ཐ་དད་པས་བྱས་པ་ཡིན་ན། གལ་ཏེ་ལུས་གཅིག་ལ་ཡང་རྣམ་པར་ཤེས་པའི་རྒྱུན་རྣམ་པ་གཉིས་ཉིད་དུ་ཁས་ལེན་ན། སེམས་ཅན་གཉིས་སུ་གདགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ ་ཚིག་གོ་།དཔེར་ན་ཞེས་བྱ་བ་ལ་སོགས་པའི་དཔེ་ནི་བརྡ་ཕྲད་པར་སླའོ། །དེ་ལྟར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སློབ་དཔོན་གྱིས་ཐལ་བའི་ལས་འདེབས་པར་མཛད་པ་ཡིན་ནོ། །དེ་གཉིས་ནི་ཞེས་བྱ་བ་ནི་ཀུན་གཞི་དང་འཇུག་པའི་རྣམ་པར ་ཤེས་པ་གཉིས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་དང་ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཐ་དད་པ་མ་ཡིན་པར་འཇུག་པའི་དང་ཚུལ་ཅན་ནི། རྒྱུ་དང་འབྲས་བུའི་དངོས་པོ་དང། ཐ་དད་པ་མ ་ཡིན་པར་འཇུག་པའོ། །དེའི་ངོ་བོ་ནི་རྒྱུ་དང་འབྲས་བུའི་དངོས་པོ་དང། ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་དེ། དེའི་ཕྱིར་རོ། །གཞན་ཡང་རྣམ་པར་སྨིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིག་ཤོས་ཀྱི་ཞེས་བྱ་བ་ནི་འཇུག་པའི ་རྣམ་པར་ཤེས་པ་སོ། །ཡོངས་སུ་སྒོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་སྤོགས་པར་བྱེད་པའི་ཕྱིར་རོ། །ཆོས་ཉིད་དེ་ཡང་མེད་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྒྱུ་དང། འབྲས་བུ་དང་ཐ་དད་པ་མ་ཡིན་པའི་ཆོས་ཉིད་དམ། ཡོངས་སུ་སྒོ ་བར་བྱེད་པའི་ཆོས་ཉིད་གང་ཡན་པ་དེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།འགའ་ཞིག་ལ་ས་བོན་དང་ཞེས་བྱ་བ་ལ་སོགས་པས་ནི་གཞན་ཡང་མི་སྲིད་པར་སྟོན་ཏོ། ས་བོན་དང། ས་བོན་ཅན་གྱི་ཞེས་བྱ་བ་དེ་ལ་ས་བོན་ནི་རྒྱུའོ། །ས་བོན་ཅན་ནི་འབྲས ་བུའི་ཁྱད་པར་ཏེ། འདི་ལ་ས་བོན་ཡོད་པའི་ཕྱིར་རོ། །ུཏཔ་ལའི་རྩེ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་སྲིད་པར་སྟོན་པར་མཛད་པའོ། །སྲིད་པར་བསྒྲུབས་ནས?་དེ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པས ་ཀུན་གཞི་རྣམ་པར་ཤེས་པ་གདོན་མི་ཟ་བར་ཁས་བླངས་པར་བསྒྲུབ་པར་མཛད་དོ། །གལ་ཏེ་མཐོང་ན་ཡང་རུང་ཞེས་བྱ་བ་ནི་འབྲས་ས་ལུ་ལ་སོགས་པ་ལའོ། །དེ་ལྟར་མི་འདོད་ན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་བཞིན་ཡོད་པར་རོ། །ཇི ་སྐད་དུ་བཤད་པའི་སྐྱོན་རྣམས་སུ་ཞེས་བྱ་བ་ནི་གཞན་གང་ཞིག་གིས་ལུས་ཟིན་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ཅིའི་ཕྱིར་བདག་གིས་ཞེས་བྱ་བ་ལ་སོགས་པས་ནི། གཞན་མི་འདོད་པར་གླེང་བར་བྱེད་པ་སྟེ། གལ་ཏེ་མིག ་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་ལོགས་ཤིག་ན་དེ་དག་གི་རྟེན་ཉིད་དུ་ཀུན་གཞི་རྣམ་པར་ཤེས་པ་གཞན་ཞིག་ཡོད་བར་རྟོག་ན། འོ་ན་དེ་ལྟ་ན་ནང་ན་བྱེད་པའི་སྐྱེས་བུ་བདག་ཀྱང་ཅིའི་ཕྱིར་དེ་དག་གི་རྟེན་དུ་འགྱུར་བར་མི་བདགས ་སྟེ། བདག་དང་ཀུན་གཞི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལས་ལོགས་ཤིག་ན་ཡོད་པར་ནི་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་འདྲ་བར་འདོད་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་གྱིས་རྣམ་པར་བརྟག ་པ་ཐ་དད་པར་མཛད་ནས་ལན་འདེབས་པར་མཛད་དོ། །དེ་ཞེས་བྱ་བ་ནི་བདག་གིས་རྫས་སོ། །ཀུན་གཞི་རྣམ་པར་ཤེས་པ་བཞིན་དུ་ཞེས་བྱ་བ་ནི། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུན་ལས་གནས་པ་ཡིན་ཏེ། སྐད་ཅིག་གཅིག་ནས ་གཅིག་ཏུ་ཞུགས་པའི་ཕྱིར་རོ། །རྐྱེན་གྱིས་འགྱུར་བ་ཡང་ཡིན་ཏེ། དེ་དག་གིས་གཞན་དུ་བསྐྱེད་པའི་ཕྱིར་རོ། །དེ་དང་དེ་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ནི་བདག་གི་རྫས་དེ་འདྲ་བ་ཞིག་ཡིན་ན། དེ་ཀུན་གཞི་རྣམ་པར་ཤེས་པ་ལས་ཁྱད་པར་མེད་དོ། །དེ ་བས་ན་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་ཡིན་པས་གྲུབ་པ་ཉིད་བསྒྲུབས་པར་འགྱུར་རོ། །འོན་ཏེ་གཅིག་པ་ཞེས་བྱ་བ་ནི་ཆ་ཤས་མེད་པའོ། །གཏན་དུ་མི་འགྱུར་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་རྟག་ཏུ་རྐྱེན་གྱིས་འགྱུར་བ་དང། བྲལ་བར་འདོད་ན་ཞེས་བྱ ་པའི་ཐ་ཚིག་གོ། དེ་ལ་ཞེས་བྱ་བ་ནི་བདག་གི་རྫས་ལའོ། །རྣམ་པར་ཤས་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་འདོད་ཆགས་ལ་སོགས་པ་བསྡུའོ། །འདི་སྐད་དུ་ལན་ཅིག་ལྟ་རྣམ་པར་ཤེས་པ་རྣམས་དེ་ལ་རག་ཅི་ཞིག་ལུས་ན་ཞེས་བྱ་བ་ལ་སོཊ ་པ་བདག་རིམ་དང་ཅིག་ཅར་གཉིས་ཀྱིས་དོན་བྱེད་པ་དང་བྲལ་པའི་ཕྱིར་།དངོས་པོ་མེད་པ་བཞིན་དུ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་བསྒྲུབས་པར་བྱ་མོད་ཀྱི། འོན་ཀྱང་ཁས་བླངས་ནས་གལ་ཏེ་དེ་འགྱུར་བ་མེད་པ་ཡིན་ན། །ཇི་ལྟར་ན་དེ་ལྟ་བུ་ལ་རྣམ་པར་ཤེས ་པ་ལ་སོགས་པས་བག་ཆགས་བསྒོ་བ་འགྲུབ་པར་འགྱུར་ཞེས་སྨྲའོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཞེ་ན། དེའི་ཕྱིར། བག་ཆགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ཆགས་ཀྱི་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟ་སྟེ་།སྒོ་བར ་བྱེད་པས་སྒོ་བར་བྱེད་པའི་རྫས་ལ་ནུས་པའི་ཁྱད་པར་བསྐྱད་པ་ཡིན་ན། བདག་གི་རྫས་ལ་ནི་འགྱུར་པ་མེད་པའི་ཕྱིར་དེ་ཡང་མི་སྲིད་དོ། །ཞེས་བྱ་བའི་ཐ་ཚིག་གོ། གལ་ཏེ་བག་ཆགས་མི་སྲིད་དུ་ཟིན་ཀྱང་དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། ཡོངས་སུ་འགྱུར་བའི ་ཁྱད་པར་མེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་གྱུར་པའི་ཁྱད་པར་མེད་ན་ཞེས་བྱ་བ་ནི་གོང་ནས་གོང་དུ་ནུས་པའི་ཁྱད་པར་མེད་པར་ཞེས་བྱ་བའི་ཐ་ཚིག་གོ་།དེའི་བག་ཆགས་མེད་པར་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ལ་སོགས་པའི་བག་ཆགས ་སོ། །སྔོན་མྱོང་བ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པ་དག་ལ་ཞེས་བྱ་བ་ནི་།མྱོང་བ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པ་ནི་མྱོང་བ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པའོ། །དེ་དག་ནི་སྔོན་བྱུང་བའི་ཕྱིར་སྔོན་ཡང་ཡིན་ལ ་མྱོང་བ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པ་ཡིན་པས་།སྔོན་མྱོང་བ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པའོ། །དེའི་ཕྱིར། སྔོན་བྱུང་བའི་མྱོང་བ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པ་དག་ལ ་སྟེ། མྱོང་བ་ནི་འདིར་སྔོན་པོ་ལ་སོགས་པ་མྱོང་བའོ། །ཤེས་པ་ནི་ངེས་པའི་ཤེས་པ་ལ་སོགས་པའོ། །གོམས་པའི་ཞེས་བྱ་བ་ནི་འདྲིས་པའིའོ། །དྲན་པ་དང། ཤེས་པ་དང། འདོད་ཆགས་ལ་སོགས་པའི་ཞེས་བྱ་བ་ནི། སྔོན་མྱོང་བ་ལ་སོགས་པ་དག ་དང་ལྷན་ཅིག་གོ་རིམས་བཞིན་དུ་སྦྱར་རོ། །གཞན་ཡང་བདག་སེམས་མེད་པའི་གནས་སྐབས་སུ་གྱུར་པ་ནི་ཞེས་བྱ་བ་ལ་སོགས་པ་ཡང་གསུངས་སོ། །གཞན་དག་བདག་ཁོ་ན་ལས་བདག་སྐྱེའོ་སྙམ་དུ་སེམས་ན། དེའི་ཕྱིར་བདག་ལ་ནི་ཁྱད་པར་མེད་ན ་ཞེས་བྱ་བ་གསུངས་སོ། །དེ་ལྟར་རེ་ཞིག་བདག་ཁས་བླངས་ནས་སྐྱོན་བསྟན་པ་ཡིན་ནོ། །ད་ནི་དོན་བྱེད་པའི་ནུས་པ་དང་བྲལ་བ་ཉིད་ཀྱིས་དེ་ཡོད་པ་ཉིད་ཀྱི་དེ་ཡོད་པ་ཉིད་མི་བཟོད་པར་བསྟན་པ་ནི། །རྣམ་པར་ཤེས་པ་རྣམས་ཅི་ཞིག་དེ་ལ་རག་ལུས་ན་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དེ་ལ་རག་ལུས་ཞེས་བྱ་བ་ནི་བདག་ལ་རག་ལུས་པ་ཞེས་པའི་ཐ་ཚིག་གོ་།འདིར་ནི་རྣམ་པར་བརྟགས་པ་གཉིས་ཏེ། རིམ་གྱིས་དེ་ལ་བདག་རག་ལུས་པའི་དངོས་པོ་ལ་བྱ་བ་བྱེད་དམ་ཅིག་ཅར་ཡིན་གྲང་ན། དེ་ལ་ཅིག་ཅར་བྱ་བ་མི ་བྱེད་པར་ནི་གསལ་བ་ཉིད་དེ། ཅིག་ཅར་དེ་ལ་རག་ལུས་པའི་འབྲས་བུ་མི་སྣང་བའི་ཕྱིར་རོ། །འོན་ཀྱང་རིམས་ཀྱིས་བྱེད་པར་བརྗོད་པར་བྱ་སྟེ། བདག་ལ་རག་ལས་པ་ཡང་སྐྱེ་བ་འམ། ཡང་ན་གནས་པ་ཞིག་ཡིན་གྲངས་ཞེས་བརྟག་པ་ལ། གལ་ཏེ་སྐྱེ་བ ་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་རེ་ཞིག་སྐྱེ་བའི་ཕྱོགས་ཀྱི་དབང་དུ་མཛད་ནས། རིམ་གྱིས་བྱེད་པ་དགག་པར་མཛད་དེ། རྒྱུད་དེ་མ་ཚད་བ་མེད་པ་ཡིན་ན་རིམ་གྱིས་སྐྱེ་བ་རུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དག་རྒྱུ་ནི་མ་ཚད་བ་མེད་པ ་ཉིད་མ་ཡིན་ཏེ། འདི་ལྟར་བདག་དེ་ནི་ཤེས་པ་ཕྱི་མ་ཕྱི་མ་སྐྱེ་བར་བྱ་བའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལ་བལྟོས་སོ་ཞེ་ན། དེའི་ཕྱིར་།གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་གཞན ་ལ་བལྟོས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་རིམ་གྱིས་སྐྱེ་བ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་དག་ལས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་དག་ལས་སོ། །གཞན་པ་ལ་ཞེས་བྱ་བ་ནི་བདག་ལའོ། །དེ་བསྐྱེད་པའི་ཞེས་བྱ་བ་ནི་ཤེས་པ་གཞན་བསྐྱེད ་བའི་འོ། །ནུས་པ་ཡོད་པར་ཇི་ལྟར་ཁོང་དུ་ཆུད་ཅེས་བྱ་བ་ནི་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་ཕན་འདོགས་པ་ལ་ནི་བལྟོས་པར་བྱ་བ་ཡིན་ན། བདག་ནི་གང་གིས་ན་ལྷན་ཅིག་བྱེད་པའི་རྒྱུ་གཞན་ལ་བལྟོས་པའི་ཕྱིར་རིམ་གྱིས་སྐྱེ་བར ་འགྱུར་བ་ལྷན་ཅིག་བྱེད་པའི་རྒྱུ་ལས་ཅུང་ཟད་ཀྱང་ཕན་འདོགས་པར་མི་བལྟོས་ཏེ། བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་དེ་དག་ལས་ཤེས་པ་ཕྱི་མ་ཕྱི་མ་འབྱུང་བ་ཡིན་ན་དེ་དག་ཁོ་ནའི་ནུས་པ་ཉིད་ཡིན་གྱི། ་བདག་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྐྱེ་བའི་ཕྱོགས་མི་འཐད་དོ། །ད་ནི་གནས་པའི་ཕྱོགས་ཀྱི་དབང་དུ་མཛད་ནས། འོན་ཏེ་འདུག་པ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདུག་པ་ནི་རྣམ་པར་ཤེས་པ་རྣམས ་རབ་ཏུ་འདུག་པ་དང་གནས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་རགས་ལས་པ་ཡིན་ནོ་ཞེས་བྱ་བ་ནི་བདག་ལ་རག་ལས་པ་ཡིན་ནོ། །སྐྱེས་ནས་མི་གནས་པ་དག་ཅེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པ་དག་ཡིན་ནོ། །ལྟུང་བ་མ་ཡིན་པ་དག་ལ་ཞེས་བྱ་བ་ནི་ལྕི་བ ་མ་ཡིན་པའི་ཕྱིར་།ལྟུང་བའི་ཆོས་ཅན་མ་ཡིན་པ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ་།འདུག་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་དེ་དག་ལ། འདུག་པ་མེད་དོ?་ཞེས་བྱ་བའི་ཐ་ཚིག་གོ། དེ་བས་ན་ཞེ་བྱ་བ་ལ་སོཊ་བ་ནི་མེད་བར་བསྒྲུབས་ནས་མཇུག་སྡུད་པ་ཡིན་ནོ། །སྦྱོར་བ ་ནི་གང་དོན་བྱེད་བའི་ནུས་པ་དང་བྲལ་བ་དེ་ནི་མེད་པ་ཡིན་ཏེ། དཔེར་ན་དངོས་པོ་མེད་པ་ལྟ་བུ་ཡིན་ལ། བདག་ཀྱང་དོན་བྱེད་པའི་ནུས་པ་དང་བྲལ་བ་ཡིན་པས་ཁྱབ་པར་བྱེད་པ་མི་དམིགས་པ་ཏེ། འདི་ལྟར་ཡོད་པ་ཉིད་ནི་དོན་བྱེད ་པའི་ནུས་པ་ཁྱབ་པའི་ཕྱིར་རོ། །དེ་བས་ན་དོན་བྱེད་པའི་ནུས་པ་ལོག་ན་།དེས་ཁྱད་པར་བྱ་བ་ཡོད་པ་ཉིད་ཀྱང་ལོག་པ་ཡིན་ནོ། །དེ་ལྟར་རིགས་པས་མེད་པར་བསྒྲུབས་ནས་ལུང་གིས་ཀྱང་བསྒྲུབ་པའི་ཕྱིར་།ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །དེ་ལྟ་ན་ཞེས་བྱ་བ་ནི་ནང་ན་བྱེད་པའི་སྐྱེས་བུ་བདག་ཡོད་པར་རྟོགས་ན་ཞེས་བྱ་བའི་ཐ་ཚིག་གོ་།དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་ཡིན་ནོ། །དེ་ནི་གྱི་ནའོ། །ཞེས་བྱ་བ་ནི་གཏན་ཚིགས་མེད་པ་དང། རིགས ་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཅི་ཞེ་ན། དེའི་ཕྱིར། རང་དབང་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་གཞན་གྱི་ཕྱོགས་ཀྱང་རྒྱ་ཆེར་བསལ་ཏེ་།རང་གི་ཕྱོགས་ཀྱང་བསྒྲུབས་ནས་།དེ་ན་སེམས་པའི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པ་ཡིན་ནོ། །དེ་ལྟར་ལུས་དང་ངག་གི་།ལས་མི་འདོད་ན་ཞེས་པ་ལ་སོགས་པས་ནི་གཞན་དག་མདོ་དང་འགལ་བ་སྟོན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་དང་ཟེར་བ་དེ་ལྟར་རོ། །ལས་དག་ནི་གསུམ་སྟེ་ཞེས་བྱ ་བ་མདོའི་ཚིག་འདི་ཅི་དེ་གསལ་བར་ནུས་སམ་ཞེ་ན་ཞེས་བྱ་བ་ནི་མ་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།མི་ནུས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ལན་གསུངས་པ་ཡིན་ནོ། །ཇི་ལྟར་སྐྱོན་མེད་ཅེ་ན་ཞེས་ཟེར་བ་ནི་གཞན་དག་གོ་།འདིར ་ལས་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་ནོ། །འདི་སྐད་དུ་རེ་ཞིག་བསྟན་པ་འདི་ཅིའི་ཕྱིར་ཡིན་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཐོག་མ་ཁོ་ནར་བརྗོད་པར་བྱ་བ་ལ་ཕྱིས་ནི་ལུས་ལ་སོགས་པའི་ལས་ཇི་ལྟར་བསྟན་པ་དེ ་ལྟ་བུར་དགོངས་པ་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཡིན་བཞེས་བྱ་བ་ནི་དགོངས་པ་ཅི་ཞིག་ཡོད་དེ་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་??་དགོས་པ་མེད་པ་མ་ཡིན་ནོ། །ལུས་གང་ཡིན་ཞེས་བྱ་བ་ནི་ལུས་ཀྱི་སྒྲས་ཅི་ཞིག་གསུངས་ཞེས ་བྱ་བའི་ཐ་ཚིག་གོ་།ལས་ཅི་ཡིན་ཞེས་བྱ་བ་ནི་ལས་ཀྱིས་ཀྱང་ཅི་ཞིག་གསུངས་ཞེས་བྱ་བའི་ཐ་ཚིག་གོ་།དོན་གང་གིས་ཞེས་བྱ་བ་ལ་སོགས་པ་འདི་ནི་སྒྲའི་དོན་གྱི་དབང་དུ་མཛད་ནས་དྲི་བ་ཡིན་ཏེ། རྒྱུ་གང་གིས་ན་དེ་ལ་ལུས་ལ་སོཊ་པའོ་སྒྲ་འཇུག་ཅེས་བྱ་བའི ་ཐ་ཚིག་གོ་།དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་མཐུན་པའི་ཕྱིར། ལས་གཉིས་ལ་ཡང་རྩིས་མགོས་བསྒྲེ་བ་ཡིན་ཏེ། དེ་ལ་ཡང་དག་འདི་གང་ཡིན་ཞེས་བྱ་བ་ལ་སོགས་པ་དྲི་བར་བྱའོ། ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་དུ ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གཞན་འདི་ཡང་བརྗོད་དགོས་སོ། །མིག་ལ་སོགས་པའི་ལས་རྣམས་ནི་འདིར་ལྟ་བ་ལ་སོགས་པར་རིག་པར་བྱའོ། །ད་ནི་རེ་ཞིག་བསྟན་པ་འདི་ཅིའི་ཕྱིར་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་དྲི་བ་རེ་རེའི་ལན ་གདབ་པར་མཛད་དོ། །ལས་ཀྱི་ལམ་བཅུ་པོ་དག་ཅེས་པ་ནི་སྲོག་གཅོད་པ་ལ་སོགས་པ་དང། དེ་དག་སྤོང་བ་རྣམས་སོ། །ལས་གསུམ་དག་གིས་བསྡུས་པ་བསྟན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་རྣམས་ཀྱིས་བསྡུ་བ་རབ་ཏུ ་བསྟན་པའི་ཕྱིར་ཏེ། འདི་ལྟར་ལུས་ཀྱི་ལས་ཀྱིས་བསྡུས་པ་ནི་གསུམ་སྟེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་རྣམས་དང། དེ་སྤོང་བ་རྣམས་སོ། །དག་གི་ལས་ཀྱིས་ནི་བཞི་སྟེ། བརྫུན་དུ་སྨྲ་བ་དང། ཕྲ་མ ་དང་ཚིག་སྩུགས?་བ་པོ་དང། ཚིག་ཀྱལ་བ་རྣམས་དང། དེ་སྤོང་བ་རྣམས་སོ། །ཡིད་ཀྱི་ལས་ཀྱིས་ནི་གསུམ་སྟེ། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་རྣམས་??་དེ་སྤོང་བ་རྣམས་བསྡུས་སོ། །གང་ཟག་ཅི་འདྲ་བ་དག་ལ་ཞེ་ན། དེའི་ཕྱིར ་བྱ་བ་མང་པོས་འཇིགས་པ་རྣམས་ལ་ཞེས་བྱ་བ་གསུངས་ཏེ། སྲོག་གཅོད་པ་ལ་སོགས་པ་སྤངས་པའི་མཚན་ཉིད་ཀྱི་བྱ་བ་ནི་བདག་ཅག་གིས་མང་པོ་ཞིག་བྱ་དགོས་སོ་སྙམ་དུ་དེ་ལྟར་བསམས་ནས་གང་དག་བྲེད ་པ་དེ་དག་ནི་བྱ་བ་མང་པོས་འཇིགས་པ་རྣམས་ཞེས་བྱའོ། །ཅི་འདྲ་བ་ཞིག་ཏུ་བསྡུ་བ་རབ་ཏུ་བསྟན་པའི་ཕྱིར་བསྟན་པ་ཡིན་ཞེ་ན། དེའི་ཕྱིར་།བྲི་རྫིའི་བུ་ལ་བསླབ་པ་གསུམ་བསྟན་པ་བཞིན་ནོ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་བྲི་རྗིའི་བུ་ཞེས་བྱ ་བའི་མི་ཞིག་བསླབ་བ་གཞི་ཉིས་བརྒྱ་ལྔ་བཅུ་ལྷག་ཅིག་ཐོས་ནས་སྤོང་བ་ཁས་མི་འཆེ་བ་ལ་བྲི་རྫིའི་བུ་ཁྱོད་ཀྱིས་ནུས་སམ་ཞེས་བྱ་བ་ནས་བྲི་རྫིའི་བུ་ཁྱོད་ཀྱིས་བསླབ་པ་གསུམ་དག་ལ་ལེགས་པར་བསླབ་པར་སྦྲོ་འམ་ཞེས་རྒྱ་ཆར ་གསུངས་སོ། །གསོལ་བ། བཅོམ་ལྡན་འདས་སྦྲོ་ལགས་སོ། །བདེ་བར་གཤེགས་པ་བསྲུང་བར་ལགས་སོ་ཞེས་རྒྱ་ཆེར་གསོལ་པ་དང། འོ་ན་བྲི་རྫིའི་བུ་ཁྱོད་ཀྱིས་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང། ལྷག་པའི་སེམས་དང། ལྷག ་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབས་ཤིག་ཅེས་རྒྱ་ཆེར་གསུངས་ཏེ། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་བསྟན་པ་འདིས་ནི་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་ལྷག་དེ་ཉིད་བསླབ་པ་གསུམ་དུ་བསྡུ་བ་མཛད་ནས ་བསྟན་པ་ཡིན་ནོ། །གཞན་ཡང་ཁ་ཅིག་ན་རེ་ལུས་ཁོ་ནས་བྱས་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་ལས་གསུམ་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་མུ་སྟེགས་བྱེད་པ་ཁ་ཅིག་གོ་།རྣམ་པར་རྟོག་པ་ཙམ་ཡིན་པའི ་ཕྱིར་རོ། ཞེས་བྱ་བ་ནི་ཀུན་ཏུ་རྟོགས་པ་ཙམ་ཡིན་པའི་ཕྱིར་ཏེ། ངག་དང་ཡིད་ཀྱི་ལས་གཉིས་ནི་ཀུན་དུ་རྟོག་པ་ཙམ་ཁོ་ན་ཡིན་ཏེ། ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་མ་ཡིན་པར་སེམས་སོ་ཞེའོ། །དེ་དག་ལ་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར ་བདག་ལའོ། །དེ་གཉིས་ཀྱང་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་གཉིས་སོ། །བསྟན་པ་འདི་ནི་དེ་ལྟ་བུའི་ཕྱིར་ཡིན་ནོ། །ཞེས་བསྒྲུབས་ནས་ད་ནི་ལུས་ཀྱི་སྒྲའི་བརྗོད་པར་བྱ་བ་བསྟན་པའི་ཕྱིར། ལུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་དང་བཅས་པའི ་ཁོག་བ་ཞེས་བྱ་བ་ནི་མདོར་བསྟན་པ་ཡིན་ནོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་ཁྱད་པར་ཞེས་བྱ་བས་ནི་དེ་ཉིད་རྒྱས་པར་བསྟན་པ་ཡིན་ནོ། །ལས་ནི་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་སྒྲའི་བརྗོད་པར་བྱ་བ་བསྟན་ཏོ། །བསགས ་པའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་འདིས་ནི་ལུས་ཀྱི་སྒྲ་བསྡུས་པ་བསྟན་ཏོ། །ཇི་ལྟར་བསགས་པའི་དོན་གྱིས་ཤེ་ན། དེའི་ཕྱིར། འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་སྨྲ་བ་ཁ་ཅིག་གོ། ངན་པ་བསགས་པའི ་དོན་གྱིས་ཏེ་ཞེས་བྱ་བ་ནི་སྨད་པའི་དོན་གྱིས་སོ། །ཇི་ལྟར་སྨད་པ་ཡིན་ཞེ་ན། དེའི་ཕྱིར། མི་གཙང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་འདི་གླགས་དང་བཅས་པའི་ཕྱིར་སློབ་དཔོན་གྱིས་དེ་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་པས ་སུན་འབྱུང་བ་གསུངས་ཏེ། གང་དག་ངན་པའི་དོན་གྱིས་ལུས་ཡིན་པར་འདོད་པ་དེ་དག་གི་ལྟར་ན་ལྷའི་ལུས་ནི་ལུས་སུ་མི་འགྱུར་ཏེ། ལུས་ཀྱི་ཕྱི་ནང་བཅས་པ་ཡིན་དུ་འོང་བའི་ཕྱིར་རོ། །བྱེད་པ་པོའི་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་སྒྲ ་སྒྲུབ་པ་ཡིན་ནོ། །ལུས་གཡོ་བར་བྱེད་པའི་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་ལས་ཀྱི་སྒྲ་སྒྲུབ་པ་ཡིན་ནོ། །གལ་ཏེ་ལུས་གཡོ་བར་བྱེད་པ་ཡིན་ན་དེ་ཇི་ལྟར་ལུས་ཀྱི་ལས་ཞེས་བྱ་སྟེ། དེ་ལྟ་ན་ལུས་གཡོ་བར་བྱེད་པའི་ལས་ཞེས་དེ་སྐད་བྱ ་??་??་ཞེས་བྱ་བའི་ཕྱོགས་སྔ་མས་དོགས་ནས་དེའི་ཕྱིར་དེའི་གཞུང་གཟུགས་པའི་ཕྱིར། སེམས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཀྱང་རེ་ཞིག་སེམས་པ་ཁོ་ན་རྣམ་པར་འབྱེད་དེ། ལན་ནི་ཕྱིས་འདེབས་སོ། །འགྲོ ་བར་བྱེད་པ་ཞེས་བྱ་བ་ནི་གང་གིས་འགྲོ་བར་བྱེད་པ་སྟེ། འདི་དང་འདིས་འགྲོ་བར་བྱེད་དོ་ཞེས་སེམས་པ་གང་ཡིན་པའོ། །ངེས་པར་བྱེད་པ་ཞེས་བྱ་བ་ནི་འདི་དང་འདི་ལྟ་བུ་ཞིག་ནི་བྱའོ། །འདི་ལྟ་བུ་ཞིག་ནི་མི་བྱའོ་ཞེས་དེ་ལྟར་སྤྱོད ་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །གཡོ་བར་བྱེད་པ་ཞེས་བྱ་བ་ནི་ངེས་པར་བྱས་ནས་དུས་ཕྱིས་ཏེ་བྱ་བའི་ཚེའི་སེམས་པ་གང་ཡིན་པའོ། །དེ་ཉིད་གང་གིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འོན་སྐད་ཅིག་པ་ཡིན་པའི་ཕྱིར་ཇི་ལྟར་དེས ་ལུས་གཡོ་བར་བྱེད་ཅེ་ན། དེའི་ཕྱིར་དེ་དང་ལྡན་པའི་རྒྱུད་ཅེས་བྱས་པ་ལ་སོགས་པ་གསུངས་ཏེ། སེམས་པ་དེ་དང་འབྲེལ་བའི་རྒྱུད་གང་ཡིན་པ་དེ་ནི་དེ་དང་ལྡན་བའི་རྒྱུད་དེ་གང་ཡོད་ན་དེ་སྐྱེ་བའོ། །དེ་དང་ལྡན་པའི་རྒྱུ་ཡུལ་གཞན་དུ ་འབྱུང་བ་གང་ཡིན་པ་དེའི་རྒྱུར་གྱུར་པའི་རླུང་གང་ཡིན་པ་དེ་སྒྲུབ་བས་ཞེས་བྱ་བའི་ཐ་ཚིག་གོ་།སེམས་པ་རྣམ་པར་ཕྱེ་ནས་ད་ནི་དེ་ནི་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ན་ལུས་གཡོ་བར་བྱེད་པའི་ལས་ལུས་ཀྱི་ལས་ཡིན་པ་དེ་ལྟ་བུར ་སྟོན་ཏོ། །བར་གྱི་ཚིག་མི་མངོན་པ་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། ཞེས་བྱ་བའི་ཐ་ཚིག་གོ། སྨན་པ་ལའི་འབྲུ་མར་ལྟ་བུ་ཞེས་བྱ་བ་ནི་སྨན་པ་ལ་དང་བཙོས་པའི་འབྲུ་མར་ལ་སྨན་པ་ལའི་འབྲུ་མར་ཞེས་བར་གྱི་ཚིག ་མི་མངོན་བར་བྱས་པའི་ཕྱིར་རོ། །སྨན་པ་ཡའི་ཚིག་གིས་ནི་འདིར་སྨན་པ་ཊུ་ལ་ཀ་ཡིན་པར་རིག་པར་བྱའོ། །རྡུལ་གྱི་རླུང་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་རྡུལ་འཐུལ་བར་བྱེད་པའི་དེ་ནི་རྡུལ་གྱི་རླུང་ངོ། །དཔེ་སྣ་ཚོགས་པ་སྨོས་པ་ནི ་དོན་འདི་གསལ་བར་བྱ་བའི་ཕྱིར་རོ། །ལུས་ཀྱི་ལས་ཀྱི་སྒྲ་སྒྲུབ་པ་འདིས་ནི་མདོའི་ཚིག་འདི་ཅི་དེ་གསལ་པར་ནུས་སམ་ཞེས་བྱ་བ་ལ་སོགས་པ་སྔར་བརྩད་པ་གང་ཡིན་པ་དེའི་ལན་བཏག་པར་རག་པར་བྱ་སྟེ། སེམས་པའི་ཁྱད་བར་ཁོ་ན་ལ ་དེ་ལྟ་བུར་བརྗོད་པའི་ཕྱིར་རོ། །ལན་འདི་ནི་ཕྱི་མ་དག་གི་ལས་ལ་ཡང་བལྟ་བར་བྱའོ། །སེམས་པའི་ཁྱད་པར་ཁོ་ན་ལ་ལུས་ལ་སོགས་པའི་ལས་རྣམ་པར་བཞག་པ་དང། འདིར་ཡང་གཞན་གྱིས་འགལ་བར་བསྟན་པའི་ཕྱིར། ལས་ཀྱི་ལམ་རྣམས་ལས་ཞེས ་བྱ་བ་ལ་སོགས་པ་སྨྲས་སོ། །དེ་སྐད་ཅེས་བྱ་བར་འགྱུར་ཞེ་ན། ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཞེས་བྱ་བར་རོ། །འདི་སྐད་དུ་ལས་ཀྱི་ལམ་རྣམས་ཀྱི་ནང་ནས་སྲོག་གཅོད་པ་ལ་སོཊ་པས་ལུས་ཀྱིས་རྣམ་པ་གསུམ་དུ་རྣམ་པར་ཕྱེ་ལ། ཁྱེད་ཀྱི ་ལུགས་ཀྱིས་ནི་ལུས་ཀྱིས་ལས་ཀྱང་སེམས་པ་ལ་བྱ་བས་དེའི་ཕྱིར་ཇི་ལྟར་ན་དེ་ལ་དེ་ལྟར་ཐ་སྙད་གདགས་ཏེ། དེས་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་བུད་མེད་རྣམས་ལ་འོག་པར་གཡེམ་པར་མི་བྱེད་ཀྱི། འོན་ཀྱང། ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་དེ་ལྟ་བུར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེས་དེ་ཞེས་བྱ་བ་ལ་སོགས་བས་ནི་སློབ་དཔོན་གྱིས་ལན་བསྟན་པ་ཡིན་ཏེ། དེས་ཞེས་བྱ་བ་ནི་སེམས་པ་སོ་དེས་བསྐྱེད་པའི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་སྨོས ་པ་འདི་ཉིད་འགྲེལ་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཆོམ་རྐུན་གྱིས་སྦར་བའི་མེས་གྲོང་བསྲེགས་པ་དང། དེ་བཞིན་དུ་རྩཝ་ལས་བྱུང་བའི་མེས་འབྲས་ཆན་ཚོས་པ་ན་ཆོམ་རྐུན་རྣམས་ཀྱིས་གྲོང་བསྲེགས་པ་དང། རྩཝ་བ་འབྲས ་ཆན་ཚོས་ཞེས་ཟེར་ཏེ། འདིར་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་གཞན་གྱི་བསམ་པ་ནི་གང་གི་ལྟར་ན་སྲོག་གཅོད་པ་ལ་སོགས་པ་ལུས་དང་ངག་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་ལས ་སེམས་པ་ཞེས་བྱ་བའི་ལམ་ཡིན་པས་ལས་ཀྱི་ལམ་ཉིད་དུ་རིགས་ཀྱི། གང་གི་ལྟར་ན་སེམས་པ་ཉིད་ལུས་ལ་སོགས་པའི་ལས་ཡིན་པ་དེའི་ལྟར་ན་ལས་ཀྱི་ལམ་དུ་མི་རིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ནི་ལས་ཀྱང་ཡིན་ལ་ཞེས་བྱ་བ་ལ་སོཌ ་པས་ནི་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ནོ། །ལས་ཀྱང་ཡིན་ལ་ཞེས་བྱ་བ་ནི་སེམས་པ་ནི་རང་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བདེ་འགྲོ་དང་ངན་འགྲོ་གཉིས་ཀྱིས་ལམ་ཡང་ཡིན་པས་ན་ཞེས་བྱ་བ ་ནི་དགེ་བ་ལ་སོགས་པའི་རང་བཞིན་དེས་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ཕྱིར་རོ། །ལུས་གཡོ་བ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སེམས་པ་ལས་ལོགས་ཤིག་ན་ལས་ཀྱི་ལམ་གཞན་ཞིག་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་དེ། ལུས ་འགུལ་བར་སྣང་བའི་ཤེས་པ་ནི་འདིར་ལུས་གཡོ་བ་ཡིན་ནོ། །དེ་ནི་ལས་ཀྱི་ལམ་ཡིན་ཏེ། ལས་ཀྱི་ལམ་ནི་ལས་ཀྱི་ལམ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལས་ཀྱི་ལམ་ཡིན་ཞེ་ན། དེའི་ཕྱིར། སེམས་པ་ཞེས་བྱ་བའི་ལམ་རྣམ་བ་གསུམ་ནི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བརྟེན་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་གཡོ་བ་ལ་དམིགས་ཏེ་འཇུག་པའི་ཕྱིར་རོ། །དེ་ནི་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་འདིའི་ཕྱིར་ཡང་ལས་ཀྱི་ལམ་ཡིན་ཏེ། དེས་ཀྱང་ཞེས་བྱ་བ་ནི ་སེམས་ཀྱིས་བསྐྱོད་པས་ལུས་གསོ་བས་སོ། །གཞན་ཡང་འཇིག་རྟེན་དག་གི་རྗས་སུ་མཐུན་པར་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་ནི་ལས་ཀྱི་ལམ་ཞེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་ལུས་ཀྱི་ལས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ ་ཇི་ལྟར་དེ་ལུས་ཀྱི་ལས་ཞེས་བྱ་ཞེ་ན། དེའི་ཕྱིར། འཇིག་རྟེན་དག་གི་རྗེས་སུ་མཐུན་པར་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་རྣམས་ལ་ཇི་ལྟར་སྣང་བ་དང་བསྟུན་པར་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ། སེམས་པའི་ཁད་པར་ཁོ་ན་ལ་དེ་སྐད་ཅེས ་བརྗོད་པའི་ཕྱིར་རོ། །དེ་ལ་དགེ་བ་དང་མི་དགེ་བ་ནི་མོད་ཀྱི་ཞེས་བྱ་བ་ནི་དོན་དམ་པར་ན་སེམས་པའི་ཁྱིད་པར་ཁོ་ན་ལ་དགེ་བ་དང་མི་དགེ་བ་ལ་སོགས་བ་ཡོད་པའི་ཕྱིར་རི་ལུས་གཡོ་བ་ལ་ནི་དེ་ལྟ་བུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདོག་པར་ནི་བྱེད ་དོ་ཞེས་བྱ་བ་ནི་མེད་མོད་ཀྱི་འོན་ཀྱང་འདོག་པར་ནི་བྱེད་དོ། །ཅིའི་ཕྱིར་འདོགས་ཤེ་ན། དེའི་ཕྱིར། དེའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་སྒོ་ནས་ཞེས་བྱ་བ་ནི་སེམས་བའི་རྟེན་ལུས་གཡོ་བའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ། སེམས་པ་དེ་ལ་ཞེས་བྱ་བ་ནི ་ལུས་གཡོ་བ་དང་འབྲེལ་བའི་སེམས་པ་དགེ་བ་ལ་སོགས་པ་ལའོ། །འཇིག་རྟེན་འཇུག་པ་དང་ལྡོག་པར་གཟུང་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བ་རྣམས་ལ་ནི་འཇུག་པར་གཟུད་པའི་ཕྱིར་ལ། མི་དགྲེ་བ་རྣམས་ལ་ནི་ལྡོག་པར་གཟུད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག ་གོ། གལ་ཏེ་སེམས་པ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་མདོ་དང་འགལ་བར་སྟོན་པ་ཡིན་ནོ། །རྣམ་པ་གསུམ་ནི་སྲོག་གཅོད་པ་ལ་སོགས་པའི་ཁྱད་པར་གྱིས་སོ། །ཆེད་དུ་བསམས་ནས་ཞེས་བྱ་བ་ནི་ཚེད་དུ་བསམས་ནས་ཡིན་གྱི། བབ་ཆོལ ་ལ་སོགས་བར་ནི་མ་ཡིན་པའོ། །སྡུག་བསྔལ་འབྱུང་བ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་ན་སྡུག་བསྔལ་ཀུན་འབྱུང་བ་ཡིན་ནོ། །སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་ཞེས་བྱ་བ་ནི་འབྲས་བུ་སྡུག་བསྔལ་ཡིན་པའི་ཕྱིར་སྡུག་བསྔལ་གྱི ་འབྲས་བུ་ཅན་ཡིན་ནོ། །བྱས་ཤིང་ཞེས་བྱ་བ་ནི་ཀུན་དུ་སྦྱང་པའོ། །བསགས་པ་ཡིན་ཞེས་བྱ་བ་ནི་རྟས་པ་དང་འཕེལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། མདོ་འདི་ལས་ནི་ལུས་ཀྱིས་ཞེས་འབྱུང་དེ་དང་འགལ་ལོ། །སྒོ་ཞེས་བྱ་བ་ལ་སོགས་པ་འདི་ནི ་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ཏེ། ལུས་ཀྱི་སྒོ་ནས་སེམས་པ་ཁོ་ནས་བྱས་པ་ལུས་ཀྱིས་བྱས་བ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། སྒོ་དང། རྟེན་དང། དམིགས་པ་ནི་འོག་མ་འོག་མས་བཤད་པའམ། རྣམ་གྲངས་སུ་རིག་པར་བྱའོ། ། ་ཅིས་ཏེ་གཞན་དག་གལ་ཏེ་ལུས་ལ་སོགས་པའི་ལས་ཀྱང་སེམས་པ་ཁོ་ན་ཡིན་ན། འོ་ན་ཡིད་ཀྱི་ལས་དང་དེ་ཁྱད་པར་ཅི་ཡོད་སྙམ་དུ་སེམས་སུ་དོགས་ནས། དེ་ལས་གཞན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་གཡོ་བ་ལ་སོགས་པ་ལ་བརྟེན ་པའི་སེམས་པ་ལས་གཞན་པ་གང་ཡིན་པ་སྟེ། གང་ཞིག་ལུས་ལ་སོགས་པ་ལ་དམིགས་པར་ཞུགས་པ་མ་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟར་ན་དེ་ཡིད་ཀྱི་ལས་ཞེས་བྱ་ཞེ་ན། དེའི་ཕྱིར། ཡིད་དང་མཚུངས་པར་ལྡན ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཡིད་ཙམ་ལེན་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟར་ན་དེ་ཙམ་ཁོ་ན་མཚུངས་པར་ལྡན་ཞེ་ན། དེའི་ཕྱིར། ལུས་དང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་ཞེས་བྱ་བ ་ལ་སོགས་པས་ནི་གཞན་དག་འགལ་བ་གཞན་སྟོན་པ་ཡིན་ནོ། །འོ་ན་ཅི་སྟེ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་འོ་ན་ཅིའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་པ་ནི་ལོགས་ཤིག་ན་ལས་གཞན་ཞིག་མེད་པ་མ་ཡིན་པ་དེའི་ལྟར་ན་སེམས ་པས་ལུས་དང་ངག་གི་ལས་ཀྱི་རང་བཞིན་དུ་བྱས་པའི་ཕྱིར་བསམས་པའི་ཞེས་བྱ་བར་རིགས་ཀྱིས། གང་གི་ལྟར་ན་སེམས་པ་ཉིད་ལུས་ལ་སོགས་པའི་ལས་ཡིན་པ་དེའི་ལྟར་ན་སེམས་པར་བྱེད་པར་མི་རིགས་ཏེ། ད་ཉིད་ཀྱིས་དེ་བྱེད་པ ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྔར་སེམས་པོ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་ལན་བཏབ་པ་ཡིན་ནོ། །སྔར་སེམས་པ་རྣམ་པ་གསུམ་བཤད་པ་ཞེས་བྱ་བ་ནི་འགྲོ་བར་བྱེད་བའི་སེམས་བ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས ་སོ། །དེ་ལས་གཉིས་ཀྱིས་ནི་ཞེས་བྱ་བ་ནི་འགྲོ་བར་བྱེད་པ་དང། ངེས་པ་གཉིས་ཀྱིས་སོ། །གསུམ་པས་ནི་རབ་ཏུ་འཇུག་པར་བྱེད་པས་ཞེས་བྱ་བ་ནི་གཡོ་བར་བྱེད་པས་སོ། །དེ་ནི་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་སེམས་པའོ། །དེ་ལྟར་ལུས ་ལ་སོགས་པའི་ལས་རྒྱ་ཆེར་རྣམ་པར་ཕྱེད་ནས་དེ་ནི་ངག་གི་ལས་རྣམས་བཤད་པར་བཞེད་ནས། དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབྱངས་ཀྱི་ཁྱད་པར་གང་གིས་དོན་གོ་བར་བྱེད་པའོ་ཞེས་བྱ་བ་ནི་ཀྱེ་མ་འདུ་བྱེད་རྣམས་མི་རྟག་ཅེས ་བྱ་བ་ལ་སོགས་པའོ། །དེ་སློང་བར་བྱེད་པ་ཞེས་བྱ་བ་ནི་ངག་སློང་བར་བྱེད་བའོ། །ཡི་གེ་ཞེས་བྱ་བ་ལ་སོགས་པས་ནི་ངག་རྣམ་པ་གཞན་དུ་སྒྲུབ་པ་བསྟན་ཏོ། །ཡི་གེའི་རྣམ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡི་གེའི་རང་བཞིན་ཡིན་པའི་ཕྱིར་དེས་པའི་ཚིག ་གི་ཚུལ་གྱིས་དབྱངས་ལ་དག་ཅེས་བྱའོ་འདོད་པའི་དོན་རྗོད་པར་བྱེད་པས་ན་ཞེས་བྱ་བ་ནི་འདོད་པའི་དོན་ཏེ་བརྗོད་པར་འདོད་པའི་དོན་གཞན་ལ་རྗོད་པར་བྱེད་རབ་ཏུ་སྟོན་པར་བྱེད་པས་སོ། །འདིར་ཡང་ངེས་པའི་ཚིག་གི་ཚུལ་འདི་ཀྱིས་དབྱངས ་ལ་ངག་ཅེས་བྱའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ལུས་ཀྱི་ལས་བསྟན་པར་བྱེད་པ་པོའི་ཡིད་མདོན་པར་འདུ་བྱེད་པ་ནི་ལས་སོ་ཞེས་ལས་བསྒྲུབས་པ་དེ་ཉིད་འདིར་ཡིད་ལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ས་མ་བཞིན་དུ་བར་གྱི་ཚིག་མི ་མངོན་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་ལུས་ཀྱི་ལས་ནི་སྨན་པ་ལའི་འབྲུ་མར་ལྟ་བུ་དང་རྡུལ་གྱི་རླུང་ཞེས་བྱ་བ་བཞིན་ཏེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ་ཞེས་བསྒྲུབས་པ་དེ་བཞིན་དུ་དག་གི་ལས་ལ་ཡང་བལྟ་བར་བྱའོ ་ངག་གི་ལས་བྱེ་བྲག་ཏུ་བསྒྲུབས་ནས། ད་ནི་ཡིད་ཀྱི་ལས་སྒྲུབ་པར་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་ཤེས་པ་ནི་ཡིད་དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་ཡིད་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཇི་ལྟར་ན ་རྣམ་པར་ཤེས་པ་ལ་ཡིད་ཅེས་བྱ་ཞེས་ན། དེའི་ཕྱིར་ང་ཡིར་བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་དང་ངའི་ཞེས་ང་ཡིར་བྱས་པའི་ཕྱིར་ཏེ། རང་གིར་བྱས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། སྐྱེ་བ་གཞན་དང་ཞེས་བྱ་བ་ལ་སོགས་པ་འདིའི ་ཕྱིར་ཡང་རྣམ་པར་ཤེས་པ་ལ་ཡིད་དུ་རིག་པར་བྱའོ། །གཞོལ་བར་བྱེད་པའི་ཕྱིར་བྱ་བ་ནི་འབབ་པར་བྱེད་པའི་ཕྱིར་ཏེ། དེ་ནི་སེམས་དང་མཚུངས་པ་དང་ལྡན་པར་བྱ་བའི་ཕྱིར་ལྷ་ལ་སོགས་པའི་རིས་མཐུན་པའི་སྐྱེ་བ་གཞན་གཟུགས་ལ་སོགས་པ ་ཡུལ་ལ་འཇུག་པར་བྱེད་པས་སོ། །ལྷག་མ་ནི་སྔར་ཇི་སྐད་བསྟན་པ་བཞིན་ནོ་ཞེས་བྱ་བ་ལ། ལྷག་མ་ནི་ལས་དང་ཡིད་ཀྱི་ལས་ཏེ། དེ་ནི་སྔར་བསྟན་ཏེ། འདི་ལྟར་བྱེད་པ་པོའི་ཡིད་མངོན་པར་འདུ་བྱེད་པ་ནི་ལས་སོ་ཞེས་བྱ ་བ་འདིས་ནི་ལས་བསྟན་ཏོ། །དེ་བཞིན་དུ་ལུས་དང་ངག་རབ་ཏུ་འཇུག་པར་མི་བྱེད་བའི་ཕྱིར་ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་ཞེས་བྱ་བ་འདིས་ཀྱང་མཚུངས་པར་ལྡན་པའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་ཡིད་ཀྱི་ལས ་ཤེས་བསྟན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་རྒོལ་བར་བྱེད་པ་ཡིན་ནོ། །དེ་ལ་སེམས་རྣམ་པར་གཡེངས་པ་དག་ནི་སྡོམ་པ་ལ་སོགས་པ་ལེན་པའི་སེམས་ལས་གཞན་བའི་སེམས་གང་དག་ཡིན་པའོ ་སེམས་མེད་པ་དག་ནི་སེམས་ཡོད་པ་མ་ཡིན་པའོ། །སེམས་པ་དེ་མེད་མ་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་ཀྱི་རང་བཞིན་གྱིས་སེམས་པ་མེད་པའོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཇི་ལྟར་ཡོད་ཅེ་ན་ཞེས་བྱ་བ་ནི་མེད་པ་ཁོ་ན ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། སེམས་པའི་ཁྱད་པར་གྱིས་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པ་ཡིན་ནོ། །སེམས་པའི་ཁྱད་པར་ནི་སེམས་པའི་ཁྱད་པར་རོ། །དེའི་བག་ཆགས་ནི་སེམས་པའི་ཁྱད་པར་གྱི་བག་ཆགས་སོ། །དེ ་མ་བཅོམ་པ་ནི་སེམས་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པ་སྟེ་དེའི་ཕྱིར་རོ། །ཅི་ཞེ་ན་དེའི་ཕྱིར། སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཏེ། ཡོད་པར་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །གལ་ཏེ་ན་སེམས་པའི་ཁྱད་པར་ཞེས་བྱ་བ་ལ ་སོགས་བའི་ཚིག་ལ་ཅིའི་ཕྱིར་ཁྱད་པར་སྨོས་པ་བྱས་སྙམ་དུ་སེམས་པས་དེའི་ཕྱིར། ཁྱད་པར་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལས་ཞེས་བྱ་བ་ནི་སེམས་པའི་ཁྱད་པར་ལས་སོ། །སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྣམ ་པར་རིག་བྱེད་མ་ཡིན་པ་ཀུན་ནས་ལྡད་བར་བརྟག་པའི་ཞེས་བྱ་བ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རང་བཞིན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། གང་ལས་དེ་ཀུན་ནས་ལྡང་ཞིང ་འབྱུང་བར་བརྟགས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་བག་ཆགས་བཅོམ་པ་ཅི་ཞེ་ན་ཞེས་བྱ་བ་འདིས་ནི་གཞན་དག་བཅོམ་པའི་དོན་འདི་པ་ཡིན་ནོ། །སྤོང་བ་དང་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་སྟོན་པ་ཡིན་ནོ། །ཇི་ལྟར་ཁས་བླངས ་པ་ཞེས་བྱ་བ་ནི་གང་ཞིག་ཉིན་ཞག་གཅིག་པ་འམ་ཇི་སྲིད་འཚོ་བའི་དེ་ལྟ་བུ་ཁས་ལེན་པའོ། །སྤོང་བ་དང་སྤོང་བ་མ་ཡིན་པའི་སེམས་པ་ཞེས་བྱ་བ་དེ་ལ་སྡོམ་པ་ནོད་པའི་སེམས་པ་ནི་སྤོང་བའི་སེམས་པའོ། །སྤོང་བ་མ་ཡིན་པའི་སེམས་པ་ནི་སྡོམ་པ ་མ་ཡིན་པ་ནོད་པའི་སེམས་པའོ། །རྒྱུ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་ཇི་ལྟར་སྡོན་བག་ཆགས་དེ་སེམས་པ་འཇུག་པའི་རྒྱུ་ཡིན་པ་དེ་ལྟར་རྒྱུ་མ་ཡིན་པ་ཉིད་དོ། །ཅི་ཞེ་ན། དེ་བཅོམ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཞེས་བྱ་བ་ལ ་སོགས་པ་ནི་གཞན་བཅོམ་པའི་རྒྱུ་འདི་འདྲི་བ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱིས་དེའི་རྒྱུ་སྟོན་པ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་གོ། དེ ་གཉིས་གཏོང་པ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའོ། །དེའི་རྒྱུ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཏོང་བའི་རྒྱུའོ། །དེ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་སྟོང་པའི་རྒྱུ་ཡང་ཡིན་ལ། རྣམ་པར་རིག་བྱེད་ཀྱང་ཡིན་པས་སྡོམ་པ་དང ་སྡོམ་བ་མ་ཡིན་བ་གཏོང་བའི་རྒྱུ་རྣམ་པར་རིག་བྱེད་དོ། །དེ་གང་ཞེ་ན། བསླབ་པ་གཏོང་པའི་རྣམ་པར་རིག་བྱེད་དང། དེ་ཀུན་དུ་སྦྱོད་པའི་རྣམ་པར་རིག་བྱེད་དོ། །གཏོང་བའི་རྒྱུར་གྱུར་པའི་རྣམ་པར་བྱེད་དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་གང ་ཡིན་པ་སྟེ། ངེས་བག་ཆགས་ཉམས་པར་བྱས་པས་སོ། །དེ་ལས་གཞན་པའི་གཏོང་བའི་རྒྱུས་སོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཆད་པ་ལ་སོགས་པའོ། །སྔར་ཅིའི་ཕྱིར་ལུས་ལ་སོགས་པའི་ལས་ཁོ་ན་ཞེས་བྱ ་བའི་མིག་ལ་སོགས་པའི་ལས་རྣམས་ནི་མ་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ལ། ལན་ནི་མིག་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་རྩོལ་བ་ཙམ་ཞེས་བྱ་བ་ནི་དགེ་པ་ལ་སོགས་པ་མངོན་པར ་འདུ་བྱེད་པ་ཞེས་བྱ་པའི་ཐ་ཚིག་གོ། རྩོལ་བ་ཅན་གྱིས་ལས་ཅི་ཡིན་ཞེ་ན་ཞེས་བྱ་བ་འདི་སྨྲ་བ་ནི་གཞན་ནི། བྱེད་བ་པོའི་ཡིད་མངོན་པར་འདུ་བྱེད་པ་གང་ཡིན་བའོ། །ཞེས་བྱ་བའི་གསུངས་པ་ནི་སློབ་དཔོན་ནོ་བྱེད་པ་ཅི་ཡིན ་ཞེ་ན་ཞེས་བྱ་བ་ནི་གཞན་གྱིས་སྐབས་སུ་མིག་ལ་སོགས་པའི་བྱེད་བ་འདྲི་བ་ཡིན་ནོ། །སོ་སོའི་ནུས་པ་ཡོད་པའི་ཞེས་བྱ་བ་འདིས་ནི་སློབ་དཔོན་གྱིས་ལན་གསུངས་པ་ཡིན་ནོ། །སོ་སོའི་ཞེས་བྱ་བ་ནི་མིག་ལ་སོགས་པ་རེ་རེའི་འོ། །ནུས་པ་ཞེས ་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་དོ་ཞེས་བྱ་བ་ཐ་ཚིག་གོ། དེ་ལྟར་རབ་ཏུ་བྱེད་པ་རྒྱ་ཆེར་རྫོགས་པ་བྱས་ནས་བསོད་ནམས་ཡོད་པ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་གོ་འཕང་བླ་ན་མེད་པ་ཐོབ་པར ་བྱ་བའི་ཕྱིར་སློབ་དཔོན་གྱིས། ལས་གསུམ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྔོ་བ་གསུངས་པ་ཡིན་ནོ། །ལས་གསུམ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་གསུམ་མོ། །བཅོམ་ལྡན་འདས་ཀྱིས་གསུངས་གང་ཞེས་བྱ ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེ་ཅི་ཞེ་ན། དེའི་ཕྱིར་མ་བཤད་ཅེས་བྱ་བ་གསུངས་ཏེ། རྣམ་པར་མ་ཕྱེ་བའོ། །སུས་ཤེས་ན། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་ཀྱིས་སོ་ཞེས་བྱ་བ་ཚིག་ལྷག་མའོ། །རྣམ་གང་གི་མ ་བཤད་ཅེ་ན། དེའི་ཕྱིར་ཚུལ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་རྣལ་འབྱོར་སྦྱོད་པའི་ལུགས་ཀྱི་རྗེས་སུ་འབྲད་བུ་ཇི་སྐད་བཤད་པའི་ཚུལ་གང་གིས་ལས་གསུམ་རབ་ཏུ་འགྲུབ་པ་དེ་ལྟར་མ་བཤད་པ་ཞེས་བྱ་བའི་ཐ་ཚིག་གོ། ་རྣལ་འབྱོར་སྦྱོད་པ་རྣམས་ཀྱི་ལུགས་འདི་ཡང་རང་གི་བློས་དབྱད་པ་ཡིན་པར་གོ་བར་མི་བྱའོ་ཞེས་ཀུན་བཀའ་སྩལ་བའི་ཞེས་བྱ་བ་གསུངས་ཏེ། ཚུལ་བཤད་མ་ཐག་པ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ ་དང། ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་ལས་རྒྱ་ཆེར་བཀའ་སྩལ་ཞེས་བྱ་བའི་ཐ་ཚིག་གོ། །ལས་གྲུབ་འདི་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་ལས་གྲུབ་པ་འདི་བཤད་པར་བྱས་པའི་བསོད་ནམས་གང་ཡིན་པ་དེས་འགྲོ ་བ་འདི་སངས་རྒྱས་བའི་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །རྣམ་པར་དག་པ་ནི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་སྤངས་པའི་ཁྱད་པར་ལས་རྣམ་པ་གཉིས་སོ། །བདག་གིས་ལས་གྲུབ་བཤད་པས་དེང་།གསོད་ནམས ་ཐོབ་པ་གང་ཡིན་དེས། །འགྲོ་བ་བློ་གྲོས་བཟང་པོ་ལ། །ཡོད་ཡེ་གཡོ་བ་མེད་བར་ཤོག། ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ། སློབ་དཔོན་དཔལ་ན་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པའི་དགེ་སློང་བློ་བཟང་དང་ཚུལ་གྱིས་མཛད་པ ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྷཧ་སྡྷི་དང། ལོཙཱ་བ་དགེ་སློང་རྩངས་དེ་བེནྡྲེ་རྐཤི་ཏས་བསྒྱུར་ཅིང་ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་བ།། །། ་