CLOSE WINDOW

N4021: rtsod pa bzlog pa'i 'grel pa
Wyliee-texts based on the ACIP/ALL Input

བཤད་པ། བརྡའ་སྤྲོད་པ་ཆེན་པོ་བསྟན་བཅོས་ཐམས་ཅད་འཆད་པར་བཞེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྩོད་པ་བཟློག་པའི་འགྲེལ་པ་སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པ་བཞུགས་སོ།། །། ་རྒྱ་གར་སྐད་དུ། བི་གྲ་ཉ་བྱ་བརྟ་ནི་བྲིཏྟི། བོད་སྐད་དུ། རྩོད་པ་བཟློག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང ་བཞིན་བཟློག་པར་མི་ནུས་སོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྒྱུ་དང་རྐྱེན་དང། རྒྱུ་དང་རྐྱེན་ཚོགས་པ་དང་ཐ་དད་པ་ཀུན་ལ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ་མྱུ་གུ་ནི་རྒྱུ་ས་བོན་དུ་གྱུར་པ་ལ་ཡང་མེད། རྐྱེན་ཞེས་བྱ་བ་ས་དང ་ཆུ་དང་མེ་དང་རླུང་ལ་སོགས་པ་རེ་རེ་ལ་ཡང་མེད། །རྐྱེན་འདུས་པ་དག་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་དག་ལ་ཡང་མེད། །རྒྱུ་དང་རྐྱེན་ཚོགས་པ་ལ་མ་གཏོགས་པ་ཐ་དད་པ་ལ་ཡང་མེད་དོ། །གང་གི་ཕྱིར་རང་བཞིན་འདི་དེ་ཐམས་ཅད་ལ་ཡང་མེད་པ་དེའི་ཕྱིར ་མྱུ་གུའི་རང་བཞིན་མེད་དེ། དེ་བས་ན་སྟོང་པ་ཡིན་ནོ། །ཇི་ལྟར་མྱུ་གུ་རང་བཞིན་མེད། །རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཡིན་ནོ་ཞེ་ན། གལ་ཏེ་དེ ་ལྟ་ཡིན་ན་ནི་དངོས་པོ་ཐམས་ཅད་སྟོང་པ་ཡིན་ནོ། །ཞེས་བྱ་བ་གང་ཡིན་པའི་ཁྱོད་ཀྱི་ཚིག་དེ་ཡང་སྟོང་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡང་རྒྱུ་འབྱུང་བ་ཆེན་པོ་རྣམས་དང་མཚུངས་པར་ལྡན་པ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་ལ་ཡང་མེད། །རྐྱེན་བྲང་དང། ལྐོག ་མ་དང། མཆུ་དང། ལྕེ་དང། སོའི་བྲུན་དང། རྐན་དང། སྣ་དང། སྤྱི་བོ་ལ་སོགས་པ་དང། འབད་པ་རྣམས་ལ་ཡང་མེད། གཉི་ག་ཚོགས་པ་ལམ་གཏོགས་པ་ཐ་དད་པ་ཡང་མེད་དོ། །གང་གི་ཕྱིར་འདི་ཐམས་ཅད་ལ་མེད་པའི་ཕྱིར། འདི་རང་བཞིན་མེད་པ ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ། །དེ་ལྟ་བས་ན་འདིས་དངོས་པོ་ཐམས་ཅད་བཟློག་པར་བྱེད་མི་ནུས་སོ། །མེ་མེད་པས་ཀྱང་སྲེག་པར་མི་ནུས་ལ། །མཚོན་ཆ་མེད་པས་ཀྱང་བཅད་པར་མི་ནུས་ཤིང་ཆུ་མེད་པས་ཀྱང་བཅད་པར་མི་ནུས་པ་དེ་བཞིན ་དུ་ཚིག་མེད་པས་ཀྱང། དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཟློག་པར་བྱེད་མི་ནུས་པས་དེ་ལ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཀག་གོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅས་སྔ་མ་ཉམས། །མི ་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །འོན་ཏེ་སྐྱོན་དེར་གྱུར་ན་མི་རུང་ངོ་སྙམ་ནས་ངའི་ཚིག་དེ་ནི་རང་བཞིན་དང་བཅས་པ་ཡིན་ཏེ། དེའི་ཕྱིར་སྟོང་པ་མ་ཡིན་ནོ། །དེ་བས་ན་འདིས་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཀག ་གོ་སྙམ་དུ་སེམས་ན། འོ་ན་དེ་ལྟར་ཡིན་ན་ནི་དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་སྔར་དམ་བཅས་པ་གང་ཡིན་པ་དེ་ཉམས་པ་ཡིན་ནོ། །འདི་ལྟར་གཞན་ཡང་ཐམས་ཅད་ཀྱི་ནང་དུ་ནི་ཁྱོད་ཀྱི་ཚིག་ཀྱང་འདུས་པ་ཡིན་ན། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས ་ཅད་སྟོང་པ་ཡིན་བཞིན་དུ་འདི་ལྟར་སྟོང་པ་ཉིད་མ་ཡིན་པའི་ཕྱིར་དེས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཀག་གོ་ཞེས་བྱ་བའི་ཁྱོད་ཀྱི་ཚིག་སྟོང་པ་མ་ཡིན་པར་འགྱུར། དེ་ལྟ་ན་ནི་སྨྲས་པ་མུ་དྲུག་ཏུ་ཐལ་བར་འགྱུར་འོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འོན་ཀྱང་གལ་ཏེ་དངོས ་པོ་ཐམས་ཅད་སྟོང་པ་ཡིན་ནོ། །ཞེ་ན། ཁྱོད་ཀྱི་ཚིགས་ཀྱང་སྟོང་པ་ཡིན་ཏེ། ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་ལ། སྟོང་པའི་ཕྱིར་དེས་ནི་དགག་པ་མི་འཐད་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ། །ཞེས་དགག་པ་གང་ཡིན་པ་དེ་འཐད་པ་མ་ཡིན་ནོ། །གལ ་ཏེ་འཐད་པ་མ་ཡིན་ནོ་ཞེ་ན། དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ་ཞེས་བཀག་པས་དེས་ན་ཁྱོད་ཀྱི་ཚིག་ཀྱང་སྟོང་པ་ཡིན་ལ། སྟོང་པ་ཉིད་ཡིན་པའི་ཕྱིར་དེས་འགོག་པ་མི་འཐད་དོ། །གལ་ཏེ་དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ན། གང་གི་འགོག་པར་བྱེད་པ་ཁྱོད ་ཀྱི་ཚིག་ནི་སྟོང་པ་མ་ཡིན་ནོ་ཞེ་ན། དེས་ན་ཁྱོད་ཀྱི་ཚིག་ཐམས་ཅད་ཀྱི་ནང་དུ་མ་བསྡུས་པ་ཡིན་ཏེ། དེ་ལ་འགལ་བའི་དཔེར་འགྱུར་རོ། །གལ་ཏེ་ཐམས་ཅད་ཀྱི་ནང་དུ་ཁྱོད་ཀྱི་ཚིག་བསྡུས་སོ་ཞེ་ན། དངོས་པོ་ཐམས་ཅད་སྟོང་པ་ཡིན་པས་དེས་ན་དེ་ཡང་སྟོང་པ་ཡིན ་ནོ། །དེའི་ཕྱིར་འདིས་འགོག་པ་མེད་དོ། །གལ་ཏེ་སྟོང་པ་ཡིན་ཡང་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་འདིས་འགོག་པ་ཡོད་དོ་ཞེ་ན། དེས་ན་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཡང་བྱ་བ་བྱེད་ནུས་པར་འགྱུར་ཏེ། དེ་ནི་འདོད་པ་མ་ཡིན་ནོ། །གལ་ཏེ་འགལ ་བའི་དཔེར་གྱུར་ནས་མི་རུང་ངོ། །སྙམ་ནས་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ། བྱ་བ་བྱེད་མི་ནུས་སོ་ཞེ་ན། ཁྱོད་ཀྱི་ཚིག་སྟོང་པས་ཀྱང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པར་མི་འཐད་དོ། །ཇི་ལྟར་གཞན་ཡང་དེ་སྐད་ཟེར་ན་ནི་ཁ་ཅིག་ནི་སྟོང་ཁ་ཅིག་ནི་མི་སྟོང ་ངོ་ཞེས་མི་འདྲ་བ་ཉིད་དུ་ཐལ་བར་འགྱུར་རོ། །མི་འདྲ་བ་ཉིད་ཡིན་ན་ནི་གང་གིས་ན་ཁ་ཅིག་ནི་སྟོང་ཁ་ཅིག་ནི་མི་སྟོང་པར་གྱུར་པའི་གཏན་ཚིགས་ཀྱི་ཁྱད་པར་ཡང་སྨྲོས་ཤིག་།གཏན་ཚིགས་དེ་ཡང་མ་བསྟན་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ།། ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། །ཁྱོད་བློ་སེམས་ན་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །དཔེར་ན་ཁ་ཅིག་ན་རེ་སྒྲ་མ་འབྱིན་ཅིག་ཅེས་བདག་ཉིད ་སྒྲ་འབྱིན་པ་ན་སྒྲ་དེས་སྒྲ་དེ་བཟློག་པར་བྱེད་དོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ནི་སྟོང་པ་ཞེས་སྟོང་པའི་རང་བཞིན་གྱི་ཚིག་གིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་བཟློག་པར་བྱེད་དོ། །འདིར་སྨྲས་པ། དེ་ཡང་འཐད་པ་མ་ཡིན་ཏེ། འདི་ལ་སྒྲ་ཡོད་པས་སྒྲ་འབྱུང ་བར་འགྱུར་པ་འགོག་པར་བྱེད་པ་ཡིན་གྱི། འདིར་ཁྱོད་ཀྱི་ཡོད་པའི་ཚིག་གིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པར་མི་བྱེད་དེ། ཁྱོད་ཀྱི་ལུགས་ཀྱི་ཚིག་ཀྱང་ཡོད་པ་མ་ཡིན། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡང་ཡོད་པ་མ་ཡིན་པས།། ་དེའི་ཕྱིར་སྒྲ་མ་འབྱིན་ཞེས་པ་ལྟ་བུའོ། །ཞེས་བྱ་བ་འདི་ནི་མི་མཐུན་པར་སྨྲས་པ་ཡིན་ནོ། །འགོག་པའི་འགོག་པའང་དེ་ལྟ་ཞེས། འདོད་ན་དེ་ཡང་བཟང་མིན་ཏེ། དེ་ལྟ་ན་ཡང་ཁྱོད་དམ་བཅས། །མཚན་ཉིད་སྐྱོན་ཡོད་ངེད་ལ་མེད། །ཁྱོད་ཀྱི་བློ་ལ་རྣམ་པ ་འདི་ཉིད་ཀྱིས་འགོག་པའི་འགོག་པ་ཡང་མི་འཐད་དེ། དེ་ལ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པའི་ཚིག་འགོག་པར་བྱེད་པའི་ཚིག་གང་ཡིན་པ་དེ་ཡང་མི་འཐད་དོ་སྙམ་དུ་སེམས་ན། འདིར་སྨྲ་བར་བྱ་སྟེ། དེ་ཡང་བཟང་པོ་མ ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ལ་ནི་དམ་བཅས་པའི་མཚན་ཉིད་ཀྱིས་འཐོབ་ཀྱི། ངེད་ལ་ནི་མེད་པས་དེ་ལ་དེ་ལྟ་ཡིན་ན་ནི་འགོག་པའི་འགོག་པ་ཡང་འཐད་པ་མ་ཡིན་ནོ། །ཞེས་སྨྲས་པ་གནག་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། རེ་ཞིག ་དངོས་རྣམས་མངོན་སུམ་གྱིས། །དམིགས་ནས་བཟློག་པར་བྱེད་མིན་ན། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན་སུམ་དེ་ནི་མེད་པ་ཡིན། །གལ་ཏེ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་མངོན་སུམ་གྱིས་དམིགས་ནས་དངོས་པོ་ཐམས་ཅད་ནི ་སྟོང་པའོ་ཞེས་བཟློག་པར་བྱེད་ན་ནི་རུང་ན། །དེ་ཡང་འཐད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ཀྱི་ནང་དུ་མི་མངོན་སུམ་གྱི་ཚད་མ་ཡང་འདུས་པའི་ཕྱིར་སྟོང་པ་ཡིན་ལ། དངོས་པོ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ཡང་སྟོང་པ་ཡིན། །དེའི ་ཕྱིར་ཚད་མས་དམིགས་པ་མེད་དོ། །མི་དམིགས་པ་འགོག་པ་ཡང་མི་འཐད་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་འཐད་པ་མ་ཡིན་ནོ། །འོན་ཏེ་ཁྱེད་ཀྱི་བློ་ལ་རྗེས་སུ་དཔག་པ་དང་ལུང་དང་དཔེས་འཇལ་བས་དམིགས ་ནས་དངོས་པོ་འདི་ཐམས་ཅད་བཟློག་པར་བྱེད་དོ་སྙམ་དུ་སེམས་ན་འདིར་སྨྲ་བར་བྱ་སྟེ། རྗེས་དཔག་ལུང་དང་དཔས་འཇལ་དང། །རྗེས་དཔག་ལུང་གི་སྒྲུབ་བྱ་དང། །དཔེས་སྒྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་བོ། །རྗེས་སུ། ་དཔག་པ་དང། དཔེས་འཇལ་བ་དང། ལུང་ཡང་མངོན་སུམ་གྱི་ཚད་མས་ལན་བཏབ་པ་ཡིན་ཏེ། འདི་ལྟར་མངོན་སུམ་གྱི་ཚད་མ་ནི་སྟོང་པ་ཡིན་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང། དཔེས་འཇའ ་བ་དང། ལུང་ཡང་སྟོང་པ་ཡིན་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་བསྒྲུབ་པར་བྱ་བའི་དོན་དང། ལུང་གིས་བསྒྲུབ་པར་བྱ་བ་དང། དཔེས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དག་ཀྱང་སྟོང་པ་ཡིན་ཏེ། དངོས་པོ ་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་དང། ལུང་དང། དཔེས་འཇལ་བདག་གིས་དངོས་པོ་རྣམས་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་དམིགས་པ་མེད་དོ། །མི་དམིགས་པའི ་རང་བཞིན་འགོག་པ་མི་འཐད་པས་དེ་ལ་དངོས་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། སྐྱེ་བོ་ཆོས་ཀྱི་གནས་སྐབས་མཁས། །དགེ་བ་དག་གི་ཆོས་རྣམས་ལ། །དགེ་བའི་རང་བཞིན་ཡིན་པར་ནི།། ་སེམས་ཤིང་ལྷག་མ་རྣམས་དང་ཡང། འདི་ལ་སྐྱེ་བོ་ཆོས་ཀྱི་གནས་སྐབས་ལ་མཁས་པ་རྣམས་ནི་དགེ་བའི་ཆོས་རྣམས་ལ་བརྒྱ་རྩ་བཅུ་དགུ་སེམས་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པ་དང། ཚོར་བ་དང། འདུ་ཤེས་དང། སེམས ་དཔའ་དང། རེག་པ་དང། ཡིད་ལ་བྱེད་པ་དང། འདུན་པ་དང། མོས་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། བཏང་སྙོམས་དང། སྦྱོར་བ་དང། ཡང་དག་པར་སྦྱོར་བ་དང། ཐོབ་པ་དང། ལྷག་པའི ་བསམ་པ་དང། ཁོང་ཁྲོ་བ་མེད་པ་དང། དགའ་བ་དང། འབད་པ་དང། རྩོལ་བ་དང། རྨོངས་འབྲེལ་དང། སྤྲོས་པ་དང། གནོས་པ་མེད་པ་དང། དབང་དང་ལྡན་པ་དང། ཁོང་ཁྲོ་དང། ཡིད་ལ་གཅགས་པ་མེད་པ་དང། འཛིན་པ་དང། ་མི་འཛིན་པ་དང། དྲན་པ་དང། བརྟན་པ་དང། ལྷག་པར་ཞེན་པ་དང། རྨོངས་པ་མེད་པ་དང། མི་རྩོལ་བ་དང། སྤྲོ་བ་མེད་པ་དང། དོན་དུ་གཉེར་བ་དང། སྨོན་ལམ་དང། རྒྱགས་པ་དང། ཡུལ་དང་མི་ལྡན་པ་དང། ངེས་པར་འབྱིན་པ་མ ་ཡིན་པ་དང། སྐྱེ་བ་དང། གནས་པ་དང། མི་རྟག་པ་དང། དགའ་བ་དང། ལྡན་པ་དང། ཡོངས་སུ་གདུང་བ་དང། མི་དགའ་བ་དང། རྟོག་པ་དང། སྡུག་པ་དང། དང་བ་དང། འདོད་པ་མི་མཐུན་པ་དང། མཐུན་པར་འཛིན་པ་དང། །རྗེས ་སུ་མི་མཐུན་པར་གཟུང་བ་དང། མི་འཇིགས་པ་དང། ཞེས་དང། རི་མོར་བྱེད་པ་དང། དད་པ་དང། མ་དད་པ་དང། བསྒོ་བ་བཞིན་བྱེད་པ་དང། གུས་པ་དང། མ་གུས་པ་དང། རྒོད་པ་དང། ཤིན་ཏུ་སྦྱངས་པ་དང། ངག་དང། མགུལ་བ ་དང། གྲུབ་པ་དང། མ་དང་བ་དང། ཤིན་ཏུ་མ་སྦྱངས་པ་དང། རྣམ་པར་བྱང་བ་དང། བརྟན་པ་དང། ངེས་པ་དང། ཡིད་ལ་གཅགས་པ་དང། མྱ་ངན་དང། འཁྲུག་པ་དང། རྒྱགས་པ་དང། མི་མཐུན་པར་འཛིན་པ་དང། ཐེ་ཚོམ་དང། ་སྡོམ་པ་ཡོངས་སུ་དག་པ་དང། ནང་ལེགས་པར་དང་བ་དང། འཇིགས་པའི་ཕྱོགས་གཅིག་དང། དད་པ་དང། ངོ་ཚ་ཤེས་པ་དང། གནམ་པ་དང། མི་འདྲིད་པ་དང། ཉེ་བར་ཞི་བ་དང། རྟགས་བག་མ་ཡིན་པ་དང། བག་ཡོད་པ་དང། བྱམས ་པར་ལྟ་བ་དང། སོ་སོར་བརྟགས་པ་དང། ཡིད་བྱུང་བ་དང། ཡོངས་སུ་གདུང་བ་མེད་པ་དང། རྒྱགས་པ་མེད་པ་དང། ཆགས་པ་མེད་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པ་དང། ཐམས་ཅད་ཤེས་པ་ཉིད་དང། མི་གཏོང་བ ་དང། འབྱོར་པ་དང། ཁྲེལ་ཡོད་པ་དང། མི་འཆབ་པ་དང། སྙིང་རྗེ་དང། སེམས་པ་མི་གཏོང་བ་དང། བྱམས་པ་དང། ཞུམ་པ་མེད་པ་དང། དགྲ་བྲལ་བ་དང། རྫུ་འཕྲུལ་དང། ཁོན་དུ་མི་འཛིན་པ་དང། ཕྲག་དོག་མེད་པ་དང། སེམས ་ཡོངས་སུ་བཏུགས་པ་མེད་པ་དང། བཟོད་པ་དང། རྣམ་པར་སྤོང་བ་དང། ངེས་པ་མ་ཡིན་པ་དང། ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་མཐུན་པ་དང། བསོད་ནམས་དང། འདུ་ཤེས་པའི་སྙོམས་པར་འཇུག་པ་དང། ངེས་པར་འབྱིན་པ་ཉིད་དང ་ཐམས་ཅད་མི་ཤེས་པ་ཉིད་དང། འདུས་མ་བྱས་པའི་ཆོས་སོ་ཞེས་དེ་ལྟར་དགེ་བའི་ཆོས་རྣམས་ལ་དགེ་བའི་རང་བཞིན་བརྒྱ་རྩ་བཅུ་དགུ་དང། དེ་བཞིན་དུ་མི་དགེ་བའི་ཆོས་རྣམས་ལ་མི་དགེ་བའི་རང་བཞིན་དང། བསྒྲིབ་ལ་ལུང་དུ་མ་བསྟན ་པ་རྣམས་ལ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་དང། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ལ་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་དང། འདོད་པར་གསུངས་པ་རྣམས་ལ་འདོད་པར་གསུངས་པ་དང། གཟུགས་སུ་གསུངས ་པ་རྣམས་ལ་གཟུགས་སུ་གསུངས་པ་དང། གཟུགས་མེད་པར་གསུངས་པ་རྣམས་ལ་གཟུགས་མེད་པར་གསུངས་པ་དང། ཟག་པ་མེད་པ་རྣམས་ལ་ཟག་པ་མེད་པ་དང། སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་ཞེས་བྱ་བ་རྣམས ་ལ་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་ཞེས་བྱ་བའི་རང་བཞིན་དང། བསྒོམ་པས་སྤང་བར་བྱ་བ་རྣམས་ལ་བསྒོམ་པས་སྤང་བར་བྱ་བ་དང། སྤང་བར་བྱ་བ་རྣམས་ལ་བསྒོམ་པས་སྤང་བར་བྱ་བ་དང། སྤང་བར་བྱ་བ་མ་ཡིན་པར་རྣམས་ལ། སྤང་བར་བྱ་བ་མ་ཡིན་པའི ་རང་བཞིན་དུ་སེམས་ཏེ། དེའི་ཕྱིར་དེ་ལྟར་ན་རྣམ་པ་དུ་མའི་ཆོས་ཀྱི་རང་བཞིན་མཐོང་བས་དེ་བས་ན་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པའོ། །ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན ་ཡང། དེས་འབྱིན་ལ་སོགས་རྣམས་ཀྱི་ཆོས། །གནས་སྐབས་གསུངས་པ་དེ་རྣམས་ལ། །ངེས་འབྱིན་རང་བཞིན་ཆོས་རྣམས་དང། །ངེས་འབྱིན་མིན་གང་ཚུལ་དེ་བཞིན། །འདི་ལ་ངེས་པར་འབྱིན་པའི་ཆོས་ཀྱི་གནས་སྐབས་གསུངས་པ་རྣམས་ལ་དེས ་པར་འབྱིན་པའི་རང་བཞིན་དང། ངེས་པར་འབྱིན་པ་མ་ཡིན་པ་རྣམས་ལ་ངེས་པར་འབྱིན་པ་མ་ཡིན་པའི་རང་བཞིན་དང། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་དང། བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ ་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་དང་མི་ལྡན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་མི་ལྡན་པ་རྣམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་མི་ལྡན་པ་དང། ལྷག་མ་རྣམས ་ལ་ཡང་དེ་བཞིན་ཏེ། དེའི་ཕྱིར་དེ་ལྟར་རྣམ་པ་དུ་མའི་ཆོས་རྣམས་ཀྱི་རང་བཞིན་མཐོང་བ་དེའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་སྟེ། དེ་བས་ན་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། གལ་ཏེ་ཆོས ་གྱི་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བའི་མིང། །མིང་ཡང་དེ་བཞིན་མེད་འགྱུར་ཉིད། །གཞི་མེད་མིང་ནི་མེད་ཕྱིར་རོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཡིན་ན་དེ་ལ་ཡང་རང་བཞིན་མེད་པ་ཡིན་ནོ། །དེ་ལ་རང་བཞིན ་མེད་དོ། །ཞེས་བྱ་བའི་མིང་ཡང་དེ་བཞིན་དུ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཞི་མེད་པའི་མིང་ནི་འགའ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་མི་སྲིད་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དོ། །རང་བཞིན་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ ་མ་ཡིན་ནོ། །དེ་བས་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པའོ། །ཞེས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །འོན་ཏེ་འདི་ལྟར་རང་བཞིན་ཡོད། །དེ་ནི་ཆོས་ལ་མེད་ཅེ་ན། །ཆོས་རྣམས་མེད་པའི་རང་བཞིན ་ཏེ། གང་གི་ཡིན་པ་དེ་བསྟན་རིགས། །འོན་ཏེ་གཞི་མེད་པའི་མིང་དུ་གྱུར་ན་མི་རུང་ངོ། །སྙམ་ནས་རང་བཞིན་ནི་ཡོད་ལ། དེ་ཡང་ཆོས་ཐམས་ཅད་ལ་ནི་མི་སྲིད་དོ། །དེ་ལྟར་ན་ཆོས་རྣམས་ལ་རང་བཞིན་མེད་པའི་ཕྱིར་ཆོས་ནི་སྟོང་པར་འགྲུབ་པར ་འགྱུར་ལ། མིང་གཞི་མེད་པར་ཡང་མ་ཡིན་ནོ་སྙམ་དུ་སེམས་ན། །འདིར་སྨྲ་བར་བྱ་སྟེ། དེ་ལྟ་ཡིན་ན་རང་བཞིན་དེ་ཆོས་ལ་མ་གཏོགས་པའི་དོན་གང་ཡིན་པའི་དོན་དེ་བསྟན་པའི་རིགས་སོ། །དེ་ཡང་མ་བསྟན་པས་དེའི་ཕྱིར་རང་བཞིན་ནི་ཡོད་ལ། ་དེ་ཡང་ཆོས་རྣམས་ནི་མེད་དོ། །ཞེས་རྟོག་པ་གང་ཡིན་པ་དེ་ཉམས་སུ། །འདི་ལྟར་གཞན་ཡང། གང་ཕྱིར་ཁྱིམ་ན་བུམ་པ་དེ། །མེད་ཅེས་ཡོད་པ་ཉིད་ལ་འགོག་།མཐོང་སྟེ་དེ་ཕྱིར་ཁྱོད་ཀྱིས་འདི། །ཡོད་པའི་རང་བཞིན་འགོག་པ་ཡིན། །འདི་ལ་དོན་ཡོད་པ ་ལ་འགོག་པར་བྱེད་ཀྱི། མེད་པ་ལ་ནི་མ་ཡིན་ཏེ། དཔེར་ན་ཁྱིམ་ན་བུམ་པ་མེད་ཅེས་བྱ་བ་ལྟ་བུ་སྟེ། བུམ་པ་ཡོད་པ་ལ་འགོག་པ་ཡིན་གྱི། མེད་པ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་རྣམས་ཀྱི་རང་བཞིན་མེད་དོ་ཞེས་བྱ་བ་ཡང་རང་བཞིན་ཡོད་པ་ལ ་འགོག་པར་འགྱུར་བ་ཡིན་གྱི། མེད་པ་ལ་ནི་མ་ཡིན་པས་དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང་འགོག་པ་ཡོད་པ་ཉིད་ཀྱི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རབ་ཏུ་གྲུབ་པ་ཡིན་ནོ། ། ་ཇི་ལྟ་རང་བཞིན་དེ་མེད་ན། །ཁྱོད་ཀྱི་ཚིག་དེས་ཅི་ཞིག་དགག་།མེད་པ་ཡིན་ན་ཚིག་མེད་པར། །འགོག་པར་རབ་ཏུ་གྲུབ་པ་ཡིན། །ཇི་སྟེ་རང་བཞིན་དེ་མེད་པ་ཉིད་ཡིན་ན། དངོས་པོ་ཐམས་ཅད་མེད་དོ་ཞེས་བྱ་བའི་ཚིག་འདིས་ཁྱོད ་ཀྱི་ཅི་ཞིག་འགོག་པར་བྱེད། །འདི་ལྟར་མེད་པ་ལ་ནི་ཚིག་མེད་པར་ཡང་འགོག་པ་འགྲུབ་སྟེ། །ཇི་ལྟར་མེ་ལ་གྲང་བ་ཉིད་དང། ཆུ་ལ་ཚ་བ་ཉིད་ལྟ་བུའོ། །འདི་ལྟར་གཞན་ཡང། བྱིས་པ་རྣམས་ནི་སྨིག་རྒྱུ་ལ། །ཇི་ལྟར་ལོག་པར་ཆུར་འཛིན་ལྟར། །དེ ་བཞིན་ཁྱོད་ཀྱིས་ལོག་པར་འཛིན། །ཡོད་པ་མིན་ལ་འགག་པར་བྱ། །ཁྱོད་ཀྱི་བློ་ལ་ཇི་ལྟར་བྱིས་པ་རྣམས་སྨིག་རྒྱུ་ལ་ལོག་པར་ཆུར་འཛིན་པ་ན་དེ་ནི་སྐྱེས་བུ་མཁས་པའི་རང་བཞིན་ཅན་གྱིས་འཛིན་པ་དེ་བཟློག་པའི་ཕྱིར་དེ་ན་ཆུ་མེད་ཀྱི། །དེ་ནི་སྨིག་རྒྱུའོ ་ཞེས་ཟེར་བ་དེ་བཞིན་དུ་རང་བཞིན་པ་མེད་པ་རྣམས་ལ་སེམས་ཅན་རྣམས་ཀྱིས་རང་བཞིན་དུ་འཛིན་པ་གང་ཡིན་པ་དེ་བཟློག་པའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའོ། །ཞེས་བྱའོ་སྙམ་དུ་སེམས་ན། འདིར་སྨྲ་བར་བྱ་སྟེ། དེ་ལྟ་ན་ནི་འཛིན་པ ་དང། །གཟུང་དང་འཛིན་པ་པོ་དེ་དང། །འགོག་དང་དགག་བྱ་འགོག་པ་པོ། །དེ་དྲུག་ཡོད་པ་མ་ཡིན་ནམ། །གལ་ཏེ་དེ་ལྟ་ན་ནི་རེ་ཞིག་སེམས་ཅན་རྣམས་ཀྱི་འཛིན་པ་ཡང་ཡོད་པ་དང། གཟུང་བ་ཡོད་པ་དང། དེ་འཛིན་པ་པོ་ཡོད་པ་དང། ལོག་པར ་འཛིན་པ་དེ་འགོག་པ་ཡང་ཡོད་པ་དང། དགག་པར་བྱ་བ་ལོག་པར་འཛིན་པ་དེ་ཡང་ཡོད་པ་དང། ཁྱོད་ལ་སོགས་པ་འཛིན་པ་དེ་འགོག་པ་པོ་ཡང་ཡོད་དེ། དྲུག་ཏུ་གྲུབ་པ་མ་ཡིན་ནམ། དེ་དྲུག་ཏུ་གྱུར་ན་ནི། མ་བཀག་པ་ཉིད་ཡིན་པའི་ཕྱིར་དངོས ་པོ་ཐམས་ཅད་ནི་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །ཅི་སྟེ་འཛིན་པ་ཡོད་མིན་ཞིང། །གཟུང་མེད་འཛིན་པ་པོ་མེད་ན། །འོ་ན་འགོག་དང་དགག་བྱ་དང། འགོག་པ་པོ་ཡང་ཡོད་མིན་ཏེ། །ཅི་སྟེ་སྐྱོན་དེར་གྱུར་ན་མི་རུང་ངོ། །སྙམ་ནས་འཛིན་པ་ཡང ་མེད། །གཟུང་བ་ཡང་མེད། འཛིན་པ་པོ་ཡང་མེད་དོ་ཞེ་ན། དེ་ལྟ་ན་ནི་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་དོ་ཞེས་བྱ་བ་འཛིན་པ་འགོག་པ་གང་ཡིན་པ་དེ་ཡང་མེད་ལ། དགག་པར་བྱ་བ་ཡང་མེད། འགོག་པ་པོ་ཡང་མེད་པར་འགྱུར་ཏེ། གལ་ཏེ་འགོག་དང་དགག་བྱ ་དང། །འགོག་པ་པོ་ཡང་ཡོད་མིན་ན། །དངོས་པོ་ཀུན་དང་དེ་རྣམས་ཀྱི། །རང་བཞིན་ཉིད་ཀྱང་གྲུབ་ཡིན་ན། །གལ་ཏེ་འགོག་པ་ཡང་མེད། །དགག་པར་བྱ་བ་ཡང་མེད། འགོག་པ་པོ་ཡང་མེད་ན་ནི། དངོས་པོ་ཐམས་ཅད་ཀྱང་མ་བཀག་པར་ཡོད་ལ། དངོས་པོ་རྣམས ་ཀྱི་རང་བཞིན་ཡང་ཡོད་དོ། །འདི་ལྟར་གཞན་ཡང། ཁྱོད་ལ་གཏན་ཚིགས་མ་གྲུབ་སྟེ། །རང་བཞིན་མེད་ཕྱིར་ཁྱེད་གཏན་ཚིགས། །གང་ལ་ཡོད་དེ་ཁྱོད་དོན་དེ། །གཏན་ཚིགས་མེད་ཕྱིར་གྲུབ་མི་འཐད། །དངོས་པོ་ཐམས་ཅད་ནི་རང་བཞིན་མེད་དོ་ཞེས་བྱ ་བའི་དོན་འདི་ལ་ཁྱོད་ཀྱིས་གཏན་ཚིགས་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་པས་དེའི་ཕྱིར་གཏན་ཚིགས་ག་ལ་ཡོད། གཏན་ཚིགས་མེད་ན་ནི་གཏན་ཚིགས་མེད་པར་དངོས་པོ་ཐམས་ཅད་སྟོང ་པའོ་ཞེས་བྱ་བའི་དོན་ག་ལ་གྲུབ་པས་དེ་ལ་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། ཁྱོད་ལ་གཏན་ཚིགས་མེད་པར་ཡང། །རང་བཞིན་བཟློག་པར་གྲུབ་ཡིན་ན། །ང་ལ་འང་གཏན་ཚིགས་མེད་པར་ནི། ། ་རང་བཞིན་ཉིད་ནི་ཡོད་པར་འགྲུབ། །ཅི་སྟེ་དེ་ལ་གཏན་ཚིགས་མེད་པར་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པར་འགྲུབ་པོ་སྙམ་དུ་སེམས་ན་།ཇི་ལྟར་ཁྱོད་ལ་གཏན་ཚིགས་མེད་པ་རང་བཞིན་བཟློག་པར་གྲུབ་པ་དེ་བཞིན་དུ་ངལ་ཡང་གཏན་ཚིགས་མེད་པར་དངོས་པོའི ་རང་བཞིན་ཡོད་པར་འགྲུབ་བོ། །ང་ལ་ཡང་ཞེས་བྱ་བ་ནི་ངེད་ལ་ཡང་ངོ། །གལ་ཏེ་གཏན་ཚིགས་ཡོད་ན་དངོས། །རང་བཞིན་མེད་ཅེས་བྱ་མི་འཐད། །འཇིག་རྟེན་ན་ནི་རང་བཞིན་མེད། །དངོས་པོ་འགའ་ཡང་ཡོད་མིན་ནོ། །གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ ་ཉིད་ཀྱི་གཏན་ཚིགས་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན། དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་བྱ་བ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་རང་བཞིན་མེད་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར་རང་བཞིན ་ཡོད་མིན་ན། །གལ་ཏེ་འགོག་སྔ་དགག་འཕྱི་ཞེས། །ཟེར་ན་འཐད་པ་མ་ཡིན་ལ། །དགག་པར་བྱ་བ་ཡོད་པ་མ་ཡིན་ན་ཅི་ཞིག་ལ་འགོག་པར་བྱེད། འཆི་ཞིང་ཅིག་ཅར་མི་འཐད་དོ། །རང་བཞིན་མེད་པ་ཞེས་བྱ་བ་འདིར་གལ་ཏེ་འགོག་པ་ནི་སྔ་མ་ལ་དགག ་པར་བྱ་བ་ནི་འཕྱིའོ་ཞེ་ན། འཐད་པ་མ་ཡིན་ཏེ། དགག་པར་བྱ་བ་ཡོད་པ་མ་ཡིན་ན་གང་གི་འགོག་པ་ཡིན་པར་འགྱུར། འོན་ཏེ་འགོག་པ་ནི་འཕྱི་ལ་དགག་པར་བྱ་བ་སྔའོ་ཞེ་ན། འཐད་པ་མ་ཡིན་ཏེ། དགག་པར་བྱ་བ་གྲུབ་ཟིན་ན། །ཅི་ཞིག ་འགོག་པར་བྱེད། འོན་ཏེ་འགོག་པ་དང་དགག་པར་བྱ་བ་མགོ་མཉམ་མོ་ཞེ་ན། དེ་ལྟ་ན་ཡང་འགོག་པ་ནི་དགག་པར་བྱ་བའི་དོན་གྱི་རྒྱུ་མ་ཡིན་ལ། དགག་པར་བྱ་བ་ཡང་འགོག་པའི་མ་ཡིན་ཏེ། དཔེར་ན་རི་བོང་གི་རཱ་གཡས་གཡོན་གཉིས་མགོ ་མཉམ་དུ་སྐྱེས་པ་ལྟ་བུ་སྟེ། རྭ་གཡས་པ་ཡང་གཡོན་པའི་རྒྱུ་མ་ཡིན་པ། གཡོན་པ་ཡང་གཡས་པའི་རྒྱུ་མ་ཡིན་པ་ལྟ་བུ་ཡིན་པས་དེ་ལ་དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདིར་བཤད་པ། རེ་ཞིག་ཁྱོད ་ཀྱིས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལའང་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་སྨྲས་པ་གང་ཡིན་པ་དེ་ལ་བཤད་པར་བྱ་སྟེ། གལ་ཏེ་ངའི་ཚིག་རྒྱུ་རྐྱེན་དང། །ཚོགས ་དང་ཐ་དད་ལ་ཡང་མེད། །འོ་ན་དངོས་རྣམས་སྟོང་འགྲུབ་སྟེ། །རང་བཞིན་མེད་པ་ཉིད་ཕྱིར་རོ། །གལ་ཏེ་ངའི་ཚིག་རྒྱུ་འབྱུང་བ་ཆེན་པོ་རྣམས་དང་མཚུངས་པར་ལྡན་པ་རྣམས་དང། ལྡན་པ་མ་ཡིན་པ་རྣམས་ལ་ཡང་མེད། རྐྱེན་དྲན་དང། ལྐོག་པ་དང། མཆུ ་དང། ལྕེ་དང། སོའི་བྲུན་དང། རྐན་དང། སྣ་དང། སྤྱི་བོ་ལ་སོགས་པ་དང། འབད་པ་རྣམས་ལ་ཡང་མེད། གཉི་ག་ཚོགས་པ་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལ་མ་གཏོགས་པར་ཐ་དད་པ་ཡང་མེད་དོ། །དེའི་ཕྱིར་རང་བཞིན་མེད་པ་ཡིན ་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ་ཞེ་ན། འོ་ན་ནི་དའི་ཚིག་སྟེ་སྟོང་པར་གྲུབ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ངའི་ཚིག་དེ་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་རང ་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཡིན་པས་ན་དེ་ལ་ཁྱོད་ཀྱིས་ཆོས་ཀྱི་ཚིག་སྟོང་པ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་མི་འཐད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། དངོས་རྣམས་བརྟེན་ནས་འབྱུང་བ ་གང། །དེ་ནི་སྟོང་ཉིད་ཅེས་བྱ་དང། །གང་ཞིག་བརྟེན་ནས་འབྱུང་བ་དེ། །རང་བཞིན་ཉིད་མེད་ཡིན་པར་སྨྲ། ཁྱོད་ཀྱིས་ནི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པར་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཡིན་པའི་ཕྱིར། དངོས་པོ་རྣམས་ཀྱི་རང ་བཞིན་འགོག་པ་མི་འཐད་དེ་ཞེས་ཀླན་ཀ་ཚོལ་བ་སྨྲ་བར་བྱེད་དེ། འདིར་ནི་དངོས་པོ་རྣམས་བརྟེན་ནས་འབྱུང་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི ་རང་བཞིན་དང་བཅས་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལ་བལྟོས་པ་དང་བཅས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་ན་ནི་རྒྱུ་དང་རྐྱེན་མེད་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན ་པས་དེའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། དེས་ན་སྟོང་པའོ། །ཞེས་བྱ་བར་འཐད་དོ། །དེ་བཞིན་དུ་ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །དེའི་ཕྱིར་རང་བཞིན་མེད་དོ། །རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་སྟོང་པ་ཞེས་བྱ་བར་འཐད་པ་ཡིན་ནོ།། ་ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རང་བཞིན་སྟོང་པ་ཡིན་ཡང་སྦྲང་རྩི་དང། ཆུ་དང་འོ་ཐུག་འཛིན་པ་དང། ལེན་པ་དང། གྲང་བ་དང། རླུང་དང། ཉི་མ་ཡོངས་སུ་སྐྱོབ་པར ་ནུས་པ་དེ་བཞིན་དུ་ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ཡང་དངོས་པོ་རྣམས་རང་བཞིན་མེད་པར་རབ་ཏུ་བསྒྲུབ་པར་ནུས་པ་ཡིན་པས་དེ་ལ་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཐམས ་ཅད་ཀྱི་རང་བཞིན་འགོག་པ་འཐད་པ་ཡིན་ནོ། །ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། སྤྲུལ་པ་ཡིས་ནི་སྤྲུལ་པ་དང། །སྒྱུ་མ་ཡི་ནི་སྐྱེས་བུ་ཡིས། །སྒྱུ་མས་ཕྱུང་ལ་འགོག་བྱེད་ལྟར། །འགོག་པ་དེ་ཡང་དེ་བཞིན་འགྱུར ་ཇི་ལྟར་སྤྲུལ་པའི་སྐྱེས་བུས་སྤྲུལ་པའི་སྐྱེས་བུ་ཞིག་དོན་འགའ་ཞིག་གི་ཕྱིར་འོང་བར་བྱེད་པ་ལ་འགོག་པ་བྱེད་པ་དང། སྒྱུ་མ་མཁན་གྱིས་ཕྱུང་བའི་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་གཞན་ཞིག་དོན་འགའ་ཞིག་གི་ཕྱིར་འོང་བར་བྱེད་པ་ལ ་འགོག་པར་བྱེད་པ་བཞིན་ཏེ་དེ་ལ་སྤྲུལ་པའི་སྐྱེས་བུ་དགག་པར་བྱ་བ་གང་ཡིན་པ་དེ་ཡང་སྟོང་པ་ཡིན། འགོག་པར་བྱེད་པ་དེ་ཡང་སྟོང་པ་ཡིན་སྒྱུ་མའི་སྐྱེས་བུ་དགག་པར་བྱ་བ་གང་ཡིན་པ་དེ་ཡང་སྟོང་པ་ཡིན་འགོག་པར་བྱེད་པ་གང་ཡིན་པ་དེ ་ཡང་སྟོང་པ་ཡིན་པ་དེ་བཞིན་དུ་ངའི་ཚིག་སྟོང་པས་ཀྱང་དངོས་པོ་ཐམས་ཅད་སྟོང་པས་ཀྱང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པ་འཐད་པ་ན་དེ་ལ་ཁྱོད་ཀྱི་ཚིག་སྟོང་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པ་འཐད ་པ་མ་ཡིན་ནོ། །ཞེས་སྨྲས་པ་གང་ཡིན་པ་དེ་རུང་བ་མ་ཡིན་ནོ། །དེ་ལ་ཁྱོད་ཀྱིས་མུ་དྲུག་ཏུ་སྨྲས་པ་གང་ཡིན་པ་དེ་ཡང་དེ་ཉིད་ཀྱིས་བཀག་པ་ཡིན་ཏེ། དེ་ལྟ་ཡིན་ན་ཐམས་ཅད་ཀྱི་ནང་དུ་ངའི་ཚིག་ཀྱང་མ་འདུས་པ་ཡིན་ཞིང་མི་སྟོང་པའང་མ ་ཡིན་ལ། དངོས་པོ་ཐམས་ཅད་ཀྱང་མི་སྟོང་པ་མ་ཡིན་ནོ། །ཡང་ཁྱོད་ཀྱིས། འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅས་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་སྨྲས་པ་གང་ཡིན་པ་འདི་ལ ་བཤད་པར་བྱ་སྟེ། ང་ཡི་ཚིག་དེ་རང་བཞིན་མེད། །དེ་ཕྱིར་སྨྲས་པ་མ་ཉམས་ལ། །མི་འདྲ་ཉིད་ཀྱང་མེད་པས་ན། །གཏན་ཚིགས་ཁྱད་པ་བཤད་མི་བྱ། །རེ་ཞིག་ངའི་ཚིགས་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་འཐད་པ་མ་ཡིན་ཏེ། ་ཇི་སྐད་དུ་སྔར་རང་བཞིན། འཐད་པ་མ་ཡིན་པའི་ཕྱིར་སྟོང་པ་ཡིན་ནོ། །ཞེས་བཤད་པ་ལྟ་བུའོ། །གང་གི་ཕྱིར་ངའི་ཚིག་དེ་ཡང་སྟོང་པ་ཡིན། །དངོས་པོ་ལྷག་མ་རྣམས་ཀྱང་སྟོང་པ་ཡིན་པ་དེའི་ཕྱིར་མི་འདྲ་བ་ཉིད་མེད་དོ། །གལ་ཏེ་དེ་ན་རེ་ཚིག་དེ་ནི་སྟོང་པ་མ ་ཡིན་ལ་དངོས་པོ་ལྷག་མ་ཐམས་ཅད་ནི་སྟོང་པ་ཡིན་ནོ། །ཞེས་འཆད་ན་ནི་དེས་ན་མི་འདྲ་བ་ཉིད་དུ་ཡང་འགྱུར་ན། དེ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་མི་འདྲ་བ་ཉིད་མེད་དོ། །གང་གི་ཕྱིར་ཚིག་དེ་ནི་སྟོང་པ་མ་ཡིན་ལ་དངོས་པོ་ལྷག་མ་ཐམས་ཅད་ནི་སྟོང་པ་ཡིན་ནོ ་ཞེས་མི་འདྲ་བ་ཉིད་མི་སྲིད་པ་དེའི་ཕྱིར་ཁོ་བོས་གཏན་ཚིག་དེས་ན་ཚིག་དེ་ནི་སྟོང་པ་མ་ཡིན་ལ། དངོས་པོ་ཐམས་ཅད་ནི་སྟོང་པ་ཡིན་ནོ། །ཞེས་གཏན་ཚིག་ཀྱི་ཁྱད་པར་བཤད་པར་མི་བྱ་སྟེ། དེ་ལ་ཁྱེད་ཀྱིས་སྨྲས་པ་ཡང་ཉམས་ལ། མི་འདྲ་བ་ཉིད་ཀྱང་ཡིན ་པས་ཁྱོད་ཀྱིས་གཏན་ཚིགས་ཀྱི་ཁྱད་པར་ཡང་བརྗོད་པར་བྱོས་ཤིག་ཅེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །ཡང། དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། ཁྱོད་བློ་སེམས་ན་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། ་ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། སྒྲ་མ་འབྱིན་ཞེས་བྱ་བཞིན་ཞེས། །ཁྱོད་ཀྱི་གང་བརྩམས་དཔེ་འདི་མིན། །ད་ནི་སྒྲ་ཡིས་སྒྲ་བཟློག་པས། །འདི་ནི་དེ་ལྟ་མ་ཡིན་ནོ། །འདི་ན་ངེས་ཀྱི་དཔེ་མ་ཡིན་ཏེ། ཇི་ལྟར་འགའ་ཞིག་ན་ར་སྒྲ་མ ་འབྱིན་ཞེས་དེ་སྐད་ཟེར་བ་ན་སྒྲ་ཉིད་འབྱིན་ཅིང་སྒྲ་བཟློག་པར་བྱེད་པ་ལྟར་ཚིག་སྟོང་པ་དེས་ནི་སྟོང་པ་ཉིད་འགོག་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལ་དཔེ་སྒྲས་སྒྲ་བཟློག་པར་བྱེད་པ་དེ་ལྟར་འདི་ནི་མ་ཡིན་ཏེ། ངེས་ནི་དངོས་པོ་ཐམས ་ཅད་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ་ཞེས་འཆད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཇི་སྟེ་རང་བཞིན་མེད་ལ་བཟློག་།རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཇི་ལྟར ་སྒྲ་མ་འབྱིན་ཅེས་བྱ་བ་ལྟ་བུ་སྒྲས་སྒྲ་བཟློག་པར་བྱེད་པ་དེ་བཞིན་དུ། གལ་ཏེ་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རང་བཞིན་མེད་པ་རྣམས་ལ་བཟློག་པར་བྱེད་ན་ནི་དེས་ན་དཔེ་འཐད་པར་འགྱུར་བ་ཞིག་ན། འདིར་ནི་ཚིག་རང་བཞིན་མེད་པ ་ཉིད་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་འགོག་པར་བྱེད་དོ། །གལ་ཏེ་ཚིག་རང་བཞིན་མེད་པ་ཉིད་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་འགོག་པར་བྱེད་ན་ནི་རང་བཞིན་མེད་པ་ཉིད་བཀག་པ་ཉིད་ཀྱི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྱུར ་ལ། རང་བཞིན་དང་བཅས་པའི་ཕྱིར་སྟོང་པ་མ་ཡིན་པར་འགྱུར་རོ། །ཁོ་བོ་ཅག་ནི་དངོས་པོ་རྣམས་སྟོང་པ་ཉིད་དུ་སྨྲའི། སྟོང་པ་ཉིད་མ་ཡིན་པར་ནི་སྨྲ་བ་མ་ཡིན་པས་དཔེ་འདི་མ་ཡིན་པ་ཉིད་དོ། །ཡང་ན་ཁ་ཅིག་སྤྲུལ་པ་ཡིས། །བུད་མེད་ལ་ནི ་བུད་མེད་སྙམ། །ལོག་འཛིན་འབྱུང་ལ་སྤྲུལ་པ་ཡིས། །འགོག་བྱེད་འདི་ནི་དེ་ལྟ་ཡིན། །ཡང་ན་ཇི་ལྟར་སྐྱེས་བུ་ཁ་ཅིག་སྤྲུལ་པའི་བུད་མེད་རང་བཞིན་གྱི་སྟོང་པ་ཡིན་པ་ལ་དོན་དམ་པར་བུད་མེད་དོ་སྙམ་དུ་ལོག་པར་འཛིན་པར་འགྱུར་རོ།། ་དེའི་ཕྱིར་དེ་ལོག་པར་འཛིན་པ་དེས་འདོད་ཆགས་བསྐྱེད་པ་ལ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་སྤྲུལ་པ་ཞིག་སྤྲུལ་ལ། དེས་དེའི་ལོག་པར་འཛིན་པ་དེ་བཟློག་པར་བྱེད་དོ། །དེ་བཞིན་དུ་ངའི་ཚིག་སྟོང་པ་སྤྲུལ་པ་ལྟ་བུས ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་སྤྲུལ་པའི་བུད་མེད་དང་འདྲ་བ་དག་ལ་རང་བཞིན་ཡོད་པར་འཛིན་པ་གང་ཡིན་པ་བཟློག་པར་བྱེད་དོ། །དེ་བས་ན་འདིར་སྟོང་པ་ཉིད་དུ་རབ་ཏུ་བསྒྲུབ་པ་ལ་དཔེ་འདི་འཐད་པ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ། །ཡང་ན་གང་ཕྱིར ་བསྒྲུབ་བྱ་དང། །གཏན་ཚིགས་འདི་མཚུངས་སྒྲ་ཡོད་མིན། །ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་ཚད་པར་མི་བྱེད་དོ། །བསྒྲུབ་པར་བྱ་བ་དང། སྒྲ་མ་འབྱིན་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བའི་གཏན་ཚིགས་འདི་མཚུངས་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར ་ཞེ་ན། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཉིད་དུ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་སྒྲ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་དང་རང་བཞིན་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་རང་བཞིན་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། འདི་ལ་སྒྲ་ནི་མེད ་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །ཞེས་སྨྲས་པ་གང་ཡིན་པ་བཟློག་པ་ཡིན་ནོ། །གཞན་ཡང་ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་ཤིང་མ་བརྟེན་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་མི་འཆད་དོ། །ཐ་སྙད་ཀྱི་དེན་པ་ཁས་མ་བླངས ་པར་ནི་ཆོས་བསྟན་པར་མི་ནུས་ཏེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་མི་སྟོན་ལ། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་མི་རྟོགས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ ་ཉིད་དུ་གཉི་ག་འཐད་པ་ན་ངའི་ཚིག་བཞིན་དུ་དངོས་པོ་ཐམས་ཅད་སྟོང་པ་ཡིན་ནོ། །ཡང་ཁྱོད་ཀྱིས། འགོག་པའི་འགོག་པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །དེ་ལྟ་ན་ཡང་ཁྱེད་དམ་བཅས། །མཚན་ཉིད་སྐྱོན་ཡོད་ངེད་ལ་མེད། །ཅེས་སྨྲས ་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ནང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅས་མེད་པ་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་དམ་བཅས་པ་འགའ་ཞིག་ཡོད་ན་ནི་དེས་ན་ཁྱོད་ཀྱིས་ཇི་སྐད ་སྨྲས་པ་བཞིན་དུ་ང་ལ་དམ་བཅས་པའི་མཚན་ཉིད་ཁས་བླངས་པ་སྔོན་དུ་སོང་བའི་སྐྱོན་ཡོད་པ་ཞིག་ནང་ལ་ནི་དམ་བཅས་པ་འགའ་ཡང་མེད་དོ། །དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་གཏན་དུ་ཉེ་བར་ཞི་བ་རང་བཞིན་གྱིས་དབེན་པ ་དག་ལ་དམ་བཅས་པའང་ག་ལ་ཡོད། །དམ་བཅས་པའི་མཚན་ཉིད་ཀྱང་ག་ལ་ཡོད། །དམ་བཅས་པའི་མཚན་ཉིད་ལས་བྱུང་བའི་སྐྱོན་ཡང་ག་ལ་ཡོད་དེ། དེ་ལ་ཁྱོད་ལ་དམ་བཅས་པའི་མཚན་ཉིད་ཀྱིས་ཐོབ་པའི་ཕྱིར་ཁྱོད་ཉིད་ལ་སྐྱོན་ཡོད་དོ་ཞེས ་སྨྲས་པ་གང་ཡིན་པ་དེ་ཡང་མེད་དོ། །ཡང་ཁྱོད་ཀྱིས་རེ་ཞིག་དངོས་རྣམས་མངོན་སུམ་གྱིས། །དམིགས་ནས་བཟློག་པར་བྱེད་ཡིན་ན། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན་སུམ་དེ་ནི་མེད་པ་ཡིན། །རྗེས་དཔག་ལུང་དང་དཔེས་གཞལ ་དང། །རྗེས་དཔག་ལུང་གི་བསྒྲུབ་བྱ་དང། །དེ་བས་འགྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་བོ། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། ་བསྒྲུབ་པ་འམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །གལ་ཏེ་ངས་མངོན་སུམ་དང། རྗེས་སུ་དཔག་པ་དང། དཔེས་འཇལ་བ་དང། ལུང་རྣམས་ཀྱིས་སམ། ཚད་མ་བཞི་རྣམས་ལས་གང་ཡང་རུང་བ་ཞིག་གིས་དམིགས་ན་ནི་དེའི་ཕྱིར ་སྒྲུབ་པར་བྱེད་པ་འམ། དོན་བཟློག་པར་བྱ་ན་ངས་དོན་ཇི་ལྟར་ཡང་མ་དམིགས་པས་དེའི་ཕྱིར་བསྒྲུབ་པར་ཡང་མི་བྱ། བཟློག་པར་ཡང་མི་བྱ། དེ་ལྟར་གྱུར་དང་དེ་ལ་ཁྱོད་ཀྱིས་གལ་ཏེ་མངོན་སུམ་ལ་སོགས་པ་རྣམས་ལས་ཚད་མ་གང་ཡང་རུང་བ་ཞིག ་གིས་དངོས་པོ་རྣམས་དམིགས་ནས་བཟློག་པར་བྱེད་པ་ཡིན་ན། ཚད་མ་དེ་དག་ཀྱང་མེད། དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་དོན་ཡང་མེད་པས་ཞེས་ཀླན་ཀ་སྨྲས་པ་གང་ཡིན་པའི་ཀླན་ཀ་དེ་ང་ལ་མི་འབྱུང་ངོ། །འདི་ལྟར་གཞན་ཡང། གལ་ཏེ་ཁྱོད་ཀྱི ་དོན་དེ་རྣམས། ཚད་མ་ཉིད་ཀྱིས་རབ་གྲུབ་ན། །ཁྱོད་ཀྱི་ཚད་མ་དེ་རྣམས་ཀྱང། །ཇི་ལྟར་རབ་ཏུ་འགྲུབ་པར་འགྱུར། །གལ་ཏེ་འཇལ་བར་བྱེད་པ་རྣམས་ཀྱིས་གཞལ་བར་བྱ་བ་དག་བཞིན་དུ་ཁྱོད་ཀྱི་དོན་གཞལ་བྱ་བ་དེ་རྣམས་ཚད་མ་ཉིད་ཀྱིས་རབ་ཏུ་འགྲུབ་པ་ཡིན ་པར་སེམས་ན། འོ་ན་ད་ཚད་མ་རྣམ་པ་བཞི་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང། དཔེས་འཇལ་བ་དང། ལུད་དེ་རྣམས་གང་གིས་རབ་ཏུ་འགྲུབ་གལ་ཏེ་རེ་ཞིག་ཚད་མ་དེ་རྣམས་ནི་ཚད་མ་གཞན་རྣམས་ཀྱིས་ཡོད་པར་འགྲུབ་ལ། དོན་རྣམས་ནི་ཚད ་མས་རབ་ཏུ་འགྲུབ་པ་ཡིན་ནོ་ཞེ་ན། དམ་བཅས་པ་ཉམས་པར་འགྱུར་རོ། །འོ་ན་ད་ཚད་མ་རྣམ་པ་བཞི་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང། དཔེས་འཇལ་བ་དང། ལུང་དེ་རྣམས་གང་གིས་རབ་ཏུ་འགྲུབ་གལ་ཏེ་རེ་ཞི་ཚད་མ་དེ་རྣམས་ནི་ཚད་མ་གཞན་རྣམས་ཀྱིས་ཡོད་པར་འགྲུབ་ལ། དོན་རྣམས་ནི་ཚད ་ཀྱང་ཚད་མ་གཞན་རྣམས་ཀྱིས་འགྲུབ་པར་སེམས་ན། དེ་ལྟར་ན་ཐུག་པ་མེད་པར་འགྱུར་རོ། །དེ་ལ་ཐུག་པ་མེད་པར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལ་འདི་ལྟར་བཤད་པར་བྱ་སྟེ། དེ་ལ་དང་པོ་འགྲུབ་མིན་ན། །བར་མ་མིན་ཞིང་ཐ་མའང་མིན། །ཐུག་པར ་མེད་པར་གྱུར་ན། །དང་པོ་འགྲུབ་པར་མི་འགྱུར་རོ།།ཅིའི་ཕྱིར་ཞེས་ན། ཚད་མ་དེ་རྣམས་ཀྱང་ཚད་མ་གཞན་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ལ། དེ་རྣམས་ཀྱང་གཞན་རྣམས་ཀྱིས་ཡིན་ཞིང། དེ་རྣམས་ཀྱང་གཞན་རྣམས་ཀྱི་ཡིན་པས་འདི་ལ་དང་པོ་མེད ་དོ། །དང་པོ་མེད་པའི་ཕྱིར་བར་མ་ཡང་ག་ལ་ཡོད། ཐ་མ་ཡང་ག་ལ་ཡོད་དེ་དེའི་ཕྱིར་ཚད་མ་དེ་རྣམས་ནི་ཆོད་མ་གཞན་རྣམས་ཀྱིས་རབ་ཏུ་འགྲུབ་བོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་འཐད་དོ། །འོན་ཏེ་ཚད་མ་མེད་པར་ཡང། །དེ་རྣམས་འགྲུབ་ན་སྨྲ་བ་ཉམས ་མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་སྨྲ་བར་གྱིས། །འོ་ན་ཏེ་ཚད་མ་རྣམས་མེད་པར་ཡང་ཚད་མ་དེ་རྣམས་འགྲུབ་པ་ཡིན་ལ་གཞལ་བར་བྱ་བའི་དོན་རྣམས་ནི་ཚད་མ་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ནོ། །སྙམ་དུ་སེམས་ན་དེ་ལྟ་ན་ནི་ཁྱོད ་ཀྱིས་ཚད་མ་རྣམས་ཀྱིས་དོན་རྣམས་འགྲུབ་བོ་ཞེས་སྨྲས་པ་གན་ཡིན་པ་དེས་ཉམས་པར་འགྱུར་ལ་དོན། ཁ་ཅིག་ནི་ཚད་མ་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན། ཁ་ཅིག་ནི་མ་ཡིན་ནོ་ཞེས་མི་འདྲ་བ་ཉིད་དུ་ཡང་འགྱུར་རོ། །དེ་ལྟན་ནི་གཏན་ཚིགས ་གང་གིས་ན་དོན་ཁ་ཅིག་ནི་ཚད་མ་རྣམས་ཀྱིས་རབ་ཏུ་འགྲུབ་པ་ཡིན་ལ། ཁ་ཅིག་ནི་མ་ཡིན་ནོ། །ཞེས་གཏན་ཚིགས་ཀྱི་ཁྱད་པར་ཡང་སྨྲ་བར་བྱ་བ་ཡིན་ན། དེ་ཡང་མ་བསྟན་པས་དེའི་ཕྱིར་རྟོག་པ་ནི་ཡང་འཐད་པ་མ་ཡིན་ནོ། །འདིར་སྨྲས་པ། ཇི་སྐད་དུ། ཇི་ལྟར ་མེ་ཡིས་གཞན་བདག་ཉིད། །གསལ་བྱེད་དེ་བཞིན་རང་ཉིད་ལྟར། །དེ་བཞིན་ཚད་མ་རྣམས་ཀྱང་ནི། །རང་གཞན་བདག་ཉིད་འགྲུབ་ཅེ་ན། ཞེས་བསྟན་པ་ལྟ་བུར་ཚད་མ་རྣམས་ནི་རང་གི་བདག་ཉིད་དང། གཞན་གྱི་བདག་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། ཇི ་ལྟར་མེས་རང་གི་བདག་ཉིད་དང། གཞན་གྱི་བདག་ཉིད་གསལ་བར་བྱེད་པ་དེ་བཞིན་དུ་ཚད་མ་རྣམས་ཀྱང་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། འདིར་བཤད་པ། སྨྲས་པ་དེ་ནི་མི་མཐུན་ཏེ། །མུན ་ཁོང་གི་ནི་རྫ་མ་ལྟར། །དེ་ལ་མི་དམིགས་མ་མཐོང་བས། །མེ་ནི་རང་ལ་གསལ་བྱེད་མིན། །མེ་དང་འདྲ་བར་ཚད་མ་རྣམས། །རང་དང་གཞན་གྱི་བདག་ཉིད་གཉིས། །རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་སྨྲས་པ་དེ་ནི་མི་མཐུན་པ་ཉིད་ཡིན་ཏེ། མེ ་ནི་རང་ལ་གསལ་བར་བྱེད་པ་མ་ཡིན་ཏེ། ཇི་ལྟར་མི་མ་འབར་བའི་ལྔ་རོལ་ན་མུན་ཁུང་ན་བུམ་པ་མི་དམིགས་ལ། མེས་གསལ་བར་བྱས་ནས་ཕྱིས་དམིགས་པ་དེ་བཞིན་དུ། གལ་ཏེ་གསལ་བར་མ་བྱས་པའི་སྔ་རོལ་ཏུ་མི་མུན་ཁུང་ན་ཡོད་ལ། ་ཕྱིས་མེས་གསལ་བར་འགྱུར་ན་ནི་དེའི་ཕྱིར་རང་གི་བདག་ཉིད་གསལ་བར་བྱེད་པ་ཡིན་ན། །དེ་ཡང་དེ་ལྟ་མ་ཡིན་པས་རྟོག་པ་འདི་ཡང་འཐད་པ་མ་ཡིན་ནོ། །འདི་ལྟར་གཞན་ཡང། གལ་ཏེ་ཁྱོད་ཀྱི་ཚིག་གིས་ནི། །མེ་འདི་རང་བདག་གསལ ་བྱེད་ན། །འོ་ན་མེ་ཡིས་གཞན་བཞིན་དུ། །རང་ལ་སྲེག་པའང་བྱེད་པར་འགྱུར། །གལ་ཏེ་ཁྱོད་ཟེར་བ་ཇི་ལྟར་མེ་གཞན་གྱི་རང་བཞིན་གསལ་བར་བྱེད་པ་དེ་བཞིན་དུ་རང་གི་བདག་ཉིད་ལ་ཡང་གསལ་བར་བྱེད་དོ་ཞེ་ན། འོ་ན་ནི་ཇི་ལྟར་གཞན་གྱི་བདག་ཉིད་སྲེག ་པར་བྱེད་པ་དེ་བཞིན་དུ་རང་གི་བདག་ཉིད་ལ་ཡང་སྲེག་པར་འགྱུར་བ་ཞིག་ན། དེ་དེ་ལྟར་ཡང་མ་ཡིན་པས་དེ་ལ་མེ་ནི་གཞན་གྱི་བདག་ཉིད་བཞིན་དུ་རང་གི་བདག་ཉིད་ལ་ཡང་གསལ་བར་བྱེད་དོ། །ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར ་གཞན་ཡང། གལ་ཏེ་ཁྱོད་ཀྱི་ཚིག་གིས་ནི། །མི་ཡིས་རང་གཞན་བདག་གསལ་བྱེད། །མེ་བཞིན་དུ་ནི་མུན་པ་ཡང། །རང་གཞན་བདག་ལ་སྒྲིབ་པར་འགྱུར། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་ནི་མེ་ནི་རང་དང་གཞན་གྱི་བདག་ཉིད་གཉིས་གསལ་བར ་བྱེད་པ་ཡིན་ན། འོ་ན་ནི་ད་གཉེན་པོར་གྱུར་པ་ཡང་རང་དང་གཞན་གྱི་བདག་ཉིད་གཉིས་སྒྲིབ་པར་འགྱུར་བ་ཞིག་ན། དེ་དེ་ལྟར་ཡང་མ་ཡིན་པས་དེ་ལ་མི་ནི་རང་དང་གཞན་གྱི་བདག་ཉིད་གཉིས་གསལ་བར་བྱེད་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་རུང་བ ་མ་ཡིན་ནོ། །འདི་ལྟར་གཞན་ཡང། གསལ་བྱེད་དེ་ནི་མུན་སེལ་ཏེ། །མེ་དང་གང་ན་མ་གནས་པ། །གཞན་ན་འང་མུན་པ་ཡོད་མིན་ན། །ཇི་ལྟར་གསལ་བར་བྱེད་པ་ཡིན། །འདིར་མེ་ལ་ཡང་མུན་པ་མེད་ལ། །གང་ན་མེ་ཡོད་པ་དེ་ན་ཡང་མུན་པ་མེད་དོ།། ་གསལ་བར་བྱེད་པ་ཞེས་བྱ་བ་ནི་མུན་པ་སེལ་བ་ཡིན་པས་དེའི་ཕྱིར་མེ་ལ་ཡང་མུན་པ་མེད་ལ། གང་ན་མེ་ཡོད་པ་དེ་ན་ཡང་མུན་པ་མེད། མེས་གང་ཞིག་སེལ་བས་རང་དང་གཞན་གྱི་བདག་ཉིད་གཉིས་གསལ་བར་བྱེད་བའི་མེས་མུན་པ ་གང་ཞིག་སེལ་བར་བྱེད། འདིར་སྨྲས་པ། འོ་ན་གང་གི་ཕྱིར་མེ་ལ་ཡང་མུན་པ་མེད། མེ་གང་ན་ཡོད་པ་དེ་ན་ཡང་མུན་པ་མེད་པ་ཉིད་ཀྱི་ཕྱིར་མེ་ནི་རང་དང་གཞན་གྱི་བདག་ཉིད་གཉིས་གསལ་བར་བྱེད་པ་མ་ཡིན་ནམ། མེ་འབྱུང་བ་ཉིད་ན་མེ་དེས་མུན་པ་གསལ ་བ་ཡིན་ཏེ། དེ་ལ་ཡང་མུན་པ་དེ་མེད་མེ་གང་ན་ཡོད་པ་དེ་ན་ཡང་མུན་པ་མེད་དེ་དེའི་ཕྱིར་མེ་འབྱུང་བ་ཁོ་ན་རང་གི་བདག་ཉིད་དང། གཞན་གྱི་བདག་ཉིད་གཉི་ག་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། འདིར་སྨྲས་བ། མེ་འབྱུང་བ་ན་གསལ ་བྱེད་པ། །ཡང་དག་མིན་པར་སྨྲ་བ་སྟེ། །མེ་འབྱུང་བ་ན་མུན་པ་དང། །ཕྲད་པ་མེད་པ་ཁོ་ན་ཡིན། །མེ་དེ་ནི་འབྱུང་བ་ཁོ་ན་ན་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་གསལ་བར་བྱེད་དོ། །ཞེས་སྨྲ་བ་དེ་ནི་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ་མེ་འབྱུང་བ་ན་མུན་པ་དང། །ཕྲད་པ་མེད་པ་ཁོ་ན་ཡིན། །མེ་དེ་ནི་འབྱུང་བ་ཁོ་ན་ན་རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་གསལ་བར་བྱེད་དོ་ཞེས་སྨྲ་བ་དེ་ནི་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེ་འབྱུང་བ་ཉིད་ན་མུན་པ་དང་ཕྲད་པ་མེད ་པ་ཡིན་ཏེ། མ་ཕྲད་པའི་ཕྱིར་དེ་སེལ་བར་མི་བྱེད་དོ། །མུན་པ་མ་བསལ་བའི་ཕྱིར་གསལ་བར་ཡང་མི་བྱེད་དོ། །འདི་ལྟར་གཞན་ཡང། ཡང་ན་མེ་དང་མ་ཕྲད་ཀྱང། །མུན་པ་སེལ་བར་བྱེད་ན་ནི། །འདི་ན་ཡོད་པ་གང་ཡིན་པས། །འཇིག་རྟེན་ཁམས ་ཀུན་མུན་སེལ་འགྱུར། །འོན་ཏེ་མེ་ནི་མུན་པ་དང་མ་ཕྲད་པར་ཡང་སེལ་བར་བྱེད་དོ་སྙམ་དུ་སེམས་ན། འོ་ན་ནི་དམ་ཕྲད་པར་འདྲ་བས་འདི་ན་གནས་པའི་མེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་མུན་པ་སེལ་བར་འགྱུར་བ་ཞིག་ན། དེ་ནི ་དེ་ལྟར་ཡང་མ་ཡིན་པས་དེའི་ཕྱིར་མེ་ནི་མུན་པ་དང་མ་ཕྲད་པར་སེལ་བར་བྱེད་པར་འདོད་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང་གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལ་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་འགྲུབ་འགྱུར་འདི། ། ་གཞན་ལ་མི་ལྟོས་རང་འགྲུབ་འགྱུར། །གལ་ཏེ་མེ་བཞིན་དུ་རང་ལས་ཚད་མ་གྲུབ་བོ་སྙམ་དུ་སེམས་ན། གཞལ་བར་བྱ་བའི་དོན་རྣམས་ལ་མ་ལྟོས་པར་ཡང་ཚད་མ་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་ལས་གྲུབ་པ་ནི་གཞན ་ལ་བལྟོས་པ་མ་ཡིན་ནོ། འོ་ན་ཏེ་བལྟོས་ན་ནི་རང་ལས་གྲུབ་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཚད་མ་རྣམས་གཞལ་བར་བྱ་བ་དོན་རྣམས་ལ་མི་བལྟོས་ན་སྐྱོན་ཅིར་འགྱུར་ཞེ་ན། འདིར་བཤད་པ། གལ་ཏེ་གཞལ་བྱ་དོན་རྣམས་ལ། མ་བལྟོས་ཁྱོད་ཀྱིས ་ཚད་མ་འགྲུབ། །ཚད་མ་འདི་རྣམས་ཁོ་ན་ནི། །གང་གི་ཡིན་པར་མུ་འགྱུར་རོ། །གལ་ཏེ་ཚད་མ་རྣམས་གཞལ་བར་བྱ་བ་དོན་རྣམས་ལ་མི་བལྟོས་པར་རབ་ཏུ་འགྲུབ་པ་ཡིན་ནོ། །ཞེ་ན། དེ་ལྟ་ནི་ཁྱོད་ཀྱི་ཚད་མ་འདི་རྣམས་གང་གི་ཕྱིར་ཚད་མ་ཡང་མ ་ཡིན་པའི་སྐྱོན་དེ་ལྟ་བུར་འགྱུར་རོ། །འོན་ཏེ་ཚད་མ་རྣམས་དོན་འགའ་ཞིག་གི་ཡིན་ནོ་ཞེ་ན། དེ་གཞལ་བར་བྱ་བའི་དོན་རྣམས་ལ་མི་བལྟོས་པར་ཚད་མ་རྣམས་སུ་འགྱུར་བ་མ་ཡིན་ནོ། །འོན་ཏེ་བལྟོས་ནས་དེ་རྣམས་འགྲུབ། །འདོད་ན་དེ་ལ་སྐྱོན་ཅིར་འགྱུར ་མ་གྲུབ་གཞན་ལ་མི་བལྟོས་པས། །གྲུབ་པ་སྒྲུབ་པར་བྱེད་པ་ཡིན། །འོན་ཏེ་གསལ་བར་བྱ་བའི་དོན་རྣམས་ལ་བལྟོས་ནས་ཚད་མ་རྣམས་འགྲུབ་པ་ཡིན་པར་འདོད་དོ་ཞེ་ན། དེ་ལྟ་ན་ནི་དོན་མ་གྲུབ་པ་ནི་བལྟོས་པ་མེད་པ་ཡིན་ཏེ། ལྷས་བྱིན་མ་གྲུབ་པ་ནི་དོན་འགའ་ ་ལ་ཡང་བལྟོས་པར་མ་ཡིན་པས་ཁྱེད་ཀྱི་ཚད་མ་གཞི་གྲུབ་པས་སྒྲུབ་པར་བྱེད་པ་ཡིན་ནོ། །གྲུབ་པ་སྒྲུབ་པར་བྱེད་པ་ཡང་འདོད་པ་མ་ཡིན་ཏེ། བྱས་པ་བྱེད་པར་མི་འཐད་པའི་ཕྱིར་རོ། །འདི་ལྟར་གཞན་ཡང། གལ་ཏེ་ཡོད་ཡེ་གཞལ་བྱ་ལས། །བལྟོས་ནས ་ཚད་མ་གྲུབ་ཡིན་ན། །ཚད་མ་རྣམས་ལས་མ་བལྟོས་པར། །གཞལ་བར་བྱ་བ་འགྲུབ་པར་འགྱུར། །གལ་ཏེ་ཚད་མ་རྣམས་ནི་གཞལ་བར་བྱ་བ་རྣམས་ལ་བལྟོས་ནས་སོ་ཞེ་ན། དེ་ཚད་མ་རྣམས་ལ་བལྟོས་ནས་གཞལ་བར་བྱ་བ་འགྲུབ་པར་མི་འགྱུར་རོ། ། ་ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་ནི་སྒྲུབ་པར་བྱེད་པ་སྒྲུབ་པར་མི་བྱེད་ལ། ཚད་མ་རྣམས་ཀྱི་སྒྲུབ་པར་བྱེད་པ་ཡང་གཞལ་བྱ་རྣམས་ཡིན་ཞེས་གྲག་གོ་།འདི་ལྟར་གཞན་ཡང། གལ་ཏེ་ཚད་མ་རྣམས་ལ་ནི། །མ་བལྟོས་པར་ཡང་གཞལ་བྱ་འགྲུབ། །གང་ཕྱིར ་ཁྱོད་ཀྱི་དེ་གྲགས་པ། །ཚད་མ་གྲུབ་པས་ཅི་ཞིག་བྱ། །གལ་ཏེ་ཚད་མ་རྣམས་ལ་མ་བལྟོས་པར་གཞལ་བར་བྱ་བ་རྣམས་འགྲུབ་བོ་སྙམ་དུ་སེམས་ན། ཅིང་ཁྱོད་ཀྱི་ཚད་མ་གྲུབ་པར་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། ཅིའི་ཕྱིར་ཞེ་ན། གང་གི ་དོན་དུ་ཁྱོད་ཀྱི་ཚད་མ་དེ་རྣམས་ཡོངས་སུ་བརྟགས་པའི་གཞལ་བར་བྱ་བའི་དོན་ནི་ཚད་མ་རྣམས་མེད་པར་ཡང་གྲུབ་པ་ཡིན་པས་དེ་ལ་ཁྱོད་ཀྱི་ཚད་མ་རྣམས་ཀྱིས་ཅི་ཞིག་བྱ། ཅི་སྟེ་ཁྱོད་ཀྱི་ཚད་མ་རྣམས། །གཞལ་བྱ་རྣམས་ལ་བལྟོས་ནས་འགྲུབ། །དེ་ལྟ་ཁྱོད ་ཀྱི་ཚད་མ་རྣམས་གཞལ་བྱ་ངེས་པར་བཟློག་པར་འགྱུར། ཅི་སྟེ་སྔར་སྨྲས་པའི་སྐྱོན་དུ་འགྱུར་བ་ན་མི་རུང་ངོ་སྙམ་ནས་ཚད་མ་རྣམས་ནི་གཞལ་བར་བྱ་བའི་དོན་རྣམས་ལ་བལྟོས་པ་ཡིན་ནོ་སྙམ་དུ་སེམས་ན་དེ་ལྟ་ན་ནི་ཁྱོད་ཀྱི་ཚད་མ་དང་གཞལ་བར་བྱ་བ་རྣམས ་བཟློག་པར་འགྱུར་ཏེ། ཁྱོད་ཀྱི་ཚད་མ་རྣམས་ཀྱང་གཞལ་བར་བྱ་བར་འགྱུར་ཏེ། གཞལ་བར་བྱ་བ་རྣམས་ཀྱིས་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །གཞལ་བར་བྱ་བ་དག་ཀྱང་ཚད་མ་རྣམས་སུ་འགྱུར་ཏེ། ཚད་མ་རྣམས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དོན་ཏེ་ཁྱོད ་ཀྱི་ཚད་གྲུབ་པས། གཞལ་བར་བྱ་བ་འགྲུབ་འགྱུར་ལ། །གཞལ་བྱ་གྲུབ་པས་ཚད་གྲུབ་ན། །ཁྱོད་ཀྱི་གཉི་གའང་འགྲུབ་མི་འགྱུར། །འོན་ཏེ་ཚད་མ་གྲུབ་པས་གཞལ་བར་བྱ་བ་འགྲུབ་པར་འགྱུར་ཏེ། ཚད་མ་ལ་བལྟོས་པའི་ཕྱིར་རོ། །གཞལ་བར ་བྱ་བ་འགྲུབ་པས་ཀྱང་ཚད་མ་འགྲུབ་པར་འགྱུར་ཏེ། །གཞལ་བར་བྱ་བ་ལ་བལྟོས་པའི་ཕྱིར་རོ་སྙམ་དུ་སེམས་ན་དེ་ལྟ་ན་ནི་ཁྱོད་ཀྱི་གཉི་ག་ཡང་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཚད་མས་གཞལ་བྱ་འགྲུབ། །གཞལ་བྱ ་དེ་དག་རྣམས་ཀྱིས་ཀྱང། །དེ་དག་སྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་སྐད་སྒྲུབ་པར་འགྱུར། །གལ་ཏེ་ཚད་མ་རྣམས་ཀྱིས་ནི་གཞལ་བར་བྱ་བ་རྣམས་འགྲུབ་པར་བྱེད་ལ། །གཞལ་བར་བྱ་བ་དེ་དག་རྣམས་ཀྱིས་ཀྱང་ཚད་མ་དེ་དག་བསྒྲུབ་པར་བྱ་བ་ཡིན ་ནོ་ཞེ་ན། འོ་ན་གཞལ་བར་བྱ་བ་མ་གྲུབ་པ་རྣམས་ཀྱི་རྒྱུ་རབ་ཏུ་མ་གྲུབ་པའི་ཕྱིར་གཞལ་བར་བྱ་བ་མ་གྲུབ་པ་དག་ཇི་ལྟར་སྒྲུབ་པར་འགྱུར། གལ་ཏེ་གཞལ་བྱས་ཚད་མ་འགྲུབ། །ཚད་མ་དེ་དག་རྣམས་ཀྱིས་ཀྱང། །དེ་དག་སྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟ? ་སྒྲུབ་པར་འགྱུར། །གལ་ཏེ་ཡང་གཞལ་བར་བྱ་བ་རྣམས་འགྲུབ་པར་འགྱུར་ལ། ཚད་མ་དེ་རྣམས་ཀྱིས་ཀྱང་གཞལ་བར་བྱ་བ་དེ་དག་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་ཚད་མ་མ་གྲུབ་རྣམས་ཀྱི་རྒྱུ་རབ་ཏུ་མ་གྲུབ་པའི་ཕྱིར་ཚད་མ་མ་གྲུབ་པ་དག་ཇི ་ལྟར་སྒྲུབ་པར་འགྱུར། གལ་ཏེ་ཕ་ཡིས་བུ་བསྐྱེད་བྱ། །གལ་ཏེ་བུ་དེ་ཉིད་ཀྱིས་ཀྱང། །ཅི་སྟེ་ཕ་དེ་བསྐྱེད་བྱས་ན། །ད་ནི་གང་གིས་གང་བསྐྱེད་སྨྲོས། །ཇི་ལྟར་འགའ་ཞིག་ན་རེ་ཕས་བུ་བསྐྱེད་པར་བྱ་བ་ཡིན་ལ། ཕ་དེ་ཡང་བུ་དེ་ཉིད་ཀྱིས་བསྐྱེད་པར ་བྱ་བ་ཡིན་ནོ་ཞེས་ཟེར་ན། ད་དེ་ན་གང་གིས་གང་བསྐྱེད་པར་སྨོས་ཤིག་ཅེས་བྱ་བ་དེ་བཞིན་དུ་ཁྱོད་ན་རེ་ཚད་མ་རྣམས་ཀྱིས་གཞལ་བར་བྱ་བ་དག་བསྒྲུབ་པར་བྱ་བ་ཡིན་ལ། ཚད་མ་དེ་དག་ཉིད་ཀྱང་གཞལ་བར་བྱ་བ་དེ་གཉིད་ཀྱིས་སྒྲུབ་པར་བྱ ་བ་ཡིན་ནོ། །ཞེས་ཟེར་བ་ད་དེ་ན་ཁྱོད་ཀྱི་གང་དག་གིས་གང་དག་རབ་ཏུ་བསྒྲུབ་པར་བྱ་བ་ཡིན། དེ་དག་གཉི་ག་འང་ཕ་དང་བུའི། །མཚན་ཉིད་འཛིན་པས་དེ་ཡི་ཕྱིར། །དེ་ལ་ཁོ་བོ་ཐེ་ཚོམ་གྱུར། །དེ་ན་ཕ་གང་བུ་གང་སྨོས། །ཕ་དང་བུ་སྔར་བསྟན ་པ་དེ་གཉིས་ལས། དུ་ནི་གང་ཕན་གང་དེ་གཉི་ག་ཡང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཕའི་མཚན་ཉིད་འཛིན་པར་བྱེད་པ་ཡིན་ལ། བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་བུའི་མཚན་ཉིད་འཛིན་པ་ཡིན་པས་འདི་ལ་ཁོ་བོ་ཐེ་ཚོམ་དུ་གྱུར་ན་དེ་ལ་ཕ་ནི་གང་བུ ་ནི་གང་ཞེས་བྱ་བ་དེ་བཞིན་དུ་ཁྱོད་ཀྱི་ཚད་མ་དང་གཞལ་བར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་དེ་ན་ཚད་མ་དག་ནི་གང་ཡིན། གཞལ་བར་བྱ་བ་དག་ནི་གང་ཡིན། །འདི་དག་གཉི་ག་ཡང་རབ་ཏུ་བསྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་དག་ཡིན་ལ། ་བསྒྲུབ་པར་བྱ་བ་དག་ཡིན་པའི་ཕྱིར་གཞལ་བར་བྱ་བ་ཡིན་པས་འདི་ལ་ཁོ་བོ་ཐེ་ཚོམ་དུ་འགྱུར་ན་ཚད་མ་དག་ནི་གང་ཡིན། གཞལ་བར་བྱ་བ་དག་ནི་གང་ཡིན། །ཚད་མ་རྣམས་ནི་རང་ཉིད་ཀྱིས། །འགྲུབ་མིན་ཕན་ཚུན་གྱིས་མིན ་པ་འམ། །ཚད་མ་གཞན་གྱིས་མ་ཡིན་ལ། །གཞལ་བྱས་མ་ཡིན་རྒྱུ་མེད་མིན། །རང་གིས་ཏེ་མངོན་སུམ་ནི་མངོན་སུམ་དེ་ཉིད་ཀྱིས་དང། རྗེས་སུ་དཔག་པ་ནི་རྗེས་སུ་དཔག་པ་དེ་ཉིད་ཀྱིས་དང། ལུང་ནི་ལུང་དེ་ཉིད་ཀྱིས་དང། དཔེས་གཞལ་བ ་ནི་དཔེས་འཇལ་བ་དེ་ཉིད་ཀྱིས་རབ་ཏུ་མི་འགྲུབ་ལ། ཕན་ཚུན་གྱིས་ཏེ། མངོན་སུམ་ནི་རྗེས་སུ་དཔག་པ་དང། དཔེས་འཇལ་བ་དང། ལུང་རྣམས་ཀྱིས་དང། རྗེས་སུ་དཔག་པ་ནི་མངོན་སུམ་དང། དཔེས་འཇལ་བ་དང། ལུང་རྣམས་ཀྱིས ་དང། དཔེས་འཇལ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང། ལུང་རྣམས་ཀྱིས་དང། ལུང་ནི་མངོན་སུམ་དང། རྗེས་སུ་དཔག་པ་དང། དཔེས་འཇལ་བས་ཀྱང་མ་ཡིན་ལ། རང་གི་ཇི་ལྟ་བ་བཞིན་དུ། མངོན་སུམ་དང། རྗེས་སུ་དཔག་པ་དང ་དཔེས་འཇལ་བ་དང། ལུང་རྣམས་ཀྱིས་ནི་མངོན་སུམ་དང། རྗེས་སུ་དཔག་པ་དང། དཔེས་འཇལ་བ་དང། ལུང་གཞན་རྣམས་ཀྱིས་ཀྱང་མ་ཡིན་ལ། གཞལ་བར་བྱ་བ་རང་དང་གཞན་གྱི་ཡུལ་གྱི་བསྡུས་པ་མཛའ་དག་དང། རེ་རེས་ཀྱང་མ ་ཡིན་ལ། རྒྱུ་མེད་པས་ཀྱང་མ་ཡིན་ལ། ཀུན་བསྡུས་པས་ཀྱང་མ་ཡིན་ནའོ། །གཏན་ཚིགས་སྔར་བསྟན་པ་དེ་དག་ནི་ཉི་ཤུ་འམ་སུམ་ཅུ་འམ་བཞི་བཅུ་འམ་སུམ་ཅུ་རྩ་དྲུག་གིས་མི་གྲུབ་ན། དེ་ལ་གང་ཁྱོད་ཀྱིས་གཞལ་བར་བྱ་བའི་དངོས་པོ་རྣམས ་ནི་ཚད་མས་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར་དངོས་པོ་གཞལ་བར་བྱ་བ་དེ་དག་ཀྱང་ཡོད་ལ། ཁྱོད་ཀྱི་ཚད་མ་གང་དག་གིས་དངོས་པོ་གཞལ་བར་བྱ་བ་དག་ཡང་དག་པར་ཁོང་དུ་ཆུད་པའི་ཚད་མ་དེ་དག་ཀྱང་ཡོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ ་མི་རུང་ངོ། །གཞན་ཡང་ཁྱོད་ཀྱིས། སྐྱེ་བ་ཆོས་ཀྱི་གནས་སྐབས་མཁས། །དགེ་བ་དག་གི་ཆོས་རྣམས་ལ། །དགེ་བའི་རང་བཞིན་ཡིན་པར་ནི། །སེམས་ཤིང་ལྷག་མ་རྣམས་དང་ཡང། །ཞེས་སྨྲས་པ་གང་ཡིན་པ་དེ་ལ་བཤད་པར་བྱ་སྟེ། ཆོས་ཀྱི་གནས་སྐབས ་རང་མཁས་པ། །དགེ་བ་ཡི་ནི་ཆོས་རྣམས་ཀྱི། །དགེ་བའི་རང་བཞིན་སྨྲ་བ་གང། །དེ་ལྟར་རབ་ཕྱེ་བརྗོད་བྱ་ཡིན། །ཆོས་ཀྱི་གནས་སྐབས་ལ་མཁས་པ་དག་དགེ་བའི་ཆོས་ཀྱི་དགེ་བའི་རང་གི་ངོ་བོ་སེམས་པ་ན་དེ་ཡང་ཁྱོད་ཀྱི་རབ་ཏུ་ཕྱེ་སྟེ། འདི་ནི་དགེ ་བའི་ངོ་བོ་ཡིན། །འདི་དག་ནི་དགེ་བའི་ཆོས་དེ་དག་ཡིན་ཏེ། །འདི་ནི་དགེ་བ་དེ་རྣམ་པར་ཤེས་པ་ཡིན། འདི་ནི་དགེ་བའི་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན། དེ་བཞིན་དུ་ཐམས་ཅད་ལ་བསྟན་པར་བྱ་བ་ཡིན་ན། དེ་ཡང་མ་བསྟན་པས་དེའི་ཕྱིར་རང ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་རང་གི་ངོ་བོ་བསྟན་ཏོ། །ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། གལ་ཏེ་དགེ་བའི་ཆོས་རྣམས་ཀྱིས། །དགེ་བའི་རང་གི་ངོ་བོ་དེ། །བརྟེན་ནས་སྐྱེན་དེ་ལྟ་ན། །གཞན་དངོས་རང་དོར་ཇི་ལྟར ་འགྱུར། །གལ་ཏེ་དགེ་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ནི་རྒྱུ་དང་རྐྱེན་ཚོགས་པ་ལ་བརྟེན་ནས་སྐྱེའོ་ཞེ་ན། དེ་གཞན་གྱི་དངོས་པོ་ལ་བརྟེན་ནས་སྐྱེས་པ་ཡིན་ན། དགེ་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཇི་ལྟར་འགྱུར། མི་དགེ་བ་ལ་སོགས་པ་དག་ལ ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་གང་གི་ཕྱིར་དགེ་བའི་ཆོས་རྣམས་ཀྱི་དགེ་བའི་རང་གི་ངོ་བོ་ཡང་བསྟན་ལ། དེ་བཞིན་དུ་མི་དགེ་བ་ལ་སོགས་པ་དག་ནི་ཡང་མི་དགེ་བ་ལ་སོགས་པའི་རང་བཟིན་ཡང་བསྟན་པ་ཡིན་ནོ། །ཞེས་སྨྲས་པ་གང་ཡིན ་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། འོན་ཏེ་དགེ་བའི་ཆོས་རྣམས་ཀྱི། །རང་གི་ངོ་བོ་དེ་འགའ་ལ་འང། །མ་བརྟེན་སྐྱེ་ན་དེ་ལྟ་ན། །ཚངས་པར་སྤྱོད་ལ་གནས་མི་འགྱུར། །འོན་ཏེ་དགེ་བའི་ཆོས་རྣམས་ཀྱི་དགེ་བའི་རང་གི་ངོ་བོ་ནི་དགའ་ལ་འང ་མ་བརྟེན་པར་སྐྱེ་ལ། མི་དགེ་བ་ལ་སོགས་པ་དག་གི་ཡང་དེ་ལྟ་བུ་ཡིན་ནོ། །སྙམ་དུ་སེམས་ན། དེ་ལྟ་ན་ནི་ཚངས་པར་སྤྱོད་པ་ལ་གནས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་ཡིན་ན་རྟེན་ཅིང་འབྲེལ་བར་འབྱུང་བ་བཏང་བ་ཡིན་ནོ ་རྟེན་ཅིང་འབྲེལ་བར་འབྱུང་བ་བཏང་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་བཏང་བ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་པ་མ་ཡིན་པ་ནི་མཐོང་བ་སྟེ། དམིགས་པར་འཐད་བ་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ ་མེད་ན་ཆོས་མཐོང་བ་མེད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་དགེ་སློང་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ། །ཞེས་གསུངས་སོ། །ཆོས་མཐོང་བ་མེད་པའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་མེད་པ་ཡིན་ནོ། །ཡང ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་བཏང་བས་སྡུག་བསྔལ་ཀུན་འབྱུང་བ་བཏང་བ་ཡིན་དེ། སྡུག་བསྔལ་ཀུན་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་སོ། སྡུག་བསྔལ་ཀུན་འབྱུང་བ་བཏང་བས་སྡུག་བསྔལ་བཏང་བ་ཡིན་ཏེ། ཀུན་འབྱུང་བ་མེད་ན་གང ་ལས་སྡུག་བསྔལ་ཀུན་འབྱུང་བར་འགྱུར། སྡུག་བསྔལ་བཏང་བའི་ཕྱིར་དང། ཀུན་འབྱུང་བ་བཏང་བའི་ཕྱིར། །སྡུག་བསྔལ་འགོག་པ་བཏང་བ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་མེད་ན་གང་ཞིག་སྤངས་པས་འགོག་པར ་འགྱུར་པས་སོ། །སྡུག་བསྔལ་འགོག་པ་མེད་ན་གང་ཞིག་ཐོབ་པར་བྱ་བའི་ཕྱིར་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་དུ་འགྱུར། དེས་ན་འཕགས་པའི་བདེན་པ་བཞི་དག་མེད་པར་འགྱུར་ཏེ། དེ་མེད་པའི་ཕྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་མེད ་པར་འགྱུར་ཏེ། བདེན་པ་མཐོང་བ་ལས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམས་ཡང་དག་པར་ཐོབ་པས་སོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམས་མེད་པས་ཚངས་པར་སྤྱོད་པ་ལ། གནས་པར་མི་འགྱུར་རོ། །འདི་ལྟར་གཞན་ཡང། རྒྱུ་མི་ལྡན ་པ་རྟག་པའི་ཕྱིར། །ཆོས་རྣམས་ཐམས་ཅད་རྟག་པར་འགྱུར། །ཆོས་སམ་ཆོས་མ་ཡིན་མེད་ཅིང། །འཇིག་རྟེན་པ་ཡི་ཐ་སྙད་མེད། །དེ་ལྟ་ཡིན་ན་རྟེན་ཅིང་འབྲེལ་བར་འབྱུང་བ་གཏོང་བ་ཁྱོད་ལ་སྐྱོན་དུ་འགྱུར་ཞེ་ན། ཆོས་མེད་པ་དང། ཆོས་མ་ཡིན་པ་མེད་པ་དང ་འཇིག་རྟེན་པ་ཡི་ཐ་སྙད་རྣམས་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མེད་ན་གང་ལས་འབྱུང་བར་འགྱུར། གཞན་ཡང་རང་གི་ངོ་བོ་དང་བཅས་པ་དང། རྟེན་ཅིང ་འབྲེལ་བར་འབྱུང་བ་མ་ཡིན་པ་དང། རྒྱུ་མེད་པ་ལས་བྱུང་བ་དང་རྟག་པར་འགྱུར་ཏེ། རྒྱུ་མེད་པ་རྣམས་ནི་རྟག་པ་ཉིད་ཡིན་པའི་ཕྱིར་དང། དེ་ལ་ཚངས་པར་སྤྱོད་པ་གནས་པ་མ་ཡིན་པ་དེ་ཉིད་དུ་འགྱུར་རོ། །གྲུབ་པའི་མཛའ་དང་ཡང་འགལ་ཏེ། ཅིའི་ཕྱིར ་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཞེས་བཤད་པ་ཡིན་ནོ། །དེ་དག་ནི་རང་གི་ངོ་བོ་ཉིད་དང་བཅས་པའི་རྟག་པ་ཉིད་ཀྱིས་རྟག་པ་ཡིན་ནོ། །མི་དགེ་བ་དང་ལུང་མ་བསྟན། །ངེས་འབྱིན་སོགས་ལའང་སྐྱོན་དེ་བཞིན། །དེ ་བས་ཁྱོད་ཀྱི་འདུས་བྱས་ཀུན། །འདུས་མ་བྱས་པ་ཉིད་དུ་འགྱུར། །དེ་དགེ་བའི་ཆོས་རྣམས་ལ་རྟག་པ་དེ་བསྟན་པ་གང་ཡིན་པ་དེ་ཉིད་མི་དགེ་བ་རྣམས་དང། ལུང་དུ་མ་བསྟན་པ་རྣམ་ལ་ཡང་ཡོད། །དེ་ཉིད་ངེས་པར་འབྱིན་པ་ལ་སོགས་པ་ལ་ཡང ་ཡོད་དོ། །དེ་བས་ན་ཁྱོད་ཀྱི་འདུས་བྱས་འདི་ཐམས་ཅད་འདུས་མ་བྱས་སུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་མེད་ན་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་པའི་ཕྱིར། དེ་མེད་ན་འདུས་བྱས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཐམས་ཅད་འདུས་མ་བྱས་སུ་འགྱུར ་རོ། །དེ་ལ་དགེ་བ་ལ་སོགས་པ་དག་གི་དངོས་པོ་དག་གི་རང་གི་ངོ་བོ་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །གཞན་ཡང་ཁྱོད་ཀྱིས། གལ་ཏེ་ཆོས་ཀྱི་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བའི ་མིང། །དེ་ཡང་དེ་བཞིན་མེད་འགྱུར་ཏེ། །གཞི་མེད་མིང་ནི་མེད་བས་སོ། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། གང་ཞིག་རང་བཞིན་བཅས་པ་ཞེས། །མིང་ནི་ཡོད་པར་སྨྲ་བ་ལ། །དེ་ལྟར་མིང་གིས་ལན་བཏབ་ཀྱིས ་ང་ནི་མིང་ཡོད་མི་སྨྲའོ། །གང་ཞིག་མིང་འདིར་རང་བཞིན་དང་བཅས་པ་ཡིན་ནོ། །ཞེས་མིང་ཡོད་པར་སྨྲ་བ་དེ་ལ་ཁྱོད་ཀྱིས་ལན་གདབ་པར་བྱ་བ་ཡིན་གྱི། གལ་ཏེ་མིང་ཅན་གྱི་རང་བཞིན་དེ་མེད་ན། དེའི་ཕྱིར་མིང་དེ་ཡང་རང་བཞིན་ཡོད་པ་མ་ཡིན ་པར་བྱ་དགོས་ཏེ། ཡོད་པ་མ་ཡིན་པ་ལ་ནི་མིང་གི་རང་བཞིན་ཡོད་པར་མི་འགྱུར་བས་ངེད་ཅག་ཡང་མིང་གི་རང་བཞིན་ཡོད་པར་མི་སྨྲའོ། །དེ་བས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡང་མེད་པའི་ཕྱིར་མིང་གི་རང་བཞིན་ཡང་མེད་པ་ཡིན་ནོ། །དེའི ་ཕྱིར་སྟོང་པ་ཡིན་ནོ། །སྟོང་པ་ཉིད་ཡིན་པའི་ཕྱིར་ཡོད་པ་མ་ཡིན་པས་དེ་ལ་ཁྱོད་ཀྱིས་མིང་ཡོད་པའི་ཕྱིར་རང་གི་ངོ་བོ་ཡོད་དོ། །ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ། །འདི་ལྟར་གཞན་ཡང། མེད་ལ་མིང་མེད་ཅེས་གང་འདི། །ཅི་དེ་ཡོད་པའམ ་མེད་པ་ཡིན། གལ་ཏེ་ཡོད་པའམ་མེད་པ་ཡིན། །ཁྱོད་ཀྱིས་སྨྲས་པ་གཉི་གའང་ཉམས། །མེད་པ་ལ་མིང་མེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ཅི་མིང་མེད་པ་དེ་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཡིན། གལ་ཏེ་མིང་དེ་ཡོད་པ་ཞིག་གི་ཡིན་ནམ། གལ་ཏེ ་མེད་པ་ཞིག་གི་ཡིན་ན་དམ་བཅས་པ་གཉི་ག་ཡང་ཉམས་པར་འགྱུར་ཏེ། དེ་ལ་གལ་ཏེ་རེ་ཞིག་མིང་མེད་པ་ཞེས་བྱ་བ་ཡོད་པའི་ཡིན་ནོ་ཞེ་ན། མིང་མེད་དོ་ཞེས་དམ་བཅས་པ་ཉམས་པར་འགྱུར་ཏེ། ད་ནི་མེད་པ་མ་ཡིན་ཏེ། ད་ནི་དེ་ཡོད་པས་སོ་ཅི་སྟེ་མིང ་མེད་པ་ཞེས་བྱ་བ་མེད་པའི་ཡིན་ནོ། །ཞེ་ན། མེད་པ་ལ་ནི་མིང་མེད་དོ། །དེ་བས་ན་མིང་གི་རང་བཞིན་ཡོད་དོ། །ཞེས་ཁྱོད་ཀྱིས་དམ་བཅས་པ་གང་ཡིན་པ་དེ་ཉམས་པ་ཡིན་ནོ། །འདི་ལྟར། གཞན་ཡང། དངོས་པོ་དག་ནི་ཐམས་ཅད་ཀྱིས། ། ་སྟོང་བ་ཉིད་ནི་སྔར་བསྟན་པས། །དེ་ཕྱིར་དམ་བཅས་མེད་པར་ཡང། །ཀླན་ཀ་གང་ཡིན་དེ་ཚོལ་བྱེད། །འདིར་ངེད་ཅག་གིས་སྔར་དངོས་པོ་ཐམས་ཅད་ཀྱི་སྟོང་པ་ཉིད་རྒྱ་ཆེར་བསྟན་པས་དེར་མིང་ཡང་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་དམ་བཅས་པ་མེད་པར ་ཡང་ཁྱོད་ཀླན་ཀ་འདི་ཚོལ་བར་བྱེད་ཀྱི། །ངེད་མིང་ཡོད་དོ་ཞེས་མི་སྨྲའོ། །གཞན་ཡང་ཁྱོད་ཀྱིས། །འོན་ཏེ་འདི་ལྟར་རང་བཞིན་ཡོད། །དེ་ནི་ཆོས་ལ་མེད་ཅེ་ན། །ཆོས་རྣམས་མེད་པར་རང་བཞིན་ཏེ། །གང་གི་ཡིན་པར་དེ་བསྟན་རིགས། །ཞེས་སྨྲས་བ་གང ་ཡིན་པ་འདི་ལ་བཤད་པར་བྱ་སྟེ། །འོན་ཏེ་རང་བཞིན་ཞིག་ཡོད་ལ། །དེ་ནི་ཆོས་ལ་མེད་དེ་ཞེས། །དོགས་པ་བསུ་བ་སྨྲ་བ་འདི། །དོགས་པ་གང་ཡིན་དེ་མེད་དོ། །དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཡང་འགོག་པར་མི་བྱེད་ལ། ཆོས་ལ་མ་གཏོགས་པ་དོན་འགའ་ ་ཞིག་གི་རང་བཞིན་ཡིན་པར་ཡང་ཁས་མི་ལེན་ནོ། །དེ་ལྷ་ཡིན་ན་འོན་ཏེ་ཆོས་རྣམས་རང་བཞིན་མེད་པ་ཡིན་ན། རང་བཞིན་ཏེ་ཆོས་ལ་མ་གཏོགས་པ་དོན་གཞན་གང་ཞིག་གི་ཡིན་པ་དེ་བསྟན་པའི་རིགས་སོ་ཞེས་བྱ་བའི་ཁྱོད་ཀྱི་ཀླན་ཀ་དེ་ཐག་བསྲིངས་པ ་ཡིན་པས་ཀླ་ན་ཀར་མི་འགྱུར་བ་མ་ཡིན་ནམ། གཞན་ཡང་ཁྱོད་ཀྱིས། གང་ཕྱིར་ཁྱིམ་ན་བུམ་པ་དེ། །མེད་ཅེས་ཡོད་པ་ཉིད་ལ་འགོག་།མཐོང་སྟེ་དེ་ཕྱིར་ཁྱོད་ཀྱིས་ནི། །ཡོད་པའི་རང་བཞིན་འགོག་པ་ཡིན། ཞེས་སྨྲས་པ་གན་ཡིན་པ་འདི་ལ་བཤད ་པར་བྱ་སྟེ། གལ་ཏེ་ཡོད་ལ་འགོག་ཡིན་ན། །འོ་ན་སྟོང་ཉིད་རབ་འགྲུབ་སྟེ། །དངོས་པོ་རྣམས་རང་བཞིན་མེད་ཉིད་ལ། །ཁྱོད་ནི་འགོག་པར་བྱེད་པས་སོ། །གལ་ཏེ་ཡོད་པ་ཁོ་ན་ལ་འགོག་བར་བྱེད་པ་ཡིན་གྱི། མེད་པ་ལ་ནི་མ་ཡིན་ནོ། །ཁྱེད་ཀྱང་དངོས་པོ ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་འགོག་བར་བྱེད་པ་ཡིན་པས་འོ་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་རབ་ཏུ་གྲུབ་པ་མ་ཡིན་ནམ། ཁྱོད་ཀྱི་བསྟན་ཚིགས་འགོག་པར་བྱེད་པ་ཡོད་པའི་ཕྱིར་དང། དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད ་བགག་པའི་ཕྱིར་སྟོང་པ་ཉིད་རབ་ཏུ་གྲུབ་པ་ཡིན་ནོ། །སྟོང་ཉིད་གང་ལ་ཁྱོད་འགོག་པའི། །སྟོང་ཉིད་དེ་ཡང་མེད་ཡིན་ན། །འོ་ན་ཡོད་ལ་འགོག་ཡིན་ཞེས། །སྨྲས་པ་དེ་ཉམས་མ་ཡིན་ནམ། །ཅེ་སྟེ་ཁྱོད་དངོས་པོ་ཐམས་ཅད་ཀྱི་རང ་བཞིན་མེད་པ་ཉིད་དེ་སྟོང་པ་ཉིད་འགོག་པར་བྱེད་པ་སྟོང་པ་དེ་ཡང་མེད་པ་ཡིན་ན་འོ་ན་ཡོད་པ་ལ་འགོག་པར་བྱེད་ཀྱི་མེད་པ་ལ་ནི་མ་ཡིན་ནོ། །ཞེས་ཁྱོད་ཀྱིས་དམ་བཅས་པ་གང་ཡིན་པ་དེ་ཉམས་པ་ཡིན་ནོ། །འདི་ལྟར་གཞན་ཡང། །དགག་བྱ ་ཅི་ཡང་མེད་པས་ན། །ད་ནི་ཅི་ཡང་མི་འགོག་གོ་།དེའི་ཕྱིར་འགོག་པར་བྱེད་དོ་ཞེས། །བཀུར་བ་དེ་ནི་ཁྱོད་ཀྱིས་བཏབ། །གལ་ཏེ་ངས་ཅི་ཞིག་འགོག་པར་བྱེད་ན་ནི་དེའི་ཕྱིར་ཁྱོད་ཀྱིས་དེ་དག་ཀྱང་སྨྲ་བའི་རིགས་ན་གང་གི་ཕྱིར་དགག་པར་བྱ ་བ་ཅི་ཡང་མེད་པས་ང་ནི་ཅུང་ཟད་ཀྱང་འགོག་པ་མི་བྱེད་དོ། །དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཡིན་ཏེ། །དགག་པར་བྱ་བ་དང། འགོག་པར་བྱེད་པ་ཡོད་པ་མ་ཡིན་པ་ལས་འགོག་པར་བྱེད་དོ་ཞེས་ཁྱོད་ཀྱིས་བཀུར་བ་ཐོག་ཏུ་མ་བབ་པ ་དེ་བཏབ་བོ། །གཞན་ཡང་ཁྱོད་ཀྱིས། ཅི་སྟེ་རང་བཞིན་དེ་མེད་ན། །ཁྱོད་ཀྱི་ཚིག་དེས་ཅི་ཞིག་དགག་།མེད་པ་ཡིན་ན་ཚིག་མེད་པར། །འགོག་པ་རབ་ཏུ་འགྲུབ་པ་ཡིན། །ཞེས་སྨྲས་པ་གང་ཡིན་པ་དེ་འདི་ལ་བཤད་པར་བྱ་སྟེ། ཚིག ་མེད་པར་ཡང་མེད་པ་ཡི། །འགོག་པ་འགྲུབ་པར་འགྱུར་ཞེས་པ། །དེ་ལ་ཚིག?་ནི་མེད་ཅེས་བར། །གོ་བར་བྱེད་ཀྱི་སྐྱེ་སེལ་མིན། །ཁྱོད་ཀྱི་ཚིག་དག་མེད་པར་ཡང་སྟེ། །ཚུག་མ་གཏོགས་པར་ཡང་མེད་པའི་འགོག་པ་འགྲུབ་ན། །དེ་ལ་ཅི་དངོས་པོ ་ཐམས་ཅད་རང་བཞིན་མེད་པ་ཡིན་ན་ཞེས་སྨྲས་པའི་ཁྱོད་ཀྱི་ཚིག་དེས་ཅི་ཞིག་བྱེད་ཅེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། །དངོས་པོ་ཐམས་ཅད་རང་བཞིན་མེད་པའོ་ཞེས་བྱ་བའི་ཚིག་འདི་ནི་དངོས་པོ་རྣམས་རང་བཞིན་མེད ་པ་ཉིད་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་རང་བཞིན་མེད་པ་ལ་དངོས་པོ་རྣམས་རང་བཞིན་མེད་པའོ། །ཞེས་གོ་བར་བྱེད་པ་ཡིན་ནོ། །དཔེར་ན་འགའ་ཞིག་ན་རེ་ལྷས་བྱིན་ཁྱིམ་ན་མེད་བཞིན་དུ་ལྷས་སྦྱིན་ཁྱིམ་ན་ཡོད་དོ་ཞེས་ཟེར་བ་དང། དེ་ནི་དེ་ལ་ཁ་ཅིག་ན་རེ་མེད ་དོ་ཞེས་ཟེར་བ་ན། ཚིག་དེས་ལྷས་བྱིན་མེད་པར་མི་བྱེད་ཀྱི་ལྷས་བྱིན་ཁྱིམ་ན་མི་སྲིད་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་དངོས་པོ་རྣམས་ཀྱི་རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེ་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་དུ་བྱེད་པ་མ ་ཡིན་གྱི། འོན་ཀྱང་དངོས་པོ་ཐམས་ཅད་རང་བཞིན་མེད་པ་སྒྱུ་མའི་སྐྱེས་བུ་དང་འདྲ་བར་སྐྱེས་བུ་ཡང་དག་པའི་ངོ་བོ་དང་བྲལ་བ་རྣམས་ལ་རྨོངས་པའི་ཕྱིར་བྱིས་པའི་སྐྱེ་བོ་མ་རིག་པས་རྨོངས་པ་རྣམས་ཀྱི་རང་བཞིན་དང་བཅས་པ་ཉིད་དུ་སྒྲོ་བཏགས་པ་རྣམས་ལ ་རང་བཞིན་ཡོད་པ་མ་ཡིན་པར་གོ་བར་བྱེད་པ་ཡིན་པས་དེ་ལ་རང་བཞིན་ཡོད་པ་མ་ཡིན་ན་ཚིག་མེད་པར་ཡང་ཚིག་མ་གཏོགས་པར་ཡང་རང་བཞིན་ཡོད་པ་མ་ཡིན་པར་རབ་ཏུ་གྲུབ་པ་ཡིན་ནོ། །རང་བཞིན་མེད་དོ་ཞེས་བྱ་བའི་ཚིག་དེས་ཅི་ཞིག་བྱེད་ཅེས་ཁྱོད ་ཀྱིས་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ནོ། །གཞན་ཡང། བྱིས་པ་རྣམས་ནི་སྨིག་རྒྱུ་ལ། །ཇི་ལྟར་ལོག་པར་ཆུར་འཛིན་ལྟར། །དེ་བཞིན་ཁྱོད་ཀྱིས་ལོག་པར་འཛིན། །ཡོད་པ་ཡིན་ལ་དགག་པར་བྱ། །ཞེས་བཤད་པ་ལ་སོགས་པ་ཡང་ཁྱོད་ཀྱིས ་ཚིགས་སུ་བཅད་པ་བཞི་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ། སྨིག་རྒྱུའི་དཔེ་ལ་ཁྱོད་ཀྱིས་ཀྱང། །འགྲོ་བ་ཆེན་པོ་སྨྲས་པ་གང། །དེར་ཡང་ཅི་ནས་དཔེ་དེ་འཐད། །གཏན་ལ་དབབ་པ་མཉན་པར་གྱིས། །ཁྱོད་ཀྱིས་སྨིག་རྒྱུའི་དཔེ་དེ་ལ་འགྲོ་བ ་ཆེན་པོ་སྨྲས་པ་གང་ཡིན་པ་དེར་ཡང་དཔེ་དེ་ཅི་ནས་ཀྱང་འཐད་པ་གཏན་ལ་དབབ་པ་གང་ཡིན་པ་དེ་ཉོན་ཅིག་།གལ་ཏེ་འཛིན་དེ་རང་བཞིན་ཡོད། །བརྟེན་ནས་འབྱུང་བར་མི་འགྱུར་རོ། །འཛིན་པ་གང་ཞིག་བརྟེན་ནས་འབྱུང། །དེ་ཉིད་སྟོང་ཉིད་མ་ཡིན་ནམ།། ་གལ་ཏེ་སྨིག་རྒྱུ་ལ་ཆུའོ་སྙམ་དུ་འཛིན་པ་རང་བཞིན་གྱིས་ཡོད་པ་ཞིག་ཡིན་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་སྨིག་རྒྱུ་ལ་ཡང་བརྟེན། ཕྱིན་ཅི་ལོག་གི་ལྟ་བ་དང། ཚུལ་བཞིན་མ་ཡིན་བའི ་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས་བྱུང་བ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །གང་གི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེའི་ཕྱིར་རང་བཞིན་སྟོང་པ་ཡིན་ཏེ། སྔར་ཇི་སྐད་བསྟན་པ་དེ་འདྲའོ། །འདི་ལྟར་གཞན་ཡང། གལ་ཏེ ་འཛིན་པ་རང་བཞིན་ཡོད། །འཛིན་པ་དེ་ལ་སུ་ཞིག་བཟློག་།ལྷག་མ་རྣམས་ལའང་ཚུལ་དེ་ཡིན། །དེ་ཕྱིར་ཀླན་ཀ་དེ་མེད་དོ། །གལ་ཏེ་སྨིག་རྒྱུ་ལ་ཆུར་འཛིན་པ་འདི་རང་བཞིན་གྱིས་ཡོད་པ་ཞིག་ཡིན་ན། དེ་ལ་སུས་ཀྱང་ཟློག་པར་མི་འགྱུར་ཏེ། ་ཇི་ལྟར་མེའི་ཚ་བ་ཉིད་དང། །ཆུའི་བཤེར་བ་ཉིད་དང། །ནམ་མཁའ་མི་བསྒྲིབ་པ་ཉིད་བཞིན་དུ་རང་བཞིན་ནི་བཟློག་བར་མི་ནུས་པ་ཡིན་ན་དེ་ནི་བཟློག་པར་ཡང་མཐོང་ངོ?། །དེའི་ཕྱིར་འཛིན་པ་དེ་རང་བཞིན་གྱིས་མེད་པ་ཡིན་ནོ། །འདི་ཇི་ལྟ་བ ་བཞིན་ན་བཟུང་བ་ལ་སོགས་པ་ཆོས་ལྷག་མ་ལྔ་པོ་རྣམས་ལ་ཡང་ཚུལ་དེ་ལྟ་བུར་རྟོག་པར་བྱ་བ་ཡིན་པས་དེ་དྲུག་ཚན་ཡོད་པའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་མི་རུང་ངོ། །གཞན་ཡང་ཁྱོད་ལ་གཏན་ཚིགS ་མ་གྲུབ་སྟེ། རང་བཞིན་མེད་ཕྱིར་ཁྱོད་གཏན་ཚིགས། གལ་ཡོད་དེ་ཁྱོད་དོན་དེ། གཏན་ཚིགས་མེད་པར་འགྲུབ་མི་འཐད། ཅེས་བྱ་བ་འདིར་བཤད་པར་བྱ་སྟེ། །འདི་ལ་སྔ་མས་གཏན་ཚིགས་མེད། །ལན་བཏབ་བསྒྲུབ་བྱར་མཚུངས་ཕྱིར་རོ། ་སྔ་མ་སྨིག་རྒྱུའི་དཔེས་བཟློག་པ། བསྒྲུབ་ཚེ་སྨྲས་པ་གང་ཡིན་པའོ། །ད་ལྟར་གྱི་འགྲོ་བ་འདི་དག་དང་སྡང་བསྟན་པས་གཏན་ཚིགས་མེད་པའི་ཡང་ལན་བཏབ་པར་རིག་པར་བྱ་སྟེ། སྔར་གཏན་ཚིགས་བསྟན་པ་དྲུག་ཚན་འགོག་པར་བྱེད་པའི་འགྲོ་བ ་གང་ཡིན་པ་དེ་ཉིད་འདིར་ཡང་འགྲོ་བར་བྱ་བ་ཡིན་ནོ། །གཞན་ཡང། འདི་ལྟར་རང་བཞིན་ཡོད་མིན་ན། །གལ་ཏེ་འགོག་ལྔ་དགག་འཕྱི་ཞེས། །ཟེར་ན་འཐད་པ་མ་ཡིན་ན། །འཕྱི་དང་ཅིག་ཅར་མི་འཐད་དོ། །ཞེས་སྨྲས་པ་གང་ཡིན་པ་འདི་ལ་བཤད་པར་བྱ་སྟེ་།དུས ་གསུམ་གཏན་ཚིགས་གང་ཡོད་སྔར། །ལན་བཏབ་དེ་དང་མཚུངས་ཕྱིར་རོ། །དུས་གསུམ་ཕྱེད་ཀྱིས་གཏན་ཚིགས་ནི། །སྟོང་ཉིད་སྨྲ་བ་རྣམས་ལ་རུང། །གཏན་ཚིགས་དུས་གསུམ་འགོག་པར་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ལན་བཏབ་ཟིན་ཏེ། གང་གི་ཕྱིར ་བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །འདི་ལྟར་ཁྱོད་ཀྱི་ཚིག་གིས་འགོག་པ་དུས་གསུམ་དུ་ཡང་མི་འཐད་པར་འགྱུར་བའི་འགོག་པ་བཞིན་དུ་དགག་པར་བྱ་བ་ཡང་དེ་ཡིན་ནོ། །དེའི་ཕྱིར་འགོག་པ་དང་དགག་པར་བྱ་བ་མེད་ན་འགོག་པ་བཀག་གོ་སྙམ ་དུ་ཁྱོད་སེམས་པ་གང་ཡིན་པ་དེ་མི་རུང་ངོ། །འགོག་པ་དུས་གསུམ་ལ་ཞེས་བྱ་བའི་གཏན་ཚིགས་དུས་གསུམ་འགོག་པར་བྱེད་བ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ནི་དངོས་པོ་ཐམས་ཅད་འགོག་པར་བྱེད་པ་ཞེས་བྱ་བ་གང་ཡིན་པའི་ཕྱིར་སྟོད་པ་ཉིད་སྨྲ་བ ་རྣམས་ལ་ཡོད་པ་ཉིད་ཡིན་གྱི། ཁྱེད་ལ་ནི་མེད་དོ། །ཡང་ན་འདི་ཇི་ལྟར་ལན་བཏབ་པ་ཡིན་ཞེ་ན། དགག་བྱ་ཅི་ཡང་མེད་པས་ན། །ད་ནི་ཅི་ཡང་མི་འགོག་གོ་།དེ་ཕྱིར་འགོག་པར་བྱེད་དོ་ཞེས། སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་ལན་བཏབ་པ་ཡིན་ནོ། །འོན ་ཏེ་དུས་གསུམ་ཆར་དུ་ཡང་འགོག་པ་གྲུབ་པ་ཡིན་ཏེ། སྔོན་གྱི་དུས་ཀྱི་རྒྱུ་དང། ཕྱི་མའི་དུས་ཀྱི་རྒྱུ་དང། ཅིག་ཅར་གྱི་དུས་ཀྱི་རྒྱུ་ཡང་མཐོང་བས་སོ། །དེ་ལ་སྔོན་གྱི་དུས་ཀྱི་རྒྱུ་ནི་ཇི་ལྟར་བུའི་ཕ་བཞིན་ནོ། །ཕྱི་མའི་དུས་ནི་ཇི་ལྟར་སློབ་དཔོན་གྱི་སློབ་མ་བཞིན་ནོ། །ཅིག་ཅར ་གྱི་དུས་ཀྱི་ནི་ཇི་ལྟར་སྣང་བའི་སྒྲོན་མ་བཞིན་ནོ་སྙམ་དུ་སེམས་ན་དེ་ནི་དེ་ལྟ་མ་ཡིན་པར་ཚུལ་འདི་ལ་སྐྱོན་སྔར་བསྟན་ཟིན་ནོ། །གཞན་ཡང་གལ་ཏེ་དེ་ལ་ཡིན་ན་དགག་པ་སྲིད་པར་ཁྱོད་ཀྱིས་ཁས་བླངས་ལ། །དེ་ནི་མ་གྲུབ་པས་ཁྱོད་ཀྱིས་དམ་བཅས་པ་ཡང་ཉམས་པ་ཡིན་ནོ། ་ཚུལ་འདིས་རང་བཞིན་འགོག་པ་ཡང་གྲུབ་པ་ཡིན་ནོ། །གང་ལ་སྟོང་པ་ཉིད་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅི་ཡང་མི་སྲིད་དོ། །གང་ལ་སྟོང་ཉིད་འདི་སྲིད་པ་དེ་ལ་འཇིག་རྟེན་པ་དང། འཇིག་རྟེན ་ལས་འདས་པའི་དོན་ཐམས་ཅད་སྲིད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་སྟོང་པ་ཉིད་སྲིད་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང། འཕགས་པའི་བདེན་པ་བཞི་དང། དགེ་སྦྱོང་གི་འབྲས་བུ་དང། ཁྱད་པར་དུ་རྟོག་པ་ཐམས་ཅད་སྲིད་དོ། །གང་ལ་ཁྱད ་པར་དུ་རྟོགས་པ་ཐམས་ཅད་སྲིད་པ་དེ་ལ་དཀོན་མཆོག་གསུམ་པོ། །སངས་རྒྱས་དང་ཆོས་དང། དགེ་འདུན་སྲིད་དོ། །གང་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་སྲིད་པ་དེ་ལ་ཆོས་དང་ཆོས་ཀྱི་རྒྱུ་དང། ཆོས་ཀྱི་འབྲས་བུ་དང་ཆོས་མ་ཡིན་པ་དང་ཆོས་མ་ཡིན་པའི་རྒྱུ་དང ་ཆོས་མ་ཡིན་པའི་འབྲས་བུ་སྲིད་དོ། །གང་ལ་ཆོས་དང་ཆོས་མ་ཡིན་པ་དང། རྒྱུ་དང་འབྲས་བུ་སྲིད་པ་དེ་ལ་ཉོན་མོངས་པ་དང་ཉོན་མོངས་པ་ཀུན་འབྱུང་བ་དང། ཉོན་མོངས་པའི་གཞི་རྣམས་སྲིད་དོ། །གང་ལ་སྔར་བསྟན་པ་དེ་ཐམས་ཅད་སྲིད་པ་དེ་ལ་བདེ་འགྲོ ་དང་ངན་འགྲོ་རྣམ་པར་བཞག་པ་དང། བདེ་འགྲོ་དང་ངན་འགྲོར་འགྲོ་བ་དང། བདེ་འགྲོ་དང་ངན་འགྲོར་འགྲོ་བའི་སེམས་ཅན་དང། བདེ་འགྲོ་དང། ངན་འགྲོ་ལས་འདའ་བ་དང། བདེ་འགྲོ་དང་ངན་འགྲོ་ལས་འདའ་བའ་ཨི་ཐབས་དང། འཇིག་རྟེན་པའི ་ཐ་སྙད་ཐམས་ཅད་རྣམ་པར་བཞག་པ་ཡིན་ཏེ། ཚིག་གིས་ཇི་སྙེད་གཅིག་བསྟན་པར་ནུས་པས་ཕྱོགས་འདིས་རང་གི་རྟོགས་པར་བྱའོ། །འདིར་ཡང། གང་ཞིག་སྟོང་དང་རྟེན་འབྱུང་དག་།དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས ་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །རྩོད་པ་བཟློག་པའི་རབ་ཏུ་བྱེད་པའི་འགྲེལ་པ་ས་དང་པོ་རབ་ཏུ་དགའ་བ་ལ་བཞུགས་པ་སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གནཧ་དང་ལོ་ཙཱ ་བ་བནདེ་བེན་རཀྵི་ཏས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།ཡོད་དང་མེད་པའི་རྩོད་པ་སྨྲ་པ་མུན་བསལ་ཏེ། །བསྟན་ཟབ་གཉིས་མེད་དེ་བཞིན་ཉིད་ཆོས་སྣང་གྱུར་ནས། །སྲིད་པའི་མངལ་དུ་སྐྱེས་པའི་འཇིག་རྟེན་མ་ལུས་པ། །ལྷ་དང་མི་དང་ལྷ་མིན་ཐམས་ཅད ་དགེ་བར་ཤོག་།དངོས་འཛིན་གདོན་གྱིས་བརླམས་པ་ཡི། །རིམས་ནད་རྟག་ཏུ་བཟློག་བྱེད་ཅིང། །འཇིག་རྟེན་འདི་ཡི་མུན་སེལ་བ། །དྲི་མེད་མི་གཡོ་རིགས་འདི་ཡིན།། །།ཐེག་པ་ཆེན་པོ་ཉི་ཤུ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། །། ་