| Wylie | e-texts based on the ACIP/ALL Input |
པཎྜི་ཏ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ་བཞུགས།། །།*། །རྒྱ་གར་སྐད་དུ། །ཧྲིད་ཡ ་ནི་ཀྲིབ་ཏ་ནཱ་མ། བོད་སྐད་དུ་།སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ་།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མངོན་མཐོ་དེས་པར་འབྱུང་སྟེར་བ། །དཀོན་མཆོག་གསུམ་ལ་གུས་བཏུད་ནས། །འཁོར་བའི་འཇིགས་པ་སེལ་བ་ཡི། །སྙིང་པོ ་བསྡུ་བ་བཤད་པར་བྱ། །འཁོར་བའི་མཚན་ཉིད་སྡུག་བསྔལ་དང། །ལས་དང་ཉོན་མོངས་རྣམ་རྟོགས་སྟེ། །དེ་དག་རྒྱུ་འབྲས་གོ་རིམ་ཅན། །འཁོར་བ་བསྡུས་ནས་བསྟན་པ་ཡིན། །ཐར?་པའི་མཚན་ཉིད་བྱང་ཆུབ་སྟེ། །ཤེས་རབ་ཐབས ་དང་སྐྱོད་པ་དང། ལམ་ལྔ་དང་ནི་ཚོགས་གཉིས་ལས། །མྱ་ངན་འདས་པའི་སྐུ་གསུམ་འབྱུང། །དེ་ཡང་རྒྱུ་འབྲས་གོ་རིམ་ཅན། །ཐར་པ་བསྡུས་ནས་བསྟན་པའོ། །ཁམས་གསུམ་སྡུག་བསྔལ་རྒྱ་མཚོ་ཆེ། །དཔའ་བརླབས ་ཤིན་ཏུ་འཁྲུགས་བ་ནི། །དགེ་དང་མི་དགེ་ལ་སོགས་པའི། །ཟག་བཅས་ལས་ལས་ངེས་པར་འབྱུང། །དེ་དག་གཏི་མུག་ཆགས་སྡང་སོགས། །ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། །ཡིད་འོང་མི་འོད་ལ་སོགས་པ། །གཉིས་སུ་འཛིན་པ ་ཉིད་ལས་བྱུང། །ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི། །བ་དང་བདག་ཏུ་འཛིན་ལས་བྱུང། །གཞན་ཡང་འབྱུང་བའི་རྒྱུ་ཉིད་ནི། །རྟག་དང་གཅིག་པུ་ཁྱབ་ལ་སོགས། །དངོས་པོར་འཛིན་པའི་གདོན་ཡིན་ཏེ། ཤེས་རབ་ལྡན་པས་སྤང་བར ་བྱ། །དེ་བས་སྐལ་ལྡན་སྐྱེས་བུ་ནི། །བདག་གཞན་མ་ལུས་གྲོལ་བྱའི་ཕྱིར། །མི་སླུ་བ་ཡི་ལུང་དག་དང། །རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི། །རིགས་པ་གང་ལ་གོམས་པ་ཡིས། །དངོས་པོར་འཛིན་པའི་གདོན་ཆེན་པོ། །མ་ལུས ་པར་ནི་བཟློག་པར་བྱ། །འདི་ལྟར་ཕྱི་ནད་ཚེས་རྣམས་ནི། །མཚན་མ་ཀུན་བྲལ་རང་བཞིན་ནི། །ནམ་མཁའ་ལྟ་བུར་ཤེས་བྱས་ལ། །རྟག་ཏུ་གོམ་པར་བསྒྲུབ་པར་བྱ། །འཁོར་བ་ཐོགས་མ་མེད་པ་ནས། །དངོས་འཛིན་གདོན་གྱིས ་བར་མ་གྱུར་བའི། །འགྲོ་ཀུན་ཡུལ་དུ་བྱས་ནས?་ནི། །ཐམས་ཅད་རྗེས་སུ་འཛིན་པ་ཡིས། །བྱམས་ཆེན་ཚད་མེད་སྔོན་འགྲོ་བས། །སྡུག་བསྔལ་རྒྱ་མཚོ་སྐེ་མས་བྱེད་པའི། །སྙིང་རྗེ་ཆེན་པོ་ཚད་མེད་པས། །བདག་ལ་གཞན་དོན་འགྲུབ་པ་ཡི།། ་བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཡང་དག་བརྟན་པ་བསྐྱེད་པར་བྱ། །བདག་གཞན་འབྱོར་པ་བཅུད་ལྡན་པས། །འཁོར་བའི་ཆོས་ལ་ཡིད་འབྱུང་བྱ། །འཇིགས་པ་ཀུན་ལས་སྐྱབ་པ་ཡི། །སྐྱབས་གསུམ་པོ་དང་ལྡན་པ་དེས། །སོ་སོར ་ཐར་ལ་ལེགས་གནས་བྱ། །ཚུལ་ཁྲིམས་བཟང་པོ་དང་ལྡན་ཞིང། །ཐེག་ཆེན་རིགས་ཡོད་སྐྱེས་བུ་དེས། །འགྲོ་བ་སྐྱབས་མེད་སྐྱབས་པའི་ཕྱིར། །སྐྱབས་སུ་འགྲོ་བ་སྔོན་འགྲོ་བ། །སྨོན་པའི་སེམས་ནི་བསྐྱེད་པར་བྱ། །ལྷག་པའི་བསམ་པ་དང ་ལྡན་པས། །འཇུག་པའི་སེམས་ནི་བསྐྱེད་བྱས་པས། །སྔར་གྱི་སྨོན་པའི་སེམས་དེ་ཉིད། །རྒྱ་ཆེར་རབ་ཏུ་འཕེལ་བར་འགྱུར། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སོགས། །མཉམ་གཞག་ཡངས་པའི་རྣལ ་འབྱོར་གྱིས། །ཚོགས་ཀྱི་ལམ་འདི་བརྟན་པར་བསྒྲུབ། །ལམ་ལྔ་རིམ་གྱི་བགྲོད་བྱས་ཏེ། །སྒྲིབ་པ་གཉིས་ནི་བསལ་བྱས་ནས། །འདི་ལྟར་ཚོགས་གཉིས་རྫོགས་བྱས་ཏེ། །འབྲས་བུ་སྐུ་གསུམ་འགྲུབ་པར་བྱ། །སྐུ་གསུམ་སྒྲུབ་པའི ་མཚན་ཉིད་ཀྱང། །ཆོས་སྐུ་ནམ་མཁའ་ལྟ་བུ་ལས། །བརྩལ་མེད་ཐུགས་རྗེའི་སྤྲིན་བྱུང་བས། །སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །ཁམས་གསུམ་ཐ་བའི་རྒྱུད་བརླན་ཏེ། །བྱང་ཆུབ་སྙིང་པོའི་ས་བོན་ལས་།དགེ་བའི་ལོ་ཏོག་སྨིན ་པར་འགྱུར། །དུས་གསུམ་སངས་རྒྱས་ཀྱི་གསུངས་པའི། །སྙིང་པོ་འདིར་ནི་བསྡུས་པ་ཡིན། །འཁོར་བའི་སྡུག་བསྔལ་སྤོད་འདོད་ན། །དེ་ལ་བརྩོན་འགྲུས་འབད་པར་བྱ། །རྩོད་པའི་དུས་ཀྱི་ཐ་མ་ལ། ཚེ་ཐུང་ནད་མང་ལོངས་སྤྱོད་དམན།། ་རྐྱེན་ངན་བར་ཆད་མང་པོ་ཡིས། །ཡུན་རིང་གནས་པའི་མཐུ་མེད་པས། །ཚིག་རྗེས་གཅད་བར་མི་ནུས་ཀྱིས། །རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟེན་བྱས་ལ། །ཤིན་ཏུ་བརྩོན་པའི་སེམས་ཀྱིས་ནི། །འཁོར་བའི ་སྡུག་བསྔལ་དྲན་བྱས་ལ། །བདག་གཞན་གྲོལ་བར་བྱ་བའི་ཕྱིར། །སྙིང་པོ་མྱུར་དུ་བསྡུ་བར་བྱ། །བརྩེ་བས་འདི་བྱས་དགེ་བ་ཡིས། །སྐལ་ལྡན་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་སེམས་ཀྱི་རྒྱུད་བརླན་ཏེ། །སྙིང་པོ་མྱུར་དུ་སྡུད་པར་ ་337 ་ཤོག་།སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ་། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མ་མཛད་ཡེ་ཤེས་ཀྱིས། །ཞལ་གནས་དེ་བས་གི་སྙེ་ཐང་གཙུག་ལག་ཁང་དུ་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་རྟན་ལས་ཕ་བའོ།། །།བྱང་ཆུབ་སེམས་དཔའ་ཨི་ནོར་བུའི་ཕྲེང་བ་བཞུགས།། ་རྒྱ་གར་སྐད་དུ་བོ་དྷི་སཏྭ་མ་ཎི་ཨ་བ་ལི། །བོད་སྐད་དུ་། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པའི་ལྷ་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐེ་ཚོམ ་ཐམས་ཅད་རྣམ་སྤངས་ཤིང། སྒྲུབ་ལ་ནན་ཏན་ཅེས་སུ་བྱ། །གཉིད་རྨུགས་ལེ་ལོ་སྤང་བྱ་ཞིང། །རྟག་པར་རྩོན་འགྲུས་འབད་བར་བྱ། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང། །ཉིན་མཚན་དུས་གསུམ ་ཡང་དང་ཡང། །སེམས་ཀྱིས་རྒྱུད་ལ་བརྟག་པར་བྱ། །བདག་གི་ཉེས་པ་བསྒྲགས་བྱ་ཞིང། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །གཞན་གྱི་ཡོན་ཏན་བསྒྲག་བྱ་ཞིང། །བདག་གི་ཡོན་ཏན་སྦ་བར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང། ་ཁེངས་གྲགས་རྟག་ཏུ་སྤང་བར་བྱ། །བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང། །བྱང་ཆུབ་སེམས་མི་བརྟག་པར་བྱ། །མི་དགེ་བཅུ་པོ་སྤང་བྱ་ཞིང། །རྟག་ཏུ་དད་པ་བརྟན་པར་བྱ། །འདོད་པ་ཆུང་ཞིབ་ཆོག་ཤེས་དང། །བྱས་པ ་དྲིན་དུ་གཟོ་བ་དང། །ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང། །དམན་པའི་སེམས་དང་ལྡན་པར་བྱ། །ལོགཔའི་འཚོ་བ་རྣམ་སྤངས་ཤིང། །ཆོས་ཀྱི་འཚེ་བས་འཚོ་བར་བྱ། །ཟང་ཟིང་ཐམས་ཅད་རྣམ་སྤང་ཞིང། །འཕགས་པའི་ནོར་གྱི ་