CLOSE WINDOW

N4127: bslab pa kun las btus pa'i mngon par rtogs pa zhes bya ba
Wyliee-texts based on the ACIP/ALL Input

@221བ ་བརྒྱད་ཡིན་ཏེ། །ལས་དང་ཉོན་མོངས་ལྟ་བ་ངག་ལས་ནི། །འགྱུར་དང་གྱུར་པའི་ཁྱད་པར་རྣམ་པ་དྲུག། རང་གི་རྩ་བ་ཐ་མ་གཉིས་དང་བཅས། །འགྱུར་བ་གསུམ་ནི་དང་པོའི་ཆོས་སུ་བཞག་།གྱུར་བ་གསུམ་ནི་དང་པོའི་གཉིས་པ་སྟེ། །རྩ་བ་གཉིS ་ཀྱང་དེ་དང་མཐུན་པ་ཡིན། །གྱུར་པ་གསུམ་ནི་གཉིས་པའི་གཉིས་པ་སྟེ། །རྟེན་གྱི་དང་པོའི་ཆོས་ཀྱང་དེ་ཡི་ཡིན། །གྱུར་པ་དང་པོ་སྟོབས?་ཀྱི་དང་པོ་སྟེ། །གྱུར་པ་གཉིས་པ་ཕུང་པོའི་གཉིས་པ་ཡིན། །གྱུར་པ་གསུམ་པ་ཕུང ་པོའི་གསུམ་པ་སྟེ། །མི་མཐུན་གཉེན་པོའི་ཁྱད་པར་དེ་ཡིས་བསྟན། །ཆོགས་ཀྱི་ལམ་ལ་ལྔ་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་རྗེས་སུ་མཐུན་པ་ཡིན། །སྤྱོར་བའི་ལམ་ལ་བདུན་ནི་དངོས་ཡིན་ཏེ། །དེ་ལས་གཞན་པ་ལྔ་ནི་རྗེས?་མཐུན ་ཡིན། །མཐོད་པའི་ལམ་ལ་བཅུ་ནི་དངོས་ཡིན་ཏོ། །དེ་ལས་གཞན་པ་གཉིས་ནི་རྗེས་མཐུན་ཡིན། །ཚོགས་ཀྱི་ལམ་ལ་བསྲུང་པ་གཙོ་བོ་སྟེ། །ཆོས་གཞན་གསུམ་པོ་མོས་བ་མཆོག་དང་ལྡན། ་སྦྱོར་བའི་ལམ་ལ་སྤེལ་བ་གཙོ་བོ་སྟེ། །གསུམ་པོ་དག་ལ་ཇི་ལྟར་འཚམ་པར་ཟད། །མཐོང་བའི་ལམ་ལ་དག་ལ་གཙོ་བོ་སྟེ། གསུམ་པོ་དག་གིས་བདག་དང་གཞན་གྱི་དོན། །བསྒོམ་བའི ་ལམ་ལ་ཕ་རོལ་ཕྱིན་པ་སྟེ། །བསྡུ་བའི་དངོས་པོས་འགྲོ་བ་ཚིམ་པར་བྱེད། །བསླབ་པ་ཀུན་ལ་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། རྫོགས་སོ།། །།དཔལ་མར་མེ་མཛད་ཡེ་ཤེས་དང། དགེ་སློང་ཚུལ་ཁྲིམས ་རྒྱལ་བས་བསྒྱུར་བའོ། །གསེར་གླིང་རྒྱལ་པ་དཔལ་ལྡན་ཆོས་སྐྱོང་གིས་།བཅོམ་ལྡན་འཇམ་པའི་རྡོ་རྗེ་མཉེས་བྱས་པས། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས། །ཀ་མ་ལ་དང་མར་མེ་མཛད་ལ་གསུངས།། །། ་