| Wylie | e-texts based on the ACIP/ALL Input |
text in 2 volumes
volume 1 (mdo 'grel (na)) - volume 2 (mdo 'grel (pa)) -
དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བཱུམ་རིགས
་ཀྱི་བུ་མོ་ལ་ལ་ཞིག་གིས། གལ་ཏེ་འཛམྦུའི་གླིང་གི་སེམས་ཅན་དེ་དག་།དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན་ཞེས
་བྱ་བ་ནས། དེ་དག་ལ་བསླབས་ཤིང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི
་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི
་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་ཀྱང། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་འམ། དཔེ་འདྲི་བ་འམ་ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་པ་བསོད་ནམས་ཆེ་བའི
་ཕན་ཡོན་བསྟན་པ་སྟེ། དེ་ལྟར་ཕན་ཡོན་ཆེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དུས་གསུམ་གྱི་ཉན་ཐོས་དང་རང་སངས
་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཟག་པ་མེད་པའི་ཆོས་དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས
་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་ལ་བསླབས་ནས་སོ་སོའི་འབྲས་བུ་ཐོབ་པར་འགྱུར་བ་རྣམས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་སྐྱོན
་མེད་པར་ཞུགས་པ་ཞེས་བྱ་བ་ནི་ཉན་ཐོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ལ་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར
་ཞུགས་པ་ཞེས་བྱ་བའི་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཐོབ་པར་བྱ་བའི་ཕྱིར་ཞུགས་པའོ། །ཀོའུ་ཤི་ཀ་སེམས་ཅན་གཅིག་ཅིག་རྒྱུན་ཏུ་ཞུགས་པའི་འབྲས
་བུ་ལ་གཞག་ན། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ
་ལ་བཀོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནས། ཀོའུ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཆོད་ཅིང་རིམ་གྲོ་བྱ་བ་ཡིན་ཏེ།
་འཇིག་རྟེན་ལྷ་དང་བཅས་པ་དང། བདུད་དང་བཅས་པ་དང། ཚངས་པ་དང་བཅས་པ་དང། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་མེ
་ཏོག་དང་ཕྲེང་བ་དང། སྤོས་དང་བྱུག་པ་དང། ཕྱེ་མ་དང་ན་བཟའ་དང། གདུགས་དང། རྒྱལ་མཚན་དང་བ་དན་དང། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར
་བྱ་བ་དང། བཀུར་སྟིར་བྱ་བ་དང། ཕུ་དུད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས
་ཀྱི་ལམ་ལ་བཀོད་པ་བས། སེམས་ཅན་གཅིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཞག་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི
་འབྲས་བུ་དང། དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་ཆེ་བ་དང། འཛམ་བུའི་གླིང་གི་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ
་བཞི་ལ་བཀོད་པ་བས་ཀྱང། སེམས་ཅན་གཅིག་རང་བྱང་ཆུབ་ལ་བཞག་པ་བསོད་ནམས་ཆེ་བ་དང། འཛམ་བུའི་གླིང་གི་སེཾས་ཅན་ཐམS་ཅད་རང་བྱང་ཆུབ་ལ་བཀོད་པ་བས་ཀྱང། སེམས་ཅན་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ལ་བཞག་པ་བསོད་ནམས་ཆེ་བ་གཏན་ཚིགས་དང་བཅས་པར་བསྟན་ཏེ། དེའི་གཏན་ཚིགས་ཀྱང་སེམས་ཅན་གཅིག་བླ་ན་མེད་པའི་བྱང་ཆུབ་ལ་བཞག་པས་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་རྒྱུན་མི་འཆད་པར
་འགྱུར་གྱིས། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ་སོའི་འབྲས་བུ་ལ་བཀོད་པས་དེ་ལྟར་མི་འགྱུར་བ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་དང། དེ་བཞིན་གཤེགས་པ་ཡང་བྱང་ཆུབ་སེམས་དཔའ་ལས
་འབྱུང་བའི་ཕྱིར་རོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀོའུ་ཤི་ཀ་དེ་ཇི
་སྙམ་དུ་སེམས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས
་ཀྱི་ལམ་ལ་བཀོད་པ་དང། གླིང་གཞི་པའི་སེམས་ཅན་རྣམས་དང། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང། སྟོང
་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད
་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་བསོད་ནམས་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དཔེ་བྲི་བའམ། ཁ་ཏོན་དུ་བྱ་པའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེ་བ
་གཏན་ཚིགས་དང་བཅས་པར་བསྟན་པ་སྟེ། དེའི་གཏན་ཚིགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པ་དང། ཟག་པ་མེད་པའི་ཆོས་དེ་དག་ཡོད་པས་རྒྱལ
་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་འདོད་པའི་ཁམས་ཀྱི་མི་ཡ་རབས་རྣམས་དང། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ལ་སོགས་པ་གཟུགས་མེད་པའི་ཁམས་ཀྱི་ལྷ་མན་ཆད་ཁམས་གསུམ་གྱི་ལྷ་རྣམས་འཇིག་རྟེན་ན་ཡོད་པར
་འགྱུར་བ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་གི་བར་དུ། རྣམ་པར་བྱང་བའི་ཆོས་ཐམས་ཅད་འཇིག་རྟེན་ཡོད་པར་འགྱུར་བའི
་ཕྱིར་རོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་མི་ཇི་སྙེད་པ་དེ་དག་།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་བསམ་གཏན་བཞི་ལ་བཀོད་དེ། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས
་པར་འཇུག་པ་བཞི་དང། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀོའུ་ཤིཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
་རྣམས་ཡོད་དོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་མི་ཐམས་ཅད་དང། གླིང་བཞི་པའི་སེམས་ཅན་རྣམས་དང། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང། སྟོང་གསུམ་གྱི་སྟོང
་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ
་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་པའི་བསོད་ནམས་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་བཀླག་པ་དང། དཔེ་བྲི་བ་དང། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་པ་བསོད་ནམས་ཆེ་བ་གཏན་ཚིགས་སྔར་བཤད་པ་དང་བཅས་པར་བསྟན
་པའོ་?་ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱིས་ཞེས་བྱ་བ
་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། མངོན་པར་ཤེས་པ་ལྔ
་ལ་བཀོད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཚུལ་བཞིན་ཡིད་ལ་ཕྱེད་པ་གཙོ་བོར་བྱ་སྟེ་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱས་ན། འཛམ་བུའི་གླིང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
་ལ་ཐུག་གི་བར་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སོགས་པ་ལ་བཀོད་པའི་བསོད་ནམས་པས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་བ་བསྟན་པའོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་ལ་སྤྱོད་པ་ཡང་མ་ཡིན
་མི་གཉིས་པ་ལ་སྤྱོད་པ་མ་ཡིན་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང། ཀུན་ཆུབ་པར་བྱེད་པ་དང། འཆང་བ་དང། ཀློག་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ།
་ཞེས་བྱ་བའི་བར་དུ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་དོན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཚེ་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཡོད་པ་དང་མེད་པ་ལ་སོགས་པའི་མཛའ་གཉིས་སུ་ཡང་མི་འཛིན། ཡོད་མེད
་གཉིས་ཀྱི་མཛའ་དང་བྲལ་བར་ཡང་མི་འཛིན་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་སྤྱོད་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ། རིགས
་ཀྱི་བུ་མོ་ལ་ལ་ཞིག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྣམ་གྲངས་དུ་མར་རྒྱ་ཆེར་བརྗོད་ཅིང་སྟོན་ལ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་ཉིད་ཀྱི་གཟུང་ཞིང་བཅངས་པ་ལ་སོགས་བྱས་པ་བས་ཀྱང། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འདི་ལ་གཉིས་སུ་ཡང་མི་བལྟ་།གཉིས་སུ་མང་པར་ཡང་མི་བལྟ་བ་ལ་སོགས་པའི་དོན་གཞན་ལ་རྒྱ་ཆེར་བསྟན་ཅིང་བཤད་པ་བསོད་ནམས་ཆེས་མང་དུ་འཕེལ་བའི་ཡོན་ཏན་བསྟན་པ་དེ་ལ་རྣམ་གྲངས་དུ་མར་རྒྱ་ཆེར་བརྗོད་ཅིང་སྟོན་ལ་འཆང་ཅིང་འགྲེལ
་བ་དང། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ། ཡང་དག་པར་སྟོན་ཅིང་དེའི་དོན་གཏན་ལ་ཕབ་པར་སྟོན་པ་བྱེད་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཉིས་སུ་མེད་པ་གཞན་ལ་ཞིབ་ཏུ་སྟོན་ཅིང་འཆད་པའི་རྣམ་གྲངས་སུ་རིགས་པར་བྱའོ། །ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ལྟ་བ་མ་ཡིན། གཉིས་སུ་མེད་པར་བལྟ་བ་མ་ཡིན། ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོགས་པ་ཡིན་པའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་ཡང་མི་རྟོག་ན་གཉིས
་ཀྱི་ངོ་བོ་ཉིད་དུ་རྟོག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཀྱི་ཚུལ་དུ་ཡང་མི་ལྟ། གཉིས་སུ་མེད་པའི་ཚུལ་དུ་ཡང་མི་བལྟའོ་ཞེས་བྱ་བའི་དོན་ཏོ། །མཚན་མར་མ་ཡིན་མཚན་མ་མེད་པར་མ་ཡིན་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཡུལ་ལ
་དམིགས་པའི་ཚེ་གཟུགས་ལ་སོགས་པ་ཀུན་བརྟགས་པའི་དངོས་པོ་རྣམས་ལ་མཚན་མར་མི་འཛིན་པ་དང། མཚན་མ་མེད་པའོ་ཞེས་བྱ་བར་ཡང་དག་པར་རྣམ་པར་མི་རྟོག་པའི་ཕྱིར་རོ། །བླང་བར་མ་ཡིན་དོར་བར་མ་ཡིན་ཞེས་བྱ་བ་ནི་ལས་ལེགས་ཉས་བྱེད་པའི་ཚེ་སྲིད་པའི
་ཕྱི་མ་བླང་བའི་རྣམ་པར་རྟོགས་པ་མེད་པ་དང། ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཚེ་སྡུག་བསྔལ་ལ་སོགས་པ་དོར་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དཔྲི་བར་མ་ཡིན་བསྣན་པར་མ་ཡིན་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཆོས་རྣམས་རབ་ཏུ་འབྱེད་པའི་ཚེ་ཡོད་པའི་དངོས་པོ་ལ
་མེད་དོ་ཞེས་སྐུར་པ་འདེབས་ཤིང་དབྲི་པར་མི་བྱེད་པ་དང། མེད་པའི་དངོས་པོ་ལ་ཡོད་དོ་ཞེས་སྒྲོ་འདོགས་ཤིང་བསྣན་པ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པར་མ་ཡིན་རྣམ་པར་བྱང་བར་མ་ཡིན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན
་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་སོ་སོའི་སྐྱེ་བོའི་ཚེ་ཡང་ཀུན་ནས་ཉོན་མོངས་པ་མེད་ལ། འཕགས་པར་གྱུར་པའི་ཚེ་ཡང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །སྐྱེ་བར་མ་ཡིན་འགག་པར་མ་ཡིན་ཞེས་བྱ་བ་ནི་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་ཡོངས་སུ་བརྟག་པའི
་ཚེ་ཆོས་ཀྱི་ཆོས་ཉིད་ལ་དོན་དམ་པར་སྐྱེ་བ་དང་འགག་པ་མེད་པར་རྟོགས་པའི་ཕྱིར་རོ། །གཟུང་བར་མ་ཡིན་མི་བཟུང་བར་མ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་ཏུ་འཇོག་ཅིང་སྒོམ་པའི་ཚེ་གཟུང་བ་དང་འཛིན་པ་གཉིས་མེད་པས་གཟུང་བ་དང
་མི་གཟུང་བ་གཉིས་ཀར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ལེན་པར་མ་ཡིན་འདོར་བ་མ་ཡིན་ཞེས་བྱ་བ་ནི་ས་འོག་མ་ནས་ས་གོང་མར་འཕར་བའི་ཚེ་དོན་དམ་པར་ས་གོང་མའི་ཡོན་ཏན་བླང་བ་དང། ས་འོག་མའི་སྐྱོན་དོར་བར་མི་རྟོག་པའི་ཕྱིར་རོ།
་གནས་པར་མ་ཡིན་མི་གནས་པར་མ་ཡིན་ཞེས་བྱ་བ་ནི་ས་གོང་ནས་གོང་དུ་འཕར་ཞིང་གནས་པར་བྱ་བ་དང། ས་འོག་མ་ལ་གནས་པར་མི་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཡང་དག་པར་མ་ཡིན་ལོག་པར་མ་ཡིན་ཞེས་བྱ་བ་ནི་ཞི་གནས་དང
་ལྷག་མཐོང་ཟུང་དུ་འབྲེལ་བར་སྒྲུབ་པའི་ཚེ་འདི་ནི་ཡང་དག་པའི་སྒྲུབ་པའོ། །འདི་ནི་ཡང་དག་པ་མ་ཡིན་པའི་སྒྲུབ་པའོ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ལྡན་པར་མ་ཡིན་མི་ལྡན་པར་མ་ཡིན་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ
་བར་སྒྲུབ་ཅིང་ཡིད་ལ་བྱེད་པ་དེ་ཉིད་ཀྱི་ཚེ་ཡིད་ལ་བྱེད་པ་འདི་ནི་རིག་པ་དང་ལྡན་པའོ། །ཡིད་ལ་བྱེད་པ་འདི་ནི་རིག་པ་དང་མི་ལྡན་པའོ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འདྲེ་བར་མ་ཡིན་མི་འདྲ་བར་མ་ཡིན་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང། ཤེས
་བྱའི་སྒྲིབ་པ་ཕྲ་མོ་མཐར་གྱིས་སྤོང་བ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྐྱོན་རྣམས་དང་འདྲེས་པ་དང་མ་འདྲེས་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྐྱོན་དུ་མ་ཡིན་མི་རྐྱེན་མེད་པར་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རབ་ཏུ་རྟོགས་པར་བྱེད་པའི་ཚེ་དོན
་དམ་པའི་རང་བཞིན་དེ་དེ་བཞིན་ཉིད་དེ་ལས་དང་པོ་ལ་སོགས་པའི་རིམ་པས་འཇུག་ཀྱང་རྒྱུ་དང་རྐྱེན་གྱི་རང་བཞིན་དུ་སོ་སོར་དབྱེ་བ་དང། དབྱེ་བ་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་རོ། །ཆོས་སུ་མ་ཡིན་ཆོས་སུ་མ་ཡིན་པར་མ་ཡིན་ཞེས་བྱ་བའི་ཆོས་ཀྱི་ཆོས
་ཉིད་མངོན་སུམ་དུ་བྱེད་པའི་ཚེ་ཆོས་དང་ཆོས་མ་ཡིན་པའི་དངོས་པོར་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་ཉིད་དུ་མ་ཡིན་དེ་བཞིན་ཉིད་མ་ཡིན་པར་མ་ཡིན་ཞེས་བྱ་བ་དེ་བཞིན་ཉིད་ལ་སོགས་པའི་ཚེ་འདི་ནི་དེ་བཞིན་ཉིད་དོ། །འདི་ནི་དེ་བཞིན་ཉིད་མ་ཡིན་ནོ?
་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཡང་དག་པའི་མཛའ་མ་ཡིན་ཡང་དག་པའི་མཛའ་མ་ཡིན་བར་མ་ཡིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚེ་ཡང་དག་པའི་དོན་གྱིས་མཛའ་ཨོ་ཞེས་བྱ་བ་འམ། ཡང་དག་པའི་དོན་གྱི་མཛའ་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་རྟོག
་པ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་བརྗོད་ཅིང་སྟོན་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མཛའ་གཉིས་དང་བྲལ་བར་དེ་ལྟ
་བུ་བདག་འབའ་ཞིག་གིས་བཟུང་ཞིང་བཅངས་པ་ལ་སོགས་པ་བྱས་པ་བས་ཀྱང་གཞན་ལ་རྒྱ་ཆེར་བཤད་ཅིང་བསྟན་པ་བསོད་ནམས་མང་དུ་འཕེལ་པའི་ཕན་ཡོན་འཇུག་བསྡུས་ཏེ་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག། བདག
་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་ཀུན་ཆུབ་པར་བྱེད་དོ་ཞེས་བྱ་བ་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ནི་ཤིན་ཏུ་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་ཉིད་ཀྱང་འཛིན་ཅིང་འཆང་བ་ལ་སོགས་པའི་ནན་ཏན་བྱེད
་ལ། གཞན་ལ་ཡང་གཉིས་སུ་མེད་པའི་དོན་རྒྱ་ཆེར་བཤད་ན་བསོད་ནམས་སྔ་མ་བས་ཀྱང་ཆོས་མང་དུ་འཕེལ་བའི་ཕན་ཡོན་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་དོན་དང་ལྡན་པ
་ལ། ཡི་གེ་དང་ལྡན་པར་བསྟན་པར་བགྱི་བ་འམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་གཞན་ལ་རྒྱ་ཆེར་བསྟན་པ་བསོད་ནམས་ཆེ་བ་གཞན་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར། ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དེ་ལྟ་བུ་གཞན་ལ་ངེས་པར
་བསྟན་འཚལ་ལམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་དོན་དང་ལྡན་པ། ཡི་གེ་དང་ལྡན་པར་བསྟན་པར་བྱ་སྟེ། ཀོའུ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ
་རིགས་ཀྱི་བུ་མོ་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་གཞན་ལ་རྒྱ་ཆེར་བསྟན་ན་བསོད་ནམས་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་གྱིས་ངེས་པར
་བསྟན་དགོས་སོ་ཞེས་བཀའ་སྩལ་པ་སྟེ། དེ་ལ་དོན་དང་ལྡན་པ་ནི་མཛའ་གཉིས་དང་བྲལ་བའི་དོན་ཟབ་མ་དང་ལྡན་པའོ། །ཡི་གེ་དང་ལྡན་པ་ནི་ཚིག་འབྲུ་གསལ་བ་དང་ལྡན་པའོ། །ཀོའུ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤར་ཕྱོགས་ཀྱི་དེ་བཞིན
་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱི་ནམ་འཚོའི་བར་དུ་མཆོད་པ
་དང་བཀུར་སྟི་བྱས་པ་བས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་འབྲུ་གསལ་བ་དང་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་པ་བསོད་ནམས་ཆེ་བ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ།
་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་ཚད་མེད་གྲངས་མེད་པར་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན
་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས། ཡང་དག་པར་སྟོན་པར་བྱེད་པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་བསྐལ་པ་ཚད་མེད་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས?
་ཀྱང། མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་ཏུ་ལྡན་པར་གཞན་ལ་རྒྱ་ཆེར་བཤད་པ་བསོད་ནམས་ཆེ་བ་བསྟན་པའོ། །དེ་ལ་དམིགས་པའི་ནི་འདི་ཡིན་ཏེ་ཞེས་བྱ་བ་ནས། ཤེས་རབ
་ཉིད་ཏུ་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་ཉིད་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི
་བུ་མོ་དེ་བཞིན་ད་ལྟར་དམིགས་པ་ལ་སྤྱོད་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དམིགས་པ་དང་བཅས་པར?་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན་ཕ་རོལ
་ཏུ་ཕྱིན་པ་དྲུག་ལ་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཉེས་དམིགས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྦྱད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བ་ནས། ཤེS
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་མི་དམིགས་པའི་ཚུལ་གྱི་འཁོར་གསུམ་ཡོངས་སུ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་རང་བཞིན་གྱིས་བསྟན་པའོ། །ཀོའུ་ཤི་ཀ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་ལྟར་ཁོང་དུ་ཆུད་པ་མེད
་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྔ་ནི་ཡི་གེ?་དང་ལྡན་པར་བསྟན་པར་བྱའོ་ཞེས་བྱ་བ་ནས། དེ་ལྟར་ཁོང་དུ་ཆུད་པ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ
་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྟན་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། ཁོང་དུ་ཆུད་པ་མེད་པར་ཞེས་བྱ་བ་ནི་གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་ཅིང། དམིགས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཤིང། གཞན་ལ
་ཡང་དོན་དང་ཚིག་ཏུ་ལྡན་པར་བསྟན་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ། དེར
་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་གིས་ཀྱང་གཟུགས་བརྙན་དེ་ཐོས་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན
་པར་བྱའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་རིམ་པས་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱ་བའི་དགོས་པ་བསྟན་པ་སྟེ། དེ་ལྟར་མི་དམིགས་པའི་ཚུལ་གྱིས་མ་བསྟན་ན། མ་འོངས་པའི་དུས་ན་ཐེག་པ་ཆུང་དུ་བ་ཁ་ཅིག་དམིགས་པ་ཅན
་གྱི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལྟར་བཅོས་ཤིང་སྟོན་པ་དེ་དག་ཐོས་ནས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ལྟ་བ་ལོག་ཅིང་བྱང་ཆུབ་སེམས་དཔའ་ཨི་ལམ་ལས་ཉམས་པར
་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དམིགས་སུ་མེད་པ་དེ་ལྟ་བུ་བསྟན་དགོས་སོ་ཞེས་བྱ་བའི་དོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཱི་དོན་ཡིན་པ་ལྟར་བཅོS
་ཏེ་སྟོན་པའོ། །བརྒྱ་བྱིན་གྱིS་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ལགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཇི་ལྟ་བུ་ཡིན་པ་འཁོར་རྣམས་ལ་ཞིབ་ཏུ་བཤད་པ་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་དོ་སྙམ་ཞིང། དེ་དག་གཟུགས་བརྙན་སྟོན་པར་བྱེད་པའོ་ཞེས་བྱ་བ་ནི་ཐེག་པ་ཆུང་དུ་བ་དག་དམིགས་པ་དང་བཅས་པའི་སེམས་ཀྱིས་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་དུ་སེམས་ཤིང་སྟོན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
་གཟུགས་བརྙན་སྟོན་པ་ལགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཐབས་ཇི་ལྟར་སྟོན་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད
་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏེ། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ཡིན་པ་ཞི་བ་ཏུ་བཤད་པའོ། །འདི་ལྟར་གཟུགས་མི་རྟོག་ཞེས་བྱ་བར
་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མེད་དོ་ཞེས་བྱ་བར་སྟོན། གཟུགས་མི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ལ་དམིགས་པ་དང་བཅས
་པའི་ཚུལ་དུ། མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་སྡུག་པའི་རང་བཞིན་དུ་བསྒོམ་པ་སྟོན་པ་ཐེག་པ་ཆུ་དུའི་ཚུལ་ཡིན་ཡང། གང་དེ་ལྟར་སྟོན་ཅིང་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་འཆད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ན་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ནས་དེ་ཡང་མཚན་མའི་ཚུལ་དང། དམིགས་པའི་ཚུལ་གྱིས་སྟོན་ཏེ། དེ་དུས་གསུམ
་ཀྱི་འདུ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་ཏའགྱུར་ཏེ། ཀོའུ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ་ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་ནས། ཚེ་རབས་སམ
་བསྐལ་པའི་དུས་འདི་ཙམ་ཞིག་གིས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་འཐོབ་པར་འགྱུར་རོ། །ཞེས་དུས་ཀྱི་འདུ་ཤེས་དང་བཅས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་སྟོན་ན་ཡང་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པས།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པར་སྟོན་པ་ནི་མ་ཡིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་།བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི
་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང། ཉན་ཐོས་ཀྱིས་ལས་འདའ་བར་འགྱུར་རོ། །རང
་སངས་རྒྱས་ཀྱིས་ལས་འདའ་བར་འགྱུར་རོ། །ཞེས་སྟོན་ཏེ། ཀོའུ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ་ཞེས་བྱ་བ་ནི་མཚན་མ་དང་བཅས་ཤིང་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན། དུས་འདི་ཙམ་ཞིག་གི་ཉན་ཐོས་དང་རང་སངས་རྒྱས་ཀྱི
་ས་ལས་འདའ་བར་འགྱུར་རོ་ཞེ་སྟོན་ན་ཡང། མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྟོན་པས་ད་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཡིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་མ་ཡིན་ཞེས་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང
་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་།བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ན་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ནས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་དག་ལ་སྟོན་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པའི་གཟུགས་བརྙན་སྟོན་ཏོ། །ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་འཇུག་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དང། བྱང་ཆུབ་སེམས
་དཔའ་ཨི་མངོན་པར་ཤེས་པ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང། རིམ་གྲོ་ལ་སོགས་པ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་ཀྱང་སྟོན་ལ། མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པར་འགྱུར་རོ་ཞེ་སྟོན་ན་ཡང་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཉིད་སྟོན་པ་མ་ཡིན་གྱི། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བཱུམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ནས། དེ་དག་དེ་ལྟར་སྟོན་ཅིང་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་དུས་གསུམ་གྱི། སངས་རྒྱས་བཅོམ་ལྡན་འདS་རྣམS་ཀྱིས་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ལ། རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག
་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེ་སྟོན་ན་ཡང་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པར་སྟོན་པ་མ་ཡིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན
་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྟོན་ན་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་དག་།བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་པ་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པའི་གཟུགས་བརྙན་སྟོན་པའི་གཉེན་པོར་མཚན་མར་མི་འཛིན་ཅིང། དམིགས་པར་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པར་ཇི་ལྟ་བ་ཉིད་དུ་བསྟན་པ་བཤད་པ་སྟེ། གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཞིག་།དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་རང་བཞིན
་གྱི་སྟོང་སྟེ། གཟུགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །ཞེས་བྱ་བ་ནི་དོན་དམ་པར་གཟུགས་རང་བཞིན་གྱི་སྟོང་སྟེ། དངོས་པོ་མེད་པའི་ཕྱིར་གཟུགས་མི་རྟག་པ་ཞེས་བྱ་བར་མཚན་མར་མི་གཟུང་ཞིང། དམིགས་པར་བྱ་བའོ་ཞེས་པ་སྟན་པའོ། །དངོས་པོ་མེད་པ་གང་ཡིན་པ།
་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་ད་ལ་ནི་གཟུགས་རྟག་།ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བ་མི་དམིགས་སོ། །ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་གཟུགས་རན་བཞིན་གྱི་སྟོང་ཞིང། དངོས་པོ་མེད་པར་རྟོགས་པ་ཉིད
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ལྟར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་མི་རྟོག་པ་དེ་ལ་ནི་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུགས་ཉིད་ཀྱང་མེད་ན་རྟག་པ་འམ་མི་རྟག་པ་ལྟ་ག་ལ
་ཡོད་ཞེས་བྱ་བ་ནི་གཟུགས་ཉིད་ཀྱང་དོན་དམ་པར་རང་བཞིན་གྱི་སྟོང་ཞིང་དངོས་པོ་མེད་ན། གཟུགས་ཀྱི་ཆོས་ཉིད་རྟག་པ་དང་མི་རྟག་ཞེས་བྱ་བ་ལྷག་ལ་ཡོད་ཅེས་བསྟན་པ་སྟེ། དེ་ལྟར་སྟོན་ཅིང་འདོམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པར་ཉིད་སྟོན་པ་ཡིན་གྱི། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་མ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ཇི་ལྟར་བཤཱ་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་།བྱང་ཆུབ་སེམས་དཔའ་ཨི
་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་བླང་དོར་མེད་པ་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཇི་ལྟ་བ་ཉིད་དུ་སྟོན་པ་ཡིན་པར་བཤད་པ་སྟེ། དེ་ལ་ཆོས
་གང་ལས་ཀྱང་ཡོངས་སུ་འདའ་བར་མ་བྱེད་ཅིག་ཅེས་བྱ་བ་ནི། ཐེག་པ་ཆུང་དུ་ལྟར་འཁོར་བའི་ཆོས་གང་ལས་ཀྱང་ཡོངས་སུ་འདའ་བར་མ་བྱེད་ཅིག་ཅེས་བསྟན་པའོ། །ཆོས་གང་ལ་ཡང་གནས་པར་མ་བྱེད་ཅིག་ཅེས་བྱ་བ་ནི་ཐེག་པ་ཆུང་དུ་པ་ལྟར་མྱ་ངན་ལས་འདས་པའི་ཆོས་གང་ལ་ཡང
་གནས་པར་མ་བྱེད་ཅིག་ཅེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལས་འདའ་བར་བྱ་བ་འམ། གང་ལ་གནས་པར་བྱ་བའི་ཆོས་དེ་མེད་དོ་ཞེས་བྱ་བ་ནི་ཆོས་གང་ལས་ཀྱང་འདའ་བར་མི་བྱ་བ་དང། ཆོས་གང་ལ་ཡང་གནས
་པར་མི་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྦྱར་ན། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་ཡང་མེད་པས་འདའ་བར་བྱ་བ་འམ། གནས་པར་བྱ་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས
་ཅད་ནི་རང་བཞིན་གྱིS་སྟོང་སྟེ། རང་བཞིན་གྱིS་སྟོང་པའི་ཆོས་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ནི་འདའ་བར་བྱ་བ་དང། གནས་པར་བྱ་བའི་ཆོས་གཉིས་ཀ་དངོས་པོ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་པར
་ཞིན་གྱིས་སྟོང་པའི་ཕྱིར་དངོས་པ་མེད་དོ་ཞེས་བསྟན་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་དངོས་པོ་མེད་པར་རྟོགས་པ་དེ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་བླང་པར་བྱ་བ་འམ་དོར་བར་བྱ་བ་འམ་སྐྱེ་བར་བྱ་བའམ་འགག་པར་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་བྱ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ནི་མྱ་ངན་ལས་འདས་པའི་ཆོས་བླང་བར་བྱ་བ་འམ། འཁོར་བའི་ཆོས་དོ
་བར་བྱ་བར་རྣམ་པར་རྟོག་པ་ཡང་མེད་ལ། འཕགས་པའི་ལམ་བསྐྱེད་པར་བྱ་བ་འམ། འཕགས་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་ཆོས་རྣམས་དགག་པར་བྱ་བར་རྣམ་པར་རྟོག་པ་ཡང་མེད་དོ་ཞས་བསྟན་པའོ། །ཀོའུ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ
་རིགས་ཀྱི་བུ་མོ་ད་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་ལ་བླང་དོར་མེད་པར་སྟོན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཉིད་སྟོན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པའི་གཟུགས་བརྙན་སྟོན་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱ་སྟེ། ཀོའུ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་ཆོས
་མང་དུ་འཕེལ་གྱི། རིགས་ཀྱི་བུ་འཾ་རིགས་ཀྱི་བུ་མོ་སྔ་མ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་མཚན་མར་མི་འཛིན་ཅིང་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཕྱིན་ཅི་མ་ལོག་པར་བསྟན་ན་བསོད་ནམས་མང་རུ་འཕེལ་གྱི་མཚན་མ་དང
་བཅས་པར་དམིགས་པ་དང་བཅས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གོང་དུ་སྨོས་པ་ལྟ་བུར་བསྟན་ན་བསོད་ནམས་མང་དུ་མི་འཕེལ་ལོ་ཞེས་བྱ་བའི་དོན་ཏོ། །ཀོའུ་ཤིག་གཞན་ཡང་འཚམ?་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགS
་གྱི་བུ་མོ་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པའི་བྲས་བུ་ལ་རབ་ཏུ་བཀོད་ན་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རང་བྱང་ཆུབ་རྣམས་ཡོད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོང་པ་དང། གླིང་བཞི
་དང། སྟོང་གི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོང་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པ་དང་?
་ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་བྱང་ཆུབ་ལ་བཀོད་པའི་བསོད་ནམས་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་དང། ཚིག་ཏུ་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་ཅིང་ཉམས་སུ་ལེན་དུ་བཅུག་པ་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པའོ།།
་ཀོའུ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞི་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་ནས་ཞེས་བྱ་བ་ནས། ཀོའུ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང
་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དང། དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ་ཞེས་བྱ་བའི་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དང། གླིང་བཞི་པ་དང།།
་སྟོང་གི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་ཕྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་བ་བྱས་པའི་བསོད་ནམས་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་ཏུ་ལྡན་པར་བཤད་ཅིང་གདམས་ངག་དང་བཅས་པར་བསྟན་ཏེ་ནན་ཏན་བྱེད་དུ་བཅུག་པ་ཆེས་བསོད་ནམས་མང་དུ་འཕེལ་བ་གཏན་ཚིགས་དང་བཅས་པར
་བསྟན་པ་སྟེ། དེའི་གཏན་ཚིགས་ཀྱང་དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་འདི་ལས་བྱུང་བ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་བར་བྱས་ནས། བྱང་ཆུབ
་ཀྱི་སེམས་དང་པོ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་བ་པས་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་བསྟན་ཏེ་ཉམས་སུ་ལེན་དུ་བཅུག་ན་བསོད་ནམས་ཆེའོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞི་གིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་ན་ཞེ
་བྱ་བ་ནས། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཞེས་བྱ་བ་དང། དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་སའོ་ཞེས་བྱ་བའི
་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོང་པ་དེ་དག་ཐམས་ཅད་དང། གླིང་བཞི་པ་དང། སྟོང་གཅིག་གི་འཇིག་རྟེན་གྱིས་ཁམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ཕྱོགས་བཅུའི་ཕྱོགས་རེ་རེ
་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་བསོད་ནམས་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་དང་ཚིག་ཏུ་ལྡན་པར་གཞན་ལ་རྒྱ
་ཆེར་བསྟན་ཏེ། ཉམས་སུ་ལེན་དུ་བཅུག་པའི་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་འཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ་ཞེས་བྱ་བ་ནS།
་ཀོའུ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དང། གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
་རྫོགས་པར་འཚང་རྒྱ་པར་འགྱུར་རོ་ཞེ་སྒོ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆོས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དང། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང། སྟོང་གི་འཇིག་རྟེན་གྱི་ཁམས
་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགS
་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་བཤད་ཅིང། གདམས་ངག་དང་བཅས་པར་བསྟན་ཏེ་ཉམས་སུ་ལེན་དུ་བཅུག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་
་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་ཅིང། སྐལ་པ་དང་ལྡན་པ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་བཤད་ཅིང་ཉམས་སུ་ལེན་དུ་བཅུག་པའི་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ་བ་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་དུ?
་བདེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ་ཞེས་བྱ་བ་ནས། འདི་ནི་འཁོར་བ་ལས་བྱུང་བར་འདོད་ལ། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་པ་དང། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང། སྟོང་གི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང
་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་གྱུར་པ་ལ་ཆོས་བསྟན་པའི་བསོད་ནམས་པས། དེ་དག་ལས་ལ་ལ་ཞིག་བདག་ནི
་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཁས་འཆེ་བ་ཞིག་ཡོད་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་ཏུ་ལྡན་པར་རྒྱ་ཆེར་བཤད་དེ་ཉམས་སུ་ལེན་དུ་བཅུག་ན་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ
་བ་སྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ད་ནི་ངེས་པ་སྟེ་རྫོགས་པའི་བྱང་ཆུབ་ཏུ་གཞོལ་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བ་ནས། དེ་དག་ལ་ནི་གདོད་ཆོས་བསྟན་ཀྱང་མི་དགོས་ཀྱི་འདི
་ནི་འཁོར་བ་ལས་བྱུང་བར་འདོད་ལ། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཞན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བློ་ངེས་པར་གྱུར་པ་དེ་ད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ
་བཤད་ཀྱང་ཕྱིར་ལྡོག་པར་མི་འགྱུར་གྱི། བྱང་ཆུབ་སེམས་དཔའ་དེ་དག་གི་ནང་ནས་ཁ་ཅིག་མྱུར?་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ལས་ཐར་བར་འདོད་ཅིང། བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྤྱོད
་མི་འདོད་པ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་བསྟན་ཏེ་ཉམས་སུ་ལེན་དུ་བཅུག་ན་བསོད་ནམས་སྔ་མ་བས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ
་ལྡན་འདས་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ་ཞེས་བྱ་བ་ནས།
་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཆོས་ཀྱིས་བསྡུ་བ་དང། ཟང་ཟིང་གི་བསྡུ་བས་རྗེས་སུ་འཛིན་པོའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ནི་ཆོས་མང་དུ་འཕེལ་གྱིས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་སྔ་མ་དག་གི་མ་ལགས་སོ་ཞེས་བྱ་བའི་བར
་དུ་ནི་བྱང་ཆུབ་སེམས་དཔའ་ཨི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་རྣམས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་གདམས་ཤིང་རྗེས་སུ་བསྟན་ཏེ། ཆོས་ཀྱི་སྦྱིན་པས
་ཕན་གདགས་པ་དང། གོས་དང་བསོད་སྙོམས་ལ་སོགས་པ་ཟང་ཟིང་གི་སྦྱིན་པས་ཕན་བཏགས་ན། སྣོད་ཁྱད་པར་ཅན་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་བྱས་པ་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ་བར་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས
་དེ་ནི་འདི་ལྟར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལགས་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པའོ་ཞེས་བྱ་བའི་བར
་དུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ཙམ་དུ་ཉེ་བར་གྱུར་པ་དེ་དག་ལ། ཆོས་དང་ཟང་ཟིང་གི་སྦྱིན་པས་ཕན་གདགས་པར་རིགས་པའི་གཏན་ཚིགས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ
་ཞེས་བྱ་བ་ནས། ཉན་ཐོས་ཀྱི་ཐེག་པའི་ཇིག་རྟེན་དུ་འབྱུང་བར་འགྱུར། །རང་སངས་རྒྱས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གོང་དུ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་གང་ཡིན་པ་དེ་དག་ལ་ཆོས་དང་ཟང་ཟིང་གིས་ཕན་གདགས་པའི་རིགས་པར་བཤད་པ་དེ་ལ་རབ་འབྱོར་རྗེས་སུ་ཡི་རང་བ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་དག་ཡོད་ན། འཕགས་པ་ཉན་ཐོས་རྣམས་ཀྱང་འབྱུང་བར་འགྱུར
་ལ། བྱང་ཆུབ་སེམས་དཔའ་དེ་ལྟ་མེད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཟུག་གི་བར་དུ་།
་ཡང་སློབ་པར་མི་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་དང། དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངS་མ་རྒྱས་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཡོད་པར་མི་འགྱུར་བའི་ཉེས་དམིགས
་སྨོས་པ་དང། བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་སློབ་ན། གདོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།
་དེའི་ཡོན་ཏན་གྱིས་ངན་སོང་རྣམས་རྒྱུན་ཆད་པར་འགྱུར་བ་དང། ལྷ་དང་མིའི་མཐོ་རིས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། ཐེག་པ་གསུམ
་རྣམས་འཇིག་རྟེན་དུ་འབྱུང་བའི་ཕན་ཡོན་སྨོས་ནས་རྗེས་སུ་ཡི་རང་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། །བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།
་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་རབ་འབྱོར་ལ་སྨྲས་པ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་གདུལ་བ་དང་ཞི་བར་བྱ་བར་དང། ཡོངས་སུ་མྱ་ངན་ལས
་འདའ་བའ་ཨི་ཕྱིར། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་བྱ་བའི
་བར་དུ་ནི་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱི་རྗེས་སུ་ཡི་རང་བའི་བསོད་ནམས་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་བྱས་པའི་བསོད་ནམས་དང། ཚུལ་ཁྲིམས་བསྲུངས་པའི་བསོད་ནམས་དང། བསྒོམ་པ་བྱས
་པའི་བསོད་ནམས་པས། བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་དང་ཐུན་མོང་དུ་བྱ་སྟེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས
་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། རབ་དང་དམ་པ་དང། གཙོ་བོ་ལ་སོགས་པ་སྨོས་པ་ནི་ཁྱད་པར་དུ་འཕགས་ཤིང་བཟང་བའི་རྣམ་གྲངས་སྨོས་པའོ། །དེ་ལྟར་བསོད་ནམས་ཁྱད་དུ་འཕགས་པའི་གཏན་ཚིགས་ཀྱང། ཉན
་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསོད་ནམས་ཅི་བྱས་པ་ནི་བདག་འབའ་ཞིག་གི་དོན་དུ་ཡོངས་སུ་བསྔོའི། བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་ཡི་རང་བའི་བསོད་ནམས་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་བས། དེའི་ཕྱིར་བསོད
་ནམས་ཁྱད་པར་དུ་འཕགས་པ་ཆེའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། དམིགས་པ་དེ་དག་རིགས་ཀྱི་བུ་དེ་དག་གིས
་ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་དམིགས་སུ་ཡོད་པ་ཡིན་ནམ་ཞེས་བྱ་བའི་བར་དུ་ནི་གོང་དུ་བྱང་ཆུབ་སེམས་དཔའ་བྱམས་པས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་སྟེ། དེ་མི་དམིགས་པའི་ཚུལ
་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་ལ། རབ་འབྱོར་གྱིས་གལ་བཟུང་ནས་དྲིས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་གྲངས
་མེད་པ་ངག་གིས་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། མཛའ་ཡོངས་སུ་མྱ་ངན་ལས་མྱ་ངན་ལས་འདས་ཤིང། དམ་པའི་ཆོས་ནུབ་པར་གྱུར་གྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དགེ་བའི་རྩ་བ་ཅི་བསགས་པ་དེ་དག་ལ་བྱང་ཆུབ་སེམས
་དཔའ་རྣམས་རྗེས་སུ་ཡི་རང་བ་དང། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་སྦྱིན་པ་བྱས་པ་དང། ཚུལ་ཁྲིམས་བསྲུངས་པ་དང། བསམ་གཏན་བསྒོམ་པའི་བསོད་ནམས་དང། འཕགས་པ་ཉན་ཐོས་སློབ་པ་དང་མི་སློབ་པ་རྣམས་ཀྱི་དགེ་བའི
་རྩ་བ་ཟག་པ་མེད་པ་ལ་རྗེས་སུ་ཡི་རང་བ་དང། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོ་ལྔ་ལ་རྗེས་སུ་ཡི་རང་བ་དང། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཕན་པར་བཞེད་པ་ལ་རྗེས་སུ་ཡི་རང་བ་དང། སངས
་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཚད་མེད་གྲངས་མེད་པ་རྣམས་དང། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་དེ་དག་བསྟན་པ་ལ་རྗེས་སུ་ཡི་རང་བ་དང། དམ་པའི་ཆོས་ཇི་སྐད་བསྟན་པ་ལ་བསླབས་ནས་ཉན་ཐོས་དང། རང་སངས
་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་འབྲས་བུ་ཐོབ་པ་ལ་རྗེས་སུ་ཡི་རང་བ་དང། སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་དང། མྱ་ངན་ལས་འདས་པ་རྣམས་ལ། དགེ་བའི་རྩ་བ་གང་ཇི་སྙེད
་བསྐྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བླ་ན་མེད་པའི་རྗེས་སུ་ཡི་རང་བས་དེ་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡོས་པའི་བསོད་ནམས་ཀྱི་དངོས་པོ་དེ་དག་དང། དགེ་བའི་རྩ་བ་བསྐྱེད་པའི་འཕགས་པ་དེ་དག་དང། རྗེས་སུ་ཡི་རང་ཞིང་བསོད་ནམས་ཡོངས་སུ་བསྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟར་གྲགས
་ཤིང་ཐ་སྙད་དུ་བཏགས་པ་དེ་བཞིན་དུ་ཡང་དག་པར་ཡོད་པ་ཡིན་ནམ་ཞེས་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་དྲིས་པ་སྟེ། དེ་དག་ཇི་ལྟར་དམིགས་ཤིང་མཚན་མར་བཟུང་བ་བཞིན་དུ་ཡོད་པར་གྱུར་ན་ནི་ཆོས་ཐམས་ཅད
་དངོས་པོ་ཡོད་ཅིང་དམིགས་པ་དང་བཅས་པའི་སྐྱོན་དུ་འགྱུར་རོ། །དེ་སྟེ་མེད་ན་ནི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོར་ཡང་མེད་དེ། དེ་ལྟར་དངོས་པོ་མེད་པ་ལ་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོས་ན། མེད་པ་ལ་ཡོད་པར་སྒྲོ
་བཏགས་པས་ཕྱིན་ཅི་ལོག་ཏུ་ལྟས་པར་འགྱུར་རོ་ཞེས་གལ་བཟུང་སྟེ་དྲིས་པའོ། བྱམས་པས་སྨྲས་པ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ། དངོས་པོ་དེ་དག་དང། དམིགས་པ་དེ་དག་དམིགས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དགེ་བའི་རྩ་བ་དེ་དག་དང། རྗེས་སུ་ཡི་རང་བ་ལ་སོགས་པ་གོང་དུ་སྨོས་པ་དེ་དག་ཀུན་རྫོབ་ཏུ་དམིགས་ཤིང། ཡོངས་སུ་བསྔོ
་བར་ཟད་ཀྱིས་དོན་དམ་པར་དངོས་པོ་ཡོད་པར་མ་ཡིན་ནོ་ཞེས་བསྟན་པའོ། རབ་འབྱོར་གྱིས་སྨྲས་པ་གལ་ཏེ། དེ་ལྟར་དངོས་པོ་མེད་པ་དང་དམིགས་པ་མེད་པས་ཞེས་བྱ་བ་ནས། དེ་ལྟར་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མ་གྱུར་ཏམ་ཞེས་བྱ
་པའི་བར་དུ་ནི་དེ་ལྟར་དངོས་པོ་མེད་པ་ཡིན་ན་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང། ཉན་ཐོས་དང་རང་སངས་རྒྱས་དེ་དག་གི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བའི་བསོད་ནམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་ཡོངས་སུ་བསྔོ་བ་དེ་མི་དམིག་ན་ནི་བསྔོར་ཡང་མེད། དམིགས་པའི་ཚུལ་གྱིས་བསྔོས་ན་དངོས་པོ་མེད་པ་ལ་ཡོད་པར་རྟོག་པས། མི་རྟག་པ་ལ་རྟག་པར་ལྟ་བ་དང། སྡུག་བསྔལ་བ་ལ་བདེ་བར་ལྟ་བ་དང། བདག་མེད་པ་ལ་བདག་ཏུ་ལྟ་བ་དང།
་མི་གཅེས?་པ་ལ་གཅད་པར་ལྟ་བ་བཞིན་དུ། འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རམ་ཞེས་བརྒལ་བའོ། །དེ་ལྟར་ཡིན་ཡང་ཐམས་ཅད་དངོས་པོ་ཇི་ལྟ་བ་དང། དམིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་སེམས་ཀྱང་དེ་བཞིན་ཞེས
་བྱ་བ་ནས། སངས་རྒྱས་གྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་དེ་བཞིན་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དངོས་པོ་དེ་ནི་གང་ཞིག་ཡིན། དམིགས་པ་དེ་ནི་གང་ཞིག་ཡིན། བྱང་ཆུབ་དེ་ནི་གང་ཞིག་ཡིན
་སེམས་དེ་ནི་གང་ཞིག་ཡིན། དགེ་བའི་རྩ་བདེ་དག་ནི་གང་ཞིག་ཡིན། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་དེ་ནི་གང་ཞིག་ཡིན་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་ཐ་སྙད་དུ་བཏགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ། བླ་ན་མེད་པའི་བྱང
་ཆུབ་དང། ཡོངས་སུ་བསྔོ་བའི་སེམས་དང། སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་དངོས་པོ་དེ་དག་ཐམས་ཅད་ཇི་ལྟར་ཐ་སྙད་དུ་བཏགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ
་དངོས་པོ་ཡོད་པ་ཞིག་ཡིན་ན། ཡོངས་སུ་བསྔོས་པའི་དངོས་པོ་དང། དམིགས་པ་དང་བྱང་ཆུབ་དང། སེམས་དང། དགེ་བའི་རྩ་བ་དང། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་རང་བཞིན་གྱིས་གྲུབ་ཅིང་ཡོང་བ
་གང་ཡིན་ཞེས་དྲིས་པའོ། །བྱམས་པས་སྨྲས་པ་གལ་ཏེ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་པ་ལ་སྤྱོད་སྤྱོད་པ་ཞེས་བྱ་བ་ནས། སྐྱེ་བའི་ཚུལ་གྱིས་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་
་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པར་སྤྱད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་གོམས་བར་བསླབས་པ་དག་ནི་ཆོས་ཐམས་ཅད་མཚན་མ་མེད་ཅིང་གཉིས་སུ
་མེད་པར་རྟོགས་པས། དེ་ལྟར་མཚན་མར་བྱས་ཤིང་ཡོངས་སུ་བསྔོ་བར་མི་བྱེད་པའི་ཕྱིར་དེ་དག་ལ་ནི་གལ་བཟུང་དུ་མེད་དོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་ནས། རང
་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་བསྟན་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་མདུན་དུ་མི་བཤད་དོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས
་པར་སྤྱད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་མ་བྱས་པ། དགེ་བའི་རྩ་བ་ཆེར་མ་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པར་བྱ་བ་ལ་ལེགས་པར་མ་བསླབས་པ་ཞིག
་ཡིན་ན་ནི་དངོས་པོ་དེ་དག་མཚན་མ་དང་བཅས་ཤིང་དམིགས་པ་བཅས་པར་ཡོངས་སུ་བསྔོ་ཡང་སྲིད་དེ། དེ་དག་ལ་ཕྱིན་ཅི་ལོག་ཏུ་ལྟ་བའི་སྐྱོན་དུ་འགྱུར་བས། དེ་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པ་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་ནི་ཤེS
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། སངས་རྒྱས་ཀྱི་ཆོས་མིང་གིས་སྨོས་པ་དེ་དག་ཟབ་ཅིང་དམིགས་སུ་མེད་པ་དེ་ལྟ་བུར་བཤད་པར་མི་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་དད?
་བ་ཙམ་མམ། དགའ་བ་ཙམ་མ་མོས་བ་ཙམ་མམ་གུས་པ་ཙམ་ཞིག་ཡོད་པར་ཡང་མེད་པར་གྱུར་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཟབ་མོ་བསྟན་ན་སྣོད་དུ་མ་གྱུར་པས་ཡིད་མི་ཆེས་ཤིང་དངS་པ་འབྲེ་བ
་ལ་སོགས་པའི་སྐྱོན་དུ་གྱུར་པ་བསྟན་པའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་ཅིང་བསྟན་ཏོ་ཞེས་བྱ་བ་ནས། དེའི་མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་བཤད་པར་བྱའོ་བསྟན་པར་བྱའོ་ཞེས་བྱ
་བའི་བར་དུ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དེ་ལྟ་བུ་དག་ལ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་མཚན་མ་མེད་ཅིང་དམིགས་སུ་མེད་པའི་ཚུལ་དུ་བསྟན་པར་བྱའོ་ཞེས་བཤད་པའོ། །དེས་ནི་ངེས་ཐོས་ནས་མི་འཇིགས་མིང་དང་སྐྲག་པར་མི་འགྱུར་ཏེ་ཞེས་བྱ
་བ་ནི་ཕྱིར་མི་ལྡོག་བའི་བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དེ་ལྟ་བུ་ངག་ལ་དམིགས་སུ་མེད་ཅིང་མཚན་མ་མེད་པའི་ཆོས་རྣམས་བསྟན་ན་འཇིགས་ཤིང་སྐྲག་པ་ལ་སོགས་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ
་བ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས
་དཔའ་ཨོ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པ་ཆེ་བའི
་དོན་དུ་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་དམིགས་སུ་མེད་པར་རྟོག་པར་བྱས་ལ། ཀུན་རྫོབ་ཏུ་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན
་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེའོ་ཞེས་བསྟན་པའོ། །རེ་བ་འབྱོར་གྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ཞིང་དགེ་བའི་རྩ་བ་དེ་དག་བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མི་རིགས་པའི་གཏན་ཚིགས་རབ་འབྱོར་གྱིས་བསྟན་པ་སྟེ། ཡོངས་སུ་བསྔོ་བར་བྱ
་བའི་སེམས་དེ་ནི་ཟད་ཅང་འགགས་ལ་མེད་དེ་རྣམ་པར་གྱུར་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་དམིགས་ཤིང་ཡོངས་སུ་བསྔོ་བར་བྱེད་པའི་སེམས་དེ་ནི་སྐད་ཅིག་མའི་རང་བཞིན་ཏེ། ཟད་ཅིང་འགགས་ལ་དངོས་པོ་མེད་དེ། རང་བཞིན་གཅིག་ཏུ་གནས་པ་མ་ཡིན་པས་བསྔོ་བར
་བྱེད་པའི་སེམས་དེ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་དེ་དག་དང་དམིགས་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་ཀྱང་ཟད་ཅིང་འགག་པ་མེད་དེ་རྣམ་པར་གྱུར་ན་ཞེས་བྱ་བ་ནི་བསོད་ནམས་བྱ་བའི་དངོས་པོ་སྦྱིན་པ་ལ་སོགས་པ་དང། དམིགས་པའི་ཡུལ་གང་དུ་བསྔོ་བར་བྱ
་བ་བླ་ན་མེད་པའི་བྱང་ཆུབ་དང། སྦྱིན་པ་ལ་སོགས་པ་བྱས་པའི་དགེ་བའི་རྩ་བ་དེ་དག་ཀྱང་སྐད་ཅིག་མ་སྟེ། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་ཟད་ཅིང་འགགས་ལ་དེ་རྣམ་པར་གྱུར་ན། ཅི་ཞིག་གང་དུ་བསྔོ་ཞེས་བྱ་བའི་དོན་ཏེ། ཟད་པ་དང། འགག་པ་དང། མེད་པ
་དང། རྣམ་པར་འགྱུར་བ་ཞེས་བྱ་བ་ནི་སྐད་ཅིག་མའི་རང་བཞིན་ཡིན་པས་མི་རྟག་ཅིང་དངོས་པོ་མེད་པའི་རྣམ་གྲངས་སོ། །རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ནི་གང་ཞིག་།དངོས་པོ་དེ་དག་ནི་གང་ཞིག་།དམིགས་པ་དེ་དག་ནི་གང་ཞིག་།དགེ་བའི་རྩ་བ་དེ་དག་ནི་གང་ཞིག་།བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་ཞེས་བྱ་བ་ནི་དེ་ལྟར་རྗེས་སུ་ཡི་རང་བའི་སེམས་དང། སྦྱིན་པ་ལ་སོགས་པའི་དངོས་པོ་དང། དམིགས་པར་བྱ་བའི་ཡུལ་བླ་ན་མེད་པའི་བྱང་ཆུབ་དང། ཡོངས་སུ་བསྔོ་བར་བྱ་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་དོན་དམ་པར
་དངོས་པོ་མེད་པ་ཡིན་ན་ཅི་ཞིག་ཡོངས་སུ་བསྔོར་ཡོད་ཅེས་བྱ་བའི་དོན་ཏོ། །ཅི་སེམས་ཀྱིS་སེམས་ཡོངས་སུ་བསྔོ་འམ། དེ་ལྟར་སེམས་ཀྱིS་སེམས་ཡོངས་སུ་བསྔོ་ན་ནི་སེམས་གཉིས་ཕྲད་པར་འགྱུར་བ་མེད་དེ་ཞེས་བྱ་བ་ནི་རྗེ་སུ་ཡི་རང་བའི་སེམས་དང། ཡོངས་སུ་བསྔོ་བའི་སེམས་གཉིས་ཀ་སྐད
་ཅིག་མའི་རང་བཞིན་ཡིན་ཏེ། ཡོངས་སུ་བསྔོ་བའི་སེམས་བྱུང་བའི་ཚེ་རྗེས་སུ་ཡི་རང་བའི་སེམས་འགགས་ཏེ་མེད་པར་གྱུར་པས་སེམས་ཀྱིS་སེམས་ཡོངས་སུ་བསྔོར་ཡང་དེ་ལྟར་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་དེ
་ལྟར་དོན་དམ་པར་སེམས་ཀྱིས་རང་བཞིན་ཡོང་པར་མ་གྲུབ་སྟེ་མེད་པས་དངོས་པོ་མེད་པ་ལ་ཡོངས་སུ་བསྔོར་མི་རུང་ངོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་ཚ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ནས། གལ་ཏེ་དེ་ལྟར་ཡོངས་སུ་བསྔོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར
་དུ་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་བྱ་སྟེ། དེ་དག་ལ་མཚན་མར་མི་འཛིན་པར་ཀུན་རྫོབ་ཏུ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས་ཡོངས་སུ་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་ཡོངས་སུ་བསྔོས་པར
་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་སྨྲས་པ་ཞེས་བྱ་བ་ནས། ཇི་ལྟར་ངེས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བཟུང་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ
་བསྔོས་པ་ཡིན་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱིས་ནི་གོང་དུ་བཤད་པའི་ཚུལ་བཞིན་དུ་ཤེས་རབ་ཀྱིས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་བྱས་ནས། ཐབས་ཀྱིས་ཀུན་རྫོབ་ཏུ་དགེ
་བའི་རྩ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། བསྔོ་བ་ལ་སྐྱོན་མེད་ཅིང་ཡོངས་སུ་དག་པར་འགྱུར་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་མི་ལྡན་པ་རྣམས་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པར
་བསྟན་པ་འདི་ཐོས་ནས། འཇིགས་ཤིང་སྐྲག་པར་འགྱུར་རམ་མི་འགྱུར། དགེ་བའི་རྩ་བ་དེ་དག་དང། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཐབས་ཇི་ལྟར་ཡོངས་སུ་བསྔོ་བར་བྱ་བ་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས
་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་དམིགས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བ་ནི་ཐེག་པ་ལས་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དགེ་བའི་རྩ
་བ་དམིགས་སུ་མེད་པ་དང། མཚན་མ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་བའི་ཐབས་བསྟན་པ་འཁོར་ཐམས་ཅད་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བྱམས་པ་ལ་དམིགས་ནས་སྨྲས་པ་བསྟན་པ་སྟེ། དེ་ལྟར་བྱམས་པ་ལ་དམིགས་ནས་རབ་འབྱོར་ཉིད་ཀྱི་མཐུ་དང་སྤོབས་པས
་བཤད་པ་མ་ཡིན་གྱིས། འཕགས་པ་བྱམས་པའི་བྱིན་གྱིས་བརླབས་ཀྱིས་བཤད་པར་འགྱུར་བ་བསྟན་པའི་ཕྱིར་རོ། །ཀོའུ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་པའི་ཚུལ་དང། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་དང། མཚན་མ་མེད
་པའི་ཚུལ་གྱིས་འཛིན་པར་བྱེད་ན་ཞེས་བྱ་བའི་བར་དུ་ནི་དགེ་བའི་རྩ་བ་དང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དི?་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་བསྔོ་བའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི
་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་མེད་པས་དེ་དག་ལ་མི་དམིགས་ཤིང་མཚན་མར?་མི?་འཛིན་པར་བྱས་ལ། ཀུན་རྡོབ་ཏུ་དེ་དག་ལ་སྤྱོད་ཅིང་ཡོངས་སུ་བཟུང་ནས་དེ་ལྟར་སྤྱོད་པའི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས
་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ་ཞེས་བསྟན་པའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མེད་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པ་མེད་བར་འགྱུར་རོ། །དགེ་བའི་བཤེ་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་བྱ་བའི་བར
་དུ་ནི་དེ་ལྟར་ཐབས་དང་ཤེས་རབ་ཏུ་ལྡན་པས་དོན་དམ་པར་མཚན་མ་དང་དམིགས་པ་མེད་པར་ཡང་རྟོགས་ལ། ཀུན?་རྫོབ་ཏུ་ཆོས་དེ་དག་ལ་སྤྱོད་ཅིང་དགེ་བའི་རྩ་བ་ཡོངས་སུ་དག་པར་བསྔོ་ན་ཆོས་ཟབ་མོས་འཇིགས་ཤིང། སྐྲག་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས
་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཐེ་ཚོམ་དང་ནེམ་ནུར་མེད་པས་དད་པ་དང་མོས་པ་ཆེ་བར་འགྱུར་བ་དང། ཆོས་ཟབ་མོའི་སྣོད་དུ་གྱུར་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་བའི
་ཕན་ཡོན་བསྟན་པའོ། །དགེ་བའི་བཤེས་གཉེན་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་དོན་དང་ལྡན་ཡི་གེ་དང་ལྡན་པར་སྟོན་པར་འགྱུར་ཏེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་ཆུད་ཀྱི་བར་དུ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ
་བརྒྱད་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཟབ་མོའི་སྣོད་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་དགེ་བའི་བཤེས་གཉེན་རྣམས་ཀྱང་ཡིད་ཆེས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད
་ལ་ཐུག་གི་བར་དུ་དོན་དང་ཚིག་ཏུ་ལྡན་པར་ལུང་དང་མན་ངག་མ་ནོར་བར་སྟོན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ལ་བདུད་ཀྱི་ལས་རྣམས་ཀྱང་སྟོན་པར་འགྱུར་ཏེ། དེས་བདུད་ཀྱི་ལས་དེ་དག་ཐོས་ནས་འགྲིབ་པ་འམ་འཕེལ་བ་མེད་པར་འགྱུར་རོ
་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་དེ་དག་ཐེག་པ་ལ་གསང་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དགེ་བའི་བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་རྣམས་ཇི་ལྟར་འབྱུང་བ་ཡང་སྟོན་པར་འགྱུར་ལ། ཐག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ
་དག་གིས་བདུད་ཀྱི་ལས་དེ་དག་ཐོས་ན་ཡང་དོན་དམ་པར་བདུད་ཀྱི་ལས་དེ་དག་ཉིད་ཀྱང་དངོས་པོ་མེད་པ་དང། བདག་ཉིད་ལ་ཡང་བདུད་ཀྱིས་གླགས་བཙལ་བའི་སྐྱོན་མེད་པའི་ཕྱིར་སྐྲག་ཅིང་ཞུམ་པར་ཡང་མི་འགྱུར་ལ་བདུད་ཀྱི་ལས་དངོས་པོ་མེད་པར་རྟོགས་པས
་བསྙེམས་ཤིང་ང་རྒྱལ་ཡང་མེད་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་ཀྱི་ལས་དེ་དག་ལ་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་འགྲིབ་པ་འམ་འཕེལ་བ་མེད་པའི་གཏན་ཚིགས་བསྟན་པའོ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་ཆུད་ཀྱི་བར་དུ
་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྣོད་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འགྲོགས་པར་འགྱུར་བ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དྡག་ལ་བསྙེན་བཀུར་བྱེད
་ཅིང། དགེ་བའི་རྩ་བ་བསྐྱེད་པ་དང། དགེ་བའི་རྩ་བ་དེ་དག་གིས་ནམ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང། བྱང་ཆུབ་སེམས་དཔའ་ཨི་རིགས་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔས
་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱིས་བསོད་ནམས་ཅི་མཛད་པ་དང། སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་དེ་དག་ལ་རྒྱལ་རིགས་ཆེ་ཞིང་མཐོ་བ་ལ?་སོགས་པ་འོག་མིན་གྱི་ལྷའི་བར་དུ་འདོད་པའི་ཁམས
་དང། གཟུགས་ཀྱི་ཁམས་ཀྱི་མི་དང་ལྷ་རྣམས་ཀྱིས་དགེ་བའི་རྩ་བ་བསགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བླ་ན་མེད་པའི་རྗེས་སུ་ཡི་རང་བར་བྱས་ལ། དེ་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ་བླ་ན་མེད་པ་ཡང་དག
་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བ་བསྟན་པ་སྟེ། དེ་ལ་?་པའི་ཚུལ་ཆད་པར་གྱུར་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཚིག་ལམ་ཉམ་པ་མི་མངའ་བ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར
་རྟོག་པ་མི་མངའ་ཡང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་སེམས་ཅན་གྱི་དོན་དུ་ཆོས་འཆད་པའི་གསུང་རྣམ་པ་སྣ་ཚོགས་རྒྱུན་མི་འཆད་པར་འབྱུང་བ་ལ་བྱའོ། །ཁུར་བོ་དང་ཞེས་བྱ་བ་ནི་ཕུང་པོའི་ཁུང་དང། ཉོན་མོངས་པའི་ཁུར་དང། ཡི་དམ་བཅས་པའི་ཁུར་དང། བརྩོན་འགྲུས་ཀྱི་ཁུར་རྣཾས
་བླངས་པ་མཐར་ཕྱིན་ཅིང་བོར་བ་ལ་བྱ་སྟེ། གླེང་གཞིའི་ལེའུ་ལས་ཁུར་པོར་བ་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །གྲོ་དགེ་ཚེར?་མ་རབ་ཏུ་བས་བ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཕལ་པ་གྲོང་མིའི་ཆོས་ངན་པ་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་བདག་དང་གཞན་ལ་གནོད་པའི་ཆོས་ཅན
་ཚེད་མ་དང་འདྲ་བ་རྣམས་སྤངས་པ་ལ་བྱའོ། །སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཆད་པ་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཁམས་གསུམ་དུ་སྐྱེ་ཞིང་སྦྱོར་བར་འགྱུར་བ་རྣམས་སྤངས་ཤིང་རྒྱུན་བཅད་པ་ལ་བྱ་སྟེ། གླེང་གཞིའི་ལེའུ་ལས་སྲིད་པར་ཀུན་ཏུ་སྤྱོད་པ
་ཡོངས་སུ་ཟད་པ་བསྟན་པའི་སྐབས་སུ་ཞིབ་ཏུ་བཤད་པ་བཞི་ནོ། ཡང་དག་པར་ཡོངས་སུ་མཁྱེན་པས་ཐུགས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒིརྦ་པ་བག་ཆགས་ཡན་ཆད་མ་ལུས་པར་སྤངས་ཤིང་ཡེ་ཤེས་རྣམ་པར་དག་པ་ལ་བྱའོ། །རྗེས་སུ་ཡི་རང
་བའི་རབ་དམ་པ་མཆོག་ཅེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་དུ་རྟོགས་པར་བྱས་ནས་ཀུན་རྫོབ་ཏུ་དེ་དག་ལ་རྗེས་སུ་ཡི་རང་བ་ནི་བླ་ན་མེད་པའི་རྗེས་སུ་ཡི་རང་བ་ཞེས་བྱ་སྟེ། རབ་དམ་པ་ལ་སོགས་པ་ནི་བླ་ན་མེད་པའི་རྣམ
་གྲངས་སུ་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན་ཞེས་བྱ་བའི་བར་དུ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི
་རྗེས་སུ་ཡི་རང་བ་དང། བསོད་ནམས་ཡོངས་སུ་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་བྱ་བ་ཞིབ་ཏུ་བཤད་པའི་གླེང་བསླད་པའི་ཕྱིར་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྗེས་སུ་ཡི་རང་བཞིན་ཡོངས་སུ་བསྔོ་བའི་ཆེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང། ཉན
་ཐོས་ཀྱི་དགེ་འདུན་དེ་དག་དང། དགེ་བའི་རྩ་བ་དེ་དག་མ་བསམས་པར་ནི། ཡོངས་སུ་བསྔོར་ཡང་མི་རུང། དེ་དག་གྲ?་སམས་ཏེ་ཡོངས་སུ་བསྔོས་ན་ནི་དངོས་པོར་དམིགས་ཤིང་མཚན་མར་བཟུང་ན་འདུ་ཤེས་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་དང། ལྟ་བ་ཕྱིན་ཅི་ལོག་ཏུ
་ཇི་ལྟར་མི་འགྱུར་ཞེས་གལ་བཟུང་སྟེ་དྲིས་པའོ། །རབ་འབྱོར་གྱི་སྨྲས་པ། བྱམས་པ་གལ་ཏེ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དེ་ཞེས་བྱ་བའི་བར་དུ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་བསྔོ་བ་སྐྱོན་མེད་པ་བསྟན་པ་སྟེ། ཀུན
་རྫོབ་ཏུ་སངས་རྒྱས་དང་ཉན་ཐོས་དང་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བའི་སེམས་རྣམས་ལ་སེམས་ཤིང་རྟོག་ཀྱང། དོན་དམ་པ་དེ་དག་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་པས། དག་བ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་དང། འཕགས་པ་ཉན་ཐོས་དང། དེ་དག་གི་དག
་བའི་རྩ་བ་དང་ཡོངས་སུ་བསྔོ་བར་བྱེད་པའི་བདག་གི་སེམས་རྣམས་ལ་དངོས་པོ་ལྟ་ཞིང་མཚན་མར་འཛིན་པའི་འདུ་ཤེས་མེད་པར་ཀུན་རྫོབ་ཏུ་ཐབས་མཁས་པས་ཡོངས་སུ་བསྔོས་ན། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རུ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དེ་དག་དང། དགེ་བའི་རྩ་བ་དེ་དག་ལ་སེམས་ཤིང་མཚན་མར་འཛིན་ལ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། དགེ་བ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས
་དང། འཕགས་པ་ཉན་ཐོས་དང། དེ་དག་གི་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བར་བྱེད་པའི་བདག་གི་སེམས་རྣམས་དོན་དམ་པར་དངོས་པོ་མེད་པར་མ་རྟོགས་ཤིང། དེ་དག་མཚན་མར་འཛིན་པའི་དུ་ཤེས་ཀྱིས་ཡོངས་སུ་བསྔོས་ན་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ
་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་གང་གི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དང། དགེ་བའི་རྩ་བ་དེ་དག་ལ་སེམས་པའི་སེམས་དེ་ལ་ཡང་དག་པར་སེམས་ཤིང་ཞེས་བྱ་བ་ནས། དེ་ལྟར་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དང། འཕགས་པ་ཉན་ཐོས་དང། དགེ་བའི་རྩ་བ་རྣམས་ལ་སེམས་པའི་སེམས་གང་ཡིན་པ་དག། ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དང། གང་དུ་བསྔོ་བར
་བྱ་བའི་བླ་ན་མེད་པའི་བྱང་ཆུབ་ཀྱང། དོན་དམ་པར་ཟད་ཅིང་དངོས་པོ་མེད་པར་རྟོགས་པར་བྱ་སྟེ། ཀུན་རྫོབ་ཏུ་ཡོངས་སུ་བསྔོ་བར་བྱ་བ་བསྟན་པ་སྟེ། སེམས་དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ལ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་དེའི་རང་བཞིན་ཟད་ཅིང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན
་ཏོ། །ཆོས་གང་ལ་ཡོངས་སུ་བསྔོ་བའི་ཆོས་དེའི་ཆོས་ཉིད་ཀྱང་དེ་ཡིན་ནོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བྱང་ཆུབ་ཏུ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པ་དང། མ་བྱོན་པ
་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་ནས་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བའི་བླ་ན་མེད་པའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས
་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་དགེ་བའི་རྩ་བ་ཇི་སྙེད་ཅིག་མཛད་པ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་གྱིས་དགེ་བའི་རྩ་བ་ཇི་སྙེད་ཅིག་མཛད་པ་དང། སོ་སོའི་སྐྱེ་བོ་ལྷ་དང་མི་ལ་སོགས་པའི་རིགས་སུ་གཏོགས་པ་རྣམས་ཀྱིས་འཕགས་པ
་དེ་དག་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རང་བའི་མཆོག་དམ་པ་བླ་ན་མེད་པས་རྗེས་སུ་ཡི་རང་ནས་དེ་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས
་ལ། དོན་དམ་པར་དགེ་བ་མཛད་པའི་འཕགས་པ་རྣམས་དང། སོ་སོའི་སྐྱེ་བོ་རྣམས་དང། དགེ་བའི་རྩ་བ་རྣམས་དང། རྗེས་སུ་ཡི་རང་བའི་སེམས་དང། ཡོངས་སུ་བསྔོ་བའི་སེམས་དང། གང་དུ་ཡོངས་སུ་བསྔོ་བའི་བྱང་ཆུབ་ཀྱི་ཆོས་དེ་དག་ཐམས་ཅད་ཟད་ཅིང་འགགས་ལ་དངོས་པོ
་མེད་དེ་རང་བཞིན་གྱིས་སྟོང་པར་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་ཐབས་མཁས་པས་ཡོངས་སུ་བསྔོས་ན་བླ་ན་མེད་པའི་ཡོངས་སུ་བསྔོས་པར་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་ཀྱི་ཆོས་ཡོངས་སུ་བསྔོ་པར་མི་བྱ་སྟེ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱ་བ་དང། ཡོངས་སུ་བསྔོ་བར་བྱེད་པའི
་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་སྟོང་པས་སྟོང་པ་ལ་བསྔོར་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས
་ཀྱིས་དབེན་པར་ཤེས་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་བསོད་ནམས་བྱ
་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་ཀྱིས་དབེན་པར་ཤེས་ཏེ། ཆོས་དེ་དག་གི་རང་བཞིན་དང་མི་ལྡན་པར་ཤེས་ནས་ཀུན་རྫོབ་ཏུ་ཡོངས་སུ་བསྔོས
་ན་སྐྱོན་མེད་ཅིང་བསྔོ་བ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱིས
་དབེན་པར་ཤེས་ཏེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་དོན་དམ་པར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱང་རང་བཞིན་གྱིས་དབེན་ཏེ་སྟོང་པར་ཤེས
་ལ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་དང། བསྔོ་བར་བྱ་བ་བའི་དགེ་བའི་རྩ་བ་དེ་དག་དང། བསྔོ་བར་བྱེད་པའི་སེམས་དེ་དག་དང། གང་དུ་བསྔོ་བའི་བྱང་ཆུབ་དེ་ཉིད་ཀྱང་དེའི་རང་བཞིན་གྱིས་དབེན་ཞིང་སྟོང་པར་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་བཅོ
་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཐམས་ཅད་ཀྱང་དེ་དག་གི་རང་བཞིན་གྱིས་དབེན་ཞིང་སྟོང་པར་ཤེས་པར་བྱས་ལ། ཀུན་རྫོབ་ཏུ་ཡོངས་སུ་བསྔོས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འགལ་བར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོན་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སངས་རྒྱས་བཅོམ་ལྡན་འདས
་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱིས་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ཡོངས་སུ་བསྔོ་བའི་ཚེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་སྟེ་མངོན
་དུ་མི་བཞུགས་ཤིང་དངོས་པོར་མི་སྣང་བ་བཞིན་དུ། དགེ་བའི་རྩ་བ་དེ་དག་དང། ཡོངས་སུ་བསྔོ་བ་དེ་དག་དང། ཡོངས་སུ་བསྔོ་བའི་སེམས་དེ་དག་ཀྱང་མྱ་ངན་ལས་འདས་པ་དང་འདྲ་བར་དོན་དམ་པར་དངོས་པོ་མེད་པར་རྟོག་པར་བྱས་ནས། ཀུན་རྫོབ་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས
་ན་མཚན་མར་མི་འཛིན་པས་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མའི་ཚུལ་གྱིS་སངས་རྒྱས
་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་ཤེས་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ནོ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་སངས་རྒྱས་བཅོམ་ལྡན་འདས་དང། དགེ་བའི་རྩ་བ་དེ་དག་ལ
་མཚན་མར་འདུ་ཤེས་ན་ཡང་ཡོངས་སུ་བསྔོ་བ་སྐྱོན་མེད་པར་མི་འགྱུར་ལ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཚན་མ་མེད་པ་དང། མཚན་མའི་ཡུལ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་སེམས་ཤིང་འདུ་ཤེས་སྐྱེ་བ་ཉིད་ཀྱང་མཚན་མར་འཛིན
་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྐྱོན་མེད་པ་མ་ཡིན་ཏེ། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ཞེས་བྱ་བ་ནས།
་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གོང་དུ་སྨོས་པ་ལྟར་མཚན་མར་མི་འཛིན་ན་བསྔོ་བ་ཡོངས་སུ་དག་པ་སྟེ། ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བསྟན་པའོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་དགེ་བའི་རྩ་བ་དེ་དག་ལ་མཚན་མར་མི་བྱེད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་བསོད་ནམས་དེ་དག་མཚན་མར་མ་བཟུང་ན་ནི་ཡོངས་སུ་བསྔོར་ཡང་མེད། །ཡོངས་སུ་བསྔོ་བ་ནི་མཚན
་མར་མི་བཟུང་དུ་ཡང་མི་རུང་ན། འདི་གཉིས་ཇི་ལྟར་འགལ་བར་མི་འགྱུར་ཞེས་དྲིས་པའོ། །རབ་འབྱོར་གྱི་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐབས་མཁས་པ་དེ་དག་བསླབ་པར་བྱ་སྟེ་ཞེས་བྱ
་པ་ནི་དངོས་པོ་རྣམས་མཚན་མར་ཡང་མི་འཛིན་ལ། ཡོངས་སུ་བསྔོ་བ་སྐྱོན་མེད་པར་ཡང་འགྱུར་བ་ནི། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔས་ནུས་ཏེ། དེ་ལྟ་བུའི་ཐབས་ལ་མཁས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པས་བསླབ་དགོས་སོ་ཞེས
་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བུའི་ཐབས་མཁས་པ་བསླབ་པ་ཡང་གཞན་དུ་མི་བཙལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བཙལ་བར་བྱ
་བའི་གཏན་ཚིགས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར། བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མཚན་མ་མེད་པར་མ་རྟོགས་པས། བསོད་ནམས་ཡོངས་སུ་བསྔོས་ཀྱང། བསྔོ་བ་ཡོངས་སུ
་དག་པར་མི་འགྱུར་རོ་ཞེས་བསྟན་པའོ། །བྱམས་པ་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་དེ་མི་དམིགས་སོ་ཞེས་བྱ་བ་དང་ཞེས་བྱ་བ་ནས། ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དེ་དག་ཀྱང་མེད་དོ་མི་དམིགས་སོ་ཞེས་བྱ་བ་འདི་སྐྱོན
་དུ་སྨོས་པར་མི་འགྱུར་མ་སྙམ་ན་ཞེས་བྱ་བའི་བར་དུ་ནི་མཚན་མ་མེད་ཅིང་མི་དམིགས་པར་ཡོངས་སུ་བསྔོ་བ་གོང་དུ་བཤད་པ་ལ་མེད་པར་ལྷ་བའི་སྐྱོན་དུ་འགྱུར་བྲ་དོགས་པ་སྐྱེ་བར་འཕག་པ་བྱམས་པས་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོS
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་ཞེས་བྱ་བ་ནས། མི་དམིགས་ཤིང་མཚན་མ་མེད་པར་བྱ་སྟེ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་མེད་པར་ལྟ་བའི་སྐྱོན་དུ་མི་འགྱུར་པའི་གཏན་ཚིགས་བསྟན་པ་སྟེ་ཡོངས་སུ་བསྔོ་བར་བྱ
་བའི་དགེ་བའི་རྩ་བ་ལ་སོགས་པ་དེ་དག་ཐམས་ཅད་དོན་དམ་པར་འགགས་ཤིང་མེད་པར་གྱུར་པ་ལ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པ་ནི་ལྟ་བ་ལོག་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཀྱང་སྨད་པ་ཡིན་གྱིས། དོན་དམ་པར་མེད་ཅིང་མི་དམིགས་པ་ལ
་མེད་ཅིང་མི་དམིགས་པར་རྟོགས་ནས་མཚན་མར་མི་འཛིན་པ། ནི་སྐྱོན་དུ་མི་འགྱུར་རོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དམིགས་པའི་འདུ་ཤེས་ཅན་དང།
་མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དོན་ཆེ་བར་མ་གསུངས་སོ་ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་ཡོངས་སུ་བསྔོ་བ་དེ་བཞིན་གཤེགས་པས་ཀྱང་དོན་ཆུང་ཞིང་སྨད་པ་ཡིན་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ
་བསྔོ་བ་དེ་ནི་དུག་ཅན་ཟུག་རྔུ་ཅན་ཏེ་ཞེས་བྱ་བ་ནས། དེ་བཞིན་དུ་འདི་ལ་ལེག་པར་རིག་པ་དང། ལོག་པར་ཤེས་པ་དང། ལོག་པར་བསླབ་པ་ལ་དོན་མ་རྟོགས་པར་མི་ཤེས་ཤིང་འདི་སྐད་དུ་སྟོན་ཏེ་ཞེས་བྱ་བའི་བར་དུ་ནི་ད་ལྟར་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས
་པར་ཡོངས་སུ་བསྔོ་བ་སྐྱོན་དུ་འགྱུར་བའི་དེས་ཁ་ཟས་དུག་ཅན་ཟ་བ་ལས་བླངས་ཏེ་བསྟན་པའོ། །ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་འགྱུར་སྟེ། ཞེས་བྱ་བ་ནས།
་དེ་ལྟར་ཡོངས་སུ་བསྔོན། དེ་བཞིན་གཤེགས་པ་ལ་སྐུར་བར་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་ཡང་མ་ཡིན། ཆོས་བཞིན་དུ་སྨྲ་བ་ཡང་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས
་ཕྱི་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། མི་མཉམ་པའི་ཆོས་ཉིད་དང་རྟག་ཏུ་བཏང་སྙོམས་སུ་གནས་པ་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱད་ཅིང་བསྒོམས་པའི་དགེ་བའི་རྩ་བ་ལ་མཚན་མར་བཟུང
་ཞིང་དམིགས་པ་དང་བཅས་པར་དག་ཀྱང་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོ་བ་དང། གཞན་ཡང་དེ་ལྟར་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོར་འཇུག་པ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱི་དགེབའི་རྩ་བ་ཟད་པ་མེད་པ
་དང། སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བའི་རྩ་བ་ཅི་བསྐྱེད་པ་རྣམས་ལ་མཚན་མར་འཛིན་ཅིང། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོར་འཇུག་ན་ཁ་ཟས་དུག་ཅན་ཟབ་དང་འདྲ་བར་བསྔོ་བ་སྐྱོན་ཅན་དུ་འགྱུར་ཞིང་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་འགྱུར་བ་བསྟན་པའོ། །དེ་ལ
་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོས་ཇི་ལྟར་ན་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་སྟེ་ཞེས་བྱ་བ་ནས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར
་འགྱུར་སྙམ་དུ་བསླབ་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྐྱོན་ཅན་དུ་འགྱུར་བས། དེའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དུས་གསུམ་དུ་བཞུགས་པའི
་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པ་ལ་ཇི་ལྟར་རྗེས་སུ་ཡི་རང་སྟེ་ཡོངས་སུ་བསྔོས་ན། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་སྙམ་དུ་དམིགས་པ་དང་བཅས
་ཤིང་མཚྣ་མ་དང་བཅས་པར་ཡོངས་སུ་བསྔོ་བས་བསླབ་པར་མི་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གྱི་སྨྲས་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཨི་ཐེགས་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་དེ་བཞིན་གཤེགས
་པ་ལ་སྐུར་བར་འགྱུར་བ་མེད་པར་འདོད་པས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་བྱ་བ་ནས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ
་དག་པར་བྱ་བའི་ཐབས་བསྟན་པ་སྟེ། དེའི་ཐབས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་དག་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཐུགས་སུ་ཆུད་ལ། ཀུན་རྫོབ་ཏུ་ཐབས་མཁས་པས་དེ་ལ་མ་ཆགས་པར་ཡོངས་སུ་བསྔོ་བ་མཛད་པ་དེ
་བཞིན་དུ་བདག་ཀྱང་ཡོངས་སུ་བསྔོའོ་ཞེས་དེ་བཞིན་གཤེགས་པ་ཚད་མར་བྱ་སྟེ་ཡོངས་སུ་བསྔོས་ན་བསྔོད་ཡོངས་སུ་དགུ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ལ་དགེ་བའི་རྩ་བ་དེ་དག་གི་དང་ཚུལ་གང་ཡིན་པ་དང། རང་བཞིན་གང་ཡིན་པ་དང། མཚན་ཉིད་གང་ཡིན་པ་ཞེས་བྱ
་བ་ནི་རང་བཞིན་གང་ཡིན་པ་ཞེས་བྱ་བའི་རྣམ་གྲངས་ཏེ། དོན་དམ་པར་དེ་དག་གི་རང་བཞིན་མེད་པ་ཡིན་ཡང་ཀུན་རྫོབ་ཏུ་ཇི་ལྟར་བསྔོས་པའི་འབྲས་བུ་འཐོབ་པར་འགྱུར་བ་ཐུགས་སུ་ཆུད་དེ་མཁྱེན་ལ་ཞེས་བྱ་བ་དང་སྦྱར་རོ། །ཆོས་ཉིད་གང་གྱིས་ཡོང་པ་དེ་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པར
་སྟོང་པ་ཉིད་ཀྱི་ཆོས་ཉིད་ཡིན་ལ། ཀུན་རྫོབ་ཏུ་ཇི་ལྟར་བསྔོས་པའི་ཇི་ལྟར་འབྲས་བུ་ཐོབ་པར་བྱེད་པ་དེ་ལྟ་བུའི་ཆོས་ཉིད་དུ་ཡོད་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་དང་སྦྱར་རོ། །ཡོངས་སུ་བསྔོ་བ་དེ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བ་ལ་བདུད་རྩི་ཞེས་བྱ་བ་ནི་མྱ་ངན་ལས
་འདས་པ་ལ་བྱ་སྟེ། །དེ་ལྟར་ཡོངས་སུ་བསྔོས་ན་བསྔོ་བ་སྐྱོན་མེད་པ་ཡིན་པ་མྱ་ངན་ལས་འད་པ་ཐོབ་པར་འགྱུར་རོ་བྱ་བའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པའི་ཚེ། དགེ་བའི་རྩ་བ་རྣམས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་བྱ་བ་ནས། རང་སངས་རྒྱས་དེ་དག་ཀྱང་ཁོང་དུ་ཆུད་པ་མ་ཡིན་ནོ། །དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་ཁོང་དུ་ཆུད་པ་མ་ཡིན་ཏེ། གང་ཁོང་དུ་ཆུད་པ་མ་ཡིན་པ་དེ་ནི་འདS་པ་མ་ཡིན། མ་འོངས་པ་མ་ཡིན། ད
་ལྟར་བྱུང་བ་མ་ཡིན་ནོ། ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྟག་ཏུ་བཏང་སྙོམས་སུ་གནས་པ་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་ཁམས་གསུམ་གང་ན་ཡང་མེད་ལ། དུས་གསུམ་གང་དུ་ཡང་མ་གཏོགས་པ་དེ་བཞིན་དུ་ཡོངས་སུ་བསྔོ
་བ་དང། གང་དུ་བསྔོ་བར་བྱ་བའི་བླ་ན་མེད་པའི་བྱང་ཆུབ་དང། ཡོངས་སུ་བསྔོ་བར་བྱ་བའི་དགེ་བའི་རྩ་བ་དང། དགེ་བའི་རྩ་བ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་དང། ཉན་ཐོས་དང་རང་སངས་རྒྱས་དེ་དག་ཀྱང་དོན་དམ་པར་ཁམས་གསུམ་གང་དུ་ཡང་མེད་ལ་དུས
་གསུམ་གང་དུ་ཡང་མ་གཏོགས་པར་ཤེས་པར་བྱ་སྟེ་ཡོངས་སུ་བསྔོ་ན་བསྔོ་བ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཞེས་བྱ་བ་ནས་དེ་ལྟར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོའི་བསྔོ་བ་དུག་མེད་པ་ཡིན་ཏེ། བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྟག་ཏུ་བཏང་སྙོམས་སུ་གནས་པ་ལ་ཐུག་གི་བར་གྱིས་ཆོས་དེ་དག་ཐམས་ཅད་གོང་དུ་སྨོས་པའི་ཚུལ་དུ་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཁམས་གསུམ
་གང་ན་ཡང་མེད་ལ། དུས་གསུམ་གང་དུ་ཡང་མ་གཏོགས་པ་དེ་དག་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོར་མི་རུང་པའི་གཏན་ཚིགས་ཞིབ་ཏུ་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དོ་ཞེས་བྱ་བ་ཁམས་གསུམ་གང་ན་ཡང་མེད་ཅིང།
་དུས་གསུམ་གང་དུ་ཡང་མ་གཏོགས་པ་དེ་ལ་སོ་སོའི་རང་གི་མཚན་ཉིད་མེད་དོ་ཞེས་བསྟན་པའོ། །གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་རང་གི་མཚན་ཉིད་མེད་པ་དེ་ལ་དོན་དམ་པར་སྤྱའི་མཚན་ཉིད་ཀྱང་མེད་དེ། དངོས་པོ་ཡོང་བར་མ་གྲུབ་པོ
་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་ཇི་ལྟར་བསྔོ་བར་བྱ་བ་དངོས་པོ་མེད་པ་ད་བཞིན་དུ་བསྔོ་བར་བྱེད་པ་ཡང་དངོས་པོ་མེད་པཱི་ཕྱིར་མེད་པS་མེད་པ་ཡོངས་སུ་བསྔོ་བ་མི་རུང་ངོ་ཞེས་བསྟན་པ་སྟེ། ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར
་བར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མཚན་མའི་ཚུལ་མ། དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ན་དེ་ནི་ལོག་པར་ཡོངས་སུ་བསྔོ་བ་ཡིན་གྱིས། ཡང་དག་པར་ཡོངས་སུ་བསྔོ་བ་མ་ཡིན་ནོ་ཞེས་བྱ་བ་ནས། སངས
་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པ་ལ་དངོས་པོ་ཡོང་པར་དམིགས་ཤིང། མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་ན་ལོག་པར་ཡོངས་སུ་བསྔོ་བ་ཡིན
་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བསྔགས་པ་མ་ཡིན་ལ་དེ་ལྟར་མི་བསྔགས་པའི་ཡོངས་སུ་བསྔོ་བ་ངེས་ནི་ཕ་རོལ་ཏུ་ཕྱིན་བ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུ་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམS
་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། བདག་གི་དོན་ཕུན་སུམ་ཚོགས་པ་མི་འགྱུར་བའི་ཕྱིར་ཁ་ཟས་དུག་ཅན་ཟ་བ་དང་འདྲའོ་ཞེས་བསྟན་པའོ། །གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་བ་དང་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཡོངས
་སུ་བསྔོ་བདེ་ནི་དུག་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་ཡོངས་སུ་རྫོགས་པར་མ་གྱུར་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། སེམས་ཅན་ཡོངས་སུ
་སྨིན་པར་བྱ་བ་ཡང་མི་ནུས་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པར་མི་འགྱུར་པའི་སྐྱོན་བསྟན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། བདག་གིས་ཀྱང་ཆོས་ཉིད་དེས་བླ་ན་མེད
་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བའི་བར་དུ་བསྔོས་པ་ཡོངས་སུ་དག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་ཅིང་ཐབས་མཁས་པའི་ཆོས་ཉིད་ཀྱིས་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག
་གིས་ཀྱང་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཞིང། དམིགས་པ་དང་མཚན་མ་མེད་པར་རྟོགས་པར་བྱས་ལ་ཀུན་རྫོབ་ཏུ་དེ་ལ་མ་ཆགས་པར་བྱ་སྟེ། དགེ་བའི་རྩ་བ་ཡོངས་སུ་བསྔོས་ན་ཐབས་མཁས་པའི་ཆོས་ཉིད་དང་ལྡན་པའི་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས
་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་བསྔོ་བ་རབ་འབྱོར་གྱིས་གོང་དུ
་བཤད་པ་མཚན་མ་མེད་ཅིང་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་པ་བསྟན་པ་དེ་ལེགས་སོ་ཞེས་སྟོན་པ་སྟེ། མཚན་མ་མེད་པ་དང། དམིགས་པ་མེད་པ་དང། སྐྱེ་བ་མེད་པ་ལ་སོགས་པའི་ཚིག་རྣམས་སྨོས་པ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་ཟད་དོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི
་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱིས་ལམ་ཐོབ་པར་གྱུར་ཞེས་བྱ་བ་ནས། བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན
་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་པའི་བསོད་ནམས་པས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི
་རྩ་བ་རྣམས་དམིགས་པ་དང། བཅས་ཤིང་མཚན་མ་དང་བཅས་པའི་སྐྱོན་གྱིས་མ་ཆགས་མ་གོས་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་འཕགས་པར་ཆེ་བ་བསྟན་པ
་སྟེ། རབ་དང། གཙོ་བོ་དང། དམ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དུ་འཕགས་པར་ཆེ་བའི་རྣམ་གྲངས་སོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ཇི་སྙེད་ཅིག་ཡོང་བ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར་ཞེས་བྱ་བ
་ནས། བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པར
་གྱུར་པ་རྣམས་ལ་གོས་དང། ཟས་དང། མལ་སྟན?་དང། ན་བའི་སྨན་གྱི་ཡོ་བྱད་རྣམས་ཀྱིས་རིམ་གྲོ་དང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་པས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་མཚན་མར་འཛིན་པའི་སྐྱོན་གྱིས་མཆགས་མ་གོས་པར་སེམས
་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བར་བསྟན་པའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམS
་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཞེས་བྱའོ། གོང་ན་མེད་པ་ཞེས་བྱའོ། །ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས
་ཅད་རང་སངས་རྒྱས་སུ་གྱུར་པ་ལ་གོས་དང། ཟས་དང། མ་ལ་སྟན་དང། ན་བའི་སྨན་གྱི་ཡོ་བྱང་རྣམས་ཀྱི་རིམ་གྲོ་དང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་པས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་མཚན་མར་འཛིན་པའི་སྐྱོན་གྱིས་མ་ཆགས་མགོས
་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བར་བསྟན་པའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས
་ཅན་ཇི་སྙད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ་ཞེས་བྱ་བ་ནས། རིགས་ཀྱི་བུ་འམ་རིགས་ཀི་བུ་མོ་དེ་དག་ཀྱང་དམིགས་པའི་འདུ་ཤེས་ཅན་ནོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག
་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོང་པ་དེ་དག་ཐམས་ཅད་བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག
་ཐམས་ཅད་ཀྱིས་བསྐལ་པའི་གྲངས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གོས་དང། ཟས་དང་མལ་སྟན་དང། ན་བའི་སྨན་དང་ཡོ་བྱད་མང་པོས་རིམ་གྲོ་དང་བཀུར་སྟི་བྱས་པའི་བསོད་ནམས་པས་ཀྱང། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་པ་མཚན་མར་འཛིན་པའི་སྐྱོན་གྱིས
་མ་ཆགས་མ་གོས་པར་བྱ་སྟེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་སྔ་མ་བས་ཀྱང་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
་ཆུབ་ཏུ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་ལ་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་དག་གིས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མི་ལྡན་པ། དམིགས་པའི་སྤྱོད་པ་ཅན་དེ་དག་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་སྒྲར་བསྒྲགS
་ཏེ་དབྱངས་སུ་བརྗོད་དོ་ཞེས་བྱ་བའི་བར་དུ་ནི་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་ཀྱིས་ལྷ་རྣམས་ཀྱིས་དེ་ལྟར་དམིགས་སུ་མེད་པ་དང། ཆགས་པ་མེད་པ་དང། མཚན་མ་མེད་པ་དང། རྩོལ་བ་མེད་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཐབས་མཁས་པ་དང་ལྡན་པས་མཛའ་གཉིས་དང་བྲལ་བར་བསྔོས་པ་དེ་དག་ཡོངས་སུ་བསྔོ་བའི་མཆོག་ཡིན་ལ། དམིགས་པ་ཅན་གྱི་དགེ་པའི་རྩ་བ་ཐམས་ཅད་ཟིལ་གྱིས་མནན་པའི་ཡོན་ཏན་སྨོས་ཏེ་རྗེས་སུ་ཡི་རང་ནས་མཆོད་པ་བྱས
་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་དང་ཞེས་བྱ་བ་ནས། མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི
་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔར་གྱུར་པ་རྣམས་ཀྱིས་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པ་རྣམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་སུ་བཅས
་པ་རྣམས་ཀྱིས་དང་པོར་སེམས་བསྐྱེད་པ་ནས། དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱད?། དགེ་བའི་རྩ་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ལ་རྗེས་སུ་ཡི་རང་ནས་དམིགས་པ་དང་བཅས་པའི་ཚུལ
་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་ཀྱང། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བྱང་ཆུབ་སེམས་དཔར་གྱུར་བས། ཕྱོགས་བཅུ་ན་དུས་གསུམ
་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པ་རྣམས་ཀྱིས་དང་པོ་སེམས་བསྐྱེད་པ་ནས། དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱད་དེ། དགེ་བའི་རྩ་བ་ཇི
་སྙེད་ཅིག་བསྐྱེད་པ་དེ་དག་ལ་དམིགས་སུ་མེད་པ་དང་གཉིས་སུ་མེད་པ་ལ་སོགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་ནས། རྗེས་སུ་ཡི་བའི་དགེ་བའི་རྩ་བ་དེ་ཡང་དམིགས་སུ་མེད་པ་དང་གཉིས་སུ་མེད་པ་ལ་སོགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས
་སུ་བསྔོས་ན། དེའི་བསོད་ནམས་དམིགས་པ་ཅན་གྱི་བསྔོ་བ་སྔ་ཨའི་བསོད་ནམས་པས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། རབ་དང་གཙོ་པོ་ལ་སོགས་པ་ནི་ཁྱད་པར་དུ་འཕགས་པའི་རྣམ་གྲངས་སུ་ཟད་དེ་སྔ་མ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ
་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། མི་མཉམ་པ་དང། མཉམ་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་མཚན་མ་མེད་པ་དང་དམིགས་སུ་མེད་པའི་རྗེས་སུ་ཡི་རང་བ་དེར་བ་དང། གཙོ་བོ་དང། ངལ་པ་དང། མཆོག་ལ་སོགས་པར་ཇི་ཙམ་གྱིས་འགྱུར་བ་བསྟན
་པ་སྟེ། དོན་དམ་པར་དགེ་བའི་རྩ་བ་དེ་དག་རང་བཞིན་གྱིས་སྟོང་ཞིང་དེ་བཞིན་ཉིད་དུ་རོ་གཅིག་པས་བླང་དོར་མེད་པ་དང། སྐྱེ་བ་དང། འགག་པ་ལ་སོགས་པ་མེད་པ་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པའི་རང་བཞིན་དུ་རོ་གཅིག་པར་རྟོགས་པར
་བྱ་སྟེ་ཀུན་རྫོབ་ཏུ་རྗེས་སུ་ཡི་རང་ནས། དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་རབ་དང་གཙོ་བོ་ལ་སོགས་པར་འགྱུར་ཏེ། དམིགས་པ་ཅན་གྱིས་རྗེས་སུ་ཡི་རང་བས་དེ་ལ་བརྒྱ་སྟོང་དུ་མའི་ཆར་ཡང་མི་ཕོད་དོ་ཞེས་བསྟན
་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཞེས་བྱ་བ་ནས། རབ་འབྱོར་རྗེས་སུ་ཡི་རང་བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་བྱ་བའི་ཐབས
་བསྟན་པ་སྟེ། དེའི་ཐབས་ཀྱང་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་རྣམ་པར་གྲོལ་ཞིང་ཡོངས་སུ་དག་པར་རོ་གཅིག་པ་དང། ཆོས་ཐམས་ཅད་མ་ཆགས་པ་དང། མ་བཅིངས་པ་དང། མ་གྲོལ་བ་ལ་སོགས་པའི
་རང་བཞིན་ཏུ་རྟོགས་པར་བྱ་སྟེ། ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེ་ལྟར་རྗེས་སུ་ཡི་རང་ནས་ཡོངས་སུ་བསྔོ་བ་དེ་ནི་རྗེས་སུ་ཡི་རང་བའི་རབ་དང་གཙོ་བོ་ལ་སོགས་པ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
་རྫོགས་པར་འཚང་རྒྱ་བའི་རྒྱུར་འགྱུར་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཞེས་བྱ་བ་ནས། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར
་བྱའོ་ཞེས་བྱ་བའི་བར་དུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ། ནམ་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཅིང། བཀུར་སྟི་ལ་སོགས་པ་བྱས་པ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ
་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་མཆོད་པ་སྣ་ཚོགས་བྱས་པ་དང། དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པའི་བསོད་ནམས་པས་ནི་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ་ཐབས་མཁས་པས་དགེ་བའི
་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྟོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་བསྔོ་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།
་དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ། །ཞེས་བྱ་བའི་བར
་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པ་དང་བཀླགས་པ་དང། གཞན་ལ་སྦྱིན་པ་ལ་སོགས་པ་བྱས་པ་དང། བསོད་ནམས་ཡོངས་སུ་བསྔོ་བའི་བསོད་ནམས་ཆེ་བའི་ཕན་ཆེན་པོ་བསྔགས་པ་ཤཱ་རིའི་བུས་ཐོས་ནས་དད་པ་ཆེན་པོ་སྐྱེས་ཏེ་འཁོར་གཞན་རྣམས
་ཀྱང་དད་པ་བསྐྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིདཔའ་ཨོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་ཅིང་རང་བཞིན་གྱིས
་འོད་གསལ་བ། སེམས་ཅན་ག་ཡི་སེམས་ཀྱི་རྒྱུད་ལ་སྣང་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རླ་ཏུ་ཕྱིན་པ་ན་ཕྱག་བགྱིད་པར་འོས་པའོ་ཞེས་བྱ་བ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་འཕགས་པ་དང་སོ་སོའི་སྐྱེ་བོ་ཐམས
་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བར་འོས་པ་ཡིན་ནོ། །ཞེས་བསྟན་པའོ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་ད་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ། སྐྱེ་བོ་ཐམས་ཅད་ཀྱི་མཆོད་ཅིང་ཕྱག་བྱ་བར་འོས
་བའི་ཕྱིར། ཤཱ་རིའི་བུ་བདག་ཉིད་ཀྱང་ཕྱག་འཚལ་ལོ་ཞེས་དང་པའི་ཤུགས་ཀྱི་སྣས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མ་གོས་པའོ་ཞེས་བྱ་བ་ནི། ཁམས་གསུམ་གང་དུ་ཡང་མ་གཏོགས་པ་ཁམས་གསུམ་པོ་དེ་དག་གང
་གིས་ཀྱང་མ་གོས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ན་ཉོན་མོངས་པ་ལྟ་བའི་མུན་པ་ཐམས་ཅད་བསལ་བ་ལ་རབ་རིབ་མ་མཆིས་པར་བགྱིད་པའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་རྣམས་དང།
་འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་ལྟ་བ་ངན་བ་རྣམས་བསལ་ཅིང། སེམས་ཅན་རྣམས་ཡང་དག་པའི་ལྟ་བ་སྐྱོན་མེད་པ་ལ་འཛུད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་བགྱིད་པའོ་ཞེས་བྱ་བ་ནི་བླ་ན་མེད
་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང། གནོད་པ་དང། འཚེ་བ་ཐམས་ཅད་རབ་ཏུ་བྱང་བའི་སླད་དུ་བདེ་བར་བགྱིད་པའོ་ཞེས་བྱ་བ་ནི?་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཀླག་པ་དང
་མཆོད་པ་ལ་སོགས་པའི་སྒོ་ནས་བརྟེན་ན། གནོད་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་བདེ་བ་ཐམས་ཅད་དང་ལྡན་པར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱིས་མིག་ལྔ་ཡོངས་སུ་ཐོབ་པར་བགྱི་བ་ལ་སྣང་བར་བགྱིད་པའོ
་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བོམས་པར་བྱས་ན་ཤའི་སྤྱན་དང། ལྟའི?་སྤྱན་ལ་སོགས་པ་དེ་བཞིན་གཤེགས་པའི་སྤྱན་ལྔ་ཐོབ་ཅིང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གསལ་བར་སྣང་བར་བྱེད་པའི་ཕྱིར་རོ། །
་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཤུལ་གོལ་བར་ཞུགས་པ་རྣམས་མཛའ་ལས་ཟློག་པའི་སླད་དུ་ཤུལ་སྟོན་པའོ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་ལ་སོགས་པའི་མཛའ་གཉིས་སུ་ལྟུང་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ཡང་དག་
་པའི་ལམ་ལས་ཉམས་ནས་ལམ་ལོག་པར་གྱུར་པ་རྣམས་ལས་ཟློག་སྟེ། ཡང་དག་པའི་ལམ་དུ་འཛུད་པའི་ཆོས་རྣམས་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བག་ཆགས་ཀྱིས་མཚམས་སྦྱོར་བའ་ཉོན་མོངས
་པ་ཐམས་ཅད་སྤང་བ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་འཁོར་བར་སྐྱེ་ཞིང་སྦྱོར་བའི་བག་ཆགས་ཐམས་ཅད་དུ་སྤངས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བཅོམ་ལྡན
་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ན་བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་ལ
་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་བྱང་ཆུབ་སེམས་དཔའ་ཨི་སེམས་ཀྱི་རྒྱུད་ལ་འབྱུང་ཞིང་ཆོས་དེ་རྣམས་དང་ལྡན་ན་བྱང་ཆུབ་སེམས་དཔར་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔར་འགྱུར་བའི་རྒྱུ་འམ་གཞི་ཡིན་པས་མ་དང་འདྲ་བའི་ཕྱིར་བྱང་ཆུབ
་སེམས་དཔའ་ཨི་མའི་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་མ་འགགས་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ན་ཡིད་ཡོད་པར་མ་གྲུབ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན
་ཡིན་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པའོ་ངོ་བོ་ན་ཡིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་རྟགས་མི་འཇིགས་པའི་སླད་དུ་འཁོར་བའི་གཉེན་པོའོ་ཞེས་བྱ་བ་ནི་འཁོར་བའི་ཆོས་རྟག་པ་དང་མི་རྟག་པའི་མཛའ་གཉིས
་ལས་ཟློག་པའི་ཕྱིར་འཁོར་བའི་གཉེན་པོ་ཞེས་བྱའོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རིན་པོ་ཆེ་ཐམས་ཅད་སྟོབས་པའི་སླད་དུ། སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པའོ་ཞེས་བྱ་བ་ནི་སེམས་ཅན་ཉོན་མོངས་པའི་དབང
་དུ་གྱུར་ཅིང། འཁོར་བའི་བརྩོན་ར་ནས་མཐར་བ་རྣམས་ལ། རྣམ་པར་བྱང་པའི་ཆོས་རིན་པོ་ཆེ་རྣམས་བསྟན་པས་སེམས་ཅན་རྣམས་འཁོར་བའི་བརྩོ?་ནར་ནས་ཐར་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་བ་མ་མཆིས་པའི་སླད་དུ་སྟོབས་བཅུ
་བགྱིད་པའོ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ཅན་པས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཐུབ་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འགྲོ་བ་དང་ལྡོག་པ་མ་མཆིས་པའི་སླད་དུ་།རྣམ་བ
་བཅུ་གཉིས་རྒྱུད་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། མི་བསྐོར་བ་ཞེས་བྱ་བ་ཡང་མེད་ལ། ཀུན་རྫོབ་ཏུ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་སྐོར་བའི་རང་བཞིན་ཅན་ནོ་ཞེས་བསྟོད་པ་སྟེ།
་དེ་ལ་རྣམ་པ་བཅུ་གཉིས་ལན་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་སྐོར་བ་ནི་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་རྣམས་ཀྱི་རང་བཞིན་སྟོན་པའི་ཚེ། ཕུང་པོ་ལྔ་ལ་འདི་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་དང། ཕུང་པོ་ལྔ
་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་ལ་འདི་ནི་ཕུང་པོ་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བ་དང། སྡུག་བསྔལ་གྱི་ཕུང་པོ་འགགས་པའི་རང་བཞིན་མྱ་ངན་ལས་འདས་པ་ལ། འདི་ནི་སྡུག་བསྔལ་འགོག་པའོ་ཞེས་བྱ་བ་དང། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་འཕགས་པའི་ལཾ
་ཡན་ལག་བརྒྱད་པ་འདི་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་འམ། ལམ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་བཞི་པོ་དེ་དག་ནི་རང་བཞིན་ཉི་ཚེ་བསྟན་པ་ནི་རྒྱུད་གཅིག་གོ་།སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཀུན་འབྱུང་བ་ནི་སྤངས་བར་བྱ་བའོ། །འགོག་པ་ནི་མངོན་སུམ་དུ་བྱ
་བའོ། །ལམ་ནི་བསྒོམ་པར་བྱའོ་ཞེས་སྟོན་པ་ནི་རྒྱུད་གཉིས་པའོ། །སྡུག་བསྔལ་ནི་བདག་གིས་ཤེས་སོ། །ཀུན་འབྱུང་བ་ནི་བདག་གི་སྤངས་སོ། །འགོག་པ་ནི་བདག་གིས་མངོན་སུམ་དུ་བྱས་སོ། །ལམ་ནི་བདག་གིས་བསྒོམས་སོ་ཞེས་བྱ་བར་སྟོན་པ་ནི་རྒྱུད་གསུམ་པ་སྟེ་།དེ་ལྟར་འཕགས
་པའི་བདེན་པ་བཞི་པོ་དེ་དག་ལ་རྣམ་པ་གསུམ་དུ་ཕྱེ་སྟེ་བསྟན་པ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་འཁོར་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏོ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི
་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པའོ་ཞེས་བྱ་བ་དོན་དམ་པར་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རང་བཞིན་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འམ། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའམ། ཉན་ཐོས་མ། ཉན་ཐོས་ཀྱིས
་ཐེག་པ་པའམ། རང་སངས་རྒྱས་མ། རང་སངས་རྒྱས་ཀྱི་ཐེག་པ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་པར་བྱ་བའི་ཐབས་ནི་སྔར་བཤད་ཟིན་པས་སྐྱབས་འདིར་ཇི་ལྟར
་གནས་པར་བགྱི་ཞེས་བྱ་བ་ནི་གོང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་དུ་མ་དང་ལྡན་པའི་སྒོ་ནས་སྟོང་པ་དེ་ལྟ་བུ་ལ་བུས་ཤིང་རིམ་གྲོ་བྱ་བའི་ཐབས་ཇི་ལྟ་བུར་བགྱིས་ཞེས་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས
་བཀའ་སྩལ་པ། ཤཱ་རདྭ་ཏིའི་བུ་སྟོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །སྟོན་པ་ལ་ཇི་ལྟར་ཕྱག་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཕྱག་བྱའོ། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ཀྱི
་སྟོན་པ་ལ་གུ་སྤ་དང་རིམ་གྲོ་ལ་སོགས་པ་ཇི་ལྷར་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གུས་པ་དང་རིམ་གྲོ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ
་ལས་ཇི་ལྟར་གུས་པར་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གུས་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐ་མི་དང་པ་དང། ཀུན་རྫོབ་ཏུ་ཡང་སྟོན་པའི་བྱ་བ་བྱེད་པར
་འདྲ་བའི་ཕྱིར། སྟོན་པ་ལ་མཚར་པ་དང་བཀུར་སྟི་བྱ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཆོད་ཅིང་བཀུར་སྟི་བྱའོ་ཞེས་བསྟན་པའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས
་འབྱུང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་བྱ་བ་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས
་ཐམས་ཅད་འབྱུང་བའི་ཕྱིར་རོ། །སྟོན་པ་དང་འདྲ་བར་མཆོད་ཅིང་བཀུར་སྟི་བྱའོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། བཙུན་པ་ཤཱ་རདྭ་ཏིའི་བུའི་ཞུ་བ་འདི་གང་ལས་སྐྱེས?་ཅིའི་རྒྱུ་སྙམ་པ་དང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གཞན
་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར། ཤཱ་རིའི་བུས་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི་ཞེས་ཞུས་པ་དེ་ཅི་ལས་བསམས་ཏེ་ཞུས་སྙམ་དུ་རྟོག་པ་བསྐྱེད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ
་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ན། བདག་གིས་ཞུ་བ་སྐྱེས་སོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་དང། སེམས་ཅན་ཐམས
་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕྱིར་ཐབས་མཁས་པས་ཡོངས་སུ་བསྔོ་བར་གྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་ཀྱི་གཙོ་བོ་ཡིན
་པའི་ཕྱིར་དེ་ལ་ཇི་ལྟར་གནས་པར་བགྱི་ཞེས་བདག་གིས་ཞུས་སོ་ཞེས་བསྟན་པའོ། །ཀོའུ་ཤིཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལྔ
་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་བོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་གཙོ་བོ་ཡིན་པ་རང་མུས་ལོད་དང་དམིགས་བུའི་དཔེ་དང་བཅས་ཏེ་བསྟན་པའོ། །དེ་ནས
་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རདྭ?་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོ་བོ་ཞེས་བྱ་བའི་བར་དུ་ནི་སྔར་གཞུང་འདི་ཉིད་ལས་ཕ་རོལ་ཏུ་ཕྱིན་པ
་གཅིག་ལ་སྤྱོད་པའི་ཚེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་བར་བཤད་ལ། སྐབས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབའ་ཞིག་ཙོ་བོ་ཡིན་པར་བཤད་པ་ལ་འཁོར་རྣམས་ཐེ་ཙོམ་ཟ་བ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་གཅིག
་གི་རྒྱུ་གཅིག་ཡིན་ཏེ། གང་ཡང་རུང་བ་གཅིག་གིས་ཡོངས་སུ་བཟུང་ན་ཡང་གཞན་རྣམས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་ན། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གཙོ་བོ་ཡིན་པར་བཤད་ཅེས་བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ་བརྒལ་བའོ། སྲས་པ་དེ
་ལྟ་མ་ཡིན་ཏེ། ཀོའུ་ཤི་ཀ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནས། ཀོའུ་ཤི་ཀ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་ལྔ་པོ་འདི་དག་གི་རབ་ཅེས་བྱའོ། །གཙོ་བོ་དང་དམ་པ་དང་མཆོག་དང་ཕུལ་དང་གྱ་ནོམ་པ་དང་བླ་ན་མེད་པ་དང། གོང་ན་མེད་པ་ཞེས་བྱའོ
་ཞེས་བྱ་བའི་བར་དུ་ནི་སྔར་ཕ་རོལ་ཏུ་ཕྱིན་པ་གཅིག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་བར་བཤད་པནི་གྲོགས་བྱེད་པའི་རྒྱུར་འགྱུར་བ་ཙམ་དུ་བསྟན་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་རྣམ་པ་ཐམས་ཅད་དུ་རྒྱུའི་གཙོ་བོ་ཡིན
་པར་བསྟན་པ་མ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་པར་ཤེས་པ་རྦྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏེའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་བཞིན་དུ
་ཆོས་ཐམས་ཅད་མངོན་པར་སྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་དམ་པ་ཡིན་ན། ཇི་ལྟར་མངོན་པར་བསྒྲུབ་ཅིང་ཐོབ་པར་བགྱི་ཞེས་ཞུས
་པ་དང་དེ་ཇི་ལྟར་མངོན་པར་བསྒྲུབ་པའི་ཐབས་བསྟན་པ་སྟེ། གཟུགས་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པ་རང་ངོས་པོ་མེད་པས་དེ་དག་མངོན་པར་བསྒྲུབ་ཏུ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ནོ
་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་བགྱི་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཇི་ལྟར་དངོས་པོ་མེད་ཅིང་མངོན་པར་བསྒྲུབ་པ་མེད་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
་གཟུགས་མངོན་པར་འདུ་བྱ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིགས་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དངོས་པོ་མེད་ཅིང་མངོན་པར་བསྒྲུབ་དུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་དེ་དག་ཐམས་ཅད་དངོས་པོ་མེད་པས་མངོན་པར་འདུ་བྱ་བ་དང། སྐྱེ་བ་དང་འགག་པ་དང། དམིགས་པ་དང། འཇིག
་པ་མེད་པའི་ཕྱིར་མངོན་པར་བསྒྲུབ་དུ་ཡང་མེད་དེ། དེ་ལྟར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཐོབ་པར་བགྱིད་ཅེས་བྱ
་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགགས་པ་མེད་པ་ལ་སོགས་པའི་རང་བཞིན་ཡིན་ཏེ། ཅི་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་ཅིང་བསྒོམས་པའི་འབྲས་བུ་ཅི་ཞིག་ཡོང་ཅེས་ཞུས་པའོ། །བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་བ། ཤཱ་རདྭ་ཏིའི་བུ་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །ཞེས་བྱ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པས་ཆོས་གང་ལ་ཡང་མཆན་མར་མི་འཛིན་ཅིང། མ་ཆགས
་ལ་ཐོབ་པར་མི་བྱེད་པ་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཤེས་རབ་ཀྱི་མཆོག་རྣམ་པར་མི་རྟོགས་པའི་ལྷུན་གྱིས་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་བསྟན་པའོ། གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མི
་བགྱིད་པ་གང་ལགས་ཞེས་བྱ་བ་ནི་ཆོས་གང་ཐོབ་པར་མི་བྱེད་དོ་ཞེས་གོང་དུ་བཤད་པ་ཆོས་གང་དང་གང་རྣམས་ཐོབ་པར་མི་བྱེད་པའི་དམིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ནས། འདུས་མ
་བྱས་པའི་ཆོས་རྣམས་ཐོབ་པར་མི་བྱེད་དོ་ཞེས་བྱ་བའི་བར་དུ་ནི་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་ཆོས་དེ་དག་གང་ཡང་ཐོབ་པར་བྱེད་པའི་རྒྱུ་མ་ཡིན་ནོ་ཞས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ནི་ཆོས་གང་གི་ཕྱིར་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས
་ཆོས་གང་ཡང་ཐོབ་པར་བྱ་བའི་ཕྱིར་དམིགས་པའི་ཚུལ་གྱིས་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམས
་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱ་བ་ཡིན་ན། ཅི་དེ་ཡང་ཐོབ་པར་མི་བྱེད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས
་བཀའ་སྩལ་པ། ཀོའུ་ཤི་ཀ་གདོང་སྐད་དུ་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་ཟེར་བ་ནི་ཀེའུ་ཤིག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོ་པར
་མི་བྱེད། དམིགས་པར་མི་བྱེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རོ་གཅིག་པས་ཐོབ་པར་བྱ་པ་དང་ཐོབ་པར་བྱེད་པ་གཉིས་ཐ་དང་དུ་དབྱེ་ཞིང། དམིགས་སུ་མེད་དོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ
་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད། དམིགས་པར་མི་བགྱིད་པ་ལགས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད་པའི་གཏན་ཚིགས་རྣམས་ལ་ཞིབ་ཏུ་བཤད་པའི
་གླེང་བསླང་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་དང། མཚན་མ་ཇི་ལྟ་བ་དང། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པ་ལ?། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མིང་དང་མཚན་མ་ལ་སོགས་པར་འཛིན་ཅིང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ་བཅོམ་ལྡན་འདས། འོ་ན་ཇི་ལྟར་ཐོབ་བགྱིས་པ་ལགས་ཞེས
་བྱ་བ་ནི་མི་དམིགས་པ་དང། མི་ལེན་པ་ལ་སོགས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དམིགས་པ་དང། མི་ལེན་པ་དང། མི་གནས་པ་དང། མི་འདོར་
་ཕ་དང། མངོན་པར་ཆགས་པ་མེད་པ་དེ་ལྟར་ཐོབ་པར་བྱེད་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་ཞིང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་དང། བླང་དོར་མེད་ཅིང་མཉམ་པ་ཉིད་དུ་གྱུར་པ་ཉིད་རྣམ་པར?
་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཡིན་ནོ་ཞེས་བསྟན་པའོ། །གང་ཡང་ཐོབ་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་མི་རྟོག་པ་ཡིན་པས། མཚན་མ་དང་བཅས་ཤིན་གདམིགས་པའི་ཚུལ་གྱིས་ཐོབ་པར་བྱེད་པ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ།། ཀོའུ་ཤིག
་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བྱེད་དེ་གང་ཡང་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ནི་གོང་དུ་ཆོས་གང་ཐོབ་པར་མི་བྱེད་པའི་གཏན་ཚིགས་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ་བཅོམ་ལྡན
་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང། འགག་པ་མ་མཆིས་པ་དང། མངོན་པར་འདུ་བགྱི་བ་མ་མཆིས་པ་དང། དམིག་པ་མ་མཆིས་པ་དང། འཇིག་པ་མ་མཆིས་པའི་སླང་དུ་ཉེ་བར་གནས་པ་ངོ
་མཚར་ཆེའོ་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་སྐྱེ་བ་དང། འགག་པ་ལ་སོགས་པ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ལ། དོན་དམ་པར་ཆོས་གང་ཡང་ཐོབ་པར་བྱེད་པ་མེད་བར་བཤད་པས་བརྒྱ་བྱིན་མགུ་ནས་འཁོར
་རྣམས་ཀྱང་མགུ་བ་དང་དང་པ་བསྐྱེད་པའི་ཕྱིར་དེ་ལྟ་བུ་ངོ་མཚར་ཆེའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་རིང་དུ་བགྱིད་པ་ལ་སོགས་པ་ལ་སོགས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་དངོས་པོར་འདུ་ཤེས་ཤིང་རྣམ་པར་རྟོག་གམ། ཆོས་ཐམས་ཅད་ཐོབ་པར་མི་བྱེད་པའི་དངོས་པོར་འདུ་ཤེས་ཤིང་རྣམ་པར་རྟོག་ན་ཡང་ཐོབ་པར
་ཕྱེད་པ་དང་ཐོབ་པར་མི་བྱེད་པའི་མཛའ་གཉིས་སུ་འཛིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་འགལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ
་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའི་རྣམ་གྲངས་སོ། །ཞེས་བྱ་བའི་བར་པ་ནི་ཐོབ་པར་བྱེད་པ་དང་ཐོབ་པར་མི་བྱེད་པའི་མཛའ་གཉིས་སུ་འཛིན་ཅིང་རྣམ་པར་རྟོག་པ་འབའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པར་མ་ཟད་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ལས་ཆོས་ཐམས་ཅད་དངོས་པོ་མེད་པ་དང། སྟོང་པ་ཤ་སྟག་ཏུ་སྟོན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསོལ་གསོག་སྟེ་སྙིང་པོ་མེད་པའོ་སྙམ་དུ་སེམས་ཤིང་དེ་ལྟར་རྣམ་པར་རྟོགས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་འདོར་ཞིང་རིང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ།།
་གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་གང་ལ་ཡིད་ཆེས་པར་འགྱུར་བ་ལ་གགས་ཞེས་བྱ་བ་ནས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱི་སྟོང་པས། དངོས་པོ་ཡོད་པར་ཡིད་ཆེས་པར་བྱར་མི་རུང།
་བའི་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས་གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནས
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཏེ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པར་ཡིད་ཆེས་ན་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི
་བར་དུ་ཆོས་ཐམས་ཅད་ལ་དངོས་པོ་ཡོད་བར་འཛིན་པར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནས། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་བ་ལགས་ཞེས་བྱ་བའི་བར་དུ་ནི་གཟུགས་པ་རྣམ་པ་ཐམས་ཅད་མཁྱེན་བ་ཉིད་ལ་ཐུག་གི་བར་དུ། ཆོས་ཐམས་ཅད་ལ་མི་དམིགས་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་བསླང་བའི
་ཕྱིར་།བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་མི་དིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད
་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་ཡིད་ཆེས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱི་སྟོང་པར་རྟོགས་ཏེ། དེ་དག་གང་ལ
་ཡང་དངོས་པོ་ཡོད་པར་མི་དམིགས་ཤིང་།མཚན་མར་མི་འཛིན་པར་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཡིད་ཆེས་པར་གྱུར་ན། གཟུགས་ལ་སོགས་པ་རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་དངོས་པོ་ཡོད་པས་ཡིད་ཆེས་པར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས
་ཅད་ཡོངས་སུ་དག་པའི་ཚེ་ཡང་བཟང་ཞིང་ཆ་བར་རྣམ་པར་རྟོགས་བ་མེད་ལ། ཡོངས་སུ་དག་པའི་ཚེ་ཡང་ངན་ཞིང་ཆུང་བར་རྣམ་པར་རྟོག་པ་མེད་དེ་།དེ་ལྷུན་གྱིས་གྲུབ་པར་རྣམ་པར་རྟོག་ཅིང་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བསྟོང་པའོ།། བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྒྱུ་གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་དྲིས་པའོ།། གསོལ་ལ་གཟུགས་ཆེ་བར་མི་བགྱིད་ཆུང་བར
་མི་བགྱིད་ངོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས། ཆེ་བར་མི་བགྱིད་ངོ་ཞེས་བྱ་བའི་?་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ནི་རྣམ་བར་མི་རྟོག་པའི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི
་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་བཟང་ཞིང་ཆེ་བར་མི་རྟོག་ལ་ཡོངས་སུ་མ་དག་པའི་ཚེ་ཡང་ངན་ཞིང་ཆུང་བར་མི་རྟོག་སྟེ། དེ་ལྟར་མཚན་མར་མི་འཛིན་ཅིང་རྣམ་པར་མི་རྟོག་པའི་ཡོན་ཏན་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱི་ནང་ཆེན་པོ་ཡིན་ནོ་ཞེས་བསྟན་པར། གཞན་ཡང་ཤེS
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་པའི་གཏན་ཚིགS
་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་བར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་ཆོས་ཀྱི་དབྱིངས་ཉིད་དུ་བསྡུ་བའི་རྣམ་པར་རྟོག་པ་ཡང་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་ཀུན་བརྟགས་པའི་རང་བཞིན་དུ་སོར?
་འཕྲོས་ཤིང་ཡངས་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་བར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས
་རྒྱས་ཀྱི་ཆོས་རྣམས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོགས་པའི་རང་བཞིན་ཡིན་བས
་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཚད་ཡོད་པ་དང་ཚད་མེད་བའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་བ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུ་མི་བགྱིད་དོ་ཞེས་བྱ་བ་ནས། བྱང
་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུ་ངུར་མི་བགྱིད་པའོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་རྣམ་བར་མི་རྟོག་པའི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་རྒྱ་ཆེ་བར་རྣམ་པར་མི་རྟོག་ལ། ཡོངས་སུ་མ་དག་པའི་ཚེ་ཡང་རྒྱུ་ཆུང་བར་རྣམ་པར་མི་རྟོག་པཻ་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་ཞེས་བསྟན་པའོ།། གཞན
་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མཐུ་དང་ལྡན་པར་མི་བགྱིད་།མཐུ་མ་མཆིས་བར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་བར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མཐུ་དང་ལྡན་པར་རྣམ་པར་རྟོག་པ་ཡན་མེད་ལ། མཐུ་ཆུང་བར་རྣམ
་པར་རྟོག་པ་ཡང་མེད་དེ། དེ་ལྟར་རྣམ་པར་མི་རྟོག་པའི་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་བའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་བས་ཡོངས་སུ་དག་པའི་ཚེ་ཡང་ཡོན་ཏན་དུ་ལྟ་བའི་རྣམ་པར་རྟོག་པ་མེད་ལ། ཡོངས་སུ་མདག་པའི་ཚེ་ཡང་སྐྱོན་དུ
་ལྟ་བའི་རྣམ་པར་རྟོག་པ་མེད་དེ། རྣམ་པར་མི་རྟོག་པའི་ཡོན་ཏན་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་མཇུག་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་བས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟེན་ཞེས་བྱ་བ་ནས་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མི་བྱེད། མཐུ་མེད་པར་མི་བྱེད་དོ་ཞེས་བགྱི་བར་འདུ་ཤེས་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱན་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཆེ་བར་མི་བྱེད། ཆུང་བར་མི་བྱེད
་པ་དང། འདུ་བར་མི་བྱེད་ཡངས་པར་མི་བྱེད་པ་དང། ཚད་ཡོད་པར་མི་བྱེད་ཚད་མེད་པར་མི་བྱེད་བ་དང། རྒྱ་ཆེན་པོར་མི་བྱེད། རྒྱ་ཆེན་པོར་མི་བྱེད། རྒྱུ་ཆུང་ངུ་མི་བྱེད་པ་དང་།མཐུ་དང་ལྡན་བར་མི་བྱེད། མཐུ་མེད་པར་མི་བྱེད་པ་ཡིན་ནོ།། སྙམ་དུ་སེམས་ཤིང་དངོས་པོ་དང་མཚན་མར་བཟུང་སྟེ། དེ་ལྟར་འདུ་ཤེས་གྱུར་ན
་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་སྤྱོད་པ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ
་ལགས་སོ་ཞེས་བྱ་བ་ནས། གང་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ཏེ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་དངོས་པོ། ལྟ་ཞིང་མཚན
་མར་འཛིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་ཡོངས་སུ་དག་པའི་རང་བཞིན་དུ་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆེ་བ་དང། ཆུང་བ་དང། འདུ་བ་དང། ཡངས
་པ་དང། ཆེད་ཡོད་པ་དང་།ཚད་མེད་པ་དང། རྒྱ་ཆེན་པོ་དང། རྒྱ་ཆུང་བ་དང། མཐུ་དང་ལྡན་པ་དང་།མཐུ་མེད་པར་བྱ་ཞིང་བསྒྱུད་དུ་མེད་པས་དེ་ལྟར་ཆེ་ཆུང་ལ་སོགས་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་དང་འབྲས་བུ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར
་མི་རྟོག་པའི་རང་བཞིན་དུ་གནས་པ་ལ་ཆེ་ཆུང་ལ་སོགས་པ་བྱེད་ཅིང་རྣམ་པར་རྟོག་པར་འདུ་ཤེས་པར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བ་དང་སྦྱོར་རོ། །བཅོམ་ལྡན་འདས་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པའི་ཚེ། གཟུགས་ཆེ་བར་བགྱིད་ང་འམ་ཆུང་བར་བགྱིད་པ་འམ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུན་མཆིས་པར་བགྱིད་པ་དེ་ནི་དེའི་དམིགས་པ་ཆེན་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར
་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང། ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ཏེ། ཅི་ཡང་མི་བྱེད་པ་ལ་ཆོས་ཐམས་ཅད་ཆེ་བ་དང། ཆུང་བ་དང་།འདུ་བ་དང། ཡོངས་པ་དང་།ཚད་ཡོང་པ་དང། ཚད་མེད་པ་དང་།རྒྱ
་ཆེ་བ་དང། རྒྱ་ཆུང་བ་དང། མཐུ་དང་ལྡན་པ་དང། མཐུ་མེད་པར་བྱེད་པར་ལྟ་ཞིང་མཚན་མར་འཛིན་ན་དམིགས་པ་ཅན་དུ་གྱུར་པས་བྱང་ཆུབ་སེམས་དཔའ་དེའི་སྐྱོན་ཆེན་པོར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་དུ་ཤེས་ཅན་ལ་བྱང་ཆུབ་ཅེས་བགྱིད
་བ་མ་མཆིས་ཏེ། ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་བཅས་ཤིང་།མཚན་མར་འཛིན་པ་སྐྱོན་ཆེན་པོར་འགྱུར་བའི་གཏན་ཚིགས་བསྟན་བ་སྟེ། དེ་ལྟར་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི
་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་ལྟའོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་སྟོབས་ཡོངས་སུ
་འགྲུབ་པ་མ་མཆིས་པར་ལྟའོ། །ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོ་དམ་པར་དངོས་པོ་མེད་པའི་རང་བཞིན་ཡིན་པ་ལ། དངོས་པོ་དང་མཚན་མར་མི་འཛིན་ཅིང་དམིགས་པའི་འདུ་ཤེས་ཅན་དུ་མི་བྱ་བའི་དོན་བསྟན་པ་སྟེ། དེ་ནི་འདི་ལྟར་སེམས
་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་ལྟའོ། ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་སེམས་ཅན་དངོས་པོ་མེད་པས་སྐྱེ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་སྐྱེ་བ་མེད་པ་ཤེས་པར་བྱའོ་ཞེས་བསྟན་པའོ། །དེ
་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པར་བལྟ་བ་བསྟན་པའོ། །གཟུགས་སྐྱེ་བ་མི་མཆིས་པའི་སླད་དུ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པ་བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས་རྣམས་སྐྱེ་བ་མེད་པ་བསྟན་པས་ཆོས་ལ་བདག་མེད་པ་རྟོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པར་བལྟ་བ་བསྟན་པའོ། །སྐྱེ་བ་མེད་པའི་འབྲེས?་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རང་བཞིན་མེད
་པའི་འགྲེས་དང། དངོས་བོ་མེད་པའི་འགྲེས་དང། སྟོང་པ་ཉིད་ཀྱི་འགྲེས་དང་།དབེན་པའི་འགྲེས་དང། མེད་པའི་འགྲེས་དང། བསམ་གྱིས་མི་ཁྱབ་པའི་འགྲེས་དང། རྣམ་པར་འཇིག་པ་མེད་པའའགྲེས་དང། མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་འགྲེས་དང། སྟོབས་ཡོངས་སུ
་འགྲུབ་པ་མེད་པའི་འགྲེས་རྣམས་ལ་ཡང་སྦྱར་བར་བྱ་སྟེ། སྐྱེ་བ་མེད་པ་དང། རང་བཞིན་མེད་པ་ལ་སོགས་པའི་ཚིག་བཅུ་པོ་འདི་དག་ཀྱང་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྐྱེ་བ་མེད་ཅིང་རང་བཞིན་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ཞིང་།རྣམ་པར་རྟོག་པ་མེད་པས་ཆོས་གང་ལ་ཡང་ཆེ་ཆུང་དང་བཟང་ངན་ལ་སོགS
་པར་མི་བྱེད་ཅིང་མཚན་མར་མི་འཛིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ། །ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ཆེ་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེ་ངོ?་བཤད་པ་ལས་ལེའུ་ཉི་ཤུ་དྲུག་གོ་། །།
་དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྦྱང་བ་ལགས་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཤེS
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོན་ཏན་ཆེ་ཞིང་རྒྱ་ཆེ་བ་ཤཱ་རདྭཱ་ཏིའི་བུས་ཐོས་ནས། དང་པ་སྐྱེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོ་འདི་ལྟ་བུ་ལ་དད་ཅིང་མོས་པའི་བྱན་ཆུབ་སེམས་དཔའ་དེ་གནས་གང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་དང། བླ་ན་མེད་པ་ཡང་དག་པར་རྫོགS
་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡུན་ཇི་སྲིད་ཅིག་ལོན་པ་དང། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་བ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཡུན་ཇི་སྲིད་ཅིག་ལོན་པ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ
་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་ནས་འདིར་འོངས་ཤིང་འདིར་སྐྱེས་པ་སྟེ་ཞེས་བྱ་བ་ནས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཆོ་འཕོས་ཏེ་འདིར་སྐྱེས་པ་དང། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་པ་བསྟན་པའོ། །ཤཱ་རདྭཱ་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེནི
་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་དཔག་ཏུ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱང་ནས་ཡུན་ཇི་སྲིད་ལོན་བ་བསྟན་པའོ། །དེ་ནས
་བསྐལ་པ་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་ནས། བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡུན་ཇི་སྲིད་ལོན་པ
་བསྟན་པའོ། །དེ་སེམས་དང་པོ་བསྐྱེད་ཕྱི་མ་ཚར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ཚེ་འཕོས་ཞིང་འདིར་སྐྱེ་བའི་ཚེ་ཡང་ཕ
་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བར་བསྟན་པའོ་།དེས་དེ་ནས་བཟུང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་བསྙེན་བཀུར་ནས་འདིར་འོངས་ཤིང་འདིར་སྐྱེས
་པ་སྟེ་ཞེས་བྱ་བས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ཚེ་འཕོས་ཞིང་འདིར་སྐྱེ་བའི་ཚེ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་དང་མ་བྲལ་བ་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐོང
་དམ་ཐོས་ནས་ཞེས་བྱ་བ་ནས། དོན་དང་ཚུལ་གྱིས་རྗེས་སུ་འབྲང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་གོམས་པར་བྱས་པའི་རྒྱུས་ཚེ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐོང་བཅོམ་འམ། ཐོས་པ་ཙམ་གྱི་སངས
་རྒྱས་བཅོམ་ལྡན་འདས་མཐོང་ཞིང་ཐོས་བ་དང་འདྲ་བ་དང་བ་སྐྱེ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཇི་ལྟ་བ་དང། ཚུལ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་རྟོགས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་ཆེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས
་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་པ་འམ། བལྟ་བར་ནུས་སམ་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ངམ། ཐོས་ན་སྟོན་པ་མཐོང་ཞིང་ཐོས་པར་སེམས་དཔར་འགྱུར་རོ་ཞེས་བཤད་པ་ལ། འཁོར
་ཀྱི་ནང་ནས་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་བར་ཡང་དངོས་བོ་ཡོད་དེ། མཉན་ཅིང་བལྟར་ཡོད་པ་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟབ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་རབ་འབྱོར་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་མེད་དོ་ལྟ་བ་མེད་དོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་ཉན་མི་ལྟའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱི་སྟོང་པས་གཞན་གྱིས་བལྟ་ཞིང་མཉམ་པར་ཕྱ་བའི་དངོས་པོ་ཡང་མ་ཡིན་ལ།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་གཞན་ལ་ཉན་ཅིང་ལྟ་བའི་དངོས་པོ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ལ་སེམས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མཐོང་ངོ་ཞེས་བྱ་བ་ནས་ཆོས་ལ་སེམས་པ་མེད་པའི་ཕྱིར་བྱང་ཆུབ
་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ལ་མཉན་ཅིང་བལྟར་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ལ་སེམས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དོན་དམ
་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ལྟ་བ་དང་ཉན་པར་སེམས་པ་ཡང་མི་སྲིད་པའི་ཕྱིར་རོ། །དེ་དག་གིས་མི་ཐོས་མི་མཐོང་ངོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཤིང་མཐོང་ན། སྟོན་པ་ཐོས་ཤིང་མཐོང་བར་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས
་མི་ཐོས་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་སྤྱོད་པ་ལགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཟབ་མོ་འདི་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པའི་ཡོན་ཏན་བསྟན་པ་དང། དམིགས་པ་དང་བཅས་པར་སྤྱོད་པ་རྣམས་ཀྱིས་སྐྱོན་ཞིབ་ཏུ་བསྟན་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་རྣམ་པར་ཕྱེ་ཞིང
་བཤད་གོས་པ་སྟེ་ཞེས་བྱ་བ་ནི་ཚེ་རབས་སྔ་མ་ཡུན་རིང་པོ་ནས་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་སྤྱོད་པ་དང། དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབ་མོ་འདི་ཐོས་ནས
་སྐུར་བ་འདེབས་ཤིང་རབ་ཏུ་སྤོང་བ་དག་ཀྱང་ཡོད་དེ། དེ་དག་ཀྱང་རྣམ་པར་ཕྱེ་སྟེ་བཤད་དགོས་སོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་མི
་དམིགས་པའི་ཚུལ་གྱིས་བརྩོན་པར་བྱེད་པ་དང་ཞེས་བྱ་བ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས
་པ་ལ་ཡུན་རིང་པོ་ནས་སྤྱོད་སྤྱོད་པས་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང། ཆོས་གང་ལ་ཡང་འཕེལ་བ་དང། འགྲིབ་པ་མེད་པར་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཡང་སྐུར་པ་མི་འདེབས་མི་སྤོངས་ཤིང་སེམས་དང་པོ་བསྐྱེད
་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་མི་འབྲལ་བའི་ཡོན་ཏན་དང་ལྡན་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དག་ཀྱང་ཡོད་དོ། །དེ་དག་ནི་ཚེ་རབས་སྔ་མ་ཡུན་རིང་པོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གོམས་པར་བྱེད་བྱེད་པས། ཚེ་རབས་འདི་ལ་ཡང
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྐུར་པ་མི་འདེབས་ཤིང་བརྩོན་པར་བྱེད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་གི་སངས་རྒྱས་བརྒྱ་ཕྲག་མང་པོ་དང་ཞེས་བྱ་བ་ནས། གང་ན་སངས
་རྒྱས་ཀྱི་སྒྲ་མེད་པ་དང། ཆོས་ཀྱི་སྒྲ་མེད་པ་དང། དགེ་འདུན་གྱི་སྒྲ་མེད་པ་དེ་དག་ཏུ་རྟག་ཏུ་སྐྱེ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་དུ་ནི་དམིགས་དང་བཅས་པར་ལྟ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ལ་མོས་ཏེ་སྤོང་ཞིང་སྐུར་པ་འདེབས་པ་རྣམས་བསྟན་པ་སྟེ། དེ
་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱད་དུ་ཟིན་ཀྱང། དམིགས་པ་དང་བཅས་པའི་ལྟ་བ་ཅན་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འཇིགས་ཤིང་སྐྲག་སྟེ། མ་དད?་མ་མོས་ནས་སྤོང?
་ཞིང་སྐུར་པ་འདེབས་ཏེ། འདི་ནི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱིས། བདུད་ཀྱིས་སྨྲས་པའོ་ཞེ་སྐུར་པ་བཏབ་པའི་ལན་གྱིས་ཡུན་རིང་པོར་ངན་སོང་རྒྱུད་གསུམ་དུ་སྐྱེ་བར་འགྱུར་བ་དང། ངན་སོང་གསུམ་ནས་ཐར་ཏེ་མིར་སྐྱེས་ན་ཡང་རིགས་ངན་དང
་ཡན་ལག་ཉམས་པར་འགྱུར་བ་དང། དཀོན་མཆོག་གསུམ་གྱི་སྒྲ་ཡང་མི་ཐོས་པར་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔས
་ནི་ཆོས་འཇིག་པར་འགྱུར་བའི་ལུག་ལས་བགྱིས་པ་དང་བསགས་པ་འདིའི་གཟུགས་བརྙན་ཙམ་དུ་ཡང་མ་སྤྱད་དོ་ཞེས་བྱ་བ་ནི་གོང་དུ་བཤད་པ་དང་སྦྱར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལམ་དང་མ་མོས་ནས་སྤོང་ཞིང་སྐུར་པ་བཏབ་པས་ནི་འཇིག་རྟེན་གྱི་ཁམS
་དུ་མའི་ངན་སོང་རྒྱུད་གསུམ་གྱི་སྡུག་བསྔལ་མྱོང་བར་འགྱུར་ཞིང་མཚམས་མེད་པ་ལྔ་བྱས་པས་ནི་འཇིག་རྟེན་གྱི་ཁམས་གཅིག་གི་ངན་སོང་རྒྱུད་གསུམ་གྱིས་སྡུག་བསྔལ་མྱོང་བར་འགྱུར་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་ཞིང་སྐུར་པ་འདབས
་པས་ནི་མཚམས་མེད་པ་ལྔ་བྱས་པ་པས་ཀྱང་སྡིག་པ་ཆེས་ཆེ་བ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་དེ་ནི་གོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཅིང་བསྟན་ཅིང་བཤད་པའི་ཚེ། ཕྱིར་སྤངས་པར་སེམས་ཤིང་ཞེས་བྱ་བ་ནས། སེམས
་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་པ་འམ། གཤིན་རྗེའི་འཇིག་རྟེན་གྱི་ཁམས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མ་དང་ཅིང། སྨོད་བའི་ཚིག་ཇི་སྐད་ཟེར་བ་རྣམས་སྨོས་ནས་མཚམས་མེད་པ་ལྔ་བྱས་པའི་སྡིག་པ་པས
་ཤིན་ཏུ་ཆེ་སྟེ། བརྗོད་ཀྱིས་ཀྱང་མི་ལང་ངོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚ་དང་དུང་མ་གསུངས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལམ་དང་ནས་སྨོད་ཅིང་སྐྱོན་འདོགS
་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་པའི་སྡུག་བསྔལ་ཆེ་བ་རྣམ་པ་གཞན་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པའི་ལུས་ཀྱི་ཚད་མ་གླེང་ཞིག་ཅེས་བྱ་བ
་ནས། བཅོམ་ལྡན་འདས་ཀྱི་ཤཱ་རདྭཱ་ཏིའི་བུ་ལ་སྐབས་དབྱེ་བམ་མཛད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྨོད་ཅིང་སྐྱོན་འདོགས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་པའི་ལུས་ཀྱི་ཚད་སྨོས་སུ་མི་རུང་པ་བསྟན་པས། ཆོས་ཟབ་མོ་འདི་ལ་སྨོད་པ་སྡུག་བསྔལ
་ཆེན་པོ་མྱོང་བར་འགྱུར་བའི་སྐྱོན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་བྱ་བ་ནས། སྲོག་གི་དོན་དུ་ཡང་དམ་པའི་ཆོས་མི་སྤོང་ངོ་ཞེས་བྱ་བའི་བར་དུ་ནི་ཆོས་ཟབ་མོ་ལ་སྨོད་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་པའི་ལུས་ཀྱི་ཚད་བཤད་ན། མ
་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཆེས་སྐྲག་ནས། དེ་ལྟ་བུའི་ལས་མི་བྱེད་པ་ལ་ཕན་གྱི་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང། བཅོམ་ལྡན་འདས་ཀྱིས་དེའི་ལུས་ཀྱི་ཚད་མ་བཤད་ཀྱང། ངན་སོང་རྒྱུད་གསུམ་དུ་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་བཤད་པ་ཉིད
་ཀྱིས། མ་འོངས་པའི་དུས་ཀྱི་སེམས་ཅན་དཀར་པོའི་ཆོས་ལ་ཕྱོགས་པ། བྱང་ཆུབ་སེམས་དཔའ་ཨི་རིགས་དང་ལྡན་པ་རྣམས་སྐྲ་གནས་དེ་ལྟ་བུའི་སྡིག་པའི་ལས་བྱེད་པར་མི་འགྱུར། །ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས
་གསོལ་ཏོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་།གང་ཟག་དམ་པའི་ཆོས་སྤོང་བའི་ནོངས་པ་བརྗོད་པ་འདི་ཐོས་ནས་ཞེས་བྱ་བ་ནས། ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམས་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ལུས་ཨང
་ངག་དང་ཡིད་གསུམ་གྱི་སྒོ་ནས་ཆོས་ལ་ངན་དུ་མི་བྱ་བའི་དམིགས་བསྟན་པའོ། །ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། སྡུག་བསྔལ་དང་ཡིད་མི་བདེ་བ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་མྱོང་པར་འགྱུར་ཞེས་བྱ
་བའི་བར་དུ་ཚིག་གི་ལས་འབའ་ཞིག་ཆོས་ཟབ་མོ་ལ་སྐུར་བ་བཏབ་ཅིང་སྐྱོན་བཏགས་ན་ཡང་དཀོན་མཆོག་སུམ་ཆར་ལ་སྐྱོན་བཏགས་པར་འགྱུར་ཞིང། དེའི་ལས་ཀྱིས་ངན་སོང་རྒྱུད་གསུམ་དུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ན་ལུས་དང་ངག་དང་ཡིད
་གསུམ་ཆར་གྱི་སྒོ་ནས་ཆོས་ལ་ངན་དུ་བྱས་ན་ལྟ་སྨོས་ཅི་དགོས་ཀྱི། ལུས་དང་ངག་དང་ཡིད་ཀྱི་ལས་གསུམ་ཤིན་ཏུ་བསྔམས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་ཀྱིས་གསོལ་པ་བཅོམ་ལྡན་འདས་སྐྱེས་བུ་གླེན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལསར་སྤོང་བ་དེ
་དག། རྣམ་པ་དུ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླར་སྤོང་བར་འགྱུར་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་བཞི་པོ་དེ་དག་གིས་སྐྱེས་བུ་གླེན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་འདི་ལ་ཕྱིར་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལམ་དང་མ་མོས་ནས། སྐྱོན་འདོགས་ཤིང་སྐུར་པ་འདེབས་པའི་རྒྱུ་རྣམ་པ་བཞི་བསྟན་པ་སྟེ། དེ་དག་ཤེས་པར་བྱས་ནས་བག་བྱ་ཞིང་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བསྟན་པའོ། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི
་བརྩོན་འགྲུས་ཆུང་བ་དང། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་རྣམས་ཀྱིས་མོས་པར་དཀའ་ཨོ་ཞེས་བྱ་བ་ལ་སོགས་པ་སྣི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སེམས་ཅན་བསོད་ནམས་ཆུང་སྣོད་དུམ་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་མ
་ཡིན་པ་བསྟན་པ་སྟེ། ཐེ་པ་ཆེན་པོའི་ཆོས་ལ་མངོན་པར་བརྩོན་པ་དང། དགེ་བའི་རྩ་བ་བསྐྱེད་ཅིང་བསོད་ནམས་ཀྱི་ཚོགས་བསགས་པ་དང། དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་པར་འགྱུར་ཞེས་བའི་དོན་ཏོ
་གསོལ་པ་བཅོམ་ལྡན་འདས་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་དེ་ཇི་ཙམ་དུ་ཟབ་པ་ལགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་བཤད་པ་དང། རྣམ་པར་དག་པར་བཤད་པ་དང། ཀུན་དུ་མཛའ་ཡས་པ་བཤད་པ་དང་།ཆགས་པ
་དང་མ་ཆགས་པ་བཤད་པའི་སྒོ་ནས་ཟབ་པ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མེད་བ་ནི་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མ་བཅིངས་མགྲོལ་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་བསྟན་པ་སྟེ། དེ་ལ་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་ཡང་རང་བཞིན་མེད་པ་ནི
་གཟུགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར། ཡོངས་སུ་མ་དག་པའི་ཚེ་ཡང་ལས་དང་ཉོན་མོངས་པ་ལ་སོགས་པས་བཅིངས་པར་གྱུར་པ་ཡང་མེད་ལ། ཡོངས་སུ་དག་པའི་ཚེ་ཡང་དག་ལས་གྲོལ་བར་གྱུར་པ་ཡང་མེད་དེ། དེ་ལྟར
་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པར་རྟོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ནི་དམིགས་པ་དང་བཅས་ཤིང་མཚན་མར་འཛིན་པ་རྣམས་ཀྱིས་རྟོགས་པར་མི་ནུས་ཤིང་གཏིང་དཔག་དཀའ་པའི་ཕྱིར་ཟབ་བོ་ཞེས་བསྟན
་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ།། རབ་འབྱོར་གཟུགས་ཀྱི་སྡོབ་གྱི་མཛའ་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བ་ནས། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང
་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་བསྟན་པ་དེ་ཉིད་གསལ་བར་བཤད་པའི་ཕྱིར་དུས་གསུམ་དང་སྦྱར་ནས་བསྟན་པ་སྟེ། དམིགས་པ་ཅན་ཁ་ཅིག་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་འདས་པའི་དུས་ན་ནི
་བྱ་བ་བྱས་ཟིན་པའི་རང་བཞིན་དུ་ཡོད། ད་ལྟར་བྱུང་བའི་དུས་ན་ནི་བྱ་བ་བྱེད་པའི་རང་བཞིན་དུ་ཡོད། མ་འོངས་པའི་དུས་ན་ནི་བྱ་བ་བྱེད་པར་འགྱུར་བའི་རང་བཞིན་དུ་ཡོད་པར་ལྟ་བ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ཉིད་ཀྱང་དངོས་བོ་མེད་པའི་རང་བཞིན་ཡིན་ལ།
་འདས་པ་དང་མ་འོངས་པ་དང་ང་ལྟར་བྱུང་བ་ཞེས་བྱ་བའི་དུས་ཀྱང་གཟུགས་ཉིད་ཞིག་པ་དང། མ་བྱུང་བ་དང། གནས་པ་ལས་གང་གདགས་སུ་ཟད་ཀྱིས་དེ་ལས་གུད་ན་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། དེ་ལྟར་བྱུང་བ་ཞེས་བྱ་བའི་དངོས་པོ་མེད
་དུས་གསུམ་ཆར་ཡང་རང་བཞིན་གྱིས་སྟོང་ཞིང་དེ་བཞིན་ཉིད་དུ་རོ་གཅིག་སྟེ། མི་འགྱུར་བ་ཡོངས་སུ་རྫོགས་པའི་ཕྱིར་བཅིངས་པ་དང་གྲོལ་བ་མེད་དོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས
་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གསོལ་བ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཆུང་བ། དགེ་བའི་རྩ་བ་མ་སྐྱེད་པ། སྡིག་པའི་གྲོགས་པོའི་སུག་པར་ལྟུང་བ། བདུད་ཀྱི་དབང་དུ་གྱུར་བ། ལེ་ལོ་ཅན་བརྩོན་འགྲུས་བཏང་བ་དྲན་པ་ཉམས
་པ་ཤེས་བཞིན་དང་མི་ལྡན་པ་རྣམས་ཀྱིས་མོས་པར་དཀའ་ཨོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མོས་པར་དཀའ་ཞིང་ཟབ་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་གླེངས་པ་དང། བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པའོ། །རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད
་རྣམ་པར་དག་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མོས་པར་དཀའ་ཞིང་ཟབ་པ་བསྟན་པ་སྟེ། དེ་ལ་རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་བའོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་རང་བཞིན་སྟོང་ཞིང། རྣམ་པར་དག་པ
་ཀ། ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཛའ་ཨི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་འབྲས་བུ་ཡིན་གྱི་དེ་ལས་གུད་ན་འབྲས་བུ་གཞན་མེད་དེ། དེ་བས་ན་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནཾ
་པར་དག་པ་དང་།མྱ་ངན་ལས་འདས་པ་འབྲས་བུ་ཞེས་བྱ་བ་དེ་དག་དེ་བཞིན་དུ་རོ་ཅིག་སྟེ། རྣམ་པར་དག་པའི་རང་བཞིན་དུ་ཐ་མི་དད་དོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །རབ་འབྱོར
་གཞན་ཡང་གཟུགས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་བ་དེ་ནི་གཟུགས་ཡོངས་སུ་དག་པ་སྟེ། དེ་ལྟར་གཟུགས་ཡོངས་སུ་དག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་དོ་ཞེས་བྱ་བ་ནས། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མ་དང་དེ
་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གཉིས་དོན་དམ་པར་རང་བཞིན་གྱི་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་མི་དད་པར་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ
་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། དེ་ལ་གཉིས་སུ་མེད་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོལ། །གཉིས་སུ་བྱར་མེད་པ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་ཐ་དང་དུ་དབྱེར་མེད་པའི་ཕྱིར་རོ་སོ་སོ་མ་ཡིན་པ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་བྱེ་བྲག་དབྱེར་མེད
་པའི་ཕྱིར་རོ། །ཐ་མི་དད་པ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་གཞན་གྱིས་བར་མི་ཆོད་པའི་ཕྱིར་རོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་བདག་རྣམ
་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ
་ནས། དེ་ལྟར་ན་མཐོང་བ་བོ་རྣམ་པར་དག་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང། སེམས་ཅན་དང།
་སྲོག་དང། གསོ་བ་དང། སྐྱེས་བུ་དང། གང་ཟག་དང། ཤེད་ཅན་དང། ཤེད་བདག་དང། བྱེད་པ་པོ་དང། ཚོར་བ་པོ་དང། ཤེས་པ་པོ་དང། མཐོང་བ་པོ་དང། བདག་རྣམ་པ་བཅུ་གཉིས་པོ་དེ་དག་རང་བཞིན་གྱིས་སྟོང་པའི་ཕྱིར་རྣམ་པར་དག་པ་དང། གཟུགས་ལ
་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པ་རེ་རེ་དང་སྦྱར་ཏེ། རྣམ་པར་དག་པའི་རང་བཞིན་དུ་ཐ་མི་དད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་གཞན་ཡང
་བདག་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མ་དང་ད་ཞེས་བྱ་བ་ནས། དེ་ལྟར་ན་མཐོང
་བ་པོ་ཡོངས་སུ་དག་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་?་མི་དང་ངོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྣམ་པ་བཅུ་གཉིས་པོ་རེ་རེ་དང། གཟུགས་ལ་སོགས་པ་རྣམ་པ
་ཐམས་ཅད་མཁྱེན་པ་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དང་སྦྱར་སྟེ། བདག་རྣམས་ཡོངས་སུ་དག་པར་རྟོགས་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པར་རྟོགས་པ་དང། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པར་རྟོགས་པས
་བདག་རྣམས་ཡོངས་སུ་དག་པར་རྟོགས་པར་ངོ་བོ་ཉིད་ཀྱི་སྟོང་ཞིང་ཡོངས་སུ་དག་པའི་རང་བཞིན་དུ་ཐ་མི་དང་པར་བཤད་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་མོས་པར་དཀའ་བར་བསྟན་པའོ། །རབ་འབྱོར་གཞན་ཡང་འདོད་ཆགས་རྣམ་པར་དག་པས། གཟུགས
་རྣམ་པར་དག་པ། གཟུགས་རྣམ་པར་དག་པས་འདོད་ཆགས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་རྣམ་པར་དག་པ་དང། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མདོས་སོམ་ཡིན་ཐ་མི་དང་?་དང་པོ་ཞེས་བྱ་བ་ནས། །དེ་ལྟར་ནག?་ཏི་མུག་རྣམ་པར་དག་པ
་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མད?་སོ་སོ་མ་ཡིན་ཐ་མི་དང་ངོ་ཞེས་བྱ་བའི་བར་དུ་ནི་ཀུན་བརྟགས་པའི་རང་བཞིན་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དོན་དམ་པར་དངོས་པོ་མེད་དེ། རང་བཞིན་གྱིས་རྣམ་པར་དག
་པས་རྟོགས་ན། ཀུན་བརྟགས་པའི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་རྣམ་པ་རང་ག་བར་རྟོགས་པ་དང། ཀུན་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་དག་པར་རྟོགས་ན་འདོད་ཆགས་དང་ཞེ་སྡང་དང
་གཏི་མུ་གསུམ་རྣམ་པར་དག་པར་རྟོགས་པར་འགྱུར་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུ་གསུམ་རྣམ་པར་དག་པ་རེ་རེ་དང། གཟུགས་ལ་སོགས་པ་ཆོས་ཐམས་ཅད་རྣམ་པར་དག་པ་དང་སྦྱར་ཏེ། དེ་ལྟར་རང་བཞིན་གྱི་སྟོང་ཞིང་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པའི་སྒོ
་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་འདོད་ཆགས་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས་འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་ཡོངས་སུ་དག་པ་དང། གཟུགས
་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་དོ་ཞེས་བྱ་བ་ནས། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་དོ་ཞེས་བྱ་བའི་བར་དུ་ནི་འདོད
་ཆགས་དང་ཞེ་སྡང་དང་གཏི་མུ་གསུམ་གྱི་ཆོས་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོངས་སུ་དག་པར་རྟོགས་ན་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོངས་སུ་དག་པར་རྟོགས་པ་དང། གཟུགས་ལ
་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པར་རྟོགས་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུ་གསུམ་ཡོངས་སུ་དག་པར་རྟོགས་པར་འགྱུར་ཏེ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ཡོངས་སུ་དག་པ་རེ་རེ་དང་གཟུགས་ལ་སོགས་པ་ཆོས་ཐམས་ཅད
་ཡོངས་སུ་དག་པ་དང་སྦྱར་ཏེ། དེ་ལྟར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པ་ལ་ཐ་དང་དུ་དབྱེར་མེད་པར་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་མ་རིག་པ་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ།
་འདུ་བྱེད་རྣམ་པར་དག་པས་མ་རིག་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་མ་རིག་པ་རྣམ་པར་དག་པ་དང། འདུ་བྱེད་རྣམ་པར་དག་པ་འདི་ལ་གཉིས་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་ནི་དང་དོ་ཞེས་བྱ་བ་ནས། དེ་ལྟར་ན་ལམ་གྱི་རྣམ་པར་ཤེས་པ་ཉིད་རྣམ་པར་དག་པ་དང། རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་བར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་དེ་ཞེས་བྱ་བའི་བར་དུ་ནི་མ་རིག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་གཅིག་རྣམ་པར་དག་པར་རྟོགས་པས་དེའི་འོག་མ་ཡང
་རྣམ་པར་དག་པར་རྟོགས་པར་འགྱུར་ཏེ། དེ་ལྟར་ཆོས་དེ་དག་རྣམ་པར་དག་ཅིང་རང་བཞིན་གྱི་སྟོང་པ་ལ་ཐ་དད་དུ་དབྱེར་མེད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང། །ཟུགས་རྣམ་པར་དག་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར
་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་ངོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལས་ཆོས་རེ་རེ་རྣམ་པར་དག་པ་དང། གཟུགས་ལ་སོགས
་པའི་ཕུང་པོ་ལྔ་དང། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་དྲུག་རྣམ་པར་དག་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལ་ཐ་དང་དུ་དབྱེར་མེད་བར་བསྟན་པའི་སྒོ་ནས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་རྣམས་དང།
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་སྤྱད་ཏེ། ཆོས་གསུམ་རྣམ་པར་དག་པ་ལ་ཐ་དང་དུ་དབྱེར་མེད་པ་བཤད་པ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲེས་རྐང་ཐམ་ལ་ལྟག་འོག་གཉིས་ཀ་ལས
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོས་པ་ག་དོམ་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱའོ། །འོག་མ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ལ་བྱ་སྟེ། དོན་དམ་པར་ཆོས་ཐམས་ཅད་སྟོད་པ་ཉིད་ཀྱི་རང་བཞིན་དུར་གཅིག་ཅིང་ཐ་མི་དད་བར་ཐུགས་སུ་ཆུད་པ་ལ་བྱ་བར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ
་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང། གཟུགས་རྣམ་པར་དག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི
་དང་ངོ་ཞེས་བྱ་བ་ནས། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་རྣམ་པར་དག་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དང་ངོ
་ཞེས་བྱ་བའི་བར་དུ་ནི་རྣམ་བ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཐོག་མར་སྨོས་ནས། གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན
་གྱི་ཚོར་བ་དྲུག་ལ་ཐུག་གི་བར་དུ་ཆོས་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་རེ་རེ་དང་སྦྱར་ཏེ། ཆོས་དེ་དག་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་འདུས་བྱས་རྣམ་པར
་དག་བས་འདུས་མ་བྱས་རྣམ་པར་དག་པ་སྟེ་ཞེས་བྱ་བ་ནས། དེ་ལྟར་ན་ད་ལྟར་བྱུང་བ་རྣམ་པར་དག་པ་དང། འདས་པ་དང་མ་འོངས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་དུ་ནི་འདུས་བྱས་དང་འདུས་མ་བྱས་རྣམ་པར་དག་པ་ལ་ཐ་དང་དུ
་དབྱེར་མེད་པ་དང། དུས་གསུམ་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་བར་དཀའ་བ་བསྟན་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་བདུན་པའོ།། །།
་དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པ་བསྟན་པའི་གོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བཤད་པའི
་དོན་ཤཱ་རིའི་བུས་རྟོགས་ནས་རྣམ་པར་དག་ཅིང་ཟབ་པའི་དོན་དེ་ཉིད་འཁོར་རྣམས་ལ་གསལ་ཞིང་ཞིབ་ཏུ་བཤད་པའི་གླེང་བསླད་བ་དང། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་བའི་ཕྱིར་ཟབ་པ་བསྟན་པ་སྟེ། བཅོམ་ལྡན་འདས་རྣམ་པར་དག་པར
་འདི་ཟབ་བོ་ཞེས་བྱ་བ་ནི་གོང་དུ་རྣམ་པར་དག་པ་བཤད་པ་དེ་དམིགས་པ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ཟབ་བོ་ཞེས་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་བྱ་དང་ཉོན་མོངས་པའི
་སྒྲིབ་པ་ཐམས་ཅད་བག་ཆགས་ཀྱང་མ་ལུས་པར་སྤངས་ཤིང་ཅིས་ཀྱང་མ་གོས་ཏེ། ཤིན་ཏུ་རྣམ་པར་དག་པ་དེ་རྟོགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་པོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུས་གསོལ་བ་གང་རྣམ་པར་དག་པའི་སླད་དུ་ཞེས་བྱ་བ་ནི་གཟུགས
་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་དག་པ་བཤད་པའི་གླེང་བསླད་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་གཟུགས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི
་ཕྱིར་རྣམ་པར་དག་པ་ཟབ་བོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་མཔ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པ་རང་བཞིན་གྱི་སྟོང་ཞིང་རྣམ་པར་དག་པ་སྟེ། ཅིས་ཀྱང་མ་གོས་པ་དེ་མཚན་མར་འཛིན་ཅིང་རྟོག་པ་ཅན་རྣམས་ཀྱིས
་རྟོགས་ཤིང་ཡིད་ཆེས་པར་དཀའ་བའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་སྣང་བའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ
་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཡོངས་སུ་དག་ཅིང་ཅིས་ཀྱང་མ་བསྒྲིབས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ནི་སྣང་བའོ་ཞེས་བཤད་པའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིད་གི་འཚམས་སྦྱོར་བ་མ
་མཆིས་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཕོ་བ་མེད་ཅིང་ཉིད་དི་འཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་འི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་རང་བཞིན་གྱི་སྟོང་ཞིང་རྣམ་པར་དག་
་མས་ཕུང་པོ་འདི་བོར་ཏེ། ཕ་རོལ་ཏུ་འཕོ་བ་ཡང་མེད་ལ། ཕུང་པོ་ཕྱི་མ་ལེན་པའི་ཉིད་འཚམས་སྦྱོར་བ་ཡང་མེད་པ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང
་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་བའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་ཡོངས་སུ་དག་ཅིང་རང་བཞིན་གྱིས་འོད་གསལ་བ་སྟེ།
་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་མ་གོས་པའི་ཕྱིར་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་པ་མེད་པ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཐོབ་བར་འགྱི་བ་དང། མངོན་པར་རྟོགས་བར་བགྱིས་པ་མ་མཆིས་པའོ་ཞེས་བྱ་བ་ནས
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་མེད་པ་དང། མགནོན་པར་རྟོག་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་རང་བཞིན་གྱི་སྟོང་ཞིང་རྣམ་པར
་དག་པ་ཡིན་པས་དེ་ལས་འབྲས་བུ་ཐོབ་པར་བྱ་བ་དང། རྟོགས་པར་བྱ་བ་གང་ཡང་མེད་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན
་པར་མ་གྲུབ་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང། དངོས་པོ་མེད་བས་མངོན་པར་བསྒྲུབ་པར་བྱ་བ་དང། མངོན་པར་སྒྲུབ་པར་བྱེད་པ་གཉིས་ཀ
་དངོས་པོ་ཡོད་པར་མ་གྲུབ་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་བ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་གཟུགས་མེད་པའི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར་རྣམ་པར
་དག་པ་ནི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་གྱིས་སྟོང་ཞིང་རྣམ་པར་དག་པའི་རང་བཞིན་དེ་བཞིན་ཉིད་དེ་ནི་ཁམས་གསུམ་གང་དཱུང་སྐྱེ་བ་མེད་པ་བསྟན་པ་སྟེ། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས
་ཞེས་བྱ་བ་ཡང་ཀུན་བརྟགས་བ་ཙམ་དུ་ཟད་དེ། དོན་དམ་པར་ཁམས་གསུམ་ཉིད་ཀྱང་རང་བཞིན་གྱི་སྟོང་སྟེ། དམིགས་སུ་མེད་ན་དེར་སྐྱེ་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ལྟར་གང་དུ་སྐྱེ་བའི་གནས་དང། སྐྱེ་བར་འགྱུར་བ་གཉིས་ཀ་མི་དམིགས་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས
་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཤེས་སོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་དག
་པ་ཞེས་བྱ་བ་རང་གི་མཏྪན་ཉིད་གྱིས་སྟོང་ཞིང་དངོས་པོ་མེད་པ་ཡིན་པས་ཤེས་པར་བྱེད་པའི་རང་བཞིན་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཆོས་ལ་སེམས
་མེད་པའི་ཕྱིར། རྣམ་པར་དག་པ་ལ་ཤེས་པ་མེད་དོ་ཞེས་བྱ་བ་ནི་རྣམ་པར་དག་པའི་ཆོས་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་རྣམས་ལ་མཚན་མར་འཛིན་པའི་ཤེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད་གནོད་པར་མི་བགྱིད་དོ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་ཉིད་དུ་ཏོ་གཅིག་ཅིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཅིག་གི་རྒྱུ
་གཅིག་མ་ཡིན་ནོ་ཞེས་བསྟན་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་གཉིས་ཀ་ཡ་མཚོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་དུ
་རོ་གཅིག་ཅིང། ཤིན་ཏུ་རྣམ་པར་དག་བའི་ཕྱིར་གཅིག་གི་རྒྱུ་གཅིག་མ་ཡིན་ནོ་ཞེས་གོང་དུ་བཤད་པའི་དོན་དེ་ཉིད་བ་སྨན་ཏེ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་ནེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད་ཅིང
་གནོད་པར་མི་བགྱིད་པ་ལགས་ཞེས་བྱ་བ་ནི་གོང་དུ་ཤཱི་རའི་བུས་བཤད་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། འཁོར་རྣམས་བསྟན་པར་ཡིད་ཆེས་པར་འགྱུར་བའི་ཕྱིར་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
་ཤཱ་རདྭཱ་ཏའི་བུ་ཆོས་ཀྱིས་དབྱིངས་གནས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མི་བྱེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་གཉིས་ཀ་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང
་བཞིན་དུ་རོ་གཅིག་སྟེ། ཐ་མི་དང་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་མི་འགྱུར་བ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཡིན་པས་ཕན་པ་དང་གནོད་པའི་ཁར་མ་ལས་པའི་ཕྱིར་ཞེས་བསྟན་པ་སྟེ། དེས་ཀྱང་རྣམ་པར་དག་པ་ལ་ཕན་པ་དང། གནད་པ་བྱེད་པ་མེད་པའི་མཚན
་ཉིད་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བརྟན་བའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་གང་ཡང་ཡོངས་སུ་ལན་པ་མ་མཆིས་སོ་ཞེས་བྱ་བ་ནི་དེ་ནི་དམ་པར་མི་རྟོག་པའི་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅིན་ཤིན་ཏུ་རྣམ་པར་དག་པ་ཡིན་པས་ཆོས་གང་ལ་ཡང་རྣམ་པར་རྟོག་ཅིང་མཚན་མར་འཛིན་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རདྭཱ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་?་ཞེས
་བྱ་བ་ནི་རྣམ་པར་མི་རྟག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཟུང་བ་དང་འཛིན་པ་གཉིས་ཀའི་སྐྱོན་གྱིས་མགོས་ཤིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་གང་ཡོངས་སུ་ལེན་པ་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ
་རོལ་ཏུ་བྱིན་པ་རྣམ་པར་དག་པ། ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་པ་ལགས་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། འཁོར་རྣམས་བསྟན་པར་ཡིད་ཆེས་བར་བྱ་བའི་ཕྱིར་ཤཱ་རིའི་བུས་ཞུས་པའོ། །བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་ཆོས་ཀྱི་དབྱིངས་མི་གཡོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཆོས་གང་ཡང་ཡོངས་སུ་ལེན་པ་མེད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རིལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། ཆོས་ཀྱི་དབྱིངས
་མི་འགྱུར་བ་ཡོངས་སུ་རྫོགས་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་བའི་ཆོས་གང་ལ་ཡང་རྣམ་པར་རྟོག་ཅིང་མཚན་མར་མི་འཛིན་པའི་སྒོ་ནས་གཡོ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པ་སྟེ། འདིས་ཀྱང་ཡོངས་སུ་ལེན་པ་མེད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའ?
་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་ནས། གསལ་བ་བཅོམ་ལྡན་འདས་ཅིའི་སླད་དུ་བདག
་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་གང་ཟག་ལ་བདག་མེད་པ་དང། ཆོས་ལ་བདག་མེད་པ་ཉིད་རྣམ་པར་དག་པ་ཡིན
་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། ཇི་ལྟར་མུ་སྟེགས་ཅན་གྱིས་བཏགས་པའི་བདག་རྣམས་ཀུན་རྫོབ་ཏུ་ཡང་ཡོད་པར་མ་གྲུབ་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི
་བར་དུ་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་བསྟན་པའོ། །སྐབས་འདིར་གསུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་ནི་ཆིག་གི
་མཇུག་ལས་ཤིན་ཏུ་རྣམ་པར་དག་པའི་གཏན་ཚིགས་སུ་བདག་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འབྲས་པ་བཅོ་བརྒྱད་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཞེ་སྨོས་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མན་ཆད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ནི་ཤིན་ཏུ
་རྣམ་པར་དག་པའི་གཏན་ཚིགས་སུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེ་སྨོས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཁ་ཅིག་རང་གི་མཚན་ཉིད་ལ་མངོན་པར་ཞེན་པ་རྣམས་བསལ་བའི་ཕྱིར་ཏེ། གང་ཟག་དང་ཆོས་གཉིས་ཀའི་རང་གི་མཚན་ཉིད
་ཡོད་པར་མ་གྲུབ་སྟེ། སྟོང་པ་ཉིད་ཀྱི་ཕྱིར་རྒྱན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བདག་རྣམ་པར་དག་པས་ཆོས་རྣམས་ཀྱང་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་མ་ལགས།
་མངོན་པར་རྟོགས་པར་བགྱིད་པ་མ་ལགས་སོ། །ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་དག་ཅིང་དེ་བཞིན་དུ་རོ་གཅིག་པས་སྔོན
་ཡང་ཀུན་ནས་ཉོན་མོངས་པ་མེད་ལ་ཕྱིས་ཀྱང་རྣམ་པར་བྱང་བར་འགྱུར་བ་མེད་དེ། དེ་ལྟར་ཉོན་མོངས་པ་དང། རྣམ་པར་བྱང་བ་གཉིས་སུ་མེད་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱ་བ་ཡང་མེད་པ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་སོགས་པ་མངོན་པར
་རྟོགས་པར་བྱ་བ་མེད་པར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་བདག་ཀུན་ཏུ་མཛའ་ཡས་པའི་སླད་དུ་གཟུགས་ཀུན་དུ་མཛའ་ཡས་པའི་ཞེས་བྱ་བ་ནས། གསོལ་བ་བཅོམ་ལྡན་འདས་ཅིའི
་སླད་དུ་བདག་ཀུན་ཏུ་མཛའ་ཡས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀུན་ཏུ་མཛའ་ཡས་པ་རྣམ་པ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མར་དང་ཐ་མ་མེད་པ་སྟོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས
་ཅན་གྱིས་བརྟགས་པའི་བདག་རྣམས་དངོས་པོ་ཡོད་པར་མ་གྲུབ་པས་རྟག་པ་དང་ཚད་པའི་མཛའ་ལས་འདས་པ་དང་ཐོག་མ་མེད་པ་མཛའ་ལས་འདས་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་ཀྱང་དོན་དམ་པར
་མཛའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐག་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ཀུན་ཏུ་མཛའ་ཡས་པ་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ
་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་རྣམ་པར་དག་པ་ཟབ་ཅིང་མོས་པར་དཀའ་བ་དེ་ལྟ་བུའི་དོན་རྟོགས་ཤིང་ཡིད་ཆེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཡོངས་སུ་དག་པ་ཡིན་ཞེས་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་མདོར་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
་སྩལ་བ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་དག་པའི་ཆོས་ཟབ་མོ་རྟོགས་པའི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་ཡན་ཆད་མ་ལུས་པར་སྤངས་ཤིང། རྣམ་པར་དག་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཡིན་ནོ་ཞེས་མདོར་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཅིའི་སླད་དུ་གང་དེ་ལྟར་རྟོགས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་བ་ནི་གོང་དུ་མདོར་བཤད་པའི་དོན་དེ་ཉིད་འཁོར་རྣམས་ཀྱིས་ཞིབ་ཏུ་རྟོགས་པར
་བྱ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་གྱི་རྣམ་པ་ཤེས་པའི་ཤེས་རབ་ཀྱིས་དེ་ལྟ་བུའི་ཆོས་ཟབ་མོ་རྟོགས་པར་འགྱུར་བའི་ཕྱིར་གང་དེ་ལྟར
་རྟོགས་པ་དེ་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པ་སྟེ། འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན
་པོའི་སྒོ་ནས་ཟབ་ཅིང་མོས་པས་དཀའ་བ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་འམ། ཕ་རོལ་གྱི་འགྲམ་འམ། གཉིས་ཀྱི་དབུས་ན་མི་གནས་ན།
་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚུ་རོལ་དང་ཕ་རོལ་དང་གཉིས་ཀའ?་དབུས་ན་ཡང་མི་གནས་པར་སྟན་པའི་སྒོ་ནས་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ།
་ཚུ་རོལ་གྱི་འགྲམ་ཞེས་བྱ་བ་ནི་འདས་བྱས་ཀྱི་མཛའ་ཨོ། །ཕ་རོལ་གྱི་འགྲམ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་མཛའ་ལ་བྱ་སྟེ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་དངོས་པོ་མེད་པས་དེ་གཉིས་གང་གི་མཛའ་ལ་ཡང་མི་གནས་ཤིང་དེ་ལྟར་མཛའ་
་གཉིས་མེད་པས་དེ་གཉིས་ཀྱི་དབུས་ཀྱང་མེད་པའི་ཕྱིར། དབུས་ན་ཡང་མི་གནས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་མཛའ་
་གཉིས་ལ་གནས་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །གསོལ་བ་བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི
་འགྲམ་མམ། གཉིས་ཀའི་དབུས་མི་གནས་ཤིང་ཤིན་ཏུ་རྣམ་པར་དག་པ་ལགས་ཞེས་བྱ་བ་ནི་གོང་དུ་མདོར་སྨོས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། འཁོར་རྣམས་བསྟན་པར་ཡང་ཆེས་པར་འགྱུར་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
་སྩལ་བ། རབ་འབྱོར་དུས་གསུམ་ཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཞིང་སྐྱེ་བ་དང། འགག་པ་མེད་པ་ལ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་ཀྱང་མེད་དེ། དེ་ལྟར་དུས་གསུམ་ཉམ་པ་ཉིད་དང། འདུས་བྱས་དང་འདུས
་མ་བྱས་གཉིས་ཀའི་ཡང་སྟོང་པ་ཉིད་དུ་རོ་གཅིག་སྟེ་མཉམ་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུ་རོལ་དང་ཕ་རོལ་དང་གཉིས་ཀའི་དབུས་ན་ཡང་མི་གནས་སོ་ཞེས་བསྟན་བའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས
་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བགྱིད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བྱའོ། །ཞེས་བྱ་བ་ནི་ཆགས་པ་དང
་མ་ཆགས་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་?་ཅིང་མོས་པར་དཀའ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་གསོལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་ཅིང་དམིགས་པ་མེད་པ་དང། མཚན་མ་མེད་པ་ལ་དམིགས་པའི
་ཚུལ་དུ་རྟོག་ཅིང་ཤེས་བར་བྱེད་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུན་འབྱིན་ཅིང་སྙིང་པོ་མེད་པར་བྱེད་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
་རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ལེགས་ལེགས་སོ། །རབ་འབྱོར་དེ་མིང་དུ་ཡང་ཆགས་པ་ཡིན། མཚན་མར་ཡང་ཆགས་པ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་བའི་ཚུལ་དུ་འདུ་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ
་འབྱིན་ཅིང། རང?་དུ་སྤོང་བ་ཡིན་པར་བཤད་པ་དེ་དེ་བཞིན་ཏེ་ལེགས་སོ་ཞེས་བསྟོད་ནས། དེ་ལྟར་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བྱེད་ན་ཆོས་ཐམས་ཅད་ལ་མིང་དང་མཚན་མར་འཛིན་ཅིང་ཆགས་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས
་ཇི་ལྟར་ན། མིང་དུ་ཡང་ཆགས་ཤིང་མཚན་མར་ཡང་ཆགས་པ་ལགས་ཞེས་བྱ་བ་ནི་མིང་དང་མཚན་མར་འཛིན་ཅིང་ཆགས་པའི་དོན་གོད་དུ་མདོར་བཤད་པ་དེ་ཞིབ་ཏུ་བཤད་པའི་ཕྱིར་ཞུས་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་རིགས་ཀྱི
་བུ་འམ་རིགས་ཀྱི་བུ་མོ་བྱང་དྷུབ་སེམས་དཔའ་ཨི་ཐེག་པ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མིང་དུ་འཛིན་ཏམ་མཚན་མར་འཛིན་ན་ཞེས་བྱ་བ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པས་ཤེས་ར
་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འཕྱིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་བུ་འདུ་ཤེས་སུ་བྱེད་ན་མིང་དང་མཚན་མར་འཛིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རང
་མི་མཐུན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་ཅིང་རིང་དུ་སྤོང་བ་ཡིན་པར་བསྟན་པ་དང། དེ་ལྟར་མིང་དང་མཚན་མར་འཛིན་པ་ཉིད་ཡང་དག་པ་ཡིན་གྱི་གཞན་ནི་ལོག་པ་ཡིན་ནོ་ཞེས་དོན་དེ་ཉིད་བསྙེམས་ཤིང་རློམས་སེམས་སུ་བྱེད་ན་ཡང་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་གསོག་ཏུ་འབྱིན་ཅིང་རིང་དུ་སྤོང་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་བསྟན་པ་ལ་ཆགས
་པ་དང་མ་ཆགས་པ་དེ་དག་ཀྱང་མཆིས་པ་ངོ་མཚར་ཆེའོ། །ཞེས་བྱ་བ་ནི་ཆགས་པ་དང་མཆགས་པའི་མཚན་ཉིད་འོག་ནས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྦྱར་ན་དོན་དམ་པ་ཆགས
་པ་དང་མ་ཆགས་པ་ཡང་བརྗོད་དུ་མེད་པའི་རིགས་པ་ལས། ཀུན་རྫོབ་ཏུ་འདི་དག་ནི་ཆགས་པའོ། །འདི་དག་ནི་མ་ཆགས་པའོ། །ཞེས་སོ་སོར་ཕྱེ་སྟེ་བཤད་པ་ངོ་མཚར་ཆེ་སྟེ་ལེགས་སོ། ཞེས་གསོལ་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར
་ལ་འདི་སྐད་ཅེས་སྨྲས་སོ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་རབ་འབྱོར་ལ་ཆགས་པ་དང་མ་ཆགས་པའི་མཚན་ཉྡ་གང་ཡིན་པ་དྲིས་པ་དང། གཟུགས་ལ་སོགས་པ་རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པའི་ཚུལ་གྱིས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཡང་སྟོང་པའི་མཛའ་ལ་ཆགས་པ་ཡིན་ནོ། ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ
་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ན་ཆགས་པའོ། ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་ཆོས
་རྣམས་དམིགས་པའི་ཚུལ་གྱིས་ཡོད་པར་འཛིན་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་དམིགས་པ་དང་བཅས་ཤིང་མཚོན་མ་དང་བཅས་པའི་ཚུལ་གྱིས་སྤྱོད་ན་ཡང་ཡོད་པའི་མཛའ་ལ་ཆགས་པ
་ཡིན་ནོ་།ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཆགས་པ་མེད་པ་གང་ཞེས་ཟེར་བ་ནི་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་དག་ནི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆགས་པ་མེད་པ་དག་གོ། ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་དང་དུས་གསུམ་ལ་དམིགས་པའི་ཚུལ་གྱིས་མཚན་མར་མི་འཛིན་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ
་བྱང་ཆུབ་སེཾས་དཔའ་ཨི་སྤྱོད་པ་རྣམས་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། དེ་དག་ལ་དམིགས་པ་དང་བཅས་པས་མཚན་མར་མི་འཛིན་ཅིང་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ནི་ཆགས་པ་མེད་པ་ཡིན་ནོ། ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ
་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། ཞེས་བྱ་བ་ནས་ཆགས་པ་དེ་དག་ལ་ཆགས་པར་གྱུར་ན། ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་སོ། ཞེས་བྱ་བའི་བར་དུ་ནི་གོང་དུ་ཡོད་པ་དང་མེད་པའི་མཛའ་ལ་ཆགས་པའི་མཚན་ཉིད་བསྟན་པའི་དོན་དེ་ཉིད
་འཁོར་རྣམས་ལ་རྣམ་པ་གཞན་གྱིས་ཞིབ་ཏུ་བསྟན་པའི་ཕྱིར་ཆགས་པའི་མཚན་ཉིད་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པ་དང། རབ་འབྱོར་གྱིས་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་དམིགས་པ་དང་བཅས་ཤིང
་མཚན་མ་དང་བཅས་པར་འདུ་ཤེས་ན་ཡང་བྱང་ཆུབ་སེམས་དཔའ་ཨི་ཆགས་པ་ཡིན་ཏེ། དེ་ལྟར་ཆགས་པར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པས་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་སོ། ཞེས་ཆགS?
་པའི་ཉེས་དམིགས་དང་བཅས་པར་བསྟན་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། ཞེས་བྱ་བའི་བར་དུ་ནི་ཚོགས་པ་དང་བཅས་ཤིང
་འདུ་ཤེས་དང་བཅས་པ་ཡོངས་སུ་བསྔོ་པ་མི་རིགས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། སྟོང་པའི་རང་བཞིན་ལ་དམིགས་པ་དང་བཅས
་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྔོ་བ་མེད་དོ། ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་ཏམ་ཞེས་བྱ་བ་ནས། དེ་ལྟར་ན་རིགས་ཀྱི་བུ
་འམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཛའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བདག་ཉིད་ཆགས་པ་མེད་པར་བྱ་བ་བསྟན་ནས། གཞན་ལ་ཆོས་སྟོན་པའི་ཚེ་ཡང་ཆགས་པ་མེད་པར་བསྟན་ཅིང
་བསྐུལ་པའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་ཆོས་དེ་རྣམས་ལ་སྤྱོད་དོ་སྙམ་དུ་སེམས་པའི་རྣམ་པར་རྟོགས་པ་དེ་ལྟ་བུ་མི
་འབྱུང་བར་གཞན་རྣམས་ལ་ཡང་དག་པར་བསྟན་ཅིང་ཡང་དག་པར་བསྐུལ་བ་དང། ཡང་དག་པར་སྤྲོ་བ་བསྐྱེད་པ་དང། ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། ཞེས་བསྟན་པ་སྟེ། དེ་ལ་ཡང་དག་པར་བསྟན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག
་པའི་ལམ་མི་ཞེས་པ་ལ་ལམ་ཕྱིན་ཅི་མ་ལོག་པར་བསྟན་པའོ། །ཡང་དག་པར་བསྐུལ་བ་ནི་ལམ་ལོག་པར་ཞུགས་པ་རྣམས་ཀྱིས་ཁ་ལོ་སྒྱུར་ཞིང་འཆོས་པའོ། །ཡང་དག་པར་སྤྲོ་བ་བསྐྱེད་པ་ནི་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་ཐོབ་ཏུ་མི་རེ་ཞིང་སེམས་ཞུམ་པ་རྣམས
་ལ་གཟེང་བསྟོད་ཅིང་སྤྲོ་བ་བསྐྱེད་པའོ། །ཡང་དག་པར་དགའ་བར་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་བསྔགས་ཤིང་བསྟོད་ནས་དགའ་བར་བྱེད་པའོ། །ཡང་དག་པའི་རྗེས་སུ་སོང་བའི་ཡིད་གྱིས་ཞེས་བྱ་བ་ནི་དམིགས་པ་དང
་མཆན་མར་འཛིན་པའི་རྣམ་པར་རྟོག་པ་མེད་པའི་སེམས་ཀྱིས་གཞན་ལ་བསྟན་པར་བྱའོ། ཞེས་བྱ་བའི་དོན་ཏོ། །རྨ་བྱུང་བར་མི་འགྱུར་ཞིང་སངས་རྒྱས་ཀྱིས་གནང་བའི་ཡང་དག་པར་བསྐུལ་པས་ཡང་དག་པར་བསྐུལ་བ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་བྱང་བའི
་ཆོས་རྣམས་ལ་སྤྱོད་པའི་ཚེ། ཆོས་དེ་རྣམས་ལ་སྤྱོད་པའི་རྣམ་པར་རྟོག་པ་མི་འབྱུང་བར་གཞན་རྣམས་ལ་ཆོས་བསྟན་ན་སྐྱོན་དུ་མི་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་མཐུན་པར་ཡང་དག་པར་སྟོན་ཅིང་སྐུལ་བ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རིགས
་ཀྱི་བཱུམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཛའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་ཡང་དག་པར་བསྟན་ན། དམིགས་པ་དང་བཅས་ཤིང་མཚོན་མ་དང་བཅས་པར་ལྟ་བའི་སྐྱོན་དང། ཡོད་པ་དང་མེད་པའི་མཛའ་ལ་ཆགས་བའི
་སྐྱོན་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པར་འབྱོར་ལ་ལེགས་སོ། ཞེས་བྱ་བ་གནང་སྟེ། རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པའི་རྣམ་པ་དེ་ལྟ་བུ་དག་སྟོན་པ
་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཆགས་པ་མེད་པའི་དོན་བསྟན་པ་ལ། འཁོར་རྣམས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་ནས་ལེགས་སོ། ཞེས་བྱ་བ་གནང་བ་བསྟན་པའོ། །རབ་འབྱོར་དེ་བས་ན་ཁྱོད་ལ་ཆགས
་པའི་རྣམ་པ་དེ་བས་ཀྱང་ཕྲ་བ་དག་བསྟན་པར་བྱས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཚན་མར་ཡིད་ལ་བྱེད་པ་ཡང་བྱང་ཆུབ་སེམས་དཔའ་ཨི་ཆགས་པ་ཡིན་ཏེ། ཆགས་པ་གོང་དུ་བཤད་པ་བས་ཀྱང་ཐབ་ཅིང་ཕྲ་བ་དག་བཤད་པར
་བྱས་ཉོན་ཅིག་ཅེ་སྐབས་བྱེ་བའོ། །རབ་འབྱོར་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དང། པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནས། གང་ཡང་དེ་བཞིན་གཤེགས་པའི་ཉན་ཐོས་དེ་དག་དང། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱི
་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་མཚན་མར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང། མཚན་དང།
་དཔེ་བྱད་ལ་སོགས་པ་ལ་མཚན་མར་འཛིན་ཅིང་ཡིད་ལ་བྱེད་པ་དང། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང། འཕགས་པ་ཉན་ཐོས་དང། སོ་སོའི་སྐྱེ་པོ་རྣམས་ཀྱི་དགེ
་བའི་རྩ་བ་རྣམས་ལ་མཚན་མར་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་རྣམས་བྱང་ཆུབ་སེམས་དཔའ་ཨི་ཆགས་པ་ཡིན་ནོ། ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེ་དག་ནི་མཚན་མར་ཡིད་ལ་བྱ་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་གི་དགེ་པའི
་རྩ་བ་ཡང་མཚན་མར་ཡིད་ལ་བྱ་བ་མ་ཡིན་ནོ། ཞེས་བྱ་བ་ནི་མཚན་མར་ཡིད་ལ་བྱ་བའི་མི་རིགས་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་པ་རྣམས་དང། དེ་བཞིན་གཤེགས་པའི་དགེ་པའི་རྩ་བ་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་མཚན
་མར་ཡིད་ལ་བྱར་མེད་དོ། ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་མཚན་མར་ཡིད་ལ་བྱེད་པ་ཐམས་ཅད་ཆགས་པ་ཡིན་པར་བཤད་པའི་དོན་ཟབ་མོ་རབ་འབྱོར་གྱིས་རྟོགས་ནས་འཁོར
་ཐམས་ཅད་གྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དབེན་པའི་ཕྱིར་རོ་ཞེས་བྱ་བ་ནི
་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། མཚན་མར་འཛིན་པ་ལ་སོགས་པའི་སྐྱོན་གང་གིས་ཀྱང་མ་ཆགས་མ་གོས་ཏེ་ཡོངས་སུ་དག་ཅིང་དབེན་པའི་ཕྱིར་ཟབ་པོ། ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས
་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་རབ་འབྱོར་དང་པ་སྐྱེས་ནས། འཁོར་གཞན་རྣམས་ཀྱང་དང་པ་བསྐྱེད་པའི་ཕྱིར་གུས་ཤིང་རིམ་གྲོ་བསྐྱེད་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བྱས། མངོན་པར་འདུས་མ་བྱས་པ་སྟེ། ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱི་སྟོང་པས་རྒྱུ་དང་རྐྱེན་གང་གིས་ཀྱང་མ་བྱས་ཤིང་མ་བསྐྱེད་ལ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་དངོས་པོས་ཡོངས་སུ་དག་པར་དང་མ་དག
་པར་མངོན་པར་འདུ་བྱ་ཞིང་བཅོས་སུ་ཡང་མེད་དོ། ཞེས་བྱ་བའི་དོན་ཏོ། །དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བར་མི་ནུས་སོ། ཞེས་པ་ནི་མངོན་པར་སངས་རྒྱས་པར་བྱེད་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། མངོན་པར་སངས་རྒྱས་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ཉིད་ཀྱང་རང་བཞིན་གྱི་སྟོང་པས་ཤེས་པར་བྱ་བ་དང། ཤེས་པར་བྱེད་པ་གཉིས་ཀ་མེད་པའི་ཕྱིར་སུས་ཀྱང་མངོན་པར་སངས་རྒྱས་པར་བྱ་མི་ནུས་སོ། ཞེས་གསུངས་སོ། གསོལ་པ་བཅོམ་ལྡན་འདས་ཆེས་ཐམས་ཅད་མངོན་པར་སངས་རྒྱས་པའོ། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འབའ་ཞིག་མངོན་པར་འཚང་རྒྱ་བར་བྱ་བར་མི་ནུས་པར་མ་ཟད་ཀྱི། ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཤེས་བར་བྱེད་པ་དང། ཤེས་པར་བྱ་བ་གཉིས་ཀ་མེད་པའི་ཕྱིར་མངོན་པར་སངས་མ་རྒྱས་པའི་ཞེས་བཤད་པའོ། །བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་རང་བཞི་ནི་གཉིས་མ་ཡིན་ཏེ། རབ་འབྱོར་ཆོས་ཀྱི་རང་བཞི་ནི་གཅིག་དུ་ཟད་དོ། ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་དུ་རོ་གཅིག་སྟེ། དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཟད་པས་ཤེས་པར་བྱེད་པ་དང།
་ཤེས་པར་བྱ་བ་གཉིས་སུ་དབྱེར་མེད་དོ། ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཆོས་ཀྱི་རང་བཞིན་གཅིག་པོ་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། ཞེས་བྱ་བ་ནི་གོང་དུ་ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་དོ། ཞེས་བཤད་པ་ལ་ཁ་ཅིག་དེ་བཞིན་ཉིད་དམ་སྟོང་པ་ཉིད་ཀྱི་རང་བཞིན་གཅིག་བུ་ཞིག་ཡོད
་པར་འཛིན་པ་བསལ་བའི་ཕྱིར་དེ་ཡང་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་ནོ། ཞེས་བསྟན་པའོ། །གང་རང་བཞིན་མ་ཡིན་པ་དེ་ནི་མ་བྱས་པའོ། ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་པ་དེ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་མ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །གད?་མ་བྱས་པ་དེ་ནི
་མངོན་པར་འདུས་མ་བྱས་པའོ་ཞེས་བྱ་བ་ནི་དེ་ལྟར་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཅིང་དངོས་པོ་མེད་པ་དེ་ལ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པས་བཟང་པོ་དང་ངན་པར་བཅོས་ཤིང། མངོན་པར་འདུ་བྱར་ཡང་མེད་དོ། ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་རང་བཞིན་གཅིག་པོ་རང་བཞིན་མ་ཡིན་པ་མ་བྱས་པ། མངོན་པར་འདུས་མ་བྱས་པ་ཤེས་ན་ཆགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་སྟེ། མ་བྱས
་ཤིང་མངོན་པར་འདུ་མ་བྱས་པར་ཤེས་ན། མཚན་མ་དང་དམིགས་པ་དང་བཅས་པའི་སྐྱོན་ཐམས་ཅད་སྤངས་པ་ཡིན་ནོ། ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་པའོ། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ
་མོ་དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། ཞེས་བསྟན་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང། མ་ཐོས་མ་རྟོགས། རྣམ་པར་མ་ཤེས་མངོན་པར་སངས་རྒྱས་མ་པའི་ཕྱིར་རོ། ཞེས
་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པས་མིག་གི་རྣམ་པར་ཤེས་པས་མཐོང་བར་བྱ་བ་ཡང་མ་ཡིན་རྣ་བའི་རྣམ་པར་ཤེས་པས་ཐོས་པར་བྱ་བ་ཡང་མ་ཡིན། སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པས་རྟོགས་པར་བྱ་བ་ཡང་མ་ཡིན། ཡིད་ཀྱི་རྣམ་པར
་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མངོན་པར་སངས་རྒྱས་པར་བྱ་བ་ཡང་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་ནོ། ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ། ཞེས
་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པས་མཐོང་ཞིང་ཐོས་པ་ལ་སོགས་པས་མངོན་སུམ་དུ་བྱར་མི་རུང་ཡང། སེམས་ཀྱི་རྗེས་སུ་དཔག་ཏུ་རུང་དམ་སྙམ་དུ་སེམས་པའི་?་ཙམ་བསལ་བའི་ཕྱིར་བསམ་གྱིས་ཀྱང་མི་ཁྱབ་པའོ། ཞེས་བསྟན་པའོ།
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་སེམས་ཀྱིས་མ་ཤེས་སོ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་ཤེས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་པའི་དོན་ཞིབ་ཏུ་བཤད་པ་སྟེ། སེམས
་དང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་ཀྱིས་ཤེས་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ། རྒྱ་ཆེར་བཤད་པ་ལས་ལེའུ
་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་མ་མཆིས་པའོ། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་ཅིང
་ཅི་ཡང་བྱེད་པ་མ་ཡིན་པ་བསྟན་པའི་སྒོ་ནས། ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་གྱི་སྟོང་སྟེ། དངོས་པོ་མེད་པས་བྱེད་པ་པོའི་རང་བཞིན་མ་ཡིན་ལ། ཆོས་ཐམས་ཅད་ཀྱང་རང་བཞིན་གྱི་སྟོང་པས། བྱས
་པའི་དངོས་པོ་མ་ཡིན་ཏེ། དེ་ལྟར་བྱ་བ་དང་བྱེད་པ་གཉིས་ཀ་དོན་དམ་པར་མ་གྲུབ་པས་ཅི་ཡང་མི་བྱེད་པའོ། ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན
་དམ་པར་རང་བཞིན་གྱི་སྟོང་བས། བྱེད་པ་པོའི་དངོས་པོ་དམིགས་སུ་མེད་པའི་ཕྱིར་ཅི་ཡང་མི་བྱེད་པ་ཡིན་ནོ། ཞེས་བསྟན་པའོ། །རབ་འབྱོར་དེ་བཞིན་དུ་གཟུགས་མི་དམིགས་པ་དང། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཕྱིར་རོ། ཞེས་བྱ་བའི་བར་དུ་ནི་གཟུགས
་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་བས་བྱ་བའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་དང་བྱེད་པ་མ་ཡིན་པ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་འདི་ལ
་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པ་ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་པོའི་དངོས་པོར་ཡང་མེད་པ། བྱ་བའི་དངོས་པོ་ཡང་མེད་ན་བྱང་ཆུབ
་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཐབས་ཇི་ལྟར་སྤྱད་པར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ལ
་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོང་ངོ། ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། གང་རྟག་པའམ་མི་རྟག་པའམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་མེད་པ་ཐ་མ། སྡུག་པ་དམ་མི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་བྱ
་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་པའི་ཐབས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཀྱིས་རང་བཞིན་ལ་སྤྱིར་ཡང་མཚན་མར་འཛིན་ཅིང་མི་སྤྱོད་ལ། ཁྱད་པར་དུ་ཡང་རྟག་ཅེས་བྱ་བ་འམ་མི་རྟག
་ཅེས་བྱ་བར་ཡང་མི་སྤྱོད། བདེ་ཞེས་བྱ་པའམ་སྡུག་བསྔལ་ཞེས་བྱ་བར་ཡང་མི་སྤྱོད། བདག་ཅེས་བྱ་བའམ་བདག་མེད་ཅེས་བྱ་བར་ཡང་མི་སྤྱོད། སྡུག་ཅེས་བྱ་བའམ་མི་སྡུག་ཅེས་བྱ་བར་ཡང་མི་སྤྱོད་ན། གདོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ཞེས་བསྟན་པའོ། །རབ
་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་བསྟན་པ་སྟེ། གལ་ཏེ་གཟུགས་ཡོངས་སུ་མ་རྫོགས་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་དངོས་པོ་ཡོད་པར་མ་གྲུབ་པས་ཡོངས་སུ་གྲུབ་པ་མ་ཡིན་ནོ། ཞེས་བྱ་བར་རྣམ་པར་རྟོག་པ་ཡང་མེད་ན། གདོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡོངས་སུ་མ་རྫོགས
་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་བྱ་བ་ནི་དེ་ལྟར་ཀུན་བརྟགས་པའི་གཟུགས་ཡོངས་སུ་མ་གྲུབ་ཅིང་ཡང་དག་པ་མ་ཡིན་པ་དེ་དོན་དམ་པར་གཟུགས་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ། ཞེས་བྱ་བར
་ཡང་རྣམ་པར་མི་རྟོག་ན་འདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་བསྟན་པ་སྟེ། དེ་བཞིན་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར
་བྱའོ། གསོལ་བ་བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་པ་འདི་ངོ་མཚར
་ཏོ། ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཟབ་མོ་ཆགས་པ་དང་མ་ཆགས་བའི་རྣམ་པར་རྟོག་པའི་མཛའ་གཉིས་སྤངས་པ་བཤད་པ་ལེགས་ཞེས་བསྟོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ
་བཞི་ནོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་ཏོ། ཞེས་བྱ་བ་ནི
་རབ་འབྱོར་གྱིས་གསོལ་པའི་ཚིག་འཁོར་ཐམས་ཅད་ཀྱིས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེ་ནོ། ཞེས་བཀའ་སྩལ་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཆགས་པའམ
་མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་འམ་མ་ཆགས་བ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས
་ཐམས་ཅད་རང་བཞིན་གྱི་སྟོང་བས་ཆགས་པར་བྱ་བའི་གནས་ཀྱང་མ་ཡིན་ནོ་སྙམ་མམ་ཆགས་པ་མེད་པའི་རང་བཞིན་ནོ་སྙམ་དུ་ཡང་མི་སེམས་ཤིང། རྣམ་པར་མི་རྟོག་ན་གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གཟུགས་ཆགས་པའམ་མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པ་འམ་མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད
་པའི་ཚུལ་དུ་ཆོས་ཐམས་ཅད་ལ་ཆགས་པ་དང་མ་ཆགས་པ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམས་ན། དེའི་ཡོན་ཏན་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཆགས་པ་དང་མ་ཆགས་པ་ཞེས་བྱ་བར་མཚན་མར
་འཛིན་པ་དང་འདུ་ཤེ་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཆོས་ཟབ་མོ་འདི་བསྟན་གྱང་ཡོངས་སུ་མི་འགྲིབ་མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་མི་འཕེལ་མ་བསྟན་ཀྱང་མི་འཕེལ་བ་ངོ་མཚར་ཆེའོ། ཞས་བྱ་བས་ནི་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་བཞིན་ཉིད་ཀྱི་རང་བཞིན་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པར་བསྟན་པ་སྟེ། དེ་ལ་བསྟན་ཀྱང་ཡོངས་སུ་མི་འགྲིབ་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་བཞིན་ཉིད་ཀྱང་རང་བཞིན་མི་འགྱུར་བ་ཡོངས་སུ་གྲུབ་པ་དེ་ཆོས་སྟོན་པས།
་ཉམས་པ་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱ་སྟེ། རྣམ་པ་དུ་མར་བསྟན་པས་ཀྱང་དེ་བཞིན་ཉིད་ལ་དྲི་བའམ། གོད་པར་གྱུར་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །མ་བསྟན་ཀྱང་ཡོངས་སུ་མི་འགྲིབ་ཞེས་བྱ་བ་ནི་གཞན་ལ་མ་བསྟན་མ་སྤེལ་ན་སུས་ཀྱང་མ་མཉན་མ་བསམས་མ་བསྒོམས་པས
་ནུབ་སྟེ་མེད་པར་ཡང་མི་འགྱུར་རོ་ཞེས་བསྟན་པའོ། །བསྟན་ཀྱང་མི་འཕེལ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཆོས་ཟབ་མོ་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པས་སེམས་ཅན་མང་པོ་ལ་བསྟན་སྟེ་སྤེལ་ཀྱང། སེམས་ཅན་རྣམས་ཀྱི་སོ་སོར་རྟོགས་ཤིང་གོ་བ
་ཙམ་དུ་ཟད་ཀྱིས། དེ་བཞིན་ཉིད་ཀྱི་རང་བཞིན་ལ་ནི་འཕེལ་ཞིང་རྒྱས་པར་འགྱུར་བ་མེད་དོ། ཞེས་བྱ་བའི་དོན་ཏོ། །མ་བསྟན་ཀྱང་མི་འཕེལ་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པས། གཞན་ལ་མ་བསྟན་ཏེ་མ་གོད་ཀྱང་འཕེལ་ཞིང་རྒྱས་པར
་འགྱུར་བ་མེད་དོ། ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་གསོལ་པའི་ཚིག་དང་དོན་འཁོར་རྣམས་ཀྱིས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན
་འདས་ཀྱིས་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ
་མོ་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པས་རྐྱེན་གྱི་ཁར་མ་ལས་པའི་དཔེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། དཀའ་བ་བགྱིད་པའོ་ཞེས་བྱ་བའི་བར་དུ་ནི
་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མི་འགྱུར་བ་ཡོངས་སུ་གྲུབ་ཅིང། རྐྱེན་གྱི་ཁར་མ་ལས་པ་མོས་པ་དང་ཡིད་ཆེས་པར་དཀའ་བ་དེ་ལྟ་བུ་ལ་སྤྱོད་ཅིང་བསྟན་པའི་ཚེ། སེམས་ཞུམ་པ་དང་གཡེང་པར་ཡང་མི་འགྱུར་ལ། བརྩོན་འགྲུས་མི་གཏོང
་ཞིང་ཕྱིར་མི་ལྡོག་པར་ནུས་པའི་ངོ་མཚར་ཆེ་སྟེ། དཀའ་པ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ་ཞེས་བྱ་བ་ནི
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམ་ཞིང་ཉམས་སུ་ལེན་པ་དཀའ་བ་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་དངོས་པོ་མེད་ཅིང་མཚན་མ་ཐམས་ཅད་དང་བྲལ་བ་དེ་བཞིན་དུ་ཤེས་རབ་ཀྱ་ཨི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཡང་དངོས་པོ་མེད་ཅིང
་མཚན་མ་མེད་པ་ལ་སྦྱོང་ཅིང་སྒོམ་ཡང་སྐྱོ་ཞིང་ཡིད་འབྱུང་བར་མི་འགྱུར་བ་དཀའ་པ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ་ཚོར་བ་མ་མཆིས་སོ། ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་སོ། ཞེས་བྱ་བའི་བར་དུ་ནི་ནམ་མཁའ་
་ལ་དངོས་པོ་དང་མཚན་མ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ནམ་མཁའ་ནི་གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཆོས་དེ་དག་ཐམས་ཅད་ཀྱི་དངོས་པོ་མ་ཡིན་ཞིང། རང་བཞིན་གྱིས་སྟོང་སྟེ། དེ་ལྟ་བུར་རང་བཞིན་གྱིས་སྟོང
་པ་ལ་བསྒོམ་པར་དཀའ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡང་དཀའ་བ་སྤྱོད་པ་ཡིན་ནོ། ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གོ་ཆ་འདི་འཚལ་བ་དེ་དག་ནི་ཕྱག་བགྱི་བར་འོས་པའི་ཞེས་བྱ་བ
་ནི་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ནམ་མཁའ་དང་འདྲ་བ་ལ་ཁྱོད་ཅིང་སྒོམ་ཡང་སེམས་ཞུབ་པར་མི་འགྱུར་ཞིང། ཕྱིར་ལྡོག་པར་མི་འགྱུར་ལ། དཀའ་བ་སྤྱོད་པ་དེ་ལྟ་བུ་དཀོན་ཞིང་ངོ་མཚར་ཆེ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡིན
་པས། ལྷ་དང་མི་རྣམས་ཀྱི་མཆོད་ཅིང་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གང་གིས་གོ་ཆ་འདི་འཚལ་བ་དེ་དག་ནི་ནམ་མཁའ་ཨི་དོན་དུ་བརྩོན་པར་མོས་འབད་པར་མོས་སྩོལ་པར་མོས་བ་དག་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ
་བསྒོམ་ཞིང་ཡིད་ཆེས་པར་དཀའ་བ་ལ་སྒོམ་ཡང་སེམས་ཞུམ་པར་མི་འགྱུར་ཞིང་ཕྱིར་མི་ལྡོག་པའི་གོ་ཆ་བགོས་པ་དེ་དག་དཀའ་བ་སྤྱོད་པའི་དཔེ་ནམ་མཁའ་ལ་སྩོལ་ཞིང་འབད་པ་དང་འདྲ་བ་དཀའ་བ་བསྟན་པའོ། །བཅོམ་ལྡན་འདས་གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་པ
་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་འཚལ་ཞིང། ཡོངས་སུ་གྲོལ་བར་འཚལ་བའོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། རྣམ་པར་གྲོལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་དེ་དག་ཀྱང་དོན་དམ་པར་སེམས་ཅན་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བ་ལ
་ཡོངས་སུ་སྨིན་པ་དང། རྣམ་པར་གྲོལ་པར་བྱེད་པ་ནི་ནམ་མཁའ་ཡོངས་སུ་སྨིན་པ་དང། རྣམ་པར་གྲོལ་བར་བྱ་བར་འདོད་དུ་ཟད་དོ། ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ལྟ་བུའི་ཆོས་རྣམས་ཀྱི་སླད་དུ་གོ་ཆ་འཚལ་པ་དེ་དག་ནི་གོ་ཆ
་ཆེན་པོ་འཚལ་བའོ་ཞེས་བྱ་བ་ནི་ཡོངས་སུ་སྨིན་པར་བྱ་བ་དང། རྣམ་པར་གྲོལ་བར་བྱ་བའི་སེམས་ཅན་རྣམས་དང། མངོན་པར་རྟོགས་པར་བྱ་བ་དང། ཐོབ་པར་བྱ་བའི་རྣམ་པར་བྱང་བའི་ཆོས་རྣམས་དང། ཡོངས་སུ་སྤངས་ཤིང་ཟད་པར་བྱ་བའི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས
་ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང་རང་བཞིན་གྱི་སྟོང་སྟེ། ནམ་མཁའ་དང་འདྲ་བ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང། རྣམ་པར་གྲོལ་བར་བྱ་བར་བརྩོན་པ་དང་རྣམ་པར་བྱང་བའི་ཆོས་རྣམས་མངོན་པར་རྟོགས་ཤིང་ཐོབ་པར་བྱ་བར་བརྩོན་པ་དང། ཉོན་མོངས་པའི་ཕྱོགས་སུ
་གཏོགས་པའི་ཆོས་རྣམས་ཡོངས་སུ་སྤང་ཞིང་ཟད་པར་བྱ་བར་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དཀའ་བ་སྤྱོད་པ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡིན་ནོ། ཞེས་བསྟན་པའོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའ་བར་སྣང་ལ་གདེག་པར
་འཚལ་བའོ་ཞེས་བྱ་བ་ཡང་དོན་དམ་པར་སེམས་ཅན་དངོས་པོ་མེད་དེ། །ནམ་མཁའ་དང་འདྲ་བ་ལ་སེམས་ཅན་གྱི་དོན་བྱ་བར་བརྩོན་པ་དེ་དག་ཀྱང་དཀའ་བ་སྤྱོད་པའོ། ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས
་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡང་དོན་དམ་པར་སེམས་ཅན
་དང་བླ་ན་མེད་པའི་བྱང་ཆུབ་གཉིས་ཀ་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བ་ལ་མི་སྐྱོ་ཞིང་སླར་མི་ལྡོག་པར་བརྩོལ་ཞིང་འབད་པ་ནི་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་དོན
་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་ནི་གོ་ཆ་ཆེན་པོ་འཚལ་བའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའི་དོན་གོང་དུ་བཤད་པ་ཉིད་བསྟན་པར་བྱ། བསྟན་པའི་ཕྱིར་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་གང་ནམ་མཁའ་ལྟ་བུའི་ཆོས་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་དཔའ་བོ་བསམ་གྱིས་མི་བྱ་བ། མཚུངས་པ་མ་མཆིས་པའི་གོ་ཆ་འཚལ་བའོ་ཞེས་བྱ་བ་ནི་གང་དུ་བརྩོན་འགྲུས་ཆེན
་པོ་བརྩམས་ཤིང་གོ་ཆ་ཆེན་པོ་བགོས་པ་བཤད་པའི་ངོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ
་གྲངས་དེས་ན་བདག་འདི་སྐད་དུ་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་བགྱི་བར་འཚལ་ཞིང་ཡོངས་སུ་དགྲོལ་པར་འཚལ་བར་ལགས་ཞེས་བྱ་བ་ལ
་བར་དུ་ནི་གོང་དུ་གང་སེམས་ཅན་གྱིས་དོན་དུ་བརྩོན་པ་དེ་དག་ནམ་མཁའ་ཨི་དོན་དུ་བརྩོན་དུ་ཟད་དེ། དཀའ་བ་སྤྱོད་པ་ཡིན་ནོ་ཞེས་བཤད་པའི་གཏན་ཚིགས་དང་དཔེ་བསྟན་པའོ། །དེ་ནས་དགེ་སློང་གཅིག་ཅིག་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་པ་དང་ཞེས་བྱ་བའི་བར་དུ་ནི་དོན་དམ་པར་ཆོས་གང་ལ་ཡང་སྐྱེ་བ་དང་འགག་པ་མེད་དུ་ཟིན་ཀྱང། ཀུན་རྫོབ་ཏུ་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་མེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་གྱིས་འབད་ཅིང་རྩོལ་པའི
་དོན་མེད་པར་མི་འགྱུར་ཞིང་ཐབས་དང་ཤེས་རབ་ཏུ་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་སེམས
་པ་དེ་ནི་ནམ་མཁའ་སྟོང་པ་ལ་བརྩོན་པའོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཀུན་རྫོབ་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་ཡོད་པར་བསྟན་པ་ལ་ཆགས་ཤིང་མཚན་མར་འཛིན་པ་བསམ་པའི་ཕྱིར་དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་སྟོང་པ་དང་འདྲ་བར་རིགས་པར་བྱའོ
་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཇི་ཀད་དུ་བསྟན་པ་ལ
་མོས་ཤིང་ཡིད་ཆེས་ལ། དམིགས་པ་དང་བཅས་ཤིང་མཚན་མེ་དང་བཅས་པའི་འདུ་ཤེས་ཅན་དུ་མ་གྱུར་ན། མི་དང་མི་མ་ཡིན་པ་ལ་སོགས་པས། གླགས་བཙལ་བའི་དམིགས་པ་མེད་དེ། དེ་ཉིད་དེའི་བསྲུང་བ་དང། བསྐྱབ་པ་ཡིན་པས་མཚན་མ་དང་བཅས་པའི
་བསྲུང་བ་བྱ་མི་དགོས་སོ་ཞེས་བསྟན་པ་སྟེ། དོན་དམ་པར་གང་ལ་བསྲུང་བར་བྱ་བའི་དངོས་པོ་དེ་ལྟ་བུ་ཡོད་པར་མ་གྲུབ་པས། དངོས་པོ་མེད་པ་ལ་འབད་ཅིང་རྩོལ་བ་ནི་དོན་ཡོད་པར་མི་འགྱུར་རོ་ཞེས་བསྟན་པའོ། །གཤིག་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་གྱུ་མ་དང། སྨིག་རྒྱུ་
་དང། རྨི་ལམ་དང། སྒྲ་བརྙན་དང། མིག་ཡོར་དང། སྤྲུལ་པ་ལ་བསྲུང་བ་དང་བསྐྱང་བ་དང། བསྐྱབ་པ་ནུས་སམ་ཞེས་བྱ་བ་ནས། ཀཽ་ཤི་ཀ་ཇི་སྙམ་དུ་སེམས་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང། ཡང་དག་པའི་མཛའ་དང། དེ་བཞིན་ཉིད་དང། བསམ་གྱིས་མི
་ཁྱབ་པའི་དབྱིངས་ལ་བསྲུང་བ་དང། བསྐྱང་བ་དང། བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །སྨྲས་པ་ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ
་དང། བསྐྱང་བ་དང། བསྐྱབ་པར་གང་སེམས་པ་དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དོན་དམ་པར་དངོས་པོ་མེད་པས་བསྲུང་ཞིང་བསྐྱབ་པར་བྱ་མི་ནུས
་བ་སྒྱུ་མ་ལ་སོགས་པ་ལ་དཔེ་བླངས་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། ཞེས་བྱ་བ་ནས། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་པ་ཡིན་ཞེས་བྱ་བའི་བར་དུ་ནི། གང་དུ་རྨི་ལམ་དང་སྒྱུ་མ་ལ་སོགས་པ། སྨོས་པ་ཇི
་ཙམ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་བ་རྟོགས་པར་འགྱུར་བ་དང། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་རྟོགས་ནས་ཀྱང། རྨི་ལམ་དང་སྒྱུ་མ་ལ་སོགས་པའི་རློམ་སེམས་སུ་མི་འགྱུར་བ་འཁོར་རྣམས་ལ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་བརྒྱ
་བྱིན་གྱིས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱི་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད་གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ན
་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་ནས། དེ་དག་ལ་རྣམ་པར་མི་རྟོག་ཅིང་མཚན་མར་མི་འཛིན་ན་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་བར་རྟོགས་པར་ཡང་འགྱུར་ལ། དེ་དག་གིས་རློམ
་སེམས་སུ་ཡང་ཇི་ལྟར་མི་འགྱུར་བ་བསྟན་པ་སྟེ། དེ་ལ་གཟུགས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་དོན་དམ་པར་གཟུགས་དངོས་པོ་མེད་པར་རྟོགས་པས་འདི་ནི་གཟུགས་ཡིན་ནོ་སྙམ་དུ་གཟུགས་ལ་མཚན་མར་མི་འཛིན་ཅིང་མི་སེམས་པའོ། །གཟུགས་ཀྱིས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི
་གཟུགས་འདིས་དངོས་པོ་འདི་ལྟ་བུ་ཞིག་སྒྲུབ་བོ་སྙམ་དུ་མི་སེམས་པ་ལ་བྱའོ། །གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་གཟུགས་ལ་ཕན་པ་འམ། གནོད་པ་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་ཡང་མི་སེམས་པ་ལ་བྱ་སྟེ། དེ་ལྟར་གཟུགས་ལ་རློམ་སེམས་སུ་མི་བྱེད་ན་རྨི་ལམ་ལ་སོགས
་པ་ཡང་དངོས་པོ་མེད་པར་རྟོགས་པས་རྨི་ལམ་དང། སྒྱུ་མ་དང། སྨིག་རྒྱུ་དང། སྒྲ་བརྙན་དང། མིག་ཡོར་དང། སྤྲུལ་པ་རྣམས་ལ་ཡང་རློམ་སེམས་སུ་མི་བྱེད་པར་འགྱུར་རོ་ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟར་བཤད་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི
་ཆོས་རེ་རེ་ལ་ཡང་རྨི་ལམ་དང། སྒྱུ་མ་དང། སྨིག་རྒྱུ་དང། སྒྲ་བརྙན་དང། མིག་ཡོར་དང། སྤྲུལ་པ་རྣམས་དང་སྦྱར་ཏེ་རློམ་སེམས་སུ་མི་འགྱུར་བ་བསྟན་པར་རིག་པར་བྱའོ། །དེ་ནས་སངས་རྒྱས་ཀྱི་མཐུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ
་དང་ཞེས་བྱ་བ་ནས་སྟེང་གི་ཕྱོགས་ཀྱི་སངས་རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོ་སྟོན་པ་མཚན་འདི་དག་ཉིད་མངའ་བ་དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་བ་དེ་ནས
་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་ཞིང་ཡོངས་སུ་དྲི་བ་སེམས་ལ་སྣང་བར་གྱུར་ཏོ། ཞེས་བྱ་བའི་བར་དུ་ནི་འདོད་པའི་ཁམས་ཀྱི་ལྷ་རྣམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ལྷག་པར
་དང་བ་བསྐྱེད་པའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་སངས་རྒྱས་བཅོམ་ལྡན་འདས་མང་པོ་མཚན་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་སྟག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཀྱིས་ཆོས་སྟོན་པ་དང་།ཐེ་ཚོམ་ཞུ་ཞིང་རྟོགས་པ་ཡང་དགེ་སློང་རབ་འབྱོར
་ཅེས་བྱ་བ་ཤ་སྟག་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུ་ཞིང་ཡོངས་སུ་རྟོགས་པ་ཤ་སྟག་བཞུགས་པར་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབ་དང་མཐུས་ལྷ་མང་པོ་དེ་དག་གིས་མཐོང་བར་གྱུར་བ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ
་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡང་འཁོར་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ལྷག་པར་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས
་ཤཱཀྱ་ཐུབ་པ་ཉག་གཅིག་ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་མ་ཟད་ཀྱིས། མ་འོངས་པའི་དུས་ན་ཡང་བྱམས་པ་བྱང་ཆུབ་སེམས་དཔའ་དང་བསྐལ་པ་བཟང་པོ་འདི་ལ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་བ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པ་གང་དང། རྟགས་གང་དང་མཚན་མ་གང་གིས་ཞེས་བྱ་བ་ལ་སོགས་པ་ནི་མ་འོངས་པའི་དུས་ན་བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་ཐབས་ཇི་ལྟར་སྟོན་པ་ཞུས་པའོ། །དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་མ་འོངས་པའི་དུས་ན་བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི
་ཆོས་ཟབ་མོ་འདི་ཐབས་ཇི་ལྟར་སྟོན་པ་བཤད་པ་སྟེ། དོན་དམ་པར་གཟུགས་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པར་རྟག་པ་དང་མི་རྟག་པ་དང། བདེ་བ་དང་སྡུག་བསྔལ་བ་དང། བདག་དང་བདག་མེད་པ་དང། སྡུག་པ་དང་མི་སྡུག་པ་དང། ཞི་བ་དང་མ་ཞི་བ་དང།
་བཅིངས་པ་དང་གྲོལ་བ་དང། འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བར་ཞེས་བྱ་བར་མི་དམིགས་ཤིང་མཚན་མ་དང་བཅས་པར་ཆོས་མི་སྟོན་ཏོ་ཞེས་བཤད་པ་སྟེ། གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ
་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ནི་ཇི་ལྟར་སྟོན་པར་འགྱུར།
་སྟོན་ན་ནི་ཅི་ཞིག་སྟོན་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཆུལ་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། དེ་དག་ལ་རྟག་པ་དང་མི་རྟག་པ་ལ་སོགས་པར་ཆོས་མི་སྟོན་ན་ཐམས་ཅད་ཇི་ལྟར་སྟོན། དེ་ལྟར་གཟུགས་ལ
་སོགས་པའང་རང་བཞིན་གྱིས་སྟོང་སྟེ། མེད་ན་ཅི་ཞིག་སྟོན་པར་འགྱུར་ཞེས་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་བར་འགྱུར་རོ་ཞེས་བྱ
་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བཱི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། ཅིས་ཀྱང་མ་གོས་མ་ཆགས་པས་ཤིན་ཏུ་རྣམ
་པར་དག་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་དོན་ཟབ་མོ་སྟོན་གྱིས་གཟུགས་ལ་སོགས་པ་ལ་དངོས་པོ་ལ་དངོས་པོར་དམིགས་ནས་རྟག་པ་དང་མི་རྟག་པ་ལ་སོགས་པའི་མཚན་མར་འཛིན་ཅིང་ཆོས་སྟོན་པ་ནི་མ་ཡིན་ཞེས་བཤད་པའོ། །གསོལ་བ་བཅོམ་ལྡན
་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བཤད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་དེ་དག་ཤིན་ཏུ་རྣམ་པར་དག་པ་ལས་གུད་ན་མེད་པས། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་དག་པ་ཡིན་ནོ་ཞེས་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག
་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་དག་པའོ་ཞེས་གསོལ་བའི་དོན་དེ་ཉིད་ཞིབ་ཏུ་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད
་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པ་གཉིས་ཡོངས་སུ་དག་པར་རོ་གཅིག་ཅིང་ཐ་མི་དད་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱིས་ཕ
་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་སླངS?
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགག་པ་མེད་པ་ལ་སོགས་པའི་དོན་ཞིང་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཇི་ལྟར་ན་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི
་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང
་རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའོ
་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་ཉིད་ལ་ཡོངས་སུ་དག་པ་ཞེས་བྱ་བའི་དངོས་པོ་ཡོད་པ
་ཞིག་ལས་སྐྱོན་ནམ་དྲི་མ་དང་བྲལ་བའི་ཕྱིར་ཡོངས་སུ་དག་པ་ནི་མ་ཡིན་ནོ། ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནམ་མཁའ་
་ལས་དཔེ་བླངས་ཏེ་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་ལ་བློ་བུར་གྱི་སྤྲིན་དང། ཁུག་རྣལ་སོགས་པས་བསྒྲིབས་ཀྱང་ནམ་མཁའ་ཨི་རང་བཞིན་ཡོངས་སུ་དག་པ་ལས་མ་དག་པར་འགྱུར་བ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཀུན་བརྟགས་པའི་ཆོས་རྣམས་ཀྱིས
་བསྒྲིབས་ཀྱང་རང་བཞིན་ཡོངས་སུ་དག་པ་ལས་མ་དག་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་ནམ་མཁའ་དང་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ
་པར་བྱང་བ་མེད་པའི་ཕྱིར་ནམ་མཁའ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་དེ་ཡོངས་སུ་དག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྐྱེ་བ་དང་འགག་བ་ལ་སོགས་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། ཞེས་བསྟན
་པའོ། །རབ་འབྱོར་ནམ་མཁའ་ལ་འགྲོ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། ཞེས་བྱ་བ་ནི་ནམ་མཁའ་རང་བཞིན་གྱིས་དག་པས་སྐྱོན་དང་དྲི་མ་ཅིས་ཀྱང་མ་གོས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་དག་པ་ཡིན་ནོ། ཞེས
་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་འགྲོ་བ་མ་མཆིས་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མེད་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། ཞེས་བྱ་བ་ནི་ནམ་མཁའ་ལ་གཟུང་བ་དང་འཛིན་པ་གཉིས་མེད་དེ་ཡོངས་སུ་དག་པ་དེ་བཞིན་དུ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གཟུང་བ་དང་འཛིན་པ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། ཞེས་བསྟན་པའོ། །རབ་འབྱོར་ནམ་མཁའ་ཐ་སྙད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་ཉིད་སྨྲ་ཞིང
་ཐ་སྙད་འདོགས་པའི་རང་བཞིན་ཡང་མ་ཡིན་ལ། ནམ་མཁའ་ལ་གཞན་གྱིས་བརྗོད་ཅིང་ཐ་སྙད་དུ་གདགས་པར་བྱ་བའི་རང་བཞིན་ཡང་མ་ཡིན་ཏེ་ཡོངས་སུ་དག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བརྗོད་པར་བྱེད་པ་དང། བརྗོད་པར་བྱ་བའི་ཐ་སྙད་དང
་བྲལ་བའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། ཞེས་བསྟན་པའོ། །གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་ཐ་སྙད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་ནམ་མཁའ་ལ་ཐ་སྙད་མེད་པའི་དཔེ་སྒྲ་བརྙན་ལས
་བླངས་ཏེ། བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། དཔེར་ནམ་མཁའ་སྒྲ་བསྙན་གཉིས་ཀྱི་སྒྲ་ལྟར་ནམ་མཁའ་ལ་ཐ་སྙད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ
་ཞེས་བྱ་བ་ནི་མིས་སྒྲ་བརྗོད་པ་དང། བྲག་ཅ་ལས་སྒྲ་འབྱུང་བ་གཉིས་ཀ་ཡང་ནམ་མཁའ་སྟོང་པ་ལ་གྲག་མོང་ཀྱིས་འོན་ཀྱང་ནམ་མཁའ་ནི་སྨྲ་བའམ། བརྗོད་པའི་རང་བཞིན་ཡང་མ་ཡིན་སྒྲའི་རང་བཞིན་ཡང་མ་ཡིན་སྒྲའི་རང་བཞིན་ཡང་མ་ཡིན་ཏེ། ཡོངས་སུ་དག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཡང་ཀུན་རྫོབ་ཏུ་སྨྲ་ཞིང་བརྗོད་པ་ཙམ་དུ་ཟད་ཀྱིས། དོན་དམ་པར་སྨྲ་བར་བྱེད་པ་དང། སྨྲ་བར་བྱ་བ་གཉིས་ཀའི་རང་བཞིན་མ་ཡིན་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། ཞེས་བསྟན་པའོ། །རབ་འབྱོར་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་རང་བཞིན་སྟོང་པས་སྨྲ་བའམ། བརྗོད་བའི་བྱ་བ་མི་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་སྨྲ་བ་འམ་བརྗོན་པའི་བྱ་བ་མི་བྱེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། ཞེས
་བསྟན་པའོ། །གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་རྗོད་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་ཕྱིར་ཡོངས་སུ་དག་པའི་དོན་མདོར་སྨོས་པ་དེ་ཉིད་ཞིབ་ཏུ་བཤད་པའི་སྐབས་དབྱེ
་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་གང་ཡང་བརྗོད་དུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར་རོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། ཞེས་བྱ་བ་ནི་ནམ་མཁའ་དང་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་གཉིས་ཀ་རང་བཞིན་གྱིས་སྟོང་ཞིང་བརྗོད་པར་བྱ་བ་དང། རྗོད་པར་བྱེད་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ
་ཞེས་བྱ་བ་ནི་ནམ་མཁའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་རང་བཞིན་གྱིས་སྟོང་པས་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོ་མ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་ཡིན་ནོ། ཞེས་བསྟན་པའོ། །གསོལ་བ
་བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་དམིགས་སུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་དོན་གོང་མ་ཉིད་གསལ་བར་བཤད་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར
་ནམ་མཁའ་ལ་གང་ཡང་དམིགས་སུ་མེད་དོ་རབ་འབྱོར་དེ་བཞིན་དུ་ནམ་མཁའ་བཞིན་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་བའོ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོ་གང་ཡང་མེད་པ་དེ་བཞིན་དུ
་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོ་མེད་དེ། གཟུང་བ་དང་འཛིན་བའི་སྐྱོན་གྱིས་མགོས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས
་བསྟན་པའོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང་ཞེས་བྱ་བ་ནས། རབ་འབྱོར་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་བའོ་ཞེས་བྱ་བའི་བར་དུ་ནི་འདུས་བྱས
་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་དོན་དམ་པ་རང་བཞིན་ག་ཡིས་སྟོང་ཞིང་རྣམ་པར་དག་པའི་ཕྱིར། སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང། སྐྱེ་བ་དང་འགག་པ་ལ་སོགས
་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཞེས་བྱ་བ་ནས། བསོད་ནམས་ཀྱི་ཕུང་པོ་མང་བ་ཚད་མེད་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ
་མཚུངས་པ་མེད་པ། གཞལ་དུ་མེད་པ་དཔག་ཏུ་མེད་པ་རབ་ཏུ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་དག་པ་བསྟན་ནས། དེ་ལྟར་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འཁོར་རྣམས་དད
་པ་བསྐྱེད་པའི་ཕྱིར་ཚེ་འདི་ལ་ཕན་པ་དང། བསོད་ནམས་སུ་འགྱུར་བའི་ཡོན་ཏན་རྣམས་བསྟན་པ་སྟེ་གཞན་ནི་རང་ལོག་ཏུ་ཟད། མི་བདེ་བ་མ་སྤངས་བར་དུས་བྱེད་བར་མི་འགྱུར་རོ། ཞེས་བྱ་བ་ནི་དུག་དང་མཚོན་ལ་སོགས་པ་བློ་བུར་གྱི་སྡུག་བསྔལ་རྣམས་ཀྱིས་ཚེ
་འདའ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དག་ལ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ་ཞེས་བྱ་བ་ནི་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་གནས་དེར་དུས་དྲུག་དག་ལ་འཇིག་རྟེན་གྱི་ལྷ་མཐུ་ཆེན་པོ་རྣམས་འགོ
་ཞིང་བྱིན་གྱིས་རློབ་པའི་ཕྱིར་འདུ་ཞིང་སྡོད་དུ་འོང་ངོ་ཞེས་བྱ་བའི་དོན་ཏེ། ཆེས་ཉི་ཤུ་གསུམ་ལ་མར་གྱི་དོའི་ཚེས་བརྒྱད་ཅེས་བྱ། ཚེས་ཉི་ཤུ་དགུ་ལ་མར་གྱི་ཚེས་བཅུ་བཞི་ཞེས་བྱ། གནམ་སྟོང་ལ་མར་གྱི་ངོའི་ཚེས་བཅོ་ལྔ་ཞེས་བྱ་སྟེ། གཞུང་ལས་ཚེས་བརྒྱད་དང
་བཅུ་བཞི་དང་བཅོ་ལྔ་ཞེས་སྨོས་པ་ཟླ་བ་ཡར་གྱི་ངོ་དང་མར་གྱི་ངོ་གཉིས་ཀ་ལ་སྙེགས་པས་དེ་ལྟར་དུས་དྲུག་ཏུ་རིག་པར་བྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེའོ་ཞེས་བྱ་བ་ནས། ཡང་དག་པར་རྫོགས
་པའི་བྱང་ཆུབ་འབྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཚེ་རབས་ཕྱི་མ་ལ་ཕན་པར་འགྱུར་བའི་ཡོན་ཏན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟལར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དགེ་བ་བཅུའི་ལས་ཀྱི་ལམ། རྒྱས་པར་བསྟན་ཏེ་ཞེས་བྱ་བ་ནས། རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་ཡོད་ཞེས་བྱ་བའི་བར་དུ་ཚེ་རབས་ཕྱི་མ་ལ་ཕན་པར་འགྱུར་བའི་གཏན་ཚིགས་བསྟན་པའོ། །དེ་ཡང་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་ལ་བསླབས་ན་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས
་ཡོད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །དེ་བས་ན་དེ་ལ་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱའོ། ཞེས་བྱ་བའི་བར་དུ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིན་པོ་ཆེ་ཞེས་བཤད་པ།
་ཇི་ལྟར་རིན་པོ་ཆེ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་ན་ཡོད་པ་དེར་ནོར་དང་དགོས་བ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འདུ་ཞིང་ཡོད་པར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྣམ་པར་བྱང
་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རིན་པོ་ཆེ་ཞེས་བྱའོ། ཞེས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཆོས་གང་ཡང་སྐྱེ་བ་འམ། འགག་བ
་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བའམ། ཡོངས་སུ་བཟུང་བ་འམ། དོར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། ཡོངས་སུ
་བཟུང་བ་འམ། དོར་བར་བྱ་བའི་ཆོས་དེ་ལྟ་བུ་མེད་དོ། ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རིན་པོ་ཆེ་ཡིན་པར་བཤད་པ་ལ། ཁ་ཅིག་དངོས་པོ་ཡོད་པར
་འཛིན་པ་བསལ་བའི་ཕྱིར་དོན་དམ་པར་སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། གཟུང་བ་དང། དོར་བར་བྱ་བའི་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་དགེ་བ
་འམ་མི་དགེ་བ་འམ་ཞེས་བྱ་བ་ནས། རབ་འབྱོར་རྣམ་གྲངས་དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་དམིགས་སུ་མེད་དེ་ཞེས་བྱ་བའི་བར་དུ་ནི་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་དམིགས་སུ་ཡང་མེད་དོ་ཞེས
་དམིགས་སུ་མེད་པའི་ཡོན་ཏན་དང་ལྡན་པར་བསྟན་པའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་གིས་ཀྱང་འགོ་བ་མེད་དོ། །ཞེས་བྱ་བ་ནས། འདི་ནི་འགོ་བ་མེད་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་གྱིས་ནི་ཅེས་ཀྱང་མགོས་པའི་ཡོན་ཏན་བསྟན
་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་བྱ་བའི་བར་དུ་ནི་དེ
་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དམིགས་སུ་མེད་པ་རྟོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ནི་འདི་ལྟར་ཟབ་ཅིང་དམིགས་སུ་མེད་པའོ་སྙམ་དུ་འདུ་ཤེས་མི་སྐྱེ་ཞིང་རྣམ་པར་མི་རྟོག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ལ་བསྒོམ་ཞིང་སྤྱོད་པར་ཆུང་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་ཡང་ནུས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདི་ནི་ཆོས་གང་ཡང་སྟོན་པ་འམ་ཞེས་བྱ་བ་ནས། གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་པས་ཆོས་གང་ཡང་སྟོན་པ་ལ་སོགས་པའི་བྱ་བ
་མི་བྱེད་དོ་ཞེས་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་རྟོག་པའི་རང་བཞིན་ཡིན
་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་བླང་བ་དང། དོར་བའི་རྣམ་པར་རྟོག་པ་མེད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་བྱས་ཀྱི་ཁམས་འདོར
་བ་མ་ཡིན། འདུས་མ་བྱས་ཀྱི་ཁམས་སྒྲུབ་པ་མ་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་འདུས་བྱས་དང་འདུས་མ་བྱས་པ་ལ་བཟང་ངན་དུ་འབྱེད་ཅིང་བླང་དོར་ཅན་དུ་མི་འགྱུར་རོ། ཞེས་བསྟན་པའོ། །དེ་ཅིའི
་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང། ཆོས་རྣམས་ཀྱི་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་དེ་ནི་དེ་བཞིན་དུ་གནས་པ་ཡིན་ཏེ། ཞེས་བྱ་བ
་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བླང་དོར་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཀྱི་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་རྣམ་གྲངས་ཏེ། སྟོང་པ་ཉིད་ལ་བླང་དོར་དང་བཟང་ངན
་དུ་འབྱེད་པའི་རྣམ་པར་རྟོག་པ་མེད་དེ་མི་འགྱུར་བ་ཡོངས་སུ་སྒྲུབ་པའི་རང་བཞིན་དུ་གནས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། སྟོང་པ་ཉིད་ལ་འགྱུར་བ་མེད་པས། དེ་བཞིན་གཤེགས
་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང། མ་བྱུང་ཡང་རུང། སྟེང་པ་ཉིད་ནི་མི་འགྱུར་པའི་རང་བཞིན་དུ་གནས་སོ། ཞེས་བསྟན་པའོ། །དེ་ནི་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ། །ཞེས་བྱ་བ་ནས། གསལ་བར་མཛད་དོ་ཡང་དག་པར་སྟོན་ཏོ།།
་ཞེས་བྱ་བའི་བར་དུ་ནི་དེ་ལྟ་བུའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་ཆུད་ནས་གཞན་ལ་རྒྱས་པར་སྟོན་གྱིས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །
་དེ་ནས་ལྷའི་བུ་སྟོང་ཕྲག་མང་བོ་སྟེང་གི་བར་སྣང་ལ་འཁོར་ནས་ཞེས་བྱ་བ་ནས་ཙམྦུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཟབ་མོ་བཤད་པས་ལྷའི་བུ་མང་པོ་མགུ་སྟེ། ངོ་མཚར་དུ
་གྱུར་པའི་ཚིག་སྙན་པའི་སྒྲ་བྱུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅོམ་ལྡན་འདས་ལ་བསྟོད་པ་སྟེ། ལྷུང་ལྷུང་ལྡེགས་ཀྱི་སྒྲ་ཕྱུང་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་བའི་ཚིག་སྙན་པ་མཉེན་ཞིང་ཡིད་དུ་འོང་བས་བསྟོད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་འཁོར
་ལོ་བསྐོར་བ་མཐོང་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་པོ་མངོན་བར་སངས་རྒྱས་ནས། ཡུལ་བ་ར་ཎཱ་སེར་འཕགས་པའི་བདེན་པ་བཞིལ་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང། ད་ལྟར་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཀྱི
་ཕུང་པོ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་བསྟན་པ་དང། ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བ་མཐོང་ངོ། །ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་བ། རབ་འབྱོར
་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆོས་ཀྱི་འཁོར་ལོ་གཉིས་སུ་བསྐོར་བ་ཡོད་མ་ཡིན། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལྷའི་བུ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་བསྐོར་བ་མཐོང་ངོ་ཞེས་སྨྲས་པ། དོན་དམ་པར་ཆོས་ཐམས་ཅད
་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མེད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཆོས་གང་ཡང་འཁོར་པ་འམ་མི་འཁོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། ཞེས་བྱ་བ་ནི་ཆོས་ཐམས་ཅད
་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ངོ་བོ་ཉིད་ཀྱིས་སྟོང་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་འམ། མི་བསྐོར་བའི་བྱ་བ་གཉིས་ཀ་ཡང་མི་བྱེད་དོ། ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་འཁོར་བར་བགྱི་བ་འམ། མི་འཁོར་བར་བགྱི་བའི་སླད་དུ། ཉེ་བར་མི་གནས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས་ཞེས་བྱ་བ་ནི་གོང་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་འཁོར་ལོ
་སྐོར་བ་འམ་མི་སྐོར་བ་མེད་དོ་ཞེས་མདོར་སྨོས་པ་ཆོས་གང་དང་གང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པས་སྟོང་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་བར་དུ་ནི་ཆོས་གང་དང་གང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ
་སེམས་དཔའ་ཨི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་སྟེ་ཞེས་བྱ་བ་ནས། དེ་དག་གི་ཆོས་གང་ཡང་ཡོངས་སུ་མཐོང་པ་འམ། ཡོངས་སུ་མ་མཐོང་བ་མ་མཆིས་པའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དམ་པའི
་རང་བཞིན་གྱིས་སྟོང་ཞིང། ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་ཡང། ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་ལ། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ན་ཡང་དོན་དམ་པར་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མོད། ཀུན་རྫོབ་ཏུ་ཆོས་ཀྱི་འཁོར་ལོ་ཡང་བསྐོར་ལ། དོན་དམ་བར་ཆོས་ཀྱི་འཁོར་ལོ
་བསྐོར་བ་ཡང་མེད། མི་སྐོར་བ་ཡང་མེད་པ་དང། ལྷའི་བུ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་བ་དང། མ་མཐོང་བ་གཉིས་ཀ་ཡང་མེད་པར་སྟོན་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་ལྟར་ཡོན་ཏན་ཚེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོའི
་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་འབྱོར་གྱིས་བསྟོང་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་འཁོར་བར་བགྱི་བ་འམ། མི་འཁོར་བར་བགྱི་བ་འམ། རབ་ཏུ་འཁོར་བར་བགྱི་བའི་ཆོས་དེ་ལྟ་བུ་དམིགས་སུ་མ་མཆིས་ཏེ། དེ་ནི་འདི་ལྟར་ཆོས་ཐམས་ཅད
་ཀྱང་ཤིན་ཏུ་མངོན་པར་མ་གྲུབ་བའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མེད་པའི་གཏན་ཚིགས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། སྟོང་པ་ཉིད་ནི་འཁོར་བར་བགྱིད་པ་འམ། མི་འཁོར་བར་བགྱིད
་བ་མ་ལགས་སོ། ཞེས་བྱ་བ་ནས། སྨོན་པ་མ་མཆིས་པ་ནི་འཁོར་བར་བགྱིད་པ་འམ། མི་འཁོར་བར་བགྱི་བ་མ་ལགས་སོ་ཞེས་བྱ་བའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། མི་བསྐོར་བ་དམིགས་སུ་མེད་པ་དང། ཆོས་ཐམས་ཅད་ཤིན་ཏུ་མངོན་པར་མ་གྲུབ
་པའི་གཏན་ཚིགས་སུ་རྣམ་པར་ཐར་པའི་སྒོ་གསུམ་ཅི་ཡང་བྱེད་པ་མ་ཡིན་པ་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང། རབ་ཏུ་བསྟན་པ་དང་ཞེས་བྱ་བ་ནས། ཆོས་བསྟན་པ་འདི་ལ་གང་སུ་ཡང་སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ
་ཞེས་བྱ་བའི་བར་དུ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་ལ། དོན་དམ་པར་ཆོས་གང་ཡང་བསྟན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན
་པ་ཡོངས་སུ་དག་པ་ཡིན་པར་བཤད་པ་དང། ད་ལྟར་ཡོངས་སུ་དག་པར་བསྟན་པ་དེ་ལ་ནི་དེ་ནི་དོན་དཾ་པར་སྟོན་ཅིང་འཆད་པ་ཡང་མེད། ཉན་ཅིང་འཛིན་པ་ཡང་མེད། འབྲས་བུ་མངོན་སུམ་དུ་ཐོབ་པར་དང་མངོན་སུམ་དུ་མ་ཐོབ་པ་དང། མྱ་ངན་ལས་འདས་པར
་གྱུར་པ་དང། སྦྱིན་པའི་གནས་སུ་གྱུར་པ་ཡང་མེད་དོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང། རབ་ཏུ་བསྟན་པ་དང། བསྒྲུབ་པ་དང། རྦ་ཏུ་བཀོད་པ་ཞེས་བྱ་བ་ལ་སོགས་པ་ནི་ཞིབ་ཏུ་བཤད་པའི་རྣམ་གྲངས་ཟད་དོ། །ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་དགུ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་པའི
་རྣམ་གྲངས་བསྟན་པ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོད་པར་མ་གྲུབ་པའི་ཕྱིར་མ་མཆིས་པའི་ཞེས་གསོལ
་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མེད་པའི་ཕྱིར་ཞེས་བྱ་བ་ནི་རབ་འབྱོར་གྱིས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་དཔེས་བཀྲོལ་ཏེ་བཤད་པ་སྟེ། ཇི་ལྟར་ནམ་མཁའ་ལ་དངོས་པོ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་འདི་ལ་ཡང་དོན་དམ་པར་དངོས་པོ་མེད་དེ་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་རང་བཞིན་གྱིས་སྟོང་ཞིང་ནམ་མཁའ་དང་འདྲ་བས་ཚེ་ཆུང་དང་མཐོ
་དམན་དང་བཟང་ངན་ལ་སོགས་པ་མེད་པའི་ཕྱིར་མཉམ་པ་ཉིད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འདུས་བྱས་དང། འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་སྟོང་ཞིང་རང་བཞིན་མེད་པས
་དེ་བཞིན་ཉིད་དུ་རོ་གཅིག་ཅིང་མཉམ་པ་ཉིད་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་འདྲ་བར་མཉམ་པ་ཉིད་ཡིན་ནོ། ཞེས་བསྟན་པའོ། །རྣམ་པར་དབེན་པའི་ཕ་རོལ་ཏུ་ཕྱིན་པའི་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དང་རྟག་པ་དང། ཆད་པ་ལ
་སོགས་པའི་མཛའ་གཉིས་དང་བྲལ་བས་དབེན་པ་ཡིན་ནོ། ཞེས་བསྟན་པའོ། །མཛའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་དབེན་པའི་དོན་དེ་ཉིད་འབྲེལ་པ་སྟེ། ཡོད་མེད་དང་རྟག་ཆད་ལ་སོགས་པའི་མཛའ་ལས་འདས་ཤིང་རང་བཞིན་གྱིས
་སྟོང་བའི་ཕྱིར་རྣམ་པར་དབེན་པ་ཡིན་ནོ། ཞེས་བསྟན་པའོ། །ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་ཡོད་པར་མ་གྲུབ་པས་མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་གླགས་མི་ཐོད་ཅིང་ཅིས་ཀྱང
་མི་ཐུབ་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །མཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། ཞེས་བྱ་བ་ནི་ཐུབ་པ་མེད་པའི་དོན་འགྲེལ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོར་དམིགས་སུ་མེད་པ་ད་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་མེད་པའི
་ཕྱིར་ཐུབ་པ་མེད་པ་ཡིན་ནོ། ཞེས་བསྟན་པའོ། །གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའི། ཞེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་གྱིས་གནས་སམ་རྟེན་མེད་པའོ་ཞེས་བསྟན་པའོ། །མིང་དང་ལུས་མེད་པའི་ཕྱིར་རོ། ཞེས་བྱ་བ་ནི་གནས་མེད་པ་ཉིད་ཀྱི་དོན་འགྲེལ
་པ་སྟེ་། མིང་ནི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཕུང་པོ་བཞི་ལ་བྱ། ལུས་ནི་གཟུགས་ཀྱི་ཕུང་པོ་ལ་བྱ་སྟེ། དེ་ལྟར་མིང་དང་གཟུགས་ཀྱི་རང་བཞིན་ཕུང་པོ་ལྔ་པོ་མེད་པ་ལ་གནས་པ་མེད་པའོ་ཞེས་བྱའོ་ཞེས་བསྟན་པའོ།།
་ནམ་མཁའ་ཨི་ཕ་རོལ་ཏུ་ཕྱིན་པའོ། ཞེས་བྱ་བ་ནི་དེ་ལྟར་མིང་དང་གཟུགས་ཀྱི་རང་བཞིན་གནས་ཞེས་བྱ་བ་ཕུང་པོ་ལྔ་མེད་པས་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ། ཞེས་བྱ་བ་ནི་དེ་ལྟར་ཕུང་པོ་ལྔའི་རང་བཞིན་མ་ཡིན་པས་དབུགས
་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་ནམ་མཁའ་དང་འདྲའོ། ཞེས་བྱ་བའི་དོན་ཏོ། །བརྗོད་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་མིང་དང་མཚན་མར་བཟུང་བའི་ཐ་སྙད་དུ་བརྗོད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ
་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་དོན་འགྲེལ་པ་སྟེ། ཚིག་ཏུ་བརྗོད་དོ་ཅོག་ནི་སེམས་ཀྱི་རྣམ་པར་བརྟགས་དཔྱད་ནས་མཚན་མར་བཟུང་སྟེ། མིང་དང་ཐ་སྙད་དུ་འདོགས་ཤིང་ཚིག་ཏུ་བརྗོད་པ་ལ་འབྱུང་གི་། རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་མེད་ན་ཚིག་ཏུ་བརྗོད
་པ་ཡང་མེད་དོ་ཞེས་བསྟན་པའོ། །མིང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་བཞི་མེད་པའི་རང་བཞིན་ཞེས་བསྟན་པའོ། །ཚོར་བ་དང། འདུ་ཤེས་དང་འདུ་བྱེད་དང། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མེད་པའི
་དོན་འགྲེལ་པ་སྟེ། མིང་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་བཞི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང། རྣམ་པར་ཤེས་པ་རྣམས་ལ་བྱ་སྟེ། དེ་དག་གི་རང་བཞིན་མ་ཡིན་པ་ལ་མིང་མེད་པ་ཞེS་བྱའོ་ཞེS་བྱ་བཱི་དོན་ཏོ། །མཆི་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས
་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ཞིང་མི་གཡོ་བས། ཁམས་གསུམ་དང་འགྲོ་བ་རྒྱུད་ལྔ་གང་དུ་ཡང་འགྲོ་བ་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲོ་བ་མེད་པའི་དོན་འགྲེལ་པ་སྟེ་།དོན་དམ་པར་ཆོས
་ཐམས་ཅད་དངོས་པོ་མེད་པས་ཁམས་གསུམ་དང་འགྲོ་བ་རྒྱུད་ལྔ་གང་དུ་ཡང་འགྲོ་ཞིང་རྒྱུ་བ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་པས་གང་དུ་ཡང་བཞིན་གྱིས་སྟོང་བས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ལྟ་བ་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ
་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་སྟོང་བས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ལྟ་བ་ངན་པ་ཅན་རྣམས་ཀྱིས་དབྲོག་ཅིང་བསྒྱུར་དུ་མི་ནུས་སོ། ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་གཟུང་དུ་མེད་བའི་ཕྱིར་རོ། ཞེས་བྱ་བ་ནི་མི་འཕྲོགས
་པའི་དོན་འགྲེལ་པ་སྟེ། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་བས་མིང་དང་མཚན་མར་བཟུང་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་མིང་དང་མཚན་མར་བཟུང་དུ་མེད་པས་མི་འཕྲོགས་པ་ཡིན་ནོ་ཞེས་བསྟན་པའོ། །སྐད་ཅིག་པ་མ
་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་བས་སྐད་ཅིག་མའི་རྒྱུན་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་བྱང་ཞིང་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐད་ཅིག་པ་མེད་པའི་འགྲེལ་པ་སྟེ། ཆོས
་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་མེད་པ་ལ་བྱང་ཞིང་ཟད་པ་ཞེས་བྱ་སྟེ་། དེ་ལྟར་སྟོང་ཞིང་མེད་པའི་ཕྱིར་སྐད་ཅིག་མའི་རྒྱུན་ལ་ཡང་མི་གནས་སོ། ཞེས་བྱ་བའི་དོན་ཏོ། །སྐྱེ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་དངོས་པོ་མེད་པས་མི་སྐྱེ་བའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་འགྲེལ་པ་སྟེ། དོན་དམ་པར་དངོས་པོ་མེད་པ་ནི་སྐྱེ་བ་དང་འགག་པ་གཉིས་ཀ་ཡང་མེད་པའི་ཕྱིར་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །བྱེད་པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པས་ཅིའང་མི་བྱེད་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །བྱེད་པ་པོ་དམིགས་སུ
་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་འགྲེལ་པ་སྟེ། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་བྱེད་པ་པོའི་རང་བཞིན་དམིགས་སུ་མེད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྱེད་པ་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་པོ་མ་མཆིས་པའི་ཕ
་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་ཞིན་ཡིན་ནོ་ཞེས་བསྟན་པའོ། །ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་དམ་པར་དངོས་པོ་མེད་པའི་ཕྱིར། ཤེས་པ་པོ་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ།
་འཕོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་མེད་པས་འགྲོ་བའི་རྒྱུད་གཞན་དུ་འཕོ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འཆི་བ་དང་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཕོ་བ་མེད་པའི་གཏན་ཚིགས་བསྟན་པ
་སྟེ་། དོན་དམ་པར་དངོས་པོ་མེད་པ་ལ་ཚེ་འཕོ་བ་དང་སྐྱེ་བ་མི་སྲིད་པའི་ཕྱིར། འཕོ་བ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །འཇིག་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པར་མ་གྲུབ་པས། མི
་འཇིག་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་འཇིག་པའི་འགྲེལ་པ་སྟེ། ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས་སྟོང་པས་ཉིས་ཀྱི་རང་བཞིན་དེ་བཞིན་ཉིད་ལ་འཇིག་ཅིང་གཞན་དུ་འགྱུར་བ
་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འཇིག་པ་མེད་དོ་ཞེས་བསྟན་པའོ། །མྲི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་མེད་པ་ལས། ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས
་མིང་དང་ཐ་སྙད་དུ་བརྗོད་པ་ནི་རྨི་ལམ་གྱི་དངོས་པོ་དང་འདྲའོ་ཞེས་བསྟན་པའོ། །རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྨི་ལམ་དང་འདྲ་བར་བཤད་པའི་གཏན་ཚིགས་བསྟན་པ་སྟེ། རྨི་ལམ་དུ་མཐོང་བའི་དངོས་པོ་རྣམས་ཡང་དག་པར་བརྟགས་ན
་དམིགས་སུ་མེད་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་བརྙན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དུ་བཏགས་ཤིང་སྒྲར་བརྗོད་པ་ནི་སྒྲ་བརྙན་ནམ་བྲག་ཆ་དང
་འདྲའོ་ཞེས་བསྟན་པའོ། །ཉན་པ་དང་སྒྲར་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲ་བརྙན་ལྟ་བུར་བཤད་པའི་འགྲེལ་པ་སྟེ། བྲག་ཆ་པ་སོགས་པ་ལས་བྲག་ཅའི་སྒྲ་བྱུང་བ་སྒྲ་ཡང་དགྲ་བ་མ་ཡིན་ཡང་སྒྲ་ལྟ་བུར་གྲག་པ་བཞིན་དུ། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང་སྒྲར་བརྗོད་པ་ཡང་དངོས་པོ་མེད་པ་ལས་སྒྲར་བརྗོད་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །མིག་ཡོར་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པ་ལས་། ཡི་གེའི་འབྲུ་ལ་སོགས
་པ་སྣང་བ་ནི་མིག་ཡོར་དང་འདྲའོ་ཞེས་བསྟན་པའོ། །མེ་ལོང་གི་བཞིན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ཡོར་དང་འདྲ་བར་བཤད་པའི་འབྲེལ་པ་སྟེ། མེ་ལོང་གི་ནད་ན་བཞིན་གྱི་གཟུགས་བརྙན་སྣང་བ་མིའི་བཞིན་ཡང་དག་པར་མ་ཡིན་ཡང་བཞིན་དག
་འཕྲ་བར་སྣང་བ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་ཡིག་འབྲུའི་རང་བཞིན་མ་ཡིན་པ་ལས་ཀུན་རྫོབ་ཏུ་ཡི་གེའི་འབྲུ་ལྟ་བུར་སྣང་བ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །སྨིག་རྒྱུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་པ་ལས་། ཡོད་པ་ལྟ་བུར་སྣང་བ་ནི་འཁྲུལ་བ་སྟེ་།སྨིག་རྒྱུ་ལ་ཆུའི་རང་བཞིན་མེད་པ་ལས་ཆུ་འདྲ་བར་སྣང་བ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཆུ་འབབ་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྨིག་རྒྱུ་བཤད་པའི
་དགྲེལ?་པ་སྟེ། དོན་དམ་པར་ཆུ་འབབ་པ་ཉིད་ཀྱང་དངོས་པོ་མེ་པ་ཡིན་ནོ། །སྨིག་རྒྱུ་ལ་ཆུ་འབབ་པའི་རང་བཞིན་མེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ་།སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར
་དངོས་པོ་མེད་པ་ལས་ཡོང་པ་ལྟ་བུར་སྣང་བ་ནི་སྒྱུ་མའི་རྟ་དང་གླང་པོ་ཆ་ལ་སོགས་པ་རྟ་དང་གླང་པོ་ཆེའི་རང་བཞིན་མ་ཡིན་ཡང་རྟ་དང་གླང་པོ་ཆེ་ལྟ་བུར་སྣང་བ་དང་འདྲའོ་ཞེས་བསྟན་པའོ། །མཚན་མ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུར་བཤད
་པའི་འགྲེལ་པ་སྟེ། སྒྱུ་མ་མཁན་གྱི་སྒྱུ་མ་བྱས་པའི་གཞི་དང་མཚན་མ། རྟ་དང་གླང་པོ་ཆེའི་དངོས་པོ་དང་སྒྱུ་མ་བྱ་བའི་རྒྱུ་རྐྱེན། སྨན་དང་སྔགས་ལ་སོགས་པའི་མཚན་པ་དང་དོན་དམ་པར་དམིགས་སུ་མེད་ན། དེ་ལས་བྱུང་བའི་སྒྱུ་མ་ལྟ་བུ་དངོས་པོ་མེད་པ་སྨོས་ཀྱང་ཅི་དགོས
་ཞེས་བྱ་བའི་དོན་ཏོ། །རྨོངས་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིར་པའ?། །ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་ཡོངས་སུ་དག་ཅིང་མི་ཤེས་པའི་སྒྲིབ་པ་མེད་པའོ་ཞེས་བསྟན་པའོ། །མ་རིག་པའི་མུན་པ་དམིགས་སུ་མེད་པའི་ཕྱིར་རོ། ཞེས་བྱ་བ
་ནི་རྨོངས་པ་མེད་པའི་དོན་འགྲེལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྨོངས་པ་མེད་ཅིང་ཡོངས་སུ་དག་པ་དེ་སྔོན་མ་རིག་པའི་སྒྲིབ་པ་ཡོད་པ་ལས་བསལ་ཏེ། ཡོངས་སུ་དག་པ་ནི་མ་ཡིན་ག་གྱིས། མ་རིག་པའི་མུན་པ་ཉིད་དོན་དམ་པར་དམིགས་སུ་མེད་པས་ཐོག་མ་ནས་ཡོངས་སུ་དག་པ
་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉོན་མོངས་པའི་སྒྲིབ་པ་ཡོང་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འདི་དེ་ལྟར་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་དག་པ་ཡང་སྔོན་ཉོན་མོངས་པ་དང་བཅས་པ་ལས་ཉོན་མོངས་པ་ཡང་སྤངས་ཏེ། ཕྱིས་ཡོངས་སུ་དག་པར་གྱུར་པ་ནི་མ་ཡིན་གྱིས། ཉོན་མོངས་པ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པས་ཐོག་མ་ནས་ཡོངས་སུ་དག་པ་ཡིན་ནོ་ཞེས
་བསྟན་པའོ། །རྣམ་པར་བྱང་བ་མ་མཆོས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་སྟོང་ཞིང་གཟོད་མ་ནས་ཡོངས་སུ་དག་པ་ཡིན་པས། སྔོན་ཉོན་མོངས་པ་དང་བཅས་པ་ལས་ཕྱིས་རྣམ་པར་བྱང་བར་གྱུར་པ་མ་ཡིན་ནོ་ཞེས
་བྱ་བའི་དོན་ཏོ། །ཉོན་མོངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་བྱང་བའི་གཏན་ཚིགས་བཤད་པ་སྟེ། ཉོན་མོངས་པ་ཞིག་སྔོན་ཡོད་ན་ནི་དེ་སྤངས་པར་རྣམ་པར་བྱང་བ་ཞེས་བྱ་ན། ཉོན་མོངས་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་སྟེ། གཟོད་མ་ནས་དག་པའི
་ཕྱིར་རྣམ་པར་བྱང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དམིགས་སུམ་མཆེས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངས་པོ་ཡོད་པར་མ་གྲུབ་པས་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོ་མ
་ཡིན་ན་ཞེས་བྱ་བའི་དོན་ཏེ། །གནས་དམིགས་སུ་མེད་པའི་ཕྱིར་རོ་། ཞེས་བྱ་བ་ཨནི་དམིགས་པར་བྱ་བའི་གནས་སམ་ཡུལ་དངོས་པོ་མེད་པས་དམིགས་སུ་བྱེད་པར་ཡང་མེད་པའི་ཕྱིར་དམིགས་སུ་མེད་པ་ཡིན་ནོ་ཞེས་བསྟན་པའོ་།སྤྲོས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་རྟོག་པའི་སྤྲོས
་པ་དང་བྲལ་བ་ཡང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟགས་པའི་ཕྱིར་རོ་ཞེས་བསྟན་པའོ། །རློམ་སེམས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས།
་བདག་གི་ཡོན་ཏན་གྱིས་རློམ་ཞིང་བསྙེམས་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །རློམ་སེམས་ཐམས་ཅད་ཡང་དག་པར་བཅོས་པའི་ཕྱིར་རོ་ཞེས་བྱ་བ་ནི། སྔོན་རློམ་སེམས་དང་བཅས་པ་ལས་ཕྱིས་རློམ་སེམས་མེད་པར་གྱུར་པ་ནི་མ་ཡིན་གྱིས་རློམ་སེམས་ཐམས་ཅད
་གཟོད་མ་ནས་མ་སྐྱེས་པར་རྟགས་པའི་ཕྱིར་རོ། ཞེས་བྱ་པའི་དོན་ཏོ། །མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་ཅིང་རློམ་སེམས་མེད་པའི་རང་བཞིན་ལས་ཉམས་ཤིང་གཡོ་བར་མི་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །
་ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཐ་མི་དད་པས། ཇི་ལྟར་ཆོས་ཀྱི་དབྱིངས་མི་འགྱུར་བར་ཡོངས་སུ་གྲུབ་པས། གཡོ་ཞིང་འགྱུར་བ་མེད་པར་གནས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ཡང་གཡོ་ཞིང་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ཆོས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་རྟོགས་པས། ཆོས་གང་ལ་ཡང་ཆགས་པ་མེད་པའི་རང་བཞིན་བན་ནོ། ཞེས
་བསྟན་པའོ། །ཆོས་ཐམས་ཅད་མནོར་བ་ཡང་དག་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། དེའི་ཕྱིར་འདོད་ཆགས་དང་བྲལ་བའི་ཕ
་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ལྡང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོད་ཆགས་ལ་སོགས་པའི་ཡུལ་ལ་མཚན་མར་མི་འཛིན་ཅིང་རྣམ་པར་མི་རྟོགས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ
་རྣམས་ཀུན་ནས་ལྡང་བའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་། ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང
་བཞིན་གྱིས་སྟོང་ཞིང་རྣམ་པར་རྟོག་པ་མེད་པའི་ཕྱིར། ཀུན་ནས་ལྡང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་མི་རྟོག་ཅིང་ཉོན་མོངས་པ་ཀུན་ནས་ལྡང་བ་མེད་པས་ཞི་བའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད
་མཚན་མ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཉོན་མོངས་པ་རྣམས་སྐྱེ་བའི་མཚན་མ་དམིགས་སུ་མེད་པའི་ཕྱིར་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས
་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་མེད་པའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆགས་པར་བྱ་བའི་དངོས་
་པོ་མེད་པས་ཆགས་པར་བྱེད་པའི་འདོད་ཆགས་ཀྱང་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། ཞེས་བྱ་བ་ནི། ཤེས་རབ་གྱི་ཕ
་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ཅིང་སྐྱོན་མེད་པས། ཞེ་སྡང་མེད་པའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། ཞེ་སྡང་སྐྱེ་བར་འགྱུར་བའི་རྒྱུར་གྱུར་པའི་ཆོས་རྣམས་དངོས་པོ་མེད་པས་ཞེ་སྡང་སྐྱེ་བར་མི་འགྱུར་བའི
་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་སྡང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་པའི་རང་བཞིན
་ཅན་ཡིན་ནོ་ཞེས་བསྟན་པའོ། །མི་ཤེས་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏི་མུག་གི་མཉེན་པོ་ཡིན་པའི་ཕྱིར། གཏི་མུག་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན
་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་རང་བཞིན་ཡིན་པས་རྣམ་པར་རྟོག་པའི་ཉོན་མོངས་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །ཡོངས་སུ་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས
་ཀྱི་ཉོན་མོངས་པ་ཡོངས་སུ་རྟོག་པ་ཡིན་ནོ་ཞེས་འབྱུང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྟོག་པ་དེ་མེད་པའི་ཕྱིར། ཉོན་མོངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱའོ། །སེམས་ཅན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་སྟོང་པས། མུ་སྟེགས་ཅན་གྱི་བརྟགས་པའི་བདག་སེམས་ཅན་གྱི་དངོས་པོ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །སེམས་ཅན་མེད་པའི་ཕྱིར་རོ་ཞེས་བྱ་བ་ཅི་མུ་སྟེགས་ཅན་གྱི་བརྟགས་པའི་བདག་དད་སེམས་ཅན་ཞེས་བྱ་བ
་དེ་ཀུན་རྫོབ་ཏུ་ཡང་ཡོད་པར་མ་གྲུབ་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་སེམས་ཅན་མེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྤངས་པ་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་མོངས་པའི
་གཉེན་པོ་ཡིན་པས་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་དངོས་པོ་ཡོད་པ་ལས་གཉེན་པོ་བསྒོམ་པས་སྤངས་ཏེ་མེད
་པར་གྱུར་པ་ནི་མ་ཡིན་གྱིས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཀུན་ནས་ལྡང་ཞིང་འབྱུང་བ་མེད་པར་རྟོགས་པ་ཉིད་རབ་ཏུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཛའ་གཉིས་སུ་མི་འགྱུར་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ
་པར་མི་རྟོག་པའི་རང་བཞིན་ཡིན་པས། ཡོད་པ་དང། མེད་པ་དང། རྟག་པ་དང། ཆད་པ་ལ་སོགས་པའི་མཛའ་གཉིས་སུ་རྣམ་པར་རྟོག་པར་མི་འགྱུར་བའོ་ཞེས་བསྟན་པའོ། །མཛའ་རྣམ་པར་སྤོང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་མཛའ་གཉིས་རྣམ་པར
་སྤོང་བའི་རང་བཞིན་ཡིན་པའི་ཕྱིར་མཛའ་གཉིས་སུ་མི་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས། ཆོས་ཀྱི་དབྱིངས་དང་ཐ་མི་དད་པའོ་ཞེས་བསྟན་པའོ། །ཆོས
་ཐམས་ཅད་འདྲེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན། འདྲེས་པ་དང་མ་འདྲེས་པ་ཐ་དང་དུ་འགྱུར་བ་ཞེས་བྱར་རུང་ན། ཆོས་ཐམས་ཅད་དངོས་པོ་མེད་པས། འདྲེས་པ་དང་མ་འདྲེས་པ་ཡང་མེད་པའི་ཕྱིར་ཐ་དད་དུ་གྱུར་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ།
་ཉམས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་དང་དྲི་མ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བསྟན་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདའ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྐྱོན་དང
་དྲི་མ་ནི་ཐེག་པ་དམན་པ་ལས་མ་འདས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་དམན་པ་ལས་འདས་པ་ཉིད་མ་ཉམས་ཤིང་སྐྱོན་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའི་ཞེས
་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་རྟོག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་རྟོག་པ་ཉིད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་དོ་ཞེས
་བྱ་བའི་དོན་ཏེ། ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་མེད་པས། ཚད་མས་བརྟག་ཅིང་གཞལ་དུ་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི།
་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་བས། ཚད་མར་གཞལ་དུ་མེད་བ་དེ་བཞིན་དུ་ཚད་མས་གཞལ་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ཨི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བར
་ཅི་ལ་ཡང་མ་ཐོགས་མ་ཆགས་པ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས། ནམ་མཁའ་དང་འདྲ་བར་ཅི་ལ་ཡང་མ་ཐོགས་མ་ཆགས་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཐེག་པ་ཆུང་དུ་བའི་མི་རྟག་པ་ལྟར་དངོས་པོ་སྐྱེས་པའམ། ཡོད་པ་ལས་འཇིག་པའི་ཕྱིར་མི་རྟག་པ་ནི་མ་ཡིན་གྱིས་དོན་དམ་པར་རང་བཞིན་གྱིས་སྟོང
་ཞིང་དངོས་པོ་མེད་དེ་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་རྟག་ཏུ་ཡོད་པ་མ་ཡིན་པ་ལ་མི་རྟག་པ་ཞེས་བྱའོ། །ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རང་བཞིན་གྱིས་སྟོང་ཞིང་རྟག་ཏུ་ཡོད་པ་མ་ཡིན་པ་དེ་ལ་འཇིག་པ་ཡང་མི་སྲིད་པའི་ཕྱིར
་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་པའི་རང་བཞིན་ཡིན་པས། དེ་ལ་དཔྱད་ན་བདེ་བའི་འདུ་ཤེས་མེད་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ། མི་བདེ་བ་དང་ལྡན་པའི་ཕྱིར་སྡུག
་བསྔལ་བ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་འཚོལ་བར་སྦྱོང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དངོས་པོ་ཞིག་ཡོད་ན། དེ་ཐོབ་པས་བདེ་བ་ཐོབ་པར་བྱ་བའི་ཕྱིར་འཚོལ་ཞིང་སྦྱོར་བ་ཡང་སྲིད་ན། ཆོས་ཐམས་ཅད་སྔོས་པོ་མེད་དེ་དངོས་པོ་མེད་པ་ལ་བདེ་བ་ཐོབ
་བར་བྱ་བའི་ཕྱིར་འཚོལ་བ་དང་སྦྱོར་པ་ཡང་མེད་དེ། དེ་ལྟར་བདེ་བ་མེད་པ་ལ་སྡུག་བསྔལ་ཞེས་བརྡར་བཏགས་ཏེ་བཤད་པ་ཨིན་རང་བཞིན་ཡོད་པ་མ་ཡིན་ནོ་། ཞེས་བྱ་བ་བསྟན་པའོ། །ཆོས་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་བས་། དེའི་བདག་ཉིད་དམ་རང་བཞིན་ཡོད་པ་མ་ཡིན་ནོ་། ཞེས་བྱ་བ་བསྟན་པའོ། །ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་ལྟར་རང་བཞིན་གྱིས་སྟོང་སྟེ། བདག་མེད་པས
་མངོན་བར་ཆགས་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་བདག་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་མཚན་ཉིད་ཀུན་རྫོབ་ཏུ་ཇི་སྐད་དུ་བཏགས་ཤིང་རྣམ་པར་གཞག་པ་དེ
་དང་བྲལ་བའི་ཕྱིར་སྟོང་པ་ཉིད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་སོ་སོའི་མཚན་ཉིད་ཇི་སྐད་དུ་བཏགས་ཤིང་རྣམ་པར་གཞག་པ་དེ་དག་གིས་སྟོང་ཞིང་དམིགས་སུ་མེད་པ
་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རང་བཞིན་གྱིས་སྟོང་བས། དེའི་མཚན་ཉིད་ཀྱང་ཡོད་བ་མ་ཡིན་ནོ
་ཞེས་བསྟན་པའོ། །ཆོས་ཐམས་ཅད་མངོན་པར་གྲུབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་།གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མ་སྐྱེས་ཤིང་མངོན་པར་གྲུབ་པ་མེད་པའི་ཕྱིར། སོ་སོའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པ་བཞིན་ནོ་ཞེས་བྱ་བའི་དོན
་ཏོ། །ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། ཞེས་བྱ་བའི་བར་དུ་ནི། སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། དེ་དག་གི་དངོས་པོ་ཡང་ཡོད་པ་མ་ཡིན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ
་པ་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་ཀྱི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི
་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། རྣམ་པར་ཐར་པའི་སྒོ་གསུམ་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག
་པར་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དོན་དམ་པར་དམིགས་སུ་མེད་པའི་རང་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བསྟན་པའོ་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་པ་བསྟན་པའོ། །དེ
་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རང་བཞིན་དང་ཐ་མི་དད་དོ་ཞེས་བསྟན་པའོ། །བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་བསྟན་པ་སྟེ། དེ་བཞིན་གཤེགས
་པ་ནི་ཅི་གསུངས་སོ་ཅོག་མ་ནོར་བ་དེ་བཞིན་ཉིད་གསུང་གི་།གཞན་དུ་མི་གསུང་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཅི་བཤད་དོ་ཡོག་ཀྱང་དེ་བཞིན་ཉིད་དུ་བརྗོད་ཅིང་བཤད་ཀྱི། གཞན་དུ་བརྗོད་པ་དང་བཤད་པ་མེད་དོ་ཞེས་བྱ་བའི་དོན་ཏོ།།
་རང་འབྱུང་གི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཡིན་ཏེ་གཞན་ལ་རག་མ་ལུས་ཤིང་ཀ་གཞན་གྱི་རྐྱེན་གྱིས་བྱུང་བ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དབང་གིས་ཆོས་ཐམས་ཅད་བསྟན་གྱི་ཆོས་གཞན་རྣམས་ཀྱི་དབང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས
་ཐམས་ཅད་ཐུགས་སུ་ཆུད་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར
་ཤེས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏོ
་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤིན་ཏུ་ཟབ་པ་བརྒྱ་བྱིན་གྱིས་ཐོས་ནས། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་བ་དང་།འཛིན་ཅིང་འཆང་བ་ལ་སོགས་པ་དཀོན་པ་བསྟན་པའི
་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དཀོན་ཞིང་མོས་པར་དཀའ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་སྔོན་གྱི་རྒྱལ་པ་ལ་བསྙེན་བཀུར་བྱས་པའོ་ཞེས་བྱ་བ་ནི་བསོད
་ནམས་ཆུང་དུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མིང་དང་ཚིག་ཙམ་ཡང་རྣ་ལམ་དུ་ཐོས་པར་མི་འགྱུར་གྱིས། སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་པ་རྣམས་ཀྱིས་མིང་དང་ཚིག་ཙམ་ཐོས་པར་འགྱུར་རོ་ཞེས་བསྟན་པའོ།།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ་ཞེས་བྱ་བ་ནི། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་ཤིང་དགེ་པའི་རྩ་བ
་བསྐྱེད་པ་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ཟབ་མོ་འདི་མིང་དང་ཚིག་ཙམ་ཐོས་པར་འགྱུར་གྱིས། གཞན་གྱིས་ཐོས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དགེ་བའི
་བཤེས་བསྙེན་གྱིས་ཡོངས་སུ་བཟུང་བའོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མ་འདི་ཐོས་པར་འགྱུར་གྱི། གཞན་གྱི་རྣ་ལམ་དུ་གྲག་པ་ཡང་མི
་འགྱུར་རོ་ཞེས་བསྟན་པའོ། །གང་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་ལྟ་སྨོས་ཏེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་མིང་དང་ཚིག་ཙམ་ཐོས་པ་ཡང་དེ་ལྟར་དཀོན་ན། དོན
་བྱིན་ཅི་མ་ལོག་པར་རྟོགས་ཤིང་ཉམས་སུ་ལེན་པ་ལྟ་སྨོས་ཞེས་བསྟན་པའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས། མི་འཇིགས་མི་དངང?་སྐྲག་པར་མི་འགྱུར་བ་དག་གིས། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ
་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡོངས་སུ་དྲིས་སོ། །ཡོངས་སུ་ཞུས་སོ་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་མཉན་ཅིང་ཐེ་ཚོམ་མེད་པར་བྱས་པ་རྣམས་ཀྱིས་ཐོས་ན་འཇིགས་ཤིང་སྐྲག་པར་མི་འགྱུར་ཏེ།
་མོས་ཤིང་དད་པར་འགྱུར་གྱི། གཞན་གྱིས་དེ་ལྟར་མི་འགྱུར་རོ་ཞེས་བསྟན་པའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་?
་རབས་སྔ་མ་ལ་བསྐལ་པ་དུ་མར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང་གོམས་པར་བྱེད་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ནས། འཇིགས་ཤིང་སྐྲག་པར་མི་འགྱུར་ལ་མོས་ཤིང་དང་པར་འགྱུར་གྱི་གཞན་གྱིས་དེ་ལྟར་མི་ནུས་སོ་ཞེས་བསྟན་པའོ། །
་དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཀྱང་མོས་པར་བགྱི་བར་མི་ནུས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་ཉམས་སུ
་ལེན་པ་དེ་དག་བྱང་ཆུབ་སེམས་དཔའ་ཕལ་པ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་འདྲ་སྟེ། ཚེ་རབས་སྔ་མ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པས་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ལ་སྤྱོད་ཅིང་མོས་པར་མི་ནུས་སོ་ཞེས
་བསྟན་པའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། སྤངས་པར་སེམས་བདག་གིས་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་པར་གྱུར་ཏོ་ཞེས་བྱ་བ་ནས།
་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཇི་ལྟར་བསྒོམ་པར་བགྱི་ཞེས་ཡོངས་སུ་མ་ཞུས། ཡོངས་སུ་མ་དྲིས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་མ་དད་ཅིང་མ་མོས་ལ་སྐུར་པ་འདེབས་པ་དག་ནི་ཚེ་རབས་སྔ་མ་ལ་ཡང་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་འདི་ལམ་དད་མ་མོས་ཤིང་སྐུར་པ་བཏབ་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ
་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་ཇི་ལྟར་སྤྱད་ཅིང་བསྒོམ་པ་མ་མཉན་མ་དྲིས་པའི་ལན་ཏོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་
་མཁྱེན་པ་ཉིད་ལ་མོས་པར་མི་འགྱུར་ལྟ་ངོ་མཚར་ཀྱང་ཅི་ཆེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་ཟབ་པས་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་སྤྱད་ཅིང་གོམས་པར་བྱས་པ་ཉུང་ཟད་ཅིག་དད་ཅིང་མོས་བར་འགྱུར་གྱི།
་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་མ་སྤྱད་ཅིང་གོམས་པར་མ་བྱས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་ཤིང་དད་པར་མི་འགྱུར་པ་ལྟ་ངོ་མཚར་ཀྱང་ཅི་ཆེ་ཞེས་བསྟན་པ་སྟེ། འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས
་པར་དཀའ་བ་བསྟན་པའོ། །བཙུན་པ་ཤཱ་རདྭཱ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཟབ་བའི་དོན་བརྒྱ་བྱིན་གྱིས་རྟོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པ
་ཆེན་པོ་སྐྱེས་ཏེ་ཕྱག་འཚལ་བའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི
་ཕྱིར་།རྒྱུ་ལ་ཕྱག་བྱས་ན་འབྲས་བུ་ལ་ཡང་ཕྱག་བྱས་པར་འགྱུར་བ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལས་ཀྱང་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་བརྗོད་དོ་ཞེས་བྱ་བའི་བར་དུ་ནི། བརྒྱ་བྱིན་གྱིས་སྨྲས་པའི་དོན་བཅོམ་ལྡན་འདས་ཀྱིས་གསལ་བར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འབྱུང་ལ། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འབྱུང་བས། འདི་གཉིས་གཅིག་གི་རྒྱུ་གཅིག་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་ཀྱི་ཡེ་ཤེས་ལ་ཕྱག་འཚལ་བར་འགྱུར་བ་བདེན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བྱ་བ་ནས་དགེ་སློང་གི་དགེ་འདུན་བསྡུ
་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང། ལམ་གྱི་རྣམ་པར་ཤེས་པ་ཐོབ་པར་བྱ
་བ་དང། བག་ཆགས་ཀྱི་མཚམས་སྦྱོར་བ་ཉོན་མོངས་པ་སྤངས་པར་བྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སེམས་ཅན་རྣམས་ཉན་ཐོས་ཀྱི་འབྲས་བུ་བཞི་དང། རང་བྱང་ཆུབ་དང། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པ་དང། ཁམས་གསུམ་གྱི་ཕུལ་དུ
་འགྱུར་བར་བྱ་བ་དང། བདུད་ཕམ་པར་བྱ་བ་དང། དགེ་སློང་གི་དགེ་འདུན་བསྡུ་བར་བྱ་བའི་རྒྱུ་ཡིན་པས། དངོས་པོ་དེ་དག་བསྒྲུབ་པར་འདོད་ན་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ལྷའི
་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བགྱིད་པ་ལགས་ཞེས་བྱ་བའི་བར་དུ་ནི། གོང་དུ་ཐམས
་ཅད་མཁྱེན་པ་ཉིད་ལ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་ཡེ་ཤེས་སྒྲུབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན
་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གནས་པར་བྱ་བ་དང། བརྩོན་པར་བྱ་བ་དེ་ཇི་ལྟར་གནས་པར་བྱ་བ་དང། ཇི་ལྟར་བརྩོན་པར་བྱ་བ་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་དེ།
་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་ལེགས་སོ་ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱིས་སྤོབས་པ་འདི་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱུང་ངོ། །ཞེས་བྱ་བ་ནི་བརྒྱ་བྱིན
་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བ་དང། ཇི་ལྟར་བརྩོན་པར་བྱ་བ་བཅོམ་ལྡན་འདས་ལ་ཞུས་པ་དོན་མནོར་བར་ལེགས་པར་ཞུས་སོ་ཞེས་བསྟོད་པ་སྟེ། དེ་ལྟར་ལེགས་པར་ཞུས་པ་བསྟོད་པ་དང། དེ་ལྟར་ཞུ་པའི་སྤོབས་པ་སྐྱེས་པ་བཅོམ
་ལྡན་འདས་ཀྱི་མཐུ་དང་བྱིན་གྱིས་བརླབས་པ་ཡིན་པར་བསྟན་པ་ཡང། འཁོར་རྣམས་ཡིད་ཆེས་ཤིང་དད་པ་བསྐྱེད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི
་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ་ཞེས་བྱ་བ་ནས་གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་གནས་པ་དེའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི་ཇི་ལྟར
་གནས་པར་བྱ་བ་དང། ཇི་ལྟར་བརྩོན་པར་བྱ་བ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་ལ
་མཚན་མ་རིམ་འཛིན་ཅིང་དམིགས་པའི་ཚུལ་དུ་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཞིང། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གང་ལ་གནས་པར་བྱ
་བ་དང། གང་ལ་བརྩོན་བར་བྱ་བ་དེ་ལྟ་བུའི་གཟུགས་མི་དམིགས་སོ་ཞེས་བྱ་བ་ནས། གང་ལ་གནས་པར་བྱ་བ་དང། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད
་ལ་མི་དམིགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པས། གང་ལ་ཡང་གནས་པར་བྱ་བ་དང། དམིགས
་པར་བྱ་བའི་དངོས་པོ་དེ་ལྟ་བུ་ཡོད་པར་མི་ལྟ་ཞིང་མཚན་མར་མི་འཛིན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང། བརྩོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྦྱོར་མི་འབྱེད་དེ། གང་གི་ཚེ་གཟུགས་ལ་མི་སྦྱོར་མི་འབྱེད་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ་ཞེས་བྱ་བ་ནས། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྦྱོར་མི་འབྱེད་པ་དེའི་ཚེ། རྣམ་པ་ཐམས་ཅད་མཁྱེན
་པ་ཉིད་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། དེ་དག་སྒྲུབ་པའི་ཕྱིར་བརྩོན་པར་ཡང་མི་བྱེད། མི་སྒྲུབ་བའི་ཕྱིར་སྤངས་པར་ཡང་མི་བྱེད་པ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན
་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྔོན་གྱི་མཐར་མི་དམིགས་སོ། །གཟུགས་ཕྱི་མའི་མཐར་མི་དམིགས་སོ། །གཟུགས
་དབུས་སུ་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབུས་སུ་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་དེ་དག་སྒྲུབ་པའི་ཕྱིར་བརྩོན་པར་བྱར་མེད། སྤང་བར་ཡང་བྱར་མེད་པའི་གཏན
་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཞིག་ཡོད་ན་དུས་གསུམ་ལས་སྔོན་གྱི་མཛའ་འམ། ཕྱི་མའི་མཛའ་འམ། དེ་ལྟར་བྱུང་བའི་དུས་ན་ཡོད་ཅིང་དམིག་པའི་རིགས་ན་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དུས་གསུམ
་ཆར་དུ་ཡང་དངོས་པོ་ཡོད་པར་མི་དམིགས་པས། དེ་དག་སྒྲུབ་པའི་ཕྱིར་བརྩོན་པར་ཡང་མི་བྱེད། མི་གྲུབ་པའི་ཕྱིར་སྤང་བར་ཡང་མི་བྱེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས
་གསོལ་ཏོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དུས་གསུམ་དུ་དམིགས་སུ་མེད་པར་སྟོན
་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་རྟོགས་པ་དང་ཡིད་ཆེས་བར་དཀའ་བའི་ཕྱིར་ཟབ་བོ་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན
་དེ་བཞིན་ཉིད་ནི་མངོན་སུམ་མི་འགྱུར་བའི་ཕྱིར། དེ་ལྟར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་རྣམ་པར་ཐམS
་ཅད་མཁྱེན་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའོ་ཞེས་བྱ་བའི་བར་དུ་ནི། ཟབ་པའི་དོན་ཉིད་རྣམ་གྲངས་གཞན་གྱིས་བསྟན་པའི་ཕྱིར་གཏིང་དཔག་དཀའ་བ་བཤད་བའོ། །གསོལ་པ་བཅོམ་ལྡན་འདས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚང་མ་མཆིས་སོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆད་མེད་དོ་ཞེས་བྱ་བའི་བར་དུ་ནི་གཏིང་དཔག་དཀའ་བའི་དོན་ཉིད་ཚད་མེད་པས་བསྟན
་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། གྲངས་དང་ཚད་འདི་ཙམ་མོ་ཞེས་རྟག་ཏུ་མེད་པའི་ཕྱིར། གཏིང་དཔག་དཀའ་ཨོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ་ཟབ་ཅིང་གཏིང་དཔག་དཀའ་བ་དང། ཚད་མེད་པ་ཡིན་པས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར
་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང། དེ་བཞིན་དུ་ཟབ་ཅིང་གཏིང་དཔག་དཀའ་ལ་ཚད་མེད་པ་ཡིན་པས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ན་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བྱ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་སྤྱད་པའི་ཐབས་ཤཱ་རིའི་བུས་ཞུས་པའོ། །བཅོམ?་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཟབ་ཅེས་བྱ་བར་མི་སྤྱོད་ན། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ
་པར་རང་བཞིན་གྱིས་སྟོང་བས་ཟབ་པར་འདུ་ཤེས་ཤིང་རྣམ་པར་རྟོག་པ་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པའི་ཚུལ་གྱིས་སྤྱོད་པ་ཡིན་ནོ། ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི
་གཟུགས་མ་ཡིན་ནོ། ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཟབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཟབ་པའི་འདུ་ཤེས་མེད་ཅིང་རྣམ་པར་མི་རྟོག
་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཟབ་ཅེས་བྱ་བ་ནི་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི། གཟུགས་ལ་སོགས་པའི་རང་བཞིན་དུ
་ཡོད་པ་མ་ཡིན་པས། རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་གཏིང་དཔག་དཀའ་ཞེས་བྱ་བར་མི
་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས
་ཅད་རང་བཞིན་གྱིས་སྟོང་བས་གཏིང་དཔག་དཀའ་བའི་འདུ་ཤེས་ཀྱང་མེད་ཅིང་རྣམ་པར་མི་རྟོག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱི་གཏིང་དཔག་དཀའ་བ་གང་ཡིན་པ་དེ་ནི
་གཟུགས་མ་ཡིན་ནོ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏིང་དཔག་དཀའ་བ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གཏིང་དཔག་དཀའ་
་པའི་འདུ་ཤེས་མེད་ཅིང་རྣམ་པར་མི་རྟོག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཏིང་དཔག་དཀའ་ཞེས་བྱ་བ་ནི། དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་གང
་ཡིན་པ་དེ་ནི། གཟུགས་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེ་ལྟར་རྣམ་པར་མི་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཚད་མེད་དོ། །ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མེད་དོ།
་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། ཚད་མེད་དེ་ཞེས་བྱ་བའི་འདུ་ཤེས་ཀྱང་མེད་ཅིང་རྣམ་པར་མི་རྟོག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་སྤྱོད་པ་ཡིན་ནོ། ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱི་ཚད་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་མེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི
་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་མི་འབྱུང་ཞིང་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྲོད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཚད་མེད་པ་ཞེས་བྱ
་བ་ནི་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པ་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེ་ལྟར་རྣམ་པར་མི་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །
་ཤཱ་རདྭཱ་ཏིའི་བུས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་ལྟར་ཟབ་བོ་ཞེས་བྱ་བ་ནས་ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་རོ། ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐེག?་པ་ཆེན་པོ་ལ་གསར་དུ་ཞུགས་པ
་ཐེག་པ་ཆེན་པོའི་དོན་གོམས་པར་མ་བྱས་པ་རྣམས་ལ་བཤད་ན་སྤྱོད་དུ་འགྱུར་བ་དང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་ན། ཡོན་ཏན་དུ་འགྱུར་བ་བསྟན་པ་སྟེ། དེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་ཟབ་པས་ཐམས་ཅད་ཀྱི
་སྤྱོད་ཡུལ་མ་ཡིན་པ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དཀའ་བ་དེ་ལྟ་བུ་གནས་ཡོད་དོ
་ཞེས་བྱ་བའི་བར་དུ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེཾས་དཔའ་ལ་ཤེS་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་ན་སྣོད་དུ་མ་གྱུར་པ་ལ་ཆོS་ཟབ་མོ་བཤད་པཱི་ཉེS?་པཱི་དམིགས་ཞིབ་ཏུ་རྣམ་པར་ཕྱེ་སྟེ་བསྟན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། ཞེས་བྱ་བ་ནས། བླ་ན་མེད
་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ལུང་བསྟན་པར་འགྱུར་རོ། ཞེས་བྱ་བའི་བར་གྱིས་ནི་གོང་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་ལ་དོན་ཟབ་མོ་འདི་མི་བཤད་པར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་བཤད་པར་བྱའོ། ཞེས་བསྟན་པ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་མ་ཡིན་ལ། ཕྱིར་མི་ལྡོག་པ་ཡང་མ་ཡིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་བཤད་ན་མི་འཇིགས་མི་སྐྲག་ཅིང་སྣོད་དུ་འགྱུར་བ
་དེ་ལྟ་བུ་ཡོང་དམ་ཞེས་དྲིས་པ་དང། དེ་ལྟ་བུ་ཡོད་དེ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་མ་ཡིན་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་པ་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ན། མི་འཇིགས་མི་སྐྲག་ཅིང་མྱུར་དུ
་ལུང་བསྟན་པའི་སྐལ་བ་ཅན་དག་ཀྱང་ཡོད་དོ། ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་བཀའ་སྩལ་པ། ཞེས་བྱ་བ་ནས། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའོ། ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ལ་གསར
་དུ་ཞུགས་པ་མ་ཡིན་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་པའི་བྱང་ཆུབ་སེམས་དཔའ་དག་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་སྣོད་དུ་འགྱུར་བ་ཡོད་པའི་དོན་གོང་དུ་བཤད་བ་ཉིད། འཁོར་རྣམས་ཡིད་ཆེས་པར་བྱ་བའི
་ཕྱིར། བཅོམ་ལྡན་འདས་ཀྱིས་གཏན་ཚིགས་དང་བཅས་པར་ཞིབ་ཏུ་བཤད་པའོ། །ཤཱ་རདྭཱ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་དེའི་དཔེ་གསལ་བར་བདག་གིས་སྤོབས་སོ་ཞེས་བྱ་བ་ནས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ལས། ཕྱིར་མི་ལྡོག་པའི་རིགས་པར་བགྱི་བདག་གོ། ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་སེམས་ཅན་ཐ་མལ་པ་མ་ཡིན་གྱིས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་པའོ། །
་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་འབྲོག་དགོན་པར་དཔག་ཚད་བརྒྱ་པ་ཞིག་ནས་བྱུང་བའམ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་འདི་ལྟ་བ་དང། ཕྱག་བགྱིད་པ་དང། མཉན་དུ་མཆིས་པ་དེ་ཉིད
་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྔ་ལྟས། ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡིད་ཆེས་ཤིང་ནན་ཏན་བྱེད་པ། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་པར་འགྱུར་བའི་དཔེ
་བསྟན་པ་སྟེ། འབྲོག་དགོན་པ་ནི་འཁོར་བའི་དཔེའོ། །གྲོང་དང་གྲོང་ཁྱེར་ལ་སོགས་པ་ནི་མྱ་ངན་ལས་འདས་པའི་དཔེར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཤཱ་རདྭཱ་ཏིའི་བུ་ཁྱོད་ཀྱིས་ད་དུང་ཡང
་སངས་རྒྱས་ཀྱི་མཐུས་སྤོབས་པ་སྐྱེད་ཅིག་ཅེས་བྱ་བ་ནི་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། དཔེ་སྔ་མ་བསྟན་པ་ཡང་སངས་རྒྱས་ཀྱི་མཐུས་བསྟན་ཏེ། ལེགས་སོ་ཞེས་བསྟོད་ནས་དཔེ་ཕྱི་མ་ཡང་སངས་རྒྱས་ཀྱི་མཐུས་སྟོན་ཅིག་ཅེས་བཀའ་སྩལ་པའོ། །གསོལ
་པ་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་རྒྱ་མཚོ་མཆིང་ནམ་ཆེན་པོ་བལྟ་བར་འཚལ་ནས་ཞེས་བྱ་བ་ནས། ཐོས་ནས་ཀྱང་གཟུང་དུ་ཡོད། བཅང་དུ་ཡོད་ན་བཀླག་ཏུ་ཡོད། ཀུན་ཆུབ་པར་བྱར་ཡོད། ཚུལ་བཞིན་དུ་ཡིད་ལ་བྱར་ཡོད་དོ་ཞེས་བགྱི་བར་རིག་པར
་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡིད་ཆེས་ཤིང་ནན་ཏན་དུ་བྱེད་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་སུམ་དུ་ལུང་མ་བསྟན་དུ་ཟིན་ཀྱང། ལུང་བསྟན་པ་དང་ཉེ་བར་གྱུར་པའི་དཔེ་རྒྱ་མཚོ་ཆེན་པོར?་གོ?
་སུམ་དུ་མ་མཐོང་དུ་ཟིན་ཀྱང། རྒྱ་མཚོ་དང་ཉེ་བར་གྱུར་པའི་ལྟས་དང་མཚན་མ་རྣམས་མཐོང་བས། རིང་པོ་མི་ཐོགས་པར་རྒྱ་མཚོ་མཐོང་བར་འགྱུར་བས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དཔྱིད་ཀྱི་དུས་ལ་བབ་སྟེ། རྩི
་ཤིང་གི་ལོ་མ་དང་འདབ་མ་ལྷགས་ནས། ཁ་དོག་འགྱུར་བའི་ཚེ་ཞེས་བྱ་བ་ནས་སྔོན་གྱི་དགེ་བའི་རྩ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏེ། ཞེས་བགྱི་བར་འཆལ་བར་བགྱིའོ། ཞེས་བྱ་བའི་བར་གྱིས་ནི། དབྱེད་ཀྱི་དུས་ནི་རྩ་ཤིང
་གི་ལོ་མ་རྙིང་པ་ལྷགས་ཤིང། ལོ་མ་དང་མེ་ཏོག་དང་འབྲས་བུ་གསར་པ་བྱུང་བའི་སྔ་ལྟས་རྩི་ཤིང་གི་ཁ་དོག་འགྱུར་ཞིང་ཁ་འབུ་བ་མཐང?་ནས། རིང་པོ་མི་ཐོགས་པར་ལོ་མ་དང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པར་རིག་པར་འགྱུར་ཞིང་དགའ་བ་དང།
་ཉམས་བདེ་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟ་ཞིང་མཉན་པ་ལ་སོགས་པའི་སྒོ་ནས་སླད་དུ་ཡོད་བ་ཉིད་སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་སྨིན?་ཅིང། བླ་ན་མེད་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའི
་ལྟས་ཡིན་པས་རིག་པར་བྱའོ། ཞེས་བསྟན་པའོ། །དེ་ན་ལྷའི་བུ་སྔོན་སངས་རྒྱས་མཐོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ཞེས་བྱ་བ་ནས། དགའ་ཞིང་སྤྲེ་ལ་ཡོད?་དེ་བདེ་ཞིང་ཉམས་བདེ་བར་འགྱུར་རོ་ཞེས་བ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའི་ལྟས་གོང་དུ་བཤད་པར་འཁོར་རྣམས་ཀྱི་ཡིད་ཆེས་པར་བྱ་བའི་ཕྱིར་ལྷའི་བུ་རྣམས་དབང་དུ་གྱུར་པ་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་བུད་མེད་སྦྲུམ?་མ་ནི་ཞེས་བྱ་བ
་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བར་རིག་པར་བགྱིའོ། ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་ནས་ཉམས་སུ་ལེན་པ་ནི་སྔོན་དགེ་བའི་རྩ་བ་བསྐྱེད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང། ལེགས་པར་སྤྱད་པ་དང། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང། དགེ་བའི་རྩ་བ་ཡོངས་སུ
་སྨིན་པ་སྟེ། དེ་དག་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ནས། ཆོས་ཀྱི་སྐུའི་འབྲས་བུ་ཐོབ་པར་འགྱུར་བའི་དཔེ་བུད་མེད་སྦྲུམ་མས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་ལེགས་སོ་ལེགས་སོ། །ཤཱ་རདྭཱ་ཏིའི་བུ
་ཁྱོད་ཀྱིས་སྤོབས་པ་དེ་ནི་སངས་རྒྱས་ཀྱི་མཐུས་སྐྱེས་སོ། ཞེས་བྱ་བ་ནི། ཤཱ་རིའི་བུས་དཔེ་དང་དོན་གོང་དུ་བཤད་པ་དེ་ཉིད་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་ལེགས་སོ་ཞེས་བསྟོད་ནས། དེ་ལྟར་དཔེ་དང་དོན་དུ་ལྡན་པར་སྟོན་ནུས་པ་དེ་ཡང། དེ་བཞིན
་གཤེགས་པའི་མཐུ་དང་བྱིན་གྱིས་བརླབས་པ་ཡིན་ནོ། ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
་རྒྱས་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་ལྟར་ལེགས་པར་ཡོངས་སུ་བསྟན་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མྱུང་དུ་བླ་ན་མེད་པའི་བྱང་ཆུབ
་ཏུ་ལུང་བསྟན་པར་གྱུར་པའི་ཡོན་ཏན་ཐོབ་པར་འགྱུར་བ་དབེ་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏེ། སྤྲོ་བ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྨན་ཡོན་ཆེན་པོ་བཏགས་སོ་ཞེས་བསྟོང་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར
་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐྱེ་བོ་མར་པོ་ལ་ཕན་པ་དང་ཞེས་བྱ་བ་ནས། བདག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ལ། གཞན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུ་ལོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ
་བྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་ཅན་མང་པོའི་དོན་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དང། བདག་ཀྱང་བསམ་གཉན་བཞི་ལ་སོགས་པ་ཆོས་ཀྱི་འཁོར
་ལོ་བསྐོར་བ་ལ་ཐུག་གི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་ལ་སྤྱོད་ལ། སེམས་ཅན་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་དེ་དག་ལ་བསྐུལ་ཞིང་རབ་ཏུ་འགོད་པར་བྱེད་དེ། དེ་ལྟར་བདག་དང
་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པ་སྤྲོ་བ་བསྐྱེད་ཅིང་ཕན་བཏགས་སོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ནས། བདེ་བར་གཤེགས་པ་ངོ་མཚར་ཏོ། །ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་བདག་གི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་མང་པོ་དང་ལྡན་པར་བགྱིད་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལགས
་ཏེ། དེ་ཡང་ངོ་མཚར་ཆེའོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི
་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་དུ་ལུང་བསྟན་པར་འགྱུར་པའི་ཡོན་ཏན་བསྟན་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར
་མ་བྱས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་ཇི་ལྟར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་པ་འགྱུར་བའི་ཐབས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་འཕེལ་བ་དང་འགྲིབ་པ་ཡོད་པར་མི་བལྟ་ཞིང་རྣམ
་པར་མི་རྟོག་པར་གྱུར་ན། དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཞེས་བྱ་བར་ཡང་དག
་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་ཡང་དག་བར་རྫེས་སུ་མི་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཀྱང་ནམ
་ཆོས་དང། ཆོས་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དུ་དངོས་པོ་ཡོད་པར་མི་ལྟ་ཞིང་རྣམ་པར་མི་རྟོག་པར་གྱུར་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བསྟན་པའོ། །དེ་ཅེའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་རྣམས
་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་དང། ཞེས་བྱ་བ་ལ་སོགས་པས་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པར་རྗེས་སུ་མི་མཐོང་ཞིང་རྣམ་པར་མི་རྟོགས་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་དང་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་སྤྱིའི
་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཕྱིར་མི་ལྡོག་པ་དང་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་མཚན་ཉིད་ཀྱི་རང་བཞིན་ཡོངས་སུ་དག་པ་དེ་མི་འགྱུར་བར་ཡོངས་སུ་གྲུབ་པའི
་མཚན་ཉིད་ཡིན་པས་ནམ་ཡང་འགྱུར་ཞིང་ལྡོག་པ་མེད་དོ། ཞེས་བསྟན་པའོ། །གསོབ?་དང་གསོ་བ་དང་སྙིང་པོ་མེད་པ་ཞེས་བྱ་བ་ནི། སྟོང་པའི་རྣམ་གྲངས་ཏེ། དེ་ལྟར་སྟོང་ཞིང་དངོས་པོ་མེད་པས། རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ནོ། ཞེས་བྱ
་བའི་དོན་ཏོ། །དབང་དུ་གྱུར་པ་དང་ཞེས་བྱ་བ་ནི། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་པ་དེ་ནི། རྒྱུ་དང་རྐྱེན་གཞན་གྱི་དབང་དུ་མི་འགྱུར་ཞིང་རང་བཞིན་ཐོབ་པ་ཡིན་པའི་ཕྱིར། མཚན་མར་བཟུང་ཞིང་རྣམ་པར་རྟག་ཏུ་མད་དོ། ཞེས་བྱ་བའི
་དོན་ཏོ། །བྱེད་པ་མེད་པ་དང་སྲོག་མེད་པའི་ཕྱིར་རོ། ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་རང་བཞིན་གྱིས་སྟོང་བས། མུ་སྟེགས་ཅན་གྱིས་བརྟགས་པའི་བྱེད་པ་པོ་དང་སྲོག་ལ་སོགས་པ་ལྟ་བུའི་དངོས་པོར་ཡང་ཡོད་པ་མ་ཡིན་པའི་ཕྱིར། རྣམ་པར་རྟོག་པའི
་སྤྱོད་ཡུལ་མ་ཡིན་ནོ། ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་བསྟན་ཏོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས། གང་ལ་ཡང་དངོས་པོར་མི་ལྟ་ཞིང་རྣམ་པར་མི་རྟོག
་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པ་དེ་ཟབ་སྟེ། སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་བོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་བསམ་གྱིས
་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ
་མེད་པས། སེམས་ཀྱི་བསམ་ཞིང་རྣམ་པར་བརྟག་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལྟར་རྟོགས་ཤིང་སྒོམ་ནས་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམS
་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས
་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། སེམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། བསམ་གྱིས་མི
་ཁྱབ་བོ་སྙམ་དུ་སེམས་པའི་འདུ་ཤེས་ཙམ་ཞིག་བྱུང་ན་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་མི་ཆུད་ཀྱི། དེ་ལྟ་བུའི་འདུ་ཤེས་དང་རྟོག་པ་ཕྲ་མོ་ཡང་མེད་ན། གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་ཆུད་དོ
་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སུ་ཞིག་མོས་པར་འགྱུར་ཞེས་བྱ་བ་ནི། ད་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བརྟག་པ་དང། བསམ་པའི་སྤྱོད་ཡུལ་མ་ཡིན་པ
་དེ་ལྟ་བུ་ལ་དད་ཅིང་ཡིད་ཆེས་ནས། སྤྱོད་པར་འགྱུར་བ་སུ་མཆིས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་གྱིས། སྔོན་མ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ། དགེ་བའི་རྩ་བ་ཆེར་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རྣམས། སྔོན་གྱི་དགེ་བའི
་འཕྲོ་ཡོད་ཅིང་སྣོད་དུ་གྱུར་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་ཡིད་ཆེས་ནས། སྤྱོད་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་དྲུག་ལ
་སྤྱད་པ་དང། ཞེས་བྱ་བ་ལ་སོགས་པས། ཇི་ཙམ་གྱིས་ན་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང། དགེ་བའི་རྩ་བ་བསྐྱེད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་ཆུད?
་པའི་ཚད་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནས། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་གྱིས་ནི། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང། དགེ་བའི་རྩ་བ་བསྐྱེད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ
་བཟུང་བའི་ཚད་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་གྱུར་བ་ཉིད། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་དང། དགེ་བའི་རྩ་བ་བསྐྱེད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང།
་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་རྟགས་དང་མཚན་མ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་སུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའི་གཟུགས་སྤྱིར་རྣམ་པར་མི་རྟོག་པ་ལ་བྱའོ། །གཟུགས
་ཀྱི་མཚན་མར་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི། གཟུགས་ཀྱི་མཚན་ཉིད་གཟུགས་སྤྱོད་པ་ལ་རྣམ་པར་མི་རྟོག་པ་ལ་བྱའོ། །གཟུགས་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི། གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཡང་རྣམ་པར་མི
་རྟོག་གོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས
་བསམ་གྱིས་མི་ཁྱབ་བོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་བོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་མི་རྟོག་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་བའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། རང་བཞིན
་གྱིས་སྟོང་པས་རྣམ་པར་བརྟག་ཅིང་བསམ་པའི་སྤྱོད་ཡུལ་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང། དགེ་བའི་རྩ
་བ་བསྐྱེད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི། གོང་དུ་ཇི་ཙམ་གྱིས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལ་སོགས་པ་ལགས་ཞེས་ཞུས་པའི་ལན་མཇུག་བསྡུས་ཏེ་བསྟན་པའོ།།
་རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ལ་བསམ་གྱིས་མི་ཁྱབ་པ་ཡིན་པས་སུས་ཀྱན་རྟོགས
་པར་མི་ནུས་པའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཟབ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཟབ་བོ?་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་བས། རྣམ་པར་རྟོག་པ་དང་བསམ་པའི་སྤྱོད་ཡུལ་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་ཐ་མི་དད
་པའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་ཕུང་པོ་སྟེ། ཆོས་རིན་པོ་ཆེའི་ཕུང་པོ་རྣམས་སྒྲུབ་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་གོང་དུ་བཤད་པའི་རིམ་པས།།
་དོན་དམ་པར་དངོས་པོ་མེད་དེ། བསམ་གྱིས་མི་ཁྱབ་ཅིང་ཟབ་ཀྱང་ཀུན་རྫོབ་ཏུ་དགེ་བ་བཅུ་ལ་སོགས་པའི་ཆོས་རིན་པོ་ཆེ་རྣམས་སྒྲུབ་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང
་བ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་སྒྲུབ་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པའོ་ཞེས་བྱ་བའི་བར་གྱིས་ནི། ཆོས་རིན་པོ་ཆེ་ཞེས་བྱ་བ་གང་དང་གང་ཡིན་པའི་དམིགས་པ་བསྟན་པ་སྟེ། དགེ་བ
་བཅུའི་ལས་ཀྱི་ལམ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་རྣམ་པར་བྱང་བའི་ཆོས་དཀོན་ཞིང་རྙེད་པར་དཀའ་བ་རྣམས་བསྒྲུབ་ཅིང་རྙེད་པར་བྱེད་པའི་རྒྱ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིན་པོ་ཆེ་དང་འདྲ་བར་དཀོན་ཞིང
་རྙེད་པར་དཀའ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་བརྟེན་ཏེ་འབྱུང་བས་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་གཟུགས་དག་པ་དང། ཚོར་བ་དག་པ་དང། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི
་དག་པའི་ཕུང་པོའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང་ཡོངས་སུ་དག་པའི་རང་བཞིན་ཡིན་པའི་ཕྱིར་དག་པའི་ཕུང་པོ་ཡིན་ནོ་ཞེས་བསྟན་པ་སྟེ། དག་པའི
་ཕུང་པོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་མང་པོ་རྣམས་དག་པར་འདུས་པའི་ཕྱིར་ཕུང་པོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལྟ་བུ་བསྟན་བའི་ཚེ་བར་ཆད་དུ་མི་འགྱུར་བ་ནི་པས?་ཚར་ཆེའོ་ཞེས
་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པ་འཁོར་རྣམས་ལ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱི་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །
་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བར་ཆད་མང་དུ་འབྱུང་སྟེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་བར་ཆད་མང་དུ་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་ན་ཡིད་བཞིན་གྱི
་ནོར་བུ་རིན་པོ་ཆེ་བཙལ་ཞིང་སྒྲུབ་པ་ལ། བགེགས་དང་བར་ཆད་མང་པོ་འབྱུང་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རིན་པོ་ཆེ་སྤྱད་པ་ལ་ཡང་བདུད་ལ་སོགས་པའི་བར་ཆད་འབྱུང་ཡང་སྲིད་ཀྱིས། བྲི་བ་དང་བཀླག་པ་དང། བསྟན་པ་དང།
་ཚུལ་བཞིན་དུ་ཡིད་ལ་བྱ་བ་དང། བསྒོམ་པ་ཟླ་གྲངས་དང་ལོ་གྲངས་ཙམ་གྱིས་ཟིན་པར་བྱ་བར་ཡི་དམ་བཅས་ཤིང། ཁས་འཆེས་པ་དེ་བཞིན་དུ་བར་ཆད་དུ་མི་འགྱུར་བར་བྲི་བ་དང་བཀླག་པ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་མི་བྲི་བ་དང། མི་བཀླག་པ་དང། མི་བསྟན་པ་དང། ཁ་ཏོན་མི་བྱེད་པ་དང། ཡིད་ལ་མི་བགྱིད་པ་དང། མི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་ཆན་དག་བར་ཆད་མི་བགྱིད་པ་ངོ་མཚར་ཆེའོ་ཞེས་བྱ་བ་ནི། བདུད
་ཀྱིས་བར་ཆད་བྱི་མ་ནུས་པ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་བར་ཆད་བྱ་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ནན་ཏན
་བྱེད་པ་ལ། བདུད་སྡིག་ཅན་བར་ཆད་མི་བྱད་པ་ཡང་མ་ཡིན་མོད་ཀྱི་བར་ཆད་བྱེད་པར་བྱས་ཀྱང་བར་ཆད་བྱ་མི་ནུས་པའི་མཐུ་དང་ལྡན་པའི་ཡོན་ཏན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས
་བྱ་བ་ནས། བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ལ་སངས་རྒྱས་བཅོམ་ལྡན་འདས་བྱིན་གྱིས་རློབ་ཅིང་མཐུ་གཏོང་བས། བདུད་གྱིས་བར་ཆད་བྱ་མི་ནུས་པའི
་ཡོན་ཏན་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་ཕྱོགས་བཅུ་ཀུན་གྱིས་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ནི་མཐུས་ཀྱང་ཞེས་བྱ་བ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་དོ།།
་བསྒོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས། ཤཱ་ཀྱ་ཐུབ་པ་ཉག་གཅིག་བདུད་ཀྱི་བར་ཆད་བྱ་མི་ནུས་པར་བྱིན་གྱིས་རློབ་ཅིང་མཐུ
་གཏོད་བར་མཛད་པར་མ་ཟད་ཀྱི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང། བདུད་ཀྱི་བར་ཆད་བྱ་མི་ནུས་པར་བྱིན་གྱིས་རློབ་ཅིང་མཐུ་གཏོང་བའི་ཡོན་ཏན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སུ་ཡང?་རུང?
་སྟེ་ཞེས་བྱ་བ་ནས། དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་གཟུངས་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། འཁོར་གྱི་ནང་ན་སེམས་ཅན་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སངས་རྒྱས་བཅོམ
་ལྡན་འདས་རྣམས་བྱིན་གྱིས་རློབ་ཅིང། དེ་ལྟར་མཐུ་གཏོང་ན། མ་འོངས་པའི་དུས་ཀྱི་སེམས་ཅན་ཕལ་པའི་ནང་ནས་གང་སུ་ཡང་རུང་བ་དག་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ན། དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་བྱིན་གྱིས
་རློབ་ཅིང་མཐུ་གཏོད་དམ། མི་གཏོང་སྙམ་དུ་ཐེ?་ཚོམ་ཟ་བ་བསལ་བའི་ཕྱིར། མ་འོངས་པའི་དུས་ཀྱི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ན། དེ་དག་ཐམས་ཅད་ལ་ཡང་སངས་རྒྱས་བཅོམ
་ལྡན་འདས་རྣམས་བྱིན་གྱིས་རློབ་ཅིང་མཐུ་གཏོང་ངོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་ཤེས་བྱ་བ་ནས། འདི་ལྟར་བདག་ཅག་ནི་བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། མ་འོངས་པའི་དུས་ཀྱི་སེམས་ཅན་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྦྱོང་བ་ཞིག་ཡོད་ན། དེ་དག་ཐམས་ཅད་ཀྱང་ཕྱོགས
་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་སུམ་དུ་གཟིགས་ཤིང་ཐུགས་སུ་ཆུད་པར་འགྱུར་བའི་ཡོན་ཏན་བསྟན་པའོ། །ཤཱ་རདྭཱ་རིའི་བུ་གང་ཡང་བྱང་ཆུབ་སེམས་དཔའ་ཐེག་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བ་དེ་དག་ཀྱང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། ནམ་ཡང་བྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཀློག་པ་དང། སྟོན་པ་དང། ཁ
་ཏོན་དུ་བྱ་བ་དང། ཚུལ་བཞིན་ཡིད་ལ་བྱ་བ་དང། སྒོམ་མི་ནུས་པ་དག་གིས་བྲིས་ཤིང་གླེགས་བམ་དུ་བྱས་ནས་བཅངས་ཏེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་བཀུར་སྟེ་བྱས་པ་ཙམ་གྱི་དགེ་བའི་རྩ་བས་ཀྱང་ཕྱིར་མི་ལྡོག་པའི་ས་ནོན་གྱི་བར་དུ།
་ངན་སོང་དུ་མི་སྐྱེ་བ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་དང། ནམ་ཡན་བྲལ་བར་མི་འགྱུར་བའི་ཕན་ཡོན་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ
་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་དང་བྲལ་བར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར
་འགྱུར་ཏེ་ཞེས་བྱ་བ་ནས། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལ་འདའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ཀྱི་འོག་ཏུ་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ས
་ཕྱོགས་ནས། ལྷོ་ཕྱོགས་ཡུལ་རྒྱུད་ཨོཏྟརའི་ཡུལ་དང་སིང་ག་ལའི་ཡུལ་ལ་སོགས་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པར་འགྱུར་བ་འདི་ངན་སོང་དུ་མི་ལྟུང་བ་དང། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་གི
་གོང་ནས་གོང་དུ་འཕར་ཞིང་མངོན་པར་འཕགས་པར་འགྱུར་བ་དང། ཐེག་པ་གསུམ་གྱིས་མཐར་གྱིས་ཉོན་མོངས་པ་སྤངས་ནས། མྱ་ངན་ལས་འདའ་བར་འགྱུར་བའི་ཕན་ཡོན་དང་བཅས་པར་བསྟན་པ་སྟེ། དེ་ལྟར་བསྟན་པ་ཡང་ཡུལ་དེ་ཕྱོགས་ན།
་སྔོན་དགེ་བའི་རྩ་བ་བསྐྲུན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་སྐལ་བ་དང་ལྡན་པ་མང་བ་བསྟན་པའི་ཕྱིར་རོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་བར་ཏ་ནི་ན་སྤྱོད་པར
་འགྱུར་ཏེ་ཞེས་བྱ་བ་ནས་ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་སུ་དར་བ་ལས་ནུབ་ནས། ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་བར་རྒྱ་གར
་ཡུལ་གྱི་དབུས་ན་སྤྱོད་པར་འགྱུར་བ་ཕན་ཡོན་དང་བཅས་པར་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡུལ་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ་ཞེས་བྱ་བ་ནས། ཐེག་པ་གསུམ་པོར་རིམ་གྱིས
་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་ཆེན་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་རྒྱས་པའི་ས་ཕྱོགས་ནས། བྱང་ཕྱོགས་ལོགས་ཀྱི་ཡུལ་ཕྱོགས་ན་སྤྱོད་ཅིང་དར་བར་འགྱུར་བ་ཕན་ཡོན་དང་བཅས་པར་བསྟན་པ
་སྟེ། བྱང་ཕྱོགས་ཀྱི་རྒྱུད་ཅེས་བྱ་བ་ཡང་བོད་ཡུལ་ཡན?་ཆད། ཨཽ་ཌི་ཡ་ནའི་ཡུལ་དང་ཁ་ཆེའི་ཡུལ་མན་ཆད་ལ་བྱའོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ན་ཕྱི་མའི་དུས་ཕྱི་མའི་ཆེ་ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་བྱང
་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ། དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དར་བར་འགྱུར་ཏེ། དེ་ལ
་སྤྱོད་སྤྱོད་པ་རྣམས་ནམ་ཡང་ངན་སོང་དུ་མི་ལྟུང་བ་དང། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་ནས། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར། སངས་རྒྱས
་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་མྱ་ངན་འདས་པའི་འོག་ཏུ་ལོ་ལྔ་སྟོང་གི་བར་དུ་དམ་པའི་ཆོས་གནས་པར་འགྱུར་ཏེ། ལོ་ལྔ་སྟོང་ལ་ལོ་ལྔ་བརྒྱ་ཕྲག་བཅུ་ཡོད་དེ། དེ
་ལ་ལྔ་བརྒྱ་དང་པོ་ལ་དམ་པའི་ཆོས་སྤྱོད་པ་རྣམས་ཕར་ཆེར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གཉིས་པ་ལ་ཕལ་ཆེར་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གསུམ་པ་ལ་ལན་ཅིག་ཕྱིར་འོང་བ་དང། རྒྱུན་ཏུ་ཞུགས་པའི
་འབྲས་བུ་ཐོབ་པར་འགྱུར་བ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཆོས་རྟོགས་ཤིང་འབྲས་བུ་ཐོབ་པ་མང་བའི་ཚིག་ཞེས་བྱའོ། །ལྔ་བརྒྱ་བཞི་པ་ལ་ནི་ལྷག་མཐོང་ཤས་ཆེ་ཞིང་ཤེས་རབ་རྣོ་བ་མང་ངོ། །ལྔ་བརྒྱ་ལྔ་པ་ལ་ཞི་གནས་ཤས་ཆེ
་སྟེ། ཏིང?་ངེ་འཛིན་སྒོམ་པ་མང་ངོ། །ལྔ་བརྒྱ་དྲུག་པ་མ་ནི་ཚུལ་ཁྲིམས་དང་ལྡན་པ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི། ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཚུལ་ཁྲིམས་དང་ལྡན་པ་མང་བས་སྒྲུབ་པ་དང་ལྡན་པའི་ཆིག་ཞེས་བྱའོ།
་ལྔ་བརྒྱ་བདུན་པ་ལ་ཆོས་མངོན་པ་དར་བར་འགྱུར། ལྔ་བརྒྱ་བརྒྱད་པ་ལ་མདོ་སྡེ་དར་བར་འགྱུར། ལྔ་བརྒྱ་དགུ་པ་ལ་འདུལ་བ་དར་བར་འགྱུར་ཏེ། ལྔ་བརྒྱ་ཕྲག?་གསུམ་པོ་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་སྡེ་སྙོད?
་གསུམ་ལ་བརྟེན་ཅིང། ལུང་ལ་སྤྱོད་པ་མང་བས་ལུང་གི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བཅུ་པ་ལ་སྡི་སྣོད་གསུམ་ཡང་བཙན་པར་མི་བྱེད། ཆོས་སྤྱོད་པ་རྣམས་ཀྱང་གཞུང་ལས་འབྱུང་བ་བཞིན་དུ་ལེགས་པར་ཉམས་འོག་ཏུ་མི་ཆུ་དེ། མཚན་མ་ཙམ
་ཞིག་ཡོད་པ་མད་བས། མཚན་མཙམ་གྱིས་ཚིགས་ཞེས་བྱ་སྟེ། དེ་ལ་ལྔ་བརྒྱ་ཕྲག་བཅུའི་ཐ་མ་འདི་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་རིའི་བུ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པའོ་ཞེས་བྱ་བ་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་བའི་གཏན་ཚིགS
་བསྟན་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ནི། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་མཛད་པ་དང། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་མཛད་པར་དགོངས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདི་བྲིས་ཤིང་བཅངས་པ་དང། བཀླགས་ཤིང་ཀུན་ཆུབ་པར་བྱས་པ་ལ་སོགས་པའི་དགེ་བའི་རྩ་བས་ཀྱང། ངན་སོང་དུ་མི་ལྟུང་ཞིང། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་བ་དང། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས
་འདའ་བར་འགྱུར་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཛད་ཅིང་དགོངས་པ་མཐུན་པའི་ཕྱིར། སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་ཆོས་དང་བསྡུལ་བ་རྒུད་པར་གྱུར་བའི་ཚེ། དམ་བཱི་ཆོས་རྣུབ་པར་མི
་འགྱུར་ཏེ། ཆོས་དེ་ཡང་གང་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ་ཞེས་བྱ་བས་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་དང་འདུལ་བ་འདྲི་ཞིང་ཀློག་པ་ལ་སོགས་པའི་སྒོ་ནས། སྤྱོད་ཅིང་ཉམས་སུ་ལེན་པ་ཉུང་སྟེ་།རྒུང་ཅིང་ཉམས་པར་གྱུར་པའི་མེ?
་ལྷོ་ཕྱོགས་དང་བྱང་ཕྱོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། འཆང་བ་དང། ཀློག་པ་ལ་སོགས་པའི་སྒོ་ནས་སྤྱོད་པ་མང་སྟེ་ནུབ་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཤཱ་ར་དྭཱ་ཏིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཟབ་མོ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ལ་ནི་ངས་དགོངས་སོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་གྱི་དེ་བཞིན་གཤེགས་པ་དགྲ
་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སངས་རྒྱས་གྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ
་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ་བསྟོད་དོ། །བསྔགས་སོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་འདི་ལ་སྤྱོད་ཅིང་ནན་ཏན་བྱེད་པ་དང། སྤྱོད་ཅིང་ནན་ཏན་བྱེད་མི་ནུས་ན་ཡང། བྲིས་ནས་གླེགས་བམ་དུ་བཅངས་ཏེ་མཆོད་ཅིང་བཀུར་སྟི་བྱེད་ན་ཡང། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཤིང་གཟིགས་པར་འགྱུར་བ་དང། ངན་སོང
་དུ་མི་ལྟུང་བ་དང། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་བ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པར་གྱུར་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་བ་དང། ཐེག་པ་གསུཾ་གྱིS་ཡོངས་སུ་མྱར?
་ལྭ?་འདས་པར་གྱུར་བའི་ཕན་ཡོན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ་ཞེས་བྱ་བ་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མའི་ཚེ། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་རྣམས། སྔོན་ཐེག་པ་ཆེན་པོ་ལ་སྤྱོད་པའི་འཕྲོ་ཡོད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང། དགེ་བའི་རྩ་བ་བསྐྱེད་པ་རྣམས་སྤྱོད་པར་འགྱུར་གྱི། གཞན་དེ་ལྟར་སྤྱོད་པར་མི་འགྱུར་བ་བསྟན
་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རདྭཱ་ཏིའི་བུས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང། དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ་ཞེས་བྱ
་བའི་བར་གྱིས་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་བབ་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དཀོན་ཏེ། སྔོན་ཐེག་པ་ཆེན་པོ་ལ་སྤྱོད་སྤྱོད་པའི་ལ་ཀྱི་འཕྲོ་ཡོད་པ་དང། སྔོན་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ
་བཟུང་བ་དང། དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་ཅིང་མོས་ནས། ཉན་པ་དང་འདྲི་བ་དང་འཆང་བ་དང། ཀློག་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང། དེ་བཞིན་ཉིད་དུ་ནན་ཏན་བྱེད་པར་འགྱུར་ཏེ། སྔོན་གྱི་ལས་ཀྱི
་འཕྲོ་མེད་པ་རྣམས། དེ་ལྟར་སྤྱོད་པར་འགྱུར་བ་དཀོན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས། མོས་པར་བགྱིད་པ་དང་མོས་པར་བགྱིས་ནས་འདྲི་ཞིང་འཛིན་པ་དང། འཆང་ཞིང་ཀློག་པ་དང། ཀུན་ཆུབ་པར་བགྱིད་ཅིང་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་པ་དེ་ལྟ་བུ་ཇི་སྙེད་ཅིག
་འབྱུང་བར་འགྱུར་ཞེས་བྱ་བ་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིམ་པ་ཟབ་མོ་འདི་ལ་ཉན་ཅིང་མོས་པར་བྱེད་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་ནང་ན་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་བསྟན་པའི་ཚེ། སེམས་ཞུམ་པར་མི
་འགྱུར་བ་དང། སྐྲག་པར་མི་འགྱུར་བ་དཀོན་ཞིང་ཉུང་བ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རདྭཱ་ཏིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས། མི་འཇུམ་ཡོངས་སུ་མི་འཇུམ། མི་འཇིགས་མི་དངང?་སྐྲག་པར་མི་འགྱུར་བ་དེ་ལྟ་བུ
་ནི་མི་མང་ངོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མའི་ཚེ། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་ཞུགས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་ཞིང་ཀློག་པ་ལ་སོགས་པ་ཙམ་གྱིས་སྒོ་ནས། སྤྱོད་ཅིང་མོས་པ་ནི་མང་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་དོན་ཟབ་མོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཐོས་ནས། སེམས་ཞུམ་པར་མི་འགྱུར་བ་དང། འཇིགས་ཤིང་སྐྲག་པར་མི་འགྱུར་བ་དེ་ལྟ་བུ་ཉུང་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ
་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་རྗེས་སུ་འབྲངས་པ་དང། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ཡོངས་སུ་ཞུས་ཡོངས་སུ་དྲིས་པའི་ཕྱིར་རོ་ཞེས་བྱ
་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ན། སེམས་ཞུམ་པར་མི་འགྱུར་བ་དང་འཇིགས་ཤིང་སྐྲག་པར་མི་འགྱུར་བ་ཉུང་བའི་གཏན་ཚིགས་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྟན་པའི་ཚེ། སེམས་ཞུམ་པར་མི
་འགྱུར་བ་དང། འཇིགས་ཤིང་སྐྲག་པར་མི་འགྱུར་བ་དང། སྔོན་དེ་བཞིན་གཤེགས་པ་མང་པོའི་ཞབས་འབྲིང་ན་འདུག་ཅིང་བསྙེན་བཀུར་བྱེད་བྱེད་པ་དང། དེ་བཞིན་གཤེགས་པ་མང་པོ་ལ་ཆོས་ཟབ་མོའི་དོན་ཞུས་ཤིང་ཐེ་ཚོམ་མེད་པར་གྱུར་པ་རྣམས། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ནས། སེམས་ཞུམ་པར་མི་འགྱུར་བ་དང་འཇིགས་ཤིང་སྐྲག་པར་མི་འགྱུར་ཏེ། དེའི་ཕྱིར་དེ་ལྟ་བུ་དག་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ན་མི་འཇིགས་མི་སྐྲག་པ་ཉུང
་བའི་གཏན་ཚིགས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ན། མི་འཇིགས་མི་སྐྲག་པའི་ཕན་ཡོན་བསྟན་པ་སྟེ། ཤེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཟབ་མོ་དེ་ལྟ་བུ་བསྟན་པའི་ཚེ། སེམས་ཞུམ་པར་མི་འགྱུར་བ་དང། འཇིགས་ཤིང་སྐྲག
་པར་མི་འགྱུར་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི། ཕྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པ་ལ་ཐུག་གི་བར་དུ། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་རྫོས་པར་འགྱུར་ཏེ། དེ་ལྟ་བུའི་ཕན་ཡོན
་ཆེན་པོ་ཅན་ནི། དཀོན་ཞིང་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །ཤཱ་ར་དྭཱ་ཏིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བས་ཉེ་བར་བསྟན་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་ཡང། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ
་མོ་འདི་ལ་དད་ཅིང་སྤྱོད་པ་རྣམས། ཚེ་འདི་ལ་ཕན་ཡོན་ཅི་འབྱུང་བ་དང། ཚེ་རབས་སྔ་མ་ལ་ཡོན་ཏན་ཅི་བསགས་པ་དང། ཚེ་རབས་ཕྱི་མ་ལ་ཕན་ཡོན་ཅི་འབྱུང་བ་རྣམས་བསྟན་པ་སྟེ། དགེ་བའི་རྩ་བས་ཉེ་བར་བསྟན་པར་འགྱུར་ཏེ། ཞེས་བྱ་བ་ནི་ཚེ
་རབས་སྔ་མ་ལ་དགེ་བའི་རྩ་བ་བསྐྱེད་པའི་རྒྱུས་ཚེ་འདི་ལ་བདག་གི་དོན་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བསྟན་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བས་ནི། ཚེ་འདི་དང་ཕྱི་མའི་གཉིས
་ཀ་ལ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་ནུས་པའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤཱ་ར་དྭཱ་ཏིའི་བུ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི། ངས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ། །འདས་པའི་དུས་ན་དེ
་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏུམ་བརྗོད་དེ་ཞེས
་བྱ་བ་ནས། ཚེ་རབས་སྔ་མ་ལ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའི་ཡོན་ཏན་བསྟན་པའོ། །དེ་དག་ཚེ་འདས་ཀྱང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཉིད་དུ་གྱུར་ཏོ་ཞེས་བྱ་བས་ནི་ཚེ་རབས་ཕྱི་མ་ལ་བདག་གི་དོན་ཕུན་སུམ
་ཚོགས་པ་བྱེད་ནུས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་དག་གཞན་ལ་ཡང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་རྣམ་པ་དེ་ལྟ་བུ་ཉིད་རྗོད་པར་འགྱུར་རོ་ཞེས་བྱ་བས་ནི་ཚེ་རབས་ཕྱི་མ་ལ་གཞན་གྱི་དོན་ཕུན་སུཾ་ཚོགས་པ་བྱེད་ནུས་པའི་ཕན
་ཡོན་བསྟན་པ་སྟེ། རྣམ་པ་དེ་ལྟ་བུ་ཉིད་རྗོད་པར་འགྱུར་རོ་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཤཱ་རདྭཱ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཉམ་པར་བཞག་པར་འགྱུར་ཏེ་ཞེས་བྱ་བས་ནི། ཚེ་འདི་དང་ཕྱི་མ
་གཉིས་ཀ་ལ་འདོད་ཆགས་ལ་སོགས་པའི་ཡུལ་གྱི་དབང་དུ་མི་འགྱུར་བར། བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པའི་ཕན་ཡོན་བསྟན་པའོ། །དེ་དག་ནི་བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ལས་ཟློག་པར་མི་ནུས་ན་སྡིག་ཏོ་ལ་མོས་པ་དང། སྡིག་ཏོའི་སྤྱོད་པ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་བ་གཞན་གྱི་ལྟ་ཅི་སྨོས་ཞེས་བྱ་བས་ནི་བདུད་ལ་སོགས་པས་དགེ་བའི་བར་ཆད་བྱ་མི་ནུས་པའི་ཕན་ཡོན་བསྟན་པའོ། །
་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་དགའ་ཞིང་ཉམས་བདེ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ་ཞེས་བྱ་བས་ནི། ཆོས་ཟབ་མོ་རྟོགས་ནས
་དད་པ་ཆེན་པོ་སྐྱེ་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་དགོད་པར་འགྱུར་རོ་ཞེས་བྱ་བས་ནི། སེམས་ཅན་གཞན་ཡང་དམ་ཆོས་ལ་དད་པ་བསྐྱེད་ནུས
་པའི་ཕན་ཡོན་བསྟན་པའོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མདུན་དུ་འདི་སྐད་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ་ཞེས་བྱ་བའི་བར་གྱིས་ནི། ཚེ་རབས་སྔ་མ་ལ་དེ་བཞིན་གཤེགས་པའི་སྤྱན
་སྔར་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བར་ཡིད་དམ་བཅས་པའི་ཡོན་ཏན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག?་ནི་སེམས་ལ་སེམས་ཀྱིས་རྣམ་པར་བལྟས་ཏེ། ངས་རྗེས་སུ་དགྱོས་པ་མཛད་དོ
་ཞེས་བྱ་བས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བར་ཡིད་དམ་བཅས་ཤིང་ཁས་འཆེས་པ་ཇི་སྐད་སྨྲས་པ་བཞིན་དུ་བྱེད་ནུས་པར་དེ་བཞིན་གཤེགས་པས་ཐུགས་ཆེས་པའི་ཡོན་ཏན་བསྟན་པའོ། །ཤཱ་ར་དྭཱ་ཏིའི་བུ་འདས་པའི་དེ་བཞིན
་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཡང་ཞེས་བྱ་བ་ནས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི་སེམས་ལ་ཐུགས་ཀྱིས་རྣམ་པར་གཟིགས་ཏེ་རྗེས་སུ་དགྱེས་པ་མཛད་དོ་ཞེས་བྱ་བའི་བར
་གྱིས་ནི། ཚེ་རབས་སྔ་མ་ལ་འདས་པའི་སངས་རྒྱས་མང་པོའི་སྤྱན་སྔར་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཁས་འཆེས་བ་དང། དེ་ལྟར་ཁས་འཆེས་པ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་ཆེས་པའི་ཡོན་ཏན་བསྟན་པའོ། །ཤཱ
་རདྭཱ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་ལུང་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས། ཚེ་རབས་སྔ་མ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བར་ཡིད་དམ་བཅས་པ། ཚེ་འདི
་དང་ཚེ་རབས་ཕྱི་མ་ལ་གདོན་མི་ཟ་བར་དེ་བཞིན་དུ་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་མོས་པ་རླབས་པོ་ཆེར་འགྱུར་ཏེ་ཞེས་བྱ་བ་ནས། ཡང་དག་པར་དཀའ་བར་བྱེད་པར་འགྱུར་རོ
་ཞེས་བྱ་བའི་བར་གྱིས་ནི། འདོད་པའི་ཡོན་ཏན་ལྔ་ལ་མོས་པ་རླབས་པོ་ཆེ་མཆགས་པར་སྤྱོད་ཅིང་སྤྱིན་པ་ལ་སོགས་པའི་བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ནས། བདག་དང་སེམས་ཅན་གཉིས་ཀ་རྣམ་པར་སྨིན་པ་རླབས་ཆེན་པོ་དང་ལྡན་པར་བྱ་སྟེ
་སངས་རྒྱས་ཀྱི་ཞིང་གཞན་དག་ན། སངས་རྒྱས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་སྟོན་པ་ལས་མངོན་སུམ་དུ་ཆོས་མཉན་ཏེ། སངས་རྒྱས་ཀྱི་ཞིང་དང་ཡང་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་ནུས་པར་འགྱུར་བའི་ཕན་ཡོན
་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང་མ་འོངས་པ་དང་ང་ལྟར་བྱུང་བའི་ཆོས་རྣམས་ལས་ཆོས་གང་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་སོ་ཞེས་བྱ་བ
་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
་རྒྱས་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་རིམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་རྣམS
་ཚེ་རབས་སྔ་མ་ལ་དགེ་བ་ཅི་སྤྱད་པའི་ཡོན་ཏན་དང། ཚེ་འདི་དང་ཆེ་རབས་ཕྱི་མ་ལ་ཕན་ཡོན་ཅི་དང་ཅིར་འགྱུར་བ་རྣམས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཤཱ་རིའི་བུས་ཐོས་ནས་འཁོར་རྣམས་ཀྱང་ཡིད་ཆེས་ཤིང་དད་པ་བསྐྱེད་པའི་ཕྱིར།
་དེ་ལྟར་བཅོམ་ལྡན་འདས་ཀྱིས་དུས་གསུམ་གྱི་དངོས་པོ་ཐམས་ཅད་ཅིར་འགྱུར་བ་དང། ཅིར་འགྱུར་བ་མ་ལུས་བར་ཐུགས་སུ་ཆུད་པ་ངོ་མཚར་ཆེའོ་ཞེས་བསྟོད་པ་བསྟན་པའོ། །བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན
་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འཚོལ་བ་དང། ཡོངས་སུ་འཚོལ་བའི་ཚེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འཚོལ་བ་དང་ཡོངས་སུ་འཚོ་བ་ལས། ལ་ལས་ནི་བཙལ་བ་ལས་ཕ
་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐོབ་པར་འགྱུར་ལ་ལས་ནི་ཐོབ་པར་མི་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་རིམ་པས། སྔོན་དགེ་བ་སྤྱོད་སྤྱོད་པས། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ
་དང། འདྲི་བ་ལ་སོགས་པའི་སྒོ་ནས་སྤྱོད་ནུས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དཀོན་པ་བསྟན་པ། ཤཱ་རིའི་བུས་ཐོས་ནས། དེ་ལྟར་དཀོན་ན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཙལ་ཀྱང་རྙེད
་བར་མི་འགྱུར་གྱིས་སྔོན་དགེ་བའི་རྩ་བ་བསྐྱེད་བ་ཉི་ཚེ་ཞིག་གིས་རྙེད་བ་འགྱུར་བ་ལྟ་ཞིག་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་དེ་ནི་དེ་ལྟར་མ་ཡིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བརྩོན་འགྲུས་མི་གཏོང་བ་དེ
་དག་ཀུན་གྱིས་ཀྱང། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་རོ་ཞེས
་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་བར་བྱ་བའི་ཕྱིར། བརྩོན་འགུས?་ཆེན་པོ་བརྩམས་ཤིང་ཡིད་བསྲིངས་ཏེ་བཙལ་ན་ཚེ་འདི་ལ་གྲུབ་པར་མ་གྱུར་ན་ཡང་ཆེ་རབས་ཕྱི་མ་ཚུན་ཆད་གྱིས་བརྩོན་འགྲུས་མ་བཏང་ན་གྲུབ་པར་འགྱུར་རོ་ཞེས་བསྟན
་པའོ། གསོལ་པ་ཅི་ལགས་བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བོ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་ཀུན་ཀྱང་གྲུབ་པར་འགྱུར་མ། ཞེས་བྱ་བ་ནས། ཇི་སྐད་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི
་དག་ལས་བརྩོན་འགྲུས་ཉམས་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། བརྩོན་འགྲུས་ཆེན་པོ་མ་བཏད་ན། སྔོན་དགེ་བའི་རྩ་བ་མ་བསྐྱེད་ཅིང། ལས་ཀྱི་འཕྲོ་མེད་དུ་ཟིན་ཀྱང་མདོ་སྡེ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་རྣམས་གྲུབ་པར་མི་འགྱུར་མི་སྲིད
་དེ། ཚེ་རབས་འདི་ལ་མ་གྲུབ་ཀྱང་ཚེ་རབས་ཕྱི་མ་ཚུན་ཆོད་ཀྱིས་འགྲུབ་པར་འགྱུར་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་མདོ་སྡེ་ཟབ་མོ་འདིའི་དོན་བཙལ་བ་དང། སེམས་ཅན
་གྱི་དོན་ཕུན་སུམ་ཚོགས་བར་བྱ་བའི་བརྩོན་འགྲུས་ཉམས་པར་མི་བྱའོ་ཞེས་བསྟན་པའོ། །ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བརྒྱ་ཆེར་བཤད་པ་ལས། ལེའུ?་སུམ་ཅུ་གཅིག་པའོ།། །།ད་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན
་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་གོང་དུ་བཤད་པའི་རིམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་བཤད་པ་འདི་བདག་ཅག་གིས་འཇལ་ན། རིགས་ཀྱི་བུ་དང
་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ལ་བདུད་ཀྱིས་བར་ཆད་དུ་འགྱུར་བ་ཅི་དང་ཅི་མཆིས་པ་བཤད་དུ་གསོལ་ཞེས། བདུད་ཀྱི་ལས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར། རབ་འབྱོར་གྱིས་གསོལ་བ་སྟེ། དེ་ལ་བདུད་ཀྱི་ལས་ཞེས་བྱ
་བ་ཡང་ཁ་ཅིག་ནི་བདུད་ཉིད་ཀྱིས་བར་ཆད་བྱས་པའོ། །ཁ་ཅིག་ནི་ཆོས་འཆད་པ་དང་ཆོས་ཉན་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་སྐྱོན་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བར་ཆད་དུ་འགྱུར་བ་དེ་དག་ཀྱང་བདུད
་ཀྱི་ལས་དང་འདྲ་བའི་ཕྱིར་བདུད་ཀྱི་ལས་ཞེས་བྱའོ། །ཁ་ཅིག་ནི་ཆོས་འཆད་པ་དང་ཆོས་ཉན་པའི་མིའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པའི་སྐྱོན་ལས་བདུད་གླགས་བལྟ་ཞིང་བར་ཆད་བྱེད་པར་འགྱུར་བའི་ཕྱིར་ཡང་བདུད་ཀྱི་ལས་ཞེས་བྱ་སྟེ། སྐབས་དང་སྦྱར་ཞིང
་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་སྤོངས་པ་ཧ?་ཅང་འཕྱིས་ཏེ་སྐྱེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་ནི་ཆོས་འཆད་པའི་ཚེ། ཆོས་ཀྱི་མཁན་པོ་དོན་དང
་ཚིག་རྣམས་མྱུར་དུ་མི་དྲན་ཞིང་སྤོབས་བ་ཕུལ་བ་དང་ཆོས་ཉན་བས་ཐེ་ཚོམ་དྲིས་ན་ཡང། མྱུར་དུ་ལན་མི་ཐེབས་ཤིང་སྤོབས་པ་འཕྱིས་ཏེ་སྐྱེ་ན། དམ་པའི་ཆོས་བཤད་པའི་བར་ཆད་དུ་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་བར་བྱའོ་ཞེས་བསྟན་པའོ། །བཅོམ
་ལྡན་འདས་ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱིས་ཏེ་སྐྱེ་བར་འགྱུར་བ་དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི་ཞེས་བྱ་བས་ནི་སྤོབས་པ་ཧ་ཅང་ཡང་འབྱིས་ཏེ་སྐྱེ་པའི་རྒྱུ་ཅི་ལས་གྱུར་པ་དྲིས་པའོ། །བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ལ་སོགས་པས་ནི། ཕ་རོལ་ཏུ་ཕྱིན
་པ་དྲུག་ལ་སྤྱོད་པའི་ཚེ། མི་མཐུན་པའི་ཕྱོགས་དང་འདྲེས?་ཤིང་མྱུར་དུ་ཡོངས་སུ་རྫོགས་པར་མ་བྱས་པའི་ལན་གྱིས་སྤོབས་བ་བུལ་ཞིང་ཕྱིས་ཏེ་སྐྱེ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཀུན་ཏུ་མྱུར་བར་སྤོབས་བ་སྐྱེ་ན། བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའ་ཞེས་བྱ་བ་ནི། ཆོས་འཆད་པའི་མཁན་པོ་ཆོས་འཆད་པ་དང། དྲིས་པའི་ལན་ལྡོན་པའི་ཚེ་ཞིབ་ཏུ་མ་བརྟགས་མ་བསམས་པར་རློམ་སེམས་སམ་ང་རྒྱལ་གྱི་དབང་གི་ཆོས་བསྟན་པས། དོན་དང་ཚིག་གཏན་ལ་མི་འབབ
་པའི་ཕྱིར། བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཅིའི་སླད་དུ་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་པའི་གཏན་ཚིགས་རབ་འབྱོར་གྱིས་ཞུས
་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་ཞིབ་ཏུ་མ་བརྟགས་མ་བསམས་པར་ང་རྒྱལ་དང་རློམ་སེམས་ཀྱི་དབང་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པའི་རྒྱུས་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་བར་འགྱུར་ཏེ། དེ་ལྟར་ང་རྒྱལ
་དང་རློམ་སེམས་ཀྱི་ཤིན་ཏུ་མྱུར་བར་སྤོབས་མ་སྐྱེ་མ་ཡང། བདུད་ཀྱི་གླགས་རྙེད་པར་འགྱུར་བའི་ཕྱིར། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གླ་ལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། སྙོམ་ཞིང་གཉིད་ཀྱི་དབང་དུ་གྱུར་ཏེ་ལུས་དང་སེམས་ལས་སུ་མི་རུང་ན། གླལ་འབྱུང་སྟེ། དེ་ལྟར་ལུས་དང་སེམས་ལ་སུ་མི་རུང་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི
་འདྲིན་ཡང་བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་རྒོད་ཅིང་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། གཞན་ལ་འཕྱས་བཙལ་པ་ལ
་སོགས་པའི་བསམ་པས་རྒོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲིན་ཡང། སེམས་གཡེར?་བའི་ཕྱོགས་སུ་གཏོགས་པས། བདུད་ཀྱིས་བྱིན་གྱིས་བརླབས་པ་འམ། བདུད་ཀྱིས་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་ཕན
་ཚུན་སྟེག་ཅིང་འདྲིན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུད?་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདི་པའི་ཚེ། མི་གཞན་དང་ལྷན་ཅིག་ཁས་བརྒྱ་པའམ། རྩེ་བ
་འམ་སྟེགས་སྔགས་ཟེར་ཞིང་འདྲིན། བདུད་ཀྱིས་བྱིན་གྱིས་བརླབས་པས་དེ་ལྟར་བྱེད་པ་འམ། དེ་ལྟར་བྱེད་ན་བདུང་ཀྱིས་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །སེམས་གཡེང་ཞིང་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་པ་ནི་བུད་མེད་ལ་རྟོག་པ་འམ། ཡུལ་ལ་རྟོག་པ་དང། གཉེན་བཤེས་ལ་རྟོག་པ་ལ་སོགས་པས། སེམས་གུང་དུ་གཡེངས་ཤིང་འདི་ན། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པས། དེ
་ལྟར་བྱེད་དམ་དེ་ལྟར་བྱེད་ན། བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །ཡི་གེ་གཞན་ལ་ཆགས་ཤིང་ཚིག་གི་དོན་མི་ཤེས་པར་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་སྦྱར་བར། བྱཱ་ཀ་ར་ཎ་ལ་སོགས་པའི་ཚིག་གི་རྗེས་སུ་འབྲང་ཞིང་འདྲི་ན་ཡང་དེ་ལྟར་བྱེད་པ་ཉིད་བདུད་ཀྱི་བྱིན་གྱིས་བརླབས་པ་འམ། དེ་བྱེད་ན་བདུད
་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །འདིའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ
་ནི། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པའི་ཚེ། དོན་ཟབ་མོ་གོ་པའི་ཉམས་མེད་ནས་མཉན་པ་བཏང་སྟེ་གུང་དུ་འགྲོ་ན་ཡང། དེ་ལྟར་བྱེད་པ་ཉིད་བདུད་ཀྱིས་བྱིན་གྱིས་བརླབས་པ་འམ་དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི
་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གླལ་ཞིང་ལུང་འབོགས་ན་ཞེས་བྱ་བ་ནས། རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་གཞན་དག་ལ་ཆགས་ཤིང་འཛིན་ཏ་མ་འཆང་ངམ་ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད
་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་ནི། ལུང་འབོགས་པ་དང། ཁ་ཏོན་བྱེད་པ་དང། འཛིན་པ་དང། ཀློག་པ་དང། སྟོན་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད
་པའི་ཚེ། གླལ་བ་དང་རྒོད་པ་དང། སྟེག་པ་དང། ཡི་གེ་གཞན་ལ་ཆགས་པར་གྱུར་ན་ཡང། བདུད་ཀྱིས་བྱིན་གྱིས་བརླབས་པས་དེ་ལྟར་བྱེད་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན
་པ་སྟེ། གླལ་བ་དང། རྒོད་པ་དང། སྟེག་པ་དང། ཡི་གེ་གཞན་ལ་ཆགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་འདི་ལས་བདག་ཅག་ལུང་མ་བསྟན་ཏོ་ཞེས་མ་དང་པའི་ཡིད་ཀྱིས་སྟན་ལས་ལངས་ཤིང་འདོད་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་པའི་རོམ་མྱོད་ནས། སྟན་ལས་ལངས་ཏེ་འདོད་པ་ཅིའི་ཕྱིར་དེ་ལྟར་བྱེད་པའི་གཏན་ཚིགས་རབ་འབྱོར་གྱིས་ཞུས་པ་དང། ཚེ་རབས་སྔ་མ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་ཅིང། གོམས་པར་མ་བྱས་པའི་རྒྱུས་ཚེ་འདི་ལ་ཡང
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ཟབ་མོ་རྟོགས་པའི་ཉམས་མེད་པས། མ་དང་མ་མོས་ནས་གུང་དུ་འདོད་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་བའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་པའི་ཕྱིར་བདུད་ཀྱི་ལས་སུ།
་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུང་མ་བསྟན་པ་དེ་དག་སྟན་ལས་འདས་ཤིང་མཆི་བར་འགྱུར་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་གང་དང་གང་ལ
་གནས་པ་ཡན་ཆད་ཀྱིས་ལུང་བསྟན་པ་འཐོབ་པ་དང། ས་གང་མན་ཆད་ཀྱིས་ལུང་བསྟན་པ་མི་འཐོབ་པ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་སྐྱོན་མེད་པར་མ་ཆད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་སྟོན་ཏོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་གྱི། དེ་མན
་ཆད་ཀྱིས་ལུང་བསྟན་པ་མི་ཐོབ་བོ་ཞེས་བསྟན་པའོ། །དེ་ལ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མི་འབྱུང་ངོ། །བདག་གི་མིང་ཡང་ཡོངས་སུ་མ་བརྗོད་དོ་ཞེས་དད་པར་མ་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད?་སྤྱོད?་པ་དག་བདག་གི་མིང་ནས་སྨོས་ཏེ། ལུང་བསྟན་དུ་རེ་བ་ལས། ལུང་བསྟན་པར་མ་གྱུར་ནས། དད་པ་བྲི་སྟེ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་གཏོང་པར་གྱུར་ན། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབS་པའི། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ
་བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་མིང་ཡོངས་སུ་མ་བརྗོད་པ་ལགས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི?་ལ་སྤྱོད་སྤྱོད་པ་རྣམས
་ཇི་ལྟར་ཙམ་གྱིས་མིང་བརྗོད་ཅིང་ལུང་བསྟན་པར་འགྱུར་པ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མིང་ནི་ཡོངས་སུ་མི་བརྗོད་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་དོ་ཅོག་གི་མིང་བརྗོད་ཅིང་ལུང་བསྟན་པ་ཐོབ་པར་མི་འགྱུར་གྱི། ས་དང་པོ་ཐོབ་པ་ཡན་ཆད་ཀྱི་མིང་བརྗོད་ཅིང་ལུང་བསྟན་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ལ་བདག་གི་མིང་ཡང་འདི་ལས་མི་འབྱུང་བདག་གང་དུ་སྐྱེས་པའི་གྲོང་དམ
་གྲོང་ཁྱེར་རམ། གྲོང་རྡལ་གྱི་མིང་འདི་ཡང་མི་འབྱུང་ངོ་ཞེས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མཉན་ཏོ་སྙམ་བྱེད་ཅིང་འཁོར་དེ་ནས་འགྲོ་བར་སེམས་ན་སེམས་བསྐྱེད་པ་ངེས་ཇི་ལྟ་ཇི་ལྟར་འགྲོ་བར་སེམས་ཤིང་གོམ་པ་ཇི་སྙེད་ཅིག་བོར་བ་དེ་སྙད?་ཀྱི་བསྐལ་པ
་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་དག་ལ་བཟོད་པ་བརྩོན་པར་བྱ་དགོས་སོ་ཞེས་བྱ་བ་ནི། ལུང་མ་བསྟན་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པ་ལས། བདག་གི་མིང་ལ་སོགས་པ་མ་སྨོས་ཏེ། ལུང་མ་བསྟན་ཏོ་སྙམ
་ནས་དང་པ་ཁྲི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པ་བཏང་ནས་གུད་དུ་འགྲོ་བར་སེམས་ཤིང་སོད་ནས། གོམ་པ་ཇི་སྙེད་བོར་བ་དེ་སྙེད་ཀྱི་བསྐལ་པ་འཁོར་བ་ནི་འཁྱམ་ཞིང། གྲོལ་བ་ཐར་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཟབ་མོ་འདི་ལ། བཟོད་བརྩོན་པར་བྱ་དགོས་ཞེས་བསྟན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་མདོ་སྡེ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མི་སྒྲུབ་པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ཨི་ཐེག་པ
་པ་ནི?་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤུངས་ཏེ། དེ་ཉིད་ཀྱི་ཡལ་ག་དང་འདབ་མ་དང་ལོ་མ་ལ་མཇུ་བར་སམས་པར་འགྱུར་པ་དག་སྟེ་ཞེས་བྱ་བས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་མཉན་པར་གུང་དུ་འགྲོ་བར་སེམས་པའི་སྐྱོན་དང་དཔེ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ་ཡིན་ཏེ། ཤིང་གི་རྩ་བ་དང་འདྲ་ཐེག་པ་ཆུང་དུའི་མདོ་སྡེ
་ནི་ཤིང་གི་ཡ་ལ་ག་དང་འདབ་མ་དང་ལོ་མ་དང་འདྲ་སྟེ། དོན་ཆེན་པོ་བོར་ནས་དོན་ཆུང་དུ་ལ་ཞུས་པ་ཡིན་པས་དེ་ལྟར་བྱེད་པ་ཡང་བདུད་ཀྱི་བྱིན་གྱིས་བརླབས་པ་འམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས
་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མི་སྒྲུབ་པའི་མདོ་སྡེ་ཀུན་ཆུབ་པར་བགྱི་བར་སེམས་པར་འགྱུར་བ་དེ་དག་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ཉན་ཐོས་དང། རང་སངས་རྒྱས་དང་ལྡན་པའི
་མདོ་སྡེ་གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་ཀུན་ཆུབ་པར་བྱ་བར་སེམས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མི་སྒྲུབ་པའོ་ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ཆུད་དུའི་མདོ་སྡེ་ཤིང་གི་ཡལ་ག་དང་འདྲ་བ་རྣམ་པ་ཐམས་ཅད་མཁྱེན
་པ་ཉིད་དང་ལྡན་པའི་ཡེ་ཤེས་མི་སྒྲུབ་པ་གང་ཡིན་པའི་དམིགས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ
་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཞར་ལ་སྤྱད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཁྱི་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་དུའི་མདོ་སྡེ
་ལ་སྤྱོད་པ། དོན་བཟང་པོ་བོར་ཏེ་ངན་པ་འཚོལ་བ་ཁྱི་ཟན་བཟང་པོ་བོར་ཏེ། ངན་པ་ཚོལ་བ་ལས་དཔེ་བླངས་ཏེ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་ལྟར་བྱེད་པ་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར།
་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་བའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན། ཞེས་བྱ་བ་ལ་སོགས་པས་ནི། ཡུལ་དང་དུས་ལ་ཐེག་པ་ཆེན་པོ་ལ་སྤྱོད་པ་ནི། ཉུང་ཞིང་མི་བཙུན་པར་བྱེད། ཐེག་པ་ཆུད་དུ་ལ་སྤྱོད་པ་ནི་མང་ཞིང་བཙུན་པར་བྱེད་པ་ཡོད་དེ།
་དེ་ལྟ་བུར་གྱུར་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་པོར་ཏེ། ཁེ་དང་བཀུར་སྟིའི་ཕྱིར། ཐེག་པ་ཆུང་ངུའི་མདོ་སྡེ་ལ་སྤྱོད་ན། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར། བདུད
་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གླང་པོ་ཆེ་འདོད་ལ། ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་དུའི་མདོ་སྡེ་ལ་སྤྱོད་པ་དམན་པའི་དཔེ། མི་བླུན་པོ
་ལས་བླངས་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པ་འམ། དེ་ལྟར་བྱེད་ན་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ཕྱིར། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ཞིག་རྒྱ་མཚོ་ཆེན་པོ
་བལྟ་བར་འདོད་ལ། ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་ངུའི་མདོ་སྡེ་འཚོལ་བའི་དཔེ། རྒྱ་མཚོ་དང་བ་ལང་གི་རྗེས་ཀྱི་ཆུ་ལས་བླངས་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་སྔ་མ་བཞིན་དུ། བདུད་ཀྱི་ལས་སུ
་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཕྱ་མཁན་ནམ། ཕྱ་མཁན་གྱི་སློབ་མ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཏེ། ཐེག་པ་ཆུང་ངུ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཆོལ་བར
་སེམས་པ་ཕྱ་མཁན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁང་པ། རྣམ་པར་རྒྱལ་བ་ཞེས་བྱ་བའི་ཚད་དུ་ཁང་པ་དབུབ་པར་འདོད་ལ་ཉི་མ་དང་ཟླ་བའི་གཞལ་མེད་ཁང་ལས་ཚད་བླངས་ཏེ། ཁང་པ་འབུབས་པ་ལས་དཔེ་བླངས་པ་བསྟན་པ་སྟེ། དེ་ལྟར་བྱེད་པ་ཡང་བདུད
་ཀྱི་ལས་སུ་རིག་པར་བྱ་བ་སྔ་མ་བཞིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བར་འདོད་ལ་།ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་པོར་ནས། ཐེག
་པ་ཆུང་དུའི་མདོ་སྡེ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། ཁམས་ཀྱི་རྒྱལ་ཕྲན་ལས་དཔེ་བླངས་ནས་བསྟན་པ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། ཁམས་ཀྱི་རྒྱལ་ཕྲན་གཉིས་རྒྱལ
་པོའི་ཆ་བྱད་ཙམ་དུ་འདྲར་ཟིན་ཀྱང། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། རིན་པོ་ཆེ་སྣ་བདུན་ལ་སོགས་པ་མངའ་བའི་ཡོན་ཏན་དང་ལྡན་གྱིས། ཁམས་ཀྱི་རྒྱལ་ཕྲན་ལ་ཡོན་ཏན་དེ་ལྟ་བུ་དང་མི་ལྡན་ཏེ་མི་འདྲ་བ
་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དི་དང་ཐེག་པ་ཆུང་དུའི་མདོ་སྡེ་གཉིས་ཀྱང། མདོ་སྡེ་ཙམ་དུ་འདྲ་ཡང་ཡོན་ཏན་ཐ་དད་དེ་མི་འདྲ་བ་ལ་ཐེག་པ་ཆུང་དུའི་མདོ་སྟེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་པ་བདུད་ཀྱི་ལས་སུ
་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཤིན་ཏུ་བཀྲེས་པ་ལ་ལ་ཞིག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་རྙེད་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས། ཐེག་པ་ཆུང་ངུའི་མདོ་སྡེ
་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ། མི་ལ་ལ་ཞིག་ཁ་ཟས་ཞིམ་པོ་རོ་བརྒྱ་དང་ལྡན་པ་བོར་ཏེ། འབྲས་དྲུག་ཅུ་པ་ཞེས་བྱ་བའི་ཁ་ཟས་བཟའ་བར་སེམས་པ་ལས། དཔེ་བླངས་ཏེ་བསྟན་པ་སྟེ། དྲུག་ཅུ་པའི་ཁ་ཟས་ཞེས་བྱ་བ་ནི། འབྲས
་དམར་པོ་ངན་པ་ཞིག་ཞག?་དྲུག་ཅུས་སྨིན་པར་འགྱུར་བ་ལ་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་རྙེད་ནས། ནོར་བུ་མཆིང་བུ་དང། བསྐྲུན་པར་བསམས་ན། ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས། ཐེག་པ་ཆུང་དུའི་མདོ་སྡེ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་པ། ནོར་བུ་རིན་པོ་ཆེ་དང་མཆིང་བུ་ལས་དཔེ་བླངས་ནས། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། རབ་འབྱོར་གཞན་ཡང
་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཚེ། སྤོབས་པ་མང་པོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་དཀྲུགས་མར་འགྱུར་བ་དེ་ལྟ་བུ་སྐྱེ་བར་འགྱུར་བ་སྟེ། ཞེས་བྱ་བ་ནས་རབ་འབྱོར་གལ་ཏེ་བྱང་ཆུབ
་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཆོས་དེ་དག་གི་དཀྲུགས་མར་འགྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པཱི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་དག་གིས
་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཚེ་།གཟུགས་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ། མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་སྣ་ཚོགས་བྱུང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ
་པར་མི་རྟོག་པའི་རང་བཞིན་ལ་རྣམ་པར་རྟོག་པ་བྱུང་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པ་སྟེ། སྤོབས་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་དང་།མཚན་མར་འཛིན་པའི་བློ་སྐྱེ་བ་ལ་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ
་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་ནུས་སམ། ཞེས་བྱ་བས་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བའི་ཚེ། སྤོབས་པ་མང་པོ་བྱུང་ན་བདུད་ཀྱི་ལས་སུ་འགྱུར་རོ
་ཞེས་བཤད་པ་ལ། འཁོར་རྣམས་ཀྱི་ནང་ནས། ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིར་ཡོད་པ་དང་སྦྱར་ན། དངོས་པོ་ཡོད་པ་ཞིག་ཡིན་ནམ། སྙམ་དུ་རྟོག་པ་སྐྱེས་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ
་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །ངོ་བོ་ཉིད་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་སྟེ། དངོས་པོ་མེད་པས་དངོས་པོ་མེད་པ་བྲི་བར་མི་ནུས་སོ། ཞེས་བྱ་པའི་བར་གྱིས་ནི། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པས་བྲིར་མི་རུང་བསྟན་པའི་ཞར་ལ། ཆོས་ཐམས་ཅད་དངོས་པོ་མེད་པའི་མི་དམིགས་པ་བསྟན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བས་ནི། དངོས་པོ་ཞིག་ཡོད་ན་དེའི་ཟླས།
་དངོས་པོ་མེད་པ་ཞེས་བྱ་བ་ཡང་འགྲུབ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དངོས་པོ་མེད་པ་ཞེས་བྱ་བའི་འདུ་ཤེས་ཀྱང་བསྐྱེད་དུ་མེད་པ་ལས། དངོས་པོ་མེད་པའི་འདུ་ཤེས་སྐྱེས་ན། མེད་པའི་མཛའ་ལ
་ཆགས་པས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བཱུམ། རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་ཞེས་མཆིན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེར་མངོན་པར་ཆགས་པ་ལགས་ཏེ། ཞེས་བྱ་བ་ནི། ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར
་བགྱིད་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འདྲི་བའི་ཚེ་ཡང་དངོས་པོར་ལྟ་ཞིང་དམིགས་པ་དང་བཅས་པའི་འདུ་ཤེS
་ཅན་དུ་བྱ་སྟེ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེ་བྲིས་སོ་སྙམ་དུ་སེམས་ན། ཆོས་ཐམས་ཅད་ཡི་གེར་དང་བྲལ་བ་ལ་ཡི་གེར་མངོན་པར་ཆགས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང
་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཁ་ཏོན་བྱེད་པ་དང། ཞེས་བྱ་བ་ནས། པར་ཆང་བྱ་བའི་ཕྱིར། བདུད་སྡིག་ཏོ་ཅན་འཁྲུག་པར་འགྱུར་བ་ཉེ་བར་སྦྱར་ཏེ། དེ་དག་ཀྱང?
་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང། ཀློག་པ་ལ་སོགས་པའི་བྱ་བ་བྱེད་པའི་ཚེ། ཡུལ་དང་གྲོང་ལ་སོགས་པ་འདུ་འཛིའི་བསམ་པ
་རྣམས་བྱུང་ན་ཡང། བདུད་ཀྱི་བར་ཆད་བྱ་བའི་གླགས་རྙེད་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བའི་ཆེ་ཞེས་བྱ་བ་ནས། བར
་ཆད་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་ལ་སོགས་པའི་བྱ་བ་བྱེད་པའི་ཚེ། རྙེད་པ་དང། བཀུར་སྟི་ལ་སོགས་པ་བྱུང་ལ། དེ་ལ་ཆགས་པར་བྱེད་པ་ན་ཡང། བདུད་ཀྱི་གླགས་རྙེད་ཅིང
་བར་ཆད་དུ་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ
་བྱེད་པ་དང་སྒོམ་པའི་ཚེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང། ཉན་ཐོས་དང། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས
་ཐབས་མཁས་པ་བཙལ་བར་སེམས་པ་ཡོད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགS?
་པ་ལ་སོགས་པ་བྱེད་པའི་ཚེ། བདུད་སྡིག་ཏོ་ཅན་དག་བར་ཆད་བྱ་བའི་ཕྱིར། ཐེག་པ་ཆུང་ངུ་བའི་མདོ་སྡེ་ཟབ་མོ་དག་སྟོན་ཅིང། འདི་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་ཟེར་ན། དེ་ཡང་བདུད་ཀྱི་ལས་ཡིན་པས་དེ་དག་མཉན་པར་མི
་བྱ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་གཉིས་པའོ།། །།རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང། ལུང་འབོགས་པ
་དང་ཁ་ཏོན་བྱ་བར་དགའ་ལ། ཆོས་སྨྲ་བ་ནི་ཕྱི་བཤོལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ནས། ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་དང་སྙོམ་པ་དང
་གཉིད་དང་འགྱོད་པ་དང་བཅས། ཐེ་ཚོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགས་པ་དང་ཁ་ཏོན་བྱེད་པའི་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་།ཆོས་ཉན་པ་དང་འཆད་པ་གཉིས་དཔྱོད་པ་དང། བསམ་པ་མི་མཐུན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་རྒྱུ་རྐྱེན་མི་ལྡན་པས་བར་ཆད་དུ་འགྱུར་ཞིང། མཐར་ཕྱིན
་བར་མི་འགྱུར་བའི་ཕྱིར། བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀློག་པ་དང་ལུང?་འབོགས་པ་དང། ཁ་ཏོན་བྱེད་པ་དང། འཆང་བ་དང། ཚུལ་བཞིན་དུ་ཡིད་ལ
་བྱེད་པའི་ཆེ། ལ་ལ་ཞིག་དེར་འོངས་ཏེ་སེམས་ཅན་དམྱལ་བའི་མི་སྙན་པ་བརྗོད་ཞེས་བྱ་བ་ནས། འདི་ཉིད་དུ་རང་བྱང་ཆུབ་ཐོབ་པར་གྱིས་ཤིག། ཕྱིན་ཆད?་འཁོར་བ་ནམ་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ?་འདི
་འདྲི་བ་དང། ལུང་འབོགས་བ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱིས་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པ་སེམས་ཅན་གྱི་དོན་བྱེད་ཅིང་འཁོར་བ་ན་ཡུན་རིང་དུ་གནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ལ། བདུད་དག་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བསྒྱུར་ནས་འཁོར་བའི་སྐོན་སྨོས་ཏ། ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པས་མྱུར་དུ་མྱ་ངན་ལ་འདས
་པར་སྤྲུལ་མ་འདི་པས་པ་བྱུང་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་བུ་སྟེ། ཟླ་མེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་ན། ཞེས་བྱ་བ་ནས། དེས་ཆོས་ཉམ་པ་དེ་དག་ཕྱིར་བཟློག་པའི་ཕྱིར་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགས་པ་དང། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས
་སུ་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་ཀྱང་ཆོས་འཆད་པ་དང་ཉན་པ་གཉིས་སྤྱོད་པ་དང་བསམ་པ་མི་མཐུན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང། བར་ཆད་དུ་འགྱུར་པའི་ཕྱིར་བདུད་ཀྱི་ལས་སུ་རིག་པར་བྱ་བ
་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ནས་བྱ་བ་ནས་དེ་དག་ཐེ་ཚོམ་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་འདྲི་བར་གྱུར། མི་ཀློག་པར་གྱུར། ལུང་མི་འབོགས་པར་གྱུར། ཁ་ཏོན་མི་བྱེད་
་པར་གྱུར། མི་སྒོམ་པར་གྱུར་ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་གྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འཕོགས་པ་དང། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་པར་བྱེད་པ་ལ་བར་ཆད་བྱ་བའི་ཕྱིར་བདུད་དག་དགེ་སློང་གི་ཚུལ་དུ་བསྒྱུར་ཏེ། ཐེག་པ་ཆུང་དུའི
་མདོ་སྡེ་རྣམས་བསླབས་ནས། དེད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱིས། ཁྱེད་ཇི་སྐད་དུ་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་སླུ་བར་བྱེད་པ་འབྱུང་སྟེ། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས
་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱང་དུ་བྱས་ནས་ཞེས་བྱ་བ་ནས། དེ་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ཟེར་ན། དེས་ཚིག་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ནས། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགས་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆུང
་ངུའི་ཚུལ་གྱིས་མྱ་ངན་ལS་འདས་པར་མི་འདོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ན། ཐེག་པ་ཆུང་དུའི་རིམ་པས་མྱ་ངན་འདས་པར་འགྱུར་བས་བསྡིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི
་ལ་སྤྱོད་བའི་བར་ཆད་བྱེད་པ་ངག་བྱུང་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པའི་ཚེ། བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་མང་དུ་འབྱུང་སྟེ། བདུད་ཀྱི་ལས་དེ་དག
་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ཞེས་བྱ་བ་ནས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་སྤང་བར་བྱའོ།།
་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུགས་བརྙན་སྟོན་པ་དག་བྱུང་ན། བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཟུགས་བརྙན་ཞེས་བྱ་བ་ཡང། ཐེག་པ་ཆུང་དུའི་ཚུལ་དུ་དམིགས་པ་དང་བཅས་པར་སྟོན་པའོ།།
་རབ་འབྱོར་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། རྣམ་པར་སྤང་བར་བྱའོ། །ཞེས་བྱ་བ་ནས། དེ་ཡང་དེ་ལ
་དགའ་པ་བསྐྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ལུང་འབོགས་པ་དང། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ད?
་ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ཆུང་དུའི་མདོ་སྡེ་དང། སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཉན་ཐོས་དང། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ
་སེམས་དཔའ་ལ་སྟོན་པ་དག་འབྱུང་སྟེ། བྱང་ཆུབ་སེམས་དཔའ་དེ་ཡང་ཆོས་སྟོན་པ་དེ་ལ་ཡིད་ཆེས་ཤིང་དང་པ་སྐྱེ་བར་གྱུར་ན། དེ་ཡང་བདུད་ཀྱི་ལས་ཡིན་གྱིས་སྤང་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་ངག་སངས་རྒྱས
་ཀྱི་ཆ་བྱང་དུ་ལུས་གསེར་གྱི་ཁ་དོག་དང། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། འོད་འདོམ་གང་བར་ལྡན་པར་བྱས་ཤིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཏེ། ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ
་ལྟ་བུ་དག་ཉེ་བར་སྟོན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བ་དེ་དག་ལ་འདོད་པ་སྐྱེད་བར་འགྱུར་རོ། །དེས་དེ་དག་ལ་འདོད་པ་བསྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་དེ་ཡང
་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀློག་པ་དང་ལུང་འབོག་པ་དང། ཁ་ཏོན་བྱེད་པ་དང། སྒོམ་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་བའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག
་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱང་དུ་བྱས་ཤིང་འོང་བ་དང། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་སུ་སྟོན་པ་དང། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་མང་པོར་བསྒྱུར་ཏེ།
་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་རྣམས་དེ་ལ་ཆགས་ཤིང་འདོད་པ་སྐྱེ་བར་བྱེད་པ་དག་བྱུང་ན། ཆགས་པར་བྱ་བའི་དངོས་པོ་མེད་པ་ལས་ཆགས་པར་བྱེད་པས་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ཟབ་མོ་འདི་ལ་གཟུགས་མེད་དོ། །ཚོར་བ་མེད་དོ། །ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་བྱ་བའི་ཚུལ་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྦྱར་ན་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ
་མེད་པས། ཆགས་པར་བྱ་བའི་རྒྱུ་མེད་བའི་གཏན་ཚིགས་བསྟན་པའོ། །རབ་འབྱོར་གང་ལ་གཟུགས་མེད་པ་དེ་ལ་སངས་རྒྱས་མེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། རང་སངས་རྒྱས་མེད་དོ། ཉན་ཐོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས
་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ། ཞེས་བྱ་བ་ནས་གང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མང་བ་ལ་སངས་རྒྱས་མེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། རང་སངས་རྒྱས་མེད་དོ། ཉན་ཐོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད
་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་མེད་དེ། དེ་ལྟར་མེད་པ་ལ
་ཡོད་པར་ལྟ་ཞིང་མངོན་པར་ཆགས་ན། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བར་ཆད་དུ་འགྱུར་བ་མང་བ་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་དང་རིགས་ཀྱི་བུ
་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀློག་པ་དང། ལུང་འབོག་པ་དང། ཁ་ཏོན་བྱེད་པ་དང། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ལ་ཡང་བདུད་ཀྱི་ལས་མང་པོ་འབྱུང་བར་འགྱུར་རོ། །བར་ཆད་མང་པོ་འབྱུང་བར་འགྱུར་རོ།།
་སླར་རྒོལ་བ་མང་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། རིན་པོ་ཆེ་དཀོན་ཞིང་རིན་ཐང་ཆེན་པོ་རྣམས་བསྒྲུབ་པ་ལ་བགེགས་རང་བར་ཆད་མང་པོ་འབྱུང་བའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བར་ཆད་དང་བདུད་ཀྱི་ལས་མང་པོ་འབྱུང་བ
་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཀོན་ཞིང་དོན་ཆེན་པོ་ཡིན་པ་བསྟན་པའོ། །དེ་ཅིའི་སླད་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀློག་པ
་དང། ལུང་འབོག་པ་དང་ཁ་ཏོན་བགྱིད་པ་དང་སྟོན་པ་དང། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གི་བར་ཆད་བགྱིད་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་སྟེ། ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ལ་དེ་དག་གི་སེམས་མི་འཇུག
་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པའི་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་པའི་མི་རྣམས་སྨད་པར་སྟན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀློག་པ་དང། ལུང་འབོག་པ
་དང། ཁ་ཏོན་བྱེད་པ་དང། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་ལ། བདུད་ཀྱི་ལས་འདི་དག་ཀྱང་འབྱུང་མོད་ཀྱི་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར་དེ་ནི་སངས་རྒྱས
་ཀྱི་མཐུ་ཡིན་པར་ཤེས་པར་བྱ་བ་སྟེ། ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་ཚུལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ལ་བར་ཆད་དང། བདུད་ཀྱི་ལས་མང་དུ་འབྱུང་བ་ཐོས་ནས། འཁོར་གྱི་ནང་ནས་ཁ་ཅིག་སེམས་ཞུམ་པར་འགྱུར་བདག
་ཀྱང་སྲིད་དེ། དེ་དག་སྤྲོ་བ་བསྐྱེད་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བ་ལ་འབང་ན། སངས་རྒྱས་བཅོམ་ལྡན་འདས་མཐུ་གཏོང་ཞིང་བྱིན་གྱིས་རློབ་སྟེ། བདུད་ཀྱི་བར་ཆད་བྱ་མི་ནུས་པ་བསྟན་པའོ། །དེས་རིགས་ཀྱི
་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །ཀློག་གོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང། ཀློག
་པ་ལ་སོགས་པ་ལ་འབད་ན། སངས་རྒྱས་བཅོམ་ལྡན་འདས་མཐུ་གཏོང་ཞིང་བྱིན་གྱིས་རློབ་པ་དེས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡོངས་སུ་རྫོགས་པར་བྱེད་ནུས་པའི་ཕན་ཡོན་བསྟན་པའོ།།
་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚེ་སྐྱོང་བ་དེ་དག་ཀྱང། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང། ཀློག་པ་དང། ལུང་འབོག་པ་དང། ཁ་ཏོན་བྱ
་པ་དང། བསྟན་པ་དང། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར། དགོངས་པ་མཛད་དོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང། ལུང་འབོག་པ་དང། ཁ་ཏན་བྱེད་པ་དང། སྟོན་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་གི་དོན་དུ། བརྩོན་པར་བྱེད་ཅིང་ཡོངས་སུ་འཛིན་པར་བྱེད་དོ། །ཞེས་བྱ་བའི་བར་གྱིས་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ
་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀློག་པ་ལ་སོགས་པ་ལ་འབད་ཅིང་བརྩོན་པ་དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་རྣམས་ཀྱང། དགོངས་ཤིང་མཐུ་གཏོང་བའི
་ཕན་ཡོན་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་བུད་མེད་ལ་ལ་ཞིག་ལ་བུ་ལྔ་འམ་བཅུ་འམ་ཉི་ཤུ་འམ་སུམ་ཅུ་འམ་བཞི་བཅུ་འམ་ལྔ་བཅུ་འམ། བརྒྱ་འམ་སྟོང་ཞིག་ཡོད་ན། ཞེས་བྱ་བ་ནས། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྦྱིན་གྱིས་རྟག་ཏུ་རྒྱུན་མི་འཆད་པར་གཟིགས་ཤིང་དགོངས་སོ་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་ན་མ་ལ་བུ་རྣམས་དྲིན་ལ་ལན་ལྡོན་ཞིང་རིམ་གྲོ་དང་བཀུར
་སྟི་བྱེད་པ་དེ་བཞིན་དུ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་ཡུལ་དང་འདྲ་བར་དགོངས་ཏེ། དྲིན་ལ་ལན་ལྡོན་ཞིང་རིམ་གྲོ་དང་བཀུར་སྟི་མཛད་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས
་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནས། དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ
་དང་འདྲ་པར་དགོངས་ཏེ་རིམ་གྲོ་དང། བཀུར་སྟི་བྱ་བའི་གཏན་ཚིགས་སུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་དང། འཕགས་པའི་གང་ཟག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་སྟེ། ཐམས་ཅད་ཀྱི་རྒྱུ་དང་གཞི་ཡིན་པའི
་ཕྱིར་རིམ་གྲོ་དང། བཀུར་སྟི་བྱ་བའི་གནས་ཡིན་པར་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང། ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་རྟག་ཏུ་རྒྱུན་མི་འཆད་བར་བསྲུང་བ་མཛད་དོ། །ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་ལ་སོགས་པ་ལ་ཡང། སངས་རྒྱས་བཅོམ་ལྡན་འདས
་རྣམས་སྤྱན་རས་ཀྱི་འཚོ་ཞིང་བྱིན་གྱིས་རླབ་པའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གྱིས་གསོལ་བ་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས
་བསྐྱེད་པའོ། །ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་བསྐྱེད་པ་ཡིན་ཞིང། འཇིག་རྟེན་སོན་པ་ཡིན་པའི་ཕྱིར་རིམ་གྲོ་དང། བཀུར་སྟི་བྱས་པའི་གནས་ཡིན་པར་བཤད་པ་ལས་གླེངས་ནས། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་བསྐྱེད་པ་ཡིན་པ་དང་ཇི་ལྟར་འཇིག་རྟེན་སྟོན་པ་ཡིན་པ་དང། དེ་བཞིན་གཤེགས་པ་རྣམས་ཐབས་ཇི་ལྟ་བུར་བསྐྱེད་པ་དང། འཇིག་རྟེན་ཞེས་བྱ་བར་ཡང་གང་ཡིན་པ་རྣམས་ཞིབ་ཏུ་བཤད་པའི
་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་དཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་དོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་དེ་བཞིན་གཤེགས?
་པ་བསྐྱེད་དོ། །ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར། དེ་བཞིན་གཤེགས་པ་ཡིན་པ་བསྟན་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། དེ་བཞིན་གཤེགས་པའི
་ཡོན་ཏན་གྱི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར། དེ་བཞིན་གཤེགས་པ་བསྐྱེད་བ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་འཇིག་རྟེན་གང་ལགས། ཞེས་བྱ་བའི་ནི་གོང་དུ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པ་འཇིག་རྟེན་ཞེས་བྱ་བ་གང་ལ་བྱ་བ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པས
་འཇིག་རྟེན་དུ་གསུངས་སོ། །ཞེས་བྱ་བ་ནི་འཇིག་པའི་རང་བཞིན་ལ་རྟེན་ཅིང་གནས་པའི་ཕྱིར་ཕུང་པོ་ལྔ་ལ་འཇིག་རྟེན་ཞེས་བྱའོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོས་ཕུང་པོ་ལྔ་ནི་ཇི་ལྟར་བསྟན་པ་ལགས། ཞེས
་བྱ་བ་ནི་དེ་ལྟར་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཡིན་ཏེ། དངོས་པོ་མེད་པ་ཡིན་ན་བསྟན་དུ་ཡང་ཇི་ལྟར་རུང་ཞེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཇི་ལྟར་བུར་ཕུང་པོ་ལྔ་སྟོན་པ་ལགས། ཞེས་བྱ་བ་ནི་ཕུང་པོ་ལྔ
་པོ་དངོས་པོ་མེད་པ་དེ་དག་སྟོན་ན་ཡང་ཐབས་ཇི་ལྟར་སྟོན་པ་ལགས་ཤེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོ་པ་མ་ཡིན་ཏེ། ཞེས
་བྱ་བ་ནས། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་སྟོན་པར་གསུངས་ཏེ། ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཕུང་པོ་ལྔ་པོ་འདི་དག་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང།
་མངོན་པར་འདུ་བྱ་བ་མེད་པ་དང། སྐྱེ་བ་མེད་པ་དང། དངོས་པོ་མེད་པ་དང། རང་བཞིན་མེད་པས་འཇིག་པ་དང་རབ་ཏུ་འཇིག་པ་མི་སྲིད་པའི་ཕྱིར། ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ།
་སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། འཕེལ་བ་དང། འགྲིབ་པ་དང། བླང་བ་དང། དོར་བ་དང། འདས་པ་དང། མ་འདས་པ་དང། ད་ལྟར་བྱུང་བ་ཞེས་བྱ་བར་མི་སྟོན་པ་ཉིད་ཕུང་པོ་ལྔའི་འཇིག་རྟེན་སྟོན་པ་མ་ཡིན་ནོ
་ཞེས་བཤད་པའོ། །རབ་འབྱོར་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་སེམས་དང། སྦྱད་པ་མཁྱེན་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་ཅིང་རབ་ཏུ་མཁྱེན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི
་སེམས་ཅན་མེད་དོ། །སེམས་ཅན་དུ་གདགས་པ་མི་དམིགས་སོ། །གཟུགས་མེད་དོ། །གཟུགས་སུ་གདགས་པ་མི་དམིགས་སོ། །ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོན་པར་བྱེད་པ་མ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་དང་གཟུགས
་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གདགས་གདགས?་སུ་མེད་པ་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ
་བྱིན་པ་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན། གཟུགས་ཡོད་པ་འམ་དམིགས་པར་ལྟག་ལ་འགྱུར། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་འམ་དམིགས་པར་ལྟག་ལ་འགྱུར། ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཀྱི
་རང་བཞིན་གདགས་སུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པར་བྱེད་པ་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན། ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་རྟོག་ཅིང་དམིགས་པ་ཡང་མེད་ན་གཟུགས་ལ་སོགས་པའི་ཆོས་རྣམས་ལ་དངོས་པོར་དམིགས་ཤིང་སྟོན་པར
་ལྟག་ལ་འགྱུར་ཞེས་བཤད་པའོ། །རབ་འབྱོར་གཞན་ཡང་སེམས་ཅན་ཇི་སྙེད་ཅིག་གདགས་པས་གདགས་སུ་ཡོད་པ། ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང། སྤྲོས་པ་ལ་སོགས་པ་འམ་སེམས་ཀྱི་སྤྱོད་པ་རྣམ་པ་སྣ
་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་སྒོ་ནས། འཇིག་རྟེན་སྟོན་པ་བཤད་པ་སྟེ། དེ་ལ་སེམས་ཅན་ཇི་སྙེད་ཅིག་གདགས་པས་གདགས་སུ་ཡོད་པ་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་གི་ཡང་རུང་སྟེ།
་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་མང་པོ་རྣམ་པ་སྣ་ཚོགས་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་མཁྱེན་པ་བསྟན་པའོ། །དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སེམས་བསྡུས་པ་དང་སྤྲོས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ
་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ནས་ཆོས་ཉིད་གང་ལ་ཆོས་ཉིད་ཀྱང་མི་དམིགས་ན། སེམས་བསྡུས་པ་དང་སྤྲོས་པ་ལྟ་སྨོས་ཀྱང་མི་སྨོས་པའི་ཆོས་ཉིད་དེ་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གིས་སེམས་བསྡུས་པ་དང། སྤྲོས་པ་ཡང་དག་པ་ཇི་ལྟ་བ
་བཞིན་དུ་རབ་ཏུ་མཁྱེན་ཏེ། །ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་རྣམས་ཀྱི་སེམས་བསྡུས་པ་དང། སྤྲོས་པ་ཆོས་ཉིད་དུ་རབ་ཏུ་མཁྱེན་པ་བསྟན་པ་སྟེ། ཆོས་ཉིད་དུ་རབ་ཏུ་མཁྱེན་པ་ཡང་སྟོང་པ་ཉིད་དུ་ཐུགས་སུ་ཆུད་པ་ལ་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན
་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་བསྡུས་པ་དང། སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཞེས་བྱ་བ་ནས་དབེན་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།
་ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་བསྡུས་པ་དང། སྤྲོས་པ་རྣམས་ཟད་པའི་རྣམ་པ་དང། འདོད་ཆགས་དང་བྲལ་བའི་རྣམ་པ་དང། འགོག་པའི་རྣམ་པ་དང། སྤོང་པའི་རྣམ་པ་དང། ཞི་པའི་རྣམ་པ་དང། དབེན
་པའི་རྣམ་པར་མཁྱེན་པ་བསྟན་པ་སྟེ། ཟད་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་སྨོས་པ་ཡང་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས
་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ། འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བ་ནས། གཏི་མུག་དང་བཅས་པ་འམ་གཏི་མུག་དང་བྲལ་བའི་སེམས་དམིགS
་པ་ལྟ་ཅི་ཞིག་སྨོས། ཞེས་བྱ་བའི་བར་གྱིས་ནི། འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཀུན་བརྟགས་པའི་རང་བཞིན་དུ་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་གྱིས། འདོད་ཆགས་དང་སེམས་དང་འདོད་ཆགས་དང་བཅས
་པ་ཉིད་ཀྱང་དོན་དམ་པར་མེད་པར་མཁྱེན་པ་ལ། འདོད་ཆགས་དང་བྲལ་བའི་སེམས་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད
་ཆགས་དང་བྲལ་བ་ལ། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། ཞེས་བྱ་བ་ནས། རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ། གཏི
་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་དོན་ཉིད་རིགས་པས་གཏན་ལ་ཕབ་ནས་ཞིབ་ཏུ་བཤད་པ་སྟེ། དོན་དམ་པར་སེམས་འདོད་ཆགས་དང་བཅས་པ་དང།
་འདོད་ཆགས་དང་བྲལ་བ་ཞེས་བྱ་བ། དངོས་པོ་མེད་པར་མཁྱེན་པར་མ་ཟད་ཀྱི་ཀུན་རྫོབ་ཏུ་ཡང་འདོད་ཆགས་དང་བཅས་པའི་སེམས་དང། འདོད་ཆགས་དང་བྲལ་བའི་སེམས་གཉིས་སེམས་ཀྱི་རྒྱུད་གཅིག་ལ་འགྲོགས་ཤིང་ཕྲད་བ་མི་སྲིད་དེ། དེ་ལྟར་མཁྱེན་པ་ཡང་འདོད
་ཆགས་དང་བྲལ་བ་ལ་སོགས་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསྟེན་ཏོ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི
་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེS་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསྟེན་ཏེ་སེམས
་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི། འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན
་པ་བསྟན་པ་སྟེ། འདོད་བའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ནི་རྩི་ཞིང་རགས་པས་རྒྱ་ཆེ་བ་ཞེས་བྱའོ། །སེམས་དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་པས་རྒྱ་ཆེ་བ་དང། རྒྱ་ཆུང་བ་དང། འཕེལ་བ་དང། འགྲིབ་པ་དང། འོང་བ་དང། འགྲོ་བ་མེད
་བར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང།
་གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ། སེམས་ཡངས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནས། རབ་འབྱོར་ཇི་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱིས་སེམས་ཡངས་པ་ལ་སེམས་ཡངས་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི། གཟུགས་ཀྱི་ཁམས་ཀྱི་སེམས
་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། གཟུགS་ཀྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་བསམ་གཏན་དང་ཏིང་ངེ་འཛིན་སྒོམ་ཞིང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་ཡངས་པ་ཞེས་བྱ་སྟེ། སེམས་དེ་དག་ཀྱང་དོན་དམ་པར
་དངོས་པོ་མེད་པས་འོང་བ་དང། འགྲོ་བ་དང་སྐྱེ་བ་དང་འགག་པ་དང། གནས་པ་དང། གནས་པ་ལས་གཞན་འགྱུར་བ་མེད་པར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ
་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི་སེམས་ཚད་མེད་པ་ལ་སེམས་ཚད་མེད་བའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན
་ཏོ། ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་པ་རོལ་གྱི་སེམས་ཚད་མེད་པ་ལ
་སེམས་ཚད་མེད་ཅེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་སྟེ་གཟུགས་མེད་པའི་སེམས་ཅན་རྣམས་ནམ་མཁའ་མཛའ་
་ཡས་སྐྱེ་མཆེད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་གཟུགས་ལ་སོགས་པའི་དངོས་པོ་ལ་མི་བརྟེན་ཅིང་དམིགས་པའི་ཡུལ་ཚད་མེད་པ་ལ་སྤྱོད་བའི་ཕྱིར། ཚད་མེད་པ་ཞེས་བྱ་བ་སྟེ། སེམས་དེ་དག་དོན་དམ་པར་དངོས་པོ་མེད་པས།
་ནམ་མཁའ་ཡས་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། རྣམ་པར་གནས་པར་ཡང་དག་བར་རྗེས་སུ་མི་གཟིགས་སོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང
་མི་གནས་བའི་ཕྱིར། རྣམ་པར་ཡོངས་སུ་གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་མི་གནས་པའི་ཕྱིར། ཉེ་བར་གནས་བར་ཡང་དག་པར་རྗེས་སུ་མི་གཟིགས་ཏེ། དེ་ལྟར་སེམས་ལ་དངོས་པོ་མེད་པས་སེམས
་ཀྱི་རྒྱུད་ལ་རྟེན་མེད་ཅིང་ཚད་མེད་པར་ཐུགས་སུ་ཆུད་པ་ལ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ
་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི་སེམས་བསྟན་དུ་མེད་པ་ལ། སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི་སེམས་བསྟན་དུ་མེད་པ་ལ་བསྟན་དུ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།
་ཞེས་བྱ་བའི་བར་གྱིས་ནི། བསྟན་དུ་མེད་པའི་ཡུལ་ལ་དམིགས་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་དང། སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་དངོས་པོ་བསྟན་དུ་མེད་པའི་ཡུལ་ལ་དམིགས་པའི་སེམས་ལ
་སེམས་བསྟན་དུ་མེད་པ་ཞེས་བྱ་སྟེ། སེམས་དེ་ཡང་དོན་དམ་པར་དངོས་པོ་མེད་པས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། མཚན་ཉིད་མེད་པར་གཟིགས་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགS
་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏོ། །སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ། བལྟར་མེད་བའི་སེམས་ཞེས་བྱ་བར་ཡང
་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་པ་དང།
་གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ་བལྟར་མེད་པའི་སེམS་ཞེS་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་རྣམས་ཀྱི་སེམས་གཅིག་གིས་གཅིག་བལྟར་མེད་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ།
་དོན་དམ་པར་སེམས་དེ་དག་དངོས་པོ་མེད་པར་དེ་བཞིན་གཤེགས་པའི་སྤྱན་ལྔས་ཀྱང་གཟིགས་པར་མི་འགྱུར་བར་མཁྱེན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྤྱན་ལྔ་ནི་གང་དུ་བཤད་ཟིན་ཏོ། །རབ་འབྱོར
་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང། འདུ་བ་དང།
་བཀྲམ་པ་དང། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བ་ལ་སོགས་པས་ནི་མུ་སྟེགས་ཅན་ལྟ་བ་ཕྱིན་ཅི་ལོག་པ་རྣམས་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་པ་དང་ཆད་པ་དང། སྒྲོ་འདོགས་པ་དང་སྐུར་བ་འདེབS
་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། སེམས་འཕྲོ་བ་ནི་བདག་དང་འཇིག་རྟེན་རྟག་པར་འཛིན་པའི་སེམས་སོ། །སེམས་འདུ་བ་ནི་ཆད་པར་འཛིན་པའི་སེམས་སོ། །སེམས་བཀྲམ་པ་ནི་སྐྲོ་འདོགས་པའི་སེམས། །སེམས་བཅུ་མ་པ་ནི་སྐུར་བ་འདེབS
་པའི་སེམས། །རབ་འབྱོར་འདི་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་པོ་དག་ནི་སེམས་འཕྲོ་བ་དང་འདུ་བ་དང། བཀྲམ་པ་དང། བཅུམ་པ་གང་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང
་བ་དེ་དག་ཐམས་ཅད་ཀྱང་གཟུགས་ལ་བརྟེན། ཚོར་བ་ལ་བརྟེན། འདུ་ཤེས་ལ་བརྟེན། འདུ་བྱེད་ལ་བརྟེན། རྣམ་པར་ཤེས་པ་ལ་བརྟེན་པས། སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར་སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་པོ་དེ་དག་གི
་སེམས་དེ་དག་རབ་ཏུ་མཁྱེན་ཏོ། ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པ་དང་ཆད་པ་དང་སྒྲོ་འདོགས་པ་དང། སྐུར་པ་འདེབས་པ་རྣམས། ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་པ་དང་ཆད་པ་ལ་སོགས་པར་ལྟ་བར་འགྱུར་ཏེ། ཡང་དག་པར་ན་ཕུང་པོ་ལྔ
་ཙམ་དུ་ཟད་ཀྱི། བདག་ཅེས་བྱ་བ་གང་ཡང་མེད་པ་དེ་བཞིན་གཤེགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བསྟན་པའོ། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ
་དང། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་འདུ་བ་དང་བཀྲམ་པ་དང། བཅུམ་པ་རྣམས་འདི་ལྟར་རབ་ཏུ་མཁྱེན་པ་སྟེ། ཞེས་བྱ་བ་ལ་སོགས་བས་ནི་མུ་སྟེགས་ཅན་རྣམས་རྟག་པ་དང། ཆད་པ་དང་སྒྲོ་འདོགས་པ་དང། སྐུར་བ་འདེབས་པར་ལྟ་བ
་སེམས་ཀྱི་སྤྱོད་པ་འཕྲོ་བ་དང། འདུ་བ་དང། དཀྲམ་པ་དང། བཅུམ་པ་མཁྱེན་པ་གོང་དུ་བཤད་པའི་དོན་སོ་སོར་ཕྱེ་ནས་ཞིབ་ཏུ་བཤད་པ་སྟེ། བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་དམ་པར་ཞེས་བྱ་བ་དེ་ནི་གཟུགས་ལ
་སོགས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་ཨགནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པར་ལྟ་བའི་སེམས་ཀྱི་སྤྱོད་པ་འཕྲོ་བ་དག་བདག་དང་འཇིག་རྟེན་གཉི
་གཡང་དག་པར་རྟག་པ་ཡིན་ཏེ། དེ་སྐད་དུ་སྨྲ་བ་ལ་སོགས་པ་དེ་ནི་བདེན་གྱི་མི་རྟག་པར་སྨྲ་བ། གཞན་ནི་མ་རྟོགས་པར་སྨྲ་བས་ཡང་དག་པ་མ་ཡིན་ཏེ། དོན་མེད་ཅིང་བརྫུན་ནོ་ཞེས་སྨྲ་བ་དེ་དག་ཀྱང་ཡང་དག་པར་ན་བདག་ཅེས་བྱ
་བ་མེད་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བར་ཟད་དོ་ཞེས་བསྟན་པ་སྟེ། དེས་ནི་རྟག་པར་ལྟ་བའི་སེམས་ཀྱི་སྤྱོད་པ་འཕྲོ་བ་མཁྱེན་པ་བསྟན་པའོ། །བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་དོ་ཞེས་བྱ་བ་ནི་གཟུགས
་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཆད་པར་ལྟ་བའི་སེམས་ཀྱི
་སྤྱོད་པ་འདུ་བ་མཁྱེན་པ་བསྟན་པ་སྟེ། མུ་སྟེགས་ཅན་ཁ་ཅིག་བདག་དང་འཇིག་རྟེན་གཉི་ག་མི་རྟག་གོ་ཞེས་ཆད་པར་ལྟ་བ་དེ་ཉིད་བདེན་གྱི་རྟག་པར་ལྟ་བ་ལ་སོགས་པ་གཞན་ནི་བརྫུན་ཏེ། དོན་མེད་དོ་ཞེས་སྨྲ་བ་དེ་དག་ཀྱང་ཡང་དག་པར་ན་བདག་ཅེས
་བྱ་བ་གང་ཡང་མེད་དོ། །ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་དེ་སྐད་སྨྲའོ་ཞེས། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་བསྟན་པའོ། །བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི
་གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །ཞེས་བྱ་བས་ནི་མུ་སྟེགས་ཅན་རྟག་པ་དང། ཚད་པ
་གཉིས་ཀ་ཡོད་པར་སྒྲོ་འདོགས་པའི་སེམས་ཀྱི་སྤྱོད་པ་བཀྲམ་པ་མཁྱེན་པ་བསྟན་པ་སྟེ། མུ་སྟེགས་ཅན་རྟག་པ་དང་ཆད་པ་གཉིས་ཀ་ཡོད་པར་སྒྲོ་འདོགས་པ་ཡང་ཕུང་པོ་ལྔ་ལ་བརྟེན་ཏེ། སྨྲ་བ་ཙམ་དུ་ཟད་ཀྱི་ཕུང་པོ་ལྔ་ལས་ལྷག་པ་བདག་ཅེས་བྱ
་བརྟག་པ་དང། མི་རྟག་པ་གཉིས་ཀའི་རང་བཞིན་ཅན་གང་ཡང་མེད་པར་ཐུགས་སུ་ཆུད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི
་དོན་མེད་དོ། ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གཞན་པའོ། །ཞེས་བྱ་བས་ནི་མུ་སྟེགས་ཅན་རྟག་པ་དང་ཆད་པ་གཉིས་ཀ་མེད་པར
་སྐུར་པ་འདེབས་པའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། རྟག་ཆད་གཉིས་ཀ་མེད་ཅེས་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱིས། རྟག་ཆད་གཉིས་ཀ་མེད་པའི་རང་བཞིན་གྱི་བདག་ཅེས་བྱ་བ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ།།
་བདག་དང་འཇིག་རྟེན་ནི་མཛའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་པ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས
་པ་ལ་གནས་པའོ། །ཞེས་བྱ་བ་ནི་མུ་སྟེགས་ཅན་འཁོར་བ་ལ་མཛའ་ཡོད་པར་ལྟ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན། མཛའ་དང་ལྡན་པའི་བདག་གང་ཡང
་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཛའ་དང་མི་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱིས་གཞན་གྱི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས
་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། ཞེས་བྱ་བ་ནི་མུ་སྟེགS་ཅན་ཁ་ཅིག་འཁོར་བ་མཛའ་མེད་པར་ལྟ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང?་ནས། སྨྲ་བར་ཟད་ཀྱི་ཡང་དག་པར་ན་ཕུང་པོ་ལྔ
་ལས་ལྷག་པ་གུད་ན་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡང་ཡིན་ལ། མཛའ་དང་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ
་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་འཁོར་བ་མཛའ་ཡོད་པ་དང་མཛའ་མེད་པ་གཉིས་ཀར་སྒྲོ་འདོགS
་ཤིང་སྨྲ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི་ཡང་དག་པར་ན་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །བདག་དང་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡང་མ་ཡིན་མཛའ་
་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་དུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །ཞེས
་བྱ་བ་དེ་ནི་མུ་སྟེགས་ཅན་ཁ་ཅིག་འཁོར་བ་མཛའ་ཡོད་པ་དང། མཛའ་མེད་པ་གཉིས་ཀ་མ་ཡིན་པར་སྐུར་པ་འདེབས་ཤིང་?་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག་པར
་ན་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །ལུས་དེ་སྲོག་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མེད་པའི་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ།།
་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་སྲོག་ཅེས་བྱ་བའི་བདག་ལུས་དང་ཐ་མི་དད་པར་སྒྲ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག
་པར་བདག་ཅེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ
་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་སྲོག་ཅེས་བྱ་བའི་བདག་དང་ལུས་གཉིས་ཐ་དད་པར་སྨྲ་བའི་སེམས་ཀྱི་སྤྱོད་པ་མཁྱེན་པ་བསྟན་པ་སྟེ། དེ་སྐད་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ
་ཙམ་དུ་ཟད་ཀྱི་ཡང་དག་པར་ན་སྲོག་ཅེས་བྱ་བའི་བདག་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དེ་ཉིད་བ་དོན་གྱིས། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ
་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཆད་པར་ལྟ་བ་ཁ་ཅིག་།དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཚེ། ལས་དང་ཉོན་མོངས་པ་ཟད་དེ་སླར་འཁོར་བར་མི་སྐྱེའོ
་ཞེས་བྱ་བ་དེ་ནི་བརྫུན་གྱི། དེ་བཞིན་གཤེགས་པ་ནི་སོ་སོའི་སྐྱེ་བོ་དང་འདྲ་བར། ཚེ་འདས་ནས་ཀྱང་འཁོར་བར་སླར་སྐྱེ་བར་འགྱུར་ཏེ། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་མི་འགྱུར་རོ། ཞེས་སྨྲ་བའི་སེམས་ཀྱི་སྤྱོད་པ་འཕྲོ་བ་མཁྱེན་པ་བསྟན་པ་སྟེ། དེ་སྐད
་དུ་སྨྲ་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་པའི་མཛའ་ལ་ཆགས་པས་སྨྲ་བར་ཟད་ཀྱི། ཡང་དག་པར་ན་དེ་ལྟ་བུའི་རྟག་པའི་བདག་མེད་དོ་ཞེས་བསྟན་པའོ། །དེ་ལྟར་དེ་བཞིན་གཤེགས་པ་གྲོངས་ནས་མེད་ཅེས་བྱ་བ་དང། ཞེས་བྱ་བ་ནི་མུ་སྟེགས་ཅན་ཆད
་པར་ལྟ་བ་ཁ་ཅིག་དེ་བཞིན་གཤེགས་པ་ཚེ་འདས་ནས། ཕུང་པོ་ལྷག་མ་མ་ལུས་པར་ཟད་དེ་མེད་པར་འགྱུར་རོ་ཞེས་ཟེར་བའི་སེམས་ཀྱི་སྤྱོད་པ་འདུ་བ་མཁྱེན་པ་བསྟན་པ་སྟེ། དེ་སྐད་ཟེར་བ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག
་པར་ན་དེ་ལྟ་བུའི་བདག་ཆད་པའི་རང་བཞིན་ཅན་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེས་བྱ་བ་དང། ཞེས་བྱ་བ་ནི་མུ་སྟེགས་ཅན་ཡོད་པ་དང་མེད་པ་གཉིས་ག
་པར་སྒྲོ་འདོགས་པ་རྣམས་ཀྱི་སྤྱོད་པ་བཀྲམ་པ་མཁྱེན་པ་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཚེ་འདས་ཀྱང་བདག་གི་རང་བཞིན་ཕྲ་མོ་མེད་པ་མ་ཡིན་པའི་ཕྱིར་ཡོད་ཀྱང་ཡོད་ཀྱི། དེ་བཞིན་གཤེགས་པ་ཆེ་འདིས་ནས་ཕུང་པོ་རབས་པར་སྣང་བ་ཟིག་སྟེ།
་མེད་པའི་ཕྱིར་མེད་ཀྱང་མེད་ཅེས་ཟེར་བ་ད་ཡང་ཕུང་པ་ལྔ་ལ་བདག་ཏུ་བཟུང་ནས་སྨྲ་བྱ་ཙམ་དུ་ཟད་ཀྱི། ཡང་དག་བརྡན?་ཡོད་མེད་གཉིས་ཀའི་རང་བཞིན་ཅན་གྱི་བདག་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པར་འགྱུར་བ
་ཡང་མ་ཡིན་མེད་པར་འགྱུར་བ་ཡང་མ་ཡིན་ཟེར་པ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པ་གོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་པ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའི། །དེ་ནི་འདུ་བྱེད་ལ་གནས་སོ?། དེ་ནི་རྣམ་པར་ཤེས་པ་ལ
་གནས་པའོ། ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། ཞེས་བྱ་བ་ནི་མུ་སྟེགས་ཅན་ཁ་ཅིག་ཡོད་པ་དང་མེད་པ་གཉིས་ཀ་མེད་པར་སྐུར་པ་འདེབས་པའི་སེམས་ཀྱི་སྤྱོད་པ་བཅུམ་པ་མཁྱེན་པ་བསྟན་པ་སྟེ། མུ་སྟེགས་ཅན་གཅིག་ལྟ་བ་ལས་བདག་ཅེས་བྱ་བ་ཕྲ
་ཞིང་ཟབ་པས། སྤྱད་པ་དང་མེད་པ་གཉིས་ཀའི་དངོས་པོར་བརྗོད་དུ་མི་རུང་ངོ་ཞེས་ཟེར་བ་དེ་ཡང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ན་སྨྲ་བ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་ཡོད་མེད་གཉིས་ཀའི་མཛའ་དག་བྲལ་བའི་རང་གཞིན་ཅན་གྱིས་དག་གང་ཡང་མང་ངོ་ཞེས
་བསྟན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་རྣམས་ཀྱི་སེམས་འཕྲོ་པ་དང།
་འདུ་བ་དང། བཀྲམ་པ་དང། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ཞེས་བྱ་བ་ནི་མུ་སྟེགས་ཅན་རྡག་པ་དང། ཆད་པ་དང། སྒྲ་འདེབས་པ་དང། སྐུར་པ་འདེབས་པར་ལྟ་བའི་སེམས་ཀྱི་སྤྱད་པ་མཁྱེན་པའི་དོན་མཇུག་བསྡུས་ནས་བསྟོན?
་པ་སྟེ། འཕོར་བ་ནི་རྟག་པར་ལྟ་བའོ། །འདུ་བ་ནི་ཆད་པར་ལྟ་བའོ། །བཀྲམ་པ་ནི་སྒྲོ་འདོགས་པའོ། །བཅུམ་པ་ནི་སྐུར་པ་འདེབས་ཏེ། དེ་དག་ཐམས་ཅད་ཀྱང་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ནས། རྟག་ཆད་དུ་ལྟ་ཞིང་སྒྲོ་འདོགས་པ་དང། སྐུར་པ་འདེབས་པར་ཟད་ཀྱི
་ཡང་དག་པར་ནི་དེ་ལྟ་བུའི་བདག་གང་ཡང་མེད་པར་ཐུགས་སུ་ཆུད་པ་ལ། ཡང་དག་པར་ཇི་སྟ་བ་བཞིན་དུ་མཁྱེན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། གཟུགས་མཁྱེན་ཏོ། ཞེས་བྱ
་པ་ལ་སོགས་པས་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་སྟོན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་པ་དང། འཇིག་རྟེན་སྟོན་པ་བསྟན་པ་སྟེ། གཟུགས་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་།མ་ནོར་བ་དེ་བཞིན་ཉིད
་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། མཚན་མ་མེད་ཅིང་བྱེད་པ་མེད་དེ་སྤྲོད་པ་མེད་ཅིང་དམིགས་སུ་མེད་པ་དེ་ལྟར་མཁྱེན་ཏོ། །ཞེས་བྱ་བ་ནས། རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན
་ཉིད་འགྱུར་བ་མེད་ཅིང། རྣམ་པར་རྟོག་པ་མེད་ལ། མཚན་མ་མེད་ཅིང། བྱེད་པ་མེད་དེ། སྤྲོས་པ་མེད་ཅིང་དམིགས་སུ་མེད་པ་དེ་ལྟར་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི་ཕུང་པོ་ལྔ་ལ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མཁྱེན་པ་བསྟན་པ་སྟེ། དེ་ལ་དེ་བཞིན་ཉིད་ཅེས་བྱ
་བ་དང། མ་ནོར་བ་དེ་བཞིན་ཏེ?་དང། འགྱུར་བ་མེད་པ་དང། རྣམ་པར་རྟོག་པ་མེད་པ་དང། མཚན་མ་མེད་པ་དང། བྱེ་དང་མེད་པ་དང། སྤྲོས་པ་མེད་པ་དང། དམིགས་སུ་མེད་པ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ཏེ། དོན་དམ་པར་ཕུང་པོ་ལྔ་དངོས་པོ
་མེད་པས་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཁྱེན་ཏོ། །ཞེས་བྱ་བའི་དོན་དོ། །རབ་འབྱོར་དེ་བཞིན་དུ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་རབ་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང། གང་ཟག་ཕ་རོལ་གྱི་སེམས་ཀྱི་?
་ཕྲོ་བ་དང། འདུ་བ་དང། བཀྲམ་པ་དང། བཅུམ་པ་རྣམས་ཀྱང། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ། ཞེས་བྱ་བ་ནས། དམིགས་སུ་མེད་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། ཞེས་བྱ་བའི་བར་གྱིས་ནི་ཇི་ལྟར་ཕུང་པོ་ལྔ་དོན་དམ་པར་དངོས་པོ་མེད་དེ་དེ་བཞིན
་ཉིད་ཀྱི་རང་བཞིན་དུ་མཁྱེན་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་འཕྲོ་བ་དང། འདུ་བ་དང། བགྲམ་པ་དང། བཅུམ་པ་རྣམས་ཀྱང་དོན་དམ་པར་དངོས་པོ་མེད་པས། དེ་བཞིན་ཉིད་ཀྱི་རང་བཞིན་དུ་མཁྱེན་ཏོ། །ཞེས་བསྟན་པའོ། །དེ
་ལྟར་ན་འཕྲོ་བ་དང། འདུ་བ་དང། བཀྲམ་པ་དང། བཅུམ་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཕུང་པོའི་དེ་བཞིན་ཉིད་དོ། །ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་ཉིད་དོ། །ཐ་མི་དད་པའི་དེ་བཞིན་ཉིད
་དོ།། ཐ་མི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མི་ཟད་པ་སྟེ། མི་ཟད་པའི་ཕྱིར་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་བྱ་བའི་བར་གྱིས་ནི་ཟག་པ་དང་བཅས་པའི་ཆོས་དང། ཟག་པ་མེད་པའི་ཆོས་དང། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི
་ཆོས་ཐམས་ཅད་དང། འཕགས་པའི་གང་ཟག་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་སྟེ་ཐ་མི་དད་པའི་ཕྱིར་གཉིས་སུ་མེད་པ་བསྟན་པའོ་།རབ་འབྱོར་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་བྱ་བས་ནི་གོང་དུ་བསྟན་པའི་རིམ་པས། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་ལ་བརྟེན་ནས། ཐུགས་སུ་ཆུད་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་སྐྱེད་པའོ། །འཇིག་རྟེན་སྟོན་པའོ།
་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། དེ་བཞིན་གཤེགས་པ་སྐྱེད་པ་དང། འཇིག་རྟེན་སྟོན་པའི་དོན་གོང་དུ་སྨོས་པ་མཇུག་བསྡུས་ནས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །མ་ནོར་བ་དེ་བཞིན་དང། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །དེ་བཞིན་ཉིད་ངེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ
་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི། དེ་བཞིན་གཤེགས་པ་སྐྱེད་པའི་དོན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་ཉིད
་བཤད་པ་དེ་དག་རྟོགས་པ་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་པར་འགྱུར་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི
་དེ་བཞིན་གཤེགས་པ་སྐྱེད་པ་ཡིན་ནོ། ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ལགས་པ་དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། ཞེས་བྱ
་བ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་དེ་དག་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་པ་ནི་ཤིན་ཏུ་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བཤད་པའི་དོན་རབ་འབྱོར་
་གྱིས་རྟོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པ་ཟབ་པ་དང། དེ་ལྟ་བུའི་དོན་ཟབ་མོ་ལ་མོས་ཤིང་དུད་པའི་གང་ཟག་དཀན་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར
་དེ་ནི་འདི་ལྟར་དེ་བཞིན་ཉིད་ནི་མི་ཟད་པ་སྟེ། ཞེས་བྱ་བ་ནས། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་ཉིད་ཀྱིས་དོན་ཟབ་པ་དེ་ཉིད་ཆོས་ཐམས་ཅད་ཀྱི། དེ་བཞིན་ཉིད་མི་འགྱུར་བ་ཡོངས་སུ་གྲུབ་པའི་སྒོ་ནས། མི་ཟད
་པར་བསྟན་སྟེ་དེའི་ཕྱིར་ཟབ་བོ་ཞེས་བཤད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་གསུཾ་པའོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པ་ན་སྤྱོད་པ་དང།
་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་།ཅེས་བྱ་བ་ལ་སོགས་པས་ནི། ཆོས་ཐམས་ཅད་མཚན་ཉིད་མེད་པའི་མཚན་ཉིད་དུ་སྟོན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། དེ་བཞིན་གཤེགས་པ་སྐྱེད་སྐྱེད་པ་ཡིན་པ
་དང། འཇིག་རྟེན་སྟོན་པ་ཡིན་པར་བཤད་པའི་གླེང་སླད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཞུས་པ་བསྟན་པ་སྟེ། བཅོམ་ལྡན་འདས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་མཚན་ཉིད་ཇི་ལྟ་བུ་ལགས། ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་དེ་བཞིན་ཉིད་གཅིག་སྟེ། ཐ་མི་དད་པར་བཤད་པའི་དོན་ནི་བདག་ཅག
་གིས་མཇལ་ན། དེ་ལྟ་བུའི་དོན་ཟབ་མོ་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་མཚན་ཉིད་ཇི་ལྟ་བུ་ལགས། ཞེས་ཞུས་པ་སྟེ། དེ་སྐད་དུ་ཞུབ་ཡང་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་བ་ཟབ་པར་བསྟན་པ་དང། འཁོར་གྱི་ནང་ནས་ཁ་ཅིག་དེ་ལྟ་བུའི་ཟབ་པ་དེ་དངོས་པོ་ཞིག་ཡོད་དམ་སྙམ་དུ་རྟོག་པ་བསམ་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོང་པ་ཉིད་ཀྱི་མཚན
་ཉིད་དོ། ཞེས་བྱ་བ་ནས། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ནམ་མཁའ་ཨི་མཚན་ཉིད་དོ། ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོ་མེད་པས་མཚན་ཉིད་གང་ཡང་མེད་དོ་ཞེས་བསྟན་པ་སྟེ། སྟོང་པ་ཉིད་དང་མཚན་མ
་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། དངོས་ཨོ་མེད་པ་དང། ངོ་བོ་ཉིད་མེད་པ་དང། དངོས་པ་མེད་པའི་ངོ་བོ་ཉིད་དང། མི་གནས་པ
་དང། ནམ་མཁའ་ཨི་མཚན་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པའི་རྣམ་གྲངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ན་དེ་ལྟ་བུའི་རང་བཞིན་ཡིན་པས། འདི་ནི་མཚན་ཉིད་གང་ཡང་མེད་དེ་ཞེས་བསྟན་པའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་ནི་མཚན་ཉིད་དེ་ལྟ་བུ་ཡིན་ཡང། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ། དོན་དམ་པར་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་དེ། མཚན་ཉིད་མེད་པ་ཡིན་ན། བཤད་དུ་ཡང་ཅི་ཞིག་ཡོད་སྙམ
་དུ་སེམས་ཤིང་རྟོག་པ་ལ་ཡི་གེ་དང་ཚིག་ཏུ་བརྗོད་ཅིང་བཤད་པས། འདུ་པ་བའི་སེམས་ཅན་རྣམས་ཀྱི་དོན་དུ། ཀུན་རྫོབ་ཏུ་འཇིག་རྟེན་གྱི་བརྡ་དང། ཐ་སྙད་ཙམ་དུ་བརྗོད་ཅིང་བཤད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི། བརྗོད་དུ་མེད་པའི་མཚན་ཉིད་ཡིན་པས
་བཤད་དུ་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ག་ཡིས་གཞན་དུ་བྱ་བར་མི་ནུས་སོ། །ཞེས་བྱ་པས་ནི་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། མི་འགྱུར
་པར་ཡོངས་སུ་གྲུབ་པ་དང། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར། དངོས་པོ་ཡོད་པ་འམ་གཟུང་བ་དང་འཛིན་པའི་རང་བཞིན་ཅན་དུ་སུས་ཀྱང་བྱ་མི་ནུས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ
་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་དེ། ཞེས་བྱ་བས་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོད་པའི་མཚན་ཉིད་དུ་བྱ་མི་ནུས་པའི་གཏན་ཚིག་བསྟན་པ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས
་སྟོང་པས་སྟོང་པ་གཞན་དུ་བསྒྱུར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ལྟའི་བུ་དག་མཚན་ཉིད་ནི་མཚན་ཉིད་གཞན་དུ་མི་བྱེད་དོ། ཞེས་བྱ་བས་ནི་དོན་དེ་ཉིད་གསལ་བར་བསྟན་པ་སྟེ་། གཞན་དུ་བྱ་བ་དང། གཞན་དུ་བྱེད་པ་གཉིས་ཀ་ཡང་དོན་དམ་པར། དེ
་བཞིན་ཉིད་ཀྱི་མཚན་ཉིད་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་གཞན་དུ་མི་བྱེད་དོ་ཞེས་བསྟན་པའོ། །མཚན་ཉིད་ནི་མཚན་ཉིད་ཤེས་པར་མི་བྱེད་དོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཤེས་པར་མི་བྱེད་དེ་ཞེས་བསྟན་པ་སྟེ།
་དཔེར་ན་ནམ་མཁའ་མི་ཤེས་པ་བཞིན་ནོ། །མཚན་ཉིད་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཀུན་བརྟགས་པའི་མཚན་ཉིད་ཤེས་པར་མི་བྱེད་པ་སྟེ། དཔེར་ན་ནམ་མཁས་རི
་བོང་གི་རྭ་མི་ཤེས་པ་བཞིན་ནོ། །མཚན་ཉིད་མེད་པ་ནི་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ། ཞེས་བྱ་བ་ནི་ཀུན་བརྟགས་པ་དང། དེ་བཞིན་ཉིད་ཀྱི་མཚན་ཉིད་མ་ཡིན་པས། དེ་བཞིན་ཉིད་མི་ཤེས་པ་སྟེ། དཔེར་ན་རི་བོང་གི་རྭས་ནམ་མཁའ་མི་ཤེས་པ
་བཞིན་ནོ། །མཚན་ཉིད་མེད་པ་ནི་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ། ཞེས་བྱ་བ་ནི་ཀུན་བརྟགས་པས། ཀུན་བརྟགས་པ་མི་ཤེས་པ་སྟེ། དཔེར་ན་རི་བོང་གི་རྭས་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །དེ་ལྟར་མཚན་ཉིད་དང་མཚན་ཉིད་པ་དང།
་མཚན་ཉིད་ཡོད་པ་དང། མཚན་ཉིད་མེད་པ་དེ་གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱ་བ་དང། གང་ཤེས་པར་བྱ་བ་དང། གང་ཤེས་པར་བྱེད་པ་དེ་ལྟ་བུ་མི་སྲིད་དོ། ཞེས་བྱ་བ་ནི་མཚན་ཉིད་ཡོད་པ་དང་མཚན་ཉིད་མེད་པ་གཉིས་ཀ་ཡང་དོན་དམ་པར་དངོས
་པོ་མེད་པས་ཤེས་པ་གང་གིས་ཤེས་པར་བྱ་བ་དང། དངོས་པོ་གང་ཤེས་པར་བྱ་བ་དང། ཤེས་པ་པོ་གང་ཤེས་པར་བྱེད་པ་དེ་ལྟ་བུ་གང་ཡང་མེད་དེ་ཞེས་བསྟན་པའོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི། གཟུགས་ཀྱིས་འདུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནས
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འདུ་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དོན་དམ་པར་དངོས་པོ་མེད་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གང་གིས་ཀྱང་ཡོད་པ་འམ། མེད་པར་བྱར་རུང་པ་མ
་ཡིན་ནོ་ཞེས་བསྟན་པའོ། །ལྷའི་བུ་དག་།མཚན་ཉིད་དེ་དག་མི་མི་འམ། མི་མ་ཡིན་པ་འམ་ཞེས་བྱ་བ་ནས། འདུས་བྱས་སམ་འདུས་མ་བྱས་ཀྱི་མ་ཡིན་ཏེ། ཞེས་བྱ་བའི་བར་གྱིས་ནི། གོང་དུ་སྨོས་པའི་མཚན་ཉིད་དེ་དག་དོན་དམ་པར་དངོས་པོ་མེད་པས་མི་དད
་མི་མ་ཡིན་པ་ལ་སོགས་པ་གང་གིས་དངོས་པོ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ལྷའི་བུ་དག་ལ་ལ་ཞིག་འདི་སྐད་དུ་ནམ་མཁའ་མཚན་ཉིད་གང་ཡིན་ཞེས་ཟེར་ན་ཞེས་བྱ་བ་ནས། ནམ་མཁའ་ལ་མཚན་ཉིད་གང་ཡང་མ་མཆིས་ཞེས་བྱ་བའི་བར་གྱིས་ནི། སྟོང་པ
་ཉིད་ཀྱི་མཚན་ཉིད་དེ་དག་དངོས་པོ་གང་གིས་ཀྱང་མ་བྱས་པ་དང། གང་གིས་དངོས་པོ་ཡང་མ་ཡིན་པའི་དོན་ནམ་མཁའ་ལས་དཔེ་བླངས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས
་བྱ་བའི་བར་གྱིས་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ནི། ཡེ་ནས་དེ་བཞིན་ཏེ། སུས་ཀྱང་སྟོང་པར་བྱས་པ་འམ། ཡོད་པར་བྱས་པ་མ་ཡིན་ཏེ་།དེ་ལྟ་བུའི་རང་བཞིན་ནི། དེ
་བཞིན་གཤེགས་པས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུང་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ཡང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་ནོར་པར་ཐུགས་སུ་ཆུང་བ་ལ་བྱ་སྟེ་།རྒྱ་གར་གྱི
་སྐད་དུ། ཏ་ཐཱ་ག་ཏ། ཞེས་བྱ་བ་དེ་བཞིན་དུ་མཁྱེན་པ་འམ། དེ་བཞིན་ཉིད་ཐུགས་སུ་ཆུད་པ་ལ་བྱ་བའི་ཕྱིར་རོ། །དེ་ནས་འདོད་པ་ན་སྤྱོད་པ་དད། གཟུགས་ཡོད་པ་ན་སྤྱོད་པའོ། ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཞེས་བྱ
་བ་ལ་སོགས་པས་ནི། གོང་དུ་ཆོས་ཐམས་ཅད་དོན་དམ་པར་མཚན་ཉིད་མེད་པའི་རང་བཞིན་དུ་བསྟན་པ་དང། ཀུན་རྫོབ་ཏུ་འཇིག་རྟེན་གྱི་བརྡར་ཆོས་ཐམས་ཅད་ཀྱི་མཚན་ཉིད་སོ་སོར་ཕྱེ་སྟེ་བསྟན་པ་ངོ་མཚར་ཆེའོ་ཞེས་ལྷའི་བུ་རྣམS་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཞེས་བྱ
་བསྟོད་པ་སྟེ། བཅོམ་ལྡན་འདས་མཚན་ཉིད་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པས། དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་ལ། ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པར་འཇུག་ཅིང། ཞེས་བྱ་བ་ནི་གོང་དུ་སྨོས་པའི་སྟོད་པའི་མཚན་ཉིད་དེ་དག་ཐུགས་སུ
་ཆུད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ལ་ཆགས་ཐོགས་མེད་པར་གཟིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚོན་ཉིད་དེ་དག་ལ་ཞུགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་ཐམས་ཅད་ཀྱིས་ཆགས་པ་ལས་འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཐུགས་སུ་ཆུད་པ་དེ་ལ་བརྟེན་ནས།
་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་ཐམས་ཅད་ལ་མ་ཆགས་པ་འདི་ཐུགས་སུ་ཆུད་པ་ངོ་མཚར་ཆེའོ་ཞེས་བསྟན་པའོ། །མངོན་པར་རྫོགས་པར་སངས་རྒྱས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྟན
་ནས། མཚན་ཉིད་རྣམས་རབ་ཏུ་བསྟན་པ་ནི། དེ་བཞིན་གཤེགས་པས་མཚན་ཉིད་ཟབ་མོ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོ་མཚན་ཉིད་ཐམས་ཅད་ཀྱི་ཆགས་པ་ལས་འདས་པ་ཐུགས་སུ་ཆུད་ནས་ཀྱང། དེའི
་དོན་སྟོང་པ་ཉིད་ཀྱི་མཚན་ཉིད་སེམས་ཅན་རྣམས་ལ་རབ་ཏུ་བསྟན་པ་ནི་མཚན་ཉིད་ཟབ་མོ་ཐུགས་སུ་ཆུད་པས་བསྟན་པ་ངོ་མཚར་ཆེའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་འགྱུར་ཏེ། ཞེས་བྱ་བ་ནས། མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་དེ་ཞས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ། བཅོམ་ལྡན་འདས་ཀྱི་ཐུགས་སུ་ཆུད་དེ། སྤྱོད་ཡུལ
་དུ་གྱུར་ཅིང་དེ་ལ་སྤྱོད་པས། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་སོ་སོར་ཕྱེ་སྟེ་བསྟན་པ་ནི། ཐབས་དང་ཤེས་རབ་མཆོག་དང་ལྡན་ཏེ་ངོ་མཚར་ཆེའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར།
་གཟུགས་ཀྱི་མཚན་ཉིད་དང། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ་ཞེས་བྱ་པའི་བར་གྱིས་ནི། ཆོས་གང་དང་གང་གི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པའི་ཆོས་རྣམས་ཀྱི་མིང་ཙམ་བསྟན་པའོ།།
་དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ་སྟེ། ལྷའི་བུ་དག་གཟུགས་ནི་གཞིག་ཏུ་རུང་བའི་མཚན་ཉིད། དེ་ནི་དེ་བཞིན་གཤེགས་པ་མཚན་ཉིད་མེད་པར
་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ལ་སོགས་པ་ནི། ཀུན་རྫོབ་ཏུ་ཆོས་རྣམས་སོ་སོའི་མཚན་ཉིད་གང་ཡིན་པ་བསྟན་ནས། དོན་དམ་པར་དེ་དག་མཚན་ཉིད་མེད་པར་ཐུགས་སུ་ཆུད་པ་བསྟན་པ་སྟེ། དེ་ལ་གཟུགས་ནི་གཞིག་ཏུ
་རུང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཐོགས་པ་དད་བཅས་པ་ལ་གཟུགས་གཞན་གྱིས་གཟུགས་གཞིག་ཏུ་རུང་བའི་ཕྱིར་རོ། །དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པའི་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བྱ་བ་ནི།
་ཀུན་རྫོབ་ཏུ་གཟུགས་ཀྱི་མཚན་ཉིད་གཞིག་ཏུ་རུང་བ་ཡིན་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་པའི་ཕྱིར་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུང་ངོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་དོན
་འདི་ཚོར་བ་ལ་སོགས་པ་འོག་མ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཚོར་བ་ནི་མྱོང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། །བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་རྣམ་པ་གསུམ་མྱོང་བའི་མཚན་ཉིད
་ཡིན་པའི་ཕྱ་ཨིར་རོ། །འདུ་ཤེས་ནི་འཛིན་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་མིང་དང་མཚན་མ་ལ་སོགས་པར་འཛིན་པའི་ཕྱིར་རོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ལས་རྣམས་དབྱེ་བའི
་ཕྱིར་རོ། །རྣམ་པར་ཤེས་པ་ནི་སོ་སོའི་བྱེ་བྲག་ཤེས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཡུལ་དྲུག་སོ་སོའི་བྱེ་བྲག་འབྱེད་པའི་ཕྱིར་རོ། །ཕུང་པོ་རྣམས་ནི་སྡུག་བསྔལ་གྱིས་མཚན་ཉིད་དོ་ཞེས་བྱ་བ་ནི་ཨ་བ་དང་རྒ་བ་ལས་གོས་པར་འགྱུར་བའི་ཕྱིར་རོ།།
་ཁམས་རྣམས་ནི་གདུག་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་ཡུལ་དྲུག་དང། དབང་པོ་དྲུག་དང། རྣམ་པར་ཤེས་པ་དྲུག་འདུས་པ་ལས་རེག་པ་དང་ཚོར་བ་འབྱུང་བ་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་རྣམས་ནི་འབྱུང་བའི་སྒོའི་མཚན་ཉིད་དེ། ཞེས་བྱ་བ་ནི
་སྐྱེ་མཆེད་བཅུ་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་དྲུག་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་དེ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཆོགས་པ་ལས་འབྲས་བུ་འགྲུབ་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན
་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། ཆོས་དང་ཟང་ཟིང་གི་སྦྱིན་པ་རྣམས། ཆོས་དང་ཟང་ཟིང་འདོད་པ་རྣམས་ལ་ཡོངས་སུ་གཏོང་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུང་བ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ
་སླངས་ཏེ། ཚུལ་ཁྲིམས་དང་ལྡན་ན་བདག་ཉིད་ཀྱང་ཚེ་འདི་དད་ཕྱི་མ་གཉིས་ཀ་ལ། ལུས་དང་སེམས་གདུང་ཞིང་མི་བདེ་བ་མེད་པ་དང། སེམས་ཅན་ཕ་རོལ་ལ་ཡང་གནོད་པ་དང་གདུང་བ་མེད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མེད་པའི
་མཚན་ཉིད་དེ་ཞེས་བྱ་བ་ནི། བཟོད་པ་དང་ལྡན་ན་བདག་དང་ཕ་རོལ་གཉིས་ཀའི་སེམས་འཁྲུག་པ་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། བརྩོན་འགྲུས་ཀྱི་གོ་བགོས་ནས། བདུད་དང་བར་དུ་གཙེར་པ་རྣམS
་ཀྱིས་ཟིལ་གྱིས་མི་གནོན་ཅིང་མི་ཐུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡང་དག་པར་སྡུད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། སེམས་མཉམ་པར་བཞག་ན་ཡང་དག་པའི་དོན་རྟོགས་ཤིང་སྡུད་པ་དང། བསམ་གཏན་གྱི་འབྲས་བུ་རྫུ་འཕྲུལ
་ལ་སོགས་པས་སེམས་ཅན་རྣམས་ཡིད་ཆོས་ཤིང་འདུ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོགས་པ་མེད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ན། དངོས་པོ་གང་ལ་ཡང་ཆགས་བར་མི་འགྱུར
་བའི་ཕྱིར་རོ། །བསམ་གཏན་བཞི་དང་ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དག་ནི། མི་འཁྲུགས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་བསམ་གཏན་དང། ཚད་མེད་པ་དང། སྙོམས་པར་འཇུག་པ་འདི་དག་སེམས་མཉམ་པར
་བཞག་ཅིང་ཕྲ་བའི་ཕྱིར་འདོད་པ་དང། རྣམ་པར་རྟོག་པ་ལ་སོགས་པས་སེམས་མི་འཁྲུགས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འབྱུང་བའི་མཚན་ཉིད་དེ་ཞེས་བྱ་བ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང?་བ་བཞི་དང་
་རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་བའི་ལམ་ཡན་ལག་བརྒྱད་པ་རྣམས་ནི་འཁོར་བ་ནས་འབྱུང་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ
་སྟོད་པ་ཉིད་ནི་དབེན་པའི་མཚན་ཉིད་དེ་བཞེས་བྱ་བནི་གཟུང་བ་དང། འཛིན་པའི་དངོས་པོ་ཐམས་ཅད་དང་བྲལ་ཏེ་དབེན་བའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་མཚན་མར་རྣམ་པར་རྟོག་པ་ཐམས་ཅད
་སྤངས་ཏེ་ཞི་བའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པར་རྟོགས་ན་དངོས་པོ་གང་ཡང་བཙལ་ཞིང་ཡོངས་སུ་ཐོབ་བར་བྱ་བའི་ཕྱིར་སྨོན་ཅིང
་འབད་མི་དགོས་པས་འདོད་པ་མི་སྙེད་པའི་སྡུག་བསྔལ་མེད་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་རྣམས་ནི་འགྲེལ་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་རྣམས་བསྒོམ་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལས
་གྲོལ་བའི་འགྱུར་བའི་ཕྱིར་རོ། །སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ནི། ཡེ་ཤེས་ཀྱི་གཏན་ལ་བབ
་པར་བརྟགས་ན། དགེ་བ་སྤྱད་པ་སྣི་མཐོ་རིས་སུ་གདོན་མི་ཟ་བར་འགྲོ་།སྡིག་པ་སྤྱད་པས་ནི་ངན་འགྲོར་གདོན་མི་ཟ་བར་འགྲོ་བར་གཏན་ལ་བབ་པར་མཁྱེན་པའི་མཐུ་དང་ལྡན་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད་དེ
་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མངོན་པར་བྱང་ཆུབ་པ་དང། ཟག་པ་ཟད་པ་དང། བང་དུ་གཅོད་པའི་ཆོས་རྣམས་བསྟན་པ་དང། འཕགས་པའི་ལམ་རྣམས་བསྟན་པ་ལ། བདུད་དང་མཽ་སྟེགས་ཅན་རྣམས་ཀྱིས་གཞན་དུ་བསྒྱུར་མི་ནུས
་པའི་ཕྱིར?་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོངས་སུ་མི་ཆོད་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་ཆོས་དང། དོན་དང། ངེས་པའི་ཚིག་དང། སྤོབས་པ་སོ་སོར་ཡང་དག་བར་རིག་པ་རྣམས་ནི། བདུད་དང་ཕས་ཀྱི་རྒོལ་བ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་བར་མི་ཆོད
་པའི་ཕྱིར་རོ། །བྱམས་པ་ཆེན་པོ་ནི་ཕན་བར་བསྒྲུབ་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ། འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཕན་པ་དང། བདེ་བ་ཐོབ་པར་བྱེད་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་སྐྱོབ་བའི་མཚན་ཉིད་དེ་ཞེས་བྱ
་བ་ནི་སྡུག་བསྔལ་དང་མི་བདེ་བ་སྣ་ཚོགས་ལས་སྐྱོབ་བའི་ཕྱིར་རོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཤིང་རབ་ཏུ་དགའ་བ་དང། སེམས་ཅན་ཕ་རོལ་པོ་ལོངས་སྤྱོད་དང་འབྱོར་བ་ཕུན་སུམ
་ཚོགས་པ་མཐོང་ན། བདག་ཉིད་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་རོ། །གཏང་སྙོམས་ཆེན་པོ་ནི་མ་འདྲེས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་དང། དགྲ་དང་ཟུན་ལ་སོགས་པ་ལ་སེམས་མཉམ་པར་གྱུར་ཏེ། ཕྱོགས་གཅིག་ཏུ་མ་ཞེན་ཅིང
་མ་འདྲེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མི་འཕྲོགས་པའི་མཚན་ཉིད་དེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པའི་ཡོན་ཏན་མངའ་བ་རྣམས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ
་གཞན་ལ་མེད་དོ། དེ་དག་གིས་བསྟོད་ཅིང་ཕྲོགས་པར་མི་ནུས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མངོན་སུམ་གྱི་མཚན་ཉིད་དེ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་དོན་དམ་བར་གཉིས་ཀར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་གསལ
་བར་ཐུགས་སུ་ཆུད་པའི་ཕྱིར་རོ། །ལྷའི་བུ་དག་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱའོ་ཞེས་བྱ་བ་ནི།
་ཆོས་ཐམས་ཅད་མཚན་ཉིད་མེད་པར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པ་ཡིན་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི
་མཚན་ཉིད་ཀྱང་དེ་ལྟར་མཁྱེན་པ། དོན་དམ་པར་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཡང་ཐུགས་སུ་ཆུད་དེ། མཁྱེན་པ་ལ་ཆགས་ཐོགས་མེད་པའི་ཕྱིར། ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཟབ་མོ་འདི་ལ་བརྟེན་པས་མཁྱེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཞེས་བྱ་བ་ལ་སོགས་པས
་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་པ་དང། འཇིག་རྟེན་སྟོན་པ་ཡིན་པ་ལ། དེ་བཞིན་གཤེགས་པ་བསྟན་ཅིང་སྤྱོད་པ་དང། མཆོད་ཅིང་རིམ་གྲོ་མཛད་པ་བྱས་པ་དྲིན་དུ་གཟི་ཞིང། དྲིན་ལན་ལྡོན་པ་བསྟན་པ
་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་སྐྱེད་པ་སྟེ། ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གོམས་པར་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་ཡོངས་སུ་རྫོགས་ཤིང། དེ་བཞིན
་གཤེགས་པར་གྱུར་པའི་ཕྱིར། དེ་བཞིན་གཤེགས་བསྐྱེད་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་འདི་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཅིང་གོམས་པར་བྱས་པའི་མཐུས། དེ་བཞིན་གཤེཌ
་པས་སེམས་ཅན་རྣམས་ལ་འཇིག་རྟེན་འདི་དག་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །དེའི་ཕྱིར་དེ་བཞིན་གཤེས་པ་དགྲ
་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་བརྟེན་ཅིང་རྣམ་པར་སྤྱོད་དོ། །ཆོས་དེ་ལ་རིམ?་གྲོང་མཛད་ཅིང་མཆོད་པ་མཛད་དོ། ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེཌ
་པ་སྐྱེད་པ་དང། འཇིག་རྟེན་སྟོན་པ་ཡིན་པས་བྱས་པ་དྲིན་དུ་གཟོ་ཞིང་དྲིན་ལ་ལན་གློན་པའི་ཕྱིར། དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། འདི་ཉིད་ཀྱི་ཚུལ་སྤྱོད་ཅིང་འདི་ཉིད་ལ་མཆོད་པ་དང། རིམ་གྲོ་མཛད་དོ་ཞེས་བསྟན་པའོ།།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང། བཀུར་སྟི་མཛད་པ་དང། ཕུ་དུང་མཛད་པ་དང། མཆོད་པ་མཛད་པ་དེ་ནི་ཆོས་དང་ལྡན་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དྲིན་དུ
་གཟོ་ཞིང་མཆོད་པ་དང་བཀུར་སྟི་མཛད་པ་ནི། དམ་པའི་ཆོས་དང་མི་འགལ་ཏེ་སྐྱེས་བུ་དམ་པའི་ཆོས་དང་ལྡན་ཞིང་རིགས་པ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ
་བྱིན་པ་འདི་ལས་བྱུང་བ་སྟེ། ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ཅིང་རིམ་གྲོ་བྱ་བར་རིགས་པའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་ཅི་དགོམས་བར
་བྱས་པ་ལས། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་མཆོད་པ་དང། རིམ་གྲོ་བྱ་བར་རིགས་སོ་ཞེས་བསྟན་པའོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་མཁྱེན
་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་དགོངས་པ་ལ་བྱའོ་ཞེས་བྱ་བ་ནི་དེ་ལྟར་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ལ་དེ་བཞིན་གཤེགས
་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དྲིན་དུ་གཟོ་ཞིང། མཆོད་པ་དང་བཀུར་སྟི་མཛད་པ་ནི་བྱས་པ་མཁྱེན་པ་དང། བྱས་པ་དགོངས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གང་ལ་ལ་ཞིག་ཡང་དག་པར་སྨྲ་བས། བྱས
་པ་ཤེས་ཤིང་བྱས་པ་དྲན་ནོ་ཞེས་སྨྲ་ན། དེ་བཞིན་གཤེགས་པ་བྱས་པ་མཁྱེན་ཅིང་བྱས་པ་འགོངས་པའོ་ཞེས་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལས་བྱས་པ་དྲིན་དུ་གཟོ་ཞིང་བྱས་པ་མ་བསྙེལ་བ་འཇིག
་རྟེན་ན་གཞན་སུ་ཡང་མེད་པས། ད་ཨེབཞིན་གཤེགས་པ་ལ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པའོ་ཞེས་གང་སུ་ཞིག་སྨྲ་བ་ཡོད་ན། དེ་ནི་ཡང་དག་པར་སྨྲ་བ་སྟེ། བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེཌ
་པ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པ་ཡིན་ཞེ་ན། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གང་གིས་བྱོན་པ་དང། ལམ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་ཐེག་པ་དེ་ཉིད་དང་ལམ་དེ་ཉིད་ལ། དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང། བཀུར་སྟི་མཛད་པ་དང། ཕུ་དང་མཛད་པ་དང། མཆོད་པ་མཛད་པ་དང། ཡོངས་སུ་སྲུང་བ་མཛད་པའི་ཕྱིར་ཏེ།
་ཞེས་བྱ་བས་ནི། དེ་བཞིན་གཤེགས་པ་བྱས་པ་དྲིན་དུ་བཟོ་ཞིང་བྱས་པ་དགོངས་པའི་གཏན་ཚིགས་ཞིབ་ཏུ་བསྟན་པ་སྟེ། ཐབས་གང་གིས་བྱོན་པ་དང། ལམ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར
་སངས་རྒྱས་པར་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་གོ་འཕན་བརྙེས་པ་དང། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལ། ཐེག་པ་དང་ལམ་ཞེས་བྱ་སྟེ། དེ་ལ་མཆོད་ཅིང་རིམ་གྲོ་ལ་སོགས་པ་མཛད་པའི་ཕྱིར། བྱས་པ་མཁྱེན་པ་དང། བྱས་པ་དགོངས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་བྱས་པ་མཁྱེན
་པ་དང། བྱས་པ་དགོངས་པ་ལྟའོ་ཞེས་བྱ་བ་ནི་རྒྱུ་གང་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་པའི་རྒྱུ་དེ་ལ་མཆོད་ཅིང་རིམ་གྲོ་ལ་སོགས་མཛད་པ་དེ་ཉིད་ལ་བྱས་པ་དྲིན་དུ་གཟོ་ཞིང་དྲིན་ལ་ལན་ལྡོན་པ་ཡིན་པར་བལྟའོ་ཞེས་བསྟན་པའོ། །རབ་འབྱོར
་གཞན་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མེད་པ་ལ་བརྟེན་ཏེ། བྱེད་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་མཚན་མ་མེད་ཅིང་མུ་སྟེགས་ཅན
་གྱིས་བརྟགས་པའི་བྱེད་པ་པོ་མེད་པའི་ཕྱིར། ཆོས་ཐམས་ཅད་སུས་ཀྱང་མ་བྱས་པར་ཐུགས་སུ་ཆུད་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པས་ཐུགས་སུ་ཚུད་དོ་ཞེས་བྱ་བའི་དོན་ཏོ། །ལུས་མེད་པའི་ཕྱིར་མ་བྱས་པར་མངོན་པར་རྫོགས་པར་སངས
་རྒྱས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་བསྟན་པ་འདི་ལས་གྲགས་པའི་རྒྱུ་དང་རྐྱེན་རྣམས་ཀྱིས་མ་བྱས་པར་ཐུགས་སུ་ཆུད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་བརྟེན་ཏེ། ཆོས་ཐམས་ཅད་བྱ་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་བྱས་པ་དགོངས་པའོ་ཞེས་བྱ་བ་ནི། དེ་ལྟར་ཆོས་ཐམས་ཅད་བྱེད་པ་པོ་མེད་པ་དང། བྱ་བ་མེད་པར་ཐུགས་སུ་ཆུད་པ་དེ་ཡང་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། ཐུགས་སུ་ཆུད་ལ་དེ་ལྟར་ཐུགས་སུ་ཆུད་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱི་མཆོད་པ་བྱས་པ་ཡིན་ཏེ། དྲིན་དུ་གཟོ་ཞིང་དྲིན་ལ་ལན་ལྡོན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མེད་པ། ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ་ཞེས་བྱ་བ་ནི། དེ་ལྟར
་ཕྱེད་པ་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་སུས་ཀྱང་མ་བྱས་པར་མཁྱེན་པའི་ཡེ་ཤེས་དེ་ཡང་སུས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་བྱེད་པ་པོ་མེད་པར་མཁྱེན་པ་འཇུག་པ་ཡང་དོན་དམ་པར་ནི། འཇུག་པ་མེད་ཀྱི་ཀུན་རྫོབ་ཀྱི་བརྡ་ཙམ་དུ་འཇུག་གོ་ཞེས
་བསྟན་པའོ། །རབ་འབྱོར་རྣམ་གྲངས་ངེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་སྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ་ཞེས་བྱ་བ་ནི། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀུན་རྫོབ་དང། དོན་དམ་པའི་ཚུལ་དུ་ཐུགས་སུ
་ཆུད་དེ། དེ་བཞིན་གཤེགས་པར་གྱུར་པ་དང། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཆོས་ཐམས་ཅད་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད
་པ་དང། འཇིག་རྟེན་འདི་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ལ་ཤེས་པ་པོ་མ་མཆིས་ཤིང། མཐོང་བ་པོ་མ་མཆིས་ན། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེཌ
་པ་སྐྱེད་ཅིང་འཇིག་རྟེན་འདི་སྟོན་པ་ལགས། ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་ལ་བྱེད་པ་པོ་མེད་པར་བཤད་པའི་དོན་རབ་འབྱོར་གྱིས་རྟོགས་ནས། དེ་ལྟར་བྱེད་པ་པོ་མེད་ན། ཤེས་པ་པོ་དང་མཐོང་བ་པོ་ཡང་མེད་པས་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་མཁྱེན་པར་མཛད་པ་མ་རིགས་སོ་ཞེས་གལ་གཟུང་སྟེ། གསོལ་པའོ། ཁ་ཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤེས་པ
་པོ་མེད་ཅིང་མཐོང་བ་པོ་མེད་པའོ་ཞེས་བྱ་བ་ནི། རབ་འབྱོར་གྱིས་གསོལ་པའི་དོན་དེ་ཉིད་བདེན་ནོ་ཞེས་བཀའ་སྩལ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པས། ཤེས་པ་པོ་དང་མཐོང་བ་པོ་མེད་པ་ནི་བདེན་ན། དོན
་དམ་ལྟ་བུ་ཤེས་ན། འཇིག་རྟེན་ན་གཞན་སུ་ཡང་མེད་དེ། དེ་བཞིན་གཤེགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིམ་པ་འདི་ལ་བརྟེན་ཏེ་ཆོས་ཐམས་ཅད་ལ་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པར་རྟོགས་པས་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདིར་དེ་བཞིན་གཤེགས་པ་སྐྱེད་པ་དང། འཇིག་རྟེན་འདི་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ། གསོག་གསོབ་དབང་མེད་པ་སྙིང་པོ་མེད་པ་སྟེ། རབ་འབྱོར་རྣམ་གྲངས་ངེས་ན་ཆོས་ཐམས་ཅད་ནི
་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ་ཞེས་བྱ་བ་ནི་ཤེས་པ་པོ་མེད་པ་དང། མཐོང་བ་པོ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་ཤེས་པར་བྱ་བ་དང། མཐོང་བར་བྱ་བ་ཡང
་མེད་པའི་ཕྱིར། ཤེས་པ་པོ་དང་མཐོང་བ་པོ་མེད་དོ་ཞེས་བསྟན་པ་སྟེ། གསོག་དང་གསོབ་དང་དབང་མེད་པ་དང་སྙིང་པོ་མེད་པ་ཞེས་བྱ་བ་ནི། དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང
་མཐོང་བ་པོ་མེད་པ་སྟེ། རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མི་གནས་ཤིན་ཁོང་དུ་ཆུད་པ་མ་ཡིན་པ་སྟེ། རབ་འབྱོར་རྣམ་གྲངས་ངེས་ན་ཆས་ཐམས་ཅད་ཤེས་པ
་པོ་མེད་ཅིང་མཐོང་བ་པོ་མེད་པ་སྟེ། ཞེས་བྱ་བ་ནི། ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའི་གཏན་ཚིགས་རྣམ་པ་གཞན་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ཅི་ལ་ཡང་མི་གནས་ཤིང་ཁམས་གསུམ་གང་གི་ནང་དུ་གཏོགས་
་པ་ཡང་མ་ཡིན་པའི་ཕྱིར། ཤེས་པ་པོ་དང་མཐོང་བ་པོ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་མི
་གནས་ཤིང་གང་དུ་ཡང་མ་གཏོགས་པའི་ཕྱིར་ཤེས་པ་པོ་མེད་པ་དང། མཐོང་བ་པོ་མེད་པར་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེ་བཞིན་གཤེགས་པར་གྱུར་ནས། འཇིག་རྟེན་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པ་ལས
་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ཞེས་བསྟན་པའོ། །དེ་ཡང་གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ལ་སོགས་པ་སྣི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་འཇིག་རྟེན་ན་ཡང་དག་པ་ཇི་ལྟ་བ་ཉིད་དུ་སྟོན་པ་བཤད་པ་སྟེ། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་ཅིང་བསྒོམས་ན། ཀུན་བརྟགས་པའི་གཟུགས་ལ་མཚན་མར་མ་འཛིན་ཅིང།
་དངོས་པོར་མཐོང་བ་མེད་པར་གྱུར་པ་ཉིད། གཟུགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཡིན་ཞེས་བཤད་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་ཤེས་པར་བྱའོ། །རབ་འབྱོར་དེ་ལྟར་ན
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང། ཆོས་རྣམས་ཀྱི་ཡང་དག་པ་ཏེ་ད་ཇི་ལྟ་བ་བཞིན
་དུ་ཐུགས་སུ་ཆུད་ནས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མཐོང་བ་མ་མཆིས་པའི་སླད
་དུ་སྟོན་པ་ལགས་ཞེས་བྱ་བ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་མཐོང་བ་མེད་པའི་ཕྱིར་སྟོན་པའི་དོན་འོང་དུ་བཤད་པ་དེ་ཉིད་ཞིབ་ཏུ་བཤད་པའི་གླེང་བསླངས
་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན
་པ་ཉིད་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བའི་བར་གྱིས་ནི། ཆོས་རྣམས་མཐོང་པ་མེད་པའི་ཕྱིར་སྟོན་པའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། དེ་ལ
་ནམ་གཟུགས་ལ་དམིགས?་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཕྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་བསྒོམ་པའི་མཐུས་ཕྱིན་ཅི་ལོག་ཏུ་མཐོང་ཞིང་ཤེས་པ་རྣམས་སྤངས་ཏེ་ཀུན་བརྟཌ
་པའི་གཟུགས་ལ་ཕྱིན་ཅི་ལོག་ཏུ་དམིགས་ཤིང་མཚན་མར་འཛིན་པའི་རྣམ་པར་ཤེས་པ་མི་འབྱུང་བར་གྱུར་པ་དེའི་ཚེ། ཡང་དག་པའི་དོན་མཐོང་ཞིང་རྟོགས་པས། གཟུགས་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་ཕྱིར། གཟུགས་མཐོང་བ
་མེད་པའི་ཕྱིར་སྟོན་པ་ཞེས་བྱ་སྟེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་ནས། དེ་ལ་དམིགས་པའི་རྣམ་པར་ཤེས་པ་འབྱུང་བ་སྟེ། ཕྱིས་རབ་རིབ་བྱང་ནས་འཁྲུལ་པ་རྣམ་པར་ཤེས་པ་མི་འབྱུང་བ་བཞིན་དུ་ཞེས་བསྟན་པའོ།།
་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ
་བཤད་པའི་ཚུལ་དུ་དེ་བཞིན་གཤེགས་པ།?་ས?་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། དེ་བཞིན་གཤེགས
་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། རབ་འབྱོར་གཞན་ཡང་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས
་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མདོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ། ཡིན་པར་བཤད་པ་སྟེ། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་དུ་སྟོན་པ་ཞེས་བརྗོད་དེ། འཇིག་རྟེན་དུ་ཅི་སྟོང་པ་ཞེས
་བརྗོད་ཅེ་ན། གཟུགས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་བརྗོད་དོ་ཞེས་བྱ་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ངོ་ཟེས་བྱ་བར་འཇིག་རྟེན་དུ་བརྗོད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི
་བར་དུ་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྗོད་ཅིང་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བརྗོད་ཅིང་བསྟན་པའི་དོན། བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དི་དེ་བཞིན་གཤེགས་པ་སྐྱེད
་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན། འཇིག་རྟེན་སྟོང་ཞེས་བྱ་བར་བརྗོད་འཇིག་རྟེན་སྟོང་ཞེས་བྱ་བར་ཤེས་པར་བྱེད་དོ།།
་རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིས་པ་ནི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འཇིག་རྟེན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པར་འཆད་ཅིང་བསྟན་པ
་ལས་དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ
་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་གྱི་རང་བཞིན་དུ་ཞིབ་ཏུ་འཆང་པའི་ཕྱིར། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན
་པར་བསྟན་པ་སྟེ། འཇིག་རྟེན་སྟོང་ཞེས་བྱ་བར་ཇི་ལྟར་སྟོན་ཅེ་ན། འཇིག་རྟེན་ན་གཟུགས་སྟོང་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བ་ནས། འཇིག་རྟེན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས
་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིབ་ཏུ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པར་བྱས་པ་ལ། དེ་བཞིན་གཤེགས་པར་འགྱུར་བའི་ཕྱིར། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བསྟན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱི་མི་ཁྱབ་ཅེས་བྱ་བར་སྟོན་ཏེ་ཞེས་བྱ་བ
་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་པར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། སེམས་དང་སེམས་ལས
་བྱུང་བའི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར། བསམ་གྱིས་མི་ཁྱབ་པར་སྟོན་པའི་སྒོ་ནས། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤྡ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ
་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ། འཇིག་རྟེན་ཞེས་བྱ་བ་ནི། ཀུན་རྟགས་པའི་རང་བཞིན་དུ་གཏོགས་པའི་ཆོས་ཐམས་ཅད་ལས་དགོངས
་ཏེ་འཇིག་རྟེན་ཞེས་བཤད་དོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་ཨོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏེ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་དབེན་ཞེས
་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཆོས་ཐམས་ཅད་དོན་དམ་པར་གཟུང་བ་དང་འཛིན་པ་ལས་དབེན་ཞིང་སྟོང་པར་ཤེས་པ་ལས་དེ་བཞིན་གཤེགས་པར་གྱུར་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་མཛའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏེ་ཞེས
་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་མཛའ་ལས་འདས་པ་སྟོང་པའོ། །ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང
་པས་ཡོད་པ་དང་མེད་པ་དང། རྟག་པ་དང་མི་རྟག་པ་ལ་སོགས་པའི་མཛའ་ལས་འདས་ཏེ་སྟོང་ངོ་ཞེས་བཤད་པ་ལས་དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་།
་རྟེན་སྟོན་པ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་ངོ་བོ་ཉིད་ཀྱི་སྟོང་པ་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ངོ་བོ་ཉིད་སྟོང་པ་ཞེས
་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་བཤད་པ་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ཟབ?་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང། འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བ
་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བཤད་པ། བཅོམ
་ལྡན་འདས་ཀྱིས་ཐུགས་སུ་ཆུང་པ་ལས་དེ་བཞིན་གཤེགས་པར་གྱུར་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན
་གཤེགས་པ་ལ་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏེ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ།
་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཞི་ཞིང་གཟུགས་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་ལ་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་མེད་དེ། ཞི་བར་གྱུར་པ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས
་ཐུགས་སུ་ཆུད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། དོན་དམ་པར
་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པར་བསྟན་པ། བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་པ་ལས། དེ་བཞིན་གཤེགས་པར་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན
་སྟོན་པ་ཡིན་པར་བཤད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་ཇི་ལྟར་སྟོན་ཅེ་ན། ཅི་ནས་ཀྱན་འཇིག་རྟེན་འདིའི་འདུ་ཤེས་སུ་ཡང་མི་འགྱུར་ལ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་ཡང་མི་འགྱུར་བ་ལྟར་སྟོན
་ཏེ་ཞེས་བྱ་བ་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པའོ་ཞེས་བཤད་པ་ལ། ཁ་ཅིག་འཇིག་རྟེན་ཞེས་བྱ་བ་དང། དངོས་པོ་ཡོད་པར་འཛིན་པ་བསལ་བའི་ཕྱིར། དོན་དམ་པར་འཇིག་རྟེན་འདི་དང་འཇིག
་རྟེན་ཕ་རོལ་གཉིས་ཀ་ཡང་དངོས་པོ་མེད་དེ། དེ་ལྟ་བུའི་འདུ་ཤེས་ཀྱང་མི་འབྱུང་བར་འཆད་པ་ཉིད་འཇིག་རྟེན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར། འཇིག་རྟེན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི
་ལྟར་གན་གིས་འཇིག་རྟེན་འདིའི་འདུ་ཤེས་སུ་འགྱུར་བ་འམ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་འགྱུར་བའི་ཆོས་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ནི། འཇིག་རྟེན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་གཏན་ཚིགས་བཤད་པ་སྟེ། འཇིག་རྟེན
་འདི་ཞེས་བྱ་བ་འམ། འཇིག་རྟེན་ཕ་རོལ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་ན་ནི། དེའི་འདུ་ཤེས་ཀྱང་སྐྱེ་བར་འགྱུར་ན། དེ་ལྟ་བུའི་དངོས་པོ་གང་ཡང་མེད་པས། དེའི་འདུ་ཤེས་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་རྒྱུ་ཆེན་པོ་ཡིན་ཏེ། གཞན་གྱི་དོན
་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་པ་བསྟན་པ་སྟེ། དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས། མཐུ་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བསྐྱབ་པ་དང། བྱམས་པ་ཆེན་པོས་སེམས
་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་དོན་ཆེན་པོ་མཛད་པ་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་གོམས་པར་གྱུར་པའི་མཐུ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཆེན་པོ་མཛད་པ་ཡིན་ནོ་ཞེས་བསྟན་པའོ། །དོན་བསམ་གྱིས
་མི་ཁྱབ་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སངས་རྒྱས་ཞེས་བྱ་བ་དང། དེ་བཞིན་གཤེགས་པ་ཞེས་བྱ་བ་དང། རང་འབྱུང་བ་ཞེས་བྱ་བ་དང། ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་ཏེ། དེའི
་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྒྱུ་ཡིན་པའི་ཕྱིར། དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དཔག་ཏུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟན་ནས། བཅོམ
་ལྡན་འདས་ཀྱིས་མངོན་པར་སངས་རྒྱས་པ་དང། དེ་བཞིན་གཤེགས་པ་ཞེས་བྱ་བར་གྱུར་པ་དང། རང་འབྱུང་བ་ཞེས་བྱ་བར་གྱུར་པ་དྡང། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གྱུར་པའི་ཡོན་ཏན་དེ་དག་སེམས་ཅན་གང་གིས་ཀྱང།
་ཚད་བཟུང་ཞིང་དཔག་པར་མི་ནུས་ཏེ། དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། དོན་གཞལ་དུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་ལ་བརྟེན་ནས། སངས་རྒྱས་ཞེས་བྱ་བར་གྱུར་པ་དང། དེ་བཞིན་གཤེགས་པ་ཞེས་བྱ་བར་གྱུར་པ་དང། རང་བྱུང་བ་ཞེས་བྱ་བར་གྱུར་པ་དང། ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་པའི་ཡོན་ཏན་དེ་དག་གྲངས་འདི་སྙེད་ཅིག་གི་ཞེ་འམ།
་ཚད་འདི་ཙམ་མོ་ཞེས་སུས་ཀྱང་གཞལ་ཞིང་བགྲང་བར་མི་ནུས་ཏེ། ཡོན་ཏན་དེ་ལྟ་བུའི་རྒྱུ་ཡིན་པའི་ཕྱིར་རོ། །དོན་མི་མཉམ་པ་དང་མཉམ་པའི་སླང་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བཅོམ
་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས་ཏེ། དེ་དང་མཉམ་པ་ཡང་སུ་ཡང་མེད་ན། དེ་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་བླ་ན་མེད་པའི་བྱང་ཆུབ་སུ་དང་ཡང་མི་མཉམ་པ་དེ་དང་མཉམ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་གཤེགS
་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཉམ་པས་མཉམ་པ་ཡང་སུ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཆེན་པོ་དང། དོན་བསམ་གྱིས་མི་ཁྱབ་པ་དང། དོན་དཔག་ཏུ་མེད་པ་དང
་དོན་གཞལ་དུ་མེད་པ་དང། དོན་མི་མཉམ་པ་དང་མཉམ་པ་མཛད་པ་ཡིན་ནོ་ཞེས་གོང་དུ་མདོར་སྨོས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཉིད་ཀྱི་སོ་སོར་ཕྱེ་སྟེ། ཞིབ་ཏུ་བཤད་པ་སྟེ། སོ་སོའི་དོན་ནི་སྔར་བཤད་པར་ཟད་དོ། །གསོལ་པ་བཅོམ་ལྡན་འདས
་སངས་རྒྱས་ཉིད་དང། དེ་བཞིན་གཤེགས་པ་ཉིད་དང། རང་བྱུང་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། བསམ་གྱིས་མི་ཁྱབ། དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང། མི་མཉམ་པ་དང་མཉམ་པ་ལགས་སམ་ཞེས་བྱ་བ
་ནི། ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་ཏུ་མེད་པ་དང། མི་མཉམ་པ་དང་མཉམ་པ་ཡིན་པར་ཞིབ་ཏུ་བཤད་པའི་གླིང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཞེས་བྱ་བ་ནས། རབ་འབྱོར་རྣམ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་པ་དང། གཞལ་ཏུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བའི་བར་དུ་ནི།
་སངས་རྒྱས་ཞེས་བྱ་བ་དང། དེ་བཞིན་གཤེགས་པ་ཞེས་བྱ་བ་དང། རང་བྱུང་བ་ཞེས་བྱ་བ་དང། ཐམས་ཅད་མཁྱེན་པ་ཞེས་བྱ་བ་འབའ་ཞིག་།བསམ་གྱིས་མི་ཁྱབ་དཔག་ཏུ་མེད་།གཞལ་དུ་མེད། མི་མཉམ་པ་དང་མཉམ་པར་མ་ཟད་ཀྱི། གཟུགས
་པ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་བསམ་པ་དང། དཔག་པ་དང། གཞལ་བ་དང། མཉམ་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད
་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ནི། གོང་དུ་བཤད་པའི་དོན་མདོར་བསྡུས་ཏེ་བསྟན་པ་སྟེ། མདོར་ན་འཇིག་རྟེན་དང། འཇིག་རྟེན་ལས་འདས་པ་དང། འདུས་བྱས་དང། འདུས་མ་བྱས་དང།
་ཟག་པ་དང་བཅས་པ་དང། ཟག་མེད་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས། བསམ་པ་དང། དཔག་པ་དང། མཉམ་དུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ
་ལ་ནི་སེམས་མི་དམིགས་སོ། །སེམས་ལས་བྱུང་པའི་ཆོས་རྣམས་ཀྱང་མི་དམིགས་སོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་དེ། བསམ་པ་དང་དཔག་པ་ལ་སོགས་པའི་སེམས་ཀྱི
་སྤྱོད་ཡུལ་དུ་མི་འགྱུར་ན། ཆོས་དེ་དག་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་གང་ཡིན་པ་དེ། བསམ་ཞིང་དཔག་པའི་སྤྱོད་ཡུལ་དུ་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བས། དམིགས་སུ་རུང་བ་ཞིག་ཡིན་སྙམ་དུ་ཁ་ཅིག་རྣམ་པར་རྟོག་པ་འབྱུང
་ཡང་སྲིད་དེ། དེ་ལྟ་བུའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཅེས་བྱ་བ་ཡང་ཀུན་རྫོབ་ཏུ་ཚིག་ཙམ་དུ་བརྗོད་དུ་ཟད་ཀྱིས། དོན་དམ་པར་སེམས་དང་སེམས་ལས་བྱུང་བས། དམིགས་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ།།
་རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་ཡང་མི་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ
་མེད་པ་སྟེ། མི་མཉམ་ཕ་དང་མཉམ་པ་ཡང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བསམ་པ་དང་དཔག་པ་དང་གཞལ་དུ་མེད་དེ་མི་མཉམ་པ་དང་མཉམ་པའོ་ཞེས་བཤད་པ་ལ་མི་མཉམ་པ་དང
་མཉམ་པ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་སྙམ་དུ། རྣམ་པར་རྟོག་པ་འབྱུང་ཡང་སྲིད་དེ། དེ་ལྟ་བུའི་རྣམ་བར་རྟོག་པ་བསལ་བའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ཡང་ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱི་དོན་དམ་པར
་ནི་དེ་ཡང་མི་དམིགས་སོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་བསམ་གྱིས་མི་ཁྱབ། དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་།མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལགས་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལས་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ
་མེད་པ་དང། གཞལ་ཏུ་མེད་པ་དང། མི་མཉམ་པ་དང་མཉམ་པ་མི་དམིགས་པའི་དོན་དེ་ཉིད་ཞིབ་ཏུ་བཤད་ཅིང། འཁོར་རྣམས་ཀྱི་བརྟན་པར་རྟོགས་པར་བྱ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས
་ལ་ཡང་བསམ་པ་དང། དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས
་ལ་སོགས་པའི་ཆོས་ཐམས་ཅད་ལ་དངོས་པོ་ཞིག་ཡོད་ན་ནི། སེམས་ཀྱིས་བསམ་ཞིང་དཔག་པ་འམ། ཚད་ཀྱིས་བཅལ་ཞིང་མཉམ་དུ་ཡང་རུང་ན། དོན་དམ་པར་དངོས་པོ་མེད་པས་དེ་ལྟ་བུ་མི་དམིགས་སོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན
་འདས་ཅིའི་སླད་དུ་གཟུགས་ལ་བསམ་པ་དང་དཔག་པ་དང། ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་བ་ལགས་ཞེས་བྱ་བ་ནས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང། མི་དམིཌ
་པ་ལགས་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་པའི་དོན་དེ་ཉིད་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར། རབ་འབྱོར་གྱིས་ནུས་པའོ། །
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་གྱིས་ངོ་བོ་ཉིད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་ལ། མི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་གཟུགས་ལ་བསམས་པ་དང། དཔག་པ་དང
་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བ་ནས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསམ་པ་དང། དཔག་པ་དང། ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི
་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས། བསམ་པ་དང། དཔག་པ་དང། གཞལ་དུ་མི་རུང་སྟེ། དེའི་ཕྱིར་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བསྟན་པའོ། །རབ
་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་གང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་སྟེ། དེ་ལ་གཟུགས་དམིགས་སུ་ཡོད་དམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད།
་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་ཡོད་དམ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི
་མཉམ་པ་དང་མཉམ་པ་བཤད་པའི་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྨྲས་པ་སྟེ། འཁོར་གྱི་ནང་ན་ཁ་ཅིག་དེ་ལྟར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་།གཞལ་དུ་མེད་།མི་མཉམ་པ་དང
་མཉམ་པ་ཞེས་བྱ་བ་དེ་ལ་དངོས་པོ་འགའ་ཞིག་ཡོད་དམ་སྙམ་དུ་སེམས་དཔའ་ཨི་རྣམ་པར་རྟོག་པ་བསལ་བའི་ཕྱིར། གཟུགས་བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང། མཉམ་པ
་ཞེས་བྱ་བ་གང་ཡིན་པ་དེ་ལ་གཟུགས་ཀྱི་དངོས་པོ་དམིགས་སུ་ཡོད་དམ་ཞེས་སྨྲས་པ་སྟེ། བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་དེ་ཉིད་དངོས་པོ་མེད་པའི་རྣམ་ཐབས་ཡིན་པས།
་དེ་ལ་གཟུགས་ཀྱི་དངོས་པོ་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གསོལ་པ་བཅོམ་ལྡན་འདས་དེ་མ་མཆིས་སོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས། བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང་མཉམ་པ་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པའི་དངོས་པོ་གང་ཡང་དམིགས་སུ
་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན། རྣམ་གྲངས་འདིས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ནི། གོང་དུ
་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རེ་རེ་ནས་སོ་སོར་ཕྱེ་སྟེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དོན་བཤད་པ་དེ་ཉིད་མདོར་བསྡུས་ཏེ་བསྟན་པའོ། །རབ་འབྱོར་དེ་བཞིན་གཤེགས་པའོ། དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་བསམ་པ
་དང་བྲལ་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ལ་སོགས་པ་ནི། བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང་མཉམ་པའི་དོན་གོང་དུ་བཤད་པ་ཞིབ་ཏུ་འགྲོལ་པ་སྟེ། དེ་བཞིན་གཤེཌ
་པའི་དེ་བཞིན་གཤེགས་པའི་ཆོས་འདི་དག་ནི་ཞེས་བྱ་བ། དེ་བཞིན་གཤེགས་པའི་ཞེས་བྱ་བའི་ཚིག་ལན་གཉིས་སྨོས་པ་གོང་མ་ནི་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ཅིང། བཤད་པའི་ཆོས་རྣམས་ལ་བྱའོ། །དེ་བཞིན་གཤེགས་པའི
་ཆོས་འདི་དག་ནི་ཞེས་བྱ་བའི་ཚིག་འགམ?་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཡོན་ཏན་བརྙེས་པའི་ཆོས་སངས་རྒྱས་ཉིད་དང། དེ་བཞིན་གཤེགས་པ་ཉིད་དང། རབ་བྱུང་བ་ཉིད་དང། ཐམས་ཅད་མཁྱེན་པ་ཉིད་ཅེས
་བྱ་བ། གོང་དུ་སྨོས་བ་རྣམས་ལ་བྱ་སྟེ་།དེ་བཞིན་གཤེགས་པའི་ཆོས་དེ་དག། བསམ་པ་དང་བྲལ་བའི་ཕྱིར། བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་དེ་དག་ལ། སེམས་པའི་བསམ་པ་ཉིད་ཀྱང་དངོས་པོ་མེད་དེ། དེ་ལྟར
་བསམ་པ་དང་བྲལ་བའི་ཕྱིར་བསམ་གྱིས་མི་ཁྱབ་བོ་ཞེས་བསྟན་པའོ། །དཔག་པ་དང་བྲལ་བའི་ཕྱིར་དཔག་ཏུ་མེད་པའོ་ཞེས་བྱ་བ་ནི། ཆོས་དེ་དག་ལ་དཔོག་པའི་རྣམ་པར་རྟོག་པ་ཉིད་ཀྱང་དངོས་པོ་མེད་པའི་ཕྱིར་དཔག་ཏུ་མེད་དོ་ཞེས་བྱ་བའི
་དོན་ཏོ། །ཚད་དང་བྲལ་བའི་ཕྱིར་གཞལ་དུ་མེད་པའོ་ཞེས་བྱ་བ་ནི་མངོན་སུམ་དང། རྗེས་སུ་དཔག་པ་ལ་སོགས་བའི་ཚང་མས་འཇལ་ཞིང་གཏན་ལ་འབེབ་?་ཉིད་ཀྱང་དངོས་པོ་མེད་པའི་ཕྱིར། གཞལ་དུ་མེད་དོ་ཞེས་བསྟན་པའོ། །མཉམ
་པ་དང་མི་མཉམ་པ་དང་བྲལ་བའི་ཕྱིར་མི་མཉམ་པ་དང་མཉམ་པ་སྟེ། ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས། མཉམ་པ་དང་མི་མཉམ་པ་ཞེས་བྱ་བའི་ཐ་སྙད་ལས་འདས་པའི་ཕྱིར། མི་མཉམ་པ་དང་མཉམ་པ
་ཞེས་བྱ་སྟེ་སྐབས་འདིར་ཡང་མི་མཉམ་པ་ཞེས་བྱ་བ་ནི་དེ་བཞིན་ཉིད། སྟོང་པ་ཉིད་ཀྱི་རང་བཞིན་ལ་བྱ་སྟེ། དེ་དང་མཉམ་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ཅེས་བྱ་བའི་དོན་ཏོ། །རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་བསམ
་གྱིས་མི་ཁྱབ། དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བ་ནི། དེ་ལྟར་སངས་རྒྱས་ཉིད་དང། དེ་བཞིན་གཤེགས་པ་ཉིད་དང། རང་བྱུང་ཉིད་དང། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ། དེ་བཞིན་གཤེཌ
་པའི་ཆོས་དེ་དག་ནི། བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང་མཉམ་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང། བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་མི་མཉམ་པ་དང།
་མཉམ་པའོ་ཞེས་བསྟན་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི། དེ་བཞིན་གཤེགས་པའི་ཆོས་འདི་དག་ནི། བསམ་པ་ལས་ཡོངས་སུ་འདས་པས་ན། བསམ་གྱིས་མི་ཁྱབ་པའོ། །ཞེས་བྱ་བ་ནས། མཉམ་པ་དང་མི་མཉམ་པ་ལས་ཡོངས་སུ་འདས
་པས་ན། མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བའི་བར་གྱིས་ནི། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དོན་གང་དུ་བཤད་པ་དེ་ཉིད། ཚིག་གི་རྣམ་གྲངས་གཞན་གྱིས་བཤད་པ་སྟེ། བསམ་པ་དང་བྲལ་བའི་ཕྱིར། བསམ་གྱིས་མི་ཁྱབ་པའོ་ཞེས
་བྱ་བའི་ཚིག་དང་དོན་དེ་ཉིད། བསམ་པ་ལས་ཡོངས་སུ་འདས་པས་ན། བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བའི་ཚིག་གིས་བསྟན་ན་ཆོས་ཉན་པའི་འཁོར་ཁ་ཅིག་ལ་གོ་བར་སླ་བའི་ཕྱིར་དེ་སྐད་བསྟན་ཏེ། སེམས་པ་དང་བསམ་པར་བྱ་བ་གཉིས་ཀ་ཡང
་དོན་དམ་པར་དངོས་པོ་མེད་པས། བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། དེ་བཞིན་དུ་དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང་མཉམ་པ་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་བསམ་གྱིས་མི་ཁྱབ་ཅེས་བྱ་བ་འདི་ནི་བསམ་དུ་མེད
་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པས་མཉམ་པ་མེད་པའི་ཚིག་བླ་དགས་ཏེ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཆོས་ཐམས་ཅད་བསམ་པ་ལ་ལོགས་པ་ལས་ཡོངས་སུ་འདས་ན། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག
་ཏུ་བརྗོད་དུ་ཡང་ཅི་ཡོད་སྙམ་དུ་འཁོར་གྱིས་ནང་ན་ཁ་ཅིག་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར། བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ཡང་ཀུན་རྫོབ་ཏུ། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཚིག་བླ་དགས་སུ་བཏགས་པར་ཟད་ཀྱི། དོན
་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པའོ།། རབ་འབྱོར་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི། ནམ་མཁའ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་བྱ་བ་ནས། ནམ་མཁའ་མི་མཉམ་པ་དང། མཉམ་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བའི་བར་དུ་ནི།
་དངོས་པོ་མེད་པ་ལས་ཚིག་བླ་དགས་སུ་བཏགས་པའི་དཔེ་བསྟན་པ་སྟེ། དཔེར་ན་ནམ་མཁའ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་མེད་པ། བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཏུ་བརྗོད་པ་བཞིན་ནོ་ཞེས་བསྟན་པའོ། །
་རབ་འབྱོར་དེ་བཞིན་གཤེགས་པའི། དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ། གཞལ་དུ་མེད་པ། མི་མཉམ་པ་དང་མཉམ་པ་སྟེ། དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བསམ
་པ་འམ་དཔག་པར་མི་ནུས་ཏེ། དེ་ལྟར་ན་སངས་རྒྱས་རྣམས་ནི་གཞལ་དུ་མེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། གཞལ་དུ་མེད་དོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི
་མཉམ་པ་དང་མཉམ་པ་གོང་དུ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། བསམ་ཞིང་དཔག་བར་བྱ་བའི་དངོས་པོ་ཡང་མེད། སེམས་ཤིང་དཔོག་པར་བྱེད་པའི་སེམས་སེམས་ལས
་བྱུང་བ་ཡང་མེད་པའི་ཕྱིར། སུས་ཀྱང་བསམ་ཤིང་དཔག་ཏུ་མི་རུང་ངོ་ཞེས་བསྟན་པའོ། །དེ་ལྟར་ན་སངས་རྒྱས་རྣམས་ནི། གཞལ་དུ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་ན། སངས་རྒྱས་ཉིད་དང། དེ་བཞིན
་གཤེགས་པ་ཉིད་དང། རང་བྱུང་ཉིད་དང། དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་རྣམས་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་དོ་ཞེས་བསྟན་པའོ། །སངས་རྒྱས་ཀྱི་ཆོས་རྣམས
་ནི་གཞལ་དུ་མེད་དོ་ཞེས་བྱ་བ་ནི་། དེ་བཞིན་གཤེགས་པས་ཐུགས་ཆུད་ཅིང། བཤད་པའི་ཆོས་རྣམས་བསམ་གྱིས་མི་ཁྱབ། དཔག་ཏུ་མེད། གཞལ་དུ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་བསམ་གྱིས
་མི་ཁྱབ་པ་དང། དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ་པ་དང་མཉམ་པའི་ལེའུ་འདི་བསྟན་པའི་ཚེ། ཞེས་བྱ་བ་ལ་སོགས་པས་ནི། བསམ་གྱིས་མི་ཁྱབ་པའི་ཆོས་ཟབ་མོ་བཤད་པའི་དོན་ཡོད་པ་བསྟན་པ་སྟེ། དགེ་སློང་ལྔ་བརྒྱ་ཉེ
་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློབ་མ་ལྔ་བརྒྱ་ཕྲག་ཉི་ཤུས་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་དེ་སྙེད་ཅིག་གིས་ཕུང་པོ་ཕྱི་མ་ལེན་པ་མེད
་པར། ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏེ། ཕྱིར་མི་འོང་བ་དང། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དགེ་བསྙེན་ཕ་སྟོང་ཕྲག་དྲུག་ཅུ་དང། དགེ་བསྙེན་མ་སྟོང་ཕྲག་སུམ་ཅུས་ནི། ཆོས་རྣམས་ལ་རྡུལ་དང
་བྲལ་ཞིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ་ཞེས་བྱ་བ་ནི། དགེ་བསྙེན་དང་དགེ་བསྙེན་མ་ལ་རྣམ་པ་གསུམ་སྟེ། ཁྲིམས་བརྒྱད་པ་དང། ཀྲཧིམས་ལྔ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་སྟེ།
་དེ་དག་གིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་དོན་པའི་རྡུལ་དང་བྲལ་ཞིང་འདོད་པའི་འདོད་ཆགས་དང། ཁོང་ཁྲོ་བ་ལ་སོགས་པའི་དྲི་མ་དང་བྲལ་ཏེ། འཕགས་པའི་བདེན་པ་བཞི་ལ་སོགས་པ་དམ་པའི་ཆོས་ལ་ལྟ་བ་ཡོངས་སུ་དག་པར
་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་ཉི་ཤུས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་མོས་པ་སྦྱོང་པའི་ས་ལ་གནས་པ་ལ་སོགས་པ་དེ་སྙེད་ཅིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ།
་བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ལ་གནས་པར་གྱུར་ཏོ་ཞེས་བསྟན་པའོ། །དེ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་བྱ་བ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིངས
་བརྒྱད་བ་ལ་གནས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་།ད་ལྟའི་བསྐལ་པ་བཟང་པོ་འདི་ཉིད་ལ། སངས་རྒྱས་སུ་འགྱུར་བ་ལུང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་བཞི
་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་བ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན
་ཆེན་པོའི་སླད་དུ་ཉེ་བར་གནས་པའོ་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གོང་དུ་བཤད་པའི་རིམ་པ་ལྟར་དོན་ཆེན་པོ་བྱེད་ཅིང་བསམ་གྱིས་མི་ཁྱབ་པ་དང་དཔག་ཏུ་མེད་པ་དང། གཞལ་དུ་མེད་པ་དང། མི་མཉམ
་པ་དང་མཉམ་པའི་དོན་དང་ལྡན་པ་ཉིད་ཡང་བཟླས་ཏེ། བརྗོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ནང་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་འདུས་པ་དང། རྒྱལ་པོ་ཆེན་པོའི་དགོས་པ་ཐམས
་ཅད་བློན་པོས་བྱེད་པའི་དཔེས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་དགོས་པ་ཐམས་ཅད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འབའ་ཞིག་བྱེད་པ་བསྟན་པའི་སྒོ་ནས། དོན་ཆེན་པོ་བྱེད་པར་བསྟན་པ་སྟེ། དེ་ལ་བཅོམ་ལྡན་འདས་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་པའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དོན་མི་མཉམ་པ་དང། མཉམ་པའི་ཕྱིར
་ཉེ་བར་གནས་པའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས། དོན་ཆེན་པོ་མཛད་པར་རབ་འབྱོར་གྱིས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དེ་བདེན་ནོ་ཞེས་བཀའ་སྩལ་པ་སྟེ། དོན་ཆེན་པོ་དང་དོན་བསམ་གྱིས་མི་ཁྱབ་པ་ལ་སོགS
་པའི་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདུས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ནིད་འདུས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་དོན་ཆེན་པོ་མཛད་པའི་གཏན་ཚིགས་བསྟན་པ་སྟེ་།ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་དགོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འབའ་ཞིག་བྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་དོན་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ། མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པའོ་ཞེས་བྱ་བའི་བར་གྱིས་ནི། ཤེ་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འདི་དོན་ཆེན་པོ་བྱེད་པའི་དཔེ་བསྟན་པ་སྟེ། དཔེར་ན་རྒྱལ་པོ་ཆེན་པོའི་དོན་ཐམས་ཅད་བློན་པོས་བྱེད་པ་དེ་བཞིན་དུ། སངས་རྒྱས་ཀྱི་བྱ་བ་ཐེག་པ་ཆེ་ཆུང་གསུམ་གྱི་དགོས་པ་ཐམས་ཅད་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་བྱེད
་པའི་ཕྱིར། དོན་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས། གཟུགས་ཡོངས་སུ་འཛིན་པ་མེད་པ་དང། མངོན་པར་ཆགས་པ་མེདཔར་ཉེ་བར་གནས་སོ། །ཞེས་བྱ་བ་ལ་སོགས་པས
་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། དོན་ཆེན་པོ་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི། མཉན་པ་དང་སེམས་པ་དང་བསྒོམ་པའི་སྒོ་ནས། དོན་དམ་པར་ཆོས་ཐམས་ཅད་སྟོང་པར
་རྟོགས་ན། གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲིད་པའི་དབང་གིས་ཡོངས་སུ་འཛིན་པར་ཡང་མི་འགྱུར་བ། ལྟ་བ་ལོག་པའི་ཕྱོགས་ལ་མངོན་པར་ཆགས་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ཟབ་མོ་འདི་དོན་ཆེན་པོ་བྱེད་པ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། ལམ་གྱི་རྣམ་པར་ཤེས་པ་ཉིད་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཡང་སྦྱོར་བར་བྱའོ། །གསོལ་པ
་བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། གཟུགས་ཡོངས་སུ་འཛིན་པ་མ་མཆིས་པ་དང། མངོན་པར་ཆགས་པ་མ་མཆིས་པར་ཉེ་བར་གནས་པ་ལེགས། ཞེས་བྱ་བ་ནས། ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི
་བྱང་ཆུབ་ལ་ཡོངས་སུ་འཛིན་པ་མ་མཆིས་པ་དང། མངོན་པར་ཆགས་པ་མ་མཆིས་པས་ཉེ་བར་གནས་པ་ལགས་ཞེས་བྱ་བའི་བར་གྱིས་ནི། ཡོངས་སུ་གཟུང་བར་བྱ་བ་དང། མངོན་པར་ཆགས་པར་བྱ་བའི་དངོས་པོ་དང། ཡོངས་སུ་འཛིན་པར་བྱེད་པ་དང།
་མངོན་པར་ཆགས་པར་བྱེད་པའི་བྱེད་པ་པོ་དང། གང་གིས་ཡོངས་སུ་གཟུང་བར་བྱ་བ་དང། མངོན་པར་ཆགས་པར་བྱ་བའི་སེམས་ཀྱང། དངོས་པོ་མེད་པར་བསྟན་པའི་གླེང་བསླང་བའི་ཕྱིར། རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ཁྱོད་ཀྱིས་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་ངམ། ཞེས་བྱ་བ་ལ་སོགས་པས་ནི། ཇི་ལྟར་ན་ཡོངས་སུ་གཟུང་བ་མ་མཆིས་པ་དང་།མངོན
་པར་ཆགས་པ་མ་མཆིས་པ་ལགས། ཞེས་རབ་འབྱོར་གྱིས་ཞུས་པའི་དོན་ཞིབ་ཏུ་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ། གང་ཡོངས་སུ་གཟུང་བར་བྱ་བའི་དངོས་པོ་དང། འཛིན་པར་བྱེད་པའི་བྱེད་པ་པོ་དང།
་འཛིན་པ་སེམས་དེ་ལྟ་བུའི་དངོས་པོ་ཡོད་དམ་ཞེས། རབ་འབྱོར་ལ་སླར་དྲིས་པ་སྟེ། དེ་ལྟ་བུའི་དངོས་པོ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུགས་གང་ཡོངས་སུ་གཟུང་བར་བྱ་བ་འམ། མངོན་པར་ཆགས་པར་བྱ་བ་དེ་ལྟ་བུ་མཐོང་འམ། ཞེས་བྱ་བས
་ནི། གཟུང་བའི་དངོས་པོ་མེད་པ་བསྟན་པའོ། ཆོས་གང་ཡང་ཡོངས་སུ་འཛིན་པར་བྱེད་པ་དང། མངོན་པར་ཆགས་པར་བྱེད་པ་འམ། ཞེས་བྱ་བས་ནི་འཛིན་པར་བྱེད་པའི་བྱེད་པ་པ་མེད་པར་བསྟན་པའོ། །ཡོངས་སུ་བཟུང་བར་བྱ་བའམ། མངོན་པར་ཆགས
་པར་བྱ་བ་དེ་ལྟ་བུ་ཡང་མཐོང་ངམ?་ཞེས་བྱ་བས་ནི་འཛིན་པ་མེད་པར་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ལམ་གྱི་རྣམ་པར་ཤེས་པ་ཉིད་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བང་ཆུབ་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ།།
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་ལེགས་སོ། །རབ་འབྱོར་བས་ཀྱང་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན་ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ་ཞེས་བྱ་བ་ལ་སོགས་པས
་ནི་ཡོངས་སུ་བཟུང་བར་བྱ་བ་དང། མངོན་པར་ཆགས་པར་བྱ་བ་མེད་པའི་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་བཅོམ
་ལྡན་འདས་ཉིད་ཀྱིས་ཀྱང་ཡང་དག་པར་མི་གཟིགས་ཏེ། དེ་ལྟར་ཡང་དག་པར་མ་གཟིགས་པས། སྲེད་པའི་དབང་གིས་ཡོངས་སུ་འཛིན་པར་ཡང་མི་འགྱུར། དེ་ལྟར་ཡོངས་སུ་མི་འཛིན་པ་དང་།ལྟ་བར་དབང་གིས་ཉེ་བར་ལེན་བར་ཡང་མི་འགྱུར་ཏེ་།མངོན་པར
་ཆགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། དེ་བཞིན་གཤེགས་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ་།རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོས་གཟུགས་ལ་མངོན་པར་ཆགས་བར་མི་བྱའོ། །ཡོངས་སུ་བཟུང་བར་མི་བྱའོ་ཞེས་བྱ་བས་ན། དེ་བཞིན་གཤེགས་པ་ཉིད་ལ་མངོན་པར་ཆགས་པར་མི་བྱའོ། །ཡོངས་སུ་བཟུང་བར་མི་བྱའོ་ཞེས་བྱ་བའི་བར་གྱིས
་ནི། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དེ་བཞིན་གཤེགས་པས་ཀྱང་མ་གཟིགས་ཤིང་ཡོངས་སུ་མི་འཛིན་།ཉེ་བར་བླང་དུ་མེད་པས་རབ་འབྱོར་ཁྱོད་ཀྱིས་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་དང། ཡོངས་སུ་གཟུང་བར་མི་བྱའོ་ཞེས་རྗེས་སུ
་གདམས་ཏེ་བསྟན་བའོ། །དེ་ནས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྟའི་བུ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཆགས་པ་དང། ཡོངས་སུ་འཛིན་པ་མེད་པའི་དོན་ཟབ་མོ་ལྷའི
་བུ་དག་གིས་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་བ་ལ་སོགས་པའི་སྒོ་ནས་བསྟོད་པ་སྟེ། དེ་ལ་ཟབ་པ་ནི་མུ་སྟེགས་ཅན་དང། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་བློས་རྟོགས་པའི་ཕྱིར་རོ། །དེ་ལྟར་ཟབ་བའི
་ཕྱིར་བལྟ་དཀའ་བའོ། །བལྟ་དཀའ་བའི་ཕྱིར་རྟོགས་པར་དཀའ་བའོ། །རྟོགས་པར་དཀའ་བའི་ཕྱིར་མི་བརྟག་པའོ་།མི་བརྟག་པའི་ཕྱིར་བརྟག་པའི་སྤྱོད་ཡུལ་མ་ཡིན་པའོ་ཞེས་ཚིག་སྔ་མས་ཕྱི་མ་བཤད་པར་བྱའོ། །ཞི་ཞིང་ཕྲ་བ་ཞེས་བྱ་བ་ནི་དེ
་ལྟར་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་བརྟག་པའི་སྤྱོད་ཡུལ་མ་ཡིན་ཏེ། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཞི་ཞིང་གཟུང་བ་ངང?་འཛིན་པའི་ཆ་དང་བྲལ་བའི་ཕྱིར་ཕྲ་བའོ། །མཁས་བ་དང་བཟང་བ་དང་ཡིད་གསལ་བས་འཚལ་བར་བགྱིའོ?
་ཞེས་བྱ་བས་ནི་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་ཤེས་པར་མི་ནུས་པ་སྟེ། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་མཁས་པ་དག་གིས་ཤེས་པར་མི་ནུས་སོ་ཞེས་བསྟན་པའོ།།
་བཅོམ་ལྡན་འདས་པ་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པའོ་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་སྤྱོད་པའི་སེམས་ཅན་དཀོན་པ་བསྟན་པ་སྟེ། སྔོན་གྱི
་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་བྱེད་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་སྤྱོད་བར་འགྱུར་གྱི། གཞན་རྣམས་དེ་ལྟར་དང་ཅིང་སྤྱོད་པར་མི་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་བ་དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དགེ་བའི་རྩ་བ་སྐྱེད་པའོ་ཞེས་བྱ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་སྤྱད་པའི་སེམས་ཅན་དཀོན་པ་བསྟན་པ་སྟེ། ཚེའི་འདི་དང་ཚེ་སྔ་མ་གཉིས
་ཀ་ལ་དག་པའི་བཤེས་གཉེན་ལ་བརྟེན་བརྟེན་པ་དང། བསོད་ནམས་ཀྱིས་ཆོགས་སྔགས་པ་དག་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་སྤྱོད་པར་འགྱུར་གྱི། དེ་ལྟ་མ་ཡིན་པ་གཞན་དག་ནི་དང་ཅིང་སྤྱོད་པར་མི་འགྱུར་རོ་ཞེས་བསྟན་པའོ། །བཅོམ
་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་གཅིག་ཏུ་མོས་པ་།དེ་ཉིད་ཆོས་ལེགས་པའི་མཆོག་ཏུ
་འགྱུར་རོ་ཞེས་བྱ་བའི་བར་གྱིས་མི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་སྤྱོད་པ་བསོད་ནམས་ཆེ་ཞིང་དོན་ཆེ་བ་བསྟན་བ་སྟེ་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་སོང་པ་དེ་སྙེད་ཀྱི་ཉན་ཐོས་པ་རང་སངས
་རྒྱས་རྣམས་སོ་ཆོས་རྟོགས་པའི་ཡེ་ཤེས་ཇི་ཙམ་ཡོད་པ་དང། ཉན་ཐོས་པ་སྤངས་པའི་ཡོན་ཏན་དང། བསོད་ནམས་ཇི་ཙམ་ཡོད་པ་དེ་ནདག་ཐམས་ཅད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་མོས་པས། ཉིན་ཅིག་སྤྱད་པའི
་བསོད་ནམས་དང། ཕན་ཡོན་ཆེའོ་ཞེས་བསྟན་པའོ། །དང་པའི་རྗེས་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཉན་ཐོས་ཤེས་རབ་བརྟུལ་པོ་དང། རྣོན་པོ་ལ་བྱ་སྟེ། དད་པའི་རྗེས་སུ་འབྲང་བ་ནི་ཉན་ཐོས་ཤེས་རབ་བརྟུལ
་པོ་ཆོས་གྱི་དོན་དམ་མ་རྟོགས་ཀྱང། གང་ཟག་གཞན་ཆོས་སྤྱོད་པ་མཐོང་ནས་དད་པ་སྐྱེས་ནས་དེ་དག་གི་རྗེས་སུ་འབྲང་ཞིང་ཆོས་སྤྱོད་པ་ལ་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་ཉན་ཐོས་ཤེས་རབ་རྣོན་པོ་བདག་རང་གིས་ཆོས་གྱི་དོན་རྟོགས་ནས་ཆོས་སྤྱོད་པའོ
་བརྒྱད་པ་ལ་སོགས་པའི་ཉན་ཐོས་ཀྱི་གང་ཟག་གཞན་རྣམས་ནི་སྔར་བཤད་ཟིན་ཏོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་དང?་པའི་རྗེས་སུ་འབྲང་བའི་ཡེ་ཤེས་གང་ཇི་ཙམ་པ་དང། སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི
་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ་ཞེས་བྱ་བ་ནས། རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་གང་ཇི་ཙམ་པ་དང། སྤང་པ་གང་ཇི་ཙམ་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད
་བར་འདུས་སོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་སྤྱོད་པའི་ཕན་ཡོན་པས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉིན་ཅིག་སྤང་པའི་ཕན་ཡོན་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། ཉན
་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སོ་སོའི་འབྲས་བུ་ཐོབ་སྟེ། ཡེ་ཤེས་དང་ལྡན་ཞིང་ཉོན་མོངས་པ་སྤངས་པ་ནི་དམིགས་པ་དང་བཅས་ཤིང་མཚན་མར་བཅས་པ་ཡིན་གྱིས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དོན
་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་ནས་ཆོས་ཟབ་མོ་འདི་ལ་བཟོད་པར་གྱུར་ཅིང། ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དང་པས་སྤྱོད་པ་མཆེན་མར་མི་འཛིན་ཅིང་དམིགས་པ་ལ་མ་ཆགས་པའི་ཕྱིར་ཕན་ཡོན་ལྷག་པར་ཆེའོ་ཞེས
་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པ་ན་ལྷའི་བུ་དེ་དག་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཡིན་པ་ཇི་ཙམ་པ་དང། སྤོང་བ་གང་ཇི་ཙམ་པ་དེ་དག་ནི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བའི་བཟོད་པར་འདུས་སོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་ལྷའི་བུ་རྣམས་ཀྱིས་གསོལ་པའི་ཚིག་དང། དོན་བརྩོན་ཞིང་འཁོར་རྣམས་ཀྱིས་བརྟན་པའི་ཡིད་ཆེས་པར་བྱ་བའི་ཕྱིར། དེ་བདེན་ནོ་ཞེས
་ཚིག་གོང་མ་ཉིད་བཟླས་ཏེ་བཀའ་སྩལ་པའོ། །ལྷའི་བུ་དག་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་མདོ་སྡེ་གཞན་ལ་བསྐལ་པའམ། བསྐལ་པའི་ལྷག་མར་སྤྱད་པ་ངག
་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་མདོ་སྡེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་པ་ལ། བསྐལ་པ་འམ་བསྐལ་པ་བས་ཀྱང་ལྷག་པར་སྤྱོད་པའི་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ
་བའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ཕན་ཡོན་ཆེ་བ་བསྟན་པ་སྟེ། མྱུར་དུ་འབྱུང་བ་ཞེས་བྱ་བ་ནི་འཁོར་བ་ལས་ཐར་ཏེ། བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།།
་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕུལ་དུ་བྱ་བའི་ཆོས་གང་ལ་ཞེས་བྱ་བ་ནས། གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བརླབས་ཏེ། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་དང་།མངོན་པར་རྫོགས་པར་འཚང་རྒྱ་བ་དང། མངོན་པར་རྫོཌ་པར་འཚང་རྒྱ་བར་འགྱུར་བ་དེ་དག་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་པ་ཕན་ཡོན་ཆེ་བའི་གཏན་ཚིགས་བསྟན་པ
་སྟེ་།ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་རྣམས་ཀྱིས་བརླབ་པར་བྱ་བའི་ཆོས་བཟང་པོ་ཕུལ་དུ་བྱུང་བ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་དང། བྱང་ཆུབ་སེམས
་དཔའ་རྣམས་ཀྱང་ཆོས་དེ་ལ་བརླབས་དུས་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཆོས་དེ་ལ་བརླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་ལ་སྤྱད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་ནས། དེ་ལ་བསླབས
་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱུང་བར་གྱུར་ཏེ་འབྱུང་ཞིང་འབྱུང་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི་ལྷའི་བུ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད
་པ་ཕན་ཡོན་ཆེ་བར་རྟོགས་ནས་ཆོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པ་སྟེ། ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པ་དང། དཔག་ཏུ་མེད་པ་དང། གཞལ་དུ
་མེད་པ་དང། མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟོད་པའི་ཚིག་རྣམས་སུས་ཀྱང་མ་བསྐུལ་བར་རང་བྱུང་བ་ལ་ཆེད་དུ་བརྗོད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལ
་བསླབས་ཤིང། དང?་པའི་རྗེས་སུ་འབྲང་བ་རྣམས་བྱུང་བར་གྱུར་ཏེ། འབྱུང་ཞིང་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་དུས་གསུམ་གྱི་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོའི་འབྲས་བུ་ཐོབ་པ་ཡང་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ཏེ། སོ་སོའི་འབྲས་བུ་ཐོབ་བར་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདྲི་བ་འམ། འཕེལ་བར་ཡང་མི
་གདའ་ཨོ?་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐེག་པ་གསུམ་ཆར་འབྲས་བུ་ཐོབ་པའི་རྒྱུ་ཡིན་ཡང་རང་བཞིན་གྱིས་རྣམ་པར་མི་རྟོག་ཅིང་མི་འགྱུར་བ་ཡོངས་སུ་རྫོགས་པ་ཡིན་པས་འདི་འགྱུར་བ་མེད་དོ་ཞེས་བསྟན་པའོ། །འདོད་པ་ན
་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཞེས་བྱ་བ་ནས་གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དག་ནི་གཟུགས་ཡོད་པའི་ཁམས་སུ་འཁོད་དེ་ཞེས་བྱ་བའི་བར་གྱིས་ནི་ལྷའི་བུ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ?་མོ
་རྟོགས་ནས་མགུ་སྟེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས། སོ་སོའི་གནས་སུ་དང་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་?
་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་པ་ཕུན་སུམ་ཚོགས་པའི་མི་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ལྷག་པར་དང་ཅིང་གུས་པ་བསྐྱེད་པའི་ཕྱིར་དེ་དག་གང་ནས་ཚེ་འཕོས་ཏེ། མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས
་པ་འགྱུར་པ་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཤད་པ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་དེ་ནི་མིའི་ནང་ནས་ཚེ་འཕོས་ནས་མིའི་ནང་དུ་སྐྱེས་པའོ་ཞེས
་བྱ་པའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས?་ནས་དང?་པ་དང་མོས་པ་སྐྱེས་ཏེ། སེམས་མ་ཞུམ་ཞིང་མ་རྨོངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་སྤྱོད་ལམ་གཞི་ཆར་དུ་ཡིད་ལ་བྱེད་ཅིང་ཡི་དམ་ཉམས་པར
་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐར་མ་བྱིན་གྱི་བར་དུ་དེ་སྟོན་པའི་མཁན་པོ་ཡང་མི་གཏོད་པ་དེ་ནི། མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་མིའི་ནང་ནས་ཚེ་འཕོས་ཏེ། འཛམ་བུའི་གླིང་འདིར་ཡང་མིའི་ནང
་དུ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་དེས་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ
་ཐག་ཏུ་མོས་བར་འགྱུར་བར་བལྟའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་དད་ཅིང་མོས་པས་སྦྱོར་པའི་མི་དེ་མིའི་ནང་ནས་ཚེ་འཕོས་ནས། མིའི་ནང་དུ་སྐྱེས་པའི་གཏན་ཚིགས་བསྟན་པ་སྟེ། དེས་སྔོན་ཡང་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ཟབ་མོ་འདི་ལ་གོམས་པར་བྱས་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་ཡང་མིའི་ནང་དུ་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ཤིང་དད་པར་གྱུར་ཏེ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཐོས་མ་ཐག་ཏུ་མོས་ཤིང་ཞེས་བྱ་བ་ནས། དེ་ནི་དགེ་བའི་རྩ་བ་དེ་ཉིད་དང། ཡིད་ལ་བྱ་བ་དེ་ཉིད་ཀྱིས་འདིར་སྐྱེས་པའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་འདི་ལ་ངང་ཅིང་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ལ་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སྔོན་སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པས། འཇིག་རྟེན་གྱི་ཁམས
་འདིར་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡང་ཅིང་སྤྱོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པ་ལས་ཞེས་བྱ་བ་ནས། དེ
་མི་དགེ་བའི་རྩ་བ་ངེས་འདིར་སྐྱེས་བར་རིག་པར་བྱའོ་ཞེས་པ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་དགའ་ལྡན་གྱིས་ལྷའི་རིས་ན་བྱམས་པ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་མཉན་པའི་དགེ་བའི་རྩ་བས་འདིར་མིའི་ནང་དུ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དང་ཅིང་སྤྱོད་པར་གྱུར་པ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་གིས་སྔོན་གྱི་མཐར
་ཤེས་རབ། ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཀྱང་ཡོངས་སུ་མ་དྲིས་ཡོངས་སུ་བརྟགས་པར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ།
་གཞན་དུ་འགྱུར་རོ་ཞེས་བྱ་བ་ནས། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱང་ཡོངས་སུ་བརྟགས་པར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི
་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ན་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅུང་ཟད་ཅིག་ཐོས་སུ་ཟིན་ཀྱང། དྲི་ཞིམ་བརྟགས་པས་གོམ་པར་མ་བྱས་པ་ནི
་ཚེ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཐེ་ཚོམ་སྐྱེ་ཞིང་དད་པར་མི་འགྱུར་བར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བཤད་པ་ད་བཞིན་དུ་ལམ་གྱི་རྣམ་པར་ཤེས་པ་ཉིད་དང། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཡོངས་སུ་མ་དྲིས་ཡོངས་སུ་བརྟཌ
་པ་མ་བྱས་ཏེ། ཉི་མ་གཅིག་གམ་གཉིས་སམ། གསུམ་འམ། བཞི་འམ། ལྔར་རྗེས་སུ་འབྲང་བ་མ་བྱས་ན་ཞེས་བྱ་བ་ནས། དེ་ནི་དང་པ་ཙམ་དང། དགའ་བ་ཙམ་དང་མོས་པ་ཙམ་དང་ལྡན་པར་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ཟབ་མོ་འདི་འདྲི་བ་འམ་བཀླག་པའམ། ལུང་འབོག་པའམ། ཁ་ཏོན་བྱ་བ་འམ། ཚུལ་བཞིན་དུ་ཡིད་ལ་བྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་ཅུང་ཟད་ཅིག་ཐོས་ནས་དྲི་བ་དང་བརྟགས་པ་ལ་སོགས་པའི་སྒོ་ནས་གོམ་པར་མ་བྱས་པ་དག་།ཚེ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཡང་བློ་མི་བརྟན་ཞིང་མི་དགེ་བའི་བཤེས་གཉེན་གཞན་གྱིས་ཁ་ཕྱིན་པར་འགྱུར་ཏེ། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང། ཀླག་པ་དང་ལུང་འབོག་པ་དང་ཁ་ཏོན་བྱ་བ་དང། ཚུལ་བཞིན་དུ་ཡིད་ལ་བྱ་བ་མི་ནུས་པར་འགྱུར་པ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་འདྲི་ཞིང་ལུང་མི་འབོགས་པ་དང། ཁ་ཏོན་མི་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་གཞན་ལ་ཕན་མི་འདོགས་པ་དང་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཨི
་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མཐུན་པར་མ་བྱས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ངེས་གནས་གཉིས་དང་ས་གཉིས་པོ་དེ་ལས
་གཅིག་ལ་གནས་པར་འགྱུར་བར་རིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཁ་ཅིག་།ཚེ་རབས་སྔ་མ་ལ་བདག་ཉིད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་བྲིས། ལུང་མ་ཕོག་ཁ་ཏོན་མ་བྱས
་ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། གཞན་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་ཀྱིས་ཕན་མ་བརྟགས་པ་དང། བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ
་པར་བྱང་བའི་ཆོས་རྣམས་ཀྱི་དོན་དང་མཐུན་པར་མ་བྱས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་གྱུར་པ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་ལྔ་པའོ།། །།རབ་འབྱོར
་འདི་ལྟ་སྟེ། དཔེར་ན། རྒྱ་མཚོའི་དབུས་སུ་གྲུ་ཞིག་ལ་མི་རྣམས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་འདྲི་མི་སྟོན། ཁ་ཏོན་ཏུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་མི་བསྟེན་པ་དེ་དག་ནི་བར་མ་དོང་བྱང་ཆུབ་ལས་ཉམས་པར་འགྱུར་ཏེ་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་རྒྱ་མཚོའི་དབུས་སུ་གྲུ་ཞིག་པར་གྱུར་པའི་མི་རྣམས་ཤིང་ལ་སོགས་པ་ལ་མ་འཇུས་མ་བརྟེན་པར་རྒྱ་མཚོའི་འགྲམ
་དུ་ཕྱིན་པར་མི་འགྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་པ་དང། མོས་པ་ཙམ་ནི་ཡོད་ལ། བྲི་བ་དང་བསྟན་པ་ལ་སོགས་པའི་སྒོ་ནས། ཉམས་སུ་མ་བླངས་མ་བརྟེན
་ན་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ལས་ཉམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
་པར་རྫོགས་པར་འཚང་རྒྱ་བའི་དོན་དུ་དད་པ་ཡོད་ཅིང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས་བར་མ་དོང་ཉེ་ཞོ་མེད་པར་ཉན་ཐོས་ཀྱི་ས་ལ་འདས། རང་སངས་རྒྱས་ཀྱི་ས་ལ་འདས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས
་ནས་།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་གང་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་མི་གང་དག་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་ཞིག་པར་གྱུར
་པའི་ཚེ། ཤིང་ལ་སོགས་པ་ལ་འཇུ་ཞིང་བརྟེན་ན་ཉེ་ཞོ་མེད་པར་རྒྱ་མཚོའི་འགྲམ་དུ་ཕྱིན་པར་འགྱུར་པ་དེ་བཞིན་དུ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་ཅིང་མོས་པ་ལ་སོགས་པ་ཡང་ཡོད་ལ། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང། ཀློག་པ་ལ་སོགས་པའི་སྒོ་ནས་འབད་ཅིང་ཉམས་སུ་ལེན་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་ཡོངས་སུ་བཟུང་བས་ཉན་ཐོས་དང་རང་སངས་རྒྱས་གྱི་ས་ལ་འདས་ཏེ། བར་མ་དོར་མི་ཉམས་པར
་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བུད་མེད་དམ་སྐྱེས་པ་ལ་ལ་ཞིག་།བུམ་པ་མ་བསྲེགས་ཤིང་སོ་མ་བཏང་བར་ཆུ་བཅུ་པར་སེམས་ན་ཞེས་བྱ་བ
་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་བཟུང་ན་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བར་མ་དོར་ཉེ་ཞོར་འགྱུར་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་བླ་ན་མེད་བའི
་བྱང་ཆུབ་ཏུ་དད་ཅིང་མོས་པ་ལ་སོགས་པའི་ཡོད་དུ་ཟིན་ཀྱང། ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་སེམས་ཀྱི་རྒྱུད་ཡོངས་སུ་མ་སྨིན་པས་བར་མ་དོར་ཉམས་པར་འགྱུར་ཏེ། བུམ་པ་སོ་མ་བཏང་བར་ཆུ་བཅུས་ན་ཞིག་སྟེ། ཉམས་པར
་འགྱུར་བ་བཞིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་བར་མ་དོར་ཉེ་ཞོ་འབྱུང་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའོ་ཞེས་བྱ་བ་ནི་གོང
་དུ་བར་མ་དོར་ཉེ་ཞོར་འགྱུར་རོ་ཞེས་བཤད་པ་བྱང་ཆུབ་སེམས་དཔའ་ལ་བར་མ་དོར་ཉེ་ཞོར་འགྱུར་བ་ནི་གཞན་ལ་མི་བྱའི་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྷུང་ཞིང་ཐེག་པ་ཆེན་པོ་ལས་ཉམས་པ་ལ་བྱའོ། །ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ
་སྟེ་དཔེར་ན། སྐྱེས་པ་འམ་བུད་མེད་ལ་ལ་ཞིག་བུམ་པ་སོ་ལེགས་པར་བཏང?་བས་ཆུ་ཀླུང་ངམ། མཚོ་འམ་མཚེའུ་འམ་འབྲོན?་པ་ནས་ཆུ་འཆུ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། ཉིན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། མཉེས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ཞེས
་བྱ་བའི་བར་གྱིས་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་ན་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ། བུམ་པ་སོ་ལེགས་པར
་བཏང་བས་ཆུ་བཅུས་ན་བདེ་བར་ཁྱིམ་དུ་ཕྱིན་བར་འགྱུར་པ་ལས་དཔེ་བླངས་ཏེ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གྲུ་མ་བསྡམས་ཤིང་ཟག་ལྷན་དང་བྲལ་ཞིང་རིན་པོ་ཆེ་ཆེན་པོ་མ་བྱས་པར་རྫས་བཅུག་ཏེ་ཞེས་བྱ་བ་ནས། རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་རིན་པོ་ཆེའི་དོན་ཆེན་པོ་དང་བྲལ་ཞིང་རིན་པོ་ཆེ་ལས་འཕང་བར་རིག་པར
་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཆོད་པ་རྒྱ་མཚོའི་ནང་དུ་ནོར་བུ་རིན་པོ་ཆེ་ལེན་པ་ཐབས་མི་མཁས་པར་གྲུ་སྦྱར་ཉེས་ན་གནོད་པ་ཆེན་པོ་དང་ལྡན་ཞིང་ནོར་བུ་རིན་པོ་ཆེ་མི་སྙེད་བར་འགྱུར་པའི་དཔེས་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་མི
་ལྡན་ན། དད་པ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་མི་འགྲུབ་ཅིང་བར་མ་དོར་ཐེག་པ་ཆེན་པོ་ལས་ཉམས་པར་འགྱུར་བ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
་ཀྱིས་བར་མ་དོའི་ཉེ་ཞོ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱིས་འམ་རང་སངས་རྒྱས་ཀྱི་སའོ་ཞེས་བྱ་བས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བ་ཉིད་བྱང་ཆུབ་སེམས་དཔའ་ཨི་ཉམས་པ་ཡིན་པར་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། །དཔེར་ན
་སྐྱེས་བུ་མཁས་པའི་ངང་ཚུལ་ཅན་ལ་ལ་ཞིག་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ནས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བར་མ
་དོར་ཉེ་ཞོར་མི་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྒྱ་མཚོར་འཇུག་པའི་གྲུ་སྦྱར་ལེགས་པའི་དཔེས། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པ་པར་མ་དོར་མི་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི
་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བ་བསྟན་པའོ། །རབ་འབྱོར་དེ་ནི་འདི་ལྟར་ཡང་འགྱུར་ཏེ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་ཟིན་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན
་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པའི་དོན་དེ་ཉིད་དེ་ལྟར་འགྱུར་བར་རིག་པར་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། མི་ན་ཚོད་ལ་བརྒྱ་ཉི་ཤུ་ལོན་པ་ཞེས་བྱ་བ་ནས། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་མི་རྒན་པོ་ནད་པ་ཉམ་ཆུང་བ
་གྲོགས་གཞན་ལ་མ་བརྟེན་པར་ལྡང་ཞིང་འགྲོ་མི་ནུས་པའི་དཔེས། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལམ་བརྟེན་ན་པར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མི་ནུས་པ་བསྟན་པའོ། །དེ་ཅིའི?་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བའི
་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་དོན་གོང་དུ་སྨོས་པའི་རིགས་པ་དང་གཏན་ཚིགས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ན་ཚོང་ཀྱི་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་པ་གོག་ཏུ་གྱུར་པ་འཁོགས་པ་དེ་ཉིད་རླུང་དམ་མཁྲིས་པ་འམ། བད་ཀན
་ནམ་འདུས་པའི་ནང་ཀྱིས་བཏབ་པར་གྱུར་ལ། དེ་ཁྲི་ལས་ལྡང་པར་འདོད་ན་དེ་ལ་སྙེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་གློ་གཡས་གཡོན་གཉིས་ནས་བཟུང་སྟེ་བརྟེན་ནས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན།
་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར?་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དེར་ཕྱིན་པར་ནུས་སོ་ཞེས་བྱ་བའི
་པར་གྱིས་ནི་མི་རྒད་པོ་ནད་པ་མི་གཉིས་ཀྱིས་གྲོགས་བྱས་ཏེ། བརྟེན་ན་བར་མདོར་མི་ཉམས་ཤིང་གར་འདོད་པའི་གནས་སུ་ཕྱིན་པར་འགྱུར་པའི་དཔེས། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ
་གཉིས་ལ་བརྟེན་ན་པར?་མདོར?་ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་སུ་ཕྱིན་པར་ནུས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང།
་ཐབས་མཁས་པ་དང་མ་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དོན་གོང་དུ་བཤད་པའི་གཏན་ཚིགས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང།
་ཐབས་མཁས་པ་དང་བྲལ་བས་ཉན་ཐོས་ཀྱིས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བ་ལགས་ཞེས་བྱ་བ་ནི་དེ་ལྟར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པར་མི་ལྡན་ན་ཐེག་པ་ཆུང་དུ་གཉིས་སུ་ལྟུང་བར་འགྱུར་ལ། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པར་ལྡན་ན་ཐེག་པ་ཆུང་དུ་གཉིས་སུ་ལྟུང་བར་མི་འགྱུར་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་བསྟན་པ་དང། གནས་བརྟན་རབ་འབྱོར་གྱིས་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག
་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པར་ཇི་ལྟར་མི་ལྡན་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཇི་ལྟར་ལྟུང་བར་འགྱུར་བ་འོག་ནས་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
་སྩལ་པ། རབ་འབྱོར་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་ཞིང་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ
་དང། ཐབས་དང་ཤེས་རབ་ཏུ་ལྡན་ཞིང་འཁོར་གསུམ་ཡོངས་སུ་དག་པའི་དོན་འོག་ནས་བཤད་པ་འཁོར་རྣམས་ལེགས་པར་ཉན་དུ་བཟུང་པའི་ཕྱིར། དོན་འདི་ལྟ་བུ་འདྲི་བ་ལེགས་སོ་ཞེས་རབ་འབྱོར་ལ་བསྟོང་པའོ། །རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ
་སེམས་དཔའ་ཨི་ཐེག་པ་པ་ཐོག་མར་སྦྱིན་པ་ཡོངས་སུ་གཏོང་ན་ཞེས་བྱ་བ་ནས། དེ?་ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་དེ་ཞེས་བྱ་བའི་བར་གྱིས་ནི་ཐབས་དང་ཤེས
་རབ་ཏུ་མི་ལྡན་པ་དང། བདག་དང་བདག་གི་མཚན་མར་འཛིན་པར་འཁོར་གསུམ་ཡོངས་སུ་མ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན་ཐེག་པ་ཆུང་ངུ་གཉིས་ས་ལྟུང་བར་འགྱུར་བ་བསྟན་བའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་དེ་དག་མེད་དེ
་རིང་དུ་སོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་མི་རྟོག་པ་དེ་དག་མེད་དེ་རིང་དུ་སོང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ནི་བདག་དང་བདག
་གིར་འཛིན་པ་མེད་ཅིང། རྣམ་པར་རྟོག་པ་ཐམས་ཅད་ལས་འདས་ཏེ་རིང་དུ་སོང་བ་ལ་བྱན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་བདག་དང་བདག་གིར་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ན་ཐབས་དང་ཤེས་རབ་ཏུ་མི་ལྡན་པས། ཉན་ཐོས་དང་རང
་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ་ཞེས་བསྟན་པའོ། །དེ་ལྟ་ཡིན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དེ་རིང་དུ་སོང་བ་འང་མི་ཤེས། ཕ་རོལ་ཀྱང་མི་ཤེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བས་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག
་པ་མེད་དེ་རྟོག་པ་ཐམས་ཅད་ལས་རིང་དུ་སོང་ཞིང་མཚན་མ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཡིན་ན། ཐབས་མི་མཁས་པས་མཚན་མར་བཟུང་བས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི
་ཆོས་རྣམས་ཀྱི་དོན་དང་མི་ལྡན་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཐབས་མི་མཁས་པ་ཡིན་ཞེ
་ན་ཞེས་བྱ་བ་ནས། དེ་ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་བྱེད་པ་སྟེ་ཞེས་བྱ་བའི་བར་གྱིས་ནི། ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག
་ལ་སྤྱོད་པའི་ཚེ། འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་ཅིང་དེ་རློམ་སེམས་སུ་བྱེད་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་རྣམ་པར་རྟོག་པའི།
་རྣམ་པར་རྟོག་པ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མེད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་ཞེས
་བྱ་བའི་དངོས་པོ་མེད་པ་ལ་དངོས་པོར་བཟུང་ཞིང་རློམ་སེམས་སུ་བྱེད་པས་ཐབས་མི་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་ཡིན་ཡང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དེ་ནི་རིང་དུ་སོང་བའང་མི་ཤེས། ཕ་རོལ་ཏུ་ཡང་མི་ཤེས་ཏེ། སྦྱིན་པའི་ཕ
་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ནས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བས་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར
་ཐབས་དང་མི་ལྡན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། འཁོར་གསུམ་ཡོངས་སུ་མ་དག་ལ་རློམ་སེམས་སུ་བྱེད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་པ་མི་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་ངོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པས་ཡོངས་སུ་བཟུང་བ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི
་སར་མི་ལྟུང་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་བ་ཡིན་ཞེ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པར་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་རྣམས་བདག་དང་བདག་གི་རིམ་འཛིན་ཅིང། དོན་དམ་པར་ཕ་རོལ་ཏུ་ཕྱིན་པ
་རྣམས་ཀྱང་དངོས་པོ་མེད་པར་རྟོགས་ལ། ཀུན་རྫོབ་ཏུ་ཐབས་མཁས་པས་དེ་དག་ལ་མཚན་མར་མི་འཛིན་ཅིང་རློམ་སེམས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་བྱང་བའི་ཆོས་རྣམས་ཀྱི
་དོན་དང་ལྡན་ཞིང། དོན་དེ་རྣམས་ཀྱིས་ཡོངས་སུ་ཟིན་པས་བར་མ་དོར་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་བར་རྣམ་པ་ཏ་ཧམས་ཅད་མཁྱེན་པ་ཉིད་ཀྱང་འགྲུབ་པར་འགྱུར་བ་བསྟན་པའོ། །རབ་འབྱོར་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའ་ཨི
་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་བ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བའི་བར་གྱིས་མི་གོང
་དུ་བཤད་པའི་དོན་དེ་ཉིད་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་ལ་སོགས་པས་ཡོངས་སུ་བཟུང་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་བར་མདོར་མི་ལྟུང་ཞིང། བླ་ན་མེད་པ་ཡང་དག
་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། བྱང
་ཆུབ་སེམས་དཔའ་ཐབས་མཁས་པ་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པའི་ཚེ། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཅིང་རློམ་སེམས་མེད་པ་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་པར་བསྟན་པའི་དོན་གོང་དུ་བཤད་པ་ཉིད་རྣམ་པ་གཞན་གྱིས་ཞིབ་ཏུ་བཤད་པ་སྟེ། རབ་འབྱོར་འདི་ལ་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཐོག་མར་ཐབས་དང་ལྡན་པར་སྦྱིན་པ་ཡོངས་སུ
་གཏོང་ཞེས་བྱ་བ་ནས། བདག་ནི་ཤེས་རབ་དང་ལྡན་པའོ་ཞེས་རློམ་སེམས་སུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཅིང་དེ་དག་གིས་རློམ་སེམས
་མི་བྱེད་བ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་རྣམ་པར་མི་རྟོག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་བའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་?་གསུམ་ཡོངས་སུ་དག་པར་སྤྱོད་ཅིང་རློམ་སེམས་སུ་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ལ་སོགས་པ་སྤྱོད་པ་ལ་ཡང་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་ལ། ཕ་རོལ་ཏུ་ཕྱིན་པ
་དྲུག་ཀྱང་དོན་དམ་པར་དངོས་པོ་མེད་པས་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེའི་ཕྱིར་འཁོར་གསུམ་ཡོངས་སུ་དག་ཅིང་རློམ་སེམས་མེད་དོ་ཞེས་བསྟན་པའོ། །དེ་ལྟ་ཡང་ཡིན་ལ་།གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་དེ་ཡང་རིང་དུ་སོང་བ
་བ?་དགོས་ཤིང། ཕ་རོལ་ཏུ་ཤེས་ཀྱང་དེས་རློམ་སེམས་མེད་དོ། ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། རྣམ་པར་རྟོག་པ་དང་བརྟགས་པར་བྱ་བ་གཉིས་ཀ་མེད་དེ། རྟོག་པའི་སྤྱོད་ཡུལ་ལས་འདས་ཏེ་རིང་དུ་སོང་བ་ཤེས་ཀྱང་ཤེ
་བདེ་མི་བསྙེམས་སོ་ཞེས་བསྟན་པའོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་པས་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ
་ཉིད་དུ་འབྱུང་པོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་བཤད་པ་ལྟར་འཁོར་གསུམ་ཡོངས་སུ་དག་ཅིང་རློམ་སེམས་མེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་པའི་ཆོས་རྣམས་ཀྱི་དོན་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སང་མི་ལྟུང
་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཚོར་བཤད་པ་ལས་ལེའུ་སུམ་ཅུ་དྲུག་པའོ།། །།དེ་ནས་ཚ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན
་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པར་མི་ལྡན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སང་ལྟུང་བར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས
་པར་ལྡན་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་བ་བཤད་པ་ཐོས་པ་དང། འོ་ན་ཐེག་པ་ལ་གསར་དུ་ཞུགས་པ་ཤེས་རབ་དང་ཐབས་སུ་མི་ལྡན་པ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པ་ཇི་ལྟར་བསླབ་པར་བྱ་སྙམ་ནས་ཞུས་པའོ། །
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་དག་བསྙེན་པར་བྱའོ། །བསྟེན་པར་བྱའོ། །བསྟེན་བཀུར་བྱའོ། །ཞེས་བྱ་བའི་བར་གྱིས་ནི་ལས་དང་པོ་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་ཕ་རོལ་ཏུ་ཕྱིན
་བ་དྲུག་སྟོང་པའི་མཁས་པ་ལ་བསྙེན་ཅིང་བསྙེན་བཀུར་བྱས་ཏེ་བསླབས་ན་ཐབས་མཁས་པར་འགྱུར་ཞིང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ་ཞེས་བསྟན་པའོ། །
་དེ་དག་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་པ་ཏེ་ཞེས་བྱ་བ་ལ་སོགས་པས་ནི། དགེ་བའི་བཤེས་གཉེན་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་སྟོན་ཅིང་འཆད་པའི་ཚུལ་བསྟན་པའོ། །ཚུར་རིགས་ཀྱི་བུ་སྦྱིན་པ་གང
་དང་གང་སྦྱིན་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་བྱ་བ་ནས། ཚུར་རིགས་ཀྱི་བུ་ཤེས་རབ་གང་དང་གང་བསྒོམ་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས
་ཤིག་ཅེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པའི་འབྲས་བུ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་བསྔོ་བར། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་ཐབས་བསྟན་པའོ། །རིགས
་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་སུ་རྟོག་པར་མ་བྱེད་ཅིག་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་པར་མ་བྱེད་ཅིག་ཅེས་བྱ་བའི་བར་གྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱང
་དོན་དམ་པར་དངོས་པོ་མེད་པས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་པར་གྱི་ཆོས་གང་གི་རང་བཞིན་ཡང་མ་ཡིན་པའི་ཕྱིར། ཆོས་དེ་དག་གིས་རང་བཞིན་དུ་མི་རྟག་ཅིང་མཚན་མར་མི་བཟུང་ངོ་ཞེས་བསྟན་པའོ། །
་དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མ་བརྟགས་པའི་གཟུགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ནས་ཡོངས་སུ་མ་བརྟགས་པའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བའི་བར
་གྱིས་ནི། བླ་མ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་ལ་སོགས་པའི་རང་བཞིན་དུ་མི་རྟག་ཅིང། མཚན་མར་མི་བཟུང་པའི་རིགས་པ་བསྟན་པ་སྟེ། དོན་དམ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་དང་གཟུགས
་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་དངོས་པོ་མེད་དེ་བརྟགས་པའི་ཡུལ་མ་ཡིན་པས་དེ་དག་ལ་ཡོངས་སུ་མ་བརྟགས་ཤིང་མཚན་མར་མ་བཟུང་ན་ཡང་དག་པའི་དོན་རྟོགས་པ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ།།
་རིགས་ཀྱི་བུ་ཁྱོད་གཟུགས་ལ་འདོད་པ་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ་མེད་པ་ནི་གཟུགས་སོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདོད་པ
་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་ཡོངས་སུ་མ་བརྟགས་ཤིང། མཚན་མར་མ་བཟུང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས
་བཤད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་དངོས་པོར་རྟོག་ཅིང་དེ་ལ་འདོད་པ་སྐྱེད་པ་དགག་པ་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་དེ།
་འདོད་པར་བྱ་བའི་དངོས་པོ་མ་ཡིན་པས་དེ་ལ་འདོད་པ་མ་སྐྱེད་ཅིག་ཅེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་དེ་ཉིད་མདོར་བསྡུས་ནས་བསྟན་པ་སྟེ། མདོར
་ན་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པས་ཆོས་གང་ཡང་ཐོབ་པར་བྱ་བའི་ཕྱིར་འདོད་པ་མི་སྐྱེད་དོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
་ཏོ། ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་གང་ལ་འདོད་པ་སྐྱེད་དུ་མེད་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་སྨོན་ལམ་འདེབས
་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་དག་དེ་ལྟར་དངོས་པོ་མེད་ན་ནི་སྨོན་ཅིང་འདོད་པར་བྱ་བ་འང་མི་རིགས། དེ་སྟེ་དངོས་པོ་ཞིག་ཡོད་ན་ནི་མི་སྨོན་ཅིང་འདོད་པ་མི་སྐྱེད་པ་མི་རིགས་པ་ལས། སྨོན་ཅིང་འདོད་པ་སྐྱེད་པ་ནི་འགལ་པར་བྱེད་པའོ། །
་ཞེས་ཞུས་པའོ། །རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ་ཞེས་བྱ་བ་ནས། འཇིག་རྟེན
་གྱི་ལམ་དུ་འགྱུར་བྲ་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང། ཀུན་རྫོབ་ཏུ་སེམས་ཅན་རྣམས་དྲང་ཞིང་ཕན་གང་གས་པའི་ཕྱིར
་ཆོས་ཐམས་ཅད་སྒྱུ་མ་དང། རྨི་ལམ་ལྟ་བུར་རྟོགས་པ་བྱ་སྟེ། དེ་འམ?་ཆགས་པར་སེམས་ཅན་གྱི་དོན་བྱའོ་ཞེས་བསྟན་པ་སྟེ། འཇིག་རྟེན་གྱི་དོན་དང་ཕན་པ་དང་བདེ་བ་དང། སྐྱབས་དང་རྟེན་དང། དཔུང་གཉེན་དང། གླིང་དང། སྣང་བ་དང་སྒྲོན་མ
་འཛིན་བ་དང། འདི་འབྱིན་པ་དང། དེད་དཔོན་དང། ཡོངས་སུ་འདྲེན་པ་དང། ལམ་དུ་འགྱུར་བར་བྱ་བའི་ཚིག་རྣམས་ནི་འོག་ནས་གཞུང་ཉིད་ལས་ཞིབ་ཏུ་བཤད་པ་དང་སྦྱར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ
་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང། འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན་ཞེས་བྱ་བ་ནས། ཤེས་རབ་ཅི་བསྒོམ་པ་དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་སྡུག
་བསྔལ་ཡོངས་སུ་སྒྲོལ་བའི་ཕྱིར་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་དོན་གྱི་ཕྱིར་ཡང་དག་པར་ཞུགས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོག་ཀྱང། །ཀུན་རྫོབ་ཏུ་སེམས་ཅན་རྣམས་ཀྱིས་སྡུག
་བསྔལ་བསལ་པའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འགྲོ་པའི་རྒྱུད་ལྔ་ནས་ཡོངས་སུ་བཏོན་ཅིང་མི་འཇིགས་པའི་ཐང་པ་དེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ་ཞེས་བྱ་བས་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་བསྟན་པ་སྟེ། སེམས་ཅན
་རྣམས་འགྲོ་བ་རྒྱུད་ལྔའི་འཁོར་བ་ནས་བཏོན་ཏེ། མྱ་ངན་ལས་འདས་པའི་གནས་བདེ་པ་ལ་འགོད་པར་བྱེད་པ་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན
་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན་ཞེས་བྱ་བ་ནས། འཁྲུག་བ་རྣམས་ལས་ཡོངས་སུ་བཀྲོལ་ཞིང། མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་དེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་ལ་བདེ་བའི་ཕྱིར་ཞུགས་པ
་བསྟན་བསྟེ། སེམས་ཅན་རྣམས་འཁོར་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་དང། འཁྲུག་པ་ལས་ཐབས་སྣ་ཚོགས་ཀྱིས་ཐར་པར་བྱས་ཏེ། མྱ་ངན་ལས་འདས་པའི་གནས་སུ་འགོད་པ་ནི་འཇིག་རྟེན་ལ་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །
་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང། འཇིག་རྟེན་གྱི་མགོན་བྱེད་པ་ཡིན་ཞེ་ན་ཞེས་བྱ་བ་ནས། སེམས་ཅན་དེ་དག་ཀྱང
་ཐོས་ཏེ་ཐོས་ནས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་འདའ་བར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་མགོན་བྱེད་པ་བསྟན་པ་སྟེ། འཁོར་བ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཕྱི་ནང་གི་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད
་བསྐྱབས་ཤིང་བསལ་ཏེ་དགའ་བར་བྱས་ནས། དགའ་བར་གྱུར་པ་དང། དེ་དག་ལ་དམ་པའི་ཆོས་བཤད་དེ་ཡོངས་སུ་སྨིན་པར་བྱས་ནས་མཐར་གྱིས་ཐེག་པ་གསུམ་ལ་མྱ་ངན་ལས་འདའ་བར་བྱེད་བ་ནི་འཇིག་རྟེན་གྱི་མགོན་ཕྱེད་པ་ཡིན་ནོ
་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནས། ཕུང་པོ
་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ཟླ་སྟེ། ཞེས་བྱ་བའི་བར་གྱིས་ནི་སྐྱབས་སུ་གྱུར་པ་བསྟན་པ་སྟེ། འཁོར་བ་ན་གནས་པའི་སེམས་ཅན་སྐྱེ་བ་དང་རྒ་བ་ལ་སོགས་པའི་ཆོས་ཅན་རྣམས་སྐྱེ་བ་དང་ཟབ་ལ་སོགས་པ་མེད་པར
་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པ་ནི་འཇིག་རྟེན་གྱི་སྐྱབས་སུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
་རྫོགས་པར་འཚང་རྒྱ་པར་འདོད་པ་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང་རྒྱ་བར་འདོད་པ་ཆོས
་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་པ་སྟེ་ཞེས་བྱ་བ་ནས་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་བའི་དོན་མདོར་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་ཅིང་རང་བཞིན་གྱིས་དབེན་པས་མཚན་ཉིད་མ་འདྲེས་ཤིང་གང་དང་ཡང
་འབྲེལ་པ་མེད་པར་ཆོས་སྟོན་པ་ནི་དོན་དམ་པའི་དབྱིངས་ལ་མི་བརྟེན་པའི་ཚུལ་གྱིས་བརྟེན་པའི་ཕྱིར་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་འདྲེ་བ་མ་མཆིས་པ་ལགས
་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏོ་ཞེས་བཤད་པའི་གླེ་བསླང་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འདྲེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འགྲེལ་པ་མེད་པའི་ཞེས་བྱ་བ
་ལ་སོགས་པས་ནི་ཆོས་ཐམས་ཅད་འདྲི་བ་མེད་པའི་དོན་ཞིབ་ཏུ་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ཞིང་རང་བཞིན་གྱིས་དཔེན?་པ་ནི་སོ་སོའི་མཚན་ཉིད་གང་དང་གང་མ་འདེས་པས་དེ་དང་འབྲེལ་པ་ཡང་གང་ཡང་མེད་དོ་ཞུས?་བྱ
་བའི་དོན་ཏོ། །གཟུགས་ཀྱི་འབྲེལ་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་པ་མེད་པའོ་ཞེས་བྱ་བ་ནི་གཟུགས་རང་བཞིན་གྱིས་སྟོང་སྟེ། གང་དང་ཡང་མ་འབྲེལ་པ་དེ་ཉིད་སྐྱེ་བ་མེད་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ཀྱི་སྐྱེ་བ་མེད་པ
་གང་ཡིན་པ་དེ་ནི་གཟུགས་ཀྱི་འགག་པ་མེད་པའོ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་མེད་ན་འགག་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་འགག་པ་མེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་འདྲེ་པ་མེད་པའོ་ཞེས་བྱ་བ་ནི། དེ་ལྟར་སྐྱེ་བ་མེད་ཅིང
་འགག་པ་མེད་པ་ནི་དངོས་པོ་མེད་པས་གང་དང་ཡང་འདྲེས་པར་མི་འགྱུར་ཏེ། རང་བཞིན་གྱིས་དབེན་པ་ཡན་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ
་ཡང་སྦྱར་བར་བྱའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་སེམས་ཅན་རྣམས་ཀྱི་དཔུང་གཉེན་དུ་གྱུར་པ་ཡིན་ཞེ་ན
་ཞེས་བྱ་བ་ལ་སོགས་པས་ནི། འཇིག་རྟེན་གྱི་དཔུང་གཉེན་དུ་གྱུར་པ་བསྟན་པ་སྟེ། སེམས་ཅན་རྣམས་ཆོས་རྣམས་ཀྱི་ཆོས་ཉིད་མ་ཤེས་ཤིང། མགོན་སྐྱབས་མེད་པ་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ཇི་
་ལྟར་རྟོགས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་མངོན་པར་ཆོས་བསྟན་ན། སེམས་ཅན་རྣམས་དེ་དག་བདུད་དང་བགེགས་ཀྱི་དབང་དུ་མི་འགྱུར་པར་གྲོགས་པས་ཤིང་བསྟངས་པར་འགྱུར་པའི་ཕྱིར་དཔུང་གཉེན་དུ་འགྱུར་པ
་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་རྣམས་ཀྱི་མཛའ་དངོས་པོ་མེད་པའི་རང་བཞིན་གང་ཡིན་དེ་མི་གཟུགས་མ་ཡིན་ཞེས་བྱ་བའི་ཆོས་བསྟན་ན། སེམས་ཅན་རྣམས་ཀྱིས་ཆོས་ཀྱི
་ཆོས་ཉིད་དོན་དམ་པའི་དབྱིངས་རྟོགས་པར་འགྱུར་ཏེ། བདུད་ཀྱི་དབང་དུ་མི་འགྱུར་བའི་ཕྱིར་སེམས་ཅན་རྣམས་ཀྱི་དཔུང་གཉེན་དུ་འགྱུར་པ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན
་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །རབ་འབྱོར་གཟུགས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། དོན་དམ་པར་གཟུགས་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་རང་བཞིན་ཐ་མི་དད་དོ་ཞེས་བསྟན་པའོ། །གསོལ་པ་གང
་བཅོམ་ལྡན་འདས་ཀྱིས་གཟུགས་ཇི་ལྟར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་དེ་ལྟ་ལགས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ
་ཞེས་བྱ་བ་ནི། གཟུགས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ན། གཟུགས་འབའ་ཞིག་རྟོགས་པས་ཆོས་ཐམས་ཅད་ཀྱང་རྟོགས་པར་འགྱུར་ཏེ། དེ་ལྟར་ཡིན་ན་གཟུགས་འབའ་ཞིག་རྟོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ
་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་གལ་བཟུང་ཏེ་གསོལ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡི་དམ་མཆིས་སོ་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་འབའ་ཞིག་རྟོགས་པས་ཆོས་ཐམས་ཅད
་རྟོགས་པར་འགྱུར། གལ་བཟུང་སྟེ་གསོལ་པའི་གཏན་ཚིགས་བཤད་པ་སྟེ། ཀུན་རྫོབ་ཏུ་ནི་གཟུགས་འབའ་ཞིག་རྟོགས་པས་ཆོས་ཐམས་ཅད་རྟོགས་པར་མི་འགྱུར་གྱིས། དོན་དམ་པར་ནི་གཟུགས་ཀྱི་ཕ་རོལ་ཞེས་བྱ་བ་གཟུགས་ཀྱི་མཛའ་སྟོང་པ
་ཉིད་ཀྱི་རང་བཞིན་ལ་བྱ་སྟེ། དེ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ཏེ། དེ་ལྟར་རྣམ་པར་རྟོག་པ་མེད་པར་ཤེས་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ
་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་པར་བྱའོ། །འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བགྱི་བའི་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས
་བྱ་བའི་བར་གྱིས་ནི་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་གསོལ་པ། གཟུགས་ལ་སོགས་པའི་མཛའ་ཕ་རོལ་ཅེས་བྱ་བ་སྟོང་པ་ཉིད་ལ་རྣམ་པར་རྟོག་པ་གང་དང་གང་མེད་པའི་དམིགས་བསྟན་པའོ། །བཅོམ་ལྡན་འདས
་གྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ
་རབ་འབྱོར་གྱིས་གསོལ་པའི་ཚིག་དེ་ཉིད་བཟླས་ཏེ། གཟུགས་ལ་སོགས་པ་ཕ་རོལ་ཅེས་བྱ་བ་སྟོང་པ་ཉིད་ལ་རྣམ་པར་རྟོག་པ་གང་ཡང་མེད་པ་བདེན་ནོ་ཞེས་བཀའ་སྩལ་པའོ། །འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ནས། འདི་ནི་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པ་གང་ཡང་མེད་དེ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་གཟུགས་ལ་སོགས་པའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་ངོ་ཞེས་བཤད་པ་རྣམ་པར་རྟོག་པའི་ཐབས་ཇི་ལྟར་རྟོག་པ་རྣམས
་མེད་པའི་དམིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་ལ་དངོས་པོ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པའི་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
་ཆོས་དེ་ལྟར་ཞི་བ་དག་ལ་རྟོག་ཀྱང། དེ་ལྟར་ཞུམ་པར་མི་འགྱུར་ཞིང་བདག་གིས་ཆོས་དེ་དག་ནི་འདི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཇི་ལྟར་མངོན་པར་རྟོགས་པར་སངས
་རྒྱས་ནས། ཆོས་དེ་ལྟར་ཞི་བ་དེ་ལྟར་གཟང་བ་དེ་ལྟར་བཤད་པར་བྱའོ། །སྙམ་དུ་སེམས་པ་ནི་དཀའ་བ་བྱེད་པ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞི་བ་རྣམ་པར་རྟོག་པ་དང་ཚིག་གི་སྤྱོད
་ཡུལ་མ་ཡིན་པ་དེ་ལྟ་བུ་རྟོགས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ལྟར་སེམས་ཞུམ་ཞིང་ཞི་བ་ཕྱོགས་གཅིག་པ་ལ་མི་གནས་པར་ཐབས་མཁས་པས་ཀུན་རྫོབ་ཏུ་སེམས་ཅན་རྣམས་ལ་ཕན་པ་གདགས་པའི་ཕྱིར། བསོད་ནམས་དང་ཡེ
་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་ཟབ་མོ་ཞི་བ་རྟོག་པའི་སྤྱོད་ཡུལ་ལས་འདས་པ་བཟང་པོ་དེ་ལྟ་བུ་འཇིག་རྟེན་གྱི་སྒྲ་དང་ཐ་སྙད
་དུ་སྒྲོ་འདོགས་ཏེ། སེམས་ཅན་རྣམས་ལ་བཤད་པར་སེམས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ནུས་པའི་ཕྱིར་དཀའ་བ་སྤྱོད་པ་སྟེ། ངོ་མཚར་ཆེའོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གླིང་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་གླིང་དུ་ཇི་ལྟར་གྱུར་བ་བསྟན་པ་སྟེ
་རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་དམ་ཆུབ་ན་ནས་རྒྱ་མཚོ་ཆེན་པོའི་ནང་ན་ཆུས་ཡོངས་སུ་བཅད་པའི་གནས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ནི། གླིང་ཞེས་བྱ་སྟེ་ཞེས་བྱ་བ་ནི་གླིང་དུ་གྱུར་པའི་དཔེས་བསྟན་པ་སྟེ། དཔེར་ན་ཆུ་ཀླུང་ཆེན་པོའམ། འབབ་ཆུ་ཕྲ་མོ་འམ།
་རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གྱི་གནས་སུ་རུང་པའི་ཐར?། ཐ་མ་ཆུས་འཁོར་པ་ལ་གླིང་ཞེས་བྱ་སྟེ། སེམས་ཅན་ཆུས་འཁྱེར་ཅིང་གནས་པའི་དབང་མེད་པ་རྣམས་གླིང་དེ་ལྟ་བུ་དང་ཕྲག་ན་དེ་ལ་བརྟེན་ཅིང་གནས་སུ་ཡོད་པ་ལ་གླིང་ཞེས་བྱ་བ་དེ་བཞིན་དུ་སེམས་ཅན
་ཡང་དག་པའི་དོན་མ་རྟོགས་སྟེ། འཁོར་བའི་རྒྱ་མཚོན་འཁྱམས་པ་རྣམས་མྱ་ངན་ལས་འདས་པའི་གནས་བདེ་བརྙེད་ན་འཁོར་པར་མི་འཁྱམ་ཞིང་གླིང་ལ་གནས་པ་དང་འདྲ་བར་བདེ་བ་ལ་འཇོག་པའི་ཆོས་ཟབ་མོ་ཞིབ་བཟང་པོ་སྟོན་པ་ལ་གླིང་དུ་གྱུར་པ་ཞེས
་བྱའོ། །རབ་འབྱོར་དེ་བཞིན་དུ་གཟུགས་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ཡོངས་སུ་ཆད་པའོ་ཞེས་བྱ་བ་ནི། དོན་དམ་པར་གཟུངས་ཀྱི་རང་བཞིན་ཡོད་པར་མ་གྲུབ་པས་སྔོན་ཡང་འདི་ཙམ་ནས་བྱུང་ངོ་ཞེས་བྱ་བའམ། ཕྱི་མའི་མཛའ་ཡང་འདི་ཙམ་ནས་འབྱུང
་པར་འགྱུར་རོ་ཞེས་བྱ་བ་མེད་དེ། དེ་ལྟར་མཛའ་གཉིས་ཡོངས་སུ་ཆད་ཅིང་མཛའ་གཉིས་ཀ་ལ་མི་གནས་པར་མཛའ་གཉིས་དང་བྲལ་བའི་ཆོས་ཀྱི་དབྱིངས་ལ་གནས་པའི་ཚུལ་གྱིས་གནས་པར་ཆོས་སྟོན་པ་ལ་གླིང་དུ་གྱུར་པ་ཞེས་བྱའོ། །གཟུགས་ལ་ཇི་ལྟར
་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །རབ་འབྱོར་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ཡོངས་སུ་ཆད་པ་འདིས་ཆོས་ཐམས་ཅད་ཡོངས་སུ་ཆད་པ་སྟེ་ཞེས་བྱ་བ་ནི། དེ་ལྟར་གཟུགས་ལ་སོགས
་པའི་ཆོས་རྣམས་མཛའ་གཉིས་དང་བྲལ་བའི་དོན་གོང་དུ་བཤད་པ་ཉིད་མདོར་བསྡུས་ཏེ་བསྟན་པ་སྟེ། མདོར་ན་ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་མཛའ་གཉིས་དང་བྲལ་བར་ཡོངས་སུ་ཆད་པ་ཡིན་ནོ་ཞེས་བསྟན་པའོ། །རབ
་འབྱོར་ཆོས་ཐམས་ཅད་ཀྱི་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ཡོངས་སུ་ཆད་པ་གང་ཡིན་པ་དེ་ནི་ཞི་བའོ། །དེ་ནི་བཟང་པའོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་མཛའ་གཉིས་དང་བྲལ་པ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་མྱ་ངན
་ལས་འདས་པའི་རྣམ་གྲངས་བསྟན་པ་སྟེ། དེ་ནི་ཞི་པའོ་ཞེས་བྱ་བ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བྱང་བའི་ཕྱིར་རོ། །དེ་ནི་བཟང་པའོ་ཞེས་བྱ་བ་ནི་བདུད་ལ་སོགས་པའི་གདོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ནི་ཡང་དག་པ་སྟེ
་ཞེས་བྱ་བ་ནི་དོན་མ་ནོར་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །འདི་ལྟར་སྟོང་པ་ཉིད་དང། དམིགས་སུ་མེད་པ་དང་ཞེས་བྱ་བ་ཐེག་པ་ཆུང་དུ་བས་མྱ་ངན་ལས་འདས་པ་ཞེས་བྱ་བ་ངོས་པོ་ཡོད་པར་བརྟགས་པ་ལྟ་བུར་དངོས་པོ་ཡོང་བར་མ་ཡིན་པའི་ཕྱིར་རོ། །
་ལམ་གྱི་རྒྱུན་ཆད་པ་ཞེས་བྱ་བ་ནི་འཁོར་པའི་ལམ་རྒྱུན་ལྔར་མི་སྐྱེ་བའི་ཕྱིར་རོ། །སྲེད་པ་ཟད་པ་ཞེས་བྱ་བ་ནི་ཕུང་པོ་ཕྱི་མ་ལེན་སྲིད་པ་མེད་པའི་ཕྱིར་རོ། །འདྲེ་བ་མེད་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་དང་མ་འདྲེས་པའི་ཕྱིར་རོ། །
་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཁམས་གསུམ་གྱི་དངོས་པོ་ལ་ཡབ་མ་ཆགས་པའི་ཕྱིར་རོ། །འགོག་པ་ཞེས་བྱ་བ་ནི་ལམ་དང་ཉོན་མོངས་པ་ཐམས་ཅད་འགགས་ཏེ་རྒྱུན་ཆད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕུང་པོའི་གནོད
་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ལྟར་ཞི་བ་དེ་ལྟར་བཟང་པཱི་ཆོས་དེ་དག་སྟོན
་ཏེ་ཞེས་བྱ་པ་ནི་དེ་ལྟར་བྱང་ཆུབ་སེམས་དཔས་ཆེས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་ནས། ཇི་ལྟར་རྟོགས་པའི་ཆོས་རྣམས་སེམས་ཅན་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་སེམས་ཅན་རྣམས་མྱ་ངན་ལས
་འདས་པའི་གནས་བདེ་བ་ལ་སོགས་པ་ལ་འགོད་པའི་ཕྱིར་གླིང་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས
་འཇིག་རྟེན་གྱི་སྣང་བར་འགྱུར་བ་ཡིན་ཞེ་ན་ཞེས་བྱ་བ་ནས། མ་རིག་པའི་མུན་པ་དང་མི་ཤེས་པའི་རབ་རིབ་སེལ་ཏེ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་སྣང་བར་གྱུར་པ་བསྟན་པ་སྟེ། སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ན་འཁོར་བའི་མུན་ནག་ན་འཁོར
་ཞིང་མ་རིག་པས་བསྒྲིབས་ཏེ་ཡང་དག་པའི་ལྟ་བ་ལ་མ་ཕྱོགས་པ་རྣམས་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡང་དག་པའི་ལྟ་བ་ལ་འཛུད་པ་ནི་འཇིག་རྟེན་གྱི་སྣང་པར་འགྱུར་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་ཡིན་ཞེ་ན་ཞེས་བྱ་བ་ནས། སེམས་ཅན་རྣམས་ཀྱང་དེ་ལ་ཡང་དག་པར་བསྐུལ་ཞིང
་སྦྱོར་ལ་གཞོག་ཅིང་རབ་ཏུ་འགོད་དེ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་རྣམས་ཀྱིས་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་བསྟན་པ་སྟེ། སེམས་ཅན་དམ་པའི་ཆོས་མ་ཐོས་ཤིང་མི་ཤེས་པ་རྣམས་ལ། ཐེག་པ་ཆེན་པོའི་མདོ་སྡེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་སྟན
་པ་འཕགས་པའི་བདེན་པ་བཞིའི་བྱིན་གྱིས་བརླབས་དང་ལྡན་པ་བསྡུ་བ་རྣམ་པ་བཞི་སེམས་ཅན་རྣམས་སྡུད་པའི་ཐབས་སྟོན་པ་དག་སེམས་ཅན་རྣམས་ལ་དོན་མ་ནོར་བར་སྟོན་ཅིང། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང། འཕགས་པའི་བདེན་པ
་བཞི་དང། བསྡུ་བའི་དངོས་པོ་བཞི་ལ་སྤྱོད་དུ་འཇུག་པ་ནི་སེམས་ཅན་རྣམས་ཀྱི་སྒྲོན་མ་འཛིན་ཅིང་འོད་འབྱིན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དེད་དཔོན་དུ་གྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་པའི་ཕྱིར་ཅིག་ལ་བརྟེན་པའི་ལམ་སྟོན་ཏེ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས
་དཔའ་སེམས་ཅན་རྣམས་ཀྱི་དེ་དཔོན་དུ་གྱུར་པ་བསྟན་པ་སྟེ། དཔེར་ན་ཚོར་པ་མང་པོ་ལམ་ངན་པ་དང་ལམ་ལོག་པར་ཞུགས་པ་རྣམས་དེད་དཔོན་གྱིས་བསྐྱངས་ཤིང་ལམ་བདེ་བ་དང། ལམ་ལམ་ལོག་པར་བཙུད་དེ། དེས་ན་ལམ་ན་ཉེ་ཞོ་མིད་པར
་གནས་སུ་ཕྱིན་པར་འགྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་མུ་སྟེགས་ཅན་གྱིས་ལམ་ངན་པ་ཞུགས་པ་དད། ཕྱིན་ཅི་ལོག་བཞི་ལ་ཞེན་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་བཟང་པོ་བསྟན་ཏེ། འཕགས་པའི་ལམ་ལ་བཙུད
་ནས་མྱ་ངན་ལས་འདས་པའི་གནས་བཟང་པོ་ལ་འགོད་པ་དེ་དང་པོ་ན་དང་འདྲ་བའི་ཕྱིར་སེམས་ཅན་རྣམས་དེད་དཔོན་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །སེམས་ཅན་ལམ་ངན་པར་ཞུགས་ལ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཡི་ལྟ་བ་ངན་པ་ལ་ཕྱོགས
་བ་ལ་བྱའོ། །ཚུལ་མ་ཡིན་པ་བཞི་ལ་ཞེན་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་བཞི་ལ་ཞེན་པ་སྟེ། མི་རྟག་པ་ལ་རྟག་པར་ལྟ་བ་དང། བདག་མེད་པ་ལ་བདག་ཡོད་པར་ལྟ་བ་དང། སྡུག་བསྔལ་པ་ལ་བདེ་པར་འཛིན་པ་དང། མི་གཙང་པ་ལ་གཙང་བར
་འཛིན་པ་ལ་ཚུལ་མ་ཡིན་པ་བཞི་ལ་ཞེན་པ་ཞེས་བྱའོ། །སེམས་ཅན་རྣམ་པར་དག་པར་བྱ་བའི་དོན་དུ་ཞེས་བྱ་བ་ནི་སེམས་ཅན་ལམ་ངན་པར་ཞུགས་ཤིང་ཚུལ་མ་ཡིན་པ་བཞི་ལ་ཞེན་པ་རྣམས། ལམ་ངན་པ་དང་ཚུལ་མ་ཡིན་པ་ལ་སོགས་པའི
་སྐྱོན་གྱིས་མི་གོས་པར་བྱ་བའི་ཕྱིར་ལམ་སྟོན་ཏོ་ཞེས་བྱ་བ་དང་སྦྱར་རོ། །མྱ་ངན་དང་གནོད་པ་ལས་ཡང་དག་པར་བཟླབ་དང། སྡུག་བསྔལ་དང་ཡིད་མི་བདེ་བ་ནུབ་པར་བྱ་བ་དང་ཞེས་བྱ་བ་ནི་འཁོར་པའི་སྡུག་བསྔལ་ལས་ཐར་པར་བྱ་བའི་ཕྱིར་ལམ
་སྟོན་ཏོ་ཞེས་བྱ་བ་དང་སྦྱར་རོ། །རིགས་པ་དང་ལྡན་པའི་ཆོས་གོ་བར་བྱ་བ་དང་ཞེས་བྱ་བ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་དོན་སྟོན་ཅིང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་སྤྱོད་པ་སྟོན་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གོ་བར་བྱ་བའི་ཕྱིར་ལམ་སྟོན་ཏོ་ཞེས
་བྱ་བ་དང་སྦྱར་རོ། །མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་གཅིག་ལ་བརྟེན་པའི་ལམ་སྟོན་ཏེ་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་གཅིག་པུ་ལ་གཞོལ་བའི་ཆོ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཇི
་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་འགྱུར་པ་ཡིན་ཞེ་ན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོཌ
་པའི་བྱང་ཆུབ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱད་པ་མེད་པའི་ཕྱིར་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་འགྱུར་བ་བསྟན་པ
་སྟེ། སེམས་ཅན་རྣམས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཡོད་པར་ལྟ་ཞིང། སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ལ་མཚན་མར་འཛིན་པ་རྣམས་ལ་གཟུགས་ལ་སོགས་པའི་ཆོས་ཐམས
་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མེད་པའི་ཆོས་ཟབ་མོ་བསྟན་ཏེ། སེམས་ཅན་རྣམས་དོན་དམ་པའི་དབྱིངས་ལ་འཛུབ་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཡོངས་སུ
་འདྲེན་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ཞེ་ན་ཞེས་
་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའ་ཨི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སེཾས་ཅན་རྣམས་ཀྱི་ལང?་དུ་གྱུར་པ་བསྟན་པ་སྟེ། སེམས་ཅན་དངོས་པོ
་ལ་ཆགས་པ་རྣམས་ལ་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་ནམ་མཁའ་དང་འདྲ་བར་དངོས་པོ་མེད་དེ། ཅིས་ཀྱང་མ་གོས་པ་ཡིན་ནོ་ཞེས་ཆོས་བསྟན་ན་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལམ་མགོལ་བར་ཞུགས་པར
་གྱུར་བའི་ཕྱིར། སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། ད་ནི་མི་འགྲོ་མི་འོང་ངོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ
་ཉིད་ཀྱི་སྟོང་པ་ཉིད་ནི་འགྲོ་བ་མེད་པ་སྟེ། དེ་ནི་མི་འགྲོ་མི་འོད་དོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བ་འི་པར་གྱིས་ཀྱང་སེམས་ཅན་རྣམས་ཀྱིས་ལམ་དུ་གྱུར་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ལམ
་དུ་གྱུར་བ་ཡིན་ནོ་ཞེས་བསྟན་པ་ལ། དེ་ལྟར་ལམ་ཡོད་ན་འགྲོ་བ་དང་འོང་བ་ཡང་ཡོད་དམ་སྙམ་དུ་རྣམ་པར་རྟོག་པ་བསལ་བའི་ཕྱིར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་སྟོང་པ་ལ་ནི་ལམ་ཡང་མེད་འགྲོ་བ་དང་འོང་བ་གང་ཡང
་མེད་དོ་ཞེས་ཆོས་སྟོན་པ་ལ་དེ་ཉིད་ཐེག་པ་ཆེན་པོའི་ལམ་མ་ནོར་བར་སྟོན་པ་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ལམ་དུ་གྱུར་བ་ཡིན་ནོ་ཞེས་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་དང་ཚུལ་ཅན་ཏེ། དེ་དག
་ནི་ངང་ཚུལ་དེ་ལས་མི་འདའ་ཨོ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཐམས་ཅད་འགྲོ་བ་དང་འོང་བ་མེད་པ་བཤད་བའི་དོན་གོང་དུ་སྨོས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། རབ
་འབྱོར་དེ་ཅིའི་ཕྱིར་ཞེ་ན། སྨོན་པ་མེད་པ་ལ་འགྲོ་བ་འམ་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱིས་རང་བཞིན་དང་ཐ་མི་དང་དེ། རྣམ་པར་ཐར་པའི་སྒོ་གསུམ་ལ་འགྲོ་བ་དང་འོང་བ་མེད་པ་དེ་བཞིན་དུ་ཆོས
་ཐམས་ཅད་ལ་ཡང་འགྲོ་བ་དང་འོང་བ་མེད་དེ། དེ་ལྟར་ཡང་དག་པའི་དོན་སྟོན་པ་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ཀྱི་དོན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཚིག་གོང་དུ་སྨོས་པ་དང་སྦྱར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་མེད
་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པ་ལ་འགྲོ་བ་དང་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་གཟུགས་བརྙན་དང། སྨིག་རྒྱུ་དང། ཆུ་ཟླ་དང། སྤྲུལ་པ་དང་འདྲ་བའི་ཕྱིར། འགྲོ་བ་དང་འོང་བ་མེད་དོ་ཞེས
་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཛའ་ཡས་ཀུན་དུ་མཛའ་ཡས་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་སྐྱེ་བ་དང་འགག་པའི་མཛའ་འམ། རྟག་པ་དང་ཆད་པ་ལ་སོགས་པའི
་མཛའ་ལས་འདས་པའི་ཕྱིར་འགྲོ་བ་འམ་འོང་བ་མི་དམིགས་སོ་ཞེས་བྱ་བ་དང་སྦྱར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྱུང་བ་དང་དབྱུང་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་ནི། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། མེད་པ་ལ་ཡོད
་པར་སྒྲོ་མ་བཏགས་པའི་ཕྱིར། སྒྲོ་བཏགས་པའི་དངོས་པོར་བྱུང་དུ་ཡང་མེད་ལ། ཡོང་བ་ལ་མེད་པར་སྐུར་བ་བཏང་པའི་ཕྱིར། མི་དབྱུང་བ་ཡང་མེད་པའི་རང་བཞིན་ཅན་ཏེ། དེ་ལྟ་བུ་ལ་འགྲོ་བ་དང་འོང་བ་དམིགས་སུ་མེད་དེ་ཞེས་བསྟན་པའོ། །རབ་འབྱོར
་ཆོས་ཐམས་ཅད་ནི་དབྲི་བ་དང་བསྣན་པ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པས། ཉོན་མོངས་པའི་ཕྱོགས་དབྲིར་ཡང་མེད་ལ། རྣམ་པར་བྱད་བའི་ཕྱོགས་ཀྱིས་བསྣན་དུ་ཡང
་མེད་པའི་རང་བཞིན་ཅན་ལ་འགྲོ་བ་དང་འོང་བ་མེད་དོ། །ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་སྟེ། མི་འགྱུར་བ་ཡིན
་བས་རྣམ་པར་བྱང་བའི་ཆོས་རྣམས་གང་ནས་ཀྱང་འོང་བ་མེད་དེ། མི་འགྱུར་བ་ཡོངས་སུ་གྲུབ་པ་ལ་འགྲོ་བ་དང་འོང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཆོས་ཐམས་ཅད་བླང་བ་དང་དོར་བ་མེད་པའི་དང་ཚུལ་ཅན་ཏེ་ཞེས་བྱ་བས་ནི། དོན་དམ་པར་ཆོས
་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་རྣམ་པར་བྱང་བའི་ཕྱོགས་བླང་དུ་ཡང་མེད་ལ། ཉོན་མོངས་པའི་ཕྱོགས་སྣང་ཞིང་དོར་དུ་ཡང་མེད་དེ། དེ་ལྟར་དངོས་པོ་མེད་པ་ལ་འགྲོ་བ་འམ་འོང་བ་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །རབ
་འབྱོར་ཆོས་ཐམས་ཅད་ནི་ཕྲང་པ་མེད་པ་དང། འབྲལ་བ་མེད་པའི་དང་ཚུལ་ཅན་ཏེ་ཞེས་བྱ་བ་ནི། དོན་དམ་བར་ཆོས་ཐམས་ཅད་ཐོག་མ་ནས་ཞི་ཞིང་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པས་སྔར་འདུས་བྱས་ཀྱི་དངོས་པོ་དང་ཕྲད་པ་ཡང་མེད
་ལ། ཕྱིས་འདུས་བྱས་ཀྱི་རང་བཞིན་སྤངས་ཤིང་འབྲལ་བར་འགྱུར་བ་ཡང་མེད་དེ། རང་བཞིན་མི་འགྱུར་བའི་ཕྱིར་འགྲོ་བ་འམ། འོང་བ་མི་དམིགས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ནི་འདྲེ་བ་མེད་པ་དང་མི་འདྲེ་བ་མེད་པའི་ངང་ཚུལ་ཅན་ཏེ་ཞེས
་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པས། ཉོན་མོངས་པ་རྣམས་དང་འདྲེས་པར་འགྱུར་བ་མེད་ལ། གཉེན་པོ་བསྒོམ་ན་འདྲེས་པར་མི་འགྱུར་བ་ཡང་མེད་དེ། དེ་ལྟར་ཡོངས་སུ་དག་པ་ལ་འགྲོ་བ་དང་འོང་བ་མི་དམིགས་སོ
་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐོང་བ་པོ་ཉིད་ཀྱང་ཤིན་ཏུ་མེད་ན། དེ་ལ་འགྲོ་བ་འམ་འོད་བ་ལྟག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་དོན
་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། དངོས་པོ་མེད་པ་ལ་ཡོད་པར་སྒྲོ་བཏགས་ཤིང། འཁྲུལ་པ་ནི། དཔེར་ན་མུ་སྟེགས་ཅན་གྱིས་ཡོངས་སུ་བརྟགས་པའི་བདག་དང། སེམས་ཅན་དང། སྲོག་དང། འགྲོ་བ་དང། གསོ་བ་དང། སྐྱེས་བུ་དང། གང
་ཟག་དང། ཤེད་ཅན་དང། ཤེད་བདག་དང། བྱེད་པ་པོ་དང། བྱེད་དུ་འཇུག་པ་པོ་དང། སློང་བ་པོ་དང། ཡོངས་སུ་སློང་བ་པོ་དང། ཚོར་བ་བོ་དང། ཚོར་བར་བྱེད་པ་པོ་དང། ཤེས་པ་པོ་དང། མཐོང་བ་པོ་རྣམས་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ཏེ། དེ་དག
་ལ་འགྲོ་བ་དང། འོང་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དངོས་པོ་ཡོད་པར་མ་གྲུབ་པས་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྟག་པའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར
་སྡུག་པ་ཉིད་ཀྱང་ཤིན་ཏུ་མེད་ན། དེ་ལ་འགྲོ་བའམ་འོང་བ་ལྟག་ལ་ཡོད་ཅེས་བྱ་བའི་?་གྱིས་ནི། མུ་སྟེགས་ཅན་གྱིས་མི་རྟག་པ་ལ་རྟག་པར་བརྟགས་པ་དང། སྡུག་བསྔལ་བ་ལ་བདེ་བར་བརྟགས་པ་དང། བདག་མེད་པ་ལ་བདག་ཡོད་པར
་བརྟགས་པ་དང། མི་སྡུག་པ་ལ་སྡུག་པར་ཕྱིན་ཅི་ལོག་ཏུ་བརྟགས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡང་དག་པར་སྤྱོད་པར་མ་གྲུབ་པས་དེ་ལ་འགྲོ་བ་འམ་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར
་ཆོས་ཐམས་ཅད་ནི་མི་རྟག་བའི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་སྡུག་པ་ཉིད་ཀྱང་ཤིན་ཏུ་མེད་ན་དེ་ལ་འགྲོ་བ་དང། འོང་བ་ལྟག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི་ཐེག་པ་ཆུང་དུ་པ་རྣམས་ཀྱིས་ཆོས་ཐམས་ཅད་མི
་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་སྡུག་པའི་རང་བཞིན་དུ་བརྟགས་པ་དེ་དག་ཀྱང་དོན་དམ་པར་དེ་ལྟ་བུའི་རང་བཞིན་དུ་ཡོད་པ་ཡང་མ་ཡིན་ཏེ། དེ་བས་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཆོས་ཐམས་ཅད
་ནི་འདོད་ཆགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྟ་བའི་རྣམ་པའི་དངོས་པོ་ཉིད་ཀྱང་ཤིན་ཏུ་མེད་ན། དེ་ལ་འགྲོ་བ་འམ་འོང་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་གྱིས་ནི། འདོད་ཆགས་དང། ཞེ་སྡང
་དང། གཏི་མུག་དང། འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་ལ་སོགས་པ་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡང་དག་པར་ཡོད་པ་མ་ཡིན་པས་འགྲོ་བ་འམ་འོང་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར
་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་གང་ལ་ཡང་གཡོ་བ་མེད་དེ། འགྲོ་བ་འམ་འོང་བ་མེད་དོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་པས
་དེ་ལ་འགྲོ་བ་འམ་འོང་བ་མེད་པ་བསྟན་པ་སྟེ། དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་དང། ཡང་དག་པའི་མཛའ་དང། མཉམ་པ་ཉིད་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དང། མི་གཡོ་བ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ
་གཏོགས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ངང་ཚུལ་ཅན་ཏེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་འགྲོ་བ་འམ་འོང་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གཟུགས་ལ་སོགས
་པ་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་ལ་འགྲོ་བ་དང་འོང་བ་མེད་པ་དེ་བཞིན་དུ་དེ་ལས་གཞན་པ་འདུས་བྱས་དང། འདུས་མ་བྱས་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང
་དངོས་པོ་མེད་བའི་རང་བཞིན་དུ་འདུ་བས། དེ་དག་ལ་ཡང་འགྲོ་བ་དང་འོང་བ་མེད་དོ་ཞེས་བསྟན་པའོ། །སྐབས་འདིར་ཕུང་པོ་ལྔ་སྨོས་པའི་འོག་ཏུ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ
་རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས། རྣམས་མ་སྨོས་པ་ནི། འཁོར་བའི་ཆོས་རྣམས་ཕུང་པོ་ལྔའི་ནང་དུ་འདུས་པར་དགོངས
་ནས། མ་སྨོས་པར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་བ་བཅོམ་ལྡན་འདས་དེ་ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུ་ཞིག་མོས་པར་འགྱུར་ཞེས་བྱ་བ་ནས། དགེ་བའི་པ་ཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་དཀའ་ཞིང། ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས
་དཔའ་དཀོན་པ་བསྟན་པ་སྟེ། སྔོན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་དང། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་ལ་དགེ་བའི་རྩ་བ་བསྐྱེད་པ་དང། ཐེག་པ་ཆེན་པོ་དགེ་བའི
་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དང་ཅིང་མོས་ནས་སྤྱོད་པར་འགྱུར་གྱིས། གཞན་ལ་དེ་ལྟ་བུད་དང་ཅིང་སྤྱོད་པའི་སྐལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ
་ཆེར་བཤད་པ་ལས། ལེའུ་སུམ་ཅུ་བདུན་པའོ།། །།གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་གི་རང་བཞིན་ཇི་ལྟ་བུ
་ཞིག་ཏུ་འགྱུར་ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་ཆོས་ཐམས་ཅད་འགྲོ་བ་དང། འོང་བ་མེད་པའི་དོན་ཟབ་མོ་བཤད་པ་ལ་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་སྔོན་ཡང་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱད་པ་ཡིན་ལ། སྔོན་གྱི་རྒྱལ་བ་ལ
་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ན། བྱང་ཆུབ་སེམས་དཔའ་དེ་དག་གི་རང་བཞིན་དང། དང་ཚུལ་དང། མཚན་མ་དང། རྣམ་པ་ཇི་ལྟ་བུ་ཞིག་ཏུ་རིག་པར
་བགྱི་ཞེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་གྱུར་བ་དེ་དག་ནི་འདོད་ཆགས་རྣམ་པར་བསལ་བས་དབེན
་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་ཆགས་པར་བྱ་བ་དང། ཆགས་པར་བྱེད་པ་གཉིས་ཀ་མི་དམིགས་པའི་སྒོ་ནས། འདོད་ཆགས་བསལ་ཏེ་མེད་པར་གྱུར་པས། འདོད་ཆགས་ཀྱི་དྲི་མས་མ་གོས
་ཤིང་དབེན་པ་གྱུར་པ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང། གཏི་མུག་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བས་ནི།
་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཞེ་སྡང་བར་བྱ་བ་དང། གཏི་མུག་པར་འགྱུར་བའི་དངོས་པོ་དང། ཞེ་སྡང་བར་བྱེད་པ་དང། གཏི་མུག་པར་བྱ་བའི་དངོས་པོ་ཐམས་ཅད་མི་དམིགས་པའི་སྒོ་ནས། ཞེ་སྡང་དང། གཏི
་མུག་རྣམ་པར་བསལ་བས་ཞེ་སྡང་དང། གཏི་མུག་གི་དྲི་མས་མ་གོས་ཤིང། དཔེན་པར་གྱུར་པ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། འདོད་ཆགས་ཀྱི་ཚུལ
་གྱིས་དབེན་པའི་རང་བཞིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང། གཏི་མུག་གི་ཚུལ་གྱིས་དབེན་པའི་རང་བཞིན་དུ་འགྱུར་ཞེས་བྱ་བས་ནི། །བྱང་ཆུབ་སེམས་དཔའ་དེ་དག་གི་ཚུལ་ཇི་ལྟ་བུ་ཡིན་པས་བསྟན
་པ་སྟེ། གོང་དུ་བཤད་པ་ལྟར་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གསུམ་ནི་མི་དམིགས་པའི་ཚུལ་གྱིས་བསལ་ཏེ། དེ་དག་ལས་དབེན་པར་གྱུར་ན། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གསུམ་གྱིས་གཡེངས་ཤིང། དེ་དག་ལ་སྤྱོད་པའི
་ཚུལ་མེད་དེ། ཚུལ་དེ་དག་རང་བྲལ་ཞིང་ཆུལ་ད་དག་ལས་དབེན་པར་གྱུར་བ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གི་ཚུལ་དང་རྟགས་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མི་འདོད་ཆགས་ཀྱི་མཚན་མས་བདེན་པའི
་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཞེ་སྡང་དང། གཏི་མུག་གི་མཚན་མས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་མ་བསྟན་པ་སྟེ། འདོད་ཆགས
་དང། ཞེ་སྡང་དང། གཏི་མུག་གི་མཚན་མ་ཞེས་བྱ་བ་ནི། སྐབས་འདིར་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་རྒྱུ་དང། དམིགས་པའི་ཡུལ་ལ་བྱ་སྟེ། དེ་ལ་རྒྱུ་ནི་བག་ཆགས་དང། པག་ལ་ཉལ་བ་མ་སྤངས་པ་དང། ཚུལ་བཞིན་མ་ཡིན་པ་ཡིད་ལ
་བྱེད་བའོ། །དམིགས་པའི་ཡུལ་ནི་བུད་མེད་བཟང་མོ་ལ་སོགས་པ་འདོད་ཆགས་ལྡང་བའི་ཡུལ་དང། དགྲ་ལ་སོགས་པ་ཞི་སྡང་བའི་ཡུལ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དཀའ་བ་ཤེས་པར་མི་ནུས་པའི་དམིགས་པའི་ཡུལ་རྣམ་ལ་བྱ་སྟེ།
་མཚན་མ་དེ་དག་བྱང་ཆུབ་སེམས་དཔའ་ལ་མེད་ཅིང་དབེན་པར་གྱུར་བ་ཉིད་བྱང་ཆུབ་སེམས་དཔའ་དེ་དག་གིས་མཚན་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་དེ་དག་ནི་འདོད་ཆགས་ཀྱི་རྣམ་པས་དབེན
་པའི་རང་བཞིན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་གཏི་མུག་གི་རྣམ་པས་དབེན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་དེ་དག་གི་རྣམ་པ་ཇི་ལྟ་བུ་ཡིན་པ་བསྟན་པ?
་སྟེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་རྣམ་པ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཡུལ་ལ་འཇུག་པའི་མཚན་མ་འམ་རྟགས་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་ས་འདོད་ཆགས་དང། ཞེ་སྡང
་དང། གཏི་མུག་གི་རྣམ་པ་བསལ་བས་འདོད་ཆགས་ལ་སོགས་པའི་ཡུལ་ལ་འཇུག་པའི་མངོན་རྟོགས་མེད་དེ། དབེན་པར་གྱུར་བ་ཉིད་དེའི་རྣམ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་བཙལ་བར་གྱུར་པ་དེ་དག་གི་ངང་ཚུལ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་རང་བཞིན་དང། ངང་ཚུལ་དང། མཚན་མ་དང། རྣམ་པ་དང། ལྡན་པའི་བྱང་ཆུབ་སེམས
་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་རྟོགས་པ་དེ་དག་ཅི་ལ་བརྟེན་པའི་རང་བཞིན་ནམ། ངང་ཚུལ་ལགས་ཞེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་ཤེས་པར་འགྱུར་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དང་ཚུལ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་པའི
་བྱང་ཆུབ་སེམས་དཔའ་དེ་ནི། ཀུན་རྫོབ་ཏུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་དོན་ལ་རྟོན་ལ། དོན་དམ་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་ཐ་མི་དང་པར་གྱུར་བ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གསོལ་པ
་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ། སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་བ་མ་ལགས་སམ་ཞེས་བྱ་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པའི་དོན་ཟབ་མོ་རྟོག་པ་དེ་དག་དོན་དམ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་གཅིག་སྟེ་ཐ་མི་དད་ན། རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། སེམས་ཅན་རྣམས་ཀྱི་དོན་མཛད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངང་ཚུལ་ཅན་ནི། སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་རོ་ཞེས་བྱ་བའི་ནི། དོན་དམ་པར་རྣམ་པར་མི་རྟོག་ཀྱང། ཀུན་རྫོབ
་ཏུ་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་མི་མཛད་པ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་རྟེན་དུ་འགྱུར་རོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམ
་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་འདི་འཚལ་ཀྱང། དེ་ལ་སེམས་ཅན་དང་སེམས་ཅན་དུ་གདགས་པར་མི་དམིགས་པ་དེ་དག་ནི་དཀའ་བ་བགྱིད་བའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེ་དག་དོན་དམ་པར་རྣམ་པ་ཐམས་ཅད་མཁྱེན་པ
་ཉིད་དང་རང་བཞིན་གཅིག་སྟེ་རྣམ་པར་མི་རྟོག་ལ། སེམས་ཅན་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས་སེམས་ཅན་དུ་གདགས་སུ་མེད་པར་རྟོགས་ཀྱང་ཐབས་མཁས་པས་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི
་ཡི་དམ་བཅས་ཏེ། བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་དེ་ལྟ་བུའི་ཐབས་དང་ཤེས་རབ་ཏུ་ལྡན་པའི་སྤྱོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དེ་དག་གིས་མི་ནུས་པའི་བྱ་བ་བྱེད་པ་ནི་དཀའ་བ་སྤྱོད་པ་ལགས་ཞེས་གསོལ
་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་འདི་བགོས་བ་དེ་དག་ནི་དཀའ་བ
་བྱེད་པའོ་ཞེས་བྱ་བ་ནི། རབ་འབྱོར་གྱིས་གསོལ་པའི་ཚིག་དང། དོན་གོང་དུ་སྨོས་པ་དེ་བཙན་ཞིང་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའ་ཨི་གོ་ཆ་ཡང་མེད་པས་དེའི་ཕྱིར་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་མ་ཡིན་ཞེས་བྱའོ་ཞེས་བྱ་བ་ནས། རབ་འབྱོར་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤིན་ཏུ་མེད་ལ། བྱང་ཆུབ་སེམས་དཔའ་ཨི་གོ་ཆ་ཡང་མེད་པས། དེའི
་ཕྱིར་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་བ་མ་ཡིན་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་ཡིད་དམ་བཅས་ཤིང་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ
་བགོས་པ་ཡང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་དངོས་པོར་ལྟ་ཞིང་མཚན་མར་བཟུང་སྟེ། གོ་ཆ་བགོས་པ་ནི་མ་ཡིན་གྱི། དོན་དམ་པར་ཆོས་དེ་དག་ཐམས་ཅད་སྟོང་པར་རྟོགས་ནས། ཀུན་རྫོབ
་ཏུ་ཐབས་མཁས་པས་གོ་ཆ་དེ་ལྟ་བུ་བགོས་པའི་ཕྱིར། ཆོས་དེ་དག་གང་ཡང་མ་འབྲེལ་ཅིང། ཆོས་དེ་དག་གང་གི་དབང་དུ་མ་གྱུར་བར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་ཡིད་དམ་བཅས་ཤིང་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ
་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་གང་དག་གིས་སེམས་ཅན་ཐམས་ཅད་བདག་གིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་གོ་ཆ་བགོས་པ་དེ་དག་གིས
་གོ་ཆ་ནི་ཆོས་ཐམས་ཅད་དང་འབྲེལ་བ་མ་ཡིན་ནོ་ཞེས་བྱ་བ་ནི། གོང་དུ་བྱང་ཆུབ་སེམས་དཔའ་ཨི་གོ་ཆ་དེ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རེ་རེ་དང་འབྲལ་བ་མ་ཡིན་པ་བསྟན་ནས། མདོར་བསྡུས་ཏེ་བཤད་པ་ལ་དགའ་བའི་སེམས་ཅན་རྣམས་ཀྱི་དོན་དུ
་བྱང་ཆུབ་སེམས་དཔའ་ཨི་གོ་ཆ་དེ་ནི་ཆོས་ཐམས་ཅད་དང་འབྲེལ་པ་མ་ཡིན་ཞེས་མདོར་བསྡུས་ཏེ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་གོ་ཆ་འཚལ
་བ་དེས་ཞེས་བྱ་བ་ནས། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ཐབས་དང་ཤེས་རབ་ཏུ་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་?གས་བ་དེ་དག་ཉན་ཐོས་དང
་རང་སངས་རྒྱས་ཀྱི་སང་མི་ལྟུང་བའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚམས་བཅད་དེ་སེམས་ཅན་གྱིས་དོན་དུ་གོ་ཆ་འཚལ་བ་མ་ལགས་སོ་ཞེས་བྱ་བས་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི
་ལྟུང་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་བྱ་བར་སེམས་ཤིང། གང་ཟག་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཙམ་ཞིག་ཐོབ་པར་བྱ་བའི་དོན་དུ་གོ་ཆ་གྱོན་གྱི། བྱང་ཆུབ་སེམས
་དཔའ་ནི་སེམས་ཅན་མཛའ་ཡས་མུ་མེད་པའི་དོན་དང། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་གོ་ཆ་བགོས་ཏེ་དེ་ལྟར་སེམས་ཅན་དང་ཡེ་ཤེས་ཅུང་ཟད་ཉི་ཚེ་ཞིག་ཏུ་མཚམས་བཅད་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས
་ཀྱི་སར་མི་ལྟུང་ངོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན་ཞེས་བྱ་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་དུ་གོ་ཆ་བགོས་སོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་
་ས་མཚམས་བཅད་དེ། གོ་ཆ་བགོས་པ་མ་ཡིན་པའི་དོན་དེ་ཉིད་ཞིབ་ཏུ་བསྟན་པའི་ཕྱིར་གླེངས་ཤིང་བཤད་པའོ། །གསོལ་བ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི
་བྱང་ཆུབ་སེམས་དཔའ་ཨི་གོ་ཆ་དེ་ཆོས་ཐམས་ཅད་དང་འབྲེལ་བ་མ་ཡིན་ནོ་ཞེས་བཤད་པའི་དོན་རབ་འབྱོར་གྱིས་རྟོགས་ནས། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཆོས་གང་ལ་ཡང་དངོས་པོར་མི་ལྟ་ཞིང་མཚན་མར་མི
་འཛིན་པའི་དོན་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཤིན་ཏུ་ཟབ་བས་བསྒོམ་དུ་ཡང་མེད་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་བསྟན་པའི་གླེང་བསླང་བའི་ཕྱིར། རབ་འབྱོར་གྱིས་སྨྲས་པ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མི་བགྱི་ཞེས་བྱ་བ་ནི། སྒོམ་པར་བྱེད
་པ་པོ་དངོས་པོ་མེད་པར་བསྟན་ཏོ། །ཅི་ཡང་བསྒོམ་པར་མི་བགྱི་ཞེས་བྱ་བ་ནི། བསྒོམ་པར་བྱ་བའི་ཆོས་དངོས་པོ་མེད་པ་བསྟན་ཏོ། །གང་དུ་ཡང་བསྒོམ་པར་མི་བགྱིའོ་ཞེས་བྱ་བས་ནི། བསྒོམ་པའི་གནས་དངོས་པོ་མེད་པ་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན།
་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གང་བསྒོམ་པ་འམ། གང་བསྒོམ་པར་བགྱི་པ་འམ། གང་གིས་བསྒོམ་པར་བགྱི་བའི་ཆོས་གང་ཡང་ཡོངས་སུ་གྲུབ་པ་དམིགས་སུ་མ་མཆིས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི
་ཟབ་ཅིང་བསྒོམ་དུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། གང་བསྒོམ་པ་འམ་ཞེས་བྱ་བ་ནི། སྒོམ་པ་པོ་དམིགས་སུ་མེད་པ་བསྟན་ཏོ། །གང་བསྒོམ་པར་བགྱི་བ་འམ་ཞེས་བྱ་བ་ནི། བསྒོམ་པར་བྱ་བའི་ཆོས་དམིགས་སུ་མེད་པར་བསྟན་ཏོ། །གང་གིས་སྒོམ
་པར་བགྱི་བ་ཞེས་བྱ་བ་ནི། བསྒོམ་པའི་ཤེས་རབ་དམིགས་སུ་མེད་པ་བསྟན་ཏོ། །ཆོས་གང་ཡང་ཡོངས་སུ་གྲུབ་པ་དམིགས་སུ་མ་མཆིས་ཏེ་ཞེས་བྱ་བས་ནི། སྒོམ་པ་པོ་དང་བསྒོམ་པར་བྱ་བའི་ཆོས་དང་ཤེས་རབ་གང་གིས་བསྒོམ་པར་བྱ་བའི་ཆོས་དེ་དག
་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་ཡོངས་སུ་མ་གྲུབ་སྟེ་དམིགས་སུ་མེད་པའི་ཕྱིར་བསྒོམ་དུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ནམ་མཁའ་བསྒོམ་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་བསྒོམ་དུ་མེད་པའི་དཔེས་ནམ་མཁའ་ལས་བླངས་ཏེ། བསྟན་པ་སྟེ། ནམ་མཁའ་དངོས་པོ་མེད་པས་བསྒོམ་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་དངོས་པོ་མེད་པས་བསྒོམ་དུ་མང་དོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་འདི་ལྟ
་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཆོས་ཐམས་ཅད་བསྒོམ་པའོ་ཞེས་བྱ་བས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་བསྒོམ་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བསྒོམ་དུ་མེད་དོ
་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་མ་མཆིས་པ་བསྒོམ་པའོ་ཞེས་བྱ་བ་ནི། རི་བོང་རྭ་དང་འདྲ་བར་དངོས་པོ་ཅི་ཡང་མེད་པ་ལ་བསྒོམ་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་ཡང་དོན་དམ་བར་དངོས་པོ་ཅི་ཡང་མེད་པས་བསྒོམ་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཡོངས་སུ་འཛིན་པ་མ་མཆིས་པ་བསྒོམ་པའོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་སུ་མེད
་བ་ལ་བསྒོམ་དུ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གཟུང་བ་དང་འཛིན་པའི་དངོས་པོ་མེད་པས་བསྒོམ་དུ་མེད་པའོ། །ཞེས་བསྟན་པའོ། །བཅོམ?་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། བསྒོམ་པ་རྣམ་པར་བསྒོམ
་པའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པས། དེ་ལ་བསྒོམ་པ་ནི་བསྒོམ་པ་མེད་པར་བྱེད་པའོ་ཞེས་བྱ་བའི་དོན་ཏེ། རྒྱ་གར་སྐད་དུ་བི་བྷ་བན་ཞེས་བྱ་བ་ནི། རྣམ་པར་བསྒོམ་པ་ལ་ཡང་བྱ། སྒོམ་པ་མེད་པ་ལ
་ཡང་བྱ་སྟེ། སྐབས་འདིར་ནི་སྒོམ་པ་མེད་པ་ལ་བྱ་བར་ཤེས་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་གང་བསྒོམ་པ་རྣམ་པར་སྒོམ་པ་ཡིན་ཞེས་བྱ་བ་ནི།
་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ་བསྒོམ་པ་མེད་པ་བསྟན་པའི་གླེང་བསླད་བའི་ཕྱིར་བཀའ་སྩལ་པ་སྟེ། གང་བསྒོམ་པ་རྣམ་པར་བསྒོམ་པ་ཡིན་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་དངོས་པོ་གང་བསྒོམ་པ་བསྒོམ
་དུ་མེད་པ་ཡིན་ཞེས་རབ་འབྱོར་ལ་སྨྲས་པའོ། །གསོལ་བ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་གཟུགས་བསྒོམ་པ་རྣམ་པར་བསྒོམ་བའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་དོན་དམ
་བར་གཟུགས་དངོས་པོ་མེད་བར་རྟོགས་པས། གཟུགས་བསྒོམ་དུ་མེད་པ་སྒོམ་པ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ
་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ་ཞེས་བྱ་བ་ནས། རབ་འབྱོར་འདི
་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་བའོ་ཞེས་བྱ་བའི་བར་དུ་ནི། རབ་འབྱོར་གྱིས་བཤད་པའི་དོན་དང། ཚིག་བཙན་པར་བྱ་བའི་ཕྱིར་ཚིག་དེ་ཉིད་བཟླས་ཏེ། དེ་བདེན་ནོ
་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་ལ་མངོན་པར་ཆགས་པ་མེད་དམ་ཞེས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་བ་ཟབ་མོ་འདིའི་དོན་རྟོགས་ན། ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང། ཅི་ཡང་མི་སྒོམ་པའི་བྱང་ཆུབ་སེམས་དཔའ་དེ་ཕྱིར་མི་ལྡོག་བའི་བྱང་ཆུབ་སེམས་དཔའ་ཡིན་ནམ་མ་ཡིན་པ་བརྟག་པར་བྱ་བ་བཤད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཟབ་མོ་འདི་ལ་དངོས་པོར་ལྟ་ལ། མཚན་མར་འཛིན་ཅིང་མངོན་པར་ཆགས་པ། ཡོད་དམ་མེད་བརྟགས་ཏེ། མངོན་པར་ཆགས་པ་ཡོད་ན་ནི། མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མ་ཡིན། དེ་ལྟར་མངོན་བར་ཆགས་པ་མེད་ན་ནི། ཕྱིར་མི་ལྡོག་པའི
་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཇི་ལྟར་བཤད་པ་དེ་བཞིན་དུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། རྣམ་པར་བྱང
་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་བའི་ཚེ། ཕ་རོལ་གྱིས་སྨྲས་པ་དང། ཕ་རོལ་གྱིས་བསྟན་པ་ལ་སྙིང་པོར་མི་ལྟ
་འམ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཞན་གྱི་རྐྱེན་ལ་ལྟོས་སམ། མི་བལྟོས་བརྟག་པ་ལ་སོགས་པའི་སྒོ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ནམ
་མ་ཡིན་བརྟག་པའི་ཐབས་བསྟན་པ་སྟེ། ཕ་རོལ་གྱིས་སྨྲས་པ་བདང། ཕ་རོལ་གྱིས་བསྟན་པ་ལ་སྙིང་པོར་མི་ལྟ་འམ་ཞེས་བྱ་གབས་ནི། གཞན་གྱིས་བསླུར་ཚུགས་སམ་མི་ཚུ་གས་བརྟག་པའོ། །ཕ་རོལ་གྱིས་དང་པས་མི་འགྲོ་འམ་ཞེས་བྱ་བས་ནི་གཞན་གྱི་དྲིང་ལ་འཇོག་ཅིང་གང་ཟག
་གི་རྗེས་སུ་འབྲང་བ་ཡིན་ནམ་མ་ཡིན་བརྟག་པའོ། །འདོད་ཆགས་དད་བཅས་པའི་སེམས་བསྐྱེད་པས་འཕྲོག་པ་མ་ཡིན་ནམ་ཞེས་བྱ་བས་ནི་གཏི་མུག་དང་བཅས་པའི་སེམས་བསྐྱེད་པས་འཕྲོགས་པ་མ་ཡིན་ནམ་ཞེས་བྱ་བའི
་བར་གྱིས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་དུ་གྱུར་ཏམ་མ་གྱུར་བརྟག་པའོ།། སྦྱིན་བའི་ཕ་རོལ་ཏུ་ཕྱིན་བ་དང་བྲལ་བར་མ་གྱུར་ཏམ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ་ཞེས་ཡོངས་སུ
་བརྟག་པར་བྱ་སྟེ། ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་བའི་ཚེ། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་དམ་མི་སྤྱོད་བརྟག་པའོ།། གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞེས་བྱ་བ་ནས། ཐོས
་ནས་ཀྱང་གོང་དུ་འཛིན་ཅིང་འཆད་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མི་འཇིགས་མི་སྐྲག་ལ། སེམས་ཞུམ་པར་མི་འགྱུར་ཞེང།
་ཕྱི་ཕྱིར་དད་པ་སྐྱེས་ཏེ། འཛིན་ཅིང་འཆང་བ་ལ་སོག་པའི་སྒོ་ནས་རྒྱ་ཆེར་སྤྱོད་ན། བྱང་ཆུབ་སེམས་དཔའ་དེ་སྔོན་ཡང་ཡུན་རིང་པོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་སྤྱོད་པ་ཡིན་པས་ཡོན་ཏན་དེ་རྣམས་དང་ལྡན་ན། ཕྱིར་མི་ལྡོག་པའི་ཁྱད
་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཟབ་མོ་འདི་ཇི་ལྟར་བརྟག་བར་བགྱི་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པའི་ཚེ། དོན་ཟབ་མོ་མི་?་སྟེ། ཕྱི་ཕྱིར་རྒྱ་ཆེར་སྤྱོད་པར་གྱུར་པ་ཡིན། དམ་པའི་དབྱིངས་རྟོག་པའི་ཚེ། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འདི་ལ་ཇི་ལྟར་བསམ་ཞིང་བརྟག་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞལ་བའི་བསམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ཟབ་མོ་འདི་ལ་བརྟག་པར་བྱའོ་ཞེས་བྱ་བས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོ་དང་མཚན་མར་མི་བཟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དང་མཐུན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མི་རྟག་པའི་ཚུལ་གྱིས་བརྟག་པར་བྱའོ་ཞེས
་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོ་འདི་ལ་རྟོགས་པ་ལགས་ཞེས་བྱ་བ་ནི། སྟོང་པ་ཉིད་དང
་མཚན་མ་མེད་པ་དང། སྨོན་པ་མེད་བ་ལ་སོགས་པའི་ཚུལ་དུ་བརྟགས་པར་བྱ་བའི་གླེང་བསླད་པར་བྱ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་ཞེས་བྱ་བ་ནས། རབ་འབྱོར
་སྤྲུལ་བ་ལ་གཞོལ་བའི་བསམ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་ཐར་པའི་སྒོ་གསུམ་དང། ནམ་མཁའ་དང། བསྐྱེ་བ་མེད་པ་དང། འགག་པ་མེད
་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མེད་པ་དང། དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་དང། ཡང་དག་པའི་མཛའ་དང། མཉམ་པ་ཉིད་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དང། མངོན་པར་འདུ་བྱ་བ་མེད་པ་དང། རྨི་ལམ་དང།
་གཟུགས་བརྙན་དང། སྒྲ་བསྙན་དང། སྨིག་རྒྱུ་དང། སྒྱུ་མ་དང། སྤྲུལ་པ་ལ་སོགས་པ་དངོས་པོ་མེད་པ་རྣམས་ལ་དངོས་པོར་ལྟ་ཞིང་།མཚན་མར་གཟུང་དུ་མེད་པར་རྟོགས་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བཟབ?
་མོ་འདི་ལ་ཡང་དངོས་པོ་དང་མཚན་མར་འཛིན་པས་བརྟག་པར་མི་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་སྟོང་པ་ཉིད་ལ་གཞལ་བའི་བསམ་པས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟོག་པ་ལགས་སམ
་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡང་དངོས་པོར་མི་ལྟ་ཞིང་མཚན་མར་མི་བཟུང་བ་བཤད་པའི་སྐབས་དབྱེ་བའི་ཕྱིར། དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་དངོས་པོ་མེད་པའི་ཆོས་རྣམས་ལ་རྣམ་པར
་མི་རྟོག་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་རྣམ་པར་མི་རྟོག་པ་ཡིན་ན་ཅི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་དངོས་པོ་དང་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་ལགས
་སམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ལ་རྟོག་པ་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟོག་པ་མ་ཡིན་ནོ་ཞེས་བྱ་བའི་བར
་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་དེ་བརྟག་པའི་ཡུལ་མ་ཡིན་པའི་ཕྱིར། དེ་དག་གང་ལ་ཡང་རྣམ་པར་མི་རྟོག་གོ་ཞེས་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་མ་བྱས། རྣམ་པར་མ་བྱས་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་དེ། རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་གཏན་ཚིགས་བསྟན
་པ་སྟེ། སུས་ཀྱང་མ་བྱས་ཞེས་བྱ་བ་ནི་རྣམ་བ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་དངོས་པོ་མེད་པས་སུས་ཀྱང་མེད་བ་ལས་ཡོད་པར་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མ་བྱས་ཞེས་བྱ་བ་ནི་ཡོད་པ་ལས་མེད་པར་མ་བྱས་ཞེས་བྱ་བའི
་ཐ་ཚིག་གོ། གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང། ཕྱོགས་གང་ན་ཡང་མི་གནས། ཡུལ་གང་ན་ཡང་མི་གནས། གང་ན་ཡང་མི་གནས་པ་སྟེ་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་པས་འགྲོ་བ་དང་འོང་བ་དང། གནས་པ་མེད་དོ་ཞེས་བསྟན་པའོ།།
་གང་ལ་གྲངས་མི་དམིགས་ཤིང་འགྲོ་བ་དང་འོད་བ་མི་དམིགས་པ་དེ་ནི། གང་གིས་ཀྱང་མངོན་པར་འཚང་རྒྱ་བར་མི་ནུས་ཏེ་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་དེ་བགྲང་དུ་ཡང་མེད། འགྲོ་བ་དང་འོང་བ་ཡང་མེད་པ་དེ་ནི་གཟུགས་ལ་སོགས་པ་གང་གི
་རང་བཞིན་དུ་ཡང་ཤེས་པར་བྱར་མི་རུང་ལ། གཟུགས་ལ་སོགས་པ་གང་གིས་ཀྱང་ཤེས་པར་བྱ་མི་ནུས་སོ་ཞེས་བསྟན་པ་སྟེ། དེ་བས་ན་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། གཟུགས་ཀྱིས་མ་ཡིན་ནོ། །ཚོར་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་གང་གི་རང་བཞིན་དུ་ཡང་ཤེས་པར་བྱར་མི་རུང་ལ། ཆོས་དེ་དག་གང་གིས་ཀྱང་ཤེས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས
་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི་ཆོས་གང་གིས་ཀྱང་ཤེས་པར་བྱ་མི་ནུས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ
་རོ་གཅིག་པས། བདག་གིས་བདག་ཤེས་པར་བྱར་མི་རུང་སྟེ། དཔེར་ན་རལ་གྲི་དེ་ཉིད་ཀྱི་སོས། རལ་གྲི་དེ་ཉིད་གཙང་དུ་མི་རུང་བ་བཞིན་ནོ་ཞེས་བསྟན་པའོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ཉིད་གཅིག་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རོ་གཅིག་ཅིང། ཐ་མི་དད་པའི་གཏན་ཚིགས
་བསྟན་བ་སྟེ། དྲོན་དམ་པར་གཟུགས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གཅིག་པས། གཅིག་གིས་གཅིག་ཤེས་པར་བྱེད་པ་དང། ཤེས་པར་བྱ་བའི་ཡུལ་ལྟར་ཤེས་པར་བྱ་བ?
་རུང་ངོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཐུག་བས་རུ་ཡང་སྦྱར་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་བརྒྱད་པའོ།། །།
་དེ་ནས་འདོད་པ་ན་སྤྱོད་པ་དང།གཟུགས་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྟའི་བུ་རྣམས། ལྷ་རྫས་ཀྱི་ཙན་ངན་གྱི་ཕྱེ་མ་དང། ལྷ་རྫས་ཀྱི་མེ་ཏོག་ཨུཏཔལ་དང། པདམོ་དང། ཀུ་མུད་དང། པུ་ཎ་ཌ་རཱི་ཀ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས
་གན་བ་དེར་ལོ་གསུམ་དོན་པར་གཏོར་ཏོ། །ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རང་བཞིན་ཐ་མི་དད་དེ། གཅིག་ཏུ་བཤད་པ་དང། གཟུགས་ལ
་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་བ་དེ་དག་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱང་མེད་དོ་ཞེས་བཤད་པའི་དོན་ལྷའི་བུ་རྣམས་ཀྱིས
་རྟོགས་ནས། དེ་ལྟ་བུའི་དོན་ཟབ་མོ་བཤད་བས་མགུ་སྟེ། ལྷ་རྫས་ཀྱི་མཆོད་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ནས། བཅོམ་ལྡན་འདས་ཀྱིས་གོང་དུ་བཤད་པའི་ཚིག་དེ་དག་ཉིད་བཟླས་ཏེ། གསོལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདི་ཟབ་ཅིང་བལྟ་དཀའ་བས་མཁས་པ་རྣམས་ཀྱིས་རིགས་པར་བྱ་བ་ཡིན་གྱི། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་ཡིན་པར་བསྟན་པ་སྟེ། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
་པའི་སངས་རྒྱས་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས། འདི་སྐད་དུ་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས
་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་ཞེས་བྱ་བའི་བར་གྱིས་ནི་།གོང་བུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པས་བཤད་པ།
་ལྷའི་དུ་རྣམས་ཀྱིས་བཟླས་ཏེ། གསོལ་ནས་དེ་ལྟ་བུའི་དོན་ཟབ་མོ་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་སྟེ། མཁས་པ་རྣམས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའོ
་ཞེས་བྱ་བའི་ཐ་ཚིག་འོག་ནས་འགྱུར་བ་དང་སྦྱར་རོ།། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ
་ནས་།སངས་རྒྱས་ཀྱི་དེ་བཞིན་གང་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བསྟོན་པ་ནི། ཞེས་བྱ་བའི་བར་གྱིས་ནི། གོང
་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དག། དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་དད་དུ་དབྱེར་མེད་དོ་ཞེས་བཅོམ་ལྡན་འདས
་ཀྱིས་བཤད་པའི་ཚིག་།ལྟའི་བུ་རྣམས་ཀྱིས་བཟླས་ཏེ་གསོལ་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་ལ་ཁོང་དུ་ཆུད་པར་དཀའ་ཞིང་བརྟག་ཏུ་མ་མཆིས་ལ་རྟོག་གོ
་སྤྱོད་ཡུལ་མ་ལགས་པ་སྟེ། ཞི་ཞིང་ཕྲ་བ་ཞིབ་མོ་མཁས་ཤིང་རྟོགས་པས་རིག་པར་བགྱི་བ་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའོ་ཞེས་བྱ་བ་ནི། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་དེ་བཞིན་ཉིད
་དུ་རོ་གཅིག་པར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཡིན་ཏེ། ཟབ་ཅིང་བལྟ་དཀའ་བས་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། སེམས་ཅན་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན
་ནོ་ཞེས་བསྟན་པ་སྟེ། ཟབ་པ་དང་བལྟ་དཀའ་བ་དང། ཁོང་དུ་ཆུབ་པར་དཀའ་བ་དང། བརྟག་ཏུ་མེད་པ་དང་།རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་དང། ཞི་བ་དང། ཕྲ་བ་དང། ཞིབ་པའི་ཚིག་རྣམས་ཀྱི་དོན་ནི་སྔར་བཤད་ཟིན་ཏོ། །བཅོམ་ལྡན་འདས
་ཀྱིས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ལྷའི་བུ་དག་གཟུགས་ཉིད་རྣམ་པ་རྣམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་ཀྱང་གཟུགས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ལྟའི་བུ་རྣམས
་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་རང་བཞིན་གཅིག་པར་འཆང་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་ལ། མཁས་པ་རྣམས་ཀྱིས་རིག་པར་བྱ་བ
་ཡིན་གྱིས་འཇིག་རྟེན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་གསོལ་པའི་ཚིག་དང། དོན་དེ་དག་བཅོམ་ལྡན་འདས་ཀྱིས་བཟླས་ཏོ། དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་བྱ་བ་ནས། སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན
་པ་དེ་ནི། དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱང་མེད་དོ་ཞེས་བྱ་བའི་བར་གྱིས་ཀྱང་གོང་དུ་ལྟའི་བུ་རྣམས་ཀྱིས་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ
་དེ་དག་དེ་བཞིན་ཉིད་དུ་རོ་གཅིག་པ་སྟེ། ཐ་མི་དད་པར་སྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་སྟེ། མཁས་པ་རྣམས་ཀྱིས་རིག་པར་བྱ་བ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུ་མ་ཡིན་ཞེས་སྨྲས་པའི་ཚིག་དང།
་དོན་དེ་དག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ། དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །ལྷའི་བུ་དག་དོན་གྱིས་དབང་དེ་གཟིགས་པས། དེ་བཞིན་གཤེགས་པ་འཕྲིན་ལས་ཆུང་བ་ལ་ཐུགས་གཞོལ་ཏེ། ཆོས་བསྟན་པ་ལ་གཞལ་བ་མ་ཡིན་ནོ་ཞེས་བྱ
་བ་ནི། སྔོན་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་མི་བསྐོར་བར་ཅང་མི་གསུང་བར་བཞུགས་པ་ཡང། དོན་ཟབ་མོ་འདི་ལྟ་བུ་དེ་བཞིན་གཤེགས་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་གྱི། སེམས
་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ནོ་སྙོམ་ན། དོན་དེ་ལྟ་བུ་ལ་དགོངས་ནས། བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པའི་དོན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལྟ་སྟེ། དེ་བཞིན
་གཤེགས་པ་རྣམས་ཀྱི་ཆོས་བྱང་ཆུབ་འདི་ནི་ཟབ་ཅིང་བལྟ་དཀའ་ལ་ཁོང་དུ་ཆུང་བར་དཀའ་ཞིང། བརྟག་ཏུ་མེད་ལ་རྟོག་གེའི་སྦྱོད་ཡུལ་མ་ཡིན་ཏེ། ཞི་ཞིང་ཕྲ་བ་ཞིབ་མོ་མཁས་ཤིང་རྟོགས་པས་རིག་པར་བྱ་བ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་
་ཆེས་པར་དཀའ་བ་སྟེ། དེ་ནི་སུས་ཀྱང་མངོན་པར་སངས་མ་རྒྱས། ནམ་ཡང་མངོན་པར་སངས་མ་རྒྱས། གང་དུ་ཡང་མངོན་པར་སངས་རྒྱས་མ་རྒྱས་ཏེ། གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མེད་པ་དེ་ནི་ཆོས་རྣམས་ཀྱི་ཐབ་པ་ཉིད་དོ་ཞེས་བྱ
་བ་ནི། བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་པའི་ཚེ། ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་པ་བླ་ན་མེད་པ་བྱང་ཆུབ་པའི་ཆོས་དེ་ཟབ་ཅིང་བལྟ་དཀའ་བས། སུས་ཀྱང་མངོན
་པར་རྟོགས་པར་བྱ་མི་ནུས་པའི་ཕྱིར། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། བརྒྱ་བྱིན་ལ་སོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་དགོས་པར་གྱུར་ཏོ། །ཞེས་བསྟན་པའོ། །ཟབ་ཅིང་བལྟ་དཀའ་བ་ལ་སོཌ་པའི་ཚིག་རྣམས་ཀྱི
་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ནི་སུས་ཀྱང་མངོན་པར་སངས་མ་རྒྱས་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་དེ་དོན་དམ་པར་དངོས་པོ་མེད་པས་གང་ཟག་གང་གིས་ཀྱང་མ་རྟོགས་ཞེས་བྱ་བའི་དོན་ཏོ། །ནམ་ཡང་མངོན་པར་སངས་མ་རྒྱས་ཞེས
་བྱ་བ་ནི་། དེ་ལྟར་དངོས་བོ་མེད་པ་དེ་སྔོན་ཡང་རྟོགས་པར་མ་གྱུར་། ད་ལྟར་ཡང་མི་རྟོགས། ཕྱིས་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་བསྟན་པའོ། །གང་དུ་ཡང་མངོན་པར་སངས་མ་རྒྱས་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་པ་དེ་ཁམས
་གསུམ་གྱི་གནས་གང་དུ་ཡང་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མེད་པ་དེ་ནི་། ཆོས་རྣམས་ཀྱི་ཟབ་པ་ཉིད་དེ་ཞེས་བྱ་བ་ནི། གོང་དུ་བླ་ན་མེད་པའི་བྱང་ཆུབ་དེ་ཟབ་ཅིང་བལྟ་དཀའ་བར་བཤད་པའི
་དོན་དེ་ཉིད་གསལ་བར་བསྟན་པ་སྟེ་། བླ་ན་མེད་པའི་བྱང་ཆུབ་དེ་ལ་རྟོགས་པར་བྱེད་པ་དང། རྟོགས་པར་བྱ་བའི་དངོས་པོར་རྣམ་པར་རྟོག་པ་མེད་པ་དེ་ཉིད་དེའི་ཟབ་མོ་ཡིན་ནོ་ཞེས་བསྟན་པའོ། །ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར། །
་ཆོས་འདི་ཟབ་བོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དེ་ཟབ་པའི་གཏན་ཚིགས་དང་དཔེ་བསྟན་པ་སྟེ་། ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བ་ནས། ལྷའི་བུ་དག་མངོན
་པར་འདུ་བྱ་བ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པ་ཟབ་པའི་ཕྱིར། ཆོས་འདི་ཟབ་པོ་ཞེས་བྱ་བའི་བར་གྱིས་ནི། ནམ་མཁའ་ལ་སོགས་པའི་འདུས་མ་བྱས་པའི་ཆོས་རྣམས་དངོས་པོ་མེད་དེ། སུས་ཀྱང་མངོན་སུམ་དུ་རྟོགས་པར་བྱ།
་མི་ནུས་ཤིང་ཟབ་པ་དེ་བཞིན་དུ་། བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་ཟབ་བོ་ཞེས་བྱ་བའི་དོན་ཏོ། །ལྟའི་བུ་དག་བདག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ཞེས་བྱ་བ་ནས། ལྷའི་བུ་དག་མཐོང
་བ་པོ་ཟབ་པའི་ཕྱིར། ཆོས་འདི་ཟབ་པོ་ཞེས་བྱ་བའི་བར་གྱིས་ནི། མུ་སྟེགས་ཅན་གྱིས་ཕྱིན་ཅི་ལོག་ཏུ་བརྟགས་པའི་བདག་རྣམས་ཡང་དག་པར་ཡོད་པ་མ་ཡིན་པས། སུས་ཀྱང་མངོན་སུམ་དུ་བྱར་མི་རུང་སྟེ། ཟབ་པ་ཏེ་བཞིན་བླ་ན་མེད་པའི་བྱང་ཆུབ་ཀྱི་རང
་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་ཆོས་འདི་ཡང་ཟབ་བོ་ཞེས་བསྟན་པའོ། །ལྟའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་པོ་ཞེས་བྱ་བ་ནས། ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་མོ་ཞེས་བྱ་བའི
་པར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ་། ཆོས་དེ་དག་གི་རང་བཞིན་འདི་ཁོ་ནའོ་ཞེས་སུས་ཀྱང་ཐོག་ཏུ་མི་ཕེབས་པས། ཟབ་པ་དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་ཟབ་པོ་ཞེས་བྱ་བའི་དོན་ཏོ། །ལྷའི་བུ་རྣམས་ཀྱི་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའི་ཆོས་བསྟན་པ་འདི་ནི་དེ་མཚར་ཏོ་ཞེས་བྱ་བ་ནི། གོང་དུ་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་ཟབ་པར་བསྟན་པས་ལྷའི་བུ་རྣམས་མགུ་ནས་དེ་ལྟ་བུའི་ཆོས་ཟབ་མོ་བསྟན་པ་ཤིན་ཏུ་དཀོན་ཏེ། ངོ་མཚར་ཆེའོ་ཞེས་བཅོམ་ལྡན་འདས་ལ་བསྟོད་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ནི
་གཟུགས་གཟུང་བའི་སླད་དུ་མ་ལགས། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་ཞེས་བྱ་བ་ནས་།རྣམ་པར་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་སླད་དུ་མ་ལགས་། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་སོ་ཞེས་བྱ་བའི་བར་གྱིས
་མིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་ཞིང། ཟབ་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས།
་འདི་ནི་གཟུགས་སོ་ཞེས་དངོས་པོ་དང་མཚན་མ་གཟུང་དུ་ཡོད་པར་ཡང་བསྟན་ལ། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་ཡང་མེད་དོ་ཞེས་རྣམ་པ་ཐམས་ཅད་དུ་མེད་པར་སྐུར་པ་བཏབ་སྟེ་།མེད་པའི་མཛའ་ལ་ཆགས་པར་བྱ་བའི་ཕྱིར་ཡང་མ
་བསྟན་པས་། ཆོས་འདི་ཟབ་པོ་ཞེས་ལྷའི་བུ་རྣམས་ཀྱིས་སོགས་པའོ། །བཅོམ་ལྡན་འདས་འཇིག་རྟེན་ནི་བདག་གིས་གཟུགས་སོ། །བདག་ནི་གཟུགས་ཅན་ནོ་ཞེས་བྱ་བ་ནས་།བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བདག་ནི་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ་ཞེས་བགྱི་བར་འཛིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་ཐམས་ཅད་ཆོས་ཟབ་མོ་ལ་ཡིད་མི་ཆེས་པའི་རྒྱུས་བསྟན་པ་སྟེ་།འཇིག་རྟེན་པ་རྣམས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན
་སྟོང་པ་ཉིད་མ་རྟོགས་པས་། ཆོས་རྣམས་ལ་བདག་དང་བདག་གིར?་འཛིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡིད་མི་ཆེས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ
་བཞིན་ནོ། །དེ་དེ་བཞིན་ཏེ། ལྟའི་བུ་དག་ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན་། མི་གཟུང་བའི་ཕྱིར་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་ཕྱིར་བསྟན་པ་ཡིན་། མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན་ཞེས
་བྱ་བའི་བར་གྱིས་ནི། གོང་དུ་ལྷའི་བུ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲ་འདོགས་པ་དང། སྐུར་པ་འདེབས་པས་བསྟན་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་
་ཞིང་ཟབ་པར་བསྟན་པ་ངོ་མཚར་ཆེ་བའི་གཏན་ཚིག་སུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཟུང་བའི་སླད་དུ་བསྟན་པ་ཡང་མ་ལགས་། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་སོ་ཞེས་གསོལ་བའི་ཚིག་དེ་དག་ཉིད་བཅོམ་ལྡན་འདས་ཀིས་བཟླས
་ནས་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །ལྷའི་བུ་དག་གང་ཡང་གཟུགས་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་སྤྱོད་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས
་ཐམས་ཅད་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་བའི་ཚུལ་གྱིས་ཡོད་པ་དང་མེད་པའི་མཛའ་ལ་ཆགས་པས་སྤྱོད་ན། ཆོས་རྣམས་ཀྱིས་ཆོས་ཉིད་མ་རྟོགས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ
་དག་པར་སྒོམ་མི་ནུས་སོ། །ཞེས་ཡོད་པ་དང་མེད་པའི་མཛའ་ལ་ཆགས་པའི་ཉེས་དམིགས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང
་རྗེས་སུ་མཐུན་བ་སྟེ་ཞེས་བྱ་བ་ནས། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རྗེས་སུ་མཐུན་པའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པའི་མཐར་འཛིན་པ་དག་རྣམ་པར་བྱང་བའི་ཆོས
་རྣམས་བསྒོམ་པར་མི་ནུས་ཀྱི་།མཛའ་གཉིས་དང་བྲལ་ན་གདོང་རྣམ་པར་བྱང་པའི་ཆོས་རྣམས་བསྒོམ་ནུས་སོ་ཞེས་བཤད་པའི་དོན་རབ་འབྱོར་གྱིས་རྟོག་ནས་། འཁོར་ཐམས་ཅད་མཛའ་གཉིས་དང་བྲལ་པའི་ཆོས་ཟབ་མོ་ལ
་གཟུང་པའི་ཕྱིར། དེ་ལྟར་མཛའ་གཉིས་དང་བྲལ་བའི་ཆོས་ཟབ་མོ་འདི་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར། ཆོས་ཐམས་ཅད་དང་རྗེས་སུ་མཐུན་པའོ་ཞེས་རབ་འབྱོར་གྱིས
་སྨྲས་པའོ། །ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་ཏེ་། ཅི་ལ་ཐོགས་པ་མ་མཆིས་ཞེ་ན་། གཟུགས་ལ་ཐོགས་པ་མ་མཆིས་སོ་ཞེས་བྱ་བ་ནས་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐོགས་པ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས
་ནི། དེ་ལྟར་ཆོས་ཟབ་མོ་རྣམ་པར་བྱང་པའི་ཆོས་ཐམས་ཅད་རྗེས་སུ་མཐུན་པ་ཡིན་པས་། གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་དངོས་པོར་མི་ལྟ་ཞིང་། ཆོས་དེ་དག་གིས་དབང་དུ་མི་འགྱུར་རོ་ཞེས་བསྟན་པའོ། །ཆོས་འདི་ནི
་ནམ་མཁའ་དང་མཉམ་པ་ཉིད་དང། དེ་བཞིན་ཉིད་དང་མཉམ་པ་ཉིད་དང་ཞེས་བྱ་བ་ནས། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང། རྣམ་པར་བྱང་བ་མ་མཆིས་པ་དང། མཉམ་པ་ཉིད་ཀྱི་སླད་དུ་། ཐོགས་པ་མ་མཆིས་པའི་མཚན
་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཐོགས་པ་མེད་པའི་མཚན་ཉིད་ཡིན་པ་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་འདི་ནམ་མཁའ་ལ་སོགས་པ་འདུས་མ་བྱས་པའི་ཆོས་རྣམས་དང
་འདྲ་པས། ཐོགས་པ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་འདི་ནི་གཟུགས་ཀྱི་སྐྱེ་བ་མི་དམིགས་པ་དང། ཞེས་བྱ་བ་ནས་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མི་དམིགས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ
་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་། བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང། སྐྱེ་བ་མེད་པའི་མཚན་ཉིད་ཡིན་ནོ་ཞེས་བསྟན་པའོ། །ཆོས་འདི་ནི
་གཟུགས་ཀྱི་རྟེན་མི་དམིགས་པ་དང། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་མི་དམིགས་པའི་སླད་དུ་རྟེན་མ་མཆིས་པའོ། །ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས
་གང་ན་ཡང་མི་གནས་ཅི་ལ་ཡང་མི་བརྟེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཡང་གང་ན་ཡང་མི་གནས། ཅི་ལ་ཡང་མི་བརྟེན་པས་རྟེན་མེད་པ་ཡིན་ནོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །དེ་ནས་འདོད་པ་ན་སྤྱོད་པ་དང།
་གཟུགས་ཡོད་པ་ན་སྦྱོར་བའི་ལྟའི་བུ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གནས་བརྟན་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི་གནྔ་དུ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཟབ
་མོ་འདི་རྣམ་པར་བྱང་པའི་ཆོས་ཐམས་ཅད་དང། རྗེས་སུ་མཐུན་པར་བཤད་པ་དང། ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་བཤད་པ་དང། འདུས་མ་བྱས་པའི་ཆོས་རྣམས་དང་མཉམ་པ་ཉིད་དུ་བཤད་པ་དང། སྐྱེ་བ་མེད་པར་བཤད་པ་དང། རྟེན
་མེད་པར་བཤད་པས་ལྷའི་བུ་རྣམས་མགུ་ནས་།དེ་བཞིན་གཤེགས་པ་དང་ཆོས་མཐུན་པར་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ་ཞེས་རབ་འབྱོར་ལ་བསྟོད་པ་སྟེ་། བཅོམ་ལྡན་འདས་དང་མཐུན་པར་གྱུར་ཏོ། །ཞེས་བྱ་བའི་དོན
་ཏོ། དེ་ཅིའི་སླད་དུ་ཞེ་ན་། འདི་ལྟར་གནས་བརྟན་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་ལ་བརྩམས་ཤིང་སྟོན་ཏོ། །མཚན་མ་མ་མཆིས་པ་དང། སྨོན་པ་མ་མཆིས་པ་ཉིད་ལས་བརྩམས་ཤིང་སྟོན་ཏོ་ཞེས་བྱ་བས་ནི། རབ་འབྱོར
་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པའི་གཏན་ཚིགས་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཆོས་ཟབ་མོ་སྟོན། རབ་འབྱོར་ཡང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཆོས་ཟབ་མོ་སྟོན་ཏེ
་དེ་ལྟར་ཆོས་ཟབ་མོ་སྟོན་པར་རྗེས་སུ་མཐུན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྟའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ
་པ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་དང་རབ་འབྱོར་གཉིས་དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་དེ་རྗེས་སུ་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་པར་རབ་འབྱོར་གྱིས་བཤད་པ་སྟེ་།གནས
་བརྟན་རབ་འབྱོར་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེས་པ་སྟེ། ཞེས་བྱ་བས་ནི་དོན་དམ་པར་དེ་བཞིན་གཤེགས་པ་དང། རབ་འབྱོར་གཉིས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་ཅིང་རྗེས་སུ
་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་མ་སོང་པ་དེ་བཞིན་དུ་། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས
་མ་སོང་བས་ན། ཐོག་མ་ནས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པ་དང་རབ་འབྱོར་གཉིས་དེ་བཞིན་ཉིད་དུ་ཐ་མི་དང་ཅིང་རྗེས་སུ་མཐུན་པའི་གཏན་ཚིགས་བསྟན་པ
་སྟེ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཡོངས་སུ་དག་ཅིང་འགྱུར་བ་མེད་པས་། ཐོག་མ་ཡང་གང་ནས་ཀྱང་མ་འོངས་། ཐ་མ་གར་ཡང་མི་འགྲོ་སྟེ། མི་འགྱུར་བས་ཡོངས་སུ་འགྲུབ་པ་ཡིན་པས། རབ་འབྱོར་ཆོས་འདི་ལྟ་བུ་ཏོན་པའི
་ཕྱིར་བཟོད་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་མ་ཡིན་གྱིས་། ཐོག་མ་ནས་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་ཐ་མི་དད་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ
་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེཌ་པའི་དེ་བཞིན་ཉིད་ཀྱང་དེ་སྟེ་ཞེས་བྱ་བས་ནི་ཇི་ལྟར་དེ་བཞིན་གཤེགས་པ་དད། རབ་འབྱོར་གཉིས་ཀྱི་རང་བཞིན་དུ་ཐ་མི
་དད་པོ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ཐ་མི་དང་ངོ་ཞེས་བསྟན་པའོ། བདེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཡང། དེ་བཞིན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི།
་གོང་དུ་དེ་བཞིན་ཉིད་ཀྱི་རང་བཞིན་བཤད་པ་ལ། ཁ་ཅིག་དེ་ལྟ་བུའི་དེ་བཞིན་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་རྟོག་པ་བསལ་པའི་ཕྱིར། །དེ་ཡང་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེཌ
་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་དང། ཆོས་སྟོན་པར་རྗེས་སུ་མཐུན་པའི་ཕྱིར། རྗེས་སུ་སྐྱེས་པ་ཙམ་དུ་མ་ཟད་ཀྱི་། དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་དངོས་པོ་མེད་པར་ཡང་ཐ་མི་དད་པའི་ཕྱིར། རབ་འབྱོར་དེ
་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བཤད་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཇི་ལྟ་བུ་བཞིན་དུ་། གནས་བརྟན་རབ་འབྱོར་གནས་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི
་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་དང། རབ་འབྱོར་གྱིས་དེ་ན་དམ་པའི་རང་བཞིན་གཉིས་དོན་དམ་པར་ཐ་མི་དད་དེ། རང་བཞིན་གཅིག་ཏུ་གནས་པའི་ཕྱིར། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བསྟན་པའོ་
་དེ་ལྟར་དེ་བ་བཞིན་གཤེགས་པའིདེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱིས་དེ་བཞིན་ཉིད་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི། དེ་བཞིན་གཤེགས
་པའི་དེ་བཞིན་ཉིད་དང། རབ་འབྱོར་གྱི་དེ་བཞིན་ཉིད་རང་བཞིན་གཅིག་གང་དེ་ཡང་ཆོས་ཀྱིས་དབྱིངས་མི་འགྱུར་བ་ཡོངས་སུ་གྲུབ་པ་དང། རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅི
་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཅི་ལ་ཡང་ཐོགས་པ་མེད་དེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའོ་ཆོས་ཀྱི་སྐུ་སྟོང་པ་ཉིད་དང། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་དངོས་པོ་མེད་པས་ཅི་ལ་ཡང
་ཐོགས་པ་མེད་པའི་རང་བཞིན་ཅན་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་ཅིང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད
་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མེད་པ། དེ་ཡང་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དུ་རོ་གཅིག་ཅིང། སོ་སོར་དབྱེར་མེད་པར་བསྟན་པའོ། །དེ་ཞིན་ཉིད་དེ་ཡང
་མ་བྱས་པ་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་དུས་འདུས་མ་བྱས་པའི་རང་བཞིན་ཡིན་པས། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དེ་ནི་གང་གིས་དེ་བཞིན་ཉིད་དུ་མ་གྱུར་བ་ཡང་མེད་དེ་ཞེས་བྱ་བ་ནི་སྟོང་པ
་ཉིད་ཀྱིས་མཁྱེན་པ་མེད་དེ། ཆོས་ཐམས་ཅད་ཀྱི་དོན་དམ་པར་དངོས་པོ་མེད་པར་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བསྟན་བའོ། །དེ་བཞིན་ཉིད་དེ་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མེད་བས་།དེའི་ཕྱིར་དེ་བཞིན་ཉིད་དེ་ནི་གཉིས་སུ
་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ། ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི། དངོས་པོ་མེད་པའི་རང་བཞིན་དུ་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས
་བྱ་བ་ནི་གོང་དུ་དོན་དམ་པར་བཅོམ་ལྡན་འདས་དང། རབ་འབྱོར་གཉིས་དེ་བཞིན་ཉིད་དུ་རོ་གཅིག་སྟེ། ཐ་མི་དད་པར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྱུར་བ
་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང། ཐམས་ཅད་དུ་འགྱུར་པ་མེད་ཅིང་རྣམ་པར་མི་རྟོག་།རྣམ་པར་རྟོག་པ་མེད་པ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང། རབ་འབྱོར་གྱི་དེ་བཞིན
་ཉིད་རང་བཞིན་གཅིག་ཅིང་ཐ་མི་དད་པ་དེ་ཡང། མི་འགྱུར་བར་ཡོངས་སུ་གྲུབ་པ་དང། ཕྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པ་ཡིན་པར་བསྟན་པ་སྟེ། ཐམས་ཅད་དུ་གྱུར་བ་མེད་ཅིང་ཞེས་བྱ་བས་ནི། དེ་བཞིན་ཉིད་དེ་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པས
་སྔར་མ་དག་ལ་ཕྱིས་དག་པར་འགྱུར་བ་ཡང་མེད། གནས་ལ་ལར་མ་དག་ལ་གནས་ལ་ལར་དག་པར་འགྱུར་བ་ཡང་མེད་དེ། དུས་ཐམས་ཅད་དང་གནས་ཐམས་ཅད་དུ་ཡང་དེ་བཞིན་དུ་མི་འགྱུར་བར་གནས་པའི་ཕྱིར། མི་འགྱུར་བར
་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་རྟོག?་པ་མེད་པ་སྟེ། ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་ཡིན་པར་བསྟན་པ་སྟེ། གཟུང་བ་དང་འཛིན་པའི་མཚན་མ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་མེད་ཞེས་བྱ་བའི་དོན་ཏེ། །ཇི་ལྟར
་དེ་བཞིན་གཤེགས་བའི་དེ་བཞིན་ཉིད་ཐ་མི་དད་པ་དབྱེར་མེད་བ་འབྱེད་པ་མ་ཡིན་པ་དམིགས་སུ་མེད་པ་དེ་བཞིན་དུ། རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པ་དབྱེར་མེད་པ་འབྱེད་པ་མ་ཡིན་པ། དམིགས་སུ་མེད་པ་སྟེ་ཞེས་བྱ་བས་ནི་དོན་དམ
་བར་དེ་བཞིན་ཉིད་དངོས་པོའི་རང་བཞིན་མ་ཡིན་པས། ཐ་དད་དུ་བྱར་མེད་ཅིང་གཉིས་སུ་དབྱེར་ཡང་མེད་ལ། བྱེད་པ་པོའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་པས། དངོས་པོ་གཞན་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར
་བྱ་བ་མེད་པ་ཡང་གཉིས་ཀའི་དངོས་པོར་ཡང་མེད་པས། དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བས་ནི། གོང་དུ་བསྟན་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཇི
་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། དེ་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། རྟག་ཏུ་དེ་བཞིན་ཉིད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟོང་པ་ཉིད
་ཀྱི་རང་བཞིན་དེ་ནི། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཅིག་ལ། དེ་ཡང་སྔོན་ཡོངས་སུ་མ་དག་པ་ལས་ཕྱིས་ཡོངས་སུ་དག་པར་འགྱུར་བ་ཡང་མེད་དེ། རྟག་ཏུ་ཡོངས་སུ་དག་པའི་རང
་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་ཡང་རྣམ་པ་གཞན་མ་ཡིན་པར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང། གར་ཡང་རྗེས་སུ་སྐྱེས་བ་མེད་པ་སྟེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཆོས
་ཀྱི་སྐུ་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་རོ་གཅིག་ཅིང་དུས་ཐམས་ཅད་དུ་ཡོངས་སུ་དག་པ་དེ་བཞིན་དུ། རབ་འབྱོར་གྱིས་རང་བཞིན་སྟོང་པ་ཉིད་ཀྱང་དུས་ཐམས་ཅད་དུ་ཡོངས་སུ་དག་པ་སྟེ། དེ་ལྟར་དེ
་བཞིན་གཤེགས་པའི་རང་བཞིན་དང་རྗེས་སུ་མཐུན་པའི་ཕྱིར། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་ཀུན་རྫོབ་ཏུ་བཏགས་ཀྱང། དོན་དམ་པར་ནི་གང་དུ་ཡང་སྐྱེས་པ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི
་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའི་དོན་གོང་དུ་བཤད་པ་རྣམས་མཇུག་བསྡུས་ཏེ། བསྟན་པ་སྟེ། ཀུན་རྫོབ་ཏུ་ཆོས་ཟབ
་མོ་སྟོན་པར་རྗེས་སུ་མཐུན་པའི་ཕྱིར། རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་བཙམ་དུ་མ་ཟད་ཀྱི། དོན་དམ་པར་ཡང་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་དེ། རྗེས་སུ་མཐུན་བའི་ཕྱིར་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས
་བསྟན་པའོ། །འདས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ་ཞེས་བྱ་བ་ནས། དེ་ལྟར་འདས་པ་དང་མ་འོངས་བ་དང། དེ་ལྟར་བྱུང་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས
་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ནི། དུས་གསུམ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང་མཉམ་པས་ཐ་དད་དུ་དབྱེར
་མེད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ
་བྱར་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང། རབ
་འབྱོར་གྱི་དེ་བཞིན་ཉིད་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ། ཐ་དད་དུ་དབྱེར་མེད་པར་མདོར་བསྟན་པའི་དོན་དེ་ཉིད་གཟུགས་ལ་སོགས་པའི་ཆོས་རེ་རེ་དང་སྦྱར་ཏེ། དེ་བཞིན་ཉིད་ལ་ཐ་དད་དུ་དབྱེར་མེད་པའི་དོན་ཞིབ་ཏུ་བཤད་པའོ། །
་འདི་ནི་རབ་འབྱོར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། བྱང་ཆུབ་སེམས་དཔའ་ཨི་སེམས་དཔའ་ཆེན་པོས། དེ་བཞིན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཞེས་བྱ་བའི
་མིང་འཐོབ་པར་འགྱུར་བའོ་ཞེས་བྱ་བ་ནི། ཆོས་ཀྱི་ཆོས་ཉིད་དེ་བཞིན་ཟབ་མོ་དེ་ལྟ་བུའི་ཁོང་དུ་ཆུད་ནས། དེ་བཞིན་གཤེགས་བར་འགྱུར་བའི་ཡོན་ཏན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ཡང་གཞན་ལ་མི་བྱའོ། །གཉིས་སུ་མེད
་པའི་དེ་བཞིན་ཉིད་དེ་ལྟ་བུ་རྟོགས་པ་ལ་བྱའོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། སྦྱོར་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ཞེས་བྱ་བ་ལ་སོགས་པས་ནི། ཆོས་ཟབ་མོ་དེ་ལྟ
་བུ་བཤད་པས། སའི་འོག་ན་གནས་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་ཐོས་ནས། དགའ་ཞིང་མགུ་བའི་ཤུགས་ཀྱིས་ལུས་བསྒུལ་ཅིང་བསྐྱོད་པ་ལས། ས་ཆེན་པོ་གཡོས་པའི་འགྱུར་བ་བསྟན་པ་ཡང་རྣམ་པ་གཅིག་ཏུ་ན་དུས་གསུམ
་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་ཉིད་གཉིས་སུ་མེད་བའི་དོན་ཟབ་མོ་འདི་ལྟ་བུ་བཤད་པའི་མཐུ་དང་བྱིན་གྱིས། སྣོད་ཀྱི་འཇིག་རྟེན་ཉིད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པའི་ངོ་མཚར་དང། ཡ་མཚན་ཆེན་པོ་དེ་ལྟ་བུ
་མཐོང་ན། སེམས་ཅན་ཐམས་ཅད་དང་པ་སྐྱེ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པ་བསྟན་པ་སྟེ་།གཡོས་པའི་རིམ་པ་དང། གཡོས་པའི་རྒྱུ་ནི་ཞིབ་ཏུ་གླེང་གཞིའི
་ལེའུ་ལས་བཤད་ཟིན་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་བ་ངོ་མཚར་ཆེའི་ཞེས་ཚིག་ཏུ་བརྗོད་དོ་ཞེས་བྱ་བའི་བར་གྱིས་ནི། ཀུན་རྫོབ་དང་དོན
་དམ་པ་གཉིས་ཀའི་ཚུལ་གྱིས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པར་བསྟན་པའི་ཆོས་ཟབ་མོ་ལྷའི་བུ་རྣམས་ཀྱིས་ཐོས་ནས་མགུ་སྟེ། མཆོད་པ་བྱས་ཤིང་བསྟོད་པ་བསྟན་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། ལྷའི་བུ་དག་གི
་གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་གནས་བརྟན་རབ་འབྱོར་དེ
་བཞིན་གཤེགས་པའི་དེ་བཞིན་ཉིད་དང་རྗེས་སུ་མཐུན་པའི་ཕྱིར་།དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བཤད་པ་ལ། འཁོར་རྣམས་ཀྱི་ནང་ནས་ཁ་ཅིག་བསྐྱོད་པར་བྱ་བ་དང། སྐྱེད་བར་བྱེད་པ་ལ་སོགས་པའི་དངོས་པོ་ཡོད་པར་རྟོག་པ་བསལ
་བའི་ཕྱིར། གཟུགས་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དང། ཆོས་དེ་དག་གི་དེ་བཞིན་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་ལ། གནས་བརྟན་རབ་བཞིན་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་ལ། གནས་བརྟན་རབ
་དེ་དག་གང་གི་རྗེས་སུ་སྐྱེས་པར་ཡང་མེད་དོ་ཞེས་བསྟན་པའོ། །འདུས་མ་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བ་ནས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི།
་མདོར་བསྡུས་ཏེ་བཤད་ན། དོན་གོ་བར་འགྱུར་བའི་སེམས་ཅན་རྣམས་ཀྱི་དོན་དུ། གོང་དུ་སྨོས་པའི་ཆོས་ཐམས་ཅད་མདོར་བསྡུས་ནས། འདུས་བྱས་དང་འདུས་མ་བྱས་གཉིས་སུ་འདུས་ཏེ། དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་པས།
་དེ་དག་གང་གི་རྗེས་སུ་སྐྱེས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་གང་རྗེས་སུ་སྐྱེས་པ་དང། ཞེས་བྱ་བ་ནས་གང་གི་རྗེས་སུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ་ཞེས་བྱ་བའི་བར་ཀྱིས་ནི་གནས
་བརྟན་རབ་འབྱོར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱི་རྗེས་སུ་སྐྱེས་པ་མ་ཡིན་པའི་གཏན་ཚིགས་སུ། འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དུས་གསུམ་ཆར་དུ་ཡང་སྐྱེད་པར་བྱེད་པ་དང། བསྐྱེད་པར་བྱ་བའི་ཆོས་གང་ཡང་མེད
་ཅིང་མི་དམིགས་པ་བསྟན་ཏེ། གང་རྗེས་སུ་སྐྱེས་པ་དང། གང་གི་རྗེས་སུ་སྐྱེས་པ་དང། ཞེས་བྱ་བ་ནི་འདས་པའི་དུས་ན་བསྐྱེད་པར་བྱ་བ་དང། སྐྱེད་བར་བྱེད་པའི་ཆོས་རྣམས་མེད་ཅིང་མི་དམིགས་པ་བསྟན་པའོ། །གང་རྗེས་སུ་བསྐྱེད་བ་དང་གང་གིས་རྗེས་སུ
་བསྐྱེད་པ་དང། ཞེས་བྱ་བས་ནི་ད་ལྟར་བྱུང་བའི་དུས་ན་བསྐྱེད་པར་བྱ་བ་དང། སྐྱེད་བར་བྱེད་བའི་ཆོས་རྣམས་མེད་ཅིན་མི་དམིགས་པ་བསྟན་པའོ། །གང་རྗེས་སུ་སྐྱེ་བར་འགྱུར་བ་འམ་གང་གི་རྗེས་སུ་སྐྱེ་བར་འགྱུར་བ་ཞེས་བྱ་བས་ནི། མ་འོངས་པའི
་དུས་ན་ཡང་བསྐྱོད་པར་བྱ་བ་དང། སྐྱེད་པར་བྱེད་པའི་ཆོས་རྣམས་མེད་ཅིང་མི་དམིགས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ནས། ཡང་དག་པའི་མཛའ་ནི་ཟབ་པ
་སྟེ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་སྐྱེ་བ་མེད་པའི་ཆོས་ཟབ་མོ་བསྟན་པས། ཤཱ་རིའི་བུ་མགུ་ནས་དེ་ལྟ་བུའི་སྟོང་པ་ཉིད་ཀྱི་ཆོས་ཟབ་མོ་བཤད་པ་ནི་རྟོག་གིེ་བ་རྣམས་ཀྱི་སྦྱོང་ཡུལ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་བཞིན་ཉིད་དང། མ་ནོར
་པ་དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་རྣམ་གངས་སུ་རིག་པར་བྱའོ། །དེ་ལ་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི། དེ་བཞིན་ཉིད་དམིགས་པར
་གལ་འགྱུར་ཞེས་བྱ་བའི་བར་གྱིས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྟོང་པ་ཉིད་དེ་ཟབ་པ། ?་ན་ཚིགས་བསྟན་པ་སྟེ། སྟོང་པ་ཉིད་དེ་ལ་གཟུགས་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། ཀུན་བརྟགས་པའི་ཆོས
་ཐམས་ཅད་དང། ཆོས་དེ་དག་གི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་དམིགས་སུ་མེད་པས་ཟབ་བོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཤཱ་རདྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་ཉིད་ཟབ་པ་སྟེ། དེ་ལ
་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་པ་སྟེ་ཞེས་བྱ་བ་ནས། ནམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་བ་དམིགས་པར་གལ་འགྱུར་ཞེས་བྱ་བའི་བར་གྱིས་ནི། ཤཱ་རིའི་བུས་གསོལ་བའི་ཆིག་དང། དོན་དེ་ཉིད
་སླར་འདས་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་།དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་ནི། དེ་ལྟར་ཟབ་པ་བདེན་ནོ་ཞེས་བཀའ་སྩལ་བའོ། །ཤཱ་རདྭཱ་ཏིའི་བུས་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད
་པའི་ཚེ། དགེ་སློང་ཉིས་བརྒྱས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བའི་བར་ཟབ་མོའི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱས་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས།
་འཁོར་བར་ཕུང་པོ་ཕྱི་མ་ཉེ་བར་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ཏེ། དགྲ་བཅོམ་པར་གྱུར་ཏེ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མ་ལྔ་བརྒྱས་ནི། ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ་ཞེས་བྱ་བས་ནི།
་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་རྣམས་སྤངས་ནས་མཐོང་བའི་ལམ་གྱིས་ཤེས་རབ་ཀྱི་མིག་ཐོབ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷ་དང་མི་རྣམས
་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷ་དང་མི་རྣམས་ཀྱི་ནང་ན་ཁ་ཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་ནས། བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ཐོབ་བར་འགྱུར་ཏོ། །ཞེས་
་བསྟན་པའོ། བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་ཅན་དྲུག་ཅུ་ནི་ཉེ་བར་ལེན་པ་མེད་པ་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ་ཞེས་བྱ་བས་ནི། བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ། ཕ་རོལ་ཏུ་ཕྱིན་པ་དྲུག
་ལ་དམིགས་པ་དང་བཅས་པར་སྤྱོད་པ། དྲུག་ཅུ་ནི་བྱང་ཆུབ་སེམས་དཔའ་ཨི་ས་མ་ཐོབ་པར་ཐམས་གསུམ་གྱི་ཉོན་མོང་ས?་ལས་སེམས་རྣམ་པར་གྲོལ་ཏེ་།ཕུང་པོ་ཕྱི་མ་ཉེ་བར་མི་ལེན་པ་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི
་དོན་ཏོ། །ཤཱ་རརྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས་ནི་སངས་རྒྱས་ལྔ་བརྒྱ་བསྙེན་བཀུར་བྱས་ཏེ་ཞེས་བྱ་བ་ནས། དེ་དག་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་མ་ཞུགས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ
་འཐོབ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ། ཕྱིར་མི་འོད་པའི་འབྲས་བུ་འཐོབ། དགྲ་བཅོམ་པའི་འབྲས་བུ་འཐོབ་བོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་ཅན་རྣམས་ཉན་ཐོས་ཀྱི་སར་ལྟུང་བའི་གཏན
་ཚིགས་བསྟན་པ་སྟེ། དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཀྱང། མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྤྱད་སྟེ། འཁོར་གསུམ་ཡོངས་སུ་མ་དག་པར་སྤྱད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་སྐྱོན་མེད་པ་ཞེས
་བྱ་བ་མ་ཐོབ་པར་ཉན་ཐོས་ཀྱི་འབྲས་བུ་རྣམས་ཐོབ་པར་གྱུར་ཏོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡིན་མོད་ཀྱི་དེ་དག་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན། ཡང་དག་པའི་མཛའ་མངོན་དུ་བྱས་ནས། ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་ན། བྱང་ཆུབ་སེམས་དཔའ་ཨི
་ལམ་རྣམ་པར་ཐར་པའི་སྒོ་གསུམ་ལ་སྦྱད་ཀྱང་མི་ཕན་ཏེ། ཉན་ཐོས་དང། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནས། ཐབས་མཁས་པ་ལ་བརྟེན་ཅིང། བླ་ན་མེད
་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་དུ་འདྲ་ཡང། ཐབས་དང་ཤེས་རབ་ཏུ་ལྡན་མི་ལྡན་གྱི་བྱེ་བྲག་ལས། ཐེག་པ་ཆེ
་ཆུང་དུ་འགྱུར་བའི་གཏན་ཚིགས་དང། དཔེར་བཅས་པ་ཞིབ་ཏུ་བཤད་པའི་གླེང་བསླང་པའི་ཕྱིར། བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་འདི་ལ་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན
་པའི་སེམས་དང་བྲལ་བ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་འབའ་ཞིག་བསྒོམ་པ་ནི། ཐབས་མཁས་པ་མ་ཐོབ་པས། ཉོན་ཐོས་དང་རང་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་ནི། ཆོས་རྣམས་ལ་དངོས་པོ་དང
་མཚན་མར་འཛིན་ཅིང་ཐབས་མཁས་པ་དང་མི་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་སེམས་དང་མི་ལྡན་ན། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པར་འདྲ་ཡང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར
་འགྱུར་རོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་རྣམས་ནི། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་རྣམས་ལ
་སྒོམ་ཞིང། །ཐབས་མཁས་པ་ཐོབ་པས་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་འཇུག་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་ཤིང་བསམ
་བརྒྱ་ཆེན་པོ་དང་ལྡན་པས། དགེ་བ་ཅི་སྤྱད་དོ་ཅོག་བླ་ན་མེད་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྡོས་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པ་སྐྱེད་ན། བསམ་པའི་ཁྱད་པར་གྱིས
་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་སྐྱོན་མེད་པ་ལ་ཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། ཉན་ཐོས་ཀྱི་ས་འམ།
་རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་བྱ་བའི་བར་གྱིས་ནི། ཐབས་དང་ཤེས་རབ་ཏུ་མི་ལྡན་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མི་ལྡན་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བའི་དཔེ་བྱ་འདབ་མ་མེད་པ་ལས་བླངས་ཏེ། བསྟན
་པ་སྟེ། བྱའི་ལུས་ཆེ་བ་བསྟན་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚད་རྒྱ་བར་བྱ་བ་སྨོན་པ་ཆེ་བ་དང། བྱང་ཆུབ་སེམས་དཔའ་ཨི་སྦྱོང་བ་རླབས་ཆེན་པོ་ཡོངས་སུ་འཛིན་པ་ཆེ་བའི་དཔའ་ཨོ། །བྱའི
་འདབ་མ་གཉིས་པ་བསྟན་པ་ནི། ཐབས་དང་ཤེས་རབ་གཉིས་མི་ལྡན་པ་བསྟན་བའོ། །སྨས་པ་དང། སྣང་པའི་སྡུག་བསྔལ་བར་གྱུར་པ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་ནས་ཉམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར
་འགྱུར་བའི་དཔེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་སྦྱིན་པ་བྱིན་ཞེས་བྱ་བ་ནས། ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་བྱ་བའི་བར་གྱིས་ནི།
་ཐབས་དང་ཤེས་རབ་ཏུ་མི་ལྡན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བའི་གཏན་ཚིགས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འཁོར་གསུམ་ཡོངས་སུ་མ་དག་པར་སྦྱོང་ན། མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས
་བར་སྤྱོད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང། མ་འོངས
་པ་དང། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཐབས་དང་ཤེས་རབ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི
་ལྡན་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སྤྱད་ཅིང་བསྒོམས་ཀྱང། དོན་དམ་པར་དེ་དག་གི་དངོས་པོ་མེད་པར་མི་ཤེས་ཤིང་མ་རྟོགས་པས། ཟག་པ་མེད་བའི་ཕུང་པོ་སྔ་དང། རྣམ་པར་ཐར་པའི་སྒོ་གསུམ་ལ་མྱ་ངན
་ལས་འདས་བཞི་བའི་མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཏེ། མཚན་མ་དང་དངོས་པོར་འཛིན་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ་ཞེས་བསྟན་པའོ། །ཤཱ
་རདྭཱ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་དང་བྲལ་བས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི། དེ་ལྟར་འགྱུར་དུ་གདོན་མི་ཟའོ་ཞེས་བྱ་བས་ནི། དོན
་གོང་དུ་སྨོས་པ་ཉིད་དེ་ལྟར་ངེས་པར་འགྱུར་བ་བསྣན་ཏེ་བསྟན་པའོ། ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན
་པ་གཏོང་ཞིང་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ
་ལྡན་པ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ཞིང། ཟག་པ་མེད་པའི་ཕུང་པོ་ལྔ་དང། རྣམ་པར་ཐར་བའི་སྒོ་གསུམ་དང། དངོས་པོ་དང་མཚན་མར་མི་འཛིན་པ་རྣམས་ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་ལྟུང
་བར་མི་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་ཞེས་བྱ་བ་ནས། སྟོང་པ་ཉིད་དང་མཚན་མམེད་པ་དང།
་སྨོན་པ་མེད་བའི་ཏིང་ངེ་འཛིན་རྣམས་བསྒོམས་ཀྱང་མཚན་མར་མ་བཟུང་ངོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་ལྡན་པ་དང། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་རྣམས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི
་ལྟུང་བའི་གཏན་ཚིགས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་དང། ཞེས་བྱ་བ་ནས། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་འདི་ནི། བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པའོ་ཞེས་བྱ་བའི་པར་གྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཅིང་ཐབས་མཁས་པ་དང་ལྡན་པའི་རང་བཞིན་བསྟན་པའོ། །གསོལ་བ་བཅོམ
་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་དང
་མ་བྲལ་ན་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ་ཞེས་བྱ་བ་ནི། གོང་དུ་སྨོས་པའི་དོན་དེ་ཉིད་འཁོར་རྣམས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། ཤཱ་རིའི་བུས་གསོལ་པའོ། །དེ་ཅིའི་སླད་དུ་ཞེ་ན།
་བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ཆོས་གང་ལ་ཡང་དམིགས་པ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ
་སེམས་དཔའ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པའི་ཆོས་གང་ལ་ཡང་མི་དམིགས་ཤིང། མཚན་མར་མི་འཛིན་ན། བླ་ན་མེད་པའི་བྱང་ཆུབ་ཐེ་ཚོམ་མེད་པར་འགྲུབ་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པ་རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས། ཤེས་པར་བྱེད་པ་དང། ཤེས་པར་བྱ་བའི་རྒྱུ་གང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི
་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་དང་བྲལ་བ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་པར་རིག་པར་བགྱི་བ་སྟེ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་པར་བྱང་ཆུབ་སེམས་དཔའ་ཨི
་སྤྱད་པ་སྤྱོད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་དེས་པ་མེད་ཀྱི། གདོན་མི་ཟ་བར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཞེས་བྱ་བ་ནས། དེའི་སླད་དུ།
་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། ཐེ་ཚོམ་མཆིས་པར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ
་ཏུ་མི་ལྡན་པར་སྦྱོང་བ་རྣམས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ངེས་པར་ལྷུང་བའི་གཏན་ཚིགས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
་ཏུ་ངེས་པར་མངོན་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚད
་རྒྱ་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་དང་མ་བྲལ་བར་བགྱིའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད་བར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་མངོན་པར་རྫོགས་བར་འཚང་རྒྱ་བར་བྱ་བའི་ཐབས་བསྟན་པ་སྟེ། ཐབས་དང་ཤེས་རབ་དང་མ་བྲལ་བར་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། རྣམ་པར་བྱང་བའི་ཆོས
་རྣམས་ལ་མི་དམིགས་པའི་ཚུལ་དང། མཚན་མ་མེད་པའི་སེམས་ཀྱིས་སྤྱད་པར་བྱའོ་ཞེས་བསྟན་པའོ། །དེ་ནས་འདོད་པ་ན་སྤྱད་པ་དང། གཟུགས་ཡོད་པ་ན་སྤྱོད་བའི་ལྟའི་བུ་དེ་དག་གིས་།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ
་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའ་ཨོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་དངོས་པོ་མེད་ཅིང་དམིགས་སུ་མེད་པ་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི། ཉན་ཐོས་དང
་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱས་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ལྟའི་བུ་དག་ཆོས་ཐམས་ཅད་ནི། ཤིན་ཏུ་རྣམ་པར་དག་པའི་ཕྱིར
་རོ་ཞེས་བྱ་བའི་བར་གྱིས་ནི། ལྷའི་བུ་རྣམས་ཀྱིས་གསོལ་བའི། དོན་འཁོར་རྣམས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གསལ་བར་བཤད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས
་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱི་བ་ནི། མི་དཀའ་ཨོ་ཞེས་བྱ་བའི་བར་གྱིས་ནི་ཆོས་རྣམས་ལ་དངོས་པོ་ཞིག་ཡོད་ན། དེ་དག་མེད་པར་རྟོག་པར་བྱ་དཀའ་ཨི། མེད་པ
་ལ་མེད་པར་ཤེས་པར་བྱ་བ་མི་དཀའ་ཨོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཞེས་བྱ་བ་ནས། གང་མངོན་པར་རྫོགས་པར་འཚང་རྒྱ་དབར་བགྱི་བའི་ཆོས་དེ་ལྟ་བུ་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི།
་ཆོས་ཐམས་ཅད་དངོས་པོ་མེད་པ་ལ། དངོས་པོ་མེད་པར་རྟོགས་པར་བྱ་བ་མི་དཀའ་བའི་གཏན་ཚིགས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས
་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་བྱང་བའི་ཕྱོགས་སུ་རྟོགས་པ་དང། ཉོན་མོངས་བའི་ཕྱོགS
་སུ་རྟོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། རྣམ་པར་བྱང་པའི་ཆོས་རྣམས་འཕེལ་བར་བྱ་བ་དང། ཉོན་མོངས་པའི་ཕྱོགས་རྣམས་འགྲིབ་པ་བྱ་བའི་ཕྱིར། ཕ་རོལ་ཏུ་བྱིན་པ་དྲུག་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན
་པ་ཉིད་ལ་ཐུག་གི་བར་དུ། བསྒོམ་ཞིང་སྤྱད་པར་བྱ་བའི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྟོང་ལ་ཤེས་པར་བྱེད་པ་དང། ཤེས་རབ་བྱ་བའི་རྒྱུ་རྣམས་ཀྱང་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པའི་ཕྱིར། མེད་པ་ལ་མེད་པར་ཤེས
་པར་བྱ་བ་མི་དཀའ་ཨོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་
་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆས་ཐམས་ཅད་དངོས་པོ་མེད་པ་ཡོད་པ་ལས་བཤིག་སྟེ། མེད་པར་བྱས་པ་ནི་མ་ཡིན་གྱི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཚེ་དང་ལན་པ
་རབ་འབྱོར་རྣམ་གྲངས་པ་དེ་ན།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ནི་དཀའ་སྟེ། མངོན་པར་རྫོས་པར་འཚང་རྒྱ་བ་སླབ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤཱ་རིའི་བུས་བླ་ན་མེད་པ་ཡང་དག
་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་བསྟན་པ་སྟེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ནམ་མཁའ་བཞིན་དུ་དངོས་པོ་མེད་ན། མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་ཡང་སེམས་བ་མི
་རིགས་ན། དེ་ལྟར་ཡང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་ཡང་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པས། དངོས་པོ་ཡོད་པ་ལ་ཡོད་པའི
་བྱ་བ་བྱེད་པ་ནི། དཀའ་བ་བྱེད་པའོ་ཞེས་བསྟན་པའོ། །ཡང་ནམ་པ་གཅིག་ཏུ་ན་དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་ན། དམིགས་པ་དང་བཅས་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མང་པོ་བླ་ན་མེད་པའི
་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མི་འགྱུར་བའི་རིགས་ན་དེ་དག་ཕྱིར་ལྡོག་པ་དང་སྦྱར་ན། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་སླ་བ་མ་ཡིན་ནོ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་བརྒལ་བའོ། །
་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་འདི་སྙམ་དུ་སེམས། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཞེས་བྱ་བ་ལ་སོགས་པས་ནི། ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་བླ་ན
་མེད་པ་ཡང་དག་པར་རྫོགས་བུའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བ་དང་སྦྱར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚངས་རྒྱ་བར་འགྱུར་བ་སླ་བ་མ་ཡིན་ནོ་ཞེས་སྨྲ་བ་ལ། རབ་འབྱོར་གྱིས་ཕྱིར་ལྡོག་པར་འགྱུར
་བའི་དངོས་པོ་ཡོད་པ་མ་ཡིན་པར་བསྟན་པ་སྟེ། དེ་ལྟར་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རྟོགས་པར་བྱ་བ་དཀའ་བ་མ་ཡིན་ནོ་ཞེས་བསྟན་པ་སྟེ། །ཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བ་ནས། རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས
་སྟོང་པས་ཕྱིར་ལྡོག་པར་འགྱུར་བའི་དངོས་པོ་གང་ཡང་མེད་དོ་ཞེས་བསྟན་པའོ། །སྨྲས་བ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ལས་གུང་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ
་དམིགས་སམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུང་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་གཟུགS
་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང། གཟུགས་ལ་སོགས་པ་ལས་མ་གཏོགས་པའི་རང་བཞིན་ཞིག་ཡོད་དོ་སྙམ་དུ་སེམས་པ་གསོལ་བའི་ཕྱིར། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས
་རྣམས་ལས་གུང་ན་ཡང། ཕྱིར་ལྡོག་པར་འགྱུར་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ་ཞེས་བསྟེན་པའོ། །ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ
་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་ཀྱི་དེ་བཞིན་ཉིད་རང་བཞིན་དུཡང་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུང་ན་གང
་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུང་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་བའི་ཆོས་དེ་ལྟ་བུ་ཡོད་དམ
་ཞེས་བྱ་བའི་བར་གྱིས་ནི། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་ཡང། གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལས་གཞན་པའི
་རང་བཞིན་དུ་ཡོད་དོ་སྙམ་དུ་ཁ་ཅིག་སེམས་ཀྱང་སྲིད་དེ་དེ་ལས་བཟློག་པའི་ཕྱིར། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི། གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལས་གཞན་པའི་རང་བཞིན་དུཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ
་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་ནས། སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བསམ་གྱིས་མི་ཁྱབ་པའི་དབྱིངས་བླ?་ན?
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུཡོད་པ་མ་ཡིན་པ། དེ་ལས་གཞན་པའི་རང
་བཞིན་དུ་ཡོད་པ་ཡོང་མ་ཡིན་དུ་ཟིན་ཀྱང། དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ལ་སོགས་པ་དུ་མ་བྱས་ཤིང་ཡོངས་སུ་དག་པའི་རང་བཞིན་དུ་ཡོད་དོ་སྙམ་དུ། ཁ་ཅིག་སེམས་པ་ལས་བཟློག་པའི་ཕྱིར། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི། དེ
་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ལ་སོགས་པའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི
་མཛའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་ནི། སྟོང་པ་ཉིད་ཡོངས་སུ་དག་པའི་རྣམ་གངས་ཏེ། དེ་ལ་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས
་དེ་བཞིན་ཉིད་ལས་གུད?་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་བའི་ཆོས་དེ་ལྟ་བུ་ཡོད་དམ་ཞེས་བྱ་བ་ནས། སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ཇི་སྙམ་དུ་སེམས། བསམ་གྱིས་མི་ཁྱབ་པའི་དབྱིངས་ལས
་གུང་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་དག་ལྟ་བུ་ཡོད་དམ། ཞེས་བྱ་བའི་བར་གྱིས་ནི་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དེ་བཞིན་ཉིད་དང། ཆོས་ཉིད་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ
་ཡིན་ཡང། དེ་དག་ལས་བཞན་པའི་རང་བཞིན་དུ་ཡོང?་ངོ་སྙམ་དུ་ཁ་ཅིག་སེམས་པ་ལས་བཟློག་པའི་ཕྱིར། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་དང། ཆོས་ཉིད་ལ་སོགས་པ་ལས་གཞན་པའི་རང་བཞིན་དུ་ཡང་ཡོད་པ
་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། དེ་ལྟར་ན་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིག་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་གང་ཞིག་ཡོད་ཅེས་བྱ་བས
་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆས་གང་གི་དངོས་པོ་ཡང་ཡོད་པ་མ་ཡིན་པས། དོན་དམ་པའི་ཕྱིར་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་གང་ཡང་མེད་དོ་ཞེས་བསྟན་པའོ། །སྨྲས་བ།
་གནས་བརྟན་རབ་འབྱོར་གྱིས་།ཆོས་ཀྱི་ཚུལ་དང་རྣམ་པ་ངེས་བསྟན་པ་ལྟར་ན། བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་མེད་དེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཐེ་པ་གཅིག་པུར་འགྱུར་རོ་ཞེས་བྱ
་བའི་བར་གྱིས་ནི། དེ་ལྟར་ཕྱིར་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་དག་པར་ཡོད་པ་མ་ཡིན་ན། དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་ཐེག་པ་ལ་གནས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས
་ཀྱི་ཐེག་པ་ལ་གནས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་མེད་དེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འབའ་ཞིག་ལ་གནས་པར་འགྱུར་རོ་ཞེས་ཤཱ་རིའི་བུས་གལ་བཟུང་སྟེ་སྨྲས་པའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གིས་བུས། ཚེ་དང་ལྡན
་པ་ཤཱ་ར་དྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་ཏིའི་བུ། གནས་བརྟན་རབ་འབྱོར་འདི་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡང་འདོད་དམ་ཞེས་གནས་བརྟན་རབ་འབྱོར་ལ་དྲི་དགོས་སོ་ཞེས་བྱ་བས་ནི། དོན་དམ་པར་ཆོས་ཐམས་ཅད
་རང་བཞིན་སྟོང་པས། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་མེད་པར་མ་ཟད་ཀྱི། ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པ་ཐམས་ཅད་ཀྱི་དོན་དམ་པར་དངོས་པོ་མེད་པར་བཤད་པའི་གླེང་བསླང་བའི་ཕྱིར། བྱམས་གང་གིས་བུས།
་ཤཱ་རིའི་བུ་རབ་འབྱོར་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གཅིག་ཏུ་ཡོད་པར་འདོད་དམ་ཞེས་འདྲིར་བཅུག་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་
་སངས་རྒྱས་ཀྱི་ཐེག་པ་པ་འདོད་དམ་ཞེས་བྱ་བ་ནི། དེ་ལྟར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་པ་གཉིས་མེད་ན། ཅིའི་ཕྱིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཐེག་པ
་གཅིག་ཏུ་ཡོད་པར་འདོད་དམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་པ་དང་ཞེས་བྱ་བ་ནས། དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམིགས
་སམ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་ཙམ་དུ་ཟད་པ་ལ། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་བྱེར་མེད་དོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི
་བུ་རྒྱུ་གཅིག་གམ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་གཅིག་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་ཉིད་ལ་རྣམ་པ་གསུམ་དུ་བྱེ་བྲག་དབྱེར་མེད་པས། དོན་དམ་བར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག
་པ་གཅིག་པུ་ཡང་དངོས་པོ་ཡོད་པར་མི་འགྲུབ་ཞེས་བསྟན་པའོ། །སྨྲས་པ། དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན་ཞེས་བྱ་བ་ནས། འདི་ནི་སངས་རྒྱས་ཀྱི་ཐེག་པ་པའོ་ཞེས་བྱ་བར་སེམས་པར་གྱུར་ཞེས་བྱ་བའི
་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ། བདེན་པར་བརྟགས་ཤིང་གཏན་ལ་ཕབ་ན། དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཙམ་དུ་ཟད་དེ། རྣམ་པ་གསུམ་དུ་དམིགས་སུ་མེད་ན། ཤཱ་རིའི་བུ་ཁྱོད་ཅི་ལས
་བསམས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་ཡོད་པས་སེམས་ཞེས་རབ་འབྱོར་གྱིས་དྲིས་པ་སྟེ། སྔར་བཤད་པའི་ཚུལ་དང་སྦྱར་ན། བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ
་ཤཱ་ར་དྭཱ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བྱེ་བྲག་མེད་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞིང་འགོད་པ་མེད་ལ་ཡིད་ལ་འགྱོད་པ་མེད་ན། བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་དུ་བཤད་པའི་ཚུལ་གྱིས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ཞིང་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གཅིག་སྟེ། བྱེ་བྲག
་མེད་པས་བཤད་པ་ལ་ཡིད་ཆེས་ཤིང་སེམས་ཞུམ་པ་མེད་ལ། ཐེ་ཚོམ་མེད་ན་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་མི་ལྟུང་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས
་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས
་བྱ་བའི་བར་གྱིས་ནི། རབ་འབྱོར་གྱིས་བཤད་པའི་དོན་འཁོར་རྣམས་ལེགས་པར་ཡིད་ཆེས་པར་བྱ་བའི་ཕྱིར། དེ་བཞིན་ཉིད་ལ་བྱེ་བྲག་དབྱེར་མེད་བའི་ཆོས་ཟབ་མོ་བཤད་པ་ལས། ཐེ་ཚོམ་མེད་ཅིང་སེམས་མ་ཞུམ་པ། བླ་ན་མེད་པ
་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་རབ་འབྱོར་གྱིས་བཤད་པ་ལེགས་ཏ?། སྤོབས་བ་ཆེའོ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བསྟོང་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ
་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་གང་གིས་འབྱུང་བར་འགྱུར་ཞེས་བྱ་བ་ནི། གོང་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བྱེ་བྲག་མེད་པར་བསྟན་པ་ལ་མིང་ཆེས་ཤིང་སེམས་ཞུམ་པ་མེད་པ། བླ་ན་མེད་པ
་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས་བཤད་པ། ཉན་ཐོས་ཀྱི་ཐེག་པ་པ་དང། རང་སངས་རྒྱས་ཀྱི་ཐེག་པ་པ་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གསུམ་ཚར?་ཡང། སོ་སོའི་བྱང་ཆུབ་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཅེས་ཟེར་ན། བྱང་ཆུབ་འདི་གསུམ་གང་གིས་འབྱུང་བར་འགྱུར་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་དེ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། ཐེག་པ་ཆུང་ངུ་གཉིས་བྱང་ཆུབ་ཀྱིས་འབྱུང་བར་ནི། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ཡིན་ཏེ། འབྱུང་བ་མ་ཡིན་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས
་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི
་ཞེས་བྱ་བ་ནི། དེ་ལྟར་ཆོས་ཟབ་མོ་བསྟན་པ་ལ་ཐེ་ཚོམ་མེད་ཅིང་སེམས་མ་ཞུམ་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ་ཞེས། བཅོམ་ལྡན་འདས་དང་རབ་འབྱོར་གཉིས་ཀས་བཤད
་པའི་སྐབས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་བསྒྲུབ་པའི་མཚན་ཉིད་ཤེས་པར་འདོད་པའི་འཁོར་རྣམས་ཀྱི་དོན་དུ་འབྱུང་བར་འགྱུར་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན
་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། བླ་ན་མེད་པ་ཡང་དག་པར་རྡོགས་པའི་བྱང་ཆུབ་ཏུ་ཇི་ལྟར་གནས་པར་བྱ་བའི་ཐབས་བསྟན་པ་སྟེ། ཐབས་དེ་ཡང་བསམ་པཕུན་སུམ་ཚོགས་བ་དང
་སྦྱོར་པ་ཕུན་སུམ་ཚོགས་པར་བསྟན་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་བར་བྱའོ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་ལ་ཕ་དང་མའི་སེམས་དང། ཕུ་ནུ་དང་སྲིད་མོའི་སེམས་དང། གྲོགས་པོ་དང་གཉེན་དང། རུས
་གཅིག་བའི་སེམས་ཀྱིས་དམིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བསམ་པ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པ་སྟེ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་ཚིག་སྟེ། དང་པོ
་བསམ་བའི་གཞི་ཉིད་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གཞག་པའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། མ་མཉམ་པའི་སེམས་སྐྱེད་པར་མི་བྱའོ་ཞེས་བྱ་བ་ནི་སྨོན་ལམ་དུ་བཏབ་ཅིང་ཡི་དམ
་བཅའ་བའི་ཚེ། སྐྱེ་བ་རྣམ་པ་བཞིར་གཏོགས་པའི་སེམས་ཅན་ཐམས་ཅད་ལ། ཉེ་རིང་དང་བྱམས་སྡང་མེད་པ་འདི་དག་ཐམས་ཅད་བདག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོང་པར་བྱའོ་ཞེས་སེམས་བསྐྱེད་དེ། བརྩོན་འགྲུས
་ཀྱི་གོ་ཆ་བགོས་པ་ལ་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་བའི་སེམས་ཀྱིས་དམིགས་པར་བྱ་སྟེ། མི་མཉམ་པའི་སེམས་ཀྱིས་དམིགས་པར་མི་བྱའོ་ཞེས་བྱ་བ་ནི་སེམས་བསྐྱེ་བའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་བསྒྲལ་བར་བྱ་བའི་སེམས་ཅན་རྣམས་མཐོང་སྟེ། མངོན་སུམ་དུ་གྱུར་པའི་ཚེ་ཡང། མཉམ་པའི་སེམས་ཀྱིས་དམིགས་ཤིང། གོམས་པར་བསྒོམ་པར་བྱ་བ་བསྟན་པའོ། །དེ་བཞིན་ཉིད་དུ་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམS
་བསྐྱེད་པར་བྱ་བ་དང། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་བའི་ཚིག་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤངས་པར་བྱ་བ་ལ་སོགས་པས་ནི་སྦྱོར་བ་ཕུན་སུམ་ཚོགས་པར་བསྟན་པ་སྟེ། དེ་ལ་བདག
་གིས་ཀྱང་སྲོག་གཅོད་པ་སྤང་པར་བྱ་ཞེས་བྱ་བ་ནས། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །ཞེས་བྱ་བའི་བར་གྱིས་ནི་དགེ་པ་བཅུ་དང་བསམ
་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་བདག་ཀྱང་སྤྱོད་ཅིང། གཞན་ཡང་སྤྱོད་དུ
་འཇུག་ལ། དེ་དག་སྤྱད་པའི་ལེགས་པ་ཡང་བརྗོད་ཅིང། དེ་དག་ལ་སྤྱོད་པའི་མི་རྣམས་ཀྱི་ཡོན་ཏན་བརྗོད། རྗེས་སུ་ཡི་རང་བར་བྱ་བའི་སྒོ་ནས། སྦྱོར་བ་ཕུན་སུམ་ཚོགས་པར་གནས་པར་བྱ་བ་བསྟན་པ་སྟེ། དེ་ལྟར་གནས་པ་ཡང་ཀུན་རྫོབ་ཏུ
་དེ་ལྟར་གནས་པར་བྱས་ལ། དོན་དམ་པར་ནི་དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་བསྟན་པ་སྟེ། བསམ་གཏན་བཞི་དང། ཚེད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས། ལན་གཉིས་སུ
་ཟློས་པ། སྔ་མ་རྣམས་ནི་ཐེག་པ་ཆུང་དུའི་ཚུལ་གྱིས་སྙོམས་པར་འཇུག་པའོ། །ཕྱི་མ་ནི་ཐེག་པ་ཆེན་པོའི་ཚུལ་གྱིས་སྙོམས་པར་འཇུག་པ་ཡིན་པར་རིག་པར་བྱའོ། །བདག་གིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པར
་མཉམ་པར་གཞག་པར་བྱའོ་ཞེས་བྱ་བ་ནས། སེམས་ཅན་བཞན་གང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱེད་པ་དེ་དག་གིས་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པའི
་ཚུལ་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དང། འཕགས་པའི་བདེན་པ་བཞི་གོམས་པར་བྱ་བ་དང། དེ་དག་གོམས་པར་བྱས་པའི་འབས་བུ་ཉན་ཐོས་ཀྱི་ཐེག་པའི་རྒྱུན་ཏུ་ཞུ་བ་ལ་སོགས་པའི་འབྲས་བུ་བཞི་དང།
་རང་སངས་རྒྱས་ཀྱི་ཐེག་པའི་འབྲས་བུ་རང་བྱང་ཆུབ་ཐོབ་པར་ཡང་བྱས་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་ཡང་དག་པའི་མཛའ་མངོན་དུ་བྱས་ཏེ། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་ཀྱང་མི་འདའ་བར། བྱང་ཆུབ་སེམས
་དཔའ་ཨི་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པའོ། །བདག་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་འཇུག་པར་བྱ་ཞེས་བྱ་བ་ནས། སེམས་ཅན་གང་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་གིས་ལེགས
་པ་བརྗོད་ཅིང། མཐུན་པས་དཀའ་བར་བྱས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར
་བྱའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་གནས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་ས་ལ་གནས་ནས་ཀྱང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང།
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་དང། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བ་དང། ཚེ་ཕུན་སུམ་ཚོགས་པར་བྱ་བ་དང། དམ་པའི་ཆོས་གནས་པར་བྱ་བ་རྣམས་ལ།
་བདག་ཀྱང་སྤྱོད་ལ་གཞན་ཡང་སྤྱོད་དུ་འཇུག་།གཞན་དེ་དག་ལ་སྤྱོད་པའི། ལེགས་པ་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱེད་པའི་སྒོ་ནས། སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནས། །དེ་ལྟར་གོང་དུ་བྱང་ཆུབ་སེམས་དཔའ་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པར་བྱ་བ་བསྟན་པ་སྟེ་ཡང། ཀུན་རྫོབ
་ཏུ་ནི་དགེ་བ་བཅུ་ལ་སོགས་པ་དམ་པའི་ཆོས་གནས་པར་བྱ་བ་ལ་ཐུག་གི་བར་གྱི་སྦྱོར་བ་རྣམས་ལ་།བདག་ཀྱང་སྤྱོད་གཞན་ཡང་སྤྱོད་དུ་འཇུག་།དེ་ལ་སྤྱད་པའི་ལེགས་པ་ཡང་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱས་ལ། དོན་དམ་པར་ནི་དེ་ལ་ཡང
་རྣམ་པར་མི་རྟོག་།མི་དམིགས་པའི་ཚུལ་གྱིས་གནས་ཏེ། ཤེས་རབ་དང། ཐབས་མཁས་པར་ལྡན་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །དེ་དེ་ལྟར་སློབ་ཅིང་དེ་དེ་ལྟར་གནས་པས། དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས
་པས་ནི། དེ་ལྟར་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་པའི་འབྲས་བུ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་དང། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པར་འགྱུར་བ་བསྟན་པ་སྟེ་།དེ་ལ་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནས།
་དམ་པའི་ཆོས་གནས་པ་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་ན། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་སྔོན་གྱི་མཛའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་གཏན
་ཚིགས་བསྟན་པ་སྟེ། ཚེ་རབས་སྔ་མ་ལ་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་།དངོས་པོ་དང་མཚན་པར་མ་བཟུང་པའི་ཕྱིར། ཆོས་དེ་དག་ལ་སྒྲིབ་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། །དེ་ཅིའི་ཕྱིར་ཞེ་ན།
་འདི་ལྟར་གཟུགས་ཡོངས་སུ་བཟུང་དུ་མེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ
་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་དེ་ཡང། དངོས་པོ་ཞིག་ཡོད་པ་ལས་ཡོངས་སུ་མ་བཟུང་བ་མ་ཡིན་གྱིས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གཟུགས་ལ་སོགས
་པའི་ཆོས་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། ཡོངས་སུ་མ་བཟུང་ངོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཨི་གནས་འདི་བཤད་བའི་ཚེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི།
་བསམ་པ་ཕུན་སུམ་ཚོགས་པར་གནས་པ་དང། སྦྱོར་པ་ཕུན་སུམ་ཚོགས་པར་གནས་པར་བྱ་བའི་ཆོས་བཤད་པ་འདི་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། བྱང
་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་དགུ་པའོ།། །།དེ་སྐད་ཅེས་བཀའ་
་སྩལ་བ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འད་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི། སྔར་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་མེད་པར་བཤད་པའི་སྐབས་ནས་གླེངས་ཏེ། དེ་ལྟར་དོན་དམ་པར
་ཕྱིར་ལྡོག་པ་མེད་ན། ཕྱིར་མི་ལྡོག་པའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་ཞིབ་ཏུ་བཤད་པའི་སྐབས
་དབྱེ་བའི་ཕྱིར། རབ་འབྱོར་གྱིས་ཞུས་པ་དང། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་མཚན་ཉིད་ཞིབ་ཏུ་བཤད་པ་སྟེ། བཅོམ་ལྡན་འདས་ཕྱིར་མི་ལྡོག?་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས། ཚུལ་ནི་གང་ལགས། མཚན་མ་ནི་གང
་ལགས། ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི་ཞེས་བྱ་བ་ལ། རྣམ་པ་དང་ཚུལ་དང་མཚན་མ་ཞེས་བྱ་བ་ནི། སྤྱོད་པའི་མཚན་མ་གང་དག་གིས་འདི་ནི་ཕྱིར
་མི་ལྡོག་བའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བར་མངོན་པར་རྟགས་ཀྱི་རྣམ་གྲངས་སུ་རིག་བར་བྱའོ། །རབ་འབྱོར་འདི་ལ་སོ་སོའི་སྐྱེ་བོའི་ས་དང། ཉན་ཐོས་ཀྱིས་དང་རང་སངས་རྒྱས་ཀྱི་ས་དང། བྱང་ཆུབ་སེམས་དཔའ་ཨི་ས་དང། དེ་བཞིན་གཤེགས
་པའི་སར་བཤད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ཉིད་ལ་འགྱུར་བ་མེད་ཅིང། རྣམ་པར་རྟོག་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། དེ་བཞིན་ཉིད་ལ
་གཞན་དུ་མི་འགྱུར་བས། སོ་སོའི་སྐྱེ་བོ་དང། ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་ས་ཞེས་བྱ་བའི་རྣམ་པ་དང། ཚུལ་དང་མཚན་མས་བྱེ་བྲག་ཏུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་ནི
་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེ་བཞིན་ཉིད་ལས་རྣམ་པར་མི་རྟོག་ཅིང། དེ་ལྟར་རྣམ་པར་མི་རྟོག་པར་འཇུག་སྟེ། དེ་ལྟར་ཞུགས་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཐོས་ནས། དེ་ལས་འདས་ཏེ། དེ་དག་དེ་བཞིན་ཉིད་ལ་རེ་རེ་དང།
་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ཐེ་ཚོམ་ཟ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དེ་ཡང། དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་དུ་རོ?་གཅིག་པར་ཐོས་ཤིད་རྟོགས་ནས། དེ་ལ་བྱེ་བྲག་མེད་པ་ཐ་དད
་བར་རྣམ་པར་རྟོག་ཅིང་མཚན་མར་འཛིན་པ་འམ་ཐེ་ཚོམ་ཟབ་གང་ཡང་མེད་དེ། དེ་ལྟར་མཚན་མར་མི་འཛིན་ཅིང། ཐེ་ཙོམ་མི་ཟ་བ་ཉིད་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྣམ་པ་དང། ཚུལ་དང། མཚན་མ་ཡིན་ནོ་ཞེས
་བསྟན་པའོ། །དེ་ནི་བྱུང་རྒྱལ་དུ་སྨྲས་པ་མ་ཡིན་ཏེ། དོན་དང་ལྡན་པ་སྨྲའོ། དོན་དང་མི་ལྡན་པར་སྨྲས་པ་མ་ཡིན། གཞན་གྱིས་བྱས་པ་དང། མ་བྱས་པ་ལ་མི་ལྟ་ཞིང། ལེགས་པར་བརྗོད་པ་འཆོལ་བ་ཡིན་ཏེ་ཞེས་བྱ་བ་ནི། ཚིག་ཏུ་སྨྲ་བའི་སྒོ
་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་མངོན་པའི་རྣམ་པ་དང་ཚུལ་དན། ཚན་མར་བསྟན་པ་སྟེ། དོན་མེད་པའི་ཚིག་ཅལ་ཅོལ་བྱུང་རྒྱལ་དུ་མི་སྣ་ཞིང། མི་གཞན་ལ་ཕྱས་འདོགས་ལ། གཞན་གྱིས་ལེགས་པར་བྱས
་པ་ལ་ཕྲག་དོག་མི་ལང་པར་དེའི་ཡོན་ཏན་བརྗོད་ན། རྣམ་པ་དང། ཚུལ་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་དང།
་ཚུལ་གང་དང། མཚན?་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རྣམ་པ་དང། ཚུལ་དང། མཚན་མ་མེད་པར་བཤད་པའི་སྐབས་དབྱེ
་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། ཚུལ་མེད་པ་མཚན་མ་མེད་པའོ། །ཞེས་བྱ་བ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་རྣམ་པ
་དང། ཚུལ་དང་མཚན་མ་བསྟན་པ་ཡང་ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱིས། དོན་དམ་པར་ནི་རང་བཞིན་གྱིས་སྟོང་སྟེ་།དངོས་པོ་མེད་པས་དངོས་པོ་མེད་པ་ལ་རྣམ་པ་དང། ཚུལ་དང་མཚན་མ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ
་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་ཚུལ་མ་མཆིས། མཚན་མ་མཆིས་པ་ལགས་ན། ཆོས་གང་ལས་སླར?་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་བསྟན་པ་ལགས་ཞེས་བྱ་བ་ནི། ཕྱིར་མི་ལྡོག
་པ་ཞེས་བྱ་བ་ཟླས་འགྲུབ་པ་ཡིན་ཏེ། ཕྱིར་ལྡོག་པ་ཞིག་ཡོད་ན་དེའི་ཟླས་ཕྱིར་མི་ལྡོག་པ་ཞེས་གང་གསུ་ཡང་རུང་ན། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། རྣམ་པ་དང་ཚུལ་དང་མཚན་མ་མེད་ན། ཕྱིར་ལྡོག་པ་དང། ཕྱིར་མི་ལྡོག་པ་ཞེས
་བྱ་བ་གདགས་སུ་ཡང་མེད་པའི་རིགས་ན་།ཅི་ལས་དགོངས་ཏེ་ཕྱིར་མི་ལྡོག་པ་ཞེས་བསྟན་ཅེས་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལྡོག་པ་ཞེས
་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ
་ཆགས་ཤིང་མཚན་མར་མི་འཛིན་ཏེ། དེ་དག་ལ་མི་གནས་ཏེ། དེ་དག་ལ་ཕྱིར་ལྡོག་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་མིའི
་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མེད་དོ་བྱ་བ་ནས། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད
་མེད་དོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལས་ཕྱིར་བཟློག?་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ངོ་བོ་ཉིད་མེད་པས་ཆགས
་ཤིང་གནས་པར་བྱར་མི་རུང་བའི་ཕྱིར་། དེ་དག་ལས་ཕྱིར་ལྡོག་གྲོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་།དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ་ཞེས
་བྱ་བ་ནས། ལྷ་གཞན་ལ་ཕྱག་མི་འཚལ་ཞིང?། མེ་ཏོག་གམ། ཕྲེང་བ་འམ། སྤོས་སམ། བྱུག་པའམ། ཕྱེ་མ་འམ། །གོས་སམ། གདུགས་སམ། རྒྱལ་མཚན་ནམ། བ་དན་དག་དེ་ལ་སྦྱིན་ཞིང་བྱ་བར་མི་སེམས་ཏེ་ཞེས་བྱ་བའི
་བར་གྱིས་ནི། མུ་སྟེགས་ཅན་གྱི་ལྟ་བ་ངན་པ་ལ། ཕྱོགས་པའི་དགེ་སྦྱོང་དང་བྲམ་ཟེ་ལ་མི་བསྟོད། འཇིག་རྟེན་པའི་ལྟས་དང། མཚན་མ་ལ་མ་ཆགས། འཇིག་རྟེན་གྱི་ལྷ་རྣམས་ལ་སྟོན་པར་མི་འཛིན་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས
་དཔའ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེ་ཞེས་བྱ་བ་ནས། དེ་ལྟར་མི་ཁོམ་པ་བརྒྱད་པོ་འདི་དག་གིས་ནང་དུ་མི་སྐྱེ
་ཞིང། བུད་མེད་དུ་འགྱུར་བ་ཡོངས་སུ་མི་འཛིན་ཏེ་ཞེས་བྱ་བའི་བར་གྱིས་ནི། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་ཁོམ་པ་བརྒྱད་དུ་མི་སྐྱེ་ཞིང་བུད་མེད་ཀྱི་ལུས་སུ་མི་འགྱུར་བ་བསྟན་པའོ། །རབ་འབྱོར
་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཟུང་ཞིང་སྤྱོད་དེ་ཞེས་བྱ་བ་ནས་།རྨི་ལམ་ན་ཡང་མི་དགེ་བ་བཅུའི་ལས་གྱི་ལམ་མི་གནས་ན། སད་བ་ན
་ལྟ་ཅི་སྨོས་ཏེ་ཞེས་བྱ་བའི་བར་གྱིས་ན། དགེ་བ་བཅུ་ལ་བདག་ཀྱང་ཡོངས་སུ་རྫོགས་པར་སྤྱོད། གཞན་ཡང་སྤྱོད་དུ་འཇུག་།དགེ་བ་བཅུ་ལ་སྤྱོད་པའི་ལེགས་པ་ཡང་བརྗོད་ཅིང། མི་དགེ་བ་བཅུ་ཡོངས་སུ་སྤོངས་པའི་རྟགས་དང་ལྡན་ན།
་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ་ཞེས་བྱ་བ་ནས། ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཤེས་རབ་དེ་སྒོམ་པར་བྱེད་དེ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་དོན་གཙོ་བོར་བྱས་ཏེ་སྤྱོད་ན། རྟགས་དང་མཚན་མ་དེ་དག་གིས
་ཕྱིར་མི་ལྡོག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མདོ་དང་དབྱངས་ཀྱི་བསྙད?་པ་དང་ཞེས་བྱ་བ་ནས། དེས་ཆོས་ཀྱི་སྦྱིན?་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས།
་བླ་ན་མེད་པ་ལང་དག་དར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཏེ། ཞེས་བྱ་བའི་བར་གྱིས་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀུན་ཆུབ་པར་བྱས་ནས། སེམས་ཅན་རྣམས་ལ་བཤད་དེ། ཆོས་ཀྱི་སྦྱིན་པ་བྱས་པའི་བསོད
་ནམས་དེ་ཡང་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཡོངས་སུ་བསྔོ་ན། རྟགས་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །
་རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་།ཆོས་ཟབ་མོ་ལ་ནེམ་ནུར་མེད། ཐེ་ཚོམ་མེད། ཡིད་གཉིས་མེད་དོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ
་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་པས། ཆོས་ཟབ་མོ་ལ་ནེམ་ནུར་དང། ཐེ་ཚོམ་དང་ཡིད་གཉིས་མེད་ན། ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ
་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། ངག་གི་ལས་འཇམ་པ་དང་ལྡན་པ་ཡིན། ཡིད་ཀྱི་ལས
་འཇམ་པ་དང་ལྡན་པ་ཡིན་ཏེ། ཞེས་བྱ་བ་ནི། ལུས་ཀྱི་སྤྱོད་ལམ་བཞི་དང། ཚིག་འཇམ་པོར་སྨྲས་པ་དང། ཡིད་ལ་གནོད་སེམས་མེད་ན་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ལ་བྱམས་པའི་མཚན་ཉིད་ནི། སེམས་ཅན
་ཐམས་ཅད་བདེ་བ་ལ་འགོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལུས་ཀྱིས་ཅི་སྤྱོད་དོ་ཅོག་དང། ཚིག་ཏུ་ཅི་སྨྲའོ་ཅོག་དང། ཡིད་ལ་ཅི་སེམས་སོ་ཅོག་ཀྱང། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པ་དང་འབའ་ཞིག་བྱེད་ན་ཕྱིར་མི་ལྡོག
་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདི་ལྟ་སྟེ། འདོད་པ་ལ་མོས་པ་དང། གནོད་སེམས་དང། རྨུག་པ་དང། གཉིད་དང། རྒོད་པ་དང། འགྱོད
་པ་དང། ཐེ་ཚོམ་གྱི་སྒྲིབ་པ་ལྔ་པོ་འདི་དག་དང་ལྷན་ཅིག་ཏུ་མི་གནས་ཏེ་ཞེས་བྱ་བ་ནི། འཕགས་པའི་ལམ་སྒོམ་པའི་བར་ཆད་དུ་འགྱུར་བའི་སྒྲིབ་པ་ལྔ་པོ་འདི་དང་མི་ལྡན་ན། ཕྱིར་མི་ལྡོག་པ་ཡིན་པར་བསྟན་པ་སྟེ། རྨུགས་པ་དང་གཉིད
་གཉིས་སྒྲིབ་པ་གཅིག་ཏུ་བགྲང་། རྒོད་པ་དང་འགྱོད་པ་གཉིས་ཀྱང་སྒྲིབ་པ་གཅིག་ཏུ་བགྲང་ངོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བག་ལ་ཉལ་བ་ཐམས་ཅད་མེད་དོ་ཞེས་བྱ་བ་ནི
་འདོད་པའི་འདོད་ཆགས་དང། སྲིད་པའི་འདོད་ཆགས་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཐེ་ཚོམ་བག་ལ་ཉལ་བ་རྣམས། དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདོད་པའི་འདོད་ཆགས་ནི་འདོད
་པའི་ཁམས་ཀྱི་འདོད་ཆགས་སོ། །སྲིད་པའི་འདོད་ཆགས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་སོ། །ཁོང་ཁྲོ་བ་ནི་འདོད་པའི་ཁམས་ཀྱི་ཞེ་སྡང་ངོ། །ང་རྒྱལ་ནི་ང་རྒྱལ་རྣམ་པ་བདུན་ནོ། །མ་རིག་པ་ནི་ཁམས་གསུམ་ཆར་གྱི་མི་ཤེས
་པའོ། །ལྟ་བ་ནི་རྣམ་པ་ལྔའོ། །ཐེ་ཚོམ་ནི་འཕགས་པའི་ལམ་བསྒོམ་པའི་ཚེ། ཡིད་གཉིས་ཟ་བ་སྟེ། བག་ལ་ཉལ་དེ་དག་མེད་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི
་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འགྲོ་ཞིང་འོང་ཡང་ནོར་བའི་སེམས་ཀྱིས་མི་འགྲོ་ཞེས་བྱ་བ་ནས་།དེ་སའི་ཕྱོགས་མཐོང་བཞིན་དུ་འགྲོ་སྟེ་ཞེས་བྱ་བའི་བར་གྱིས་ནི། སྤྱོད་ལམ་བཞི་འཁྲུལ་པ་མེད་པར་སྤྱོད་ཅིང། དྲན་པ
་དང་ཤེས་བཞིན་དུ་ལྡན་ན་ཕྱིར་མི་ལྡོག་པ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གོས་ཆེགས?་ལ་སྨད་དུ་མེད་པ་ཡིན་ཞེས་བྱ་བ་ནས། རྡུལ་དང་དྲི་མ་དང་བྲལ་ཞིང
་ནད་ཉུང་བ་ཡིན་ཏེ། ཞེས་བྱ་བའི་བར་གྱིས་ནི། གོས་ཚགས་བཟང་ཞིང་གཙང་སྦྲ་ཆེ་བ་དང་ལུས་དྲི་ཞིམ་པ་དང། ལུས་ལ་རྡུལ་དང་དྲི་མ་མེད་ཅིང་ལུས་ལ་ནད་ཉུང་བ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་རྟགས་ཡིན་པར་བསྟན་པའོ
་རབ་འབྱོར་གཞན་ཡང་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུས་རིགས་སྟོང་ཕྲག་བརྒྱད་ཅུ་ཞེས་བྱ་བ་ནས། སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། ལུས་ལ་སྲིན་བུ་མང་པོ་མི་འབྱུང་ཞིང། ལུས་དང་ངག་དང་སེམས་ཡོངས་སུ
་དག་པ་ལས། ཕྱིར་མི་ལྡོག་པའི་རྟགས་བསྟན་པ་སྟེ། ལུས་ལ་སྲིན་བུ་མང་པོ་མི་འབྱུང་བ་ཡང། དགེ་བའི་རྩ་བ་ཁྱད་པར་ཅན་དང་ལྡན་པའི་རྒྱུས། ལུས་དང་ངག་དང་སེམས་ཡོངས་སུ་དག་སྟེ་།འཇིག་རྟེན་ཐམས་ཅད་ལས
་ཁྱད་པར་དུ་འཕགས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ནས། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས།
་དཔའ་ཆེན་པོའི་ལུས་དང་དག་དང་སེམས་ཡོངས་སུ་དག་པར་རིག་པར་བྱ་སྟེ་།ཞེས་བྱ་བའི་བར་གྱིས་ནི། གོང་དུ་ལུས་དང་ངག་དང་སེམས་ཡོངས་སུ་དག་པ་མདོར་སྨོས་པ་དེ་ཞིབ་ཏུ་བཤད་པའི་སྐབས་དབྱེ་པའི་ཕྱིར་རབ་འབྱོར་གྱིས་ཞུས
་པ་དང། བཅོམ་ལྡན་འདས་ཀྱིས། དགེ་བ་བཅུ་ལ་སྤྱོད་ན། ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པ་སྟེ། ལུས་ཀྱི་ལེགས་པར་སྤྱད་པ་རྣམ་པ་གསུམ་ནི། སྲོག་མི་གཅོད་པ་དང། མ་བྱིན་པར་མི་ལན་པ་དང།
་འདོད་པ་ལོག་པར་མི་སྤྱོད་པའོ། །དག་གི་ལེགས་པར་སྤྱད་པ་རྣམ་པ་བཞི། བརྫུན་མི་སྨྲ་བ་དང། ཕྲ་མ་མི་ཟེར་པ་དང། དག་རྩུབ་པོ་མེད་པ་དང། ཚིག་ཁྱལ་པ་མི་སྨྲའོ། །ཡིད་ཀྱི་ལེགས་པར་སྤྱད་པ་རྣམ་པ་གསུམ་ནི། ཆགས་སེམས
་དང། གནོད་སེམས་དང། ལོག་པར་ལྟ་བ་མེད་པ་སྟེ། དགེ་བའི་རྩ་བ་ཁྱད་པར་ཅན་གྱིས་བསྐྱེད་པའི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་དང་ལྡན་ན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་སར་མི་ལྟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་
་དེ་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྙེད་པ་བཀུར་སྟི་དང། ཚིགས་སུ་བཅད་པ་ལྷུར་ལེན་པ་མ་ཡིན་ཞེས་བྱ་བ་ནས། དེ་སྤྱངས?
་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པ་བླངས་ཏེ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ནི་རྙེད་པ་དང་བཀུར་སྟི་དང། གྲགས་པ་ལ་མ་ཆགས་ཏེ། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང། སྤྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཀྱང། དེ་དག་ལ་མ་ཆགས་ཤིང
་སྤྱངས་པའི་ཡོན་ཏན་དེ་དག་མི་བསྙེམས་ན། ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེར་སྣའི་སེམས་སྐྱེད་པ་མེད་དོ་ཞེས་བྱ་བ་ནས།
་ཤེས་རབ་འཆལ་པའི་སེམས་སྐྱེ་བ་མེད་དོ། །ཕྲ་དོག་གི་སེམས་སྐྱེ་བ་མེད་དོ་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམས་དང། ཕྲག་དོག་མེད་ན་རྟགས་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས
་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ནི་བློ་བརྟན་པ་ཡིན་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བློ་བརྟན་ཞིང་ཟབ་པ་དང། གཞན་ལས་ཆོས་གུས་པར་ཉན་པ་དང། ཆོས་ཐོས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མཐུན་པར་བསྒྲུབ་པ་དང།
་འཇིག་རྟེན་གྱི་བྱ་བ་ཅི་ཡོད་དོ་ཅོག་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་དང་མཐུན་པར་སྤྱོད་ཀྱི་།དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། མི་དམིགས་པར་སྤྱོད་ཅིང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། མི་མཐུན་པའི་ཕྱོགས་གང་ཡང
་མེད་པར་རྟོགས་ན། །རྟོགས་པ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལ་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཏོ་ཅན
་གྱིས། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་དུ་སྤྲུལ་ནས་ཞེས་བྱ་བ་ལ་སོགས་པས་ནི། བདུད་ཀྱི་བསླུར་མི་ཚུགས་ན། རྟགས་དེ་དག་གིས་ཕྱིར་མི་ལྡོག་པར་རིག་པར་བྱ་བ་བསྟན་པའོ། །དེ་ལ་བདུད
་སྡིག་ཏོ་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ནས་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་གནས་མ་ཡིན་ཞིང། གོ་སྐབས་མེད་པ་སྟེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ
་འམ་བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལུང་བསྟན་པ་མང་པོ་སེམས་ཅན
་དམྱལ་བ་རྣམས་སུ་བསྲེགས་པ་བསྟན་ནས་བསྡིགས་ཀྱང། བྱང་ཆུབ་ཀྱི་སེམས་མི་གཏོང་ན་རྟགས་དེ་དག་གིས་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོའི་དྲུང་དུ་། བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱང་དུ་འོངས་ཏེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་དེ་ནི་མ་ངེས་པ་ཡིན་ཏེ་། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་པའི་ཁམས་སུ་གནས་པ་མ་ཡིན་ནོ་ཞེས་བྱ་བའི
་བར་གྱིས་ནི། བདུད་སྡིག་ཏོ་ཅན་གྱིས་དགེ་སྦྱོང་གི་ཆ་བྱང་དུ་སྤྲུལ་ཏེ་བྱང་ཆུབ་སེམས་དཔའ་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་སྦྱང་བར་ཡིད་དམ་བཅས་ཤིང་མཉན་པ་རྣམས་ལ་ཐེ་ཚོམ
་བསྐྱེད་དེ། སོ་སོར་ཤོག་ཅིག་ཐོང་ཞིག་ཟེར་བ་ལ། ཐེ་ཚོམ་ལྡང་ཞིང་སེམས་འཁྲུགས་ཏེ་ནེམ་ནུར་ཅན་དུ་གྱུར་ན། བྱང་ཆུབ་སེམས་དཔའ་དེ་མ་ངེས་པ་ཡིན་པས། ཕྱིར་མི་ལྡོག་པ་མ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུག་ཅིང་ནེམ་ནུར་མེད་ཐེ་ཚོམ་མི་ཟ་ལ་ཞེས་བྱ་བ་ནས། མུ་སྟེགས་ཅན་དང་ཀུན་དུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་བྱ་བའི་བར་གྱིས་ནི།
་གོང་དུ་སྨོས་པ་ལྟར་བདུད་སྡིག་ཏེ་ཅན་གྱིས་སླུར་མི་ཚུགས་ཏེ། གཞན་གྱིས་དབང་དུ་མི་འགྱུར་ན་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་དག་པར་རྗེས་སུ
་མི་མཐོང་སྟེ། གཟུགས་སམ་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། ལམ་གྱི་རྣམ་པར་ཤེས་པ་ཉིད་དམ་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་པ
་འམ་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་།ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང། ཆོས་དེ་དག
་གི་དེ་བཞིན་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་།ཆོས་དེ་དག་གང་གི་དབང་དུ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ནས
་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་གནས་མེད་སྐབས་མེད་དེ་།དེ་ནི་གནས་མ་ཡིན་ནོ་སྙམ་ན་ཞེས་བྱ་བའི
་བར་གྱིས་ནི་།བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱང་དུ་བྱས་ཏེ་། བྱང་ཆུབ་སེམས་དཔའ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མི་གཙང་བ་བསྒོམས་པ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་
་འཇུག་པ་བཞི་སྟོན་ཅིང། ལམ་འདི་ཉིད་ཀྱིས་ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པར་བྱས་ཏེ་། ཡོངས་སུ་མྱ་ངན་ལས་འདས་པར་བྱོས་ཤིག་ཅེས་ཐེག་པ་ཆུང་དུའི་ལམ་སྟོན་ཅིང། ཐེག་པ་ཆེན་པོ་ལ་སྨད་དེ
་སླུ་བ་དང། བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྟེང?་ལ་བསྙེན་བཀུར་བྱས་པ་དང། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང།
་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྟེང་ལ་བསྙེན་བཀུར་བྱས་ནས་ཀྱང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་ལ་སྤྱོད་པའི་ཚེ། ཆོས་དེ་དག་ལ་ཇི་ལྟར་གནས་པར་བགྱི་ཞེས
་ཞུས་ཤིང་བརྟགས་ཀྱང། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་སྙིང་བསྙན་བཅུག་ཀྱང། སེམས་ནུར་བར་མི་འགྱུར་བ་དང། བདུད་སྡིག་ཏོ་ཅན་གྱིས་དགེ་སློང་མང་པོར་སྤྲུལ་ཏེ། དགེ
་སློང་འདི་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་ཤ་སྟག་སྟེ་། འདི་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གྲུབ་ནས། དགྲ་བཅོམ་པ་ཉིད་ལ་གནས་པར་འགྱུར་ན། ཁྱོད་ལྟར་བླ་ན་མེད་པའི
་བྱང་ཆུབ་ཐོབ་རེ་སྐན་ཞེས་ཟེར་ཡང། སླུར་མི་ཚུགས་ན་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པའི་ཚེ། འདི་སྙམ་དུ་གལ་ཏེ་ཞེས་དེ་བཞིན་གཤེཌ་པས་ཇི་སྐད་དུ་བསྟན་པ་དེ་སྐད་དུ་སློབ་ལ་སྤྱོད་པ་དེ་དང་མ་བྲལ་ཞིང། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་འདི་དག་གིས་སྤྱོད་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས་ཞེས་བྱ
་ནི་དགེ་བའི་རྩ་བ་ངེས་འདིར་སྐྱེས་བར་རིག་པར་བྱའོ་ཞེས་པ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་དགའ་ལྡན་གྱིས་ལྷའི་རིས་ན་བྱམས་པ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་འདི་མཉན་པའི་དགེ་བའི་རྩ་བས་འདིར་མིའི་ནང་དུ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དང་ཅིང་སྤྱོད་པར་གྱུར་པ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་གིས་སྔོན་གྱི་མཐར
་ཤེས་རབ། ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཀྱང་ཡོངས་སུ་མ་དྲིས་ཡོངས་སུ་བརྟགས་པར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། རྨོངས་པར་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ།
་གཞན་དུ་འགྱུར་རོ་ཞེས་བྱ་བ་ནས། རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་གིས་སྔོན་གྱི་མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱང་ཡོངས་སུ་བརྟགས་པར་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི
་བསྟན་པའི་ཚེ། ནེམ་ནུར་དུ་འགྱུར། སེམས་ཞུམ་པར་འགྱུར། སེམས་ཀྱི་རྣམ་པ་གཞན་དུ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ན་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅུང་ཟད་ཅིག་ཐོས་སུ་ཟིན་ཀྱང། དྲི་ཞིམ་བརྟགས་པས་གོམ་པར་མ་བྱས་པ་ནི
་ཚེ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཐེ་ཚོམ་སྐྱེ་ཞིང་དད་པར་མི་འགྱུར་པར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཡོངས་སུ་མ་དྲིས་ཡོངས་སུ་བརྟཌ
་སྐྱོན་མེད་པའི་ས་དང་པོ་ལ་འཇུག་སྟེ། ས་དང་པོ་ལ་ཞུགས་ནས། དོན་དམ་པར་ཆོས་ཐམས་ཅད་རྡུལ་ཙམ་ཡང་དམིགས་སུ་མེད་པར་རྟོགས་པས་། ཅི་ལ་ཡང་མངོན་པར་འདུ་མི་བྱེད་དེ་མངོན་པར་འདུ་མི་བྱེད་པས་ཆོས་གང་ཡང
་སྐྱེད་པར་མི་བྱེད་པའི་ཕྱིར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བསྟན་པའོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས།
་ལེའུ་བཞི་བཅུ་པའོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་། བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཏེ་མོས་པ་ཟློག་ཅིང་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་སྐྱོན
་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་།བདུད་སྡིག་ཏོ་ཅན་དག་ཆོས་ཐམས་ཅད་སྟོང་པ་ལ་ཐ་སྙད་བཏགས་ནས། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ། མངོན་པར་འཚང་རྒྱར་ཡང་ཅི་ཞིག་ཡོད་ཅེས།
་བྱང་ཆུབ་སེམས་དཔའ་ལ་མོས་པ་དང་དད་པ་ཟློག་ཅིང་འོང་བ་ལ་བདུད་ཀྱིས་མི་ཚུགས་པར་བྱ་བའི་གདམས་ངག་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་མཁའ་དང་མཚུངས་ཏེ་། རང་བཞིན་གྱིས་སྟོང་ཡང་ཀུན་རྫོབ་ཏུ་ལེགས
་ཉེས་ཅི་སྤྱད་པའི་འབྲས་བུ་མེད་པ་མ་ཡིན་པས་། བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་། མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ་། སེམས་ཅན་ཐམས་ཅད་ཀྱང་རིམ་གྱིས་། བླ་ན་མེད་པ་ཡང་དག་པར་རྫོགས་པའི
་བྱང་ཆུབ་ཏུ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང། བདུད་ཀྱིས་མི་ཚུགས་པར་སེམས་བརྟན་པར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས
་ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། གཞན་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་ཀྱིས་ཕན་མ་བརྟགས་པ་དང། བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ
་པར་བྱང་བའི་ཆོས་རྣམས་ཀྱི་དོན་དང་མཐུན་པར་མ་བྱས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་གྱུར་པ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་སུམ་ཅུ་ལྔ་པའོ།། །།རབ་འབྱོར
་འདི་ལྟ་སྟེ། དཔེར་ན། རྒྱ་མཚོའི་དབུས་སུ་གྲུ་ཞིག་ལ་མི་རྣམས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་འདྲི་མི་སྟོན། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་མི་བསྟེན་པ་དེ་དག་ནི་བར་མ་དོང་བྱང་ཆུབ་ལས་ཉམས་པར་འགྱུར་ཏེ་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་རྒྱ་མཚོའི་དབུས་སུ་གྲུ་ཞིག་པར་གྱུར་པའི་མི་རྣམས་ཤིང་ལ་སོགས་པ་ལ་མ་འཇུས་མ་བརྟེན་པར་རྒྱ་མཚོའི་འགྲམ
་དུ་ཕྱིན་པར་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་པ་དང། མོས་པ་ཙམ་ནི་ཡོད་ལ། གྲི་བ་དང་བསྟན་པ་ལ་སོགས་པའི་སྒོ་ནས། ཉམས་སུ་མ་བླངས་མ་བརྟེན
་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
་པར་རྫོགས་པར་འཚང་རྒྱ་བའི་དོན་དུ་དད་པ་ཡོད་ཅིང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང?་བས་བར་མ་དོང་ཉེ་ཞོ་མེད་པར་ཉན་ཐོས་ཀྱི་ས་ལ་འདས། རང་སངས་རྒྱས་ཀྱི་ས་ལ་འདས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས
་བགྱི་ཞེས་བྱ་བ་ནི། གོང་དུ་མདོར་བཤད་པའི་དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར་།རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང། ཉན་ཐོས་ཀྱིས་འམ།
་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལོག་པ་དེ་ནི། རབ་འབྱོར་ཕྱིར་ལོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཉན
་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་སླར་ལོག་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལོག་པས་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས
་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱའོ?་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མ་ལོག་པ་དེ་ནི། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
་ཡིན་ཏེ་། ཕྱིར་མི་ལྡོག་པ་ཞེས་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་མ་ལོག་པ་དེ་ལ་ཡང། ཕྱིར་མི་ལྡོག་པ་ཞེས་གདགས་པ་མོད་ཀྱི། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ལས་ཕྱིར་ལོག་པར་འགྱུར་བས་ན། ཕྱིར་མི་ལྡོག་པར་མི་ཆུང་ངོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་གིས་ཞེས་བྱ་བ་ནས། བདུད་སྡིག་ཏོ་ཅན་གྱིས་གླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ། བྱང་ཆུབ་སེམས་དཔའ་གང་ཉན་ཐོས་དང་སངས་རྒྱས་ཀྱི་ས་ལས་ལོག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
་དུ་བར་མདོར་ཉེ་ཞོར་འགྱུར་རོ་ཞེས་བཤད་པ་བྱང་ཆུབ་སེམས་དཔའ་ལ་བར་མདོར་ཉེ་ཞོར་འགྱུར་བ་ནི་གཞན་ལ་མི་བྱའི་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་ཞིང་ཐེག་པ་ཆེན་པོ་ལས་ཉམས་པ་ལ་བྱའོ། །ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ
་སྟེ་དཔེར་ན། སྐྱེས་པ་འམ་བུད་མེད་ལ་ལ་ཞིག་བུམ་པ་སོ་ལེགས་པར་བཏང་བས་ཆུ་ཀླུང་ངམ། མཚོ་འམ་མཚེའུ་འམ་འབྲོན་པ་ནས་ཆུ་འཆུ་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན་།རབ་འབྱོར་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་བར་མདོར་ཉེ་ཞོར་མི་འགྱུར་ཏེ། མ་ཉེས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ཞེས
་བྱ་བའི་བར་གྱིས་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་ན་བར་མདོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་བར་འགྱུར་བ། བུམ་པ་སོ་ལེགས་པར
་བཏང་བས་ཆུ་བཅུས་ན་འདེ་བར་ཁྱིམ་དུ་ཕྱིན་བར་འགྱུར་པ་ལས་དཔེ་བླངས་ཏེ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོའི་གྲུ་མ་བསྡམས་ཤིང་ཟག་ལྷན་དང་བྲལ་ཞིང་རིན་པོ་ཆེ་ཆེན་པོ་མ་བྱས་པར་རྫས་བཅུག་ཏེ་ཞེས་བྱ་བ་ནས། རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མདོར་ཉེ་ཞོར་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་རིན་པོ་ཆེའི་དོན་ཆེན་པོ་དང་བྲལ་ཞིང་རིན་པོ་ཆེ་ལས་འཕང་པར་རིག་པར
་བྱའོ་ཞེས་བྱ་བའི་པར་གྱིས་ནི་ཆོད་པ་རྒྱ་མཚོའི་ནང་དུ་ནོར་བུ་རིན་པོ་ཆེ་ལེན་པ་ཐབས་མི་མཁས་པར་གྲུ་སྦྱར་ཉེས་ན་གནོད་པ་ཆེན་པོ་དང་ལྡན་ཞིང་ནོར་བུ་རིན་པོ་ཆེ་མི་སྙེད་བར་འགྱུར་པའི་དཔེས་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཏུ་མི
་ལྡན་བར་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་སྤྱོད་ཀྱང་དེ་དག་ལ་མཚན་མར་མི་འཛིན་ཅིང། ཆགས་པར་མི་སྤྱོད་ན། རྟགས་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི
་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པ་སྟེ། ལྷུར་མི་ལེན་ཅེས་བྱ་བ་ནི་གཟུགས་དང་མཚན་མ་ཕུན་སུམ་ཚོགས་པ་ལ་སོགས་པ་ལ་སྤྱོད་ཀྱང། དེ་དག་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་།དེ་དག་ལ་མཚན་མར་མི་འཛིན་ཅིང། མ
་ཆགས་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཁྱིམ་ན་གནས་ཀྱང་ཐབས་མཁས་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི
་ཡོན་ཏན་ལྔ་ཉེ་བར་ལེན་ཏོ་ཞེས་བྱ་བ་ནས། གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིས་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཁ་ཅིག་ཐབས
་དང་ཤེས་རབ་ཏུ་ལྡན་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཁྱིམ་ན་གནས་ཏེ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང། སེམས་ཅན་རྣམས་ལ་སྦྱིན་པ་ཡིད་བཞིན་དུ་གཏོང་བ་དང། བདག་དང་ཕ་རོལ་གཉི་ག་ཕ་རོལ་ཏུ
་ཕྱིན་པ་དྲུག་ལ་སྤྱོད་ན། རྟགས་དང་མཚན་མ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཁྱིམ་ན
་གནས་ན་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཞེས་བྱ་བ་ནས། དེ་འདོད་པ་ལ་ཡོངས་སུ་མི་སྤྱོད་དེ་།རྟག་ཏུ་རྒྱུན་མི་འཆད་བར་ཚངས་པར་སྤྱོད་པ་ཡིན། གནོད་པ་གང་གིས་གཞན་མི་དགའ་བར
་གྲོགས་གཞན་ལ་མ་བརྟེན་པར་ལྡང་ཞིང་འགྲོ་མི་ནུས་པའི་དཔེས། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་མ་བརྟེན་ན་པར་མདོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་སྟེ། བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་མི་ནུས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་མ་བཟུང་བའི
་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི་དོན་གོང་དུ་སྨོས་པའི་རིགས་པ་དང་གཏན་ཚིགས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ན་ཚད་ཀྱི་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་པ་གོག་ཏུ་གྱུར་བ་འཁོགས་པ་དེ་ཉིད་རླུང་དམ་མཁྲིས་པ་འམ། བད་ཀན
་ནམ་འདུས་པའི་ནང་ཀྱི་ས་བཏབ་པར་གྱུར་ལ། དེ་ཁྲི་ལས་ལྡང་པར་འདོད་ན་དེ་ལ་སྙེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་གློ་གཡས་གཡོན་གཉིས་ནས་བཟུང་སྟེ་བརྟེན་ནས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བཟུང་ན།
་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དེར་ཕྱིན་པར་ནུས་སོ་ཞེས་བྱ་བའི
་པར་གྱིས་ནི་མི་རྒད་པོ་ནད་པ་མི་གཉིས་ཀྱིས་གྲོགས་བྱས་ཏེ། བརྟེན་ན་པར་མདོར་མི་ཉམས་ཤིང་གར་འདོད་པའི་གནས་སུ་ཕྱིན་པར་འགྱུར་པའི་དཔེས། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ
་གཉིས་ལ་བརྟེན་ན་པར་མདོར་ཉན་ཐོས་དང། རབ་སངས་རྒྱས་ཀྱི་སར་མི་ལྟུང་པར་བླ་ཨན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་སུ་ཕྱིན་པར་ནུས་པ་བསྟན་པའོ། །བེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང།
་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་པས། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་གྱིས་སྔགས་དང་སྨན་དང་ལྟས་རྣམས་ཀྱིས། མངོན་པར་རྟོགས་པ་དང་ཡིད་ཆེས་པའི་མཚན་མ
་བསྟན་པས། རྙེད་པ་དང་བཀུར་སྟི་ཚོལ་བ་མ་ཡིན་ཞིང་རྒྱུ་མི་འཆོལ་ཏེ། འཚོ་བ་ཡོངས་སུ་དག་ན། མཚན་མ་དང་རྟགས་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག
་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། རྟེན་ཅིང
་འབྲེལ་པར་འབྱུང་བ་རྣམས་ལ་དངོས་པོ་ཡོད་པར་ལྟ་ཞིང། དེ་དག་ལས་འདས་པར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་ཀྱིས། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སྟོང་པ་ཉིད་དུ་སྒོམ་ན། ཕྱིར་མི་ལྡོག་པའི
་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །དེ་འདུ་འཛིའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། ཞེས་བྱ་བ་ལ་སོགས་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འདུ་འཛི་ལ་འཇིག་རྟེན་གྱི་གཏམ་དན་པ་རྣམས་ལ
་མི་འཇུག་པ་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་།དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས། སེམས་ཅན་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན་ཞེས་བྱ་བ་ནི། འདུ་འཛིའི་སྤྱོད་པའི་རྒྱུ་གཉིན་བགྲོད་པར་བྱས་པ་ལ
་སོགས་པའི་སེམས་ཅན་རྣམས་སྟོང་པ་ཉིད་དུ་གོམས་པར་བྱས་པའི་ཕྱིར་འདུ་འཛིའི་སྤྱོད་པ་ལ་མི་གནས་སོ་ཞེས་བསྟན་པའོ། །དེ་རྒྱལ་པོའི་གཏམ་གྱི་སྦྱོད་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང
་བཞིན་སྟོང་པ་ཉིད་ལ་གནས་པས། ཆོས་གང་ལ་ཡང་བཟང་པོ་འམ་ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི། རྒྱལ་པོ་ལ་བསྟོད་པ་དང། སྨད་པའི་གཏམ་ངན་པ་ལམ་ཞུགས་བ་བསྟན་པ་སྟེ། བསྟོད་པ་དང་སྨད་པའི་ཆོས་བཟང་པོ་དང་ངན་པ
་ཐམས་ཅད་དོན་དམ་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་རྐུན་བོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། ཆོས་གང་ལ་ཡང་བླང་བ་འམ།
་དབྲོག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི། རྐུན་བོས་རྐུར་ཐོབ་པའི་གཏམ་ངན་པ་ལ་ཡང་གཡེང་བར་མི་གནས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་པས་རྐུན་པོས་དབྲོག་པར་བྱ་བ་དང།
་མ་ཕྲོགས་ཏེ་སླར་བླང་དུ་ཡོད་པའི་ཆོས་གང་ཡང་ཡོད་པར་མི་མཐོང་བས། རྐུན་པོའི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །དེ་གཡུལ་གྱི་གཏམ་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ད་རང་བཞིན
་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཉུང་ངུ་འམ་མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི་དམག་གི་གཡུལ་བཤམས་པའི་གཏམ་གྱིས་མ་ཡེངས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་སྟོང་ཉིད་དུ
་རྟོགས་པས། གཡུལ་བཤམས་པའི་ཚོགས་འདི་ནི་མང་ངོ། །འདི་ནི་ཉུང་ངོ་ཞེས་བྱ་བའི་ཆོས་གང་ཡང་ཡོད་པར་མ་མཐོང་བའི་ཕྱིར། གཡུལ་གྱི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །དམག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི
་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས། ཆོས་གང་ལ་ཡང་བྱམས་པ་འམ། ཞེ་སྡང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི། དགྲ་ཟུན་གཉིས་དམག་འགྱད
་པའི་གཏམ་གྱིས་མ་ཡེངས་པར་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པས། དགྲ་ཟུན་དང་བྱམས་སྡང་བྱེ་བྲག་དབྱེར་མེད་པའི་དམག་གི་གཏམ་མི་ཟེར་རོ་ཞེས་བསྟན་པའོ། །གྲོང་གི་གཏམ
་གྱིས་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཚོགས་སམ་ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་གྲོང་གི་གཏམ་གྱིས་མ་ཡེངས
་པར་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས། གྲོང་འདི་ནི་ཚོགས་ཆེ་ཞིང་སྟུག?་གོ་།གྲོང་འདི་ནི་ཚོགས་ཆུང་ཞིང་སྲབ་པོ་ཞེས་བྱ་བའི་ཆོས་གང་ཡང་ཡོད་པར་མ་མཐོང་བའི་ཕྱིར་དྲང་གི་གཏམ་མི་ཟེར་རོ་ཞེས་བྱ་བའི
་དོན་ཏོ། །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ་།དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་གཟུང་བ་འམ། མི་གཟུང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ
་ནི། གྲོང་ཁྱེར་གྱི་གཏམ་གྱི་མ་ཡེངས་པ་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་བཞིན་དུ་སྟོང་པར་རྟོགས་པས། གྲོང་ཁྱེར་གྱི་ཚོང་འདུས་ན་ཚོང་བྱེད་པའི་ཚོང་རྫེས་ཁ་ཡོད་ན་།གཟུང་ཞིང་བསགས་པ་དང། ཁེ་མེད་ན་མི་གཟུང
་ཞིང་མི་བསགས་པའི་ཆོས་དེ་ལྟ་བུ་གང་ཡང་དངོས་པོ་ཡོད་པར་མ་མཐོང་བའི་ཕྱིར་གྲོང་ཁྱེར་གྱི་གཏམ་མི་ཟེར་རོ་ཞེས་བྱ་བའི་དོན་ཏོ། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི
་མཛའ་ལ་གནས་པས། ཆོས་གང་ཡང་འཕེལ་བའམ། འབྲི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། ཞེས་བྱ་བས་ནི་ཡུལ་གྱི་ལྗོངས་ཀྱི་གཏམ་གྱིས་མ་ཡེངས་པར་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡང་དག་པའི་མཛའ་ཨི་རང
་བཞིན་དུ་སྟོང་པར་རྟོགས་པས། ཡུལ་གྱི་ལྗོངས་ལོ་ལེགས་ཏེ། འཕེལ་བ་འམ། ལོ་ཉེས་ཏེ་འགྲིབ་བར་འགྱུར་བའི་ཆོས་དེ་ལྟ་བུ་གང་ཡང་ཡོད་པར་མ་མཐོང་བའི་ཕྱིར། གྲོང་རྡལ་གྱི་གཏམ་མི་ཟེར་རོ་ཞེས་བསྟན་པ་སྟེ། གྲོང་རྡལ་ཞེས་བྱ་བ་ནི་ཡུལ་གྱི་ལྗོངས་ལ
་བྱའོ། བདག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཞེས་བྱ་བ་ནས། མཐོང་བ་བོའི་གཏམ་གྱི་སྤྱོད་པ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ་ཞེས་བྱ་བའི་བར་གྱིས་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་ལ་སོགས་པ། ཡོད་པར
་ལྟ་བའི་གཏམ་གྱིས་མ་ཡེངས་པ་བསྟན་པའོ། །གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་ཡང་དག་པའི་གཏམ་ལ་འཇུག་ཅིང། བསམ་པ་དགེ་བ་ལ་གནས་ན་ཕྱིར་མི་ལྡོག་པའི
་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པ་སྟེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་བརྩོན་ཞིང་ཞེས་བྱ་བས་ནི་།ཡང་དག་པའི་གཏམ་ལ་འཇུག་པ་བསྟན་པ་སྟེ། གཏམ་ཅི་ཟེར་ཀྱང་རུང་སེམས་ཅན
་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཟུང་བའི་གཏམ་འབའ་ཞིག་ཟེར་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་པར་གནས་ཏེ། ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ལ་སྤྱོད་ཅིང། ཤེས་རབ་འཆལ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ་ཞེས་བྱ་བའི་བར་གྱིས་ནི། བསམ་པ་དགེ་བ་ལ་གནས་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བའི་བསམ་པ་དང་མ་བྲལ
་བར་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམས་ཡོངས་སུ་སྤོང་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་སྟོང་ཕ
་ཉིད་ལ་སྤྱོད་ཅིང་ཆོས་འདོད་པ་ཡིན་གྱིས་ཆོས་མི་འདོད་པ་མ་ཡིན་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་།དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཀྱང་ཀུན་རྫོབ་ཏུ་དམ་བའི་ཆོས་འཚོལ་བ་ལ་འབད་པ་ཡིན་ནོ
་ཞེས་བྱ་བའི་དོན་ཏོ། །དེ་ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང། ཆོས་ཐ་དད་པ་ལེགས་པར་བརྗོད་པ་མ་ཡིན་ཞེས་བྱ་བ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་པར་རྟོགS
་པས། ཆོས་རྣམས་ལ་མིང་དང་མཚན་མ་ལ་སོགས་པ་ཐ་དད་དུ་འབྱེད་པ་ལ་དགའ་བ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། བཤེས་གཉེན་དུ་སེམས་པ་ཡིན
་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་ཐེག་པ་དམན་པ་ལ་ཞུགས་པ་རྣམས་ལ། དགེ་བའི་བཤེས་གཉེན་མི་འཆོལ་བར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བའི་བཤེས་གཉེན་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི
་བུ་དང་རིགས་ཀྱི་བུ་མོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཇི་སྙེད་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ཞིང་འགོད་དོ། །འདུལ་ལོ་རབ་ཏུ་འཇོག་ཞེས་བྱ་བ་ནི། ཐེག་པ་དམན་པ་ལ་ཞུགས་པ
་རྣམས་ཀྱང། ཐེག་པ་ཆེན་པོ་ལ་ཐབས་སྣ་ཆེགས་ཀྱིས་འཛུད་པ་བསྟན་པ་སྟེ། ཡང་དག་པར་བསྐུལ་བ་ནི་དང་པོར་གྲོས་འདེབས་པའོ། །འགོད་པ་ནི་ཉན་ཅིང་སེམས་སུ་འཛུད་པའོ། །འདུལ་བ་ནི་ཉེས་པ་བྱུང་བ་རྣམས་འཆོས་པའོ། །རབ་ཏུ
་གཞོག་པ་ནི་ཕྱིས་གཞན་དུ་མི་འགྱུར་བར་བསྟན་པར་བྱེད་པའོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང། །ཞེས་བྱ་བ་ནས། གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་བཞུགས་ཤིང། འཚོ་སྐྱོང་བ་དང། ཆོས་སྟོན་པ་དེར་སྐྱེ་སྟེ། ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་འབྱུང་བ་དང་མི་འབྲལ་བ་སངས་རྒྱས་མཉེས་པར་བྱེད་པ
་ལ་བརྩོན་པ་བསྟན་པ་སྟེ། སེམས་ཅན་རྣམས་མིག་དྲང་བའི་ཕྱིར་ཐབས་ཀྱི་འདོད་པའི་ཁམས་སུ་སྐྱེས་ནས། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམས་པའི་མཐུ་ཐོབ་པར་བྱས་ནས། དེའི་མཐུས
་གང་ན་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པའི་གནས་དེར་སྐྱེས་ཏེ། དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པའི་མཚན་མ་དང་རྟགས་དེ་ལྟ་བུ་དག་དང་ལྡན་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར
་བྱའོ། །ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ནང་སྟོང་པ་ཉིད་ལ་གནས་པ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས
་པ་བཅོ་བརྒྱད་ལ་གནས་པ་ནི། འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པ་འམ། ཕྱིར་མི་ལྡོག་པ་ཡིན་ནོ་སྙམ་དུ་ཡང་མི་བྱེད་དེ། ཐེ་ཚོམ་མི་སྐྱེ་ཞིང་རང་གི་ས་ལ་ཡིད་གཉིས་མེད་དོ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རང་གི་ས
་ལ་ཐེ་ཚོམ་མེད་པ་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ?་བདུན་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག
་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན
་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ལ་སྦྱོར་ཅིང་གནས་པའི་ཚེ། ཆོས་ཐཾས་ཅད།
་མི་སྐྱེ་བ་ལ་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པའི། ས་ལ་གནས་པར་ངེས་ཤིང། རང་གི་ས་ལ་ཐེ་ཚོམ་མི་སྐྱེ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ངེས་ཕྱིར་མི་ལྡོག་པ་དང། ཕྱིར་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར
་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང། རང་གི་ས་ལ་ཐེ་ཚོམ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ངེས
་པར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རྟོགས་ནས་ཕྱིར་ལྡོག་པ་འམ། ཕྱིར་མི་ལྡོག་པ་ཞེས་བྱ་བའི་ཆོས་གང་ཡང་ཡོད་པར་མཐོང་བས་ཕྱིར་མི་ལྡོག་པ་མ་ཡིན་དུ་དོགས
་པ་མེད་པའི་ཕྱིར་རང་གི་ས་ལ་ཐེ་ཚོམ་དང་ཡིད་གཉིས་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་།དཔེར་ན་རྒྱུན་དུ་ཞུགས་པའི་སྐྱེས་བུ་རྒྱུན་ཏུ་ཞུགས་པའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །ཞེས་བྱ་བ་ནས་ཡང
་དག་པར་རྫོགས་བའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རང་གི་ས་ལ་ཐེ་ཚོམ་མི་ཟ་བའི་དཔེ་བསྟན་པའོ། །རབ་འབྱོར་དེ
་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པ་ཡང་ནེམ་ནུར་མེད་ཐེ་ཚོམ་མི་ཟ་ཞིང། དེ་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ་ཞེས་བྱ་བ་ནས། བདུད་གྱི་ལས་དེ་དག་ཀྱང
་རྣམ་པར་འཇོམས་ཤིང་སྲབ་མོར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་ས་ལ་ཐེ་ཚོམ་མེད་པར་གནས་པའི་ཡོན་ཏན་བསྟན་པ་སྟེ། དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་ཐེ་ཚོམ་མེད་པར་གནས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང། སེམས་ཅན་ཡོངས་སུ་སྨིན
་པར་བྱེད་པ་དང། བདུད་ཀྱི་ལས་ཀྱི་དབང་དུ་མི་འགྱུར་བ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་མཚམས་མེད་པ་བྱེད་བྱེད་པའི་སྐྱེས་བུ་ནི་ཞེས་བྱ་བ་ནས། སེམས་དེ་རྣམ་པར་བརྟག་ཏུ་མེད་ཅིང་མི་སྒུལ་བས། དེ་ནི་ལྷ་དང། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག
་རྟེན་གྱིས་ཕྱིར་བཟློག་པར་མི་ནུས་ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡེག་པའི་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་ངེས་པར་གནས་ཏེ། རང་གི་ས་ལ་ནེམ་ནུར་དང་ཐེ་ཚོམ་མེད་པ་དཔེ་དང་བཅས་པ་བསྟན
་པ་སྟེ། དཔེར་ན་མཚམས་མེད་པའི་ལས་བྱེད་བྱེད་པའི་མི་མཚམས་མེད་པའི་ལས་དགོམས་ཤིང་སེམས་ལ་ཞེན་པར་བྱས་པས་ལས་དེའི་འབྲས་བུ་མ་མྱོང་གི་བར་དུ་སྡིག་པའི་བག་ཆགས་བསག་པའི་སེམས་དེ་དང། ནམ་ཡང་མི་འབྲལ་ཞིང་སེམས་དེ
་རྗེས་སུ་འབྲངས་བར་འགྱུར་བ་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་སེམས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་གོམས་པར་བྱས་པས་སུས་ཀྱང་སླར་བཟློག་པར་མི་ནུས་ཤིང་ནམ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སླར་མི་ལྡོག་བོ་ཞེས་བྱ་བའི
་དོན་ཏོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ངེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོ་བསྐྱེད་ཅིང། སངས་རྒྱས
་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་ཞུ་བ་བྱེད་བསྟེན་བཀུར་བར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་རང་གི་ས་ལ་ཐེ་ཚོམ་མེད་པ་དང། བདུད་ཀྱིས་སླུར་མི་ཚུགས་པའི་གཏན་ཚིགས་བསྟན་པ་སྟེ། ཕྱིར་མི
་ལྡོག་བའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། འཕགས་པར་གྱུར་ལ་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཡང་དག་པའི་དོན་མེད་པ་ལ་ཞུགས་ནས། ས་བརྒྱད་བ་ལ་གནས་ཀྱི
་བར་དུ། མངོན་པར་ཤེས་པ་རྣམས་ཀྱི་མཆོག་ཐོབ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང། ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས
་སངས་རྒྱས་ཀྱི་ཞིང་དུ་འགྲོ་ནུས་པའི་མཐུ་དང་ལྡན་པའི་ཕྱིར་རང་གི་ས་ལ་ཐེ་ཚོམ་མེད་ཅིང་འདུད་ཀྱིས་སླུར་མི་ཚུགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ
་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་གི་དབང་དུ་མི་འགྲོའོ་ཞེས་བྱ་བའི་བར་གྱིས་ནི་རང་གི་ས་ལ་ཐེ་ཚོམ་མེད་པར་གནས་ཤིང། བདུད་ཀྱི་ལས་ཀྱི་དབང་དུ་མི་འགྲོ་བའི་དོན་གོང་དུ་སྨོས་པ་ཉིད་མཇུག་བསྡུས་ཏེ། གསལ་བར
་བསྟན་པའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཛའ་ལ་སྦྱོར་བར་བྱེད་ཅིང། དེ་རང་གི་ས་ལ་ནེམ་ནུར་མེད། ཐེ་ཚོམ་མི་ཟའོ་ཞེས་བྱ་བ་ནི་བདུད་ཀྱི་ལས་ཀྱི་དབང་དུ་མི་འགྱུར་བ་དེ་ཡང་དོན་དམ་པར་ཆོས་ཐམས་ཅད
་སྟོང་པ་ཉིད་དུ་རྟོགས་ཤིང། ཡང་དག་པའི་མཛའ་ཨི་རང་བཞིན་དུ་རོ་གཅིག་པར་ཁོང་དུ་ཆུད་པར་བདུད་ཀྱིས་སླུར་མི་ཚུགས་ཤིང་རང་གི་ས་ལ་ཐེ་ཚོམ་མེད་དོ་ཞེས་བསྟན་པ་སྟེ། ཡང་དག་པའི་མཛའ་ལ་སྦྱོར་བར་བྱེད་ཅེས་བྱ་བ་ཆོས་ཐམས་ཅད
་སྟོང་བ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པར་རྟོགས་པས་བདུད་ཀྱི་ལས་ཀྱི་མཚན་མ་ཐམས་ཅད་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཛའ་ལ་ནེམ་ནུར་མེད་བས་ཡང་དག་བའི་མཛའ་ལ་གཅིག་གམ་གཉིས་སུ་ཡང
་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཤེས་པས་དེ་ཚེ་འཕོས་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་བསྐྱེད་དེ་ཞེས་བྱ་བས་ནི། བདུད་ཀྱི་ལས་རྣམས་ཡང་དག་པའི་མཛའ་ལ་སྦྱོར་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད
་ཡང་དག་པའི་མཛའ་ཨི་རང་བཞིན་དུ་རྟོགས་ན་བདུད་དམ་བདུད་མ་ཡིན་པ་འམ། ཕྱིར་མི་ལྡོག་པ་འམ། བྱང་ཆུབ་སེམས་དཔའ་ཨི་འམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ནམ
་ཡང་ལྡོག་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ། ཆོས་གང་ཡང་སྐྱེ་བ་འམ། འགག་པའམ། ཀུན་ནས་ཉོན་མོངས
་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཚེ་འཕོས་ནས་ཀྱང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེད་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར
་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་སྟོང་པར་རྟོག་པའི་ཕྱིར་ཚེ་འཕོ་ཞིང་སྐྱེ་བ་དང། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་གང་ཡང་དངོས་པོ་ཡོད་པར་མ་མཐོང་བས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སླར་ལྡོག་ཅིང་ལྷུར?་བ་མེད་དེ་ཞེས
་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་འདི་སྙམ་དུ་བདག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་སྙམ་མི་བྱེད་དེ་།གདོན་མི་ཟ་བར་བླ
་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སེམས་ཞེས་བྱ་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཚེ་སྔ་ཕྱི་དྲན་ཞིང་བྱང་ཆུབ་ཀྱི་སེམས་མི་ཉམས་པས་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མངོན་པར་འཚང་རྒྱ་བར་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ནི་བྱང
་ཆུབ་སེམས་དཔའ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་རྟོགས་ཤིང། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རང་གི་མཚན་ཉིད་ཀྱི་སྟོང་པར་རྟོགས་པའི་ཕྱིར། བླ་ན་མེད་པ
་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་གནས་པ་ནི། རང་གི་ས་ལ་ཐུག་པ་མེད་པ་ཡིན་ཏེ།
་ཞེས་བྱ་བས་ནི་དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་མངོན་པར་འཚང་རྒྱ་བ་སྟེ། བདུད་དང་མུ་སྟེགས་ཅན་ལ་སོགས་པས་གཞན་དུ་བསྒྱུར་ནི་ནུས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན་ཏེ། ཞེས་བྱ་བ་ནི་རང་གི་ས་ལ་ཐུག་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་ཆོས་ཐམས་ཅད་རང་གི
་མཚན་ཉིད་ཀྱིས་སྟོང་པར་རྟོགས་པ་དེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་ཅིང་མི་འཕྲོགས་པའི་ཕྱིར་རོ་ཞེས་བསྟེན་པའོ། །རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད
་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱང་དུ་ཉེ་བར་འོངས་ནས་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་རང་གི་ས་ལ་ཐུག་པ་མེད
་པ་དང། མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པའི་དོན་དེ་ཉིད་བདུད་ཀྱིས་སླུར་མི་ཚུགས་པའི་ཚིག་རྣམས་ཀྱིས་གསལ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོང?་དོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་ནི་བདུད་ཀྱིས་སླུར་མི་ཚུགས་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་ཤིང། ཀུན་རྫོབ་ཏུ་ཡང
་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་མངོན་པའི་རྟགས་དང་མཚན་མ་གོང་དུ་བཤད་པ་རྣམས་བྱང་ཆུབ་སེམས་དཔའ་དེ་ལ་ཡོད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་ལུང་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རབ
་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ་བདུད་ཀྱི་ས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་ཅེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཀྱང་ཕྱིར་མི་ལྡོག་པའི་བྱང
་ཆུབ་སེམས་དཔའ་རང་གི་ས་ལ་ཐུག་པ་མེད་ཅིང་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པའི་དོན་དེ་ཉིད་བདུད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལུང་བསྟན་པ་དང། ཐེག་པ་ཆེན་པོའི་མདོ་སྡེ་སུན་ཕྱུང་བས། མི་ཚུགས་པའི་ཚིག་རྣམས་ཀྱིས
་གསལ་བར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་ནི་དེ་ལ་ཡོད་དོ་ཞེས་བྱ་བས་ནི་དེ་ལྟར་བདུད་ཀྱི་བསླུར་མི་ཚུགས
་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་ཕྱིར་མི་ལྡོག་པའི་རྟགས་དང། མཚན་མ་གོང་དུ་བཤད་པ་རྣམས་ཡོད་པས། བདུད་ཀྱིས་སླུར་མི་ཚུགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྟོད?་ཅིང་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བ་ནས
་དེ་དག་གི་དམ་པའི་ཆོས་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་མོ་ཞེས་བྱ་བའི་བར་གྱིས་ནི། དམ་པའི་ཆོས་ཡོངས་སུ་གཟུང་པའི་ཕྱིར་ལུས་དང་སྲོག་ཀྱང་མི་ཕངས་པར་བྱེད་ན་།ཕྱིར་མི་ལྡོག་བའི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་པའོ། །དེ་ལ་ཆོས་གང
་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པའི་ཆོས་དེ་དག་གང་ཞེ་ན་ཞེས་བྱ་བ་ནས། རབ་འབྱོར་ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག
་ཡོངས་སུ་གཏོང་ཞིང། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་མི་གཏོང་ངོ་ཞེས་བྱ་བའི་བར་གྱིས་ནི་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་གཏོང་བ་དེ་གང་ཡིན་པའི་དམིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་དོན་ཟབ་མོ་ཆོས
་ཐམས་ཅད་སྟོང་པར་སྟོན་པ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ། མི་བླུན་པ་རྣམས་ཀྱིས་ཐོས་ན་འདི་ནི་ཆོས་མ་ཡིན་འདུལ་བ་མ་ཡིན། སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནོ་ཞེས་སྐུར་པ་འདེབས་ཤིང། །ངན་དུ
་ཟེར་བ་དེ་ལྟ་བུའི་ཆོས་ཟབ་མོ་ཡོངས་སུ་གཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྲོག་དང་ཡང་སྔོའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ་ཞེས་བྱ་བ་ནས།
་དོན་གྱི་དབང་འདི་མཐོང་བས་དམ་བའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་ངེས་པར་བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་ཞིང། ཆོས་དེ་ཡང་བདག་གིས་ཆོས་ཡིན་པར་ངེས་པར་འགྱུར་རོ་སྙམ་ནས། སྲོག་གི་ཕྱིར་ཡང་དག་པའི་ཆོས་མི་གཏོང་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན
་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མེད་ཅེས་བྱ་བ
་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་པར་གྱིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་བཅོམ་ལྡན་འདས་ཀྱི་ཆོས་ཅི་བཤད་པ་རྣམས་ཀྱི་དོན་དང། ཚིག་རྣམས་ཤེས་རབ་ཀྱི
་རྟོགས་ཤིང། དྲན་པས་མི་བརྗེད་པའི་གཟུངས་ཐོབ་པའི་ཕྱིར་ངམ་པའི་ཆོས་ཇི་ལྟར་གཟུང་བར་ཆུད་ཟ་བར་མི་བྱེད་པའི་ཡོན་ཏན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས
་ཡོངས་སུ་འཛིན་པའི་གཟུངས་རབ་ཏུ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུང་མི་ཟའོ་ཞེས་བྱ་བའི་བར་གྱིས་ནི། གཟུངས་གང་དང་གང་རྣམས་ཐོབ་པས། དེ་བཞིན་གཤེགས
་བས་བཤད་པའི་མདོ་རྣམས་ཆུང་མི་ཟ་བར་འགྱུར་བ་བསྟན་པ་སྟེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་ཅིང། ཐེ་ཚོམ་འདྲི་བ་དང་རྟོགས་པ
་གྲངས་མེད་པ་བྱུང་ཡང། ལན་འདེབས་པ་ལ་ཟད་མི་ཤེས་པ་དང། དྲན་པ་རྣམ་པ་མང་པོ་ཚེ་རབས་དུ་མར་ཡང་མི་བརྗེད་པ་ལ་མི་ཟད་པའི་གཟུངས་ཞེས་བྱ་སྟེ། ཤེས་རབ་དང་དྲན་པ་དེ་གཉིས་ཀྱིས་ཆོས་བཤད་དོ་ཅོག་གི་དོན་དང་ཚིག་རྣམས
་གཟུངས་སུ་གཟུང་སྟེ། སྣོད་བླུགས་པ་དང་འདྲ་བར་མི་ཟད་པའི་ཟ་མ་ཏོག་ཅེས་བྱའོ། །ཟ་མ་ཏོག་ཅེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པ་རྒྱན་དང། ནོར་བུ་རིན་པོ་ཆེ་གཅེས་པ་རྣམས་གཞུག་པའི་སྣོད་ལ་བྱའོ། །ཟབ་ཏོག་དེ་དང་འདྲ
་བར་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང། དྲན་པ་གཉིས་ཀྱང་དམ་པའི་ཆོས་རིན་པོ་ཆེ་རྣམས་ཀྱི་སྣོད་དང། གཟུངས་ཟད་མི་ཤེས་ཤིང་ཆུད?་མི་ཟ་བ་ཡིན་པའི་ཕྱིར་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཞེས་བྱའོ། །རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བ་ནི་རྒྱ
་མཚོ་དང་འདྲ་བར་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང་དྲན་པའི་གཟུངས་ཀྱང་རྒྱ་མཚོ་དང། འདྲ་བར་ཟབ་ཅིང་གཏིང་དཔག་དཀའ་བ་ལ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱའོ། །པདམོ་རྣམ་པར་བཀོད་པ་ཞེས་བྱ་བ་ནི།
་བྱང་ཆུབ་སེམས་དཔའ་ཨི་ཤེས་པ་དང་འདྲ་བའི་གཟུངས་ཏེ། སེམས་ཅན་གྱི་དོན་དུ་ཐབས་ཀྱི་འཁོར་བ་ན་རྣམ་པ་སྣ་ཚོགས་སུ་སྤྱོད་ཅིང་གནས་ཀྱང། འཁོར་བའི་ཉེས་བསམ་གོས་པར་གནས་ཏེ། པདྨ་ཆུའི་ནང་ན་གནས་ཀྱང། ཆུའི་ཉས་པ
་འདམ་གྱིས་མི་གོས་པ་དང་འདྲ་བའི་ཕྱིར། པདམོ་རྣམ་པར་བཀོད་བ་ཞེས་བྱའོ། །ཡོངས་སུ་འཛིན་པའི་གཟུངས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་དང་དྲན་པའི་གཟུངས་ཏེ། དེ་བཞིན་གཤེགས་པས?་གསུངས
་པའི་མདོ་སྡེ་ཟབ?་ཅིང་རྒྱ་ཆེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་པའི་ཕྱིར་ཡོངས་སུ་འཛིན་པའི་གཟུངས་ཞེས་བྱ་བ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་གཟུངས་དེ་ལྟ་བུ་དག་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་གསུངས་པའི
་མདོ་རྣམས་ཆུང་མི་ཟ་པའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཞིག་ཆབ་མི་འཚལ་དུ་བས་ཀྱིས་ཉན་ཐོས་ཀྱིས་བཤད?
་པ་མ་?་སམ?་ཞེས་བྱང་?་ལ་སོགས་པས་ནི་གོང་དུ་སྨོས་པའི་གཟུངས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེང་སྐད་བརྡ་དང། སྒྲ་ཐམས་ཅད་ཐགས་ཐོགས་མེད་བར་ཤེས་པས། ཉན་ཐོས་དང་རང་སངས་རྒྱས་དང། འཇིག་རྟེན་གྱི་ལྷ་དང་ཀླུ་ལ་སོགS
་པས་བཤད་བའི་ཆོས་ཐམས་ཅད་ཀྱང་ཆུད་མི་ཟ་སྟེ། རྟགས་དང་ཚུལ་དེ་དག་དེང་ལྡན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བརྒྱ་ཆེར་བཤད་པ་ལས། ལེའུ་བཞི་བཅུ་གཅིག
་པའོ།། །།དེ་སང?་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐྱོད་དུ་མ
་མཆིས་པའི་ཡོན་ཏན་དང་ལྡན་པའོ། །ཞེས་བྱ་བའི་པར་གྱིས་ན་།གོང་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་རྣམ་པ་མང་པོ་བསྟན་པས་རབ་འབྱོར་མགུ་སྟེ་དང་བསྐྱེས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས
་དཔའ་རྣམས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་རི་གནས་ཡོན་ཏན་ཆེན་པོ་དང་ལྡན་པ་དང། ཡོན་ཏན་ཚང་མེད་པ་དང། ཡོན་ཏན་གྲངས་མེད་པ་དང། ཡོན་ཏན་དཔག་ཏུ་མེད་པ་དང། ཡོན་ཏན་བསྐྱོད་དུ་མེད་བ་དང་ལྡན་པ་རྣམས་སྨོས་ནས། ཡོན
་པའི་དོན་རབ་འབྱོར་གྱིས་གསོལ་པ། འཁོར་རྣམས་ཡིད་ཆེས་པར་བྱ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་བྱ་བ་ལ་སོགས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོན་ཏན་ཆེ་བ་མདོར་བསྡུས
་པའི་དོན་རབ་འབྱོར་གྱིས་གསོལ་པ། འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་བདེན་ནོ་ཞེས་བཀར་སྩལ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ངེས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། ཐུན་མོང་པ་ཡིན
་པའི་ཡེ་ཤེས་མཛའ་ཡས་མུ་མེད་པ་རབ་ཏུ་ཐོབ་སྟེ། ཡེ་ཤེས་དག་ལ་གནས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པ་གང་གིས།
་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དྲིས་ཀྱང་ལན་ཟད་བར་མི་ནུས་པའི་སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་བོ་ཞེས་བྱ་བས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ཆེན་པོ་དང་ལྡན་པའི་གཏན་ཚིགས
་བསྟན་པ་སྟེ་།ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས།
་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་པ་དེ་ལྟ་བུའི་ཡེ་ཤེས་ཐོབ་པས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཆོས་དང། དོན་དང་ངེས་པའི་ཚིག་གང་དང་གང་དྲིས་པ་དེ་དག་གི་ལན་གདབ་པ་ལ། སྤོབས
་པ་ཟད་པར་མི་འགྱུར་བ་ཐོབ་པའི་ཕྱིར་ཡོན་ཏན་ཆེན་པོ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གངྒཱའི་ཀླུང་གི་བྱེ
་མ་སྙེད་ཀྱི་བསྐལ་པར་ཡང་རྣམ་པ་གང་དང་ཚུལ་གང་དང། མཚན་མ་གང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་བརྗོད་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང། ཚུལ
་དང་མཚན་མ་རྣམས་སྟོན་པའི་མཐུ་མངའ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་རྣམས་ལེགས་པར་བཤད་དུ་གསོལ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ
་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཆེ་བ་གཏན་ཚིགས་དང་བཅས་པར་བསྟན་པ་དང། དེ་ལྟ་བུའི་ཡོན་ཏན་ཆེན་པོ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཡང། ཆོས་ཟབ་མོ་རྣམས་རྟོགས་པར་འགྱུར་ན་།ཆོས་ཟབ་མོ་གང་དང་གང་རྣམས་རྟོགS
་ན། ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་འགྱུར་བའི་ཆོས་ཟབ་མོ་རྣམས་བཤད་པར་བཅོམ་ལྡན་འདས་ལ་། རབ་འབྱོར་གྱིས་གསོལ་བ་བཏབ་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་དེ་ལྟར་ཕྱིར
་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་ལ་གནས་ཟབ་མོ་ཟབ་མོ་རྣམས་དྲི་བར་སེམས་པ་ལེགས་སོ་ལེགས་སོ་ཞེས་བྱ་བས་ནི། རབ་འབྱོར་གྱིས་ཆོས་ཟབ་མོར་བཤད་པར་གསོལ་བ། དོན་དམིགས
་སུ་ཕེབས་པར་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བསྟོད་པའོ། །རབ་འབྱོར་ཟབ་མོ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིགས་བླ་དགས་སོ་ཞེས་བྱ་བ་ནས། ཆོས་ཀྱི་དབྱིངས་ཀྱི་ཚིགས་བླ་དགས་ཞེས་བྱ་བའི་བར་གྱིས་ནི་ཟབ་མོའི་དོན་བསྟན་པ
་སྟེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་དང། མྱ་ངན་ལས་འདས་པ་དང། ཞི་བ་དང། དེ་བཞིན་ཉིད་དང། ཡང་དག་པའི
་མཛའ་དང། ཆོས་ཀྱི་དབྱིངས་ཞེས་བྱ་བ་རྣམས་ནི་སྙིང་པ་ཉིད་ཀྱི་རྣམ་གྲངས་ཏེ། དེ་དག་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱིས་བློས་མི་རྟོག་པའི་ཕྱིར་ཟབ་པ་ཡིན་པར་ཚིག་ཏུ་བཏགས་སོ་ཞེས་བྱ་བའི་དོན་ཏོ། །རབ
་འབྱོར་འདི་ལྟ་སྟེ་མྱ་ངན་ལས་འདས་པའི་ཚིག་བླ་དགས་དེ་དག་ནི་གནས་ཟབ་མོ་ཟབ་མོ་ཞེས་བྱ་བ་དེ་དག་གོ་ཞེས་བྱ་བས་ནི་གོང་དུ་སྨོས་པའི་ཚིག་རྣམས་ཀྱི་དོན་མདོར་བསྡུས་ནས་བསྟན་པ་སྟེ་། མདོར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན
་ཏུ་རྟོགས་པ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་དེ་ལ་ཟབ་མོ་ཞེས་མིང་དུ་བཏགས་ཏེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་དེ་མྱ་ངན
་ལས་འདས་བའི་ཚིག་བླ་དགས་སུ་བས་ཀྱིས་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སམ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང། དོན་དམ་པར་དངོས་པོ་མེད་པ་དེ་དག་གི་ཆོས་ཉིད་ཀྱིས་རང་བཞིན་ཡང་ཟབ་བར
་བསྟན་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟབ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་ཀྱང་ཡིན་ནོ་ཞེས་བྱ་བ་ནས་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་ཀྱང་ཟབ་བོ།། །བྱང་ཆུབ་ཀྱང་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང། དོན་དམ་པར་ཇི་ལྟར་སྣང་ཞིང་གྲགས་པའི་རང་བཞིན
་དུ་ཡོད་པ་མ་ཡིན་ཞིང། དེ་བཞིན་ཉིད་ཙམ་དུ་ཟད་དེ་དམིགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་འབའ་ཞིག་ཟབ་པར་མ་ཟད་ཀྱི། ཆོས་དེ་དག་ཐམས་ཅད་ཀྱང་ཟབ་བོ་ཞེས་བསྟན་པའོ། །རབ་འབྱོར་ཇི
་ལྟར་ན་གཟུགས་ཟབ་ཅེས་བྱ་བ་ནས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེ་ན་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཇི་ལྟར་ཟབ་པའི་གླེང་བསླང་བའོ། །གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ
་བ་བཞིན་དུ་གཟུགས་ཟབ?་བོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་བོ་ཞེས་བྱ་བའི་པར་གྱིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དེ་བཞིན
་ཉིད་ཀྱི་རང་བཞིན་ཙམ་དུ་ཟད་དེ། དེ་བཞིན་ཉིད་དེ་ཡང་མཚན་མའི་སྒྲོ་ནས་དམིགས་སུ་མེད་དོ། །དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་པོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ཞེས
་བྱ་བ་ནས། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཇི་ལྟ་བུ་ལགས། ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་ཞིབ་ཏུ་བཤད་པའི་གླེང་བསླང་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ་།གཟུགས་ཀྱི་དེ་བཞིན་ཅིང་དེ་ལ་གཟུགས་ཀྱང་མེད། གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་ཞེས་བྱ་བ་ནས། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ
་ལ། བླ་ན་མེད་པ་མེད་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དེ་ལྟ་བུའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད
་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་ཞིབ་ཏུ་བསྟན་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི་དངོས་པོར་ཡོད་པ་མ་ཡིན་།གཟུགས་ལ་སོགས་པ་ལས་གཞན་པའི་དངོས་པོར་ཡང
་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཐབས་མཁས་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལས་བྱང་བཟློག་།མྱ་ངན་ལས་འདས་པ་ཡང་བསྟན་ཞེས་བྱ་བ་ནས་།སངས་རྒྱས་ཀྱི
་ཆོས་མ་འདྲེས་པ་རྣམས་ལས་ཀྱང་བཟློག་།མྱ་ངན་ལས་འདས་པ་ཡང་བསྟན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང། ཐུན་མོང་དང་ཐུན་མོང་མ་ལགས་པ་གང། ཟག་པ་དང་བཅས་པ་དང། ཟག་པ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས
་ཀྱང་བཟློག་།མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས།
་གཟུགས་ལ་སོགས་པ་ཟབ་པོ་ཞེས་བསྟན་པ་ནི་གཟུགས་ལ་སོགས་པ་ལ་མངོན་པར་ཆགས་པ་ལས་བཟློག་པའི་ཕྱིར་གཟུགས་ལ་སོགས་པ་ལ་བཟློག་པ་ཡིན་ལ་དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་བར་མ་གྲུབ
་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཟབ་མོ་བསྟན་པས་ནི་མྱ་ངན་ལས་འདས་བ་བསྟན་པ་ཡིན་ཏེ། དེ་ལྟར་གཟུགས་ལ་སོགས་པ་ཟབ་བོ་ཞེས་བསྟན་པ་ཙམ་གྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཆགས་པ་ལས་ཀྱང་བཟློག་།མྱ་ངན་ལས་འདས་པར
་ཡང་བསྟན་པའི་ཐབས་མཁས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་བསྟན་པ་ངོ་མཚར་ཆེའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། ཐུན་མོང་དང།
་ཐུན་མོང་མ་ལགས་བ་དང། ཟག་བ་དང་བཅས་པ་དང། ཟག་བ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས་ཀྱང་བཟློག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་མ་གཏོགས
་པ་རྣམས་མདོར་བསྡུས་ཏེ་བསྟན་པ་སྟེ། གཟུགས་ལ་སོགས་པ་ཟབ་མོ་ཞེས་བསྟན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང། ཟག་བ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ཐམས
་ཅད་ལ་མཚན་མར་འཛིན་ཅིང། མངོན་པར་ཆགས་པ་ཐམས་ཅད་ལས་ཀྱང་བཟློག་པར་འགྱུར་ལ། མྱ་ངན་ལས་འདས་པར་ཡང་བསྟན་པར་འགྱུར་བའི་ཐབས་མཁས་པ་དེ་ལྟ་བུ་བཤད་པ་ངོ་མཚར་ཆེའོ་ཞེས་བསྟན་པའོ། །བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་བདག་གིས་གནས་པར་བྱའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འདྲེས
་པར་སྤྱོད་ཅིང་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་པར་གནས་པ་ལྟ་ཅི་སྨོས་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཤིང་བསླབ་པར་སེམས་པ་བསོད་ནམས་ཆེ་བ་དང། ?
་། སྒྲིབ་པ་བྱང་བར་འགྱུར་བའི་ཕན་ཡོན་ཆེ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འདྲེས་པར་སྤྱོད་ཅིང། བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་པར་གནས་པ་ལྟ་ཅི་སྨོས་ཞེས་བྱ་བ་ནི་འདུ་འཛིའི་ནང་ན་གནས་ཤིང་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བཤད་པ་བཞིན་དུ་སྤྱད་པར་སེམས་ཤིང་རྩོལ་བ་ཡང་ཕན་ཡོན་དེ་ལྟར་ཆེ་ན་འདུ་འཛི་སྤངས་ཏེ། སུ་དང་ཡང་མ་འདྲེས་བར་གཅིག་པུ་དབེན་པར་འདུག་ཅིང། བསྒོམས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས
་བསྟན་པའོ། །རབ་འབྱོར་དེ་ལྟར་དེ་དཔེར་ན་སྐྱེས་བུ་འདོད་ཆགས་ཀྱི་སྤྱོད་པ་ཅན་རྟོགས་པ་དང་ལྡན་པ་ལ་ལ་ཞིག་གིས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་སྤོངས་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ
་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བསྐལ་པ་མང་པོར་སྒྲིབ་པ་བྱང་ཞིང་འཁོར་བ་ལས་ཐར་བར་འགྱུར་བའི་དཔེ། སྐྱེས་པ་བུད་མེད་ལ་ཆགས་པའི་རྟོག་པ་མང་པོ་འབྱུང་བ་ལས
་བླངས་ཏེ་བསྟན་བ་སྟེ། སྐྱེས་བ་བུད་མེད་ལ་ཆགས་པ་ནུབ་གཅིག་ལ་སེམས་ཀྱིས་རྟོགས་པ་ཇི་སྙེད་ཅིག་འབྱུང་བ་དེ་སྙེད་ཀྱི་བསྐལ་བར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་འཁོར་བ་སྤངས་པར་འགྱུར་བའི
་ཕན་ཡོན་བསྟན་པའོ་།གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་བ་སློབ་པ་དང་ཞེས་བྱ་བ་ནས། གྲངས་དང་ཆ་དང་བགྲང་བ་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ
་འདི་ལས་ཇི་སྐད་བསྟན་པ་བཞིན་དུ་སློབ་ཅིང་ཉམས་སུ་ལེན་པ་དང། བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པའི་སྐྱོན་རྣམས་སྤོང་བ་ཕན་ཡོན་ཆེ་བར་བསྟན་པ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེས་ཉིན་ཞག་གཅིག་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པ་དེ་ལ
་གཟུགས་ཤིག་ཡོད་དུ་ཟིན་ན། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་ཡོངས་སུ་གང་བར་གྱུར་ཀྱང་དགེ་བའི་རྩ་བ་སྔ་མ་དེ། དགེ་བའི་རྩ་བ་དེའི་ལྷག་མ་ལ་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་གྱུར་པའི་དགེ་བའི་རྩ་བ་དེས། བརྒྱའི་ཆར་ཡང
་མི་ཆོག་པ་ནས། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་མི་ཆོག་ཅིང། །གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་བྱར་མི་རུང་བ་ཙམ་དུ་དགེ་བའི་རྩ་བ་མང་དུ་འཕེལ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་།བསྐལ་པ་གངྒཱའི་གི་བྱེ་མ་སྙེད་དུ་སངས་རྒྱས་དཀོན་མཆོག་དང། ཆོས་དཀོན་མཆོག་དང། དགེ་འདུན་དཀོན་མཆོག་དང། དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཚུལ
་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ལ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་བསྟན་པ་འདི
་ལ་བརྩོན་པར་བྱེད་པ་བསོད་ནམས་ཆེ་བ་བསྟན་པ་སྟེ། བསྐལ་པའི་གྲངས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་པ་ནི། །ཟང་ཟིང་གི་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཐོབ་པ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་པའི་ཕྱིར་དེ་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་འདུག་ཅིང། རྒྱུན་ཏུ་ཞུགས་བ་ལ་ཡོན་ཕུལ་ཞེས་བྱ་བ་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ན། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར
་འཇུག་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་པར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་རྒྱུན་ཏུ་ཞུགས་པ་ལ་སོགས་པ་འཕགས
་པའི་གང་ཟག་རྣམས་ལ་སྦྱིན་པ་བྱིན་པ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོ་ཇི་སྐད་བསྟན་པ་འདི་ལ་རྩོན་པར་བྱེད་པ་བསོད་ནམས་ཆེ་བར་བསྟན་པ་སྟེ། འཕགས་པའི་གང་ཟག་རྣམས་ལ་ཡོན་ཕུལ་བ་ནི་ཟང་ཟིང་གི་སྦྱིན་པའི་འབྲས་བུ་འཇིག
་རྟེན་པའི་ལོངས་སྤྱོད་ཆེན་པོ་ཐོབ་པ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ
་ཞིག་།བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་འཚོ་སྟེ་སྦྱིན་པ་བྱིན་ན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་པར་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཟབ་མོ་འདི་དང་མི་ལྡན་པར། བསྐལ་པ་མང་པོར་སྦྱིན་པ་ལ་སོགས་པར་བྱས་པ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་དང་མཐུན་པར་ཉིན་ཞག་འགའ་ཞིག་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་བསོད་ནམས་ཆེ་བ་བསྟན་པ་སྟེ།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་དང་མི་ལྡན་ཞིང་དམིགས་པ་དང་བཅས་པར་སྦྱིན་པ་ལ་སོགས་པ་བྱས་ནས་། འཁོར་གསུམ་ཡོངས་སུ་མ་དག་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མ་བྲལ་བར་ཕ་རོལ་ཏུ་ཕྱིན་པ་དྲུག
་སྤྱད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བ་དང་ཡོངས་སུ་རྫོགས་པར་འགྱུར་བའི་རྒྱུས་ཡིན་ཏེ་། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་བསོད
་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས། སྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཆོས་ཀྱི་སྦྱིན་པ་བྱིན་ན་ཞེས
་བྱ་བ་ནས་།རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ་ཞེས་བྱ་བའི
་བར་གྱིས་ནི་དམིགས་པ་དང་བཅས་པར་ཆོས་ཀྱི་སྦྱིན་པ་བསྐལ་པ་མང་པོར་བྱས་པ་བས་།དམིགས་པ་མེད་ཅིང་འཁོར་གསུམ་ཡོངས་སུ་དག་པར་ཉིན་ཞག་འགའ་ཞིག་ཆོས་ཀྱི་སྦྱིན་པ་བྱས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར
་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། དྲན་པ
་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་ཞིང། དམིགས་པ་དང
་བཅས་པར་བསྐལ་པ་མང་པོར་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་བརྩོན་པར་བྱས་པ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་དང་མཐུན་ཞིང་འཁོར་གསུམ་ཡོངས་སུ་དག་པར་ཉིན་ཞག་འགའ་ཞིག་དྲན
་པ་ཉེ་བར་གཞག་བ་བཞི་ལ་སོགས་པ་རྣམ་པར་བྱང་པའི་ཆོས་རྣམས་ལ་རྩོན་པར་བྱེད་པ་ཆེས་བསོད་ནམས་མང་དུ་འཕེལ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་པ་རྣམས་ལ་སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར
་མི་ལྡོག་པ་སྲིད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མཐུན་ཞིང། འཁོར་གསུམ་ཡོངས་སུ་དག་པར་རྣམ་པར་བྱང་པའི་ཆོས་རྣམས་ལ་སྤྱོད་པ་ནི་ནམ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པ་མི་སྲིད་པའི་ཕྱིར་བསོད་ནམས་ཆེས་མང
་དུ་འཕེལ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཟང་ཟིང་གི་སྦྱིན་པ་དེ་དང་ཆོས་ཀྱི་སྦྱིན་པ་དེ་དང
་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་བར
་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་པར་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་བྱས་པའི་བསོད་ནམས་དང། བསམ་གཏན་བསྒོམ་པའི་བསོད་ནམས་དེ་དག་བསྐལ་པ་མང་པོར་བླ་ན་མེད་བ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་བའི་བསོད་ནམས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མཐུན་ཞིང་འཁོར་གསུམ་ཡོངས་སུ་དག་པར་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་དང་བསམ་གཏན་བསྒོམ་པ་ཉིན་ཞག་འགའ་
་ཞིག་བྱས་བའི་བསོད་ནམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཆེས་མང་དུ་འཕེལ་བ་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང
་བྲལ་བ་གང་ལ་ལས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་བར་བྱའོ་ཞེས་བྱ་བའི་པར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་ཞིང། དམིགས་པ་དང་བཅས་པར་བསྐལ་པ་མང་པོར་དུས་གསུམ་གྱི
་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ནས། དེ་ལྟར་རྗེས་སུ་ཡི་རངས་པའི་བསོད་ནམས་བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས
་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྐད་བསྟན་པའི་དོན་དང་མཐུན་པར་བྱས་ཏེ། ཉིན་ཞག་གཅིག་གི་དགེ་བའི་རྩ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་བ་བསོད་ནམས་ཆེས་མང་དུ་འཕེལ་པ
་བསྟན་པ་སྟེ། བསྔོ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱིས་བསོད་ནམས་ཡོངས་སུ་བསྔོ་པ་ཐམས་ཅད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྡན་ཞིང།
་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་མངོན་པར་འདུ་བགྱིས་པ་མ་མཆིས་པ་ནི། ཡོངས་སུ་བརྟག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཇི་ལྟར་རིགས་ཀྱི
་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འགྱུར་བ་ལགས་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱད་པ་བསོད་ནམས་མང་དུ་འཕེལ་བར་བཤད་པ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི། འཁོར་གསུམ་ཡོངས་སུ་དག་པ་ཡིན་པས་ཅི་ལ་ཡང་མི་དམིགས་ཏེ་།སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན། བསོད་ནམས་མང་དུ་འཕེལ་བའི་རྒྱུ་དང་རྐྱེན་གྱིས་འགྱུར་བ་ཡིན་པས་ཀུན་བརྟགས་པ
་ཡིན་པས་།འཁོར་གསུམ་ཡོངས་སུ་དག་པའི་རང་བཞིན་ལས། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་བསོད་ནམས་ཇི་ལྟར་འཕེལ་བར་འགྱུར་ཞེས་རབ་འབྱོར་གྱི་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པ་ནི
་ཡང་དག་པར་ལྟ་བ་བསྐྱེད་པ་འམ། སྐྱོན་མ་མཆིས་པར་ཡང་དག་པར་འཇུག་པར་མི་ནུས་སོ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ཀྱང།
་གོང་དུ་སྨོས་པའི་ག་ལ?་བཟུང་བ་ཉིད་ཞིབ་ཏུ་བཤད་དེ་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱི་གལ་བཟུང་པ་དེ་རིགས་པར་གལ་བཟུང་སྟེ་ཞུས་པ་བསྟན་བའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པ་དེ་ཡང
་མངོན་པར་འདུ་བྱ་བ་མེད་པ་སྟེ་སྟོང་པ་ཉིད་དུ་སྣང་ངོ་ཞེས་བྱ་བ་ནས་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབ་པའོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་གལ་བཟུང་སྟེ་ཞུས་པའི་ལན་བཏབ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་དང་མ་བྲལ་བས། སྟོང་པ་ཉིད་བཅོ་བརྒྱད་ཀྱི་དོན་ཤིན་ཏུ་བསླབས་པར་འགྱུར་བའི་ཕྱིར་སྦྱིན་པ་ལ་སོགས་པ་སྤྱད་དོ་ཅོག་ཀྱང་འཁོར་གསུམ་ཡོངས་སུ་དག་པས་ཅི་ཡང་མི་དམིགས་ཏེ། སྟོང་པ་ཉིད་དང། གསོག་དང། གསོ་བ?་དང
་སྙིང་པོ་མེད་པར་མཐོང་བར་འགྱུར་བས་དོན་དམ་པ་བསོད་ནམས་འཕེལ་བར་འགྱུར་བ་འམ། ཡང་དག་པར་ལྟ་བ་སྐྱེད་པ་ལ་སོགས་པ་གང་གི་བྱ་བ་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་དེ་དག་ལ་གནས་ཤིང་ཞེས
་བྱ་བ་ནས། དེ་ལྟ་དེ་ལྟར་གྲངས་མེད་དཔག་ཏུ་མེད་ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་དོན་དམ་པར་འཁོར་གསུམ་ཡོངས་སུ་དག་པས་ཅི་ཡང་མངོན་པར་འདུ་བྱ་བ་མེད་དུ་ཟིན་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ
་བྲལ་བས། ཆོས་ཀྱི་དབྱིབས་ཀྱི་བྱིན་གྱིས་བརླབས་དང། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་མེད་པར་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་བསོད་ནམས་ཀྱི་ཚོགས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ། མི་འཕེལ
་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་དཔག་ཏུ་མ་མཆིས་པ་དང་།ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས?། ཁྱད་པར་ནི་ཅི་མཆིས་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད
་པར་གྲངས་དང་དཔག་པ་དང་ཚད་ཀྱི་ཐོག་ཏུ་ཕེབས་པར་བྱར་མི་རུང་བའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁཾས?
་སུ་བགྲང་བར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། འདི་དག་ནི་འདུས་བྱས་ཀྱི་གྲངས་སུ་བརྩིའོ། །འདི་དག་ནི་འདུས་མ་བྱས་ཀྱི་གྲངས་སུ་བརྩིའོ་ཞེས་བྱ་བར་ཚིག་གིས་བགྲང་ཞིང་ངེས་པར
་ཐོག་ཏུ་མི་ཕེབས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དཔག་ཏུ་མེད་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་མེ་དམིགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་དུས་གསུམ་གྱི་ཆོས་རྣམས
་ཀྱི་རང་བཞིན་འདྲི་འདྲ་བའོ་ཞེས་ཡེ་ཤེས་ཀྱིས་དཔག་ཏུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཚད་མེད་པ་ཞེས་བྱ་བ་ནི་གང་ལ་གཞལ་བར་མི་ནུས་པའོ། ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་སྲང་གྲངས་ལ་སོགས་པས་གཞལ་བས་ཐོག་ཏུ
་དབབ་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས། དཔག་ཏུ་མ་མཆིས། ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུའི་རྣམ་གྲངས་མ་མཆིས་སམ་ཞེས་བྱ་བ་ནས། རྣམ་པར་ཤེས
་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མ་མཆིས་སམ་ཞེས་བྱ་བའི་བར་གྱིས་ནི་བསོད་ནམས་འཕེལ་བ་ལ་གྲངས་དང། དཔག་པ་དང། ཚད་མེད་པ་བཞིན་དུ། ཕུང་པོ་ལྔ་ཡང་དོན་དམ་པར
་དངོས་པོ་ཡོད་པ་མ་ཡིན་པས། གྲངས་དང། དཔག་པ་དང། ཚད་མེད་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ནས། རྣམ་པར
་ཤེས་པ་ཡང་གྲངས་མེད་དཔག་ཏུ་མེད། ཚད་མེད་པར་འགྱུར་བའི་རྣམ་གྲང་ས་དེ་ལྟ་བུ་ཡོད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་དགོངས་ནས། བུང་པོ་ལྔ་རྣམས་གྲངས་དང་དཔག་པ་དང་ཚད་མེད་པ་དེ་ལྟ་བུའི་རྣམ་གྲངས
་ཡོད་དོ་ཞེས་བཀའ་སྩལ་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན་། གཟུགས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་པ་ལགས་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས།
་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་པ་ལགས་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་རང་བཞིན་གྱིས་སྟོང་པས། གྲངས་དང་དཔག་པ་དང་ཚད་མེད་བའི་དོན་ཞིང?་དུ་བཤད་པའི་གླེང་བསླང
་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱང་སྟོང་པ་སྟེ་།གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཡང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད
་པའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་གྲངས་དང་དཔག་པ་དང་ཚད་མེད་པ་ཡང་ཕུང་པོ་ལྔ་ཆར་རང་བཞིན་གྱིས་སྟོང་པའི་ཕྱིར་གྲངས་དང་དཔག་པ་དང། ཚད་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན
་འདས་གཟུགས་འབའ་ཞིག་སྟོང་ཞེས་བྱ་བ་ནས། རྣམ་པར་ཤེས་པ་འབའ་ཞིག་སྟོང་དུ་བས་ཀྱིས་།ཅི་ཆོས་ཐམས་ཅད་སྟོང་པ་མ་ལགས་སམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས
་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་དམ་ཞེས་བྱ་བས་ནི་ཇི་ལྟར་ཕུང་པོ་ལྔ་སྟོང་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་ངོ་ཞེས་ངས་བཤད་དོ
་ཞེས་བྱ་པའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ་ཞེས་གསུངས་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བས་ན་ཆོས་དེ་དག་ལས་དོན་དམ་པར་ཡི་གེ་ཐ་དད་དུ་བགྱི་བ་མི་དམིགས་སོ་ཞེས་བྱ
་བའི་བར་གྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། དོན་དང་ཚིག་ཏུ་གྲངས་དང་ཚད་གྱི་བྱེ་བྲག་དབྱེ་མེད་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཆོས་དེ་དག་ལ
་དོན་ནམ་ཡི་གེ་ཐ་དད་དུ་མི་དམིགས་སོ་ཞེས་བྱ་བས་ནི། རབ་འབྱོར་གྱིས་གསོལ་བའི་དོན་དེ་དག་འཁོར་ཐམས་ཅད་ཀྱིས་ཡིད་ཆེས་བར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་མི་ཟད་པ་ཞེས་བྱ་བ་འམ་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ
་ཞེས་བྱ་བ་འདི་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པ་བརྗོད་དེ་ཞེས་བྱ་བའི་བར་གྱིས་ནི་མི་ཟད་པ་དང་ཚད་མེད་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་རྣམ་གྲངས་རྣམས་དོན་དམ་པར་བརྗོད་དུ་མེད་པ་ཡིན་ཡང། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན
་པོས་སེམས་ཅན་རྣམས་བཀྲི་ཞིང་དྲང་བའི་ཕྱིར་མི་ཟད་པ་དང། ཚད་མེད་པ་དང། སྟོང་པ་དང། མཚན་མ་མེད་པ་དང། སྨོན་བ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། སྐྱེ་བ་མེད་པ་དང། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང། འགའ་པ་མེད
་བ་ཞེས་བྱ་བ།། མྱ་ངན་ལས་འདས་བ་ཞེས་པར་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ་བརྗོད་དེ་ཞེས་བསྟན་པ་མི་ཟད་པ་ཞེས་བྱ་བ་འམ་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་བསྟན་པ་མངོན་པར་བསྒྲུབ་པར་བཤད་པའོ
་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་བའི་དོན་དེ་ཉིད་ཞིབ་ཏུ་བསྟན་པ་སྟེ། སེམས་ཅན་རྣམས་དོན་དམ་པའི་དབྱིངས་ལ་གཟུང་པའི་ཕྱིར་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་མི་ཟད་པ་ལ་སོགས་པའི་མིང་གིས་སྒྲོ་བཏགས་ཏེ་བཤད་དོ་ཞེས་བྱ་བའི་དོན
་ཏོ། གསོལ་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པས་བསྟན་ལ་ཆོས་ཉིད་དེ་ཡང་བརྗོད་དུ་མ་མཆིས་པ་ནི་ངོ་ཚར་ཆེའོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་ཀྱང་ཀུན
་རྫོབ་ཏུ་ཐབས་མཁས་པས་སེམས་ཅན་བཀྲི་བའི་ཕྱིར་མིང་དང་མཚན་མར་སྒྲོ་བཏགས་ཏེ་བསྟན་པ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་བསྟོད་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཆོས
་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ། ཞེས་བྱ་བ་ནི་གོང་དུ་སྨོས?་པའི་དོན་དེ་ཉིད་མདོར་བསྡུས་ནས་བསྟན་པ་སྟེ་།དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་།མིང་དང་ཚིག་གིས་བརྗོད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ
་ལྡན་འདས་གྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའི་ཞེས་བྱ་བ་ནི་རབ་འབྱོར་གྱིས་གསོལ་པའི་དོན་དེ་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་དེ་བཞིན་ནོ་ཞེས་བཀའ་སྩལ་བའོ།།
་རབ་འབྱོར་ཆོས་ཐམས་ཅད་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་ཅི་བརྗོད་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ། མིང་དང་ཚིག་གིས་བསྟན་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །
་སྟོང་པ་ཉིད་ནི་བརྗོད་པར་བྱ་མི་ནུས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བརྗོད་དུ་མེད་པའི་དོན་དེ་ཉིད་བསྣོན་ཏེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་སམ་ཞེས་བྱ་བ་ནི་དོན་དམ
་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་འཕེལ་བའམ་འགྲིབ་པ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་རབ་འབྱོར་བརྗོད་དུ་མེད་པའི་དོན
་ལ་ནི་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བས་ནི་བརྗོད་དུ་མེད་པ་ཞེས་བྱ་བ་སྟོང་པ་ཉིད་ལ་བྱ་བ་སྟེ། སྟོང་པ་ཉིད་ལ་ནི་རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཀྱིས་འཕེལ་བར་འགྱུར་བའམ། ཉོན་མོངས་བའི་ཕྱོགས་སུ་གཏོགས
་པའི་ཆོས་རྣམས་ཀྱིས་འགྲིབ་པར་འགྱུར་བ་ཡང་མེད་དེ་ཞེས་མདོར་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་བ་མ་མཆིས་ན། བཅོམ་ལྡན་འདས་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ
་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་བ་མ་མཆིས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང
་ཞིང་བརྗོད་དུ་མེད་པ་ལ་འཕེལ་བ་དང་འགྲིབ་པ་མེད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཡང་འཕེལ་བ་དང་འགྲིབ?་བ་མེད་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་གལ་བཟུང་སྟེ་གསོལ་པའོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན
་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་ལྟར་གྱུར་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་མཆིས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བརྗོད་དུ་ཡང
་མེད་ལ། འཕེལ་པ་དང་འགྲིབ་པ་ཡང་མེད་པར་འགྱུར་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་མེད་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །ཆོས་དེ་དག་མ་མཆིས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་ཀྱང་མ་མཆིས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཆིས་ན་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི
་ཆོས་རྣམས་མེད་ན། ཆོས་དེ་རྣམས་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་པར་འགྱུར་ཏེ་།དེ་ལྟར་གྱུར་ནས་སུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་སྐྱོན་དུ་འགྱུར་རོ།།
་ཞེས་རབ་འབྱོར་གྱིས་གསོལ་པའོ། །རབ་འབྱོར་གྱིས་དེ་ལྟར་གལ་བཟུང་སྟེ་གསོལ་པ་ཡང་ཁོང་རྣམས་དེ་ལྟ་བུའི་ཐེ་ཚོམ་སྐྱེ་བ་བསལ་བ་དང། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བརྗོད་དུ་མེད་ཀྱང་ཀུན་རྫོབ་ཏུ་ཐབས་མཁས
་བས་སྤྱད་ཅིང་ཡོངས་སུ་བསྔོས་ན་འབྲས་བུ་མེད་པར་མི་འགྱུར་བའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བ་འམ།
་ཡོངས་སུ་འགྲིབ་བ་མེད་དོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་གོང་དུ་གལ་བཟུང་སྟེ་གསོལ་པ་དེ་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་གལ་ཏེ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས
་སྟོང་སྟེ། བརྗོད་དུ་མེད་ཀྱང་ཀུན་རྫོབ་ཏུ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དོན་དམ་པར་དངོས་པོ་མེད་པས་འདི་དག་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བར་ཁོང་དུ་ཆུད་པས་ཕ་རོལ་ཏུ
་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བར་འགྱུར་བའི་རློམ་སེམས་ཀྱང་མི་སྐྱེ་ལ་།ཀུན་རྫོབ་ཏུ་ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
་པར་རྫོག?་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོ་བའོ་ཞེས་བྱ་བ་ནི་བསྔོ་བ་ཡོངས་སུ་དག་པར་བསྟན་པ་སྟེ། དངོས་པོར་དམིགས་ཤིང་མངོན་པར་ཆགས་པ
་མེད་པར་ཡོངས་སུ་བསྔོའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དང། བླ་ན་མེད་པའི་བྱང་ཆུབ་གཉིས་དོན་དམ་པའི་རང་བཞིན
་གྱིས་ཐ་མི་དད་དེ། གཅིག་པར་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན
་སྟོང་པ་ཉིད་གང་ཡིན་པ་རྟོགས་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་གྱིས། དེ་ལས་གུང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་གང་རྣམས་ཀྱི་དེ་བཞིན
་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་མདོར་བཤད་པ་ཆོས་ཐམས་ཅད་ཅེས་བྱ་བ་གང་དང་གང་ཡིན་པ་འཁོར་རྣམས
་ལ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་ཅེས་བྱ་བ་གང
་དང་གང་ཡིན་བ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། མྱ་ངན་ལས་འདས་པ་ལ་ཐུག་གི་བར་གྱི། ཆོས་རྣམས་རེ་རེ་ནས་སྨོས་ཏེ། ཆོས་དེ་དག་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཡིན་གྱི། དེ་ལས་གུད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་དངོས་པོ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནི་འཕེལ་བ་ཡང་མེད་དོ་ཡོངས་སུ་འགྲིབ་པ་ཡང་མེད་དོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ཀྱི
་དེ་བཞིན་ཉིད་དང། ཐ་མི་དད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་མི་འགྱུར་བར་ཡོངས་སུ་གྱུར་བ་ཡིན་པས་རྣམ་པར་བྱང་བའི་ཕྱོགས་ཀྱིས་སངས་རྒྱས་པར་འགྱུར་བ་འམ། ཉོན་མོངS
་པའི་ཕྱོགས་ཀྱིས་ཉམས་པར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་རྣམ་པར་སྤྱོད་དེ། ཆོས་གང་ལ་ཡང་འཕེལ་བ་འམ
་ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་མཐུན་པར་སྤྱོད་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ཐ་མི་དད་པའི་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་སྤྱོད་ཅིང་གནས་པས། ཆོས་གང་ལ་ཡང་འཕེལ་བ་དང་འགྲིབ་པ་ཡོད་པར་མི་ལྟའོ། ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་ན་བརྗོད་དུ་མེད་པའི་དོན་ནི་འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་བ་མེད་པ་སྟེ་ཞེས་བྱ་བ
་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འཕེལ་བ་ཡང་མེད་དོ། །ཡོངས་སུ་འགྲིབ་པ་ཡང་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕེལ་བ་མེད་པ་དང། ཡོངས་སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་དང་འགྲིབ་པ་མེད་པ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་ནས། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། བརྗོད་དུ་མེད་པས་འཕེལ་བ་མེད་པ་དང། ཡོངས་སུ
་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་རབ་འབྱོར་ལ་རྗེས་སུ་གདམས་ཏེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས
་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བལ་ཞིང་ཐབས་མཁས་པས་ཡོངས
་སུ་བསྔོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའི་སྐབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐབས་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞུས་པ་སྟེ། སེམས
་བསྐྱེད་པ་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་ཞུས་པ་ཡང་འཁོར་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་པའི་དོན་ཟབ་མོ་བཤད་པའི་སྐབས་དབྱེ་བའི་ཕྱིར་རོ། །དེ་ལ་སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་ཚེ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བྱའོ། །སེམས་ཕྱི་མ་བསྐྱེད་པ་ཞེས་བྱ་བ་ནི་བྱང་ཆུབ
་ཀྱི་སྙིང་པོར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ནས་མངོན་པར་རྫོགས་བར་འཚང་རྒྱ་བའི་སེམས་ལ་བྱ་སྟེ། སེམས་དེ་གཉིས་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་ཞུས་པའོ། །བཅོམ་ལྡན་འདས་གལ
་ཏེ་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན་ནི་ཞེས་བྱ་བ་ནས། དགེ་བའི་རྩ་བ་མ་བསགས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་བསོད་ནམས་དང། ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་འགྱུར
་ན། དགེ་བའི་རྩ་བ་ལ་སོགས་པའི་སེམས་བསྐྱེད་པ་རྣམས། སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཏེ། སྔ་མ་དང་ཕྱི་མ་མི་འགྲོགས་པས་དགེ་བའི་རྩ་བ་བསག་ཏུ་མེད་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་རབ་འབྱོར་གྱིས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྐལ་པ། རབ་འབྱོར་ཁྱོད་ཀྱིས་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་དཔེ་བསྟན་ཏེ་ཞེས་བྱ་བ་ནས། གསོལ་པ་བཅོམ་ལྡན
་འདས་དེ་ནི་ཚིག་གོ་།བདེ་བར་གཤེགས་པ་དེ་ནི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ཐམས་ཅད་ཀྱིས་དོན་རྟོགས་པར་སླ་བའི་ཕྱིར་མར་མེའི་དཔེ་བསྟན་པ་སྟེ། མར་མེའི་མེ་ལྕེ་འབར་བས་རས་ཀྱི་སྙིང་པོ་ཚིག་པར་འགྱུར་པ་མར་མེའི་མེ་ལྕེ་སྐད་ཅིག་རེ་རེ་ལ་འཇིག་པའི
་རང་བཞིན་ཅན་ཏེ། མེ་ལྕེ་སྔ་མས་ཚིག་ཅེས་བྱར་ཡང་མི་རུང། ཕྱི་མས་ཚིག་ཅེས་བྱར་ཡང་མི་རུང། མེ་ལྕེ་དེ་དག་གིས་ཀྱང་ཚིག་པ་ཡང་མ་ཡིན་ཏེ། དེ་དག་གཅིག་ལ་གཅིག་བརྟེན་པས་སྙིང་པོ་དེ་ཚིག་པར་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས
་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོག་པར་འཚང་མི་རྒྱ་བར་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དཔེ་བསྟན་པར་བྱ་བའི་དོན་ཉིད་བཤད་པ་སྟེ་།དགེ་བའི་རྩ་བ
་ལ་སོགས་པར་བྱེད་པའི་སེམས་སྔ་ཕྱིར་སྐྱེད་པ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང། སེམས་བསྐྱེད་པ་སྔ་མ་འགགས་པའི་རྒྱུས་ཕྱི་མ་སྐྱེས་པ་བར་མ་ཆང་ཅིང་གཅིག་ལ་གཅིག་བརྟེན་རྟེ་འབྱུང་བའི་ཚེ། དགེ་བའི་རྩ་བའི
་བག་ཆགས་བསྩགས?་པ་རྣམས་ཀྱི་སྒྲབ་པ་མ་ལུས་པར་གས་ལྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བསྟན་པའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་།སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ས་བཅུ་ཡོངས་སུ་རྫོགས་པར་བྱས་ནས་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བས་ནི་གོང?་དུ
་བཤད?་པའི་དོན་འཇུག་བསྡུས་ནས་བསྟན་པ་སྟེ་། དེ་ལྟར་དོན་དམ་པར་སེམས་དང་སེམས་ལས་བྱུང་བ་སྔ་ཕྱི་བསྐྱེད་པ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཏེ། དངོས་པོ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས
་དགེ་བའི་རྩ་བ་སྐྱེད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང། ས་བཅུ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན
་འདས་ས་བཅུ་པོ་གང་དང་གང་ཡོངས་སུ་རྫོགས་པར་བགྱིས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས་ཞེས་བྱ་བས་ནི་ཐེག་པ་ཆེ་ཆུང་གཉིས་ཀ་ལ
་གྲགས་པའི་ས་བཅུ་རྣམས་བཤད་བའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་ཡོངས་སུ་རྫོགས
་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི་ཐེག་པ་ཆེ་ཆུང་གཉིས་ཀ་ལས་གྲགས་པའི་ས་བཅུ་གང་དང་གང་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞིབ་ཏུ་བསྟན་པ་སྟེ། དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི་མོས་པར་སྤྱོད་པའི་ས་ལ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང
་པ་བཞི་དང། དབང་པོ་ལྔ་རྣམས་སྒོམ་པའི་ཚེ། འཇིག་རྟེན་ལས་འདས་པའི་ས་ཐོབ་པར་འགྱུར་བའི་སྔ་ལྟས། དྲོང་དང་རྩེ་མོ་དང་བཟོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལྷག་མཐོང་དང་བཅས་པ་འཐོབ་པ་ལ་བྱའོ། །རིགས་ཀྱི་ས་ཞེས་བྱ་བ་ནི་མོས་པས
་སྤྱོད་པའི་ས་ལ་སྟོབས་ལྔ་སྒོམ་པའི་ཚེ། འཇིག་རྟེན་ཆོས་ཀྱི་མཆོག་ཐོབ་པས་འཕགས་པའི་རིགས་སུ་འགྱུར་བའི་ཕྱིར་རིགས་ཀྱིས་ཞེས་བྱའོ། །བརྒྱད་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པ་ནས་ཡས་བགྲངས་ན། རྒྱུན་ཏུ་ཞུགས་པའི
་འབྲས་བུ་ལ་འཇུག་པ་གྲངས་བརྒྱད་པ་ལ་འབབ་པའི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པ་བརྒྱད་པའི་ས་ཞེས་བྱའོ། །མཐོང་བའི་ས་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ། འཇིག་རྟེན་ལས་འདས་པའི་ཆོས་མཐོང་སྟེ། མཐོང་བའི
་ལམ་ལ་གནས་པའི་ཕྱིར་མཐོང་བའི་ས་ཞེས་བྱའོ། །བསྲབས་པའི་ས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་པའི་ས་ལ་གནས་པས་།འདོད་བའི་འདོད་ཆགས་དང། གནོད་སེམས་སྲབ་མོར་བྱས་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་ས་ལ་བསྲབས་པའི་ས་ཞེས་བྱའོ། །
་འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་ས་ལ་གནས་པས་འདོད་ཆགས་དང་གནོད་སེམས་རབ་ཏུ་སྤངས་པས་ཕྱིར་མི་འོང་བའི་ས་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་བྱའོ། །བྱས་པ་རྟོགས་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པར་གྱུར་པའི་ཚེ།
་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤང་སྟེ། བྱ་བ་བྱས་ཁུར་བོར་བས། དེ་ཕན་ཆད་ཕུང་པོ་གཞན་མི་ལེན་པར་ཤེས་པའི་ཕྱིར་དགྲ་བཅོམ་པའི་ས་ལ་བྱས་པ་རྟོགས་པའི་ས་ཞེས་བྱའོ། །རང་སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་ཐེག་པ་ཆུང་དུའི
་གང་ཟག་ཤེས་རབ་རྣོན་པོ་རྟེན་ཅིང། འབྲེལ་པར་འབྱུང་བའི་དོན་གཞན་གྱིས་མ་བསྟན་པར་བདག་རང་གིས་རྟོགས་པ་ལ་སངས་རྒྱས་ཀྱི་ས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ལ་བྱའོ། །སངས་རྒྱས་ཀྱི་ས་ཞེས་བྱ
་བ་ནི་སངས་རྒྱས་ཀྱིས་ཀུན་ཏུ་འོད་ཅེས་བྱ་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོགས་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་ས་བཅུ་ལ་སློབ་པ་ནི་སེམས་དང་པོ་བསྐྱེད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་ཞེས་བྱ་བ་ནས་།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་བོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མཇུག་བསྡུས་ནས་བསྟན་པ་དང། རབ་འབྱོར་གྱིས་ཀྱང་ཚིག་དང་དོན་དེ་དག་བཟླས་ཏེ་གསོལ
་ནས། དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཐབས་མི་མཁས་པ་དམིགས་པ་ཅན་རྣམས་ཀྱིས་རྟོགས་པར་མི་ནུས་པའི་ཕྱིར་ཟབ་བོ་ཞེས་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་གང་འགགས་པ་དེ
་ཕྱིར་སྐྱེ་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་དོན་བསྟན་པའི་ཕྱིར་བཀའ་སྩལ་པ་སྟེ། སེམས་གང་འགགས་པ་དེ་ཕྱིར་སྐྱེ་བར་འགྱུར་བ་འམ་ཞེས་བྱ་བ་ནི་དོན་དམ་པར་སེམས་དངོས་པོ
་མེད་ཅིང། རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་དངོས་པོ་ཡོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེམས་གང་བསྐྱེད་པ་འགགས་པའི་ཆོས་ཅན་ཡིན་ནམ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སེམས་བསྐྱེད་པ་དེ་ཡང་དོན་དམ་པར་དངོས་པོ་མེད་དོ་ཞེས་བྱ་བའི་དོན་ཏོ།།
་གང་འགག་པའི་ཆོས་ཅན་དེ་འགག་པར་འགྱུར་རམ་ཞེས་བྱ་བའི་དོན་དམ་པར་དངོས་པོ་མེད་དེ་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ལ་ནི། ཕྱིས་འགག་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པར་འགྱུར་རམ
་ཞེས་བྱ་བ་ནི་དེ་ལྟར་སྐྱེ་འགག་མེད་པ་དེ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མི་འགྱུར་བར་ཡོངས་སུ་གྲུབ་པའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པར་འགྱུར་ན་རྟག་པར་མི་འགྱུར་རམ་ཞེས་བྱ་བ་ནི་མུ་སྟེགས་ཅན
་རྟག་པར་ལྟ་བ་རྣམས་དང་མི་འདྲ་བར་བསྟན་པའི་ཕྱིར་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་མུ་སྟེགས་ཅན་ནི་དངོས་པོ་ཡོད་པ་ལས་རྟག་པར་ལྷའི། འདིར་ནི་དངོས་པོ་མེད་པ་ལས་གཞན་དུ་ནི?
་འགྱུར་བ་ལ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་ཞེས་བྱ་བ་ནས་མུ་སྟེགས་ཅན་གྱི་རྟག་པར་ལྟ་བ་འདྲ་བར་མི་འགྱུར་རོ་ཞེས་གསོལ་བའོ། །དེ་བཞིན་ཉིད་ཟབ་བོ་ཞེས་བྱ་བ་ནི། དེ་ལྟར་མི་འགྱུར་བར་ཡོངས་སུ་གྲུབ་པ་ཡང་མ་ཡིན་ལ། རྟག་པ་ཡང་མ
་ཡིན་པ་དེ་ནི་དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །སེམས་དེ་ཡང་དེ་བཞིན་ནམ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཟབ་པ་བཞིན་དུ་སེམས་དེ་ཡང་ཟབ་པ་ཡིན་ནམ་ཞེས་དྲིས་བའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ
་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སེམས་སྐྱེ་ཞིང་འགག་པ་ཅན་དེ་ནི་དེ་ལྟར་ཟབ་པ་མ་ཡིན་ནོ་ཞེས་གསོལ་པའོ། །དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་དམ་ཞེས་བྱ་བ་ནི་དོན་དམ་པ་ལས་དགོངས་ཏེ་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ
་ནི་དོན་དམ་པར་དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་གསོལ་པའོ། །སེམས་ལ་དེ་བཞིན་ཉིད་ཡོད་དམ་ཞེས་བྱ་བ་དང། དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་པ་མ་ཡིན་ན།
་དེ་གཉིས་གཞི་དང་རྟེན་པའི་ཚུལ་དུ་གནས་སམ་ཞེས་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཞེས་བྱ་བ་ནི་དེ་གཉིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པའི་ཕྱིར་དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་པ་མ་ཡིན་གྱིས། དངོས་པོ་ཅན
་གཉིས་གཅིག་ལ་གཅིག་གཞི་དང་བརྟེན་པའི་ཚུལ་དུ་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་དེ་ལྟར་སེམས་དང་དེ་བཞིན་ཉིད་གཉིས་སྟོང་པ་ཉིད་དུ་རོ་གཅིག་སྟེ། དེ་བཞིན་ཉིད?
་ཀྱི?་རང?་བཞིན་དུ་ཐ་མི་དད་བས་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་གཉིས་སུ་དབྱེར་མེད་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བསམ་དུ་སེམས་།གང་དེ་ལྟར་སྤྱོད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནས
་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་དང་འགག་པ་མེད་པའི་ཆོས་ཟབ་མོ་རྟོགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པར་བསྟན་པའོ། །གང་དེ་ལྟར་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན་ཞེས་བྱ་བ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དངོས་པར
་འཛིན་པ་ལས་བཟློག་པའི་ཕྱིར་དྲིས་པའོ། །གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་མི་སྤྱོད་དོ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་འགག་མེད་པར་རྟོགས་པ་དེ་ནི་དངོས་པོར་མངོན་པར་ཆགས་པེ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། དེ་བཞིན་ཉིད་ལ་གནས་པ་ལ་ཡོངས་སུ་རྒྱུ་བ་དེ་དག་མི་འཇུག་མི་འབྱུང་ངོ་ཞེས་བྱ་བ་ནི་ཅི་ལ་ཡང་མི་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང
་དེ་བཞིན་ཉིད་ལ་གནས་པ་ལ་ནི་དངོས་པོར་དམིགས་ཤིང་རྣམ་པར་རྟོག་པའི་སེམས་རྒྱུ་བ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞི་ན་།བཅོམ་ལྡན་འདས་དེ་བཞིན་གང་དུ་ཡང་ཡོངས་སུ་རྒྱུ་བ་མ་མཆིས་ཏེ་དེ་ཉིད་ལ་ཡང་གང་ཡང་རྒྱུ་བ་མ་མཆིས་སོ
་ཞེས་བྱ་བ་ནི་སེམས་ཀྱི་རྒྱུ་བ་མི་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་སེམས་ཀྱང་དེ་བཞིན་ཉིད་ཀྱི་རང་བཞིན་བས?། ཆོས་གན་ལ་ཡང་རྟོག་ཅིང་རྒྱུ་བ་མེད་ལ་དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་དེ་ལ་ཡང་ཆོས་གང་ཡང་རྒྱུ་བ་མེད་དོ
་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན་ཞེས་བྱ་བ་ནི་ཅི་ལ་ཡང་མི་སྤྱོད་དམ་ཞེས་དྲིས་པའོ། །གསོལ་པ་དེ་ནི་གང་ལ་གཉིས་ཀྱི་རྒྱུ་བ
་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་ཅི་ལ་ཡང་མ་སྦྱོང་པ་ཡང་མ་ཡིན་ཏེ། གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར
་དེ་ཇི་སྙམ་དུ་སེམས། གང་དོན་དམ་པ་ལ་སྤྱོད་པ་དེ་ཡོངས་སུ་རྒྱུ་བ་ལ་སྤྱོད་པ་མ་ཡིན་ནམ། དེ་མཚན་མ་ལ་སྤྱོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པ་ལ་སྤྱེད་ན་རྟོགས་པ་དང་མཚན་མ་ལ་སྤྱོད་པར་མི་འགྱུར་རམ་ཞེས་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི
་མ་ལགས་སོ་ཞེས་བྱ་བ་ནི་དོན་དམ་པ་སྤྱོད་ཅེས་བྱ་བ་ཡང་ཐ་སྙད་དུ་བརྗོད་པ་ཙམ་དུ་ཟད་ཀྱིས། ཡང་དག་པར་ན་སྤྱོད་པའི་འདུ་ཤེས་དང། མཚན་མར་འཛིན་པ་མེད་དོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ
་སེམས། དེས་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་ཡོངས་སུ་རྒྱུ་བར་སྤྱོད་པ་དང། མཚན་མར་སྤྱོད་པ་མ་ཡིན་ན་མཚན་མར་འདུ་ཤེས་པ་སུན་བྱུང་སྟེ་བཤིག་པ་ཡིན་ནམ་ཞེས་དྲིས་པའོ། །གསོལ་པ་བཅོམ་ལྡན
་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མཚན་མའི་འདུ་ཤེས་གཞིག་ཏུ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་མཚན་མའི་འདུ་ཤེས་རྣམ་པར་བཤིག་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་མཚན་མའི་འདུ་ཤེས་གཞིག་ཏུ་མེད་ན་གཞུང་ལས་མཚན་མའི་འདུ་ཤེས་རྣམ་པར་སྤངས་པ་ཞེས་བྱ་བ་ཇི་ལྟར་སྤངས་པ་ཡིན་ཞེས་དྲིས་པའོ། །གསོལ་པ།
་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་ལྟར་མཚན་མར་རྣམ་པར་བཤིག་པར་བྱའོ་ཞེ་འམ། མཚན་མ་མེད་པ་རྣམ་པར་བཤིག་པར་བྱའོ་སྙམ་དུ་མི་སྦྱོར་རོ་ཞེས་བྱ
་པ་ནི་མཚན་མར་འཛིན་པ་དང། མཚན་མ་མེད་པར་འཛིན་པའི་རྣམ་པར་རྟོག་པ་རྣམ་པར་སྤང་དོ་སྙམ་དུ་ཡང་མི་སེམས་པ་ཉིད་མཚན་མའི་འདུ་ཤེས་རྣམ་པར་གཞིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པའི་སླད་དུ་སྟེ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོག་པས་རྣམ་པར་རྟོགས་པ་དང། མཚན་མར་འཛིན་པ
་མེད་དུ་ཟིན་ཀྱང། ཀུན་རྫོབ་ཏུ་ཐབས་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་ཡང་རྒྱ་ལ། ཆོས་གང་ཡང་དངོས་པོ་འམ། དངོས་པོར་མེད་པ
་ཡང་མི་ལྟའོ་ཞེས་བསྟན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་གནས་ནས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཏེ། སེམས་ཅན
་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པར་རྟོགས་པར་བྱས་ནས། ཀུན་རྫོབ་ཏུ་ཐབས་མཁས་པས་རྣམ་པར་ཐར་པའི་སྒོ་གསུམ་གྱིས་ཏིང་ངེ་འཛིན་ལ་གནས་ནས་སེམས་ཅན་རྣམས་ཡོངས
་སུ་སྨིན་པར་བྱེད་པའི་ཐབས་མཁས་པ་བསྟོན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཞི་བཅུ་གཉིས་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི
་སྐད་ཅས་སྨྲས་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་གནས་ཏེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་འཛིན་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་མཁས་པ་བསྟན
་པའི་སྐབས་ནས། ཆོས་ཟབ་མོ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་ཐེ་ཚོམ་དྲིས་པ་སྟེ་།ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ། རྨི་ལམ་དུ་སྟོང་གཉིད་དང། མཚན
་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལམ། ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་ལ་དྲིས་པའོ། །རབ
་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། གཉིད་ཀྱི་མ་ལོག་པའི་ཚེ།
་ཏིང་ངེ་འཛིན་གསུམ་བསྒོམས་པས་ཀྱང་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་རྣམ་པར་འཕེལ་པར་མི་འགྱུར་ན་རྨི་ལམ་ན་བསྒོམས་པས་ལྟ་ག་ལ་འགྱུར་ཏེ་།ཏིང་ངེ་འཛིན་གསུམ་བསྒོམས་པའི་མཐུས་སེམས་ཅན
་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་བསྟན་པ་ཡང་ཀུན་རྫོབ་ཏུ་རྨི་ལམ་དང་འདྲ་བར་བསྟན་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་།ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོགས་པ
་མེད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཉིད་ཀྱིས་མ་ལོག་པ་ནས་སྤྱད་པ་དང། རྨི་ལམ་ན་སྤྱད་པ་།གཉི་ག་ཡང་དངོས་པོ་མེད་པར་འདྲ་པས། རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ་ཞེས་བསྟན
་པའོ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་པ་ཡོད་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་རྨི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་དོན་གོང་དུ་བཤད་པ་དེ་ཉིད་བསལ་བར་བསྟན་པ་སྟེ་།རྨི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས?
་འཕེལ་བར་མི་འགྱུར་བ་དེ་བཞིན་དུ། གཉིད་ཀྱིས་མ་ལོག་པའི་ཚེ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཀྱང་དོན་དམ་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་པར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྨྲོས?་པ་ཚེ་དང་ལྡན་པ་རབ་འབྱོར་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་ལས་ཤིག་བྱས་ན་ལས་དེ་ལ་སོགས་པ་འམ། འབྲི་བར་འགྱུར་བ་ཡོད་དམ་ཞེས་བྱ་བ་ནི་དེ་ལྟར་གཉིད་ཀྱིས་མ་ལོག་པ་དང། རྨི་ལམ་གཉིས་མཚུངས་ན་ཀུན་རྫོབ་དུ་ཡང་མཚུངས་པའི་རིགས་ན། རྨི
་ལམ་དུ་ལས་དགེ་བ་འམ། མི་དགེ་བ་བྱས་ན་དགེ་བ་བྱས་པས་ནི་བསོད་ནམས་ཀྱི་ཚོགས་བསོགས་པར་འགྱུར་པ་དང། མི་དགེ་བ་བྱས་པས་བསོད་ནམས་འབྲི་བར་འགྱུར་བ་ཡོད་དམ་ཞེས་ཤཱ་རདྭཱ་ཏིའི་བུས་རབ་འབྱོར་ལ་དྲིས་པའོ། །གལ་ཏེ་བཅོམ་ལྡན
་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན། དེ་ལ་སོགས་པ་འམ་འབྲི་བར་འགྱུར་བ་ནི་རབ་འབྱོར་གྱིས་དོན་དམ་པའི་ཕྱོགས་ལ་བརྟན་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་དངོས་པོ་མེད་དོ་ཞེས་གསུངས་པས
་རྨི་ལམ་ན་ལས་ལེགས་ཉེས་བྱས་པ་ལ། དགེ་བ་བསོགས་པ་འམ་འབྲི་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ཡང་བསོགས་པ་འམ་འབྲི་བ་མི་དམིགས་སོ་ཞེས་བྱ་བ་ནི་རྨི་ལམ་དུ་ལས་ལེགས་ཉེས་བྱས་པ་ལ་།དགེ་བ
་བསོགས?་པ་དང་དགེ་བ་འབྲི་བ་མེད་པའི་གཏན་ཚིགས་བསྟན་པ་སྟེ། རྨི་ལམ་གྱི་ཆོས་ནི་དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་ལ་སོགས་པ་འམ་འབྲི་བ་མི་སྲིད་དོ། ཞེས་བྱ་བའི་དོན་ཏོ། །གལ་ཏེ་སང་ནས་རྣམ་བར་རྟོག་ན་དེ་ལ་བསོགས་པ་འམ་འབྲི་བར
་ཡང་འགྱུར་རམ་ཞེས་བྱ་བ་ནི་ཤཱ་རིའི་བུས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། རྨི་ལམ་ན་ལས་ལེགས་ཉེས་བྱས་པ་དེ་དག་གཉིད་ལས་སད་པའི་ཚེ་དྲན་ནས་དེ་ལ་རྗེས་སུ་ཡི་རང་ཞིང་ནམ་བ་བརྟོག་ནས་དེ་ལ་དགེ་བབ?་སོགས
་པའམ་འབྲི་བར་འགྱུར་རམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ་ཉིན་པར་སྲོག་བཅད་པ་དང། རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་བདག་གིས་བསད་དོ། །དེ་བདག་གིས་བསང་པ་ལེགས་སོ་ཞེས་དང་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤཱ
་རདྭཱ་ཏིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྨི་ལམ་དང་གཉིད་ཀྱིས་མ་ལོག་བའི་ཚེ། ལས་བྱས་པ་གཉིས་འབྲས་བུ་རྣམ་པར་སྨིན་པ་ལ་བྱེ་བྲག་ཡོད་པར་བསྟན་པའི་ཕྱིར་ཤཱ་རིའི་བུ་ལ་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ
་འབྱོར་དམིགས་པ་མེད་པར་ལས་མི་སྐྱེའོ། །དམིགས་པ་མེད་པར་སེམས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་གཉིད་ཀྱིས་མ་ལོག་པའི་ཚེ་ལས་བྱས་པ་དང། རྨི་ལམ་ན་ལས་བྱས་པ་ལ་གཉིད་ལས་སང་ནས་རྗེས་སུ་ཡི་རང་བ་རྣམ་པར་སྨིན་པ་བྱེ་བྲག་ཡོད་པར
་བསྟན་པ་སྟེ། གཉིད་ཀྱིས་མ་ལོག་པའི་ཚེ་ལས་བྱས་པ་ནི་དམིགས་པའི་ཡུལ་དང་བཅས་པས་ལས་ལེགས་ཉེས་ཅི་བྱས་པའི་འབྲས་བུ་རྣམ་པར་སྨིན་པར་ཡང་དེ་བཞིན་དུ་འབྱུང་གི་།རྨི་ལམ་ན་ལས་བྱས་པ་ལ་གཉིས་ལས་སང་པའི་ཆེ་རྗེས་སུ་ཡི
་རང་པ་ནི་དམིགས་པའི་ཡུལ་མེད་པས་རྗེས་སུ་ཡི་རང་པའི་རྣམ་པར་སྨིན་པ་ཙམ་དུ་ཟད་ཀྱི་། རྨི་ལམ་ན་ལས་ཀྱི་དངོས་པོ་གང་བྱས་པའི་རྣམ་པར་སྨིན་པ་ནི་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན
་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས་།དེ་བས་ན་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དམིགས་པ་དང་བཅས་པར་ལས་སྐྱེས་ཏེ་། དམིགས་པ་མེད་པར་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ་།དམིགས་བ་མེད་པར་མ་ཡིན།
་ཞེས་བྱ་བའི་བར་གྱིས་ནི་ཤཱ་རིའི་བུས་རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ཚེ་བྱས་པའི་ལས་གཉིས་བྱེ་བྲག་ཡོད་པར་བཤད་པའི་དོན་དེ་བདེན་ནོ་ཞེས་རབ་འབྱོར་གྱིས་རྗེས་སུ་ཡི་རང་ནས་དོན་དེ་ཉིད་གསལ་བར་བསྟན་པ་སྟེ་།གཉིད་ཀྱི་མ་?་ཚེ་མཐོང་བ་དང
་ཐོས་པ་ལ་སོགས་པ་ནི་དམིགས་པའི་ཡུལ་དང་བཅས་པས་རྣམ་པར་སྨིན་པ་ཡང་དེ་བཞིན་དུ་འགྱུར་གྱིས། རྨི་ལམ་ནི་མཐོང་བ་དང་ཐོས་པ་ལ་སོགས་དེ་ལྟར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་།དམིགས
་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ཇི་ལྟར་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་།དམིགས་པ་མེད་པར་མ་ཡིན། དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ཞེས་བྱ་བ་ནི
་རྨི་ལམ་དང་གཉིད་མ་ལོག་པའི་ཚེ་ལས་བྱས་པ་ལ་བྱེ་བྲག་ཡོད་པར་བཤད་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་མསན་མར་འཛིན་པ་རྣམས་ཀྱི་དབང་དུ་བྱས་ཏེ་།ཀུན་རྫོབ་ཏུ་བཤད་ཀྱི་དོན་དམ་པྲ་བཤད་པ་མ་ཡིན་པ་བསྟན་པའི་ཕྱིར་རབ་འབྱོར
་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་མཚན་མར་བྱས་ནས་དམིགས་པ་དང་བཅས་པར་ལས་སྐྱེས་ཏེ། དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ་ཞེས་བྱ་བ་ནི་རྨི
་ལམ་དང་གཉིད་ཀྱི་མ་ལོག་པའི་ལས་ཀྱི་བྱེ་བྲག་བཤད་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་དམིགས་པ་ཅན་རྣམས་ཀྱི་དབང་དུ་བྱས་ཏེ་།ཀུན་རྫོབ་ཏུ་བཤད་ཀྱི་དོན་དམ་པར་བྱེ་བྲག་ཡོད་པར་བཤད་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ
་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོས་རྨི་ལམ་དུ་སྦྱིན་པ་བྱིན་ཞེས་བྱ་བ་ནས། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི་རྨི་ལམ་ན་ཡང་ལམ་གཞན་བྱས་པ
་དམིགས་པའི་ཡུལ་མེད་པས། རྣམ་པར་སྨིན་བའི་འབྲས་བུ་ཡོད་བ་མ་ཡིན་ནོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུད་ཡོངས་སུ་དག་པ་འགའ་ཞིག་གིས་རྨི་ལམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་དོ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ
་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དེ་ལ་འབྲས་བུ་ཡོད་པར་འགྱུར་རམ་ཞེས་ཤཱ་རའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས། འདི་ལ་དྲིས་ཤིག་དང་འདི་ལ་ལན་ལྡོག་པར་འགྱུར་ཞེས་བྱ
་བྱ་བའི་བར་གྱིས་ནི་འཁོར་དོན་འཁོད་པའི་ཁ་ཅིག་རབ་འབྱོར་གྱིས་བཤད་ནས་ཡིད་མི་ཆེས་ཀྱི་བྱང་ཆུབ་སེམས་དཔའ་བྱམས་བས་ལན་བླན་ཏེ་བཤད་ན་ཡིད་ཆེས་ཤིང་ཕན་ཐོགས་པར་འགྱུར་བའི་ཕྱིར་བྱམས་པའི་ཡོན་ཏན་སྨོས་ནས་དེ་འདི་ན་མངོན་སུམ
་དུ་འདུག་གིས། འདི་ལ་དྲིས་ཤིག་ཅེས་བདག་གིས་ལན་མ་བཏབ་བར་གཞན་ལ་བསྟབས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་བ་ཤཱ་རདྭཱ་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། འདི་ལ་དྲིས་ཤིག
་དང། འདི་ལན་ལྡོན་བར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་སྨྲས་པའི་ཚིག་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་བ་ལ་བཟླས་པ་བསྟན་པའོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མིང
་འདི་ལན་ལྡན་ན་ཞེས་བྱ་བ་ནས་།རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ལན་ལྡོན་པའི་མཐུ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དོན་དམ་པའི་བདེན་པ་ལ་བརྟེན་ནས། རྨི་ལམ་ན་ཕ་རོལ་ཏུ
་ཕྱིན་པ་དྲུག་སྤྱད་ཅིང་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་འབྲས་བུ་ཡོད་དམ་མེད་དྲིས་བའི་ལན་བསྟན་པ་སྟེ་། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་གང་ཟག་དང་ཆོས་གཉིས་ཀ་དངོས་པོ་མེད་དེ་ལན་འདོན་པའི་མཐུ་མེད་ན་སུ་ཞིག་?
་འདོན་ཞེས་སྨྲས་པ་སྟེ། གང་ཟག་གི་དངོས་པོ་མེད་བས་བྱམས་བ་ཞེས་བྱ་བའི་མིང་ལ་ཡང་ལན་ལྡོན་པའི་མཐུ་མེད་དོ།། ཆོས་ལ་དངོས་པོ་མེད་པས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། དེ་དག་གི་སྟོང་པ་ཉིད་དང་།དེ་དག་གི་དེ་བཞིན་ཉིད་ལ་ཡང་ལན་ལྡོན་བའི་མཐུ
་མེད་ན། རྨི་ལམ་ན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པའི་འབྲས་བུ་མེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །བདག་གིས་ནི་གང་ལན་གློན་པ་དང། གང་གིས་ལན་གླན་པ་དང། གང་ལ་ལན་གླན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས
་བྱ་བ་ནི་གོང་དུ་སྨོས་པའི་དོན་དེ་ཉིད་མདོར་བསྡུས་ཏེ་བསྟན་པ་སྟེ། གང་ལན་གློན་བ་ཞེས་བྱ་བ་ནི་ལན་ལྡོན་པའི་མི་ལ་བྱའོ། །གང་གིས་ལན་གློན་པ་ཞེས་བྱ་བ་ནི་ལན་ལྡོན་པའི་ཚིག་དང་ཡི་གེ་གང་གིས་ལན་ལྡོན་བ་ལ་བྱའོ། །གང་གིས་ལན་གླད་པ
་ཞེས་བྱ་བ་ནི། དངོས་པོ་འམ་དོན་གང་གིས་ལན་གླན་པ་ལ་བྱའོ། །གང་ལ་ལན་གླན་པ་ཞེས་བྱ་བ་ནི། ཀླན་ཀ་འཚལ་ཞིང་འདྲི་བའི་མི་གང་ཡིན་པ་ལ་བྱ་སྟེ། ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་བདག་གིས་ཡང་དག་པར
་རྗེས་སུ་མཐོང་ན་འདི་ལ་སུ་ཞིག་ཅི་ཞིག་སུ་ལ་ལན་ལྡོན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ཁུང་བསྟན་པ་དང། གང་ལ་ལུང་བསྟན་པའི་ཆོས་དེ་ཡང་བདག
་གིས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནི་། གོང་དུ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་གྱིས། འདི་ལ་དྲིས་ཤིག་ཅེས་བསྟོད་བ་དེ་ཡང་དོན་དམ་པར
་དངོས་པོ་མེད་པར་བསྟན་པ་སྟེ་།གང་ལུང་བསྟན་བ་ཞེས་བྱ་བ་ནི་ལུང་སྟོན་པའི་བཅོམ་ལྡན་འདས་ཉིད་ལ་བྱའོ། །གང་གིས་ལུང་བསྟན་པ་ཞེས་བྱ་བ་ནི་ལུང་བསྟན་པར་འོས་པའི་རྒྱུ་འམ་ཡོན་ཏན་གང་གིས། ལུང་བསྟན་པར་འགྱུར་བ་ལ་བྱའོ། །
་གང་ལ་ལུང་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱ་བས་པ་ཉིད་ལ་བྱས་ཏེ་།དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་དོ་ཞེས་བསྟན་པའོ། །ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་བའོ་ཞེས་བྱ་བ་ནི་ལན་གློན་པ་དང
་ལུང་བསྟན་པ་ལ་སོགས་པའི་ཆོས་གང་དུ་སྨོས་པ་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ་།སྟོང་པ་ཉིད་དུ་རོ་གཅིག་གོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུས་སྨྲས་པ་།ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་སུམ་དུ་བྱས་སམ
་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དམིགས་ཅན་རྣམས་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་མངོན་སུམ་དུ་བྱེད་པར་འདོད་པ་དག་ལ། མངོན་སུམ་དུ་བྱར་མེད་པ་ལ་བསྟན་པའི་ཕྱིར་དྲིས་པའོ། །བྱམས་པས་སྨྲས་པ་ཆོས་དེ་དག་ཇི་སྐད་བཤད་པ་དེ་ལྟར་ཆོས
་དེ་དག་བདག་གིས་མངོན་སུམ་དུ་བྱས་པ་མེད་དོ་ཞེས་བྱ་བ་ནི་དོན་དམ་པྲ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་། ཆོས་རྣམས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་དེ་ཡང་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ་བཤད་པ་ཙམ་དུ་ཟད་ཀྱི་།དོན་དམ་པར་ནི་མངོན་དུ་བྱེད་པ་དང།
་མངོན་དུ་བྱ་བ་གཉིས་ཀ་སྟོང་པ་ཉིད་དུ་རོ་གཅིག་པས་མངོན་དུ་བྱས་པ་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས་། འདི་ནི་མི་དམིགས་པར་སྤྱོད་པ་བསན་པའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ
་སེམས་དཔའ་བྱམས་པས་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་མངོན་སུམ་དུ་བྱར་མེད་པའི་དོན་ཟབ་མོ་བསྟན་པས་ཤཱ་རིའི་བུ་མགུ་ནས་བྱམས་པ་ལ་བསྟོད་པ་སྟེ། འདི་ལྟ་བུའི་ཆོས་ཟབ་མོ་བཤད་པ་ནི་ཡུན་རིང་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང།
་དམིགས་པ་མེད་པའི་དོན་ལ་གོམས་པར་བྱས་པའི་ཤེས་རབ་ཟབ་མོ་དང་ལྡན་པར་བསྟན་པར་ནུས་ཀྱི། དགེ་བའི་རྩ་བ་ཆུང་ངུ་དང་།དམིགས་པ་ཅན་གྱིས་ཤེས་རབ་དང་ལྡན་པས་བསྟན་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས
་ཚེ་དང་ལྡན་བ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས་།ཆོས་གང་གིས་ཁྱོད་དག་བཅོམ་པར་བརྗོད་པའི་ཆོས་དེ་ཁྱེད་ཀྱིས་ཡང་དག་པར་རྗེས་སུ་མཐོང་རམ་ཞེས་བྱ་བ་ནི་ཉན་ཐོས་དག་བཅོམ་པ་དག་བདག་ནི་ཟག?་བཟད་དོ། །བདག་གིས
་བྱ་བ་བྱས་སོ། ཁུང་བོར་རོ། །དགྲ་བཅོམ་པ་ཉིད་ཐོབ་པ་སྙམ་དུ་སེམས་པའི་རྟོགས་པ་དམིགས་པ་དམིགས་པ་ཅན་བསལ་བའི་ཕྱིར་སྨྲས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པ་དགྲ་རྣམས་བཅོམ་སྟེ། སྤངས་པ་ཙམ་ལ་དགྲ
་བཅོམ་པ་ཞེས་ཐ་སྙད་ཙམ་དུ་གདགས་པར་ཟད་ཀྱི། ཡང་དག་པར་ན་དགྲ་བཅོམ་པ་ཞེས་བྱ་བའི་ཆོས་གང་ཡང་མ་མཆིས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་དེ་བཞིན་དེ་ཞེས་བྱ་བ་ནས། བདག་ནི་གདོན་མི་ཟ་བར་བླ་ན
་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་རབ་འབྱོར་གྱིས་དགྲ་བཅོམ་པ་ཞེས་བྱ་བའི་དངོས་པོ་མེད་པར་བསྟན་པ་སྟེ་བདེན་ཏེ་དེ་བཞིན་དུ་ལུང་བསྟན་པ་ཞེས་བྱ་བ་ཡང་དོན
་དམ་པར་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་དེ་ལྟ་བུའི་མཚན་མར་འཛིན་པའི་འདུ་ཤེས་ཀྱང་དོན་དམ་པར་མེད་ལ། ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར
་འཚང་མི་རྒྱ་བར་ཡང་དོགས་པ་མེད་ཅིང་།སྟོང་པ་ཉིད་ཀྱི་སྐྲུག་པར་ཡང་མི་འགྱུར་རོ། །ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོང་སུ་རྫོགས་པར་བགྱིད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ལགས་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ལུང་བསྟན་པ་དང།
་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཤིང་རྣམ་པར་མི་རྟོག་ཀྱང། ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར
་འཆེར་མི་རྒྱ་བར་དོགས་པ་དང། ཐེ་ཚོམ་ཡང་མེད་དེ་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་བར་འཚང་རྒྱའོ་ཞེས་བཤད་པ་དེ་ལྟར་མངོན་པར་རྫོགས་པར་འཚང་རྒྱ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས
་ཤིང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པར་མི་འགྱུར་ན་ཕ་རོལ་ཕྱིན་པ་དྲུག་ཇི་ལྟར་ཡོངས་སུ་རྫོགས་པར་བགྱི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཇི་ལྟར་བསགས་ཏེ་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་བར་བགྱི
་ཞེས་ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ཞུས་པའོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་བ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་སྦྱིན་བའི་ཕ་རོལ་ཏུ་ཕྱིན་བ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས་ལེའུ་བཞི་བཅུ་རྩ་གསུམ་ལ་ཐུག་གི་བར་དུ་ཀུན་རྫོབ་ཏུ་སྙིང་རྗེ་ཆེན་པོ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང། སངས་རྒྱས་ཀྱི་?་ཡོངས་སུ་དག་པར་བྱང
་དང་སེམས་ཅན་ཡོངས་སུ་སྨིན་བར་བྱ་བའི་ཐབས་དང་།སྨོན་ལམ་རྒྱ་ཆེན་པོར་བསྟན་པ་སྟེ་།དེ་དག་གི་དོན་ཀྱང་རང་ལོག་ཏུ་ཟད་དོ། །དེ་ནས་འཁོར་དེར་གངྒཱའི་ལྷ་མོ་ཞེས་བྱ་བའི་བུད་མེད་གཅིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ནས་ཞེས་བྱ་བ
་ནས། ལེའུ་བཞི་བཅུ་རྩ་བཞི་ལ་ཐུག་གི་བར་དུ་ལྷ་མའི་མིང་གང་གཱ་ཞེས་བྱ་བ་ལུང་བསྟན་པ་བཤད་པ་སྟེ། དེ་ལྟར་ལུང་བསྟན་པ་ཡང་བུད་མེད་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་དགེ་བའི་རྩ་བ་སྐྱེད་ནས་སྐྱེས་པ་དང་འདྲ་བར་འཕགས་པའི་ས
་ཐོག་པར་འགྱུར་བ་བསྟན་བའི་ཕྱིར་ཏེ། ཚིག་གིས་རྣམས་ནི་རང་འོག་ཏུ་ཟད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པའི་གོང་དུ་རྣམ་པར་ཐད་པའི་སྒོ་གསུམ་པ་གནས་ནས་སེམས་ཅན་ཡོངས་སུ
་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པ་བཤད་པ་།ཉན་ཐོས་དང་རང་སངས་རྱས་དག་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ནས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང།
་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པ་མི་ནུས་པ་དག་ཀྱང་ཡོད་ན་།དེ་ལྟར་མི་འགྱུར་བར་ཐབས་མཁས་པས་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་གནས་ལ་མྱ་ངན་ལས་འདས་པ་ཡང་མངོན་དུ་མི་བྱེད་ཅིང། སེམས་ཅན་གྱི
་དོན་ཕུན་སུམ་ཚོགས་པར་འགྱུར་བར་ཇི་ལྟར་བགྱི་ཞུས་པ་སྟེ། དེ་ལ་ཇི་ལར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི་ཞེས་བྱ་བ་ནི་ལྷག་མཐོང་གིས་ཇི་ལྟར་ཤེས་པར་བྱ་བ་ཞུས་པའོ། །སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན་ལ་སྙམས་བར་འཇུག་པར་བགྱི
་ཞེས་བྱ་བ་ནི་ཞི་གནས་ཇི་ལྟར་གོམས་པར་བྱ་ཞེས་ཞུས་པ་སྟེ་། མདོར་ན་ཞིག་ནས་ལྷག་མཐོང་གཉིས་ཟུང་དུ་འབྲེལ་པར་ཇི་ལྟར་བསྒོམ་ཞེས་ཞུས་པའོ། །སྟོང་པ་ཉིད་བསྒོམ་པ་ཇི་ལྟར་ཞུས་པ་དེ་བཞིན་དུ་། སངས་རྒས་ཀྱི་ཆོས་མ་འདུས་པ་བཅོ་བརྒྱད
་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ་ཞེས་བྱ་བ་ནས།
་གཟུགས་མེད་པའི་ཁམས་སྟོང་ཞེས་རྟགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་ཞུས་པའི་ལན་བཀའ་སྩལ་པ་སྟེ་། ཉན་ཐོས་དང་རང་སངས་རྒྱས་དག་ནི་གང་ཟག་ལ་བདག་མེད་པ་ཉི་ཚེ་རྟོགས་པས?་མུ་སྟེགས་ཅན་གྱིས་བརྟགས་པའི་སང?
་རྣམས་སྟོང་བར་རྟོག་གི་།ཆོས་ལ་བདག་མེད་པ་མ་རྟོགས་པས་གཟུགས་ལ་སོགས་པའི་ཆོས་རྣམས་སྟོང་པར་རྟོགས་ཏེ། དེ་བས་ན་གཟུགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་དང།
་ཁམས་གསུམ་ཡང་སྟོང་ཞེས་བྱ་བར་ལྷག་མཐོང་གིས་བརྟགས་པར་བྱའོ་ཞེས་བསྟན་པའོ། །དེ་ཡང་ཅི་ནས་ཀྱང་དེ་ལྟར་བརྟགས་པ་ནས་སེམས་གཡེང་བར་མི་འགྱུར་བ་དེ་ལྟར་རྟགས་པར་བྱ་སྟེ་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་ཏིང་ངེ་འཛིན་དུ་མཉམ་པ་བཞག
་སྟེ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་སེམས་མི་གཡེང་བ་དང་ལྡན་པས་ཆོས་དེ་ཡང་དག་བར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་དེ་ལྟར་ཞི་གནས་དང་ལྷག་མཐོང་གཉིས་ཟུང་དུ་འབྲེལ་ནས་གཟུགས་ལ་སོགས་བའི་ཆོས་དེ་དག་དངོས་པོ་ཡོད་བར་མི་མཐོང་ངོ་ཞེས་བསྟན་བའོ།
་ཆོས་དེ་ལ་བདག་པར་རྗེས་སུ་མ་མཐོང་བས་མངོན་དུ་མི་བྱེད་དོ་ཞེས་བྱ་བ་ནི་དེ་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་དངོས་བོར་མི་ལྟན་ཞིབ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་།དེ་ནི་འདི་ལྟར་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབས་པས། ཆོས་གང་ལ་ཡང་རིགས་ཆད་པར་མི་བྱེད་དེ་ཞེས་བྱ་བ་ནི་ཆོས་གང་ཡང་རྗེས་སུ་མཐོང་བས་མངོན་དུ་མི་བྱེད་བའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས
་དཔའ་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་སྔ་ནས་བསླབས་ཤིང་རྟོགས་པས་འདི་ནི་མངོན་དུ་བྱེད་དོ། །འདི་ནི་མངོན་དུ་བྱེད་དོ། །འདི་ནི་མངོན་དུ་བྱེད་པའོ། །འདི་ནི་མངོན་དུ་བྱེད་པའི་རྒྱའོ་ཞེས་མངོན་དུ་བྱེད་བའོ། །མངོན་དུ་བྱ་བ་དང་།མངོན་དུ་བྱེད་པ་རྣམས་སོ་སོར
་རིགས་སུ་བཅད་དེ་ཡོངས་པར་མི་ལྟའོ་ཞེས་བསྟན་པའོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་གང་མཚན་དུ་བྱེད་པ་དང། གང་མངོན་དུ་བྱ་བ་དང། གང་གིས་མངོན་དུ་བྱ་བའི་ཆོས་དེ་དག་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་གསུངས་ཏེ། གང
་མངོན་དུ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མངོན་དུ་བྱེད་པ་པོ་ལ་བྱའོ། །གང་མངོན་དུ་བྱ་བ་ཞེས་བྱ་བ་ནི་མངོན་དུ་བྱ་བའི་དངོས་པོ་མྱ་ངན་ལས་འདས་པ་ལ་བྱའོ། །གང་གིས་མངོན་དུ་བྱ་བ་ཞེས་བྱ་བ་ནི་མངོན་དུ་བྱེད་པའི་ཡེ་ཤེས་ལ་བྱ་སྟེ། ཆོས་དེ་དག་ཐམས་ཅད
་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་གང་ཡང་རྗེས་སུ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པའི་ཆོས་རྣམས་མངོན་དུ་མི་བྱའོ་ཞེས་བཀའ་སྩལ་པ་དེ་ལ།
་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པ་སྟོང་པ་ཉིད་མངོན་དུ་མི་བགྱིད་པ་ལགས་ཤེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་རྟོགས་ལ་། ཉན་ཐོས་དང་རང་སངས་རྒྱས་ལྟར
་སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བྱ་བའི་ཐབས་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པ་སྟེ་།སྟོང་བ་ཉིད་ལ་གནས་ན་སྟོང་པ་ཉིད་མངོན་དུ་མི་བྱ་རུང་དམ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་རབ་ཏུ་རྟོག་སྟེ། མངོན་དུ་མི་བྱེད་ངོ་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ལ་གནས་ཀྱང་སྟོང་པ་ཉིད་མངོན་དུ་བྱེད་བའི་ཐབས་བསྟན་པ་སྟེ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི
་སྟོང་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྟོང་པ་ལྟར་ཉི་ཚེ་བ་ནི་མ་ཡིན་གྱིས། གང་ཟག་དང་ཆོས་གཉིས་ཀ་རྣམ་པ་ཐམས་ཅད་དུ་སྟོང་པར་རྟོགས་པས་མྱ་ངན་ལས་འདས་པ་ཡང་སྟོང་པར་རྟོགས་པའི་ཕྱིར་མངོན་སུམ་དུ་མི་བྱེད་དོ་ཞེས་བསྟན་པའོ།།
་མངོན་དུ་བྱའོ་སྙམ་དུ་མི་རྟོག་གོ་།མངོན་དུ་བྱ་བ་ཡིན་ནོ་ཞེས་བྱ་བར་མི་རྟོག་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་འཇུག་པའི་སྔོན་རོལ་ནས་ཀྱང་མངོན་དུ་བྱ་བ་དོན་དུ་མི་གཉེར་ཏོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་འདྲིས་པར་བྱ་བར་རྟོག་ཅིང་འདི་ནི་ཡོངས་སུ
་འདྲིས་པར་བྱ་བའི་དུས་ཡིན་གྱིས། འདི་ནི་མངོན་དུ་བྱ་བའི་དུ་མ་ཡིན་ནོ་ཞེས་བྱ་བར་རྟོག་གོ་ཞེས་བྱ་བ་ནི་སྟོང་བ་ཉིད་ལ་གནས་པའི་དོན་བསྟན་བ་སྟེ། སྟོང་བ་ཉིད་ལ་གནས་བ་ཡང་?་ཕྱོགས་གཅིག་བར་ལྷུང་ནས་སྟོང་པ་ཉིད་མངོན་དུ
་བྱེད་ཅིང་གནས་པ་ནི་མ་ཡིན་གྱིས། ལྷག་མཐོང་གི་དབང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་ཤིང་།འབྲིས་པ་དང་གོམས་པར་བྱེད་ལ་སྟོང་པ་ཉིད་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ
་པར་མ་བཞག་པ་ཉིད་དུ་སེམས་དམིགས་པ་ལ་འདོགས་ཏེ་ཞེས་བྱ་བ་ནི་ཞི་གནས་ཀྱི་དབང་དུ་གྱུར་ནས་།ཞི་བ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་མངོན་དུ་མི་བྱེད་བར་ལྷག་མཐོང་གི་དམིགས་པར་བྱ་བའི་ཆོས་རྣམས་ལ་མངོན་པར་མི
་ཆགས་པར་སེམས་འཇོག་གོ་ཞེས་བསྟན་པའོ། །དེས་བར་མ་དོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ་། ཟག་བ་ཟད་པ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བ་ནི་དེ་ལྟར
་ལྷག་མཐོང་ལ་གནས་པས་བྱང་ཆུབ་ཀྱི་ཕྱོག་ཀྱི་ཆོས་རྣམས་ལས་ཉམས་པར་མི་འགྱུར་ལ། མྱ་ངན་འདས་པ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་།ཞེས་བྱ་བ་ནས། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རབ
་ཏུ་ཤེས་སོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ་།ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཡེ་ཤེས་རླབས་པ་ཚ་དང་ལྡན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྤྱོད་ཅིང
་གནས་པའི་ཚེ་ཆོས་འདི་དག་ཤེས་པར་བྱ་བ་ཙམ་དུ་ཟད་ཀྱི། དོན་དམ་པར་དངོས་པོ་མེད་པས་།མངོན་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ཤེས་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་སྤྱོད་པ་དེས་འདི་ལྟར་འདི་ནི་ཤེས་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ་ཞེས་བྱ་བ་ནས། འདི་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བའི་དུས་མ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར
་ལ། ཟག་པ་ཟད་པར་ཡང་མངོན་དུ་མི་བྱེད་པར་བཤད་པ་བྱང་ཆུབ་ཀྱི་ཕྱོགས་གང་དང་གང་ལས་མི་ཉམས་པ་དང། ཟག་པ་ཟད་པའི་ཆོས་གང་དང་གང་མངོན་དུ་མི་བྱེད་པ་ཞིབ་ཏུ་རྣམ་པར་ཕྱི་སྟེ་བསྟན་པ་སྟེ་།ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱེད་པའི་ཆོས
་རྣམས་ལ་སྤྱོད་ཅིང་འདྲིས་པ་བྱེད་བ་དང། གོམས་པར་བྱེད་པའི་ཆོས་འདི་དག་ཤེས་བར་བྱ་བ་ཡིན་གྱིས་། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་བ་མ་ཡིན་བར་བརྟགས་པར་བྱའོ་ཞེས་བསྟན་པའོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་ཐོབ་པར་བྱ་བ་ཡོངས་སུ་མི་གཏོང་བའི་དུས་སོ་ཞེས་བྱ་བར་བརྟགས་པར་བྱ་སྟེ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཏང་བར་འགྱུར་ཀྱིས་དེ་ལྟར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རབ
་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྟོང་པ་ཉིད་ཀྱི་རྣམ་པར་སྤྱོད་པ་ཡིན་ཞེས་བྱ་བ་ནས། དགྲ་བཅོམ་པ་ཉིད་མངོན་དུ་མི་བྱེད་དོ། །རང་བྱང
་ཆུབ་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་སྟོང་པ་ཉིད་ལ་གནས་པ་ཇི་ལྟར་སྟོང་པ་ཉིད་མངོན་དུ་བྱེད་པར་མི་འགྱུར་ཞེས་རབ་འབྱོར་གྱིས་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་བཤད་དེ། བཀའ་སྩལ་པའི་དོན་མཇུག་བསྡུས་ནས
་བསྟན་པའོ། །རྣམ་པར་ཐར་བའི་སྒོ་གསུམ་ལ་སོགས་པའི་ཆོས་རྣམས་ཤེས་རབ་ཀྱི་འདྲིས་ཤིང་གོམས་པར་བྱེད་པ་ཉིད་ལ་།དེ་དག་ལ་གནས་པ་ཞེས་བྱ་བའི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཟག་བ་མེད་པའི་ཆོས་མངོན་དུ་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན
་བའོ། །རབ་འབྱོར་འདི་ལྟ་སྟེ་སྐྱེས་བུ་ཞིག་དཔའ་ལ་སྩལ་ཆེ་ལ་ཞེས་བྱ་བ་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་གང་མངོན་དུ་བྱས་པས་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ཡང་མངོན་དུ་མི་བྱེད་དོ
་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་ཆོས་ཐམས་ཅད་སྟོང་བ་ཉིད་དུ་ཡང་རྟོགས་པར་བྱེད་ལ་།ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་མངོན་སུམ་དུ་ཡང་མི་བྱེད
་བའི་དཔེ་མི་དཔའ་བོ་སྩལ་ཚེ་ཞིང་ཐབས་མཁས་པ་ལས་བླངས་ཏེ་བསྟན་པ་སྟེ་།ཚིག་གཞན་ནི་རང་ལོག་ཏུ་ཟད་སྒྱུ་རྩལ་དྲུག་ཅུ་རྩ་བཞི་པོ་ནི་རྩལ་གྱི་ཐབས་སྣ་ཚོགས་དང་དགྲ་ཐབས་སྣ་ཚོགས་དང། བཟོའི་དབྱད་སྣ་ཚོགས་དང། འཚོ་ཅིས་སུ་བྱ་བའི་སྦྱད
་རྣམ་པ་སྣ་ཚོགས་ལ་མཁས་པ་ལས་བྱ་སྟེ། དེ་ལྟ་བུའི་མི་དཔའ་བོ་དེ་འབྲོག་དགོན་པ་འཇིགས་པ་ཆེན་པོར་ཕྱིན་པ་ལས། དགྲ་གྱུར་ཡང་དཔའ་ཞིང་རྩལ་ཆེ་ལ་ཐབས་མཁས་པས། ཕ་མ་དང་བུ་སྨད་ཀྱང་འཇིགས་པ་ནས་བཏོན་ཏེ་བདེ་བར་བཀོད།
་བདག་ཉིད་ལ་ཡང་དགྲས་མི་ཚུགས་ཤིང་།དགྲ་ལ་ཡང་གནོད་པར་མི་འགྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ལ་ཚད་མེད་བ་སེམས་ཉེ་བར་འཇོག་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ
་རྫོགས་པར་བྱས་ཏེ་།རྣམ་པར་ཐར་བའི་སྒོ་གསུམ་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་དོན་ལ་ཡང་འདྲིས་པར་བྱེད་ལ། དེ་དག་ལ་མཚན་མར་ཡང་མི་འཛིན་།ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་བའི
་མཚན་མ་མེད་པའི་ཏིང་ངེ་འཛིན་ཀྱང་མངོན་དུ་མི་བྱེད་དོ་ཞེས་བསྟན་པ་སྟེ། མི་དཔའ་པོ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པའི་དཔེའོ། །ཕ་མ་དང་བུ་སྨད་ནི་སེམས་ཅན་ཐམས་ཅད་ཀྱི་དཔེའོ། །ཕྱིར་རྒོལ་བའི་དགྲ་མང་པོ་ནི་ཐེག་པ་ཆུང་ངུའི་མི
་དགེ་བའི་བཤེས་གཉེན་གྱི་དཔེའོ། །གྲོང་དང་ཁྱེར་དང་གྲོང་རྡལ་དང་ལྗོངས་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་བདེ་བ་ཉན་ཐོས་དང་རང་སངས་རྒྱས་སུ་ལྷུང་བའི་ཉེན་མེད་པའི་དཔེ་ཡིན་པར་རིག་པར་བྱའོ་།རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཞིང
་ས་ལ་མི་ལྷུང་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཚད་མེད་པ་ལ་སྤྱད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མི་གནས་པའི་མྱ
་ངན་ལས་འདས་པ་ལ་གནས་པའི་དཔེ་བྱ་བར་སྣང་ལ་རྒྱུ་ལས་བླངས་ནས་བསྟན་པ་སྟེ། བྱ་པར་སྣང་ལ་རྒྱུ་བ་ནམ་མཁའ་ཨི་དཀྱིལ་བར་སྣང་ལ་ཡང་གནས་མི་འཆའ་ལ། བྱོལ་སོང་གཞན་ལྟར་ས་འབའ་ཞིག་ལ་ཡང་མི་བརྟེན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
་ཐབས་མཁས་པ་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མངོན་དུ་ཡང་མི་བྱེད་ལ། ཐབས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྣ་ཚོགས་སྤྱོད་ཀྱང་སེམས་ཅན་ཕལ་ལྟར་འཁོར་བ་ན་ཡང་མི་གནས་ཏེ། དེ་ལྟར་འཁོར
་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ཕྱོགས་གཅིག་ཏུ་མི་གནས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཐུ་དང་ལྡན་པ་འཕོངས་རྩལ་གྱི་སློབ་དཔོན་ཏུ་གྱུར་པ་ཞེས་བྱ་བ་ནས་།ནམ་དག
་བའི་རྩ་བ་དེ་དག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་གྱུར་པ་དེ་ན། ཡང་དག་པའི་མཛའ་དམ་པ་མངོན་དུ་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གཞན་གྱི་དོན་ཕུན་སུམ
་ཚོགས་པ་མ་གྲུབ་ཀྱི་བར་དུ་བདག་གིས་དོན་མི་བྱེད་པའི་དཔེ་སྐྱེས་བུ་མཐུ་དང་ལྡན་པ་འཕོངས་རྩལ་གྱི་སློབ་དཔོན་དུ་གྱུར་པ་ལས་བླངས་ནས་བསྟན་བ་སྟེ་། མདའ་གནམ་དུ་འཕངས་ནས་།མདའ་ཕྱི་མ་གཅིག་ནས་ཀ་ཅིག་ཏུ་བརྒྱུད་པས་ས་ལ་མི་ལྟུང་བར་བྱ
་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་དང། དགེ་བའི་རྩ་བ་སྤྱད་པའི་ཤུགས་དྲག་པོ་སེམས་ཅན་གྱིས་དོན་མཐར་མ་ཕྱིན་གྱི་བར་དུ་མི་གཏོང་བའི་དཔེ་ཡིན་པར་རིག་པར་བྱའོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་དེ་དག་གི་ཆོས་ཉིད་དེ་ལྟར་ཡོངས་སུ་བརྟག་པར་བྱའོ། །ཞེས་བྱ་བ་ནི་གོང་དུ་བཤད་བའི་དོན་རྣམས་འཇུག་བསྡུས་ནས་བསྟན་པ་སྟེ་། བྱང་ཆུབ་སེམས་དཔའ་ཨི་ཐབས་མཁས་པའི་ཆོས་ཉིད་དུ་བཤད་པ་དེ
་དག་ལ་དེ་ལྟར་སླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ་ཞེས་བྱ་བ་ནས། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཅིང་བར་མདོར་བླ་ན་མེད་པ་ཡང་དག
་བར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་ནི་དཀའ་བ་བགྱིད་བ་སྟེ། བཅོམ་ལྡན་འདས་ནོ་མཚར་ཆེའོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཟབ་མོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་ལ་སྤྲོ་བ་རྣམས་སྟོང་པས་སྐྲག་སྟེ། སེམས་ཞུ་མན་མ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་བར་མདོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར
་མི་ལྟུང་བར་ནུས་པ་ནི། དཀའ་བ་བགྱི་བ་སྟེ། རབ་ཏུ་ངོ་མཚར་ཆེའོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་གཏང
་བའི་ཕྱིར་ཏེ་།རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་གཏང་བ་དེ་དག་གི་སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་དེ་ལྟར་འགྱུར་རོ། །ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པར
་རྟོགས་ཀྱང་སྟོང་པས་སྐྲག་ཅིང་སེམས་ཞུམ་སྟེ་བར་མདོར་བླ་ན་མེད་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་ལྟུང་བས་དཀའ་བ་སྤྱོད་བ་དེ་ཡང་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ
་མ་གཏང་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མ་བཀོད་ཀྱི་བར་དུ་བདག་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་སྨོན་ལམ་ཁྱད་པར་ཅན་རབ་ཏུ་བཏབ་པའི་ཕྱིར་དེ་ལྟར་འགྱུར་ཞེས་བསྟན་པ་སྟེ་།སེམས་ཅན་ཐམས་ཅད་ཡོངས
་སུམ་བཏང་ཡང་དམ་པ་མ་ཡིན་པའི་ཆོས་སྤྱོད་བའི་སེམས་ཅན་དང། བདག་ཏུ་ལྟ་བའི་སེམས་ཅན་དང། སེམས་ཕྱིན་ཅི་ལོག་ཏུ་གྱུར་བའི་སེམས་ཅན་དང། གང་ཟག་དང་ཆོས་སུ་རྣམ་པར་རྟོག་པའི་སེམས་ཅན་དང། མཚན་མ་ཅན་དུ་སྤྱོད་པའི་སེམས་ཅན་དང
་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སྨོན་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བ་སྟེ། དེ་ལ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མ་བཏང་བ་སྟེ།
་དམ་པ་མ་ཡིན་པའི་ཆོས་ལ་གནས་བའི་བདག་ནི་བདག་གིས་ཡོངས་སུ་དགྲོལ་བར་བྱའོ་ཞེས་བྱ་བ་ནས། ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་བ་ཉིད་མ་ཐོབ་ཀྱི་བར་དུ་མདོར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི
་དམ་པ་མ་ཡིན་པའི་ཆོས་སྤྱོད་བའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་མངོན་པར་སྒྲུབ་ཅིང། ཉན་ཐོས་དང་རང་སངས་རྒྱས་ལྟར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་བ་བསྟེན་པའོ། །རབ
་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་འདི་ལྟ་སྟེ་ནང་སྟོང་པ་ཉིད་དང་ཞེས་བྱ་བས་ཐབས་མཁས་པས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར
་འཕེལ་ཞིང་དེའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཏེ་།ཉན་ཐོས་རང་རང་སངས་རྒྱས་ཀྱི་ལྟ་བུ་མ་མིན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བདག་ཏུ་ལྟ་བའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ
་སྤྱོད་ཅིང་སེམས་ཅན་འདི་དག་ཡུན་རིང་པོ་ནས་བདག་དང་སེམས་ཅན་དང། སྲོག་དང། འགྲོ་བ་དང། གསོ་བ་དང། སྐྱེས་བུ་དང། གང་ཟག་ལ་སོགས་པའི་འདུ་ཤེས་པས་དམིགས་པ་ཅན་དུ་སྤྱོད་པ་ཡིན་གྱིས། དེ་དག་གི་དམིགས་པ་སྤང་པའི་ཕྱིར་ཆོས་བསྟན
་པར་བྱའོ་སྙམ་དུ་སེམས་ཤིང། ཡང་དག་པར་མཛའ་མངོན་དུ་མི་བྱེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་མི་འགྱུར་ཞིང། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བ་དང། ཉན་ཐོས་དང་རང་སངས་རྒྱས
་ལས་ཁྱད་པར་དུ་འཕགས་པར་ཤེས་རབ་རྣོ་བར་འགྱུར་རོ་ཞེས་བདག་ཏུ་ལྟ་བའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་པ་ཕན་ཡོན་དང་བཅས་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་སྟེ། སེམས་ཅན
་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཛའ་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཕྱིན་ཅི
་ལོག?་ཏུ་གྱུར་པའི་སེམས་ཅན་རྣམས་ཡོངས་སུ་མ་གཏང་བའི་ཕྱིར་ཐབས་མཁས་པ་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམིགས་པ་ལ་སྤྱོད་སྤྱོད་པ་སྟེ་ཞེས་བྱ་བ་ནས་། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི་གང་ཟག་དང་ཆོས་སུ་རྣམ་པར་རྟོག་པའི་སེམས་ཅན་ཡོངས་སུ་མ་བཏང་པའི་ཕྱིར་རྣམ་པར་བྱང་བའི་ཆོས་རྣམས
་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་།འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད
་པ་སྟེ་ཞེས་བྱ་བ་ནས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པར་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ
་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་མཚན་མ་ཅན་དུ་སྤྱོད་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་ཐབས་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཛའ་མངོན་དུ་མི་བྱེད
་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལཾ་ལ་སྤྱོད་སྤྱོད་པ་སྟེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཛའ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སྨོན་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་རྣམ་པར་ཐར་པའི་སྒོ
་གསུམ་གྱིས་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང། འདྲིས་པར་བྱེད་ཅིང་དེ་ལྟ་བུའི་ཡེ་ཤེས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར
་འདུ་བྱ་བ་མེད་པར་ལྷུང་བ་འམ་ཁམས་གསུམ་པ་དང་ལྷན་ཅིག་གནས་མེད་སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པ་ལྟར་སྙིང་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དང། ཐབས་མཁས་པས་ཡང་དག
་པའི་མཛའ་མངོན་དུ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྤྱོད་པ་ནི་ནམ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་མངོན་པར་འདུ་བྱེད་པ་མེད་པར་ལྟུང་བར་ཡང་མི་འགྱུར་ལ། སེམས
་ཅན་ཕལ་ལྟར་འཁོར་བ་ན་གནས་པར་ཡང་མི་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ལ་ཡང་ཡོངས་སུ་འདྲིས་པར་བྱེད་པ་དེ་ཅི་ལྟར་ན་ཞེས་བྱ་བ་ལ
་སོགས་པས་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལུང་བསྟན་པ་ཡིན་ནམ། མ་ཡིན་བརྟག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནང་གཅིག་ལ་གཅིག་འདྲིར་གཞུག་པ་བསྟན་པ་སྟེ། དེ་ལ་དེ་ལྟར་སྤྱོད་ཅིང་བྱང་ཆུབ་ཀྱི་ཕྱོགས
་ཀྱི་ཆོས་འདི་དག་ཡོངས་སུ་འདྲིས་པར་བྱེད་པ་དེ་ལ་ཅི་ལྟར་ན་ཞེས་བྱ་བ་ནས་། དེ་ཅིའི་ཕྱིར་ཞེ་ན་།དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་བསྟན་ཏོ། །དེ་རབ་ཏུ
་འབྱེད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཆོས་དེ་དག་ལ་སྤྱོད་ཅིང་ཡོངས་སུ་འདྲིས་པར་བྱེད་པ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་བའི་སྟོང་པ་ཉིད་ཡང་དག
་པའི་མཛའ་ཨི་མངོན་དུ་མི་བྱེད་པ་ཡིན་ཞེས་དྲིས་ན། གལ་ཏེ་རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་འདུས་བྱ་བ་མེད་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། དངོས་པོ་མེད་པ་ཡིད་པས་འདྲིས་པར་བྱ་བ་ཙམ་དུ་ཟད་ཀྱི། མངོན་?་དུ་བྱ་བ་མ་ཡིན་ནོ
་ཞེས་ལན་ལྡན་ན། དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་ལན་ལྡོན་པས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་བ་བསྟན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ
་ལྟ་བུ་དྲིས་ན། འདི་སྐད་ལུང་བསྟོན་ཅིང་དེས་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་མི་བྱའོ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་གནོན་པ་ལྟར་བསྲབས་པའི་ས་ནོན་པ་མ་ཡིན་ཞེས་བྱ་བ
་རིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པའི་ཚེ་།ཇི་ལྟར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་ཡིན་ཞེས་དྲིས་པ་ན་རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་འདུ་བྱ་བ་མེད་པ་ལ་སོགས་པ
་ཡོངས་སུ་འདྲིས་པར་མི་བྱའོ་ཞེས་ཟེར་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དྲིས་པའི་ལོན་ལྡན་པ་དང་མི་མཐུན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་པར་རིག་པར་བྱ་བ་བསྟན་པ་སྟེ། ཕྱིར་མི
་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་ནོན་པ་ལྟར་བསྲབས་པའི་ས་ནོན་པ་མ་ཡིན་ན་ཞེས་བྱ་བ་ལ་བསྲབས་པའི་ས་ཞེས་བྱ་བ། ཉན་ཐོས་ཀྱི་སའི་རིམ་པ་ལ་ནི་ལན་ཅིག་ཕྱིར་འོང་བའི་ས་ཨལ་བྱ། བྱང་ཆུབ
་སེམས་དཔའ་སའི་རིམ་པ་ལ་ནི་ས་གཉིས་པ་ཡན་ཆད་། ས་བདུན་པ་མན་ཆད་ལ་བྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་ན་ན་པ་ནི་མཚན་མ་ཐམས་ཅད་སྤངས་ཤིང་ལྷུན་གྱིས་གྲུབ་པར་གྱུར་པ་དེ་ལྟར་ལུང་མ་བསྟན་པའི་བྱང
་ཆུབ་སེམས་དཔའ་དེ་དག་གིས་བསྲབས་པའི་ས་ཡང་ལེགས་པར་ནོན་པར་མ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་གང་གིས་སླར་མི་ལྡོག་པར་འགྱུར་པའི་རྣམ་གྲངས་མཆིས་སམ་ཞེས་བྱ་བ་ནི་བྱང་ཆུབ
་སེམས་དཔའ་ཨི་སའི་རིམ་པ་མ་ཐོབ་པ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཅི་ལས་བརྟག་ཅེས་ཞུས་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང
་རུང་མ་ཐོས་ཀྱང་རུང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་བ་བཞིན་དུ་ལན་གླན་པའོ་ཞེས་བྱ་བ་ནི་སའི་རིམ་པ་མ་ཐོབ?་པའི་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཟབ་མོ་ལ་མོས་ཤིང། གཞན་གྱིས་དྲིས་པའི་ལན་ཕྱིར་མི་ལྡོག་པའི
་བྱང་ཆུབ་སེམས་དཔའ་དང། མཐུན་པར་ལན་ལྡོག་པ་དེ་དག་ནི་ཕྱིས་ཕྱིར་མི་ལྡོག་པར་འགྱུར་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
་པོ་ཡོངས་སུ་སྤྱང་བའི་ས་འམ། ཡོངས་སུ་སྦྱང་བ་མ་ལགས་པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པར་འགྱུར་བ་དཀོན་པ་སྟེ། ཡོངས་སུ་སྦྱངས་པའི་ས་ནི་མོས་པས་སྤྱོད་པའི་ས་ལ་བྱའོ། །ཡོངས་སུ་སྦྱར་བའི་ས་མ
་ཡིན་པ་ནི་མོས་པས་སྤྱོད་པའི་ས་ཡང་མ་ཐོབ་པ་ལ་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ནས། དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ། །འཕགས་པ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་ལྔ་པའོ།། །།ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དཀོན་པའི་གཏན་ཚིགས་བསྟན་ཏེ། སྔོན་དགེ
་བའི་རྩ་པ་ཆེན་པོ་བསྐྱེད་ཅིང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དེ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང། མཐུན་པར་ལན་ལྡོན་ཞིང། ཕྱིས་ཀྱང་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་དག་དང། ལྷ་དང་མི་དང་ལྷ་མ་ཡིན་གྱིས་འཇིག་རྟེན་གྱིས་ཟིལ་གྱིས་མི
་ནོན?་ཅིང་སླུར་མི་ཚུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བ་པ་སོགས་པ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་མཚན་ཉིད་བརྟག་པ་བསྟན་པ་སྟེ། རབ་འབྱོར་གལ་ཏེ་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་ཞེས་བྱ་བ་ནས། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བ་ཉིད་དུ་ལྟ་ལ། མངོན་དུ་མི་བྱེད་ན་རབ་འབྱོར་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས
་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང། ཁམས་གསུམ་ལ་འདོད་པའི་སེམས་མི་སྐྱེ་ཞིང་ཡོན་ཏན་དུ་མི་ལྟ་ལ། ཆོས་ཐམས་ཅད་རྨི་ལམ་དང། སྒྲ་བརྙན་དང། གཟུགས་དང། སྨིག་སྒྱུ་དང། སྤྲལ
་བ་དང་འདྲ་བར་ལྟ་ཞིང། ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་རྨི་ལམ་ན་དེ་ལྟ་བུ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བའི་རྟགས་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང
་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞབས་འབྲིང་བརྒྱ་ཕྲག་དུ་མ་དང་ཞེས་བྱ་བ་ནས། གཉེར་བའི་ཆོས་ལ་སྤྱོད་པ་མཐོང་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི
་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་སངས་རྒྱས་བཅོམ་ལྡན་འདས་འཁོར་མང་པོས་བསྐོར་ཅིང་ཆོས་འཆད་པ་མཐོང་ལ། ཆོས་དེའི་དོན་ཤེས་པར་བྱའོ་སྙམ་དུ་སེམས་ཤིང་ནན་ཏན་བྱེད་པ་མཐོང
་ན་དེ་ཡང་ཕྱིར་མི་ལྡོག་པར་འགྱུར་བའི་རྟགས་ཡིན་པར་བསྟན་པ་སྟེ། ཆོས་དང་གཉེར་བའི་ཆོས་ཞེས་བྱ་བ་ལ། ཆོས་ནི་མྱ་ངན་ལས་འདས་པ་ལ་སོགས་པ་ཐོབ་པར་བྱ་བའམ། རྟོག་པར་བྱ་བའི་ཆོས་རྣམས་ལ་བྱའོ། །གཉེར་བའི་ཆོས
་ནི་ཐོབ་པར་བྱ་བའི་ཆོས་དེ་རྣམས་བསྒྲུབ་པར་འཕགས་པའི་ལམ་ལ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་འཕགས་ཤིང
་ཞེས་བྱ་བ་ནས། སྤྲུལ་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར
་གྱིས་ནི་བྱང་ཆུབ་སེམས་དཔའ་ལ་ལའི་རྨི་ལམ་ན་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་པ་དང། རྫུ་འཕྲུལ་དང། ཆོ་འཕྲུལ་དང། སྦྲུལ་པ་མང་པོ་སྟོན་ཅིང། སྤྲུལ་པ་དག
་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་སངས་རྒྱ་སྐྱི་བྱ་བ་མེད་པ་མཐོང་ན། དེ་ཡང་ཕྱིར་མི་ལྡོག་པར་འགྱུར་པའི་རྟགས་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞཧན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་རྨི་ལམ་ན་དགྲ་བཅོམ་པའམ་ཞེས་བྱ་བ་ནས་ཁམས་གསུམ་པའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་པར་བྱའོ་སྙམ་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག
་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་པར་གྱིས་ནི་བྱང་ཆུབ་སེམས་དཔའ་ཁ་ཅིག་རྨི་ལམ་ན་བདག་དང་གཞན་ལ་གནོད་པ་དང། མི་བདེ་བ་སྣ་ཚོགས་མཐོང་ཡང་མི་འཇིག་མི་སྡང་ལ་མྱ་ངན་མི་བྱེད་པ་དང། གཉིད་ལས་སད་པའི་ཚེ་ཡང
་ཁམས་གསུམ་པའི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་རྟོགས་ཤིང། ཡིད་ཆེས་པ་དང། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་གཞན་ལ་ཡང་བསྟན་པར་སེམས་ནི་དེ་ཡང་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཅི་ལྟར
་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ནས། རྨི་ལམ་གང་ཡིན་པ་དང། རྨི་ལམ་གྱི་མཛའ་གང་ཡང་ཡིན་པ་དེ་གཉིས་སུ་མེད་དེ་གཉིས་སུ་ཕྱར་མེད་དོ་སྙམ་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ལ་ལའི་རྨི་ལམ་དུ་ངན་སོང་གསུམ་མཐོང་ནས། བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་པོ་དེ་དག་རྣམ་པ་ཐམས་ཅད་དུ
་མེད་པར་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱད་སྙམ་དུ་ཡི་དམ་འཆའ་ན་དེ་ཡང་ཕྱིར་མི་ལྡོག་པར་འགྱུར་བའི་རྟགས་ཡིན་པ་དང། བྱང་ཆུབ་སེམས་དཔའ་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་རྣམ་པ་ཐམས་ཅད
་དུ་མི་སྲིད་པར་འགྱུར་བའི་མཚན་མ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་འམ་སད་པའི་ཚེ་།གྲོང་ཁྱེར་ཚིག་པར་གྱུར་ན་ཞེས་བྱ་བ་ནས། རྒྱུ་དེ་དང་རྐྱེན་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བདེན་བའི་བྱིན་གྱིས་རླབས་ཀྱིས་མཐུ་ལས་ཕྱིར་མེ་ལྡོག་པར་ཤེས་པར་བྱ་བ་བསྟན་པ་སྟེ། རྨི་ལམ་འམ་གཉིད་ཀྱིས་མ་ལོག་པའི་ཚེ་ཡང་རུང། གྲོང་ཁྱེར་མས་ཚིག་པ་མཐོང་ནས་བདག
་ཕྱིར་མི་ལྡོག་བའི་བྱང་ཆུབ་སེམས་དཔའ་ཡིན་ན་མེ་འདི་ཞི་བར་གྱུར་ཅིག་ཅེས། བདེན་པའི་ཚིག་གིས་བྱིན་གྱིས་བརླབས་ཏེ་མེ་དེ་ཞི་བར་གྱུར་ན་ཕྱིར་མི་ལྡོག་པར་འགྱུར་བར་རིག་པར་བྱའོ། །དེ་སྟེ་མེ་དེ་རྣམ་པ་ཐམས་ཅད་དུ་ནི་མ་ཞི་ནས་ལ་ལམ་ཚིག་?་
་གྱུར་ན་ཡང། སེམས་ཅན་དེ་དག་གི་ལས་ལས་གྱུར་ཏེ། ལས་དེའི་རྣམ་པར་སྨིན་པ་དེ་པས་ཀྱང་སྡུག་བསྔལ་ཆེ་ལ་ཡུན་རིང་དུ་འགྱུར་བ་ལས། བྱང་ཆུབ་སེམས་དཔའ་ཨི་བདེན་པའི་བྱིན་གྱིས་བརླབས་ཀྱིས་རྣམ་པར་སྨིན་པ་དེ་ཙམ་དུ་ཟད་པར
་གྱུར་ན་ཡང་ཕྱིར་མི་ལྡོག་པར་འགྱུར་བར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་རྣམ་པ་གང་དང། ཚུལ་གང་དང་མཚན་མ་གང་གིས་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས
་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཀྱང། ཕྱིར་མི་ལྡོག་པ་ཡིན་ནམ་མ་ཡིན་པ་བདེན་པའི་ཕྱིན་གྱི་བརླབས་ཀྱིས་བརྟག་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཐམས་མཁས་པ་དང་མི་ལྡན་པ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས
་མི་མཁས་པ་རྣམ་པར་བྱང་བའི་ཆོས་ཡོངས་སུ་རྫོགས་པར་མ་སྤྱད་པ་དག་གིས་བདེན་པའི་བྱིན་གྱིས་བརླབས་ན་བདུད་ཀྱིས་བསླུས་ནས་མངོན་རྟགས་གཏན་པས་ང་རྒྱལ་སྐྱེས་ཏེ་བདག་བསྟོད་ཅིང་གཞན་སྨོད་པ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར
་ལྟུང་བ་བསྟན་པའོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ་ཞེས་བྱ་བ་ནས་རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱིས་བརླབས་ཀྱིས་བདུད་ཀྱི
་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོངས་སུ་རྫོགས་པར་མ་བྱས་པ་དག་ལ་བདུད་ཀྱི་དན་རྟགས་རྣམ་པ་མང་པོ་བསྟན་ཏེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ་ཞེས་སྔོན་གྱི་དན་རྟགས་དང། ད་ལྟར་སྤྱོད་པའི་དན་རྟགས་ཀྱིས་ཡིད་ཆེས་པར་བྱས་ནས་བསླུས་ན་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ཏེ། རློམ་སེམས་སུ་བྱེད་དེ་དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱིས་བརླབས་སུ་རིག་པར་བྱ་སྟེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་བྱ་པའི་བར་གྱིས་ནི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཅེན་པོ་ཐབས་མི་མཁས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་རེ་ཞིང། བདག་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་མིང་འདི་སྐད་ཅེས་བྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང།
་ཡིད་ལ་བསམས་པ་དེ་ཉིད་ཀྱི་དན་རྟགས་ཀྱི་བདུད་ཀྱིས་བསླུས་ནས། དེས་རློམ་སེམས་སྐྱེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་པའམ། ཡང་ན་ཡུན་རིང་པོའི་འཁོར་བ་ན་འཁྱམས་འཁྱམས་ནས། ཕྱིས་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཤེས་རབ་ཀི་ཕ་རོལ་ཏུ
་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་བསྟན་པའོ། །རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་ལྟ་བ་དང། བསྙེན་བཀུར་བར་མ་གྱུར
་པ་ཞེས་བྱ་བ་ནས། མཆམས་མེད་པ་ལྔ་པས་ཀྱང་ཤིན་ཏུ་ལྕི་བ་སྟེ་།སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྡི་བར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་ཀྱིས་སླུས་ཏེ། རློམ་སེམས་སྐྱེས་ནས་བྱང་ཆུབ་སེམས་དཔའ་གཞན་སྨད་ཅིང་བརྙས་པ་མ་བཤགས་མ་མཐོལ
་ན་དགེ་སློང་གི་ཁྲིམས་ཀྱི་རྩ་བ་བཞི་དང། མཚམས་མེད་པ་ལྔ་བྱས་པ་བས་ཀྱང་སྡིག་ཆེ་བར་བཤད་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དབེན་པའི་ཡོན་ཏན་སྔོན་ཅིང་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
་ཀྱི་རང་གིས་ཁོང་དུ་ཆུད་པའི་མངོན་པར་ཤེས་པའི་མཐུར་རིག་པར་བྱའོ་ཞེས་བྱ་བའི་བར་གྱི་ནི་ལུས་དབེན་པ་སྨད་ཅིང་སེམས་དབེན་པ་བསྟོད་པ་བསྟན་པ་སྟེ། ལུས་དབེན་པ་ནི་དགོན་པ་ན་གནས་པའོ། །སེམས་དཔོན་པ་ནི་ཐེག་པ་ཆུང་དུའི་ལྟ་བ་དམན་པ་མེད་པའོ།།
་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱའོ་ཞེས་བྱ་བ་ནས། དེ་བཞིན་ཉིད་ཡང་དག་པའི
་མཛའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན་ལ་བསྟཉེན་ཅིང། བརྟེན་པ་དང། རིམ་གྲོ་བྱ་བ་དང། དགེ
་བའི་བཤེས་གཉེན་གང་དང་གང་ཡིན་པ་ཤེས་པར་བྱ་བ་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་བ་ཡང་ཆོས་དེ་རྣམས་ལ་བརྟེན་ཅིང་གོམས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར
་རྫོགས་བའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་རྒྱུར་འགྱུར་བའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བརླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་བཤེས་གཉེན
་དུ་རིག་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། སྟོན་པ་དང། ལམ་དང། སྙིང་པོ་དང། སྒྲོན་མ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཕན་འདོགས་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་བའི་རྣམ་གྲངས་སུ་རིག་པར་བྱའོ། །
་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པ་ལ། འཁོར་གྱི་ནང་ན་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་ཡོད་པར་རྟོག་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚོན་ཉིད་ནི་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པས་ནམ་མཁའ་དང་འདྲའོ་ཞེས་བསྟན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མེད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་ནམ་མཁའ་དང་འདྲ་བའི་ཕྱིར་ཆོས་གང་གི་མཚན
་ཉིད་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས། དེ་ལ་མཚན་ཉིད་ཅི་ཡང་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན
་འདས་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་དང། རང་བཞིན་གྱིས་སྟོང་པར་བསྟན་པའི
་སྐབས་དབྱེ་བའི་ཕྱིར་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། འདྲ་འམ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི
་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་ཅིང་སྟོང་པ་ཉིད་དུ་འདྲའོ་ཞེས་བསྟན་པའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས
་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ་ཞེས་བྱ་བ་ནས། འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང། དབེན་པའི་མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅདྱོད་དོ་ཞེས
་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་དང། རང་བཞིན་གྱིས་སྟོང་པར་འདྲའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱང། ཆོས་ཐམས
་ཅད་ཀྱི་དབེན་ལ་ཞེས་བྱ་བ་ནས་། བཅོམ་ལྡན་འདས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་ཉོན་མོངས་པའི་ཕྱོགས
་སྤང་བ་དང། རྣམ་པར་བྱང་བའི་ཕྱོགས་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བསྟན་པ་དེ་དག་ཐམས་ཅད་ཀྱང། དངོས་པོ་མེད་དེ་རང་བཞིན་གྱིས་སྟོང་ན། དེའི་དོན་ཅི་ལྟར་རྟོགས་པར་བགྱི
་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལས་སྤྱོད་དམ་ཞེས་བྱ་བ་ནས། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པ་?་རབ
་འབྱོར་དེ་ལྟ་ན་སེམས་ཅན་རྣམས་ཀྱིས་རྣམ་པར་བྱང་བ་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་ཞིང་སྟོང་ན་སེམས་ཅན་རྣམས་ཀྱི་དེ་ལྟར་མ་རྟོགས་ཏེ། མཚན་མར་འཛིན་ཅིང་འཁོར་པ་ན་འཁྱམས་ལར
་གྱུར་པ་དེ་དག་བཀྲི་པའི་ཕྱིར་ཀུན་རྫོབ་ཏུ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་པ་ཡོད་པར་སྒྲོ་བཏགས་ཏེ་བཤད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་མི་སྤྱོད་དོ་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་དོ་ཞེས་བྱ་པའི་བར་གྱིས་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་ཀྱང། སྟོང་པ་ཉིད་མངོན་དུ་མི་བྱེད་པར་ཐབས་མཁས་པས་ཀུན་རྫོབ་ཏུ
་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོད་པར་ལྟ་བ་དེ་ལྟར་སྤྱོད་པ་ནི་ཀུན་རྫོབ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྤྱོད་ཀྱང། དོན་དམ་པར་དེ་དག་ལ་དངོས་པོར་ལྟ་ཞིང་མི་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ
་ན། དེ་ནི་འདི་ལྟར་གང་སྤྱོད་པ་དང་།གང་གིས་སྤྱོད་པ་དང། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་སོ་ཞེས་བྱ་བས་ནི་དོན་དམ་པར་ཆོས་ཐམས་ཅད་ལ་མི་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས
་སྟོང་པས། སྤྱོད་པ་པོ་དང། སྤྱད་པར་བྱ་བ་དང། སྤྱོད་པའི་རྒྱུ་གང་ཡང་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས
་མི་ཐུབ་པ་སྟེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས་སོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཐབས་མཁས་པ་དང་ལྡན་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་ཐམས་ཅད་ཀྱིས་གནོད་པར་བྱ་མི་ནུས་ཤིང། ཉན་ཐོས་དང་རང
་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ
་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཛམྦུའི་གླིང་དང། གླིང་བཞི་དང། སྟོང་གི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སངས་རྒྱས་སུ་གྱུར་པ་ལ་རིམ
་གྲོ་དང་བཀུར་སྟི་ལ་སོགས་པ་བྱ་སྟེ་།དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བས་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང། ཡིད་ལ་བྱེད་པ་པོས་དེ་ནམས་ཅེས་བསྟན་པ་སྟེ།
་གཞན་ལ་སྟོན་པ་དང། འཆང་བ་དང་རྣམ་པར་གཞོགས་བ་དང། རབ་ཏུ་གཞོགས་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་པ་ཞེས་བྱ་པ་ནི། འཆད་པའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གལ་ཏེ
་ཛམྦུ་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མ་ལ་ལ་ཞིག་གིས་།དགེ་བ་བཅུའི་ལས་ཀྱི་ཡམ་ལ་རབ་ཏུ་བཀོད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ཛམྦུའི་གླིང
་དང་གླིང་བཞི་དང། སྟོང་གི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་མིའི་ལུས་སུ་གྱུར་ལ་། དེ་དག་ཐམས་ཅད་དགེ་བ
་བཅུའི་ལས་ཀྱི་ལས་ལ་སོགས་པ་ལ་བཀོད་དེ། དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་འཆད་པ་ལ་སོགས་པའི་བསོད
་ནམས་ཆེ་བ་བསྟན་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་སྤྱོད་པ་ནི་ཞེས་བྱ་བ་ནས། བླ་ན་མེད་པའི་ཤེས་རབ་ཀྱི་མིག་བསྐྱེད་པར་འདོད
་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་པར་བྱའོ་ཞེས་བྱ་བའི་བར་གྱི་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་ཅིང་འཆད་པ་ལ་སོགས།
་བའི་སྒོ་ནས་སྤྱོད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་སྤྱོད་པའི་ཕན་ཡོན་བསྟན་པ་སྟེ། དེའི་ཕན་ཡོན་ཡང་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་དང། ཚད་མེད་པ་བཞི་དང་ལྡན་པར་འགྱུར་བ་དང། ཕ
་རོལ་ཏུ་ཕྱིན་པ་དྲུག་གི་སྣང་བ་ཆེན་པོ་དང་ལྡན་པ་དང། མངོན་པར་རྫོགས་པར་སངས་མི་རྒྱས་ཀྱང། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་དང། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང། གོས་དང་བསོད་སྙོམས་ལ་སོར
་པ་སྦྱིན་པའི་སྦྱིན་བདག་གི་སྦྱིན་པ་ཡོངས་སུ་དག་པར་བྱེད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉི་དང་ཉེ་བར་འགྱུར་བ་དག་སྟེ། དེ་བས་ན་ཕན་ཡོན་དེ་དག་ཐོབ་པར་འདོད་པ་དང། ཡུལ་ཁམས་ཀྱི་བསོད་སྙོམས་བླངས་པ་འབྲས་བུ་ཡོད་པར་བྱ་པར་འདོད་པ
་དང། སེམས་ཅན་ཐམས་ཅད་ཀྱི་ལམ་སྟོན་པ་ལ་སོགས་པ་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས། རྟག་ཏུ་རྒྱུན་མི་འཆད་པར་གནས་པར་བྱའོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་མི་སྤྱོད་ན་ཡང་དེས་ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་དབྱེ་བ་སྟེ་ཞེས་བྱ་བ་ནི་བརྒྱ་ལ་གོང་དུ་སྨོས་པ་ལྟ་བུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ཡོངས་སུ་རྫོགས
་པར་མ་ནུས་ན་ཡང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་གོ་སྐབས་མི་དབྱེའོ་ཞེས་བསྟན་པའོ། །དེས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ཉིད་ཀྱིས་ཉིན་མཚན་དུ་མི་གཏོང་ཞིང་བརྩོན་པར་གནས་པ་ད་ལྟར་བྱའོ་ཞེས
་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་ཡོངས་སུ་མ་རྫོགས་སུ་མི་གཏོང་བར་བརྩོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དེ་སྟོང་པར་ཡང་མི་བྱ་སྟེ། དེ་
་ལྟར་ན་རྟག་ཏུ་བདེ་བ་དང་ཡིད་བདེ་བ་དང། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡིད་ལ་བྱ་བ་རྟག་ཏུ་མི་གཏང་བའི་དཔེ་བསྟན་པ་སྟེ། དེ་ལྟར་ཡིད་ལ་བྱ་བ་དེ་མ་བཏང
་ན་རྟག་ཏུ་ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཡིད་ལ་བགྱི་པ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་ལོ་ཞེས་བཤད་པ་ལ་འཁོར་གྱི་ནང་ནས་ཁ་ཅིག་ཡིད་ལ་བྱ་བ་དེ་ལྟ་བུ་དངོས་པོ་ཡོད་པར་རྟོག་པ་བསལ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས
་བྱ་བ་ནས། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ལ་འཕེལ་བ་མེད་དོ། །ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ཡིད་ལ་བྱ་བ་དང་མ་བྲལ་བ་ཞེས་བྱ་བ་ཡང་དངོས་བོ་ཡོད་པར་རྟོག་པའི
་ཡིད་ལ་བྱ་བ་ལ་ནི་མི་བྱའོ། །དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་།སུས་ཀྱང་མ་བྱས་ལ་དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་ལ་སོགས་པའི་རང་བཞིན་དུ་གནས་པར་ཤེས་པ་ཉིད་ཡིད་ལ་བྱེད་པ་དེ་དང་མ་བྲལ་བ་ཡིན་ནོ་ཞེས་བསྟན་པའོ
་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང། རང་བཞིན་གྱིས་སྟོང་པ་ལགས་ཞེས་བྱ་བ་ནས་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ
་ཞེས་བྱ་བར་རྟོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ་ཞེས་བཤད་པ་ལ། འཁོར་གྱི་ནང་ནས་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པར་རྟོགས་པ་བསལ
་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་དེའི་ལན་བཀའ་སྩལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་པ་ཞེས་བྱ་བ་ཡང་དངོས་པོ་ཡོད་པར་དེ་ཡང་མ་བྲལ་བ་ལ་ནི་མི་བྱའི། དོན་དམ་པར་རང་བཞིན་གྱིས་སྟོང་བས། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས
་དང། ཡང་དག་པའི་མཛའ་ཨི་རང་བཞིན་དུ་རོ་གཅིག་སྟེ། དེ་ལ་འཕེལ་འགྲིབ་དང། གཅིག་དང་གཉིས་ཞེས་བྱ་བར་རྣམ་པར་རྟོག་པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར
་གྱིས་གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་མ་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་བྱ་བ་ནི་གོང་དུ་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་པར་རྟོག་པར་རིག་པར་བྱའོ་ཞེས་གསུངས་པ་ལ། འཁོར་གྱི་ནང་ནས་འགའ་ཞིག་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དངོས་པོར་ཡོད་དམ་སྙམ་དུ་རྟོག་པ
་བསལ་བའི་ཕྱིར་ཞུས་པ་སྟེ། སྟོང་པ་ཉིད་དང། གསོག་དང་གསོབ་དང། རག་མ་ལུས་པ་དང། སྙིང་པོ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་ལ་སྤྱོད་པ་གཉིས་ཀ་རང་བཞིན་སྟོང་ན་། སུ་ཞིག་ཅི་ལ་སྤྱོད
་ཅེས་བྱ་བའི་དོན་ཏོ། །གསོག་དང་གསོབ་དང་རག་ལུས་པ་དང། སྙིང་པོ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་སྤྱོད་དོ་ཞེས་བྱ་བ་ཡང་།ཀུན་རྫོབ་ཏུ་བཤད་པ་ཙམ་དུ་ཟད་ཀྱིས། དོན་དམ་པར་ནི་སྤྱོད་བ་དང། སྤྱད་པར་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུང་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ
་ལ་སྤྱོད་པའི་ཆོས་གང་དམིགས་སུ་མཆིས་སམ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། དེ་ལས་གཞན་པའི་ཆོས་འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ།
་བྱིན་པ་ལ་སྤྱོད་པ་མཆིས་སམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཆོས་གཞན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མདོ་ཞེས
་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལས་གུད་ན་ཆོས་གཞན་འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ལ་སྤྱོད་པ་མེད་ན་།ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན
་གྱིས་སྟོང་པས་དེ་ཉིད་ལ་དེ་ཉིད་མི་སྤྱོད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཅི་ལགས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། སྤྱོད་པ་དང་སྤྱད་པར་བྱ་བ་གཉི་ག་སྟོང་ན་སྟོང་པ་ཉིད་ལ་སྤྱད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད
་ཅེས་བྱ་བ་དངོས་པོ་མེད་པ་ལ་བྱ་སྟེ་།དངོས་པོ་མེད་པ་དངོས་པོ་མེད་པ་ལ་སྤྱད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་སྟོང་པ་ཉིད་ལས་གུང་དུ་སྟོང་པ་ཉིད་སྤྱོད་དམ་ཞེས་བྱ་བ་ནི་དེ་ལྟར་སྤྱོད་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་ན་སྟོང་པ་ཉིད
་ལས་གཞན་པའི་དངོས་པོ་བཟའ་ཞི་ལ་སྟོང་པ་ཉིད་སྤྱོད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་བར་སྟོང་པ་ཉིད་དུ་རོ་གཅིག་བས། སྟོང་པ་ཉིད་མ་ཡིན་པའི་ཆོས་གང་ཡང
་མེད་དོ་ཞེས་བྱ་བའི་དོན་ཏོ་།གསོལ་པ་བཅོམ་ལྡན་འདས་ཅི་ལགས་།གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཅི་ལགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། །བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ་། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱི་ནི་།དེ་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་ན། གཟུགས་ལ་སོགས་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་དམ་ཞེས་ཞུས་པ་དང་ཆོས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་། སྤྱོད་པ་དང་སྤྱད་པར་བྱ་བ་གཉིས་སོ་སོར་དབྱེར་མེད་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཅི་ལགས་།གཟུགས་ཀྱི་སྟོང་པ་ཉིད་དང་ཞེས་བྱ་བ
་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་དང་།གསོག་ཉིད་དང་།གསོག་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་།དེ་བཞིན་ཉིད་དང་།མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཀྱི་དབྱིངས་དང
་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཛའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས
་ནོ?། དེ་ལྟར་གཟུགས་ལ་སོགས་པའི་དངོས་པོ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན་།གཟུགས་ལ་སོགས་པ་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་ཞུས་པ་དང།
་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་ནི་སྤྱོད་པ་དང། སྤྱད་པར་བྱ་བ་གཉིས་ཀ་མེད་པས་།གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་བ་རྣམས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་?
་བརྟན་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྤྱོད་ན་།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་སེམས་དཔའ་ཆེན་པོ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བ་ལགས་ཞེས་བྱ་བ་ནི་དེ
་ལྟར་གོང་དུ་སྨོས་པའི་ཚུལ་དུ་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བ་མེད་ན་།དེ་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བཀའ་སྩལ་ཅེས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཁྱོད་ཀྱིས་མཐོང་དམ་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཞེས་བྱ་བ་ནི་སྤྱོད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དོན
་དམ་པར་ཡོད་པ་མ་ཡིན་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཁྱོད་ཀྱི་མཐོང་ངམ། གསོལ་པ་བཅོམ
་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་སྤྱད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་ཡོད་པ་མ་ཡིན་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། རབ་འབྱོར་དེ་ཇི་སྙམ་དུ་སེམས་ཆོས་གང་ཁྱོད
་ཀྱིས་མཐོང་བའི་ཆོས་དེ་དམིགས་སུ་ཡོད་དམ་། གསོལ་པ་བཅོམལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བས་མི་སྤྱོད་པ་དང་སྤྱད་པར་བྱ་བ་གཉིས་ཀ་དོན་དམ་པར་དངོས་པོ་མེད་པས་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ?
་དུ་སེམས་ཆོས་གང་དམིགས་སུ་མེད་པ་དེ་སྐྱེ་བ་འམ་འགག་པར་འགྱུར་རམ་།གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བས་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པས་སྐྱེ་བར་རང་འགག་པ་ཡང་མེད་དོ་ཞེས་བསྟན་པའོ། །བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམས་མི་འགྲོ་བའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཅི་ལགས།
་ཆོས་ཐམས་ཅད་མི་སྐྱེ་པ་ཉིད་གང་ལགས་པ་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་གསུངས་པ། དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་ན་ལུང་བསྟན་དུ་ཡང་མ་མཆིས་སམ་ཞེས་གསོལ་པའོ།
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལུང་བསྟན་ཏོ་ཞེས་བྱ་བ་ཡང་ཀུན་རྫོབ་ཏུ་བཤད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པས་ལུང་བསྟན་པ་གང་ཡང་མེད་དོ་ཞེས་བྱ་བའི
་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས་། སྐྱེ་བ་ཡང་མ་ལགས་མི་སྐྱེ་བ་ཡང་མ་ལགས་པ་ལས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་ལུང་བསྟན་པར་འགྱུར་ཞེས་བྱ་བའི་བར་གྱི་ནི་དེ་ལྟར་དངོས་པོ་ཡོད་པ་དང། དངོས་པོ་མེད་པ་དང། ཡོད་མེད་གཉིས་ཡང་མ་ཡིན་པ་ལས་ལུང་བསྟན་པར་མི་འགྱུར་ན་།ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་ལྟར་སྤྱོད་པའི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་གསུངས་པ་ཞེས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་ལུང་བསྟན་བར་འགྱུར་བའི་ཆོས་དེ་ལྟ་བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བའི་བར་གྱི་ནི་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཞེས་བྱ་བ་ཡང། ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ལུང་བསྟན་པའི་དངོས་པོ་གང་ཡང་མེད་དེ། བྱང་ཆུབ་སེམས་དཔའ་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང། ཡེ་ཤེས་གང་གིས་མངོན
་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང། ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་རྒྱ་བར་བྱ་བ་ཡང་མེད་ལ་བྱང་ཆུབ་སེམས་དཔའ་ཡང་འདི་སྙམ་དུ་བདག་ནི་མངོན་པར་རྫོགས་བར་འཚང་རྒྱའོ། །ཡེ་ཤེས་ནི་འདིས་མངོན་པར་རྫོགས་པར
་འཚང་རྒྱ་བར་བྱའོ། །ཆོས་འདི་དག་མངོན་པར་རྫོགས་བར་སངས་རྒྱས་པར་བྱའོ། །སྙམ་དུ་ཡང་མི་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་རྣམ་པར་མི་རྟོག་གོ་ཞེས
་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་རྒྱ་ཆེར་བཤད་པ་ལས་། ལེའུ་བཞི་བཅུ་དྲུག་གོ། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ
་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་བའི་སླད་དུ་ཟབ་བའོ་ཞེས་བྱ་བ་ནས་།བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་མཁས་ཤིང་རིགས་པས་རྟོགས་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི།
་གང་དུ་ཆོས་ཐམས་ཅད་དམིགས་སུ་མེད་པར་བསྟན་བའི་དོན་བརྒྱ་བྱིན་གྱིས་རྟོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་སྒོ་ནས་བསྟོད་པ་སྟེ་། ཤིན་ཏུ་དབེན་པའི་སླད་དུ་ཟབ་པོ་ཞེས་བྱ་བ་ནི་གང་ཟག་དང་ཆོས་གཉིས་ལ་རང་བཞིན་མེད
་པར་སྟོན་ཅིང་། དམིགས་བ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་བའི་ཕྱིར་ཟབ་པའོ་ཞེས་བྱ་བའི་དོན་ཏོ། །བལྟ་དཀའ་བ་དང། རྟོགས་པར་དཀའ་བ་དང། བརྟག་ཏུ་མེད་པ་དང། བརྟག་པའི་སྤྱོད་ཡུལ་མ་ཡིན་པ་དང། ཞི་བ་དང། ཕྲ་བ་དང།
་ཞིབ་བ་ཞེས་བྱ་བའི་དོན་སྔར་ཡང་བཤད་ཟིན་ཏེ། ཟབ་པའི་རྣམ་གྲངས་སུ་རིག་པར་བྱའོ། །མཁས་ཤིང་རིག་པས་རྟོགས་བར་བགྱིའོ་ཞེས་བྱ་བ་ནི་དེ་ལྟར་ཟབ་པས་དམིགས་པ་ཅན་ཐམས་ཅད་མི་མཁས་བས་རྟོགས་པར་བྱ་བ་མིན་གྱི་།ཐབས
་དང་ཤེས་རབ་ཟུང་དུ་འབྲེལ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་བསྟན་བའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང། ཞེས་བྱ་བ་ནས། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན
་གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ནན་ཏན་བྱེད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་སེམས་ལས་བྱུང་བ་དམིགས་པ
་ཅན་མི་སྐྱེད་པ་དེ་དག་ནི་དགེ་བའི་རྩ་བ་མཆོག་དམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུ་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་ཞེས་བྱ་བ་ནས?་
་གྲངས་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱི་ནི་ཛམྦུ་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང་བསམ་གཏན་བཞི་དང་།ཚད་མེད་པ་བཞི་དང། གཟུགས་མེད་བའི་སྙོམས་པར་འཇུག་པ་བཞི་དང། མངོན་པར
་ཤེས་པ་ལྔ་དང་ལྡན་པར་འགྱུར་བའི་བསོད་ནམས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་ཅིང་ནན་ཏན་བྱས་པ་བསོད་ནམས་ཁྱད་པར་འཕགས་པ་ཆེ་བ་བསྟན་པའོ། །དེ་ནས་དགེ་སློང་གཅིག་གིས་ལྷའི་དབང་བོ་བརྒྱ་བྱིན་ལ་འདི་སྐད་ཅེས
་སྨྲས་སོ་ཞེས་བྱ་བ་ནས་།དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སློབ་བ་སྟེ་། ཉན་ཐོས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ་རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི
་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ལ་སྤྱོད་བའི་བྱང་ཆུབ་སེམས་དཔའ་། ཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་སོགས་བ་དང་ལྡན་བ་ཟིལ་གྱིས་གནོན་ཏོ་ཞེས་འཁོར་གྱི་ནང་ན་འདུག་འདུག་པའི་དགེ་སློང་གཅིག་ཅིག་གིས་ཡོན་ཏན
་བསྔགས་བ་དང། བརྒྱ་བྱིན་གྱིས་ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སོགས་པ་དང་ལྡན་ལ་།རྣམ་པ་ཐམས་ཅད་མཁྱེན་པ་དང་ལྡན་བའི་སེམས་དང་པོ་སྐྱེད་པས་ཀྱང་ཟིལ་གྱིས་མི་ནོན་ན་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོ་འདི
་ལ་སྤྱོད་ཅིང་ནན་ཏན་བྱེད་པས་ཟིལ་གྱིས་གནོན་པ་ལྟ་སྨོད་ཀྱང་ཅི་དགོས་ཏེ། དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པར་འགྱུར་ཏེ། དེར་ཡང་མ་ཟད་ཀྱི་ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པ་དང་།ཐབས་དང
་ཤེས་རབ་མི་ལྡན་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱོད་པ་རྣམས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ལྷ་དང་མི་དང་ལྷ་མ་ཡིན་དུ་འཇིག་རྟེན་གྱི་དེ་ལ་ཟིལ་གྱིས་གནོན་པར་ཡང་མི་ནུས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཇི་སྐད་བཤད་པ་དང
་མཐུན་བར་སྤྱོད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིག་རྒྱུན་མི་གཅོད་བ་དང། དེ་བཞིན་གཤེགས་པ་རིང་དུ་མི་བྱེད་པ་དང། སྙིང་པོ་བྱང་ཆུབ་ལས་འཕང་བར་མི་འགྱུར་བ་དང། སེམས་ཅན་ངན་སོང་གསུམ་དུ་བྱིང་བ་རྣམས་འདོན་ནུས་པར་འགྱུར་བ་དང། བྱང་ཆུབ
་སེམས་དཔའ་ཨི་བསླབ་པ་ལ་སློབ་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་བསླབ་པ་ལ་མི་སློབཔའི་ཡོན་ཏན་བསྔགས་པ་བསྟན་པའོ།།དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ། རྒྱལྤོ་ཆེན་པོ་བཞི་དག་ཀྱང་འགྲོ་བར་བྱ་བར་སེམས་ཏེ་ཞེས་བྱ་བ་ནས།
་འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ་འདི་ཉིད་ནན་ཏན་དུ་རིག་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ནན་ཏན་དུ་བྱེད་པའི་ཚེ། འདི་ཉིདལ
་འདོད་བའི་ཁམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་རིམ་གྲོང་བྱ་བ་དང། དེ་བཞིན་གཤེགས་པ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་།ལུས་དང་སེམས་ལ་གནོད་པ་དང། སྡུག་བསྔལ་དང་ནང་ཐམས་ཅད་མི་འབྱུང་བའི་ཕན་ཡོན་བསྟན་པའོ། །དེ་ནས་ཚེ་དང
་ལྡན་བ་དགའ་བོ་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང། ལེགས་པ་བརྗོད་བ་ནི་སངས་རྒྱས་ཀྱི་མཐུར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བརྒྱ་བྱིན་གྱིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བའི་རྣམ
་གྲངས་བསྟན་པ་དང། དེ་ལ་སྤྱོད་བའི་ཕན་ཡོན་བསྟན་པ་ཡང། བརྒྱ་བྱིན་གྱིས་ཆོས་བཤད་ན་འདུལ་བའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང
་ལྡན་བ་དགའ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བརྒྱ་བྱིན་དེ་སྐད་སྨྲ་བ་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བདེན་ནོ་ཞེས་བཀའ་སྩལ་བའོ། །དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་ཞེས་བྱ་བ་ནས། སྤུ་གཡོ་བར་འགྱུར་བ་དང། སྐར་མདའ་ལྟུང་བ་གཏོང་ཞེས་འཇིགས་པ་སྐྱེད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ
་བདུད་ཐམས་ཅད་གླགས་བལྟ་བར་འགྱུར་གྱིས་བག་ཡོད་བར་བྱས་ཤིག་ཅེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས
་པ་དེ་ནི་རྣམ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་།རིགས་ཀྱི་དུ་འདི་གཉིས་ཀྱི་ནི་སེམས་ཅན་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་གྱི་ལམ་བརྩམ་སོ་ཞེས་བྱ་བ་ནས། དགའ་ཞིང་སྤྲོ་བ་དང་ཚིམ་ཞིང་ཡིད་བདེ་བ་སྐྱེ
་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་ནི་བདུད་ཀྱི་གླགས་རྙེད་པར་འགྱུར་བའི་སྐྱོན་རྣམས་བསྟན་པ་སྟེ་།སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དང་ཅིང་མོས་པར་མ་བྱས་པ་དང། ཐེ་ཙོམ་ཟ་བ་དང། དགེ་བའི་བཤེས་གཉེན་དང་མི་ལྡན་པ་དང་།དམ་པའི
་ཆོས་མ་ཡིན་པ་ཡོངས་སུ་འཛིན་ཅིང། དེའི་ལེགས་པ་བརྗོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤིན་ཏུ་ཟབ་པས། ཁྱོད་ཀྱི་སྤྱད་མི་ནུས་སོ་ཞེས་གཞན་གྱི་དང་བ་བཟློག་པ་དང། བདག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་བསྙེམས་ཤིང་།གཞན་ཕ
་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་མ་ཡིན་ནོ་ཞེས་བརྙས་པར་བྱེད་པ་དང། བདག་ཉིད་མཆོག་ཏུ་སེམས་ཤིང་།རློམ་སེམས་བསྐྱེད་པ་དང། བདག་གིས་མིང་དང་རུས་ཀུན་གྱིས་བརྗོད་པའི་གྲགས་པ་བསྙེམས་ནས། གཞན་ཁྱད་དུ་གསོད་དོ་།བདག་བསོད་ཅིང་གཞན
་ལ་སྨོད་པ་དང། གང་ཟག་བྱང་ཆུབ་སེམས་དཔའ་ཐེག་པ་པ་།གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་རྩོད་པ་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་སྤྱོད་པ་ནང་འཐབ་བར་འགྱུར་ན། བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེས་བསྟན་པའོ། །དགའ་བོ་གཞན
་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ་ཞེས་བྱ་བ་ནས་།ཇི་སྲིད་ཀྱི་བསྐལ་པར་གོ་ཆ་བགོ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་པ་ལ་པས་ལུང་བསྟན་བའི་བྱང་ཆུབ་སེམས་དཔའ་ལ་བརྙས་ཤིང
་གནོད་བར་བསམས་ལ་བྱང་ཆུབ་སེམས་དཔའ་ཕལ་པ་དེ་ཡང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ཞིང་ཐོབ་པར་འདོད་ན་གནོད་སེམས་དང་སྡིག་བའི་སེམས་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་དགའ་བ་སྤྱོད་ཅིང་འབད་དགོས་སོ་ཞེས་བསྟན་པའོ། །དགའ་བོས
་གསོལ་པ་བཅོམ་ལྡན་འདས་དེ་དག་གི་སེམས་སྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆིས་སམ་། འོ་ན་དེ་མ་ལགས་ཀྱི་བསྐལ་པ་དེ་སྙེད་ཁོ་ནར་གོ་ཆ་བགོ་འཚལ་ཞེས་བྱ་བ་ནི་དེ་ལྟ་བུའི་ངན་སེམས་སྐྱེས་པ་བཤགས་ཤིང་སྦྱངས་ན། འབྱང་བར་འགྱུར་རམ་མི་འགྱུར
་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བ་གོང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་ཞེས་བྱ་བ་ནས། དེ་ལ་བདུད་ཀྱི་སྡིག་ཏོ་ཅན་གླགས་ལྟ་ཞིང་།གླགས་འཚོལ་བས་ཀྱང་གླགས་མི་རྙེད་དོ་ཞེས
་བྱ་བའི་བར་གྱིས་ནི་དེ་ལྟར་འཐབ་ཤིང་རྩོད་པ་ལ་སོགས་པར་འགྱུར་ན་ཞེ་ལ་མི་འཚང་ཞིང་འཁོན་དུ་མི་འཛིན་པར་བྱ་སྟེ། མཐོལ་ཤིང་བཤགས་ལ་ཕྱིན་ཆད་ཀྱང་དེ་ལྟར་མི་བྱ་བར་ཡི་དམ་བཅས་ཏེ། ཚོར་བར་བྱས་ན་འབྱང་བར་འགྱུར་གྱི་དེ་ལྟར་མ་བྱས
་ན་འབྱང་བར་མི་འགྱུར་ཏེ། ཡུན་རིང་བོར་འཁོར་བ་ན་འཁོར་ཞིང། བསྐལ་པ་མང་པོར་བརྩལ་ཞིང། འབད་དགོས་སོ་ཞེས་བསྟན་པའོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་དག་དང
་འགྲོགས་པར་མི་བྱའོ་ཞེས་བྱ་བ་ནས། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ་ཞེས་བྱ་བའི་བར་གྱི་ནི་ཉན་ཐོས་ཀྱི་ཐེག་བ་པ་དང་གནས་པར་མི་བྱ་བ་དང། ངན་སེམས་མི་བྱ་བ་བསྟན་པའོ། །དགའ་བོས་གསོལ་པ།
་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཨི་སེམས་དཔའ་ཆེན་པོས། གང་ཟག་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བདག་གནས་པར་བགྱི་ཞེས་བྱ་བ་ནས། དེ་ལྟར་སློབ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ
་མཉམ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་དང་མཐུན་བར་གནས་པར་བྱ་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་བ་རབ་འབྱོར་གྱིས་།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོས། མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ལགས་ཞེས་བྱ་བ་ནི་གོང་དུ་དེ་ལྟར་སློབ་པའི་བྱང་ཆུབ་སེམསྡཔའ་སྨས་དཔའ་ཆེན་པོ་ནི་བསླབ
་པ་མཉམ་པ་ཡིན་ནོ་ཞེས་བསྟན་པ་ཅི་ལྟར་བསླབ་པ་མཉམ་པ་ཡིན་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ་ཞེས་བྱ
་བ་ནས། རབ་འབྱོར་དངོས་པོ་མེད་བའི་ངོ་བོ་ཉིད་སྟོང་བ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། སྟོང་པ་ཉིད་དུ་སློབ
་པར་མཚུངས་བའི་ཕྱིར་བསླབ་པ་མཉམ་པ་ཡིན་ནོ་ཞེས་བཀའ་སྩལ་པའོ། །གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ནས་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ་།རབ་འབྱོར་འདི་ནི་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉན་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའོ་ཞེས་བྱ་བའི་བར་གྱིས་ནི་ཆོས
་ཐམས་སྟོང་པ་བཅོ་བརྒྱད་ལ་སློབ་པར་མཉམ་ན་ཆོས་གང་དང་གང་སྟོང་པར་བསླབས་ན། བསླབས་པ་མཚུངས་ཤིང་མཉམ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར
་འགྱུར་བའི་དམིགས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་བ་ཉིད་དུ་སློབ་པ་ལགས་སམ་ཞེས་བྱ་བ་ནས།
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་བ་ལགས་སམ། ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་ཟད་པར་བྱ་བ་དང་འདོད
་ཆགས་དང་བྲལ་བར་བྱ་བ་དང། འགོག་བར་བྱ་བ་དང་།མི་སྐྱེ་བར་བྱ་བའི་ཕྱིར་བསླབས་པ་མི་སྲིད་ན་ཅི་དེ་ལྟར་སློབ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་མཚུངས་པ་ཡིན་ནམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ
་འབྱོར་དེ་ནི་མ་ཡིན་ཏེ་།གནས་བརྟན་རབ་འབྱོར་གྱིས་གང་འདི་སྐད་དུ་གཟུགས་ཟད་པར་བྱ་བའི་ཕྱིར་སློབ་ན་།རྣམ་པ་ཐམས་ཅད་མཁྱེན་བ་ཉིད་དུ་སློབ་པ་ཡིན་ནམ་ཞེས་བྱ་བ་ནས། རྣམ་བ་ཐམས་ཅད་མཁྱེན་བ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ
་ན་རྣམ་བ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ཞེས་སྨྲས་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རབ་འབྱོར་གྱིས་ཞུས་པའི་ཚིག་དེ་དག་ཐམས་ཅད་རེ་རེ་ནས་སྨོས་ནས་དེ་ལྟར་སློབ་བ་མ་ཡིན་ནོ་ཞེས་བཀའ་སྩལ་པ་སྟེ། ཟད་པ་དང་འདོད་ཆགས
་དང་བྲལ་བ་དང། མི་སྐྱེ་བ་ཞེས་བྱ་བ་ནི་དངོས་པོ་མེད་བའི་རྣམ་གྲངས་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང། དངོས་པོ་མེད་པས་ཟད་པ་དང་འདོད་ཆགས་དང་བྲལ་བ་དང། འགག་བ་དང་མི་སྐྱེ་བར་བྱ་བའི་ཕྱིར
་བསླབ་ཏུ་མེད་བར་རྟོག་པ་ཉིད་མཉམ་བ་ཉིད་ལ་བསླབ་པར་མཚུངས་པ་ཡིན་ནོ་ཞེས་བསྟན་བའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ་སྤོང་བ་འམ། སྐྱེ་བ་འམ་འགག་བར་འགྱུར་རམ་ཞེས
་བྱ་བ་ནས། རྣམ་བ་ཐམས་ཅད་མཁྱེན་བ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་བ་འམ་སྤང་བ་འམ། སྐྱེས་བ་འམ་འགག་བར་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་གཟུགས་ལ་སོགས་བའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་།དེ་བཞིན
་ཉིད་ཙམ་དུ་ཟད་པ་ལ། ཟད་པ་དང་སྤང་བ་དང་།སྐྱེ་བ་དང་འགག་བར་འགྱུར་བ་ཡོད་དམ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྨྲས་པའོ། །གསོལ་པ་བཅོམལྡན་འདས་དེ་ནི་མ་ལགས་སོ། བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །ཞེས་བྱ་བ་ནི
་དོན་དམ་བར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། ཟད་པ་འམ་སྤང་བ་འམ། སྐྱེ་བ་འམ་འགག་པར་འགྱུར་བ་གང་ཡང་མ་མཆིས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བའི་དྲི་མ་ཡོངས་སུ་དགེ་བས་སངས་རྒྱས་ཀྱི་ཆོས
་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་།དེ་ལྟར་གོང་དུ་བཤད་པའི་ཚུལ་དུ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས། ཟད་པ་དང་སྤང་བ་དང་སྐྱེ་བ་དང། འགག་བ་མེད་པར་སློབ་པའི་ཡོན་ཏན་བསྟན་པ
་སྟེ། དེ་ལྟར་སློབ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་སློབ་བ་ལ་སོག་པའི་ཕན་ཡོན་བསྟན་པའོ། །གསོལ་བ་བཅོམ་ལྡན
་འདས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་བ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་གིས་ཡོངས་སུ་དག་པ་འཐོབ་བར་འགྱུར་བ་ལགས་ཞེས་བྱ་བའི་བར་གྱིས་ནི་།གོང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས
་སུ་དག་བ་འཐོབ་བར་འགྱུར་རོ་ཞེས་བསྟན་བ་ལ་འཁོར་གྱི་ནང་ནས་ཁ་ཅིག་ཡོངས་སུ་དག་པ་ཐོབ་བར་བྱ་བའི་དངོས་པོ་འགའ་ཞིག་ཡོད་དམ། སྙམ་དུ་སེམས་བའི་ཐེ་ཚོམ་བསལ་པའི་ཕྱིར་།རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར
་དེ་དེ་བཞིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་གྱིས་ཀྱང། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་ཕན་ཡོན་བསྟན་པའོ། །གལ་ཏེ་དེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་སྤྱོད་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ
་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོར་མི་ལྟ་ཞིང་།མི་དམིགས་བར་བྱ་བའི་ཐབས་བསྟན་བའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བརྒྱ་ཆེར་བཤད་པ་ལས་།ལེའུ་བཞི་བཅུ་བདུན་བའོ།། །།
་དེ་ནས་ལྷའི་དབང་བོ་བརྒྱ་བྱིན་འདི་སྙམ་དུ་སེམས་བར་གྱུར་ཏེ་ཞེས་བྱ་བ་ནས་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་བཞིན་དུ་།སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
་པར་རྫོགས་པར་སངས་རྒྱས་བར་གྱུར་ན་ལྟ་ཅི་སྨོས་ཞེས་བྱ་བའི་བར་གྱིས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་བ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱད་བ་ཕན་ཡོན་ཆེ་བ་བསྟན་བའོ། །སེམས་ཅན་གང་གི་སེམས་རྣམ་པ་ཐམས་ཅད་མཁྱེན་
་པ་ཉིད་དུ་འཇུག་པ་དེ་དག་ཀྱང་ཐོབ་པ་ལེགས་པར་འཐོབ་ཅིང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ཉན་པ་དེ་དག་ནི། ཀུན་གྱི་ཡིད་དུ་འོང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་ལ་སེམས་པ་ཙམ་དང། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཕན་ཡོན་ཆེ་བ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མན་དར་བ་མང་པོ་བླངས་ཏེ་ཞེས་བྱ་བ་ནས་།བཅོམ་ལྡན་འདས
་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལོག་སྟེ། ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་པར་སེམས་འགའ་ཙམ?་ཡང་སྐྱེ་བ་མ་མཆིས་ཀྱི་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཕན་ཡོན
་ཆེ་བ་བརྒྱ་བྱིན་གྱིས་རྟོགས་ནས། དད་པ་ལྷག་པར་སྐྱེས་སྟེ། བཅོམ་ལྡན་འདས་ལ་མཆོད་པ་དང། དེ་ལྟར་མཆོད་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་།ཕྱིར་མི
་ལྡོག་པར་གྱུར་དུ་དོགས་པ་མེད་པ་བསྟན་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་བསྐྱེད་ཅིང་ཞེས་བྱ་བ་ནས་།ཅི་བདག་ཡོངས་སུ་མྱ་ངན་ལས་འདས་ནས་།སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་པ་ཡོངས་སུ་མྱ་ངན་ལས
་ཟློ་བར་འགྱུར་རམ་ཞེས་རྟོག་བར་བགྱིད་ཅེས་བྱ་བའི་བར་གྱིས་ནི་།དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་བསམ་པ་དང
་ལྡན་པ་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་སྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་ཞེས་བྱ་བ་ནས། སྐྲའི་རྩེ་མོ་བརྒྱར་གཤགས་པའི
་ཆ་གཅིག་གིས་ཆུའི་ཐིགས་པ་བླང་བའི་ཚད་ཀྱི་ཚད་བཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བསམ་པ་དང་ལྡན་པ་དེ་ལྟ
་བུ་ལ་རྗེས་སུ་ཡི་རང་བ་བསོད་ནམས་ཆེ་བ་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན
་དེ་དག་ནི། བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ་ཞེས་འབྱུང་བ་ནས་ཞེས་བྱ་བ་ནས། སེམས་ཅན་དེ་དག་ནི་བདུད་ཀྱི་གནས་ནས་ཤི་འཕོས་པའོ། །ཞེས་བྱ་བའི་བར་གྱིས་ནི། དེ་ལྟ་བུའི་བདག་དང་གཞན་གྱི། དོན་ཕུན་སུམ་ཚོགས་པའི་སེམས་བསྐྱེད
་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པ་སྨད་པ་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་སེམས་ཞུམ་པ་མེད་ཅིང་འགོང་པ་མེད་པ་དེ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ
་དག་པས། དེ་སྣོད་ཡོངས་སུ་དག་པ་ཐོབ་པར་བྱ་བ་མེད་པ་བདེན་ཏེ། དེ་ལྟ་བུའི་དོན་ཟབ་མོ་ལ་སེམས་ཞུམ་པ་མེད་ཅིང་འགོད་པ་མེད་པ་ཉིད་ཡོངས་སུ་དག་པ་ཐོབ་པ་ཡིན་ནོ་ཞེས་བསྟན་པའོ། །བྱིས་པ་སོ་སོའི་སྐྱེ་པོ་ཐམས་ཅད་ཀྱི་ནི། ཆོས་ཉིད་དེ་མི་ཤེས་མི
་མཐོང་བ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དེ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པ་ཡང། སེམས་ཅན་སོ་སོའི་སྐྱེ་བོ་རྣམས་ཡང་དག་པའི་དོན་ལ་གཟུད་པའི་ཕྱིར་ཀུན
་རྫོབ་ཏུ་ཐབས་མཁས་པས་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ་ཞེས་བྱ་བའི་བར་གྱིས་ནི།
་དེ་ལྟར་ཐབས་མཁས་པ་ལ་སློབ་པའི་ཕན་ཡོན་དང། དེ་ལྟར་སློབ་པ་ཉུང་བ་དཔེ་དང་བཅས་པར་བསྟན་པ་སྟེ། ཚིག་གཉེར་རྣམས་ནི་རང་ལོག་ཏུ་ཟད་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་གང་ཡང་དམིགས་པ་མེད་དེ་།མ་དམིགས་པས་ཆོས་གང་ལ་ཡང་སེམས་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པ་དང
་བཅས་པའི་སེམས་མི་སྐྱེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གང་ཡང་དམིགས་སུ་མེད་པའི་ཕྱིར་དམིགས་པ་དང་བཅས་པའི་སེམས་མི་སྐྱེའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་འདུས་པར་འགྱུར་རོ་ཞེས་བྱ་བ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལ་སློབ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྤྱད་པ་ལ་སོགས་པའི་ཕན་ཡོན་དང། ཕ་རོལ་ཏུ
་Fཕྱིན་བ་འདིའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་དཔེ་དང་བཅས་པར་བསྟན་པ་སྟེ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ནི་སྔར་བཤད་ཟིན་ཏོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན།
་སེམས་ཅན་གང་ཇི་སྙེད་གཅིག་འཁོད་པ་དེ་དག་མང་བ་ཡིན་ནམ་ཞེས་བྱ་བ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི?
་ཐོབ་པ་གང་ཡང་མེད་དོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་བསོད་ནམས་ཆེ་བ་དང། དེ་ལ་བསླབ་བར་བྱ་བའི་གདམས་དག་བསྟན་པ་སྟེ། དེ་ལ་སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པར་འདོད་པ
་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་རྔ་བརྡུང་བར་འདོད་པ་དང། སངས་རྒྱས་ཀྱི་གཏམ་བྱ་བར་འདོད་པ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་རྔ་བརྡུང་བ་དང། དམ་པའི་ཆོས་ཀྱི་དུང་བུས་པ་དང།
་ཆོས་ཀྱི་གཏམ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་བ་ལགས་སམ་ཞེས་བྱ་བ་ནས
་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་ཆུད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཕུན་སུམ་ཚོགས་པ་གང་ཐོབ་པར་བྱ་བ་དེ་དག་ལས་མི་ཐོབ་པ་གང་ཡང་མེད་དོ་ཞེས་བསྟན་པ་ལ། འཁོར་གྱི་ནང་ན་ཁ་ཅིག་ཉན་ཐོས་དང་རང་སངས་རྒྱས་ཀྱི
་འབྲས་བུ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་བྱ་བ་འམ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་ཞུས་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་ཐོབ་པར་ནི་བྱའི། ཉན་ཐོས་དང་རང་སངས་རྒྱས་ལྟར་དེ་ལ་གནས་པར་མི་བྱ་བར
་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་ཆུད་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་གང་གིས་སེམས་བསྐྱེད་པ་འདི་བསྒྲུབས་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་འཇིག་པར་བགྱིད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བསམ་པ་དང་ལྡན་པ་དེ། གདོན་མི་ཟ་བར་བདུད་ལས་རྒྱལ་ནས། བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བས་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བ་མི་བྱེད་པ་ནི་བདུད་ཀྱི་ཕྱོགས་སུ་གཏོགས་པར་ཡིན་ནོ་ཞེས་བསྟན་པའོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
་ཆུབ་ཏུ་སེམས་སྐྱེད་པའི་སེམས་དེ་དག་ནི་རྗེས་སུ་ཡི་རང་བར་བགྱི་བསྟེ་ཞེས་བྱ་བ་ནས། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་འགྱུར་བ་དང། གཉིས་སུ་མ་མཆིས་པའི་འདུ་ཤེས་སུ་ཡང་མི་འགྱུར་ལ་།དེ་ལྟར་ཡོངས་སུ་བསྔོ་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། སེམས
་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་མི་བྱར་མི་རུང་བ་དང། རྗེས་སུ་ཡི་རང་བ་བྱས་ནས་ཀྱང་བསྔོ་བའི་ཐབས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་།ཕྱིར་མི་ལྡོག་པ་དང་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ
་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་པའི་ཕན་ཡོན་དང། ཇི་ལྟར་རྗེས་སུ
་ཡི་རང་བ་བྱས་པ་དང། རྗེས་སུ་ཡི་རང་པ་བྱས་ནས། ཇི་ལྟར་བསྔོ་པའི་ཐབས་བསྟན་པ་སྟེ། ཅི་ནས་ཀྱང་སེམས་མེད་པ་དང། སེམས་མ་ཡིན་པ་གཞན་ཡང་མེད་པར་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བར་བྱ་བའི་སེམས་བསྐྱེད་པ་དེ་ལ་དངོས་པོ་ཡོད་པ་འམ།
་དངོས་པོ་མེད་པའི་མཚན་མར་མི་གཟུང་བར་རྗེས་སུ་ཡི་རང་ཞིང། ཡོངས་སུ་བསྔོ་བར་བྱའ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས
་བླ་ན་མེད་པ་ཡང་དག་པར་རྫགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས་ཞེས་བྱ་བ་ནི་གོང་དུ་ཅི་ནས་ཀྱང་སེམས་མེད་པ་དང། སེམས་མ་ཡིན་པ་གཞན་ཡང་མེད་པར་རྗེས་སུ་ཡི་རང་བར་བྱས་ཤིང་།བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བཤད་པ་དང་སྦྱར་ན། དེ་ལྟར་དོན་དམ་པར་ནི་སེམས་དེ་དངོས་པོར་མེད་པས་རྗེས་སུ་ཡི་རང་བ་དང། །ཡོངས་སུ་བསྔོ་བ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
་རྫོགས་པར་འཚང་རྒྱ་བར་འགྱུར་པ་ཡང་མེད་དེ། དེ་དག་ཀྱང་ཀུན་རྫོབ་ཏུ་ཡོད་གྲང་ན། ཀུན་རྫོབ་ཏུ་ཡོད་པའི་སེམས་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། སྒྱུ་མ་དང་འདྲན། སྒྱུ་མ་ལྟ་བུའི་སེམས་དེ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི
་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་སྒྱུ་མ་ལྟ་བུའི་སེམས་ཏེ། ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་དམ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི
་སེམས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་པའི་དོན་ཞིབ་ཏུ་བསྟན་པའི་ཕྱིར་རབ་འབྱོར་གྱིས་སྨྲས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་།བཅོམ་ལྡན་འདས་བདག་གིས་སྒྱུ་མ་ཡང་དག་པར་རྗེས་སུ་མ་མཐོང་།སྒྱུ་མ་ལྟ་བུའི
་སེམས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ། །ཞེས་བྱ་བ་ནི་སྒྱུ་མ་ཉིད་དང། སྒྱུ་མ་ལས་དཔེ་བླངས་བའི་སེམས་དེ་གཉི་ག་ཡང་ཀུན་རྫོབ་ཏུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
་རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་ལྟར་སྒྱུ་མ་ཡང་མ་མཐོང་སྒྱུ་མ་ལྟ་བུའི་སེམས་ཀྱང་མ་མཐོང་ན། སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་པའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ
་བ་ནི་དེ་ལྟར་སྒྱུ་མ་དང། སྒྱུ་མ་ལྟ་བུའི་སེམས་གཉིས་ཀ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་པའི་སེམས་དེ་ག་ལ་ཡོད་སྙམ་དུ་དགོངས་ནས་སྨྲས་པའོ། །གསོལ་བ་བཅོམ་ལྡན་འདས་དེ་ནི
་མ་ལགས་སོ་ཞེས་བྱ་བ་ནི་དེ་ལྟ་བུ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་སྒྱུ་མ་དང་སྒྱུ
་མ་ལྟ་བུའི་སེམས་ལས་གུང་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ། བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བའི་བར་གྱིས་ནི་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལ་མ་གཏོགས་པའི་ཆོས་གཞན
་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་དོན་དམ་པར་གང་ཡང་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་གཞན་ཡང་ཡང་དག་པར་རྗེས་སུ་མཐོང་ན། མཆིས་པ
་འམ་མ་མཆིས་པའི་ཆོས་གང་ཞིག་བདག་གིས་བསྟན་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི
་ཆོས་གང་ཡང་མེད་ན། དེ་ལས་བཞན་པ་ཡོད་པ་དང། མེད་པ་གཉི་གར་ཡང་བསྟན་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་མཆིས་པ་འམ་མ་མཆིས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོད་པ་དང། མེད་པ་གཉིས་གར་བསྟན་དུ
་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་དང་མེད་པའི་མཛའ་གཉིས་དང་བྲལ་ཏེ། ཤིན་ཏུ་དབེན་པའི་ཕྱིར་ཡོད་པ་དང་མེད་པར་གདགས་ཤིང་བསྟན་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་དབེན་པ་དེ་ནི་བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་མཛའ་གཉིས་དང་བྲལ་ཞིང་དབེན་པ་དེ་མངོན་པར་རྫོགས་པར་འཚང་མི་བྱའོ་ཞེས་བསྟན་པའོ། །མ་མཆིས་པའི་ཆོས་ཀྱང་བླ་ན་མེད་པ་ཡང་དག
་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བ་ནི་ཤིན་ཏུ་དབེན་པའི་དོན་དེ་ཉིད་དངོས་པོ་མེད་པར་བསྟན་པ་སྟེ། དངོས་པོ་མེད་པ་ནི་མངོན་པར་རྫོགས་པར་འཚང་རྒྱར་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ
་ལྡན་འདས་དེ་ནི་འདི་ལྟར་གང་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱེད་པར་འགྱུར་བའི་ཆོས་ཐམས་ཅད་ནི་མ་མཆིས་ཤིང་ཡོངས་སུ་མ་མཆིས་པའོ་ཞེས་བྱ་བ་ནི་དངོས་པོ་མེད་པ་མངོན་པར་རྫོགས་པར་འཆེད་མི་རྒྱ་བའི་གཏན་ཚིགས་བསྟན་པ་སྟེ། མངོན
་པར་རྫོགས་པར་འཚང་རྒྱ་བ་ནི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་སྤངས་ཤིང། རྣམ་པར་བྱང་བའི་ཆོས་རྣམས་བསྒོམས་པ་ལས་འགྱུར་ན། ཆོས་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། སྤང་བར་བྱ་བ་དང་བསྒོམས་པར་བྱ་བ
་གཉིས་ཀ་མེད་བས། མངོན་པར་འཚང་རྒྱར་ཡང་མེད་དོ་ཞེས་བསྟན་པའོ་།དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤིན་ཏུ་དབེན་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་ནི་ཤིན་ཏུ་དབེན
་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་ཆོས་ཐམས་ཅད་ཤིན་ཏུ་དབེན་ཞིང་དངོས་པོ་མེད་པར་མདོར་བསྟན་ནས། དེའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱེད་པའི་ཆོས་ཐམས
་ཅད་རེ་རེ་ནས་སྨོས་ཏེ། ཤིན་ཏུ་དབེན་ཞིང་དངོས་པོ་མེད་པར་བསྟན་པའོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བསྒོམ་པར་བགྱི་བ་ཡང་མ་ལགས་།རྣམ་པར་སྒོམ་པར་བགྱི་བ་ཡང་མ་ལགས་ཏེ། ཞེས་བྱ་བ་ནི་དེ་ལྟར་ཤིན་ཏུ་དབེན་ཞིང་དངོས་པོ་མེད
་པ་ལ་ནི་བསྒོམ་ཞིང་སྒྲུབ་པར་བྱ་བ་ཡང་མེད། གཞིག་ཅིང་སྤང་བར་བྱ་བ་ཡང་མེད་དོ་ཞེས་བསྟན་པ་སྟེ། རྣམ་པར་བསྒོམ་པ་ཞེས་བྱ་བ་ནི་སུན་འབྱུང་བ་འམ་གཞིག་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི
་སླད་དུ། ཆོས་གང་ཡང་བསྒྲུབ་པ་མ་མཆིས་སོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་དེ་ཉིད་གསལ་བར་གོ་བར་བྱ་བའི་ཕྱིར་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་ལགས་ན་ཞེས་བྱ་བ་ནས། ཅི་ལྟར་དབེན་པས་དབེན་པ
་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་ཤིན་ཏུ་དབེན་ཞིང། རང་བཞིན་གྱིས་སྟོང་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་དང། བླ་ན་མེད་པའི་བྱང་ཆུབ་ཉིད་ཀྱང་དོན་དམ་པར་དངོས་པ་མེད་དེ། ཤིན་ཏུ་དབེན་པས་གང་ཡང་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་པ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ་ཞེས
་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་བཤད་པའི་དོན་འཁོར་རྣམས་ཀྱིས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་ལེགས་སོ་ཞེས་བསྟོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ
་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཤིན་ཏུ་དབེན་པ་དབེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་བཞིན་དུ། བླ་ན
་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཤིན་ཏུ་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡང
་ཤིན་ཏུ་དབེན་པ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དངོས་པོ་མེད་དེ། ཤིན་ཏུ་དབེན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱབ
་གང་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར་ཞེས་བྱ་བ་ནས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་པར་གྱིས་ནི། ཤིན་ཏུ་དབེན་པའི་དོན་བཤད་པ་སྟེ། ཤིན་ཏུ་དབེན་པ་ཞེས
་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམ་པར་སྤངས་ཤིང། འཁོར་གསུམ་ཡོངས་སུ་དག་པ་ལ་བྱ་སྟེ། དེ་ལྟར་འཁོར་གསུམ་ཡོངས་སུ་དག་པར་སྤྱད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི
་ཆོས་རྣམས་ཀྱི་མིང་ཐོབ་པར་འགྱུར་གྱི། གཟུང་བ་དང་འཛིན་པ་མ་སྤངས་ཏེ། ཤིན་ཏུ་དབེན་པར་མ་གྱུར་ཅིང་འཁོར་གསུམ་ཡོངས་སུ་མ་དག་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་མིང་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའོ། རབ་འབྱོར་དེ་བསམ་ཇི་ལྟར
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་ཞེས་བྱ་བ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟན་པར་ཡང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན
་པར་རྫོགས་པར་འཚང་མ་རྒྱ་ཞེས་བྱ་བའི་བར་གྱིས་ནི་།དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད། ཤིན་ཏུ་དབེན་ཡང་ཀུན་རྫོབ་ཏུ་ཤིན་ཏུ་དབེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་གྱི། དེ་ལ་བརྟེན་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ?་ཞེས
་བྱེ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་པས་ནི་དབེན་ཏེ། དེ་བས་ན་དངོས་པོ་མེད་པས་དེ་དངོས་པོ་མེད་པ་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར
་འཚང་ཡང་རྒྱབ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་རྒྱུ་དང་འབྲས་བུ་གཉིས་ཀ་དངོས་པོ་མེད་དེ་དབེན་པས་མངོན་པར་རྫོགས་པར་འཚང་མི་རྒྱ་ཡང་ཀུན
་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འགྱུར་པའི་ཚུལ་གྱིས། མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཡང་མ་ཡིན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་དོན་ཏོ། །གསལ་པ་བཅོམ་ལྡན་འདས་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའི་ཞེས་བྱ་པ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཤིན་ཏུ་དབེན་པས་སྒྲུབ་པར་བྱེད་པའི?་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསྒྲུབ་པར་བྱ
་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉི་ག་དངོས་པོ་མེད་པས། མངོན་པར་རྫོགས་པར་འཚང་མི་རྒྱལ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འགྱུར་པའི་ཚུལ་གྱིས་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་ནས་། མངོན་པར་རྫོགས་པར་འཚང
་རྒྱ་བར་ཡང་འགྱུར་བའི་དོན་ཟབ་མོ་དམིགས་པ་ཅན་རྣམས་ཀྱི་རྟོགས་པར་དཀའ་བ་དེ་ལྟ་བུ་ལ་སྤྱོད་པའི་ཕྱིར་དོན་ཟབ་མོ་ལ་སྤྱོད་པའོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས
་པས་ནི། རབ་འབྱོར་གྱིས་སྨྲས་པ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་དོན་ཟབ་མོ་ལ་སྤྱོད་ཅིང། འདི་ལྟ་སྟེ་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་སར་འགྱུར་བའི་དོན་དེ་མངོན་དུ
་མི་བྱེད་པ་ནི་དཀའ་པ་བྱེད་པའོ་ཞེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་དོན་ཟབ་མོ་ཡང་བསྒོམ་ལ། ཐབས་མཁས་པས་ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར
་འགྱུར་བའི་སྟོང་པ་ཉིད་མངོན་དུ་མི་བྱེད་པ་དེ་ལྟ་བུ་དམིགས་པ་ཅན་རྣམས་ཀྱིས་མི་ནུས་པའི་ཕྱིར། དཀའ་བ་བྱེད་པའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དཀའ་བ་ཅུང་ཟད་ཀྱང་མི་བགྱིད་ན། ཅི
་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ལགས་ཞེས་བྱ་བ་ནི་དངོས་པོ་ཡོད་པ་ལས་མངོན་དུ་མི་བྱ་བ་ནི་དཀའ་ཡང་སྲིད་ཀྱི། དངོས་པོ་མེད་པ་ལས་མངོན་དུ་བྱར་ཡང་མེད་དེ། དེ་ལྟར་དངོས?་པོ་མེད་ཅིང་ངོན་དུ་བྱར་མེད་པ་ལ། མངོན
་དུ་མི་བྱེད་པ་ལྟ་དཀར་ཡང་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་མངོན་དུ་བགྱི་བའི་དོན་དེ་ཡང་མི་དམིགས། གང་གིས་མངོན་དུ་བགྱི་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། གང་མངོན་དུ་བགྱི
་པའི་ཆོས་དེ་ཡང་མི་དམིགས་ཏེ་ཞེས་བྱ་བ་ནི་མངོན་དུ་བྱ་པའི་དོན་སྟོང་པ་ཉིད་དང། མངོན་དུ་བྱེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མངོན་དུ་བྱེད་པའི་གང་ཟག་ཀྱང་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་མངོན་དུ་མི་བྱ་བ་མི་དཀའ་ཨོ་ཞེས་བསྟན་པའོ།
་བཅོམ་ལྡན་འདས་ཆོས་ཐམས་ཅད་མི་དམིགས་ན་གང་མངོན་དུ་བགྱིས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འགྱུར་བའི་དོན་མངོན་དུ་བགྱིད་པ་དེ་ལྟ་བུ་ཡང་གང་ཞིག་མཆིས། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ཡང་གང་ཞིག་གིས་མངོན་དུ་བགྱིས་ཆོས་མངོན་དུ་བགྱི་བ་དེ་ལྟ་བུ་གང་ཞིག་གིས་ཞེས་བྱ་བའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་པར་འགྱུར་བའི་སྟོང་པ་ཉིད་འབའ་ཞིག་མངོན་དུ་བྱར་མེད་ཅིང། མི་དམིགས་པར་མ་ཟད་ཀྱི་བླ་ན་མེད་པ
་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་དེ་ལྟ་བུ་ཡང་གང་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ནི་མི་དམིགས་པའི་སྤྱོད་པ་སྟེ། དེ་ལ་སྤྱད་པའི་བྱང་ཆུབ་སེམས་དཔའ་སེམས
་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མུན་པ་མ་མཆིས་པ་ཐོབ་པའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་གང་མངོན་དུ་མི་བྱེད་ཅིང། མི་དམིགས་པར་སྤྱོད་ན། དམིགས་པ་ལས་གྱུར་པའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ་ཞེས་བསྟན་པའོ།།
་བཅོམ་ལྡན་འདས་གལ་ཏེ་དེ་སྐད་དུ་བསྟན་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞེས་བྱ་བ་ནས་།བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་བགྱིད་ཀྱང།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟ་བུའི་དོན་ཟབ་མོ་བསྟན་པ་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་སྟོང་པས་འཇིགས་ཤིང་སྐྲག་པར་མ་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི
་ཡོན་ཏན་བསྟན་པ་དང། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རློམ་སེམས་མི་སྐྱེ་བ་དང། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། བདག་གི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ནི་རིང་དུ་གྱུར
་པར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཉེ་བར་གྱུར་པར་བྱའོ་སྙམ་དུ་སེམས་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པ་དཔེ་དང་བཅས་པར་བསྟན་པ་སྟེ། ཚིག་གཉེར་ནི་རང་ལོག་ཏུ་ཟད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང
་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བའི་བར་གྱིས་ནི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས
་དཔའ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་དེ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ལ་ཐུག་གི་བར་དུ་།ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག
་པས། རྣམ་པར་མི་རྟོག་པའོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རྣམ་པར་མི་རྟོགས་པ་ཡིན་ན་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་སུ་བརྗོད་པ་ཡང་ཅི་ལས་གྱུར་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ
་ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་བསྟན་པ་ལས། འཁོར་གྱི་ནང་ན་ཁ་ཅིག་དེ་ལྟར་ཆོས་ཐམས་ཅད་སྟོང་པར་རོ་གཅིག་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་སྟོང་པ་ཉིད་དུ་རོ་གཅིག་པས། ཅི་ཡང་བྱ་མི་དགོས་སོ་སྙམ་དུ་རྟོག་པ་བསལ་པའི་ཕྱིར་ཤཱ་རིའི
་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཞེས་བྱ་བ་ནས། རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་ཆོས་ཐམས་ཅད
་རང་བཞིན་གྱིས་སྟོང་སྟེ། རྣམ་པར་མི་རྟོག་ཀྱང་ཀུན་རྫོབ་ཏུ་ལས་ལེགས་ཉེས་ཅི་བྱས་པའི་འབྲས་བུ་སྐྱིད་སྡུག་མེད་པ་མ་ཡིན་པ་བསྟན་པ་སྟེ། སེམས་ཅན་སོ་སོའི་སྐྱེ་བོ་ཡང་དག་པར་མ་མཐོང་ཞིང། ཕྱིན་ཅི་ལོག་ཏུ་རྟོག་ཅིང་དཔྱོད་པ་རྣམས་ནི་འཁོར་བའི་རྒྱུར
་འགྱུར་པའི་ལས་སྤྱད་པས་།འབྲས་བུ་ཡང་འཁོར་བ་ཉིད་དུ་རྣམ་པར་སྨིན་ཏེ། འགྲོ་བ་ལྔའི་ནང་དུ་སྐྱེ། སེམས་ཅན་གང་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་ཏེ། འཁོར་པའི་ཆོས་རྣམས་ལ་མ་ཆགས་ཤིང། རྣམ་པར་མི་རྟོག་པ་རྣམས་ནི་འཁོར་བ་ལས་ཐར་ཏེ།
་འཕགས་པའི་ས་ཐོབ་པར་འགྱུར་ཞེས་བསྟན་པའོ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདས་པའི་དུས་ན་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་བྱུང་བ་ཞེས་བྱ་བ་ནས། རྣམ་པར་མི་རྟོག་བ་ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་ལ་སྤྱད་པས། རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་མི་རྟོག་པ་བསྒོམས་པ་ལས་འཕགས་པའི་ས་ཐོབ་པར་འགྱུར་པའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི
་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྣམ་པར་རྟོག་པ་སྤངས་པ་ལས། མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་བརྩོན་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་རྣམ་པར་མི་རྟོག་པར་སྤྱད་པར་བྱའོ་ཞེས་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཞི་བཅུ་བརྒྱད་དོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས།
་ཆེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དོན་གོང་དུ་བཤད་པ་ཤཱ་རིའི
་བུས་རྟོགས་ན། དེ་ལྟར་རྣམ་པར་མི་རྟོག་པའི་དོན་ལ་སྤྱོད་པ་ནི་སྤྱོད་པའི་མཆོག་དམ་པ་སྙིང་པོར་གྱུར་པ་ལ་སྤྱོད་དོ་ཞེས་བསྟོད་པའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ
་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྙིང་པོ་མེད་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་གོང་དུ་སྙིང་པོ་ལ་སྤྱོད་དོ་ཞེས་བཤད་པ་ལ་འཁོར་གྱི་ནང་ན་ཁ་ཅིག་སྙིང་པོར་གྱུར་པ་དེ་ལྟ
་བུའི་དངོས་པོ་ཡོད་དམ་སྙམ་དུ་རྟོག་པ་བསལ་པའི་ཕྱིར། སྙིང་པོ་མེད་པ་ལ་སྤྱོད་པའོ་ཞེས་སྨྲས་ཏེ། སྙིང་པོ་ཞེས་བྱ་བ་ནི་དངོས་པོ་ཡོད་པའི་ནང་ནས་མཆོག་ལ་བྱ། སྙིང་པོ་མེད་པ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང
་ཞིང་དངོསྤོ་མེད་པ་ལ་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་མེད་པ་ལ་སྤྱོད་པའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ནི་སྙིང་པོ་མེད་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྙིང་པོ་མེད་པའོ་ཞེས་བྱ་བའི་བར་གྱི་ནི། སྙིང་པོ་མེད་པ་ལ་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་པར་གྱིས
་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་ཡང་དེ་དག་ལ་སྤྱོད་པའི་ཕྱིར། སྙིང་པོ་མེད་པ་ལ་སྤྱོད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པ་ནི་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ན། སྙིང་པོ་ལ་དམིགས་པ་ལྟ་ག་ལ་ཡོད་ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དོན་དམ་པར་དངོས་པོ་མེད་པའི་ཆོས་བྱང་ཆུབ་སེམས་དཔའ་དོན་གྲུབ་པར་བྱ་བ་དེ་དག་ལ་མི
་དམིགས་ཤིང། དངོས་པོར་མི་ལྟ་ན་ཡང་དག་པར་མ་ཡིན་པའི་དོན་སྙིང་པོ་ཅན་དུ་དམིགས་པ་ལྟ་ག་ལ་ཡོད་དེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་པོ་མེད་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས
་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་ཤིན་ཏུ་མང?་པོ་དག་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས་།ཆོས་ཀྱི་མཉམ་པ་ཉིད་འདི་མངོན་དུ་མི་བྱེད་པ་དེ་དག་ནི་ཕྱག་བྱ་བར་འོས་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་སྙིང
་པོ་མེད་པར་རྟོགས་ཀྱང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་མི་གཏོང་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དམིགས་སུ་མེད་པ་ལ་སྤྱོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡང་དག་པའི་མཛའ་དང། སྟོང་པ
་ཉིད་ཀྱི་ཆོས་ཉིད་མངོན་དུ་མི་བྱེད་པ་དེ་ལྟ་བུ་དཀོན་པས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ད་དག་ནི་ཕྱག་བྱ་བར་འོས་པའོ་ཞེས་བསྟོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྟའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། གང
་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་སེམས་ཅན་དེ་དག་ཤིན་ཏུ་མི་དམིགས་པ་ནི་དེ་དག་ལ་དེ་བས་དཀའ་སྟེ་ཞེས་བྱ་བའི་བར་གྱིས་ནི། དམིགས་སུ་མེད་པའི་ཆོས་ལ་སྤྱོད་ལ། ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་ནི་དེ་ཙམ
་དུ་མི་དཀའ་ཨི་དེ་བས་ཀྱང་སེམས་ཅན་མང་པོའི་དོན་བྱ་བར་ཡི་དམ་བཅས་ལ། སེམས་ཅན་དེ་དག་མི་དམིགས་པ་ནི་རབ་ཏུ་དཀའ་སྟེ། དེ་ལྟར་སྤྱོད་པ་ནི་ཕྱག་བྱ་བར་འོས་པའོ་ཞེས་བསྟན་པའོ། །དེ་ལྟར་སྦྱོད་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་ནི་སེམས་ཅན་ཐམས་ཅད་གདུལ་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཅན་མང་པོའི་དོན་དུ་གོ་ཆ་ཡང་བགོས་ལ། སེམས་ཅན་ཡང་མི་དམིགས་པ་དེ་ནི་བདག་གི་དོན
་འབའ་ཞིག་བྱེད་བ་ནི་མ་ཡིན་གྱི། སེམས་ཅན་གྱི་དོན་གཙོ་བོར་བྱེད་ལ་།དེ་ཡང་མི་དམིགས་པས་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །གང་སེམས་ཅན་འདུལ་བར
་སེམས་པ་ནི་ནམ་མཁའ་འདུལ་བར་སེམས་པ་དང་འདྲའོ་ཞེས་བྱ་བ་ནས། ནམ་མཁའ་གསོག་པའི་ཕྱིར་སེམས་ཅན་གསོག་ཏུ་ལྟ་བའོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པའི་སེམས་ཅན
་དངོས་པོ་མེད་པས་ནམ་མཁའ་དང་འདྲ་སྟེ་།སེམས་ཅན་འདུལ་བ་ནི་ནམ་མཁའ་འདུལ་བ་དང་འདྲའོ་ཞེས་བསྟན་པ་སྟེ། དབེན་པ་དང་སྟོང་པ་ཉིད་དང། སྙིང་པོ་མེད་པ་དང། གསོག་ཅེས་བྱ་བ་ནི་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །ལྷའི་བུ་དག་རྣམ
་གྲངས་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་མེད་པ་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་དཀའ་བ་བྱེད་པ་སྟེ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དངོས་པོ་ཡོད་པའི་བྱ་བ་བྱེད་པ་ནི་ཐབས་མི་མཁས་པར་བྱ་བར་དཀའ་ཨོ
་ཞེས་བྱ་བའི་དོན་ཏོ། །གང་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་ནམ་མཁའ་དང་བརྩོད་པར་འདོད་པ་སྟེ་ཞེས་བྱ་བ་ནི་སེམས་ཅན་དངོས་པོ་མེད་པའི་དཔེ་ནམ་མཁའ་ལས་བླངས་ཏེ་བསྟན་པ་སྟེ། སེམས་ཅན་དངོས་པོ་མེད་པ་འདུལ་བའི་དོན་ཏོ་གོ་ཆ
་གྱོན་པ་ནི་ནམ་མཁའ་འདུལ་དུ་ཟད་དོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་དེ་ཡང་བགོས་ལ་སེམས་ཅན་གང་གིས་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་བགོས་བའི་སེམས་ཅན་དེ་དག་ཀྱང་མི
་དམིགས་སོ་ཞེས་བྱ་བ་ནི་གདུལ་བར་བྱ་བའི་སེམས་ཅན་རྣམས་དངོས་པོ་མེད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པའི་ཕྱིར་གོ་ཆ་དབེན་པར་བལྟའོ་ཞེས་བྱ་བ་ནི། དེ་ལྟར་སེམས་ཅན་དམིགས་སུ་མེད་པའི
་གཏན་ཚིགས་སུ་དབེན་པའི་ཚིག་གི་བསྟན་པ་སྟེ། སེམས་ཅན་དངོས་པོ་མེད་ཅིང་དབེན་པའི་ཕྱིར་དམིགས་སུ་མེད་དེ་དེ་ལྟར་སེམས་ཅན་དབེན་པས་སེམས་ཅན་འདུལ་བར་རྩོལ་བའི་གོ་ཆ་ཡོད་དབེན་པས་གཉིས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མི་འགྱུར་ན་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་དང་གོ་ཆ་གཉིས་ཀ་དབེན་ཏེ། གོ་ཆ་མེད་པར་བསྟན་པ་ལ་དངོས་པོ་མེད
་ཅིང་སྟོང་བས་སྐྲག་ནས། ཐེག་པ་ཆུང་དུའི་སེམས་སུ་མ་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན
་བའི་ཕྱིར་སེམས་ཅན་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་སེམས་ཅན་དབེན་པར་བཤད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དབེན
་པའི་ཕྱིར། སེམས་ཅན་རང་བཞིན་གྱིས་སྟོང་ཞིང་དབེན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་བའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་དབེན་པའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བཤད་པ་ལ། འཁོར་གྱི་ནང་ནས་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོ་ཡོད་སྙམ་དུ་རྟག་པ་བསལ་བའི་ཕྱིར། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད། དབེན་པ་ཡིན་ན་ཞེས་བསྟན་པའོ། །ལྷའི་བུ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དབེན་པར་བཤད་པ་ལ་སེམས་མི་འཛུམ། ཡོངས་སུ་ཞུམ་པར་མི་འགྱུར་ལ་དེའི་ཡིད
་འཇིགས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་དེ། དབེན་པར་བཤད་པས་སྐྲག་སྟེ་སེམས་ཞུམ་པར
་མ་གྱུར་ན་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་བ་ཡིན་ན་ཞེས་བྱ་བ་ནི། ཞུམ་པར་མི་འགྱུར་བའི་གཏན་ཚིགས་རབ་འབྱོར་གྱིས་བཤད་པ། འདུལ་བར་འགྱུར་བའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས
་སྨྲས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཞུམ་པར་འགྱུར་བ་དང། གང་གིས་ཞུམ་པར་འགྱུར་བ་དང། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག
་ཐམས་ཅད་ནི་མ་མཆིས་པ་སྟེ། དམིགས་སུ་མ་མཆིས་སོ་ཞེས་བྱ་བའི་བར་ཀྱི་ནི། རབ་འབྱོར་གྱི་ཞུམ་པར་མི་འགྱུར་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དབེན་པ་དང། ཞི་བ་དང་མ་སྐྱེས་པཱི་ཕྱིར་གང་ཟག་གང་ཞུམ་པར་འགྱུར་བ་དག་རྒྱུ་གང་གིས་ཞུམ་པར
་འགྱུར་བ་དང། དོན་གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ཞུམ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྐད་དུ་བཤད་པ་མི་འཛུམ་མི་འགོང་ཞིང་ཞེས
་བྱ་བ་ནས། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་དོན་དེ་ཉིད་གསལ་པར་གོ་བར་བྱ་བའི་ཕྱིར་བཟླས་ནས་མཇུག་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་ནི་དབང་པོ་དང་བཅས་པ་ཚངས་པ་དང་བཅས་།སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཕྱག་བགྱི་བར་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱད་པའོ་ཞེས་དགོངས་པ་མཛད་དོ་ཞེས་བྱ
་བའི་བར་གྱི་ནི། དེ་ལྟར་དམིགས་སུ་མེད་བའི་ཆོས་བསྟན་པ་ལ་ཞུམ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་ཕྱག་བྱ་བར་འགྱུར་བ་དང། ཕྱོགས་བཅུའི
་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པར་འགྱུར་པའི་ཕན་ཡོན་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་གང་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཛད་པའི་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་སུ་འགྱུར་བར་ཞུམ་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པར་འགྱུར་བ་དེ་ནི
་གདོན་མི་ཟ་བར་སངས་རྒྱས་སུ་འགྱུར་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཁམས་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདུད་སྡིག་ཏོ་ཅན་དུ་གྱུར་ཏེ་ཞེས་བྱ་བ་ནས།
་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པ་ཡིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་གཉིས་དང་ལྡན་པ་ནི། བདུད་སྡིག་ཏོ་ཅན་རྣམས
་ཀྱིས་མི་ཐུབ་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་དེ་བཞིན་གཤེགས་པས་དགོངས་པར་འགྱུར་བ་དང། ཆོས་ཐམས་ཅད་སྟོང་པར་ཡང་རྟོགས་ལ། སྙིང་རྗེ་ཆེན
་པོས་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མ་གཏང་བ་དང་བདེན་པའི་ཚིགས་སྲུང་སྟེ་།ཇི་སྐད་དུ་ཁས་ཆེས་ཤིང་སྨྲས་པ་དེ་བཞིན་དུ་ཉམས་སུ་བླངས་ཏེ་བྱེད་པ་ལ་བདུད་ཀྱི་བར་ཆད་བྱ་མི་ནུས་པའི་ཕན་ཡོན་བསྟན་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ། ལྷའི་བུ་རྣམས་ཀྱང་འོང་བར་སེམས་སོ་ཞེས་བྱ་བ་ནས། སེམས་ཅན་མུན་པར་གྱུར་པ་རྣམས་ཀྱི་སྣང་བར་འགྱུར་རོ་ཞེས་དེ་ལ་སྤྲོ་བ་སྐྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་དགོངས་པ་མཛད་པ་དེ་དྲུང་དུ་འཇིག་རྟེན་གྱི་ལྷ་རྣམས་ཀྱང་འོང་སྟེ། འདོམས་ཤིང་སྤྲོ་བ་སྐྱེད་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས
་མེད་པ་དག་ན་ཞེས་བྱ་བ་ནས། དེའི་མིང་དང་རིགས་ཡོངས་སུ་བརྗོད་པའི་ཚུལ་གྱིས་སྟོན་ཞིང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དེ་ཞེས་བྱ་བའི་པར་གྱིས་ནི་ལྷའི་བུ་རྣམས་སྤྲོ་བ་སྐྱེད་པའི་རྒྱུ་བསྟན་པ་སྟེ། འཇིག་རྟེན་གྱི་ཁམས་ཚད་མེད་པ་ན་བཞུགས
་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དགོངས་ཤིང་མིང་དང་རུས་ནས་སྨོས་ཏེ་ཆོས་བསྟན་ཅིང་བསྔགས་པའི་ཕྱིར་ལྷའི་བུ་རྣམས་ཀྱང་དེའི་དྲུང་དུ་འོང་ཞིང་སྤྲོ་བ་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ་།རབ
་འབྱོར་འདི་ལྟ་སྟེ་དཔེར་ནང་ད་ལྟར་ཞེས་བྱ་བ་ནས། ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་བཞིན་ནོ་ཞེས་བྱ་བའི་པར་གྱིས་ནི། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་ཅིང་བསྔགས་པ་མཛད་པའི་དཔེ་བསྟན་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཞེས་བྱ་བ་དང་གཙུག་ཕུད་ཅེས་བྱ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི
་མིང་ནས་སྨོས་ཏེ་ཆོས་སྟོན་ཅིང། བསྔགས་པ་མཛད་པ་དང། དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཞ་འབྲིང་ན་འཁོད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་མིང་ནས་སྨོས་ཏེ། ཆོས་སྟོན་ཅིང་བསྔགས་པ་མཛད་པ་བཞིན་ནོ
་ཞེས་བྱ་བའི་དོན་ཏོ། །ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག
་ཐམས་ཅད་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་མཛད་དོ
་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་དགོངས་ཤིང། སྤྲོ་བ་མཛད་པའི་ཆོས་ཉིད་བསྟན་པ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱང། སོ་སོའི་སངས་རྒྱས་ཀྱི་ཞིང་ན་བཞུགས
་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ལ་སྤྱོད་པ་རྣམས་ལ་དགོངས་ཤིང་སྤྲོ་བར་མཛད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་སྦྱོང་བ་རྣམས་ལ། སངས་རྒྱས་བཅོམ་ལྡན་འདས
་རྣམས་ད་ལྟར་དེ་དགོངས་ཤིང་སྤྲོ་བ་མཛད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་།ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱི་བར་དུ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པ་གང་ཇི་སྙེད་ཡོད་པ་དེ་དག་ལ་ཡང
་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཚོས་སྟོན་ཏེ། ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་མཛད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འབའ་ཞིག་ལ་དེ་བཞིན་གཤེགས་པ་དགོངས་པ་མཛད་པ་མ་ཡིན་གྱིས
་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ན་ཐུན་པར་བསྒྲུབ་པས་བྱང་ཆུབ་ཀྱི་ལམ་སྦྱོང་ན། དེ་དག་ལ་ཡང་དེ་བཞིན་གཤེགས་པ་དགོངས་ཤིང་སྤྲོ་བ་སྐྱེད་བ་མཛད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་།རབ
་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པ་དེ་དག་ནི་དཀའ་བ་བྱེད་པའོ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་ཀྱི་ལམ་སྦྱོང་ཞིང་སངས་རྒྱས་སུ་འགྲུབ་པའི་རྒྱུ་དམ་པའི་ཆོས་ཉམས་ཤིང་ནུབ་པར
་མི་བྱེད་པ་དེ་ལྟ་བུ་དམིགས་པ་ཅན་གཞན་གྱིས་མི་ནུས་པས་དཀའ་བ་བྱེད་པ་སྟེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་དེ་ལ་དགོངས་ཤིང་སྤྲོ་བ་སྐྱེད་བ་མཛད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་བཅོམ་ལྡན་འདས
་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལྡོག་པ་འམ། སླར་མི་ལྡོག་པ་འམ་གང་གིས་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་སྟོན་པ་མཛད་ཅེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་
་ལ་སངས་རྒྱས་བཅོམ་ལྡན་འདས་དགོངས་ཤིང་སྒྲོ་བ་བསྐྱེད་པ་མཛད་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་མཛད་དམ། འོན་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པ་གཞན་རྣམས་ལ་ཡང་དགོངས་པ་མཛད་སྙམ་དུ་འཁོར་གྱི་ནང་ནས
་ཁ་ཅིག་ཐེ་ཙོམ་སྐྱེ་བར་གསལ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་བཞིན་དུ་སྤྱོད་ན། ཡོངས་སུ་དག་པ་དང་མ་དག་པ་གཉི་ག་ལ་ཡང་སངས་རྒྱས
་བཅོམ་ལྡན་འདས་རྣམས་དགོངས་ཤིང་སྤྲོ་བར་མཛད་དོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་དེ་དག་གང་ལགས་ཞེས་བྱ་བ་ནས། སྙིང་པོ་མེད་པའོ་ཞེས་བྱ་བར་མོས་ཀྱང། མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པ་དེ་དག་ལ་ཡང། སངས་རྒྱས
་བཅོམ་ལྡན་འདས་དེ་དག་སྤྲོ་བ་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་བ་མཛད་དོ་ཞེས་བྱ་བའི་བར་གྱིས་ནི། ཡོངས་སུ་མ་དག་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་དགོངས་པ་གང་ལགས་ཞེས་ཞུས་པ་དང།
་དེ་དག་གང་དང་གང་ཡིན་པ་བསྟེན་པ་སྟེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱི་རྗེས་སུ་སློབ་པའི་ཚུལ་གྱིས་སྤྱོད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་སྤྱོད་པ་ལ་བྱ་སྟེ། དེ་ལྟར་སྤྱོད་ན་བྱང
་ཆུབ་སེམས་དཔའ་ཡོངས་སུ་མ་དག་པ་ལ་ཡང་དེ་བཞིན་གཤེགས་པ་རྣམས་དགོངས་པ་མཛད་པ་དང། བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པ་ཁ་ཅིག་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། སྟོང་པ་དང་ཞི་བ་དང། གསོག་དང་གསོབ་དང། སྙིང་པོ་མེད་པར་རྟོགས་ཏེ་
་དེ་ལ་ཆོས་ཀྱང་མི་སྐྱེ་བའི་ཆོས་ལམ་ཟོད་པ་མ་ཐོབ་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ན། དེ་དག་ལ་ཡང་དེ་བཞིན་གཤེགས་པ་དགོངས་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ
་ཞེས་བྱ་བ་ནས། དེ་དག་དེ་བཞིན་ཉིད་ལ་ནན་ཏན་དུ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས
་དགོངས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། དེ་དག་གིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་སྤངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་དང། ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང་རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་ན། འཕགས་པའི་ས་མ་ཐོབ་ཀྱང། ཕྱིས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། གོ་རིམ་བཞིན་དུ་ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང། དེ་བཞིན་ཉིད་ལ
་ནན་ཏན་དུ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཕན་ཡོན་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་བཅོམ་ལྡན་འདས་དེ་བཞིན་ཉིད་དུ་གནས་ནས། དེ་བཞིན་ཉིད་དུ་ནན་ཏན་བགྱིས་ཏེ། ཆོས་གང་ཡང་མ
་དམིགས་མ་ཞེས་བྱ་བ་ནས། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕན་ཡོན་བསྟན་པ་ལས། དེ་བཞིན
་ཉིད་ལ་གནས་དེ་བཞིན་ཉིད་ལ་ནན་ཏན་དུ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བཤད་པ་ལ། འཁོར་གྱི་ནང་ནས་ཁ་ཅིག་ཐོབ་པར་བྱ་བའི་དེ་བཞིན་ཉིད་དང། ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་
་དངོས་པོ་ཡོད་དམ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་དེ་བཞིན་ཉིད་དང། དེ་བཞིན་ཉིད་ལ་མ་གཏོགས་པའི་ཆོས་གཞན་གང་ཡང་མི་དམིགས་ན། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར
་རྫོགས་པར་འཚད་རྒྱ་བར་འགྱུར་བ་དང། ཆོས་སྟོན་པ་ཡང་སུ་ཞིག་ཡོད་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ་ཞེས་བྱ་བ་ནས། རབ་འབྱོར་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་བྱ་བའི་བར
་གྱིས་ནི། རབ་འབྱོར་གྱིས་སྨྲས་བའི་ཚིག་རྣམས་བཅོམ་ལྡན་འདས་ཀྱིས་བཟླས་ཏེ། ཁྱོད་ཀྱིས་ཞུས་པ་རྣམས་ལ?་ཞེས་བཀའ་སྩལ་པའོ། །རབ་འབྱོར་གང་དེ་བཞིན་ཉིད་ལ་གནས་པ་དང་ཞེས་བྱ་བ་ནས་དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ
་དེ་ནི་གནས་མེད་དོ་ཞེས་བྱ་བའི་བར་གྱིས་ནི། རབ་འབྱོར་གྱིས་གསོལ་བའི་ལན་བཏབ་སྟ། དོན་དམ་པར་དེ་བཞིན་ཉིད་དང། དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་སྟོན་པ་དེ་ལྟ་བུ
་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། །དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་ཞེས་བྱ་བ་ནས། ཆོས་སྟོན་བར་འགྱུར་བ་ལྟ་ཅི་སྨྲོས་ཏེ། དེ་ནི་གནས་མེད་དོ་ཞེས་བྱ་བའི་བར་གྱིས་ནི།
་དེ་བཞིན་ཉིད་དང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དངོས་པོ་མེད་པའི་གཏན་ཚིག་བསྟན་པ་སྟེ་།ཆོས་ཐམས་ཅད་དངོས་པོ་མེད་ཅིང་རང་བཞིན་གྱིས་སྟོང་པ་ནི་བཤིག་སྟེ། མེད་པར་བྱས་པས་སྟོང་པ་ནི་མ་ཡིན་གྱི། ཡན་ས་དེ་བཞིན་ཏེ། དེ་བས་ན་དེ་བཞིན
་ཉིད་འདི་ལ་གནས་བར་འགྱུར་བ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་བཅུ་དགུ་བའོ།། །།དེ་ནས་ལྟའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ
་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་།རྨོངས་པར་འགྱུར་བ་མ་མཆིས་པ་ནི་དཀའ་བ་བགྱིད་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་དོན་དམ་པར་ཆོས་གང་ཡང་དམིགས་སུ་མེད་ལ། ཀུན་རྫོབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འདོད་པ་དེ་ལྟ་བུ
་ནི་དམིགས་པ་ཅན་སུས་ཀྱང་མི་ནུས་པའི་ཕྱིར་དགའ་བ་སྤྱོད་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བསྟོད་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྒྲད
་ཅེས་སྨྲས་སོ་ཞེས་བྱ་བ་ནས། དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱིས་ཆོས་བསྟན་པ་ཡང་ཅི་ལ་ཡང་ཆགས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི། བརྒྱ་བྱིན་གྱིས་དཀའ་བ་སྤྱོད་པར་བཤད་པ་ཆོས་ཐམས་ཅད་སྟོང་པར་བཤད་པ་ལྷུ?་ནམ་ནུར་མེད་པར་བྱེད་པ་ནི་དཀའ་
་བར་རབ་འབྱོར་གྱིས་བསྟན་པ་དང། བརྒྱ་བྱིན་གྱིས་རབ་འབྱོར་ཆོས་ཟབ་མོ་སྟོན་པར་བསྟོད་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཆོས་ཀྱི་གཉེར་བའི་ཆོས་ཉིད་ཡང་དག་པར་ལུང
་བསྟན་པས། ལུང་བསྟན་པར་འགྱུར་བ་ལགས་སམ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བརྒྱ་བྱིན་གྱིས་ཆོས་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དཀའ་བ་བགྱིད་པའོ་ཞེས་སྨྲས་པ་དང། གནས་བརྟན་རབ་འབྱོར་གང་ཅི་སྟོན་ཀྱང། དེ་ཐམས
་ཅད་སྟོང་པ་ཉིད་བརྩམས་ཤིང་སྟོན་ཏེ། ཅི་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་དང། མཐུན་ནམ་མི་མཐུན་ཆོས་དང་མཐུན་པར་སྨྲ་བ་ལགས་སམ་མ་ལགས་ཞེས་ཞུས་པ་སྟེ། ཆོས་ཀྱི་གཉེར་བའི་ཆོས
་ཉིད་ཅེས་བྱ་བ་ལ། ཆོས་ནི་མྱ་ངན་ལས་འདས་བའི་ཆོས་ལ་བྱ། གཉེར་བའི་ཆོས་ནི་མྱ་ངན་ལས་འདས་པའི་ཆོས་དེ། སྒྲུབ་པ་འཕགས་པའི་ལམ་ལ་བྱ་སྟེ། དེ་མཐུན་པར་བདག་གིས་སྨྲས་པ་ལགས་སམ་མ་ལགས་ཞེས་ཞུས་བའོ། །
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། གཉེར་བའི་ཆོས་ཉིད་ལུང་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བརྒྱ་བྱིན་གྱིས་སྨྲས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་ཡང་མཐུན་ལ། ཆོས་ཉིད་དང་ཡང་མི
་འགལ་བ་ཡིན་ནོ་ཞེས་བཀའ་སྩལ་བའོ། །བརྒྱ་བྱིན་གྱིས་གསོལ་བ་བཅོམ་ལྡན་འདས་གནས་བརྟན་རྦ་འབྱོར་འདིས་ཅི་དང་ཅི་སྤོབས་པ་དེ་དག་ཐམས་ཅད་སྟོང་པ་ཉིད་ལ་བརྩམས་ཤིང་སྤོབས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩམས
་སྤོབས་པ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི། རབ་འབྱོར་ཉན་ཐོས་ཡིན་ལ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཟབ་ཅིང་རྒྱ་ཚོ་བ་རྣམས་ཤེས་ནས། སྤོབས་པ་ཆེན་པོ་གཞན་ལ་ཡང་སྟོན་པ་ངོ་མཚར་ཆེའོ་ཞེས་རབ་འབྱོར་ལ་བསྟོད་པ་བསྟན་པའོ། །བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པས་ཞེས་བྱ་བ་ནས། དཔེ་བྱང་རྣམས་ཀྱང་མི་དམིགས་ན། གང་གི་ལུས་ལ་དཔེ་བྱད་ཡོད་པར་འགྱུར་བ་ལྟ་ཅི་སྨོས་ཞེས་བྱ་བའི་བར་གྱིས་ནི། གནས་བརྟན་རབ་འབྱོར་དེ་ལྟར
་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཟབ་ཅིང་རྒྱ་ཆེན་པོ་ལ་སྤྱོད་པས། སྤྱད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་དང། དེ་ལ་སྤྱོད་པའི་གང་ཟག་གཉི་ག་ཡང་མི་དམིགས་བས། གནས་བརྟན་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ
་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་དེ་ལྟར་སྦོབས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱའི?་ཞེ་ན། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་ནི་ཆོས་ཐམས་ཅད་དབེན་པ་ལ་རྣམ་པར་སྤྱོད་པ་སྟེ་ཞེས་བྱ་བ་ནས། གྲངས་དང་ཆ་དང་བགྲང་བ་དང། དཔེ་དང་རྒྱུར
་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་ནི། གནས་བརྟན་རབ་འབྱོར་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་སྤྱོད་པ་དང་ལྡན་པ་དང། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བས་ལ་སོགས་པས། བྱང་ཆུབ་སེམས་དཔའ་ཨི་སྤྱོད
་པ་ཁྱད་པར་དུ་འཕགས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པ་མ་རྟོགས་པར་ཞེས་བྱ་བ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སུ་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱོར་པ་ལས་ཁྱད་པར་དུ་འཕགས་པའི་གཏན་ཚིགས་བསྟན་པ
་སྟེ། བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་རབ་འབྱོར་གྱིས་ཕུན་སུམ་ཚོགས་པར་མི་ནུས་པ་དང། བྱང་ཆུབ་སེམས་དཔའ་སྨོན་ལམ་ཁྱད་པར་ཅན་གྱིས་འཕགས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱོད་པས
་ཁྱད་པར་དུ་མི་འཁོར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འཁོར་དེའི་ནང་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཞེས་བྱ་བ་ནས། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ལགས་པའི་རྣམ་པར་སྤྱད
་པ་དམ་པས། བདག་ཅག་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སྨྲས་པ་དང་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས
་ཁྱད་པར་དུ་འཕགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང། དག་སློང་བརྒྱ་དྲུག་ཅུ་འཁོར་དེའི་ནང་ན་འཁོར་པས་ཐོས་ནས་ལྷ་རྣམས་ཀྱིས་ནི་མཆོད་པ་ཆེན་པོ་བྱས། དགེ་སློང་རྣམས་ཀྱིས་ཀྱང་མཆོད་པ་ཆེན་པོ་བྱས་ནས། དགེ་སློང་རྣམས
་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཁྱད་པར་དུ་འཕགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དམ་པ་ལ་སྤྱོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་ལུང་བསྟན་པ་བཤད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདག
་གི་བསམ་པ་ཐུག་སུ་ཆུད་དེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པས། རྣམ་པར་སྤྱོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས
་དགེ་སློང་བརྒྱ་དྲུག་ཅུ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དད་པ་སྐྱེས་ནས། སྨོན་ལམ་བཏབ་པ་ཡང་འདི་ལྟར་ལུང་བསྟན་པ་དང་སྦྱར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དེ་ལྟར་མཐུ་ཆེ་ཞིང་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བས། དེ་ལ
་སྤྱད་པར་བྱའོ་ཞེས་བསྟན་པའོ། །དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞེས་བྱ་བ་ནས། དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དག་པའི་རྩ་བ་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ
་བཟུང་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སྤྱད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པར་འགྱུར་གྱིས། གཞན་གྱིས་དེ་ལྟར་མི་འགྱུར་རོ
་ཞེས་བསྟན་པའོ། །དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་།དགེ་བའི་རྩ་བ་བསྐྱེད་པ་ལྟ་ཡང་མི་སླུ་སྟེ། ཉན་ཐོས་སམ་རང་སངས་རྒྱས་སུ
་འགྱུར་མོད་ཀྱི་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པས་ཤིན་ཏུ་རྟོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དགེ་བའི་རྩ་བ་གང་སྐྱེད་ཀྱང་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་པར་ལྟ་གདོན་མི་ཟ་བར་འགྱུར་མོད་ཀྱི། འོན་ཀྱང་ཆོས་རྣམས
་ཀྱི། རང་བཞིན་ཤིན་ཏུ་རྟོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་བར་མདོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་མི་བྱའོ། །ཞེས་བསྟན་པའོ། །དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར། ཤིན་ཏུ
་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་སུ་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དགའ་
་བོ་དེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ཟབ་མོ་འདི་ཁྱོད་ལ་གཏད་ཏེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་སྡེ་གཞན་ཐམས
་ཅད་པས་མཆོག་ཡིན་པ་དང། དེ་བཞིན་གཤེགས་པ་ཉིད་དང་འདྲ་བ་ལ་སོགས་པའི་ཡོན་ཏན་སྨོས་ནས། ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་གཏད་ཅིང་གཏམས་པ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས
་བྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་ཞེས་བྱ་བ་ནས། དགའ་བོ་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང། ཕ་རོལ
་ཏུ་ཕྱིན་པ་དྲུག་ལ་བསླབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང། མཆོད་ཅིང
་རིམ་གྲོ་བྱ་བ་དང། ཡོངས་སུ་མི་གཏང་པའི་གཏན་ཚིགས་བསྟན་པ་སྟེ། འདས་པ་དང་མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱི་བྱང་ཆུབ་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདི་ལས་བྱུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་ཅིང་ཡོངས་སུ་གཏོང་པར་མི་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་རྣམས་ཀྱི་མ་སྟེ་བསྐྱེད་པར་བྱེད་པའི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་ས་བརྙེས་པ་ཡང། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། བརྙེས་ཤིང་འདིའི་རྒྱུས་བླ་ན་མེད་པའི་བྱང་ཆུབ་བརྙེས་པའི་ཕྱིར་འདི་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་དྲུག་ལ་སློབ་པ་དེ་དག་ཐམས
་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་ཏེ། དགའ་བོ་དེ་བས་ན་ཁྱོད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཡང་དང་ཡང་དུ་ཡོངས་སུ་གཏད་དོ། །རྗེས་སུ་གཏང་དོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་དོན་དེ་ཉིད་གསལ
་བར་བྱ་བའི་ཕྱིར་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་རྣམས་བསྐྱེད་པར་བྱེད་པ་ཡིན་པས། མི་བསླབ་དུ་མི་རུང་གི་ཉམས་པར་མི་འགྱུར་བར་ཡུན་རིང་དུ་གནས་ཤིང། རྒྱ་ཆེར་སྤེ?་ལ་བའི་ཕྱིར་ཁྱོད་ལ་གཏད
་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་དོ་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདའ་ཨོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞེས
་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་པ་འདི་ལ་བརྟེན་ནས། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། དེ་དག་གི་འཁོར་ཉན་ཐོས་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རའི་རྒྱུས་སོ་སོའི་གོ་འཕང་འཐོབ་ཅིང། འདི་ལS
་བརྟེན་ཏེ་ཆོས་སྟོན་ཏོ། །ཞེས་བཤད་པའོ། །དགའ་བོ་གལ་ཏེ་ཁྱོད་ཀྱི་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཕ་རྣམས་ལ། ཉན་ཐོས་ཀྱི་ས་ལ་བརྩམས་ཏེ་ཞེས་བྱ་བ་ནས། ཉན་ཐོས་ཀྱི་བྱ་བ་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཐེག་པ་ཆུང་དུའི་ཆོས་བསྟན
་པས་སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པར་གྱུར་པར་བྱས་པ་བས། བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མ་འདི་ཚིག་འགའ་ཙམ་ཞིག་བསྟན་པ་ཕན་ཡོན་ཆེ་བ
་བསྟན་པའོ་།དགའ་བོ་དེ་ཇི་སྙམ་དུ་སེམས་ཆོས་བསྟན་བསྔ་མ་ངེས་ཞེས་བྱ་བ་ནས། དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་?་པ་པཱི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོར་པ་ན་འགྱུར་ཏེ་ཞེས་བྱ
་བའི་བར་གྱིས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་དགྲ་བཅོམ་པར་གྱུར་ཏེ། སྦྱིན་པ་བྱིན་པ་དང། ཚུལ་ཁྲིམས་བསྲུང་པ་དང། བསྒོམ་པ་བྱས་པའི་བསོད་ནམས་པས། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འདི་ཆུང་དུ་ཉི་མ་འགའ་མ་ཉི་མ་ཕྱེད་དམ། སྔ་དྲོ་འགའ་འམ། ཆུ་ཚོད་འགའ་འམ། སྐད་ཅིག་གམ་ཡུད་ཙམ་འམ། ཐར་ཅིག་རྩམ་བཤད་པ་བསོད་ནམས་ཆེ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་ཀྱང་བླ་ན་མེད
་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་པར་འདོད་ལ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པའི་ལ?་ནས་མེད་དེ། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་བསོད་ནམས་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ནི་བདག་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
་ལས་ཉམས་པར་འགྱུར་བ་མི་སྲིད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་ཚེ་ཞེས་བྱ་བ་ནས། དགའ་བོ་ཆོས་ཐམས་ཅད་ནི་ཤེས་པ་མེད་པ། མཐོང་བ་མེད་པ། བྱ་བ་ལ་མཐུ་མེད་པ་ཤ་སྟག་སྟེ་ཞེས་བྱ་བའི
་བར་གྱིས་ནི། ཆོས་ཐམས་ཅད་ལ་དངོས་པོ་ཡོད་པར་མི་ལྟ་བ་བསྟན་པའི་ཕྱིར། རྫུ་འཕྲུལ་མཛད་པ་ཕྱིར་ལྟར་མེད་པའི་དངེས་ཆས་ཐམས་ཅད་ཀྱང་དངོས་པོར་བལྟར་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཆོས་ཐམས་ཅད་ནི
་ནམ་མཁའ་ལྟར་བྱེད་བ་མེད་པ། བྱེད་བ་མེད་པས་འཛིན་པ་མེད་པའོ། །ཞེས་བྱ་བ་ནས། སྙིང་པོ་མེད་པའི་ཕྱིར་ཚོར་བ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི། དངོས་པོ་མེད་ཅིང་བྱེད་པ་མེད་པ་དཔེ་དང་བཅས་པར་བསྟན་པའོ། །དཔེར་ན་ནམ་མཁའ་དང་སྒྱུ་མའི་སྐྱེས་བུ་དངོས
་པོ་མེད་ཅིང་སེམས་མེད་པས། ཅི་ཡང་མི་བྱེད་པ་བཞིན་ནོ་ཞེས་བསྟན་པའོ། །རྣམ་པར་སྒྲུབ་པས་སོ་སོར་གནས་པའི་མཚན་ཉིད་ཞེས་བྱ་བ་ནི། དོན་དམ་པར་དེ་ལྟར་དངོས་པོ་མེད་པས་བྱེད་པ་པོ་མེད་ཀྱི། ཀུན་རྫོབ་ཏུ་སྣང་བ་ནི་རྒྱུ་དང་སྐྱེན་གྱིས་བསྒྲུབ་པ
་ལ་བརྟེན་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་གང་བ་སངས་རྒྱས་ཀྱི་བསྔགས་པ་སྟེ་ཞེས་བྱ་བའི
་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སློབ་པ་ནི་དམིགས་པ་ཅན་གྱིས་སྤྱོད་པ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཡན?་ནོ་ཞེས་བསྟན་པའོ། །ད་ལ་གནས་ཤིང་དེ་བཞིན
་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་འདི་ཕྱག་གཡས་པས་གྱེན་དུ་བཏེག་ཅིང་ཞེས་བྱ་བ་ནས། མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ
་པ་ཞེས་བྱའོ་ཞེས་བྱ་བའི་བར་གྱི་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཐུ་དང་ཡོན་ཏན་ཆེ་བ་བསྟན་པའོ། །དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་གཟུང་བ་འམ། མཛའ་བཙལ་བར་འདོད་པ་ནི་ནམ་མཁའ་ཨི་ཚད་གཟུང་བ
་དང་མཛའ་བཙལ་བར་འདོད་དུ་ཟང་ངོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བར་སེམས་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དོ་ཞེས་བྱ་བའི་བར་གྱིས་ནི། ཤེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་ཡོན་ཏན་ཆེན་པོ་དང་ལྡན་པས།
་ཀུན་རྫོབ་ཏུ་ཡོན་ཏན་ཚད་མེད་ཅིང་ཟད་མི་ཤེས་པ་དང། ཟད་པར་མི་འགྱུར་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཟད་མི་ཟད་ཟད
་པར་མི་འགྱུར་རོ། །ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན། དེ་དག་ཟད་བར་འགྱུར་བ་ལྟག་ལ་ཡོད་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་དངོས་པོ་མེད་དེ་ཚད་བཟུང་དུ་མེད་ཅིང་མི་ཟད་པར་མ་ཟད་ཀྱི། བསམ་གཏན་གྱི་ཕ་རོལ
་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་རང་བཞིན་དེ་དང་འདྲའོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་ཞེས་བྱ་བ་ནས། དགའ་པོ་ཁྱོད་ཀྱིས་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པའི་གཟུངས་གང་བཟུང་བས། ཆོས་ཐམས་ཅད་བཟུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་བསྟན་པ་འདི་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོན་ཏན་མང་པོ་བཤད་པ།
་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤོ་བེ་མི་གསུང་བའི་རྟགས་སུ་ལྗགས་ཀྱི་དབང་པོ་བཀྲམ་སྟེ་བསྟན་ནས་།ངས་བསྟན་པ་བཞིན་དུ་ཡིད་ཆེས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དགེ་སློང
་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མའི་འཁོར་བཞི་པོ་རྣམས་ལ་རྒྱ་ཆེར་སྟོན་ཅིག་ཅེས་བཀའ་སྩལ་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་ལྔ་བཅུ
་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་བས་པའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པ་ལྟར་ན།
་བསྒྲུབ་བར་བྱ་བའི་བླ་ན་མེད་པའི་བྱང་ཆུབ་ཀྱང་ཟབ་ལ། སྒྲུབ་པར་བྱེད་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ལྟར་ཟབ་ན། དེ་དག་ཇི་ལྟར་བསྒྲུབ་པར་བྱ་བ་ཞུས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བས་པའོ་ཞེས་བྱ་བ་ནི་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དངོས་པོ་མེད་པ་ཇི་ལྟར་བསྒྲུབ་པར་བྱ་བའི་ཐབས་ཞུ་བའི་གླེང་བསླང་བའི་ཕྱིར་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མི་ཟད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའོ་ཞེས་བྱ
་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་དོ་།ནམ་མཁའ་དང་འདྲ་བའི་ཕྱིར་མི་ཟད་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ནམ་མཁའ་དང་འདྲ་སྟེ་།དངོས་པོ་མེད་ན་ཇི་ལྟར་ཡོངས་སུ་རྫོགས་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས་།རབ
་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། མི་ཟད་པར་ཤེས་པ་ཉིད་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་མངོན་པར་བསྒྲུབས་པ་ཡིན་ནོ། ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བའི
་བར་གྱིས་ནི། གཟུགས་ལ་སོགས་པ་མི་ཟད་པ་ནམ་མཁའ་ཨི་དཔེས་བསྟན་བ་སྟེ། ཇི་ལྟར་ནམ་མཁའ་དངོས་པོ་མེད་པས་།ཟད་པར་མི་འགྱུར་བ་དེ་བཞིན་དུ། གཟུགས་ལ་སོགས་བའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ནམ་མཁའ་དང་འདྲ་བར
་དངོས་པོ་མེད་པས་ཟད་མི་ཤེས་པར་རྟོགས་པར་བྱས་ན། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་མ་རིག་པ་ནམ་མཁའ་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས་།རབ་འབྱོར་རྒ་ཤི་དང། མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་
་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་བརྟག་པའི་སྐོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ
་པ་བསྟན་པ་སྟེ། དེ་ཡང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་ལུགས་མ་ཡིན་པར་རྣམ་པར་བལྟས་ནས། དོན་དམ་པར་དེ་དག་ཀྱང་ནམ་མཁའ་ལྟར་དངོས་པོ་མེད་དེ་ཟད་མི་ཤེས་པར་རྟོག་པར་བྱས་ན། རྣམ་པར
་ནི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི། གོང་དུ
་གཟུགས་ལ་སོགས་པ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་བ་དང། གཟུགས་ལ་སོགས་པ་ནམ་མཁའ་ལས་དཔེ་བླངས་ཏེ་ཟད་མི་ཤེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང། རྟེན་ཅིང་འབྲེལ
་པར་འབྱུང་བ་རྣམ་པར་བརྟགས་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྟེན་ཅིང་འབྲལ་པར་འབྱུང་བ་རྣམ་པར་བལྟ་བ་དང། ཤིན་ཏུ་རྣམ
་པར་སྤངས་པ་རྣམ་པར་ལྟ་བ་སྟེ་ཞེས་བྱ་བ་ནས། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་ལུགས་མ་ཡིན་པར་བརྟག་པ། ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི
་མཇུག་བསྡུས་ཏེ་བསྟན་པ་སྟེ། ཤིན་ཏུ་རྣམ་པར་སྤང་བ་རྣམ་པར་བལྟ་བ་སྟེ་ཞེས་བྱ་བ་ནི། ནམ་མཁའ་ལྟར་ཟང་མི་ཤེས་པར་རྟོག་པར་ཉིད་དངོས་པོར་ལྟ་བ་རྣམ་པར་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ
་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་བའི་ཆོས་ཏེ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་བའི་ཚུལ་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་བར་རྟོག་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཨི་སྙིང་པོ
་བྱང་ཆུབ་ལ་འདུག་པར་ནུས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱིས་མི་ནུས་ཏེ། དེ་དག་དང་ཐུན་མོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་ལྟ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ
་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང། ཐུན་མོང་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལྟ་བུ་རྟོག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །རབ
་འབྱོར་གང་ལ་ནམ་མཁའ་ལྟར་ཟད་མི་ཤེས་པས་ཞེས་བྱ་བ་ནས། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོག་པར་བྱས་ཤིང། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་དག་གཉི་གཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འགྱུར
་བའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་ཕྱིར་ལྡོག་བ་དེ་དག་ཐམས་ཅད་ནི་ཞེས་བྱ་བ་ནས། ཐབས་མཁས་པ་འདི་ལ་མ་བརྟེན་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གོ་ཞེས་བྱ་བའི་བར་གྱིས
་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་བརྟེན་པ་དང། ཆོས་ཐམས་ཅད་ནམ་མཁའ་ལྟར་མི་ཟད་པར་མི་ཤེས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པ་རྣམ་པར་ལྟ་བ་མི་ཤེས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བའི་ཉེས་པའི་དམིགས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ནས། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བལྟ་བར་བྱ། མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བརྟེན་ཏེ། ཐབས་མཁས་པ་ལས་སྤྱད་ཅིང། རྟེན་ཅིང་འབྲེལ་པར་འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས
་པར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་ན་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བས་ནི་ཆོས་གང
་ཡང་རྒྱུ་མེད་པ་ལས་བྱུང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་དོན་དམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་སྟོང་སྟེ། ནམ་མཁའ་ལྟར་ཟད་མི་ཤེས་པར་རྟོགས་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད
་རྒྱུད་རྐྱེན་ལས་བྱུང་བར་ལྟའི་མུ་སྟེགས་ཅན་ཁ་ཅིག་ལྟར་རྒྱུ་མེད་པ་ལས་འབྱུང་བར་མི་ལྟའོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ཡང་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནས་།ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ན་ཞི་བར?་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བའི་བར་གྱིས་ནི
་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཤེས་པར་བྱ་བ་ལ་མཁས་པ་ནི་ཆོས་གང་ལ་ཡང་རྟག་པའམ། འགག་པའི་དངོས་པོར་ཡོང་པར་ཡང་མི་ལྟ་ལ། མུ་སྟགས་ཅན་གྱིས་བརྟགས་པའི་བདག་རྣམས་ལ་སོགས
་པའི་དངོས་པོ་ཡོད་པར་མི་ལྟའོ་ཞེས་བསྟན་པའོ། །རབ་འབྱོར་བལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་ལྟ་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ
་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའི་བློས། ཆོས་གང་ལ་ཡང་རྟག་པ་དང། འགག་པ་ལ་སོགས་པའི་དངོས་པོར་ཡོད་པར་ཡང་མི་ལྟ་ལ། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ལ་ཡང་མཁས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གང
་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོང་པ་དེའི་ཚེ། གཟུགས་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་པའམ། བདག་ཡོད་པའམ་བདག་མེད་པའམ་།ཞི་བ་འམ་མ་ཞི་བར་ཡང་དག་པར
་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། ཞི་བ་འམ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་ནི་།དེ་ལྟར་རྟེན་ཅིང་འབྲེལ་བར
་འབྱུང་བ་ལ་མཁས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་ལ་ཕྱིན་ཅི་ལོག་བཞི་དང། ཞི་བ་དང་མ་ཞི་བའི་དངོས་བོར་ལྟ་བའི་ཕན
་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་པར་གྱིས་ནི། ཆོས་ཐམས་ཅད་ལ་ཕྱིན་ཅི་ལོག་ཏུ་ལྟ་བར་མི་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། བག་ཆགས་ཀྱི་མཚམས
་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་བས། བལྟ་བར་བྱ་བའི་དངོས་པོར་ཡང་མེད་ལ། ཆོས་དེ་དག་ལ་ལྟ་བར་འགྱུར་བའི་དངོས་པོ་གང་ཡང་མེད་པས། ཆོས་དེ་དག་ཐམས་ཅད་ལ་ཕྱིན
་ཅི་ལོག་ཏུ་མཐོང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག?
་པར་གྱུར་ཏོ་ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱ་ངན་གྱིས་ཟུག་རྔུས་མི་བཟད་པས་ཟུག་པར་གྱུར་ཏེ། རང་རང་གི་སྟན་ལ་འདུག་མི་འདོད་དོ་ཞེས་བྱ་བའི་བར
་ཀྱིས་ནི། དེ་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བདུད་ཀྱི་མི་ཚུགས་ཤིང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པར་འགྱུར་བ་བསྟན་པའོ། །དེ་ལྟར་རྣམ་པར་སྤྱོད་པའི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། གང་གི་ཕྱིར་དེ་གཟུང་ཞིང་ཕྱིར་བཟློག་པའི་གླགས་མི་རྙེད་གཏིང་མི་རྙེད་དོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་པར་ཟད་མི་ཤེས་པར་རྟོགས་ཤིང། ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་ངེས་པར་བསྟན་པ་སྟེ་།བདུད་འབའ་ཞིག་གིས་མི་ཚུགས་ཤིང་བར་ཆད་བྱ་མི་ནུས་པར་མ་ཟད་ཀྱི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན
་ཐམས་ཅད་ཀྱིས་ཀྱང་ཕྱིར་བཟློག་ཅིང་བར་ཆད་བྱ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱད་པར་བྱ་སྟེ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་མཐུ་དང་ལྡན་ཏེ། བླ་ན་མེད
་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་པར་འགྱུར་བའི་ཕྱིར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་སྤྱད་པར་བྱའོ་ཞེས
་གདམས་ངག་ཏུ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནས། ཕ་རོལ་ཏུ
་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི་།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་མིང?
་གིས་ཀྱང་སྨོས་ལ། ཕ་རོལ་ཏུ་ཕྱིན་བ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཀྱང་འབྱུང་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་ཅར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར
་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བར་བྱ་བའི
་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང
་སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས
་སུ་རྫོགས་པར་བྱ་བའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པའི་ཚེ། བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བསྒོམ་ལ། དེ་ལྟར་སྒོམ་པའི་བསོད་ནམས་ཀྱང་བདག་དང་སེམས
་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད
་ཅེས་གསོལ་ཏོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ་ཞེས་བྱ་བའི་བར་གྱིས་ནི།
་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་ལྔ་བཅུ་གཅིག་པའོ།། །།དེ་ནས
་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ
་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་ལ་གནས
་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བརྟན་པ
་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་བའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ། ཅི་ནས་ཀྱང་མི་སྤོང་མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ་ཞེས
་བྱ་བའི་བར་གྱིས་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་བར་བྱ་བའི་ཐབས་བསྟན་པ་སྟེ་།ཅི་ནས་ཀྱང་མི་སྤོང་མི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དོན་དམ་པར་ཆོས་ཐམས་ཅད
་དངོས་པོ་མེད་པར་རྟོགས་པས་སྤང་བར་བྱ་བ་དང་གཟུང་བར་བྱ་བ་གཉིས་གར་ཡང་མི་རྟོག་ལ། ཀུན་རྫོབ་ཏུ་ཡོངས་སུ་མི་འཛིན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ
་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །གསོལ་པ་བཅོམ་ལྡན
་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱ་བའི
་ཐབས་བསྟན་པ་སྟེ། བསམ་གཏན་རྣམས་ཀྱི་མཚན་ཉིད་དང། བསམ་གཏན་རྣམས་ཀྱི་འབྲས་བུ་མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚེ། ཕ་རོལ་ཏུ་ཕྱིན་བ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས
་བསྟན་པ་སྟེ། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་བསམ་གཏན་དང་སྙོམས་པར་འཇུག་པ
་རྣམས་ལ། གོམས་ཤིང་དབང་དུ་གྱུར་པས་མི་མཐུན་པའི་ཕྱོགས་ཀྱིས་མི་འཇིགས་ཤིང། བག་མི་ཚ་བར་ལུགས་དང་མཐུན་པ་དང། ལུགས་དང་མི་འཐུན་པ་དང། ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས
་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་སྟེ། ཡུན་རིང་པོ་ཇི་སྲིད་ཅིག་ནས། ཡང་དག་པར་ཞུགས་པ་ལགས་ཞེས་བྱ་བ་ནས། ཡོངས་སུ་རྫོགས་བར་མ་བྱས་པའི་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་དེ་ལྟ་བུ་གང་ཡང་མདོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་བའི་ཚུལ་དུ་ཕ་རོལ་ཏུ་ཕྱིན་པ་གཅིག་སྤྱད་པའི་ཞར་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་བར་བྱེད་ནུས་པའི་བྱང་ཆུབ་སེམས་དཔའ་དཀོན་པ་བསྟན
་པ་སྟེ། ཡུན་རིང་པོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད། བསྐལ་པ་གྲངས་མང་པོར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་བ་སྤྱད་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པས
་ཐབས་མཁས་པས་དེ་ལྟ་བུ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དག་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནས། བསམ
་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲོང་སྙམ་དུ་མི་སེམས་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཐབས་མཁས་པ་དང་ལྡན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ
་ཡིན་པ་དཔེ་དང་བཅས་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་ཏེ། ཅི་ཡང་ནུས་པ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་ཞིང་གསོག་སྟེ། སྨིག་རྒྱུ་ལྟ་བུའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་ཕ་རོལ་ཏུ་ཕྱིན་པ་ལྔ་ཅར་གྱིས་གཙོ་བོ་ཡིན་ཡང་གཅིག་ལ་གཅིག་ཕན་འདོགས་པར་རྣམ་པར་རྟོག་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དེ་སྙམ་དུ་མི
་སེམས་ཤིང་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་བྱ་བ་ལ་སོགས་པས་ནི་འཁོར
་གྱི་ནང་ནས་ཁ་ཅིག་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱར་མེད་ལ། དེ་དག་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས
་པར་འཚང་རྒྱ་བ་ཡང་མེད་དོ་སྙམ་དུ་སེམས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་སྙམ
་དུ་ཀྱེ་མ་འཇིག་རྟེན་གནས་པ་འདི་དག་ནི། སེམས་ཕྱིན་ཅི་ལོག་ཏུ་གྱུར་བ་སྟེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་།སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ
་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཡང། ཀུན་རྫོབ་ཏུ་སེམས་ཅན་སེམས་ཕྱིན་ཅི་ལོག་ཏུ་གྱུར་བ་རྣམས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མི
་བྱར་མི་རུང་བ་དང། དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་མ་མཆིས་ན་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པ་ཞེས་བགྱི་ཞེས་བྱ་བའི་བར་གྱིས་ནི
་གོང་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་སྟོང་པ་ཉིད་དུ་རོ་གཅིག་སྟེ། རྣམ་པར་མི་རྟོག་པར་བཤད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་པར་ཡང་བཤད་པ་འགལ་བའི་གལ་ཟུང་སྟེ། རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
་རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་བྱ་བ་ནས་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་པས། དེའི་ཕྱིར་ཁྱད་པར་མེད་དོ་ཞེས་བྱ་བའི་བར་གྱིས་ནི། དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་དད་པ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ནོ་ཞེས་ཐ་དད་དུ་དབྱེར་ཡོད་པ་བསྟན་པ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་གཅིག་ཏུ་གྱུར་བའི་དཔེ
་སེམས་ཅན་ལུས་ཀྱི་ཁ་དོག་ཐ་དད་པ་རྣམས་།རི་རབ་དང་ཉེ་བར་གྱུར་ན། ངོས་གང་དང་ཉེ་བར་དེའི་ཁ་དོག་ཏུ་འགྱུར་བ་ལས་བླངས་ཏེ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་དུ་ཁ་དོག་གཅིག་པར་གྱུར་ཞེས་བྱ་བ་རྒྱ་གར་སྐད་དུ། པ?་ན
་ཞེས་བྱ་བ་རིགས་སམ་རང་བཞིན་ལ་ཡང་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་སམ་རང་བཞིན་དུ་གཅིག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཆོས་གང་ལ་ཡང་ཁྱད་པར་མ་མཆིས་ལ། བྱེ་བྲག་མ
་མཆིས་ན་ཞེས་བྱ་བ་ནས། མཉམ་པ་མེད་པ་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཆོས་གང་ལ་ཡང་ཐ་དད་པ་མེད་པ། བླ་ན་མེད་པ་ཡང
་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་ཡང་ཅི་ཞིག་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཅིའི་ཕྱིར་གཙོ་བོ་ཡིན་ཞེས་ཞུས་པ་དང། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་སྟོང་པའི་རང་བཞིན་དུ་ཅིག་ཀྱང། ཀུན་རྫོབ་ཏུ་འཇིག་རྟེན
་གྱི་ཐ་སྙད་དང་བརྡར་བྱ་ན། དོན་རྗེས་སུ་འཐོབ་པ་མེད་པ་ཡང་མ་ཡིན་ལ་།ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་ཡང་མེད་པ་ཡང་པ་ཡིན་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་པོ་ཡིན་པར་དཔེ་དང་བཅས་ཏེ་བསྟན་པའོ། །གསོལ
་པ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཅེས་བགྱི་བ་དང། གཙོ་བོ་ཞེས་བགྱི་བ་དང་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པ་ཞེས་བགྱི་བ་ཅི་ལས་དགོངས་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅིའི
་ཕྱིར་གཙོ་བོ་ཡིན་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་བའི་ཆོས་ཐམས་ཅད་ཡོངས་སུ་གཟུང་ཞིང་མི་གནས་པའི་ཚུལ་གྱིས་ནི། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན། དགེ་བའི་ཆོས་སྤྱོད་དོ་ཅོག་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་སྤྱད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ
་པར་འགྱུར་བའི་ཕྱིར་རོ། གཙོ་བོ་དང་རབ་ལ་སོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ། མཐོང་བ་མ་མཆིས་སམ་ཞེས་བྱ་བ་ནི་བྱང་ཆུབ
་སེམས་དཔའ་ཨི་ཤེས་རབ་དེ་གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན། དེ་ཉིད་མངོན་པར་ཆགས་པའི་སྐྱོན་དུ་འགྱུར་ཏེ་ཅི་ཡང་ཡོངས་སུ་མི་འཛིན་པར་གཏོང་ན་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབཔར་མི་འགྱུར་རོ་སྙམ་དུ་རྟོག་པ
་བསལ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་དེ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར
་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པ་དང། གཏང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཡོངས་སུ་གཟུང་བར་བྱ་བ་འམ་བཏང་པར་བྱ་པའི་དངོས་པོ་མེད་པའི་ཕྱིར་འཛིན་པ་འམ་གཏོང་པ་མེད་དོ་ཞེས་བསྟན
་པའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་མི་འཛིན་མི་གཏོང་བ་ལགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཟུང་དུ་མེད་པ་དང་གཏང་དུ་མེད་པ་ཞིབ་ཏུ་བསྟན་པའི་སྐབས
་དབྱེ་བའི་ཕྱིར་ཞུས་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་བྱ་བ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས
་པའི་བྱང་ཆུབ་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་བྱ་བའི་བར་གྱིས་ནི་།གཟུངས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པ་སྒཟུང་དུ་ཡང་མེད་གཏང་དུ་ཡང་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་མི
་འཛིན་མི་གཏོང་ངོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་བྱ་བ་ནས་།ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་བྱ་བའི་བར
་གྱིས་ནི་།གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་གཏོང་བར་བྱ་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མི་བྱེད་བས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ
་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བྱེད་བས་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཏེ། དམིགས་པའི་ཡུལ་མ
་ཡིན་པའི་ཕྱིར་ཡིད་ལ་མི་བྱེད་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ལ་བཟུང་མ་གཏང
་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་སྨོས་བའི་ཚིག་ཉིད་བཟླས་ནས། དེ་ལྟར་ཡིད་ལ་མི་བྱེད་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་བ་ཡིན་གྱིས། དངོས་པོ་ཡོད་པ་མི་འཛིན་མི་གཏོང་བ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ
་གཟུགས་ཡིད་ལ་མི་བགྱི་།ཚོར་བ་ཡིད་ལ་མི་བགྱི་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མ་བགྱིས་པར་དགེ་པའི་རྩ་བ་རྣམས་ཇི་ལྟར་རྣམ་པར་འཕེལ་བར་འགྱུར། དགེ་བའི་རྩ་བ་རྣམས་རྣམ་པར་མ་འཕེལ་ན་ཡང་ཇི་ལྟར་ཕ
་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་མ་རྫོགས་ན་ཡང་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་མི་བྱ་ན། བསོད་ནམས་དང
་ཡེ་ཤེས་ཀྱི་ཚོགས་ཀྱང་མི་འཕེལ་བར་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ནས་གལ་གཟུང་སྟ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ན་མ་གཟུགས་ཡིད་ལ་མི་བྱ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང
་དག་བར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དེའི་ཚེ་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེད་པའི་རྩ་བ་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ་། དགེ་པའི་རྩ་བ་རྣམ་པར་འཕེལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས
་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་སྟོང་པར་རྟོགས་ཏེ། དེ་དག་ལ་མངོན་པར་མ
་ཆགས་ཤིང་ཡིད་ལམ་བྱས་ན། འཁོར་གསུམ་ཡོངས་སུ་དག་པར་དགེ་བའི་རྩ་བ་རྣམས་སྤེལ་ཞིང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མ་བྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡིད་ལ་མ
་བྱས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་སྨོས་པའི་དོན་དེ་ཉིད་བཟླས་ཏེ། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་མ་བྱས་ན་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །གསོལ་བ་ཅིའི་སླད་དུ་དེ་ལྟར་གཟུགས་ཡིད་ལམ་བགྱིས་ཞེས་བྱ་བ་ནས། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མ་བགྱིས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ
་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི། ཆོས་ཐམས་ཅད་ཡིད་ལ་བྱས་ན། སྐྱོན་དུ་འགྱུར་པ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཆོས་གང་ཡང་འདྲེས་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི།
་ཆོས་རྣམས་ལ་དངོས་པོར་ལྟ་ཞིང་མངོན་པར་ཆགས་པས་ཡིད་ལ་བྱས་ན་།ཁམས་གསུམ་ལས་གྲོལ་ཐར་པར་མི་འགྱུར་ཏེ། དེ་བས་ན་ཆོས་གང་ལ་ཡང་མངོན་པར་ཆགས་པས་ཡིད་ལ་མི་བྱ་ཞིང། ཁམས་གསུམ་གྱི་ཆོས་གང་དང་ཡང་མ་འདྲེས་པར
་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དེ་དག་གང་ལ་གནས་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང། ཁམས
་གསུམ་གང་དང་ཡང་འདྲེས་པར་མི་བྱ་ན། གང་ལ་བརྟན་ཅིང་གནས་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་སྟར?་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་གནས་པར་མི་འགྱུར་རོ
་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དངོས་པོར་ལྟ་ཞིང་མངོན་པར་ཆགས་པའི་དབང་གིས་ནི་ཆོས་གང་ལ་ཡང་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན
་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་གནས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་ཅིང་ཐོབ་པར་བྱ་བ་ཡིན་ན། དེ་ལ་ཅིའི་ཕྱིར་གནས་པར་མི་འགྱུར་ཞེས་ཞུས་པ་དང། བཅོམ་ལྡན་འདས
་ཀྱིས་བཀའ་སྩལ་པ། མངོན་པར་ཆགས་པ་མེད་པའི་ཕྱིར་གང་ལ་ཡང་གནས་པར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཆགས་ཤིང་གནས་པར་བྱ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་།འདི་ལྟར་དེས་གང་ལ
་མངོན་པར་ཆགས་པར་བྱ་བ་འམ། གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་། དོན་དེ་ཉིད་གཏན་ཚིགས་དང་བཅས་པས་གསལ་བར་བསྟན་པ་སྟེ། དངོས་པོ་འགའ་ཞིག་ཡོད་ན་ནི་དེ་ལ་མངོན་པར་ཆགས
་པ་འམ། གནས་པར་བྱར་ཡང་རུང་ན་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། མངོན་པར་ཆགས་པར་བྱ་བ་འམ། གནས་པར་བྱ་བ་དེ་ལྟ་བུ་གང་ཡང་མེད་པའི་ཕྱིར། གང་ལ་ཡང་གནས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རབ
་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཆགས་པ་མེད་པ་དང། གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་གདལ་ཡང། མངོན་པར་མ་ཆགས
་ཤིང་མི་གནས་པར་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང། གང་དེ་ལྟར་སྤྱོད་པ་དང། །དེ་ལྟར་བསྒོམས་པ་དེ་ནི་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་གྱུར་པ་ཡིན་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གང་ལ་ཡང་མངོན་པར་མ་ཆགས་།གང་ཡང་མི་གནས་པར་སྤྱོད་པ་དེའི་ཚེ། བདག་དེ་ལྟར་སྤྱོད་ཅིང་བསྒོམ་སྙམ་པའི་འདུ
་ཤེས་ཙམ་ཞིག་སྐྱེས་ན་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནམ་པར་བྱེད་བའི་ཆོས་ཐམས་ཅད་དང་བྲལ་ཞིང་རིང་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་མངོན་པར་ཆགས་པར་མི་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པ་གང་ཡང་མདོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ཡང་སྟོད་པའི་ཕྱིར་གཞན་ལ་མངོན་པར་ཆགས་པར་བྱེད་བ་ཡང་མ་ཡིན། གཞན་གྱིས་མངོན་པར་ཆགས་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅཱི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་མངོན་པར་ཆགས་པར་འགྱུར་བ་དེ་ལྟ་བུའི་རང་བཞིན
་དེ་ལ་མེད་དེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པར་བྱེད་པ་དང། ཆགས་པར་བྱ་བ་གཉི་ཀའི་རང་བཞིན་དུ་ཡོད་བ་མ་ཡིན་པའི་གཏན་ཚིགས་བསྟན་པའོ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པར་འདུ་ཤེས་ན་ཡང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་བ་དེ་ནི། ཆོས་ཐམས་ཅད་ལས་ཉམས་པར་འགྱུར་རོ་ཞེས་བྱ་བ་ནས།
་རབ་འབྱོར་དེ་ཡང་འདིར་དེ་བཞིན་གཤེགས་པ་ནི་ཆོས་གང་ཡང་འདོགས་པ་མེད་དང་ཆོས་ལ་ལ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ག་ལ་ཡོད་དེ་།དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་སོགས་པ་ལ། འདུ་ཤེས་སྐྱེ་ཞིང་མཚན་མར་འཛིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་པའི་སྐྱོན་དུ་འགྱུར་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ
་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མ་ཆགས་པས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་།ཆོས་ཐམས་ཅད་ལ་འདུ་ཤེས་དང་མཚན་མར་འཛིན་བའི
་སྐྱོན་དུ་མི་འགྱུར་བའི་ཐབས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ་ཞེས་བྱ་བ་ནས། རྣམ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཇི་ལྟར་མངོན
་པར་བསྒྲུབ་པར་བགྱི་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད། ཆོས་དེ་དག་གི་རང་བཞིན་དང་བྲལ་ཏེ། རང་བཞིན་གཅིག་ན། བདག་གིས་བདག་མངོན་པར་བསྒྲུབ་ཏུ་མི་རུང
་སྟེ། དཔེར་ན་རལ་གྲི་དེ་ཉིད་ཀྱི་སོས་རལ་གྲི་དེ་ཉིད་བཅུད་དུ་མི་རུང་བ་བཞིན་ནོ། །ཇི་ལྟར་དེ་དག་མངོན་པར་བསྒྲུབ་བར་བགྱི་ཞེས་གལ་གཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཨི་ཆེན་པོ་ཤེས
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྤྱོད་པའི་ཚེ་།གཟུགས་ཤེའམ་འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེ་འམ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།།
་འདིའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་ཕར་དངོས་པོ་མེད་པར་རྟོགས་པས་བདག་དང་བདག་གིར་མི་རྟོག་ཅིང།།
་མངོན་པར་ཆགས་པ་མེད་པ་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་མངོན་པར་བསྒྲུབ་པ་ཡིན་གྱིས། དངོས་པོ་ཡོད་པར་ལྟ་ཞིང་ཆགས་བས་ནི་མངོན་པར་བསྒྲུབ་པར་མི་ནུས་སོ་ཞེས་བསྟན་པའོ། །གཟུགས་རྟག་པ་འམ་མི་རྟག་པར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ
་ཐམས་ཅད་མཁྱེན་པ་ཉིད་དབེན་པ་ལམ་།མི་དབེན་པར་མངོན་པར་ཆགས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་།གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རྟག་པ་འམ་མི་རྟག་པའམ། བདེ་བ་འམ་སྡུག་བསྔལ་པ་འམ། བདག་གམ་བདག་མེད་པ་འམ། ཞི་པ
་འམ་མ་ཞི་བ་འམ། སྟོང་པ་འམ་མི་སྟོང་པ་འམ། མཚན་མ་ཡོད་པ་འམ་མཚན་མ་མེད་པ་འམ། སྨོན་པ་ཡོད་པ་འམ་སྨོན་པ་མེད་པ་འམ། དབེན་པ་འམ་མི་དབེན་པར་འདུ་ཤེས་ཤིང། མངོན་པར་ཆགས་པ་མེད་པ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས
་པ་ཡིན་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །ད་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཆོས་ལ་ནི། རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བ་འམ་ཞེས་བྱ་བ་ནས། དབེན་ཞེས་བྱ་བ་འམ
་མི་དབེན་ཞེས་བྱ་བར་མངོན་པར་བསྒྲུབ་པར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་།རྟག་པ་འམ་མི་རྟག་པ་ལ་སོགས་པར་མངོན་པར་སྒྲུབ་པར་བྱེད་པ་དང། མངོན་པར་བསྒྲུབ་པར་བྱ་བའི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པས། མངོན་པར་ཆགས་པར
་བྱ་ཞིང་བསྒྲུབ་ཏུ་མེད་དོ་ཞེས་བསྟན་པའོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་མངོན་པར་བསྒྲུབ་པར་མི་ནུས་སོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་མངོན་པར་བསྒྲུབ
་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་བར་
་གྱིས་ནི་།དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་དོན་དམ་བར་ཆོས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་རྟོགས་ལ། དེ་ལ་མངོན་པར་མ་ཆགས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན
་དང་མ་བྲལ་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་འགྲོའོ
་ཞེས་བྱ་བ་ལ་སོགས་པས་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱི་གཙོ་བོ་ཡིན་པའི་དཔེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང། ཁ་ལོ་སྒྱུར་བ་ལས་བླངས་ཏེ་བསྟན་པ་སྟེ་།ལམ་མཉམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ
་དམིགས་པ་ཅན་མེད་པའི་དཔེའོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་གང་ལགས། ལམ་མ་ལགས་བ་ནི་གང་ལགས་ཞེས་བྱ་བ་ནི་གོང་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གདན་བ་དེར། ལམ་མཉམ
་པ་ནས་འགྲོ་ཞེས་གསུངས་པས། ལམ་དང་ལམ་མ་ཡིན་པ་ནང་ཡིན་པ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས
་ཀྱི་ལམ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དམིགས་པ་ཅན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་རྒྱཱུམ
་ལམ་མ་མིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟེ། འདི་ནི་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའོ། །འདི་ནི་ལམ་མ་ཡིན་པའི་?
་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དམིགས་པ་ཅན་ལ་སྦྱང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་རྒྱུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལམ་དང་ལམ་མ་ལགས་པ་སྟོན
་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། གྲོང་དུ་ལམ་དང་ལམ་པ་ཡིན་པ་བསྟན་པས་རབ་འབྱོར་མགུ་ནས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་སྟེ། ཆོས་དང་གང་ཟག་ལ་བདག་མེད
་པའི་དོན་སྟོན་པ་དང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྟོན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཆེན་པོ་ཐོབ་བའི་རྒྱུ་ཡིན་པའི་ཕྱིར་།དོན་ཆེན་པོ་སྒྲུབ་པའི་བྱ་བ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི?། རབ་འབྱོར་གྱིས་གསོལ་པའི་དོན་དེ་ཉིད་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བསྟན་པ་སྟེ། དོན་ཆད་མེད་པ་དང། དོན་གྲངས་མེད་པ་ཡང་དོན་ཆེན་པོའི་འབྲེལ་བ་སྟེ་རྣམ
་པ་ཐམས་ཅད་མཁྱེན་པ་ཉིད་ཡོན་ཏན་ཚད་མེད་པ་གྲངས་མེ་པ་ཐོབ་པའི་རྒྱུ་ཡིན་པ་དང། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་ཡང་རྗོད་མོད་ཀྱི། གཟུགས་ཡོངས་སུ་འཛིན་ཏོ་ཞེས
་བྱ་བ་ལ་སོགས་པས་ནི། ཀུན་རྫོབ་ཏུ་དོན་དེ་ལྟ་བུ་དག་སྟོན་ཀྱང། དོན་དམ་པར་ནི་གཟུགས་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་དངོས་པོར་ལྟ་ཞིང་མཚན་མར་འཛིན་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་བླང་དོར
་མེད་པ་བསྟན་པ་སྟེ། དེ་ལྟར་ཆོས་ཀྱི་གནས་ཉིད་ཚད་མར་བྱས་ན་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྐྱེད་པས་མ་ཡིན་འགོག་པ་མ་ཡིན་ནོ་ཞེས་བྱ་བ་ནི་།གོང་དུ་བླང་དོར་མེད་པ་བསྟན་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་ཉིད་བཙན
་པར་བྱས་ན་།ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་བསྐྱེད་དུ་ཡང་མེད། ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དགག་ཏུ་ཡང་མེད་པའི་ཕྱིར། ཆོས་གང་ཡང་བསྐྱེད
་བ་མ་ཡིན། འགོག་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་ཚད་མར་བྱས་ན་ཞེས་བྱ་བ་ནི་དེ་བཞིན་བཙན་པར་བྱས་ན་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཆོས་གང་ཡང་སྐྱེ་པ་མ
་ལགས་འགོག་པ་མ་ལགས་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་དངོས་པོ་མེད་པས་གང་ལ་ཡང་མི་རྟོག་སྟེ། མི་འགོག་མི་སྐྱེད་ན་བྱང་ཆུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པ་ལ་སོགས་པ་ཕ་རོལ
་ཏུ་ཕྱིན་པ་དྲུག་ཇི་ལྟར་སྤྱད་པར་བྱ་ཞེས་དོན་དམ་པའི་བདེན་པ་ལ་བརྟེན་ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། སྦྱིན་པ་བྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་ཆོས
་གང་ཡང་སྐྱེད་པར་བྱ་བ་འམ། དགག་པར་བྱ་བ་མེད་དུ་ཟིན་ཀྱང། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བསྔོས་ཏེ། ཕ་རོལ་ཏུ་ཕྱ་ཨིན་པ་དྲུག་ལ་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ
་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། ཤེས་རབ་ཀྱིས་དོན་དམ་པར་སྟོང་པར་རྟོགས་ལ། ཐབས་ཀྱི་ཀུན་རྫོབ་ཏུ་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན།
་ཐབས་དང་ཤེས་རབ་བཟུང་དུ་འབྲེལ་ཅིང་འཁོར་གསུམ་དག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །ཡང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བསྒོམ་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས
་བྱ་བ་ལ་སོགས་པས་ནི་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་བྱམས་པ་བསྒོམ་པ་སྔར་བཤད་པའི་མཚན་ཉིད་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། རྒྱུ་ལ་འབྲས་བུ་བརྟགས
་ཏེ་བྱམས་པ་བསྒོམས་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པས། རྒྱུ་ལ་འབྲས་བུ་བརྟགས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ
་བྲལ་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་པ་ཡིན་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན
་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བགྱི་ཞེས་བྱ་བ་ནི་།གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ་ཞེས་བཤད་པ་ལས་གླེང་བསླང་ནས། དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར
་བསྒོམ་ཞིང་བརྩོན་པར་བྱ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་གཟུགས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བརྟགས་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཉོན་མོངས
་པ་ལ་སོགས་པའི་དྲི་མ་དང་ལྡན་པ་ཡང་མ་ཡིན། དྲི་མ་སྤངས་སྟེ་མི་ལྡན་པ་ཡང་མ་ཡིན་པར་བསྒོམ་ཞིང་བརྟག་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར
་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པར་ཅི་ལ་ཡང་མི་གནས་པའི་ཕྱིར་གནས་ཤིང་བརྟེན་པར་བྱ་བའི་དངོས་པོ་གང་ཡང་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི
་བར་དུ་རྣམ་པར་སྨིན་པའི་ཕུང་པོ་བདེ་བ་ལ་སོགས་པ་ཐོབ་པར་བྱ་བའི་བསམ་པ་ལ་གནས་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་བསམ་པ་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྣལ་འབྱོར་དུ་མི་བྱའོ་ཞེས་བྱ་བའི་ཐ
་ཚིག་གོ་།དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ལ་སོགས་པས་ནི་གནས་པར་མི་བྱ་བའི་གཏན་ཚིགས་བསྟན་པ་སྟེ་། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡང་མི་གནས་པ་ཡིན་པའི
་ཕྱིར་བྱང་ཆུབ་སེམས་དཔས་ཀྱང་ཅི་ལ་ཡང་མི་གནས་པར་བྱ་ན། དེ་བཞིན་ཉིད་དང་མི་འགལ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག
་ཤིང་ཐོག་ཨ་མྲ་འམ། པ་ནས་ཟ་བར་འདོད་ན་ཞེས་བྱ་ལ་སོགས་པ་ནི་འབྲས་བུ་རྗེས་སུ་མཐུན་པའི་རྒྱུ་སྤྱད་པའི་དཔེ་ཀུན་རྫོབ་ཏུ་བསྟན་པ་སྟེ། ཀུན་རྫོབ་ཀྱི་དཔེ་དོན་དམ་པར་ཡང་དེ་བཞིན་ཉིད་དང་མཐུན་པའི་རྒྱུ་ཆོས་གང་ལ་ཡང་མི་གནས་པར་རྣལ
་འབྱོར་དུ་བྱས་ན། བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་ལ། ཀུན་རྫོབ་ཏུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ལ་ཕན་གདགས་པར་བྱ་སྟེ། དེ་ལྟར་བྱས་ན་གཞན་ལ་མི་བལྟོས་པ་བྱང་ཆུབ་ཀྱི་ཚོགས་རྫོགས
་ཐ་དད་དུ་དབྱེར་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱང་ཆུབ་ཀྱི་སྙིང་པོར་འདུག་པར་བྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་ནུས་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ལས་བསླབ་པར་བྱའོ་ཞེས་གསུང་དམ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་ན་།ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཏུ་ནི་བདག་ཉིད་ཀྱིས་བདག་ཉིད་ལ་བསླབ་དུ་མི་རུང་སྟེ།
་དཔེར་ན་རལ་གྲི་དེ་ཉིད་ཀྱི་སོས་རལ་གྲི་དེ་ཉིད་བཅད་བཅད་དུ་མི་རུང་བ་དད་འདྲའོ་ཞེས་གལ་བཟུང་སྟེ་ཞུས་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསླབ་པར་བྱའོ་ཞེས་སྨྲའོ་ཞེས་བྱ་བ་ནི། ཤེས་རབ་དང་ཐབས་སུ་ལྡན་པས། ད་ལྟར་བསླབ་ཏུ་རུང་བར
་བཤད་དོ་ཞེས་མདོར་བསྟན་པའོ། །ཆོས་ཐམས་ཅད་ལ་དབང་དུ་འགྱུར་པ་ཐོས་པར་འདོད་པས་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ་ཞེས་བྱ་བ་ནི། གོང་དུ་མདོར་བསྟན་པའི་དོན་དེ་ཉིད་འབྲེལ་པ་སྟེ། ཤེས་རབ་ཀྱིས་ཆོས་ཐམས་ཅད
་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པར་བྱས་ལ། ཐབས་ཀྱིས་ཀུན་རྫོབ་ཏུ་དངོས་པོ་ལ་མ་ཆགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན། ཆོས་ཐམས་ཅད་ལ་དབང་དུ་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་ཐམས་ཅད་ལ་དབང་དུ
་འགྱུར་རོ་ཞེས་བྱ་བ་ཡང། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་དངོས་པོ་གང་ལ་ཡང་མ་ཆགས་པར་མི་དམིགས་པའི་ཚུལ་གྱིས་སློབ་པ་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་ཆོས་ཐམས་རོལ་ཏུ་ཕྱིན་པ་ལ་བསླབས་ན་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་ཀྱི
་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན། ཆོས་ཐམས་ཅད་ལ་དབང་དུ་འགྱུར་བའི་ཤེས་རབ་འཐོབ་པར་འགྱུར་རོ་ཞེས་བསྟན་པ་སྟེ། དབང་དུ་འགྱུར་བའི་ས་ཞེས་བྱ་བ་ནི་དེ་བཞིན་ཉིད་རྟོགས་པའི
་ཤེས་རབ་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པར་འགྱུར་རོ་ཞེས་བསྟན་པའོ། །འདི་ལྟར་དཔེར་ན་རྒྱ
་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པས། ཆུ་ཀླུང་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་འདུ་ཞིང་ལན་ཚྭའི་རོ་ར་རོ་གཅིག་པར་འགྱུར་པ་དེ་བཞིན་དུ། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུ་ཞིང་དེ་བཞིན་ཉིད་དུ་རོ
་གཅིག་པར་འགྱུར་པས་།ཐེག་པ་གསུམ་ཆར་ལ་སློབ་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ
་པར་བྱའོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད
་ལ་སླབ་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོངས་ཀྱི་སློབ་དཔོན་ལག་ཚོད་དང་འབྱོར་པའི་གཞུ་ཐོགས་པ་ནི་དགྲ་དང་ཕྱིར་རྒོལ་བ་རྣམས་ཀྱིས་ཐུབ་པར་དཀའ་ཨོ་ཞེས་བྱ་བ་ལ་སོགས་པས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ
་པར་སྤྱོད་པས། ཆོས་ཐམས་ཅད་ལ་དབང་དུ་གྱུར་ནས། ཉོན་མོངས་པ་ལ་སོགས་པའི་དགྲས་མི་ཚུགས་པའི་དཔེས་བསྟན་པ་སྟེ། མི་དཔའ་ཨོ་ལ་ཡོངས་སྐྱེན་ལ་ཨག་གི་ལག་ཚོད་ལ་བབ་པའི་གཞུ་ཐོགས་པ་ན། ཉམ་འོག་ཏུ་ཆུད་ཅིང་དབང་དུ་འགྱུར་བས་?།
་ལ་སོགས་པས་ཐུབ་པར་དཀའ་བ་དེ་བཞིན་དུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཅིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་བདུད་ལ་སོགས་པས་ཐུབ་པར་དཀའ་ཨོ་ཞེས་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་པ་མཛད་དོ་ཞེས་བྱ་བ་ནི་ད་ལྟར་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལ། ཆོས་གང་ལ་ཡང
་མ་ཆགས་ཤིང་མི་དམིགས་པར་སྤྱད་པར་བྱིན་གྱིས་རློབ་ཅིང་མཐུ་གཏོང་ཞེས་བསྟན་པའོ། །གསོལ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ། དགོངས་པ་མཛད་ཅེས་བྱ་བ་ལ
་སོགས་པས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་དགོངས་པ་མཛད་པ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྟལ་པ། རབ་འབྱོར་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ
་ཟུང་དུ་འབྲེལ་ཅིང་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་ལ། དོན་དམ་པར་ཆོས་གང་ཡང་མི་དམིགས་ལ། ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་སྤྱོད་པ་ཡང་མ་ཡིན་ཏེ། དེ་དག་ལ་ཡང་སྤྱོད་ལ་ཅི་ལ་ཡང་མ་ཆགས་ཤིང་མི་དམིགས་པ་དང། ཉོན
་མོངས་པ་དང་བདུད་ལ་སོགས་པའི་དབང་དུ་མི་འགྱུར་བར་བྱིན་གྱིས་རློབ་ཅིང་དགོངས་པ་མཛད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཟུགས་སུ་དགོངས་པ་མི་
་མཛད་དོ་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཉིད་ཀྱང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་།དོན་དམ་པར་ཆོས་གང་གི་དངོས་པོར་ཡང་དམིགས་ཏེ་དགོངས་པ་མི་མཛད་ཀྱི་ཀུན་རྫོབ་ཏུ་འཇིག་རྟེན་གྱི་?
་དགངས་པ་མཛད་ཞེས་བསྟན?་པའོ། །གསོལ་བ་བཅོམ་ལྡན་འདས་བྱན་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་མེད་པོ་ལ་ཡང་བསླབ་པར་བགྱི་ལ། །གང་ལ་ཡང་བསླབ་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པས་ན། ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས
་པ་རྣམ་པར་བྱང་བ་འི་ཆོས་རྣམ་པ་མང་པོ་ལ་བསླབ་ལ། དོན་དམ་བར་དེ་ལྟར་བསླབ་པར་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས། ཆོས་འདི་དག་མདོ་དང་རྒྱས
་པར་བསྟན་ན་ཞེས་བྱ་བ་ལ་སོགས་པ་ནི། དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་ངོ་གཅིག་པར་རྟོགས་པར་བྱ་བ་བསྟན་པ་ནི་མདོར་བསྟན་པའོ། །ཀུན་རྫོབ་ཏུ་ཆོས་རྣམས་ཀྱི་མཚན་ཉིད་སོ་སོར་ཕྱེ་སྟེ་བསྟན་པ་ནི་རྒྱས་པར་བསྟན་པའོ།
་གསོལ་བ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་འཚལ་པར་འགྱུར་བ་ལགས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་བྱ་བའི་དོན་ཞིབ་ཏུ་བཤད་པའི་སྐབས
་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ
་ཉིད་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རི་གཅིག་པར་ཤེས་པ་ནི་མདོར་ཤེས་པའོ། །ཆོས་དེ་དག་གི་སོ་སོར་མཚན་ཉིད་ཤེས་པ་ནི་རྒྱས་པར་ཤེས་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་གཟུགས་ཀྱི་དེ?
་བཞིན་ཉིད་དྲིལ་བུ་ལགས་ཞེས་བྱ་བ་ནི་།གོང་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོར་བ་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བཤད་པ། ཆོས་དེ་དག་གི་དེ་བཞིན་ཉིད་གང་ཡིན་པ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར། རབ
་འབྱོར་གྱིས་ཞུས་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་འདི་གང་ལ་སྐྱེ་བ་མི་དམིགས་འཇིག་པ་མི་དམིགས་གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་འདི་ནི་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས
་བསླབ་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པས་སྐྱེ་བ་དང་འཇིག་པ་དང
་གནས་པ་ལས་གཞིན་དུ་འགྱུར་བ་དེ་མེད་པ་ཉིད། གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསླབ་པར་བྱ་བ་ཡང་དེ་ཉིད་ཡིན་ནོ་ཞེས་བསྟན་པའོ། །ཡང་དག་པར་མཛའ་ཤེས་ན་།ཆོས་ཐམས་ཅད
་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་།འདུས་མ་བྱས་པའི་རང་བཞིན་ཡང་དག་པའི་མཛའ་ཞེས་བྱ་བ་དེ། ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ
་བཅོམ་ལྡན་འདས་ཡང་དག་པའི་མཛའ་གང་ལགས་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་ཁ་ཅིག་ཡང་དག་པའི་མཛའ་དངོས་པོར་ལྟ་ཞིང་མངོན་སུམ་དུ་བྱ་བར་འདོད་པ་ཡང་ཡོད་དེ་ཅི་དེ་ལྔ་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན་ཞེས་ཞེས་པའོ། །བཅོམ
་ལྡན་འདས་ཀྱིས་བཀའ་སྩལ་པ། མཛའ་མེད་པ་ནི་ཡང་དག་པའི་མཛའ་སྟེ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་ཡང་དག་པའི་མཛའ་ལྟ་བུ་དངོས་པོ་ཅན་ནི་མ་ཡིན་གྱིས་།ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་སྐྱེ་བ་དང་འགག་པའི་མཛའ་
་གཉིས་མེད་པ་དེ་ནི། ཡང་དག་པར་སྟེ་ཡང་དག་པའི་དོན་དེ་ལྟ་བ་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་ཤེས་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས
་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་དུ་ཤེས་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ནང་དུ་འདུས་པས་དོན་དམ་པའི་ཚུལ་དུ་ཤེས་པས་ནི་མདོར་ཤེས། །ཀུན་རྫོབ་ཀྱི་ཚུལ་ཤེས་པར་འགྱུར
་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གང་ལགས་ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གཞུང་ལྟར་ན་རྫས་བདུན་པ་ཡང་ཆོས་ཀྱི་དབྱིངས་ཞེས་བྱ། ཆོས་རྣམས་སྐྱེ་ཞིང་འབྱུང་པའི་རྒྱུ་འམ་གནས་ལ་ཡང་དབྱིངས་ཤེས་བྱ། རང་གི་མཚན
་ཉིད་འཛིན་པ་ལ་ཡང་དབྱིངས་ཤེས་བྱ། སྐབས་འདིར་ཆོས་ཀྱི་དབྱིངས་ཤེས་བྱ་བ་གང་ལ་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དབྱིངས་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ་ཞེས་བྱ་བ་ནི་ཐེག་པ་ཆུང་དུའི་གཞུང་ལས་བྱུང་བའི་ཆོས་ཀྱི་དབྱིངས
་གོང་དུ་སྨོས་པ་རྣམ་པ་གསུམ་ལ་སོགས་པའི་དངོས་པོ་མེད་པ་ལ་ཆོས་ཀྱི་དབྱིངས་ཤེས་བྱའོ་ཞེས་བསྟན་བའོ། །ཆོས་ཀྱི་དབྱིངས་དེ་ལ་ཆད་པ་དང་ཡོངས་སུ་ཆད་བ་མི་དམིགས་སོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་མི་འགྱུར་བ་ཡོངས་སུ་གྲུབ་པའི་ཕྱིར་ཆད་པ་དང་གཞན
་དུ་འགྱུར་བ་མེད་དོ་ཞེས་བསྟན་བའོ། །ཆོས་ཀྱི་དབྱིངས་དེ་ལྟར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ།
་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་དོན་དམ་པར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ངོ་གཅིག་པར་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་ཤེས། ཀུན་རྫོབ་ཏུ་ཆོས་དེ་ལམ་ཆགས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་སོ་སོར་མཚན་ཉིད་ཤེས་པ་ནི་རྒྱས་པར
་ཞེས་བའོ?་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་ཆས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པ་གོང་དུ། མདོར་བཤད་པས་ཆི?་མ་པ་མ་གྱུར་པའི་སེམས་ཅན་རྣམས་ལ་ཕན
་བདགས་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཅི་ནས་ཀྱང་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན་།མི་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་ཞིག་ཡོད་ན་ནི་ཕན་ཚུན་ལྡན་པར་འགྱུར་ན། ཆོས་ཐམས་ཅད
་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པས་གང་དང་ཡང་ལྡན་པར་འགྱུར་བ་དེ་ལྟ་བུ་མེད། དེ་བས་ན་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང?་མ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མི་ལྡན
་པ་ཡང་མ་ལགས་པའི་ཆོས་དེ་དག་ཀྱང་གང་ལགས་ཞེས་བྱ་བ་ནི་།གོང་དུ་ཆོས་ཐམས་ཅད་ཅེས་ཕྱིར་སྨོས་པ་མེད་གིས་རེ་རེ?་ནས་སྨོས་ཏེ་ཞིབ་ཏུ་བཤད་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་།གཟུགས་ལྡན་པ་ཡང་མ་ཡིན་མི་ལྡན་པ
་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དངོས་པོ་མེད་པས་།གང་དང་ཡང་ལྡན་པ་འམ་མི་ལྡན་པ་མ་ཡིན་ན་ཞེས་བསྟན་པའོ། །འདུས་བྱས་ཀྱི་ཁམས་ལྡན་པ་ཡང
་མ་ཡིན། མི་ལྡན་པ་ཡང་མ་ཡིན། །འདུས་མ་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། གོང་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་པར་ཨེགྱི་ཆོས་རྣམས་ཐམས་ཅད་རེ་རེ་ནས་སྨོས
་ཏེ། རྒྱས་པར་བཤད་པའི་དན་དེ་ཉིད་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་སུ་མདོར་བསྡུས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལྡན་པ་འམ་མི་ལྡན་པར་འགྱུར
་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པའི་གཏན་ཚིགས་བསྟན་པ་སྟེ། དངོས་པོ་འགའ་ཞིག་ཡོང་ན་ལྡན་པ་འམ་མི་ལྡན་པ་ཞེས་བྱ་བར་རུང་ན། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ།
་དངོས་པོ་མེད་པས་ལྡན་པ་འམ་མི་ལྡན་བཔར་འགྱུར་བ་གང་ཡང་མེད་དོ་ཞེས་བྱ་བ་འི་ཐ་ཚིག་གོ་།རབ་འབྱོར་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བཔོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་པ་སྟེ་ཞེས་བྱ་བ་ནི། གོང་དུ་བཤད་པའི་ཚུལ་དུ་ཆོས
་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་ལྡན་པ་མ་ཡིན། མི་ལྡན་པ་ཡང་མ་ཡིན་བར་བཤད་པ་དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མདོར་བསྡུས་ཏེ་བསྟན་པ་སྟེ། འདི་ཉིད་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས
་ཅད་བསལ་བའི་མཐར་ཕྱིན་ཅིང་།དོན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཏེ་ཡོངས་སུ་རྫོགས་པས་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མདོར་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ
་པར་བྱའོ་ཞེས་བྱ་བ་ནི། སྟོང་པ་ཉིད་དུ་མདོར་བསྡུས་ཏེ་བསྟན་བཔའི་དོན་འདི་ལ་མོས་པ་སྤྱོད་པའི་སལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མོས་པ་ཡིད་ལ་བྱེད་པས་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་དང་པོ་བ་ཞེས་བྱ་བ་ནི། མོས་པས་སྤྱོད
་པའི་ས་ལ་གནས་པའི་བྱང་ཆུབ་དཔའ་ལ་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ལ་གནས་ཏེ། མདོར་བསྡུས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ནས་ས་བཅུ་པའི་བར་དུ་གནས་པས་ཀྱང་མདོར་བསྡུས་བའི་དོན
་འདི་ཉིད་ལ་དེཁོ་ན་ཉིད་དུ་རྟོགས་པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་སྟན་པའོ། །མདོར་བསྡུས་བའི་དོན་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི། གོང་དུ
་བསྟན་པའི་དོན་དེ་ལྟ་བུ་ལ་སློབ་བའི་ཕན་ཡོན་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣོན་པོས་རྟོགས་པའོ་ཞེས་བྱ་བ་ནི། འཁོར་གྱི་ནང་ན་སེམས་ཅན་དབང་པོ་རྣོ་བརྟུལ་དུ་མ་ཞིག་ཡོད་པས། དེ་དག་གི་ནང་ན་དབང
་པོ་རྟུལ་པོ་ཁ་ཅིག་འདི་ལྟ་བུའི་དོན་ཟབ་མོ་བདག་ཅག་གི་སྤྱོད་ཡུལ་དུ་མི་འགྱུར་སྙམ་ནས་སྒྱིད་ལུག་བའི་སེམས་སྐྱེ་བ་དག་བསལ་བའི་ཕྱིར་དེ་སྐད་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་?
་བས་ཀྱང་རྟོཌ་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པས་ནི་མདོར་བསྡུས་པའི་དོན་ཟབ་མོ་འདི་དབང་པོ་རྣོ་རྟུལ་ཀུན་གྱི་སྤྱོད་ཡུལ་དུ་འགྱུར་ཏེ། དད་པ་ཆེ་ཞིང་བརྩོན་འགྲུས་སྤྱད་དེ། སློབ་པར་འདོད་པ་ཀུན་གྱིས་ཀྱང་ལེབས?་ཤིང་རྟོགས་པར་འགྱུར་ཏེ། གང་གིས་ཀྱང
་རྟོགས་པར་མི་འགྱུར་བ་དེ་མེད་ཀྱི། ལེ་ལོ་ཅན་དང་བརྩོན་འགྲུས་ཞེན་པ་དང། དྲན་པ་ཉམས་པ་དང། སེམས་འཁྲུགས་པ་འབའ་ཞིག་གིས་རྟོགས་པར་མི་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལ་ལ་ཅན་ནི་དགེ་བ་མ་ཡིན་པའི་ཆོས་གཞན་ལ་ཞེན་པའོ། །བཙུན
་འགྲུས་ཞན་པ་ནི་དགེ་བ་ལ་སེམས་མི་སྤྲོ་པའོ། །ཕྱིར་མི་ལྡོག་བའི་ས་ལ་སློབ་པར་འདོད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་རྟོག་པར་འགྱུར་ཏེ་ཞེས་བྱ་བ་ནི་གོང་དུ་སློབ་པར་འདོད་བས་རྟོགས་པར་འགྱུར་རོ་ཞེས་སྤྱིར་བཤད་པ་གང་ལ་སློབ་པར་འདོད
་བའི་དམིགས་ཕྱེ་སྟེ་བསྟན་བའོ། །གལ་ཏེ་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར
་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན། བདུད་ཀྱིས་མི་ཚུགས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་ཤིང་བྱིན་གྱིས་བརླབས་པར་འགྱུར་བའི་ཕན་ཡོན་བསྟན་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ།
་ཏོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་བྱུང་བ་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཞེས་བྱ་བས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བའི
་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སློབ་སློབ་པ་ལས་སངས་རྒྱས་སུ་གྱུར་པས་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལ་དེ་ལྟར་དགངས་ཤིང་བྱིན་གྱིས་རློབ
་པར་མཛད་དོ་ཞེས་བསྟན་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ལ་སྤྱོད་པས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཆོས་རྣམས
་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སྔར་བརྙེས་ཟིན་པ་དང། ད་ལྟར་བརྙེས་པ་དང་ཕྱིས་བརྙེས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པ་ལས་གྱུར་པས་།བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་འདི་ལ་བསླབས་ནས་ཆོས་དེ་དྡག་འཐོབ་པར་འགྱུར་རོ་སྙམ་པའི་སེམས་བསྐྱེད་དེ་བརྩོན་པར་བྱས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མ་བྲལ་བར་བྱ་སྟེ།
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དུ་དེ་ལྟར་སྤྱོད་ན་ཆུང་དུ་ན་སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ
་ཡང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་ནི་ཆོས་མང་དུ་འཕེལ་གྱི་ཞེས་བྱ་བ་ལ་སོགས་པས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་འཁོར་དོ་ཅོག་ཐམས་ཅད་ཟག་པ་མེད་པའི་ཕུང་པོ་ལ
་དཀོད་བ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་བཀོད་པ་བས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གོལ་གཏོགས་པ་ཙམ་གོམས་བར་བྱས་པ་བསོད་ནམས་ཆེ་བའི་ཕན་ཡོན་གཏན་ཚིགས་དང་བཅས་པ་བསྟན་བའོ། །རབ་འབྱོར་གཞན་ཡང་སྐད་འགའ་འམ
་ཉི་མ་འགའ་འམ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་འཁོད་བའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་ཕུང་པོ་ལྔ་ལ་བཀོད་པ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་བཀོད་པ་བས་ཀྱང། ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་འདི་ལ་སྤྱང?་ཅིང་བསྒོམས་པ་ཆེས་བསོད་ནམས་མང་དུ་འཕེལ་བའི་ཕན་ཡོན་གཏན་ཚིགས་དང་བཅས་པར་བསྟན་པ་སྟེ་།དེའི་གཏན་ཚིགས་ཀྱང་བསོད་ནམས་བྱ་བའི་དངོས་པོ་རྣམས་དང། ཟག་པ་མེད་པའི་ཕུང་པོ་ལྔ་དང་རྒྱུན་ཏུ་ཞུགས་བའི་འབྲས་བུ་ལ
་སོགས་པ་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ན་།ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་ལྟར་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར
་བསྟན་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ནི་ཕྱིར་མི་ལྡོག་པར་རིག་པར་བྱ་བ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བ
་ལ་སོགས་པའི་ཕན་ཡོན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡོན་ཏན་རྣམས་དང་ལྡན་པར་འགྱུར་བ་བསྟན་པ་སྟེ། གཞན་ནི་རང་ལོག་ཏུ་ཟད་དོ་དེ་ལ་གཟུགས་ཡོངས་སུ་རྫོགས་པ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་སོགས་པའི་གཟུགས་སུ་འགྱུར་བའོ། །ལུང
་བསྟན་པ་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པས་ལུང་བསྟན་པ་དང་ལྡན་པར་འགྱུར་བའོ། །ཆེད་དུ་བསམས་ཤིང་སྲིད་པ་འདོད་བ་ནི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཆེད་དུ་བསམས་ཤིང་འཁོར་བར་སྐྱེའི་ཉོན་མོངས་པའི་དབང་གིས་མི་སྐྱེ་
་བའོ། རྣམ་པར་རྟོགས་པར་བྱ་བ་ལ་མཁས་པ་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཤེས་པ་ལ་མཁས་པའོ། །ལུང་བསྟན་པ་ལ་མཁས་པ་ནི་གཞན་གྱིས་ཐེ་ཚོམ་དྲིས་པའི་ལན་ལྡན་པ་ལ་མཁས་པའོ། །ཡི་གེ་དང
་ཡི་གེ་མེད་པ་རྟོགས་པར་བྱ་བ་ལ་མཁས་པ་ནི་ཀུན་རྫོབ་ཏུ་ཚིག་བརྗོད་པ་དང། དོན་དམ་པར་བརྗོད་དུ་མེད་པའི་དོན་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་ཨི་རྣམ་པར་སྤྱོད་པ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཨི་བསམ་གཏན་དང་ཏིང་ངེ་འཛིན་དེ་བཞིན་ཉིད་ལ་གནས
་པ་ལ་མཁས་པའོ། །བརྗོད་པ་ལ་མཁས་པ་ནི་དེས་པའི་ཚིག་དང་སྒྲ་སྐད་སྣ་ཚོགས་སུ་བརྗོད་ཅིང་ཆོས་སྟོན་པ་ལ་མཁས་པའོ། །བརྗོད་པ་མེད་པ་ནི་དོན་དམ་པའི་དབྱིངས་བརྗོད་དུ་མེད་པ་ལ་མཁས་ལའོ། །གཅིག་གིས་ལྷག་པའི་ཚིག་ལ་མཁས་པ་དྡང། གཉིས་དང
་མང་པོ་དང། བུད་མེད་དང་སྐྱེས་པ་དང། མ་ནིན་གིས་ལྷག་པའི་ཚིག་ལ་མཁས་པ་ནི་འཇིག་རྟེན་གྱི་གཙུག་ལག་བྱ་ཀ་ར་ཎ་ལ་སོགས་པའི་གཞུང་ལས་གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང། མང་པོའི་ཆིག་དང། བུད་མེད་ཀྱི་མཚན་དང། སྐྱེས་བའི་མཚན
་དང། མ་ནིང་གི་མཚན་ལ་སོགས་པའི་ཚིག་བླ་དགས་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི་འདས་པ་དང། མ་འོངས་པ་དང། ད
་ལྟར་གྱི་དངོས་པོ་རྣམས་སྔོན་ཇི་ལྟར་གྱུར་བ་དང། ད་ལྟར་ཇི་ཡིན་པ་དང། ཕྱིས་ཅིར་འགྱུར་བ་ལ་མཁས་པའོ། །བྱང་ཆུབས་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་ལྔ་དང།
་སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དང
་ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང།
་མཐར་གྱིས་གནས་བའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་བའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག
་པར་རིག་བ་བཞི་དང། བྱམས་པ་ཆེན་པོ་དང། སྙིང?་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞི་དང། རང་བྱང་ཆུབ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད
་དང། མྱ་ངན་ལས་འདས་པ་དང། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་དང། དངོས་པོ་དང་དངོས་པོ་མེད་པ་དང། བདག་གི་དངོས་པོ་དང། གཞན་གྱི་དངོས་པོ་ལ་མཁས་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་བསྟན་པ་སྟེ། དེ་ལ་དུད?
་བ་ལ་མཁས་པ་ནི་ཉོན་མོངས་པའི་ཕྱོགས་དང་ལྡན་པ་ལ་མཁས་བའོ། །འབྲལ་བ་ལ་མཁས་པ་ནི་གཉེན་པོ་ལ་བསྟེན་ནས། ཉོན་མོངས་པ་དང་བྲལ་བར་བྱེད་པ་ལ་མཁས་པའོ། །ལྡན་པ་ལ་མཁས་པ་ནི་འདུ་བྱེར་སེམས་དང་ལྡན་པ་ལ་མཁས་པའོ། །མི་ལྡན་པ་ལ་མཁས
་པ་ནི་འདུ་བྱེད་སེམས་དང་མི་ལྡན་པ་ལ་མཁས་པའོ། །ལྡན་པ་དང་མི་ལྡན་པ་ལ་མཁས་པ་ནི་དེ་གཉི་གའི་དངོས་པོ་ལ་མཁས་པའོ། །ལྡན་པ་ཡང་མ་ཡིན་མི་ལྡན་པ་མ་ཡིན་པ་ལ་མཁས་པ་ནི་དེ་གཉི་ག་མེད་པ་ལ་མཁས་པའོ། །དེ་བཞིན་ཉིད་ལ་མཁས་པ་ལ་སོགས་པ་ནི
་པ་བདག་པའི་མཛའ་དང། བསམ་གྱིས་མི་ཁྱབ་པ་ལ་ཐུག་གི་བར་དུ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ལ་མཁས་པར་བསྟན་པའོ། །རྒྱུ་དང་རྐྱེན་ལ་མཁས་པ་ནི་དབང་ཕྱུག་ལ་སོགས་པ་སུ་སྟེགས་ཅན་གྱི་བྱེད་པ་རྣམས་རྒྱུ་རྐྱེན་མ་ཡིན་གྱི། ལས་དང་ཉོན་མོངས་པ་ལ
་སོགས་པའི་རྒྱུ་རྐྱེན་ལ་མཁས་བའོ། །རྐྱེན་མེད་པ་ལ་མཁས་པ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་རྐྱེན་རྣམས་རྐྱེན་མ་ཡིན་པར་མཁས་པའོ། །འདུས་བྱས་ཀྱི་ཁམས་ལ་མཁས་པ་ནི་ཀུན་རྫོབ་ཀྱི་ཆོས་འཇིག་རྟེན་དང། འཇིག་རྟེན་ལས་འདས
་པའི་དངོས་པོ་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་རྣམས་ལ་མཁས་པའོ། །འདུས་མ་བྱས་ལ་མཁས་པ་ནི། དེ་བཞིན་ཉིད་ལ་སོགས་པ་རྒྱུ་རྐྱེན་ཚོགས་པས་བྱས་པ་མ་ཡིན་པ་ལ་མཁས་པའོ། །ཁམས་ལ་མཁས་པ་ནི། ཁམས་གསུམ་ལ་མཁས་པའོ། །ཁམས་མེད
་པ་ལ་མཁས་པ་ནི། དོན་དམ་པར་ཁམས་གསུམ་དངོས་པོ་མེད་པར་མཁས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཡིད་ལ་མི་བྱད་པ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་གང་ཡང་ཡིད་ལ་བྱ་བའི་ཡུལ་མ་ཡིན་པར་རྟོགས་ནས། ཆོས་དེ་དག་གང་ཡང་ཡིད་ལ་མི་བྱེད་པ་ལ་མཁས་པར་འགྱུར་རོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས
་ཆེན་པོ་དེ་ནི་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེསྦྱ་བ་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་རྣམས་དོན་དམ་པར་དངོས་པོ་མེད་པས་སོ་སོའི
་རང་བཞིན་གྱིས་སྟོང་པར་ཤེས་པར་འགྱུར་ཞེས་བསྟན་པའོ། །རབ་ཏུ་སྦྱངས་པའི་ལམ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་ལུས་དང་སེམས་ལས་སུ་རུང་བའི་མཚན་ཉིད་རབ་ཏུ་སྦྱངས་པ་ཞེས་བྱ་བ་བདེ་བ་ཅན་ལ་མཁས་པའོ། །རབ
་ཏུ་མ་སྦྱངས་བ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ལུས་དང་སེམས་ལས་སུ་རུང་བར་བྱ་སྟེ་རབ་ཏུ་སྦྱངས་ཀྱང་རབ་ཏུ་སྦྱངས་པའི་བདེ་བ་ལ་མ་ཆགས་པ་ལ་མཁས་པའོ། །སྐྱེ་བ་དང་འགག་པ་ལ་མཁས་པ་ཞེས་བྱ་བ
་ལ་སོགས་པ་ནི་སྐྱེབ་དང་འགགཔ་དང། གནས་པ་ལས་གཞན་དུ་གྱུར་བའི་རང་བཞིན་ལ་མཁས་ཤིང། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང། དེ་རྣམས་མེད་པའི་རང་བཞིན་ལ་མཁས་པ་དང། མུ་སྟེགས་ཅན་གྱིས་ལྟ་བ་རྣམས་ཀྱི་རྒྱུ་དང། ལྟ་བ་དེ་དག་མེད་པ་ལ་མཁས་པ་དང
་མིང་དང་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་དང། རྒྱུ་དང་འབྲས་བུ་ལ་མཁས་པར་འགྱུར་བ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་བར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ལ་ལེགས་པར་འདི་དག་ཡོང་པར་རིག་པར་བྱའོ་ཞེས་གསུངས་པ་ལ། སྤྱད་བ་དང་མངོན་པར་བསྒྲུབ་པ་དང་བསྒོམ་པ་གསུམ
་གྱི་བྱེ་བྲག་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཞི་བ་དང་ཞེས་བྱ་བ་ལ་སོགས་པས་དེ་དག་གིས་བྱེ་བྲག་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣཾས་ཞི་བ་དང། རག་ལས་བ་དང། གསོབ་དང་སྙིང་པོ་མེད་པར་རྟོགས་པར་བྱ་སྟེ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བསྟན་པ་སྟེ། དེ་ལ་ཞི་བ་ནི་དོན་དམ་པའི་རང་བཞིན་གྱིས་སྟོང་པས་སྐྱེ་བ་དང་འཇིག་པ་ལ་སོགས་པ་མེད་པའོ། །རག་ལས་བ་ནི་དངོས་པོ་ཡོད་བར་གཞུང་མི་ཚུགས་པའོ། །གསོབ་དང་སྙིང་པོ་མེད་པ་ནི་དངོས་པོ
་མེད་པའི་རྣམ་གྲངས་སོ། །ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། མངོན་བར་བསྒྲུབ་པ་བསྟན་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་པ་ཉིད་དུ་རྟོགས་པར་བྱས་ནས། ཤེས་རབ་ཀྱི་ཕ
་རོལ་ཏུ་ཕྱིན་པ་རྟོགས་པར་བྱའོ་ཞེས་བསྟན་པའོ། །བསྒོམ་པ་རྣམ་པར་བསྒོམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། བསྒོམ་པ་ཉིད་ཀྱང་སྟོང་པ་ཉིད་དུ་བཤིག་སྟེ། མེད་པར་བསྒོམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ
་བྱའོ་ཞེས་བྱ་བའི་དོན་ཏོ། །དང་པོའི་སྤྱོད་པ་ནི་མོས་པ་སྦྱོང་བའི་སནས། ས་དང་པོའི་བར་དུ་རྩོལ་བ་དང་བཅས་ཤིང། མཚན་མ་དྡང་བཅས་པའི་གནས་སྐབས་ལ་བྱའོ། །དེའི་འོག་ཏུ་མངོན་པར་བསྒྲུབ་པ་ནི་ས་དང་པོ་ཡན་བཅད་མ་བདུན་གྱི་བར་དུ
་རྩོལ་བ་དང་བཅས་ལ་མཚན་མ་མེད་པའི་གནས་སྐབས་ལ་བྱའོ། །དེའི་ཡང་འོག་ཏུ་བསྒོམ་པ་ནི་ས་བརྒྱད་པ་ཡན་ཆད་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པ་ལ་གནས་བའི་གནས་སྐབས་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་དུ་སྤྱད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་འགྱུར་ཞེས་བྱ་བ་ནི་དོན་དེ་ཉིད་གསལ་བར་བཤད་པའི་ཕྱིར་ཞུས་པའོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་དང་པོ་མོས་པ་སྤྱོད་པའི་ས་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་དང་པོའི་བར་དུ་རྫོལ་བ་དང་བཅས་ཤིང་མཚན་མ་དང་བཅས་བར་སྤྱད། དེའི་འོག་ཏུ་ས་དང་པོ་ནས་ས་བདུན་པ་ལ་ཐུག་གི་བར་དུ
་རྩོལ་བ་དང་བཅས་ཤིང་མཚན་མ་མེད་བར་མངོན་པར་བསྒྲུབ། དེའི་ཡང་འོག་ཏུ་ས་བརྒྱད་བ་ནས་སངས་རྒྱས་ཀྱི་སའི་བར་དུ་རྩོལ་བ་ཡང་མེད། མཚན་མ་ཡང་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་བསྒོམ་དགོས་སོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཇི
་ལྟར་སེམས་ཀྱི་རྒྱུན་མཆད་པ་དང་བྲལ་བར་སྤྱད་པར་བགྱི་ཞེས་བྱ་བ་ནི། དེ་ལྟར་སེམས་དང་པོ་བསྐྱེད་པ་ནས་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་སྤྱད་པ་དང། མངོན་པར་བསྒྲུབ་པ་དང། བསྒོམ་པར་བགྱི་ན་སེམས་ལ་བར་ཆད་མ་མཆིས་པར་ཇི་ལྟར་བགྱི་ཞེས
་ཞུས་པའོ། ཡིད་ལ་བྱ་བ་གཞན་གོ་སྐབས་མི་བྱེད་པས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པའི་ཡིད་ལ་བྱ་བ་གཞན་རྣམས་ཀྱི་གོ་སྐབས་མི་དབྱེ་བས་སྤྱད་པར་བྱའོ་ཞེས་བསྟན་པ་སྟེ། དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར།
་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་དོར་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་བ་གསུངས་སོ། །ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་སྤྱད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཡིད་ལ་བྱ་བ་གཞན་གྱི་སྐབས་མི་དབྱེ་བས
་སྤྱད་བར་བྱ་བའི་ཐབས་བསྟན་པ་སྟོ། སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྣམས་མི་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱང་པ་དང། མངོན་པར་བསྒྲུབ་པ་དང་བསྒོམ་པར་བྱའོ་ཞེས་བསྟན་བའོ། །གསོལ་བ། བཅོམ་ལྡན་འདས་ཅི་ལགས་ཞེས
་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། མངོན་པར་བསྒྲུབ་པ་དང། བསྒོམ་པ་རྩོལ་བ་དང་བཅས་ཤིང་མཚན་མ་དང་བཅས་པས་བྱས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་ཞུས་པའོ། །དེ་ནི་མ་ཡིན
་ཞེས་བྱ་བ་ནི་རྩོལ་བ་དང་བཅས་ཤིང། མཚན་མ་དང་བཅས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། མངོན་པར་བསྒྲུབ་པ་དང། བསྒོམ་པ་བྱས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལགས་མ
་བསྒོམས་པས་སམ་ཞེས་བྱ་བས་ནི་འོ་ན་སྤྱད་པ་དང་མངོན་པར་བསྒྲུབ་པ་དང། བསྒོམ་པས་མ་བྱས་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་སྤྱད་ཅིང་མ་བསྒོམས་པས། རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཅི་ལགས་བསྒོམས་ཀྱང་བསྒོམས་ལ་མ་སྒོམས་ཀྱང་མ་སྒོམས་སམ་ཞེས་བྱ་བ་ནི་དེ་ལྟར་བསྒོམས་པར་མི་འཐོབ་།མ་བསྒོམས་པར་ཀྱང་མི་འཐོབ་ན། ཅི་བསྒོམ་པ་དང་མི
་བསྒོམ་པ་གཉིས་ཀ་བྱས་པས་འཐོབ་པ་མ་ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་སྐྱོན་གཉིས་ཀ་ལྟར་འགྱུར་བའི་ཕྱིར་དེ་ལྟར་ཡང་མ་ཡིན་ནོ་ཞེས་བསྟན་བའོ། །འོ་ན་ཅི་ལེགས་ཞེས་སྒོམས་པ་ཡང་མ་ལགས། མ་བསྒོམས
་པ་ཡང་མ་ལགས་པས་སམ་ཞེས་བྱ་བ་ནི་གཅེར་བུ་བའི་གཞུང་ལས་འབྱུང་བ་ལྟ་བུ་གཉིས་ཀ་ཡང་མ་ཡིན་པའི་དངོས་བོ་ཞིག་ཡོད་དེ། དེ་ལྟ་བུས་ཐོབ་བམ་ཞེས་ཞུས་པའོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
་འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པ་བརྗོད་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསྒོམ་པར་བྱ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པQར་འགྱུར་བའི་ཐབས་བསྟན་པ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཛའ་དང། ཆོས་ཀྱི་དབྱིངས་བརྗོད་དུ་མེད་ཅིང།
་བསམ་གྱིས་མི་ཁྱབ་པ་དང། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་སེམས་ཅན་དང་སྲོག་དང། གང་ཟག་ལ་སོགས་པ་ཀུན་རྫོབ་ཏུ་ཡང་དམིགས་སུ་མེད་ཅིང་གདགས་སུ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས
་ཅད་དམིགས་སུ་མེད་ཅིང་གདགས་སུ་མེད་པར་རྟོགས་ཤིང་བསྒོམས་ན། གདོད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཅི་ལགས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མཆིས་པ་ལགས
་སམ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པ་ལྟར་དེ་བཞིན་ཉིད་ལ་སོགས་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་དང། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ལ་སོགས་པ་གདགས་སུ་མེད་ཅིར་ཡང་མ་བརྟགས་ན། གདོད་རྣམ་པ་ཐམས་ཅད
་མཁྱེན་པ་ཉིད་ཐོབ་པར་འགྱུར་ན། ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་གདགས་སུ་མེད་པ་ཡིན་ནམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མེད་པའོ་ཞེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་དང། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་གངག?་དུ་མེད་དེ། དེ་ལྟར་རྟོགས་ན་གདོད་རྣམ་པ་ཐམས
་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གདགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ། སེམས་ཅན་དམྱལ་བ་མཆིས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར
་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གདགས་སུ་མེད་པ་ལས་ཉེས་བར་བྱས་པའི་འབྲས་བུ་ངན་སོང་གསུམ་དང། ལས་ལེགས་པ་བྱས་པའི་འབྲས་བུ་མཐོ་རིས་དང་འཕགས་པའི་ས་ཡང་མེད་པར་འགྱུར་བའི་རིགས་ན། །ཅིའི་ཕྱིར་དེ་དག་གཞུང་ལས་བཤད་ཅེས་ཞུས
་པའོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྙམ་དུ་སེམས་།སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་དམ་ཞེས་བྱ་བ་ལ་སོགས་པ། ངན་སོང་དང་མཐོར་སི་ལ་སོགས་པ་བཤད་པ་ནི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ལས་ལེགས
་ཉེས་ཀྱི་འབྲས་བུ་སྐྱིད་སྡུག་ཡོད་པར་ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་གང་ལ་ཡང་དམིགས་སུ་མེད་པས། ཆོས་ཐམས་ཅད་གདགས་སུ་མེད་པ་ལ་བསླབ་པར་བྱའོ། །གསོལ་བ་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་།གཟུགས་ལ་བསླབ་པ་དང། ཞེས་བྱ་བ་ལ་སོགས་བས། དེ་ལྟར་ཆོས་ཐམས་ཅད་གདགས་སུ་མེད་ན། །གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དམིགས་ཤིང་གདགས་སུ་མེད་དོ། །བསླབ
་ཏུ་ཡང་མེད་པས་དེ་དག་ལ་བསླབ་པར་ཡང་མི་བགྱི་འམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་དབྲི་བ་དང་བསྣན་བ་མེད་པར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་བས་ནི། སྐུར་བ་འདེབས་པ་དང་སྒྲོ་འདོགས་པ་མེད་པར་བསླབ་པར་
་བྱའོ་ཞེས་བསྟན་པ་སྟེ། དབྲི་བ་མེད་པ་ནི་ཀུན་རྫོབ་ཏུ་ཡང་མེད་པར་མི་ལྟ་བའོ། །བསྣན་པ་མེད་པ་ནི་དོན་དམ་པར་ཡོད་པར་མི་ལྟ་བའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་ལ་དབྲི་བ་དང་བསྟན་པ་མ་མཆིས་པར་བསླབ་པར་བགྱི་ཞེས་བྱ་བ་ལ་སོཌ་པ་ནི་ཆོས་ཐཾས་ཅད་སྐྱེ་བ་དང་འགག
་པ་མེད་པར་བསླབ་པར་བྱ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་དང་འགག་པ་མེད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་སྐྱེ་བ་མེད་པར་བསླབས་པས་སྒྲོ་འདོགས་པ་མེད་པར་བསྟན་པའོ། །འགག་པ་མེད་པར
་བསླབས་པས་སྐུར་བ་འདེབས་པ་མེད་པར་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང། འགག་པ་མ་མཆིས་པ་ལ་ཇི་ལྟར་བསླབ་བར་བགྱི་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་མེད་པ་ཇི་ལྟར་བསླབ་པར་བྱ་བའི་ཐབས་འོག་ནས
་བཤད་པ་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་བསྒོམ་པ་འམ། རྣམ་པར་བསྒོམ་པ་ལ་བསླབ་པར་བྱའོ། ཞེས་བྱ་བ་ནི་འདུ་བྱེད་རྣམས་བསྐྱེད་པར་བྱ་བའི
་ཕྱིར་བསྒོམ་ཞིང་མངོན་པར་འདུ་བྱ་བ་མེད་པ་དང། འདུ་བྱེད་རྣམས་གཞིག་ཅིང་མེད་པར་བྱ་བའི་ཕྱིར། མངོན་པར་འདུ་བྱ་བ་མེད་པར་བསླབ་པར་བྱ་བ་བསྟན་པ་སྟེ། རྣམ་པར་བདགོམ་པ་ཞེ་སྦྱ་བ་ནི་གཞིག་ཅིང་སུན་དབྱུང་བ་ལ་བྱའོ།།
་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བསལྦ་པར་བགྱི་ཞེ་བྱ་བ་ནི་གོང་དུ་འདུ་བྱེད་རྣམས་བསྐྱེད་པ་འམ། གཞིག་པར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་པ་མེད་པར་བསླབ་པར་བྱའོ་ཞེས་མངོན་བཤད
་པའི་དོན་ཞིབ་ཏུ་བཤད་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་རྣམས་རང་བཞིན་མཚན་ཉིད་ཀྱིས་སྟོང་པར་མཐོང་བས་མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས
་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་བS་བསྐྱེད་པར་བྱ་བ་འམ་གཞིག་བར་བྱ་བའི་དངོས་པོ་གང་ཡང་མེད་པར་རྟོག་པར་བྱ་སྟེ། མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས
་སྟོང་པར་ཇི་ལྟར་ལྟ་བར་བགྱི་ཞེས་བྱ་བ་ནི་ཆོས་རྣམས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་སྟོང་པར་ཇི་ལྟར་རྟོགས་པར་བྱ་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།གཟུགས་གཟུགས་ཀྱིས་སྟོང་པར་ལྟའོ་ཞེས་བྱ་བ་ལ་སོགས་པ་ནི
་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སོ་སོར་རང་བཞིན་ཀུན་བརྟགས་པའི་མཚན་ཉིད་ཇི་ལྟར་སྣང་ཞིང་གྲགས་པ་ལྟ་བུར་དོན་དམ་པར་ཡོད་པ་མ་ཡིན་པར་མཐོང་བས། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབ་པར་བྱའོ་ཞེས་བསྟན
་པའོ། གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་སྟེ་ཅི་ཡང་མེད་ན་།བྱང་ཆུབ་སེམས་དཔའ་སྤྱད་དུཡང་ཅི་ཞིག་ཡོད་ཅེས་གལ་གཟུང་སྟེ
་ཞུས་པའོ། །རབ་འབྱོར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པས། ཅི་ལ་ཡང་མི་སྤྱོད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
་པ་ལ་སྤྱོད་བ་ཡིན་གྱིས། དམིགས་པ་དང། བཅས་ཤིང་མཚན་མ་དང་བཅས་པར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་སྤྱོད་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི་དམིགས་སུ་མེད་བའི་དོན་བསྟན་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་ཞེས་བྱ་བ་ལ་སོགས་པས་ནི་སྤྱད
་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྤྱོད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཐབས་མཁས་པའི་སྤྱོད་བ་དེ་ཡང་མི་དམིགས་ཏེ། དེ་ལྟར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པ་སྟེ། གང
་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གང་གི་སྤྱོད་པ་ཞེས་བྱ་བ་ནི་ཐབས་གང་ཐབས་གང་གིས་སྤྱོད་པའོ། །གང་ལ་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱའོ། །རབ་འབྱོར་གང་ལ་སྤྲོས་པ་དེ་དག་ཐམས་ཅད་མི་དམིགས་པ་དེ་ནི
་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་མེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི། གང་སྤྱོད་པ་གང་ལ་སྤྱོད་པར་རྟོགས་པའི་སྤྲོས་པ་དེ་དག་ཐམས་ཅད་མི་འབྱུང་བར་མི་འགྱུར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
་ལ་སྤྱོད་པར་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྱོད་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ན། ལས་དང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཨི་ཆེན་པོས་ཤེས་རབ་ཀྱི་ཕ་རོལ
་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་དགྱི་ཞེས་བྱ་བ་ནི་དེ་ལྟར་ཅི་ལ་ཡང་མི་དམིགས་ཤིང་ཅི་ལ་ཡང་མི་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ན། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་དེ་ལྟར་མི་དམིགས་པར་མི་ནུས
་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་བ་ཉིད་ནས་བརྩམས
་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་དམིགས་པ་དོན་དམ་པའི་སྤྱོད་པ་ཡོངས་སུ་རྫོཌ་པར་མི་ནུས་སུ་ཟིན་ཀྱང་དེ་ལྟར་ཅི་ནུས་སུ་བསླབ་པར་བྱའོ་ཞེས་བསྟན་པའོ།།
་དེས་སྦྱིན་པ་གཏོང་བའི་ཚེ་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་གཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། མི་དམིགས་པར་བསླབ་པའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་ན་དེ་དག་ལ་སྤྱོད་ཀྱང་སྤྱོད་ལ་དང།ོས་པོར་ལྟ་ཞིང་ཆགས་པར་ཡང་མི
་བྱའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅི་ཙམ་གྱིས་དམིགས་པར་འགྱུར་ཞེས་བྱ་བ་ནི་།གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོཌ་པ་ལ་མི་དམིགས་བའི་ཚུལ་གྱིས་སྤྱད་པར་བྱའོ་ཞེས་བཤད་པ་དམིགས་པ་དང། མི་དམིགས་པའི་བྱེ་བྲག་ཞུས་པའོ། །
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཅི་ཙམ་དུ་གཉིས་པ་དེ་ཙམ་དུ་དམིགས་ཏེ། གཉིས་སུ་མེད་པ་ནི་མི་དམིགས་པའོ་ཞེས་བྱ་བ་ནི་ཇི་ཙམ་དུ་བཟུང་བ་དང་འཛིན་པ་གཉིས་ཡོད་པ་དེ་ཙམ་དུ་དམིགས་པར་འགྱུར་ཏེ། བཟུང་བ་དང་འཛིན་པ་གཉིས་རྣམ་པར
་སྤངས་པ་ནི་དམིགས་སུ་མེད་པའོ་ཞེས་མདོར་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་།གོང་དུ་མདོར་བསྟན་པའི་དོན་དེ་ཉིད་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས
་བཀའ་སྩལ་པ། ཇི་ཙམ་དུ་མིག་དང། གཟུགས་དང་ཞེས་བྱ་བ་ལ་སོགས་བས་ནི། ཇི་ཙམ་དུ་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་གཉིས་ཡོད་པར་གྱུར་བ་དེ་ཙམ་དུ་གཉིས་སུ་ཡོད་པ་ནི་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས
་དམིགས་སུ་མཆིས་བ་མི་དམིགས་སམ། མ་ལགས་ཏེ་དམིགས་སུ་མ་མཆིས་པ་མི་དམིགས་ཞེས་བྱ་བ་ནི་།གོང་དུ་མི་དམིགས་བའི་ཚུལ་གྱིས་ཆོས་ཐམས་ཅད་ལ་སྤྱད་པར་བྱའོ་ཞེས་གསུངས་པ་ལ་།འཁོར་གྱི་ནང་ན་ཁ་ཅིག་མི་དམིགས་ཞེས་བྱ་བ
་འཕགས་པ་གཅིག་གི་སྤྱོད་ཡུལ་དུ་འགྱུར་བའི་དངོས་པོ་གཅིག་ཡོད་དམ་སྙམ་དུ་རྟོག་བ་བསལ་པའི་ཕྱིར། མི་དམིགས་པ་ཞེས་བགྱི་བདེ་དངོས་པོར་དམིགས་སུ་མཆིས་པ་ཞིག་ལགས་སམ། འོན་ཏེ་དངོས་པོར་དམིགས་སུ་མ་མཆིས་པ་ཞིག་ལགས
་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམིགས་སུ་ཡོད་པ་མི་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི། མི་དམིགས་ཞེས་བྱ་བ་དངོས་པོར་དམིགས་སུ་ཡོད་པ་ཡང་མ་ཡིན། དང།ོས་པོར་དམིགས་སུ་མེད་པར་ཡང
་མ་ཡིན་གྱི། དམིགས་པ་དང་མི་དམིགས་པ་གཉི་གར་མི་འབྱེད་ཅིང་མཉམ་པ་ཉིད་དུ་གྱུར་པ་ནི་མི་དམིགས་པ་ཡིན་ཏེ། དེ་ལྟར་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་ལ་བསླབ་པར་བྱའོ་།ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམིགས་པ་ལ་ཡང་མི་ཆགས་མི་དམིགས་པ་ལ་ཡང་མི་ཆགས་པ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད
་པས་ས་ནས་ས་ཡོངས་སུ་རྫོགས་པར་བགྱིས་ནས་ས་ཡོངས་སུ་རྫོགས་ནས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་ལ་བསླབས་ན། ཅི་ལ་ཡང་མ་ཆགས་ཅི་ལ་ཡང་མི་སྤྱོད་པར་བྱ་དགོས་ཏེ། དེ་ལྟར་ཅི་ལ་ཡང་མ་སྤྱད
་ན་བྱང་ཆུབ་སེམས་དཔས་ས་གོང་ནས་གོང་དུ་འཕར་པ་དང།། ས་དེ་དག་ལ་སྤྱོད་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་ཇི་ལྟར་བྱ་ཞེས་ཞུས་པའོ། །དམིགས་པ་ལ་གནས་ཤིང་ས་ནས་ས་ཡོངས་སུ་རྫོགས་པར་མི་བྱེད་དེ་ཞེས་བྱ་བ་ལ
་སོགས་པ་ནི། དམིགས་པ་དང་བཅས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། བྱང་ཆུབ་སེམས་དཔའ་ཨི་ས་ཡོངས་སུ་རྫོགས་པར་མི་འགྱུར་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ
་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་དེ་ཞེས་བྱ་བ་ལ་སོགས་པས། དེའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བླ་ན་མེད་པའི་བྱང་ཆུབ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར?
་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མ་མཆིས་ཏེ། ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་དམིགས་སུ་མེད?་ན། བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རབ་ཏུ་རྟོགས་པར་བྱ་དགོས་ན། གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་དང། འཇིག་རྟེན་ལས་འདའ་བའ་ཨི་ཆོས་ཐམས་ཅད་ཇི་ལྟར་རབ་ཏུ་རྟོགས་པར
་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་བྱས་པས་གཟུགས་དམིགས་པར་འགྱུར་བ་དང། ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་
་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་།ཅི་ནས་ཀྱང་ཆོས་རྣམས་རྟག་ཏུ་མེད་ཅིང་མི་དམིགས་པར་སྤྱོད་ཀྱི་།དམིགས་སུ་ཡོད་པ་དང་རྟོགས་པར་བྱ་བར་མི་སྤྱོད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཀྱང་ཆོས་མི་དམིགས་ཤེས་བྱ་བ་ལ་སོགས་པས་ནི། ཆོས་ཐམས་ཅད་དམིགས་སུ་མེད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་ཨི་ས་ལ་འཇག་པ་དང། སངས
་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང། ཆོས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་རྣམས། ཇི་ལྟར་གྲུབ་པར་འགྱུར་ཞེས་ཞུས
་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ
་ལ་སོགས་པ་ནི། ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་བསྒྲུབ་པར་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་
་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལགས་ཞེས་བྱ་བ་ནི། ཆོས་ཐམས་ཅད་མ་བྱས་པ་དང། མངོན་པར་འདུས་མ་བྱས་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཕྱིར་ཡང་བྱང་ཆུབ
་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བས་སྤྱད་ཅིང། སྤྱད་དུ་མེད་བའི་ཕྱིར་གང་གི་དོན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བསྟན་པའོ། །དེ
་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མ་གྱིས་པ་སྟེ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་པ་སྟེ་།མ་བྱས་པ་ནི་བྱེད་པ་པོས་མ་བྱས་པ་ལ་བྱའོ། །མངོན་པར་འདུ་མ་བྱས་པ་ནི། རྒྱུ་རྐྱན་ཚོགས་པས་མ་སྐྱེས་པ་ལ་བྱའོ། །
་གསོལ་པ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མ་བགྱིས་པ་སྟེ། མངོན་པར་འདུ་མ་བགྱིས་པ་ལགས་ན། འོ་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་དང། ཐེག་པ་གསུམ་པོ་འདི་དག
་རྣམ་པར་དགོངས་པར་འགྱུར་ཞེས་བྱ་བ་ནི། དོན་དམ་པར་ཐེག་པ་གསུམ་དུ་དབྱེ་ཞིང་རྣམ་པར་དགོད་དུ་ཡང་མེད་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མ་བྱས་མངོན་པར
་འདུ་མ་བྱས་བའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་ཡང་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། མངོན་པར་འདུས་མ་བྱས་པ་ལ་ཐེག་པ་གསུམ་དུ་དབྱེ་ཞིང་རྣམ་པར་དགོད་དུ་མེད་ཀྱི
་ཀུན་རྫོབ་ཏུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཆོས་རྣམས་ལ་མངོན་པར་འདུ་བྱེད་པ་རྣམ་པར་རྟོག་པར་ཡོད་པ་རྣམས་ལ། ཐེག་པ་གསུཾ་དུ་དབྱེ་ཞིང་རྣམ་པར་དགོང་པ་ཡོད་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དཱི་ལྟར་བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་པོ
་རྣམས་ཕུང་པོ་ལ་མངོན་པར་ཞེན་ཅིང་ཞེས་བྱ་བ་ལ་སོགས་པས། དེའི་གཏན་ཚིགས་བསྟན་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡང་དག་པ་མ་ཡིན་པར་རྣམ་པར་རྟོགས་པས། གཟུགས་ལ་སོགས་པའི་ཆོས་རྣམས་ལ་མངོན་པར་ཞེན་ཅིང་རློམ་སེམས་སུ་བྱས་ནས
་བདག་གི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་འཁོར་བ་ལས་དགྲོལ་ལོ་སྙམ་དུ་སེམས་ཅན་རྣམས་བཀྲི་བའི་ཕྱིར། ཀུན་རྫོབ་ཏུ་ཐེག་པ་གསུམ་རྣམ་པར་ཕྱེ་སྟེ་བཀོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་དེ་བཞིན་གཤེགས་པའི་སྤྱན
་ལྟས་ཀྱང་ཆོས་གང་ཡང་མ་གཟིགས་ཏེ། དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་ལ་ལོང་བ་ཞེས་བྱ་བ་ནི་གཏི་མུག་གི་ལྡོངས་པའོ། །མིག་མེད་པ་ཞེས་བྱ་བ་ནི། སྤྱན་ལྔ་དང་མི་ལྡན་པ་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏ། དེ་ལྟར་དེ་བཞིན་གཤེཌ
་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་སེམས་ཅན་གང་འཁོར་བ་ལས་ཡོངས་སུ་དགྲོལ་བར་བགྱི་བ་དེ་ལྟ་བུ་མ་གཟིགས་ན་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་སེམས་ཅན་དམིགས་སུ་མེད་ཀྱང།
་།ཀུན་རྫོབ་ཏུ་སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་དེ་ལས་བཟློག་པའི་ཕྱིར། ཕུང་པོ་གསུམ་དུ་བཤད་པ་བསྟན་པ་སྟེ་།དེ་ལ་ཡང་དག་པར་ངེས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པའི་སྐལ་པ་ངེས་པར་སྤྱོད་པ
་ལ་བྱའོ། །མེ་ངས་པ་ནི་དགེ་བའི་བཤེས་གཉེན་གྱི་ཁར་ལུས་པ་ལ་བྱའོ། །ལོག་པར་ངེས་པ་ནི་ལྟ་བ་ལོག་པ་ཅན་དགེ་བའི་རྩ་བ་ཆད་པ་རྣམས་ལ་བྱའོ། །གསོལ་པ་བཅོམ་ལྡན་འདས་ཀྱི་དོན་དམ་པ་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
་མངོན་པར་རྫོགས་པར་སངས་རྒྱས་སམ་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་ནི་གནས་པ་ཡང་མེད། མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་ཡང་མེད་པས། དོན་དམ་པར་སངས་རྒྱས་པ་ཡང་མ་ཡིན་ལ། ཀུན་རྫོབ་ནི་ཕྱིན་ཅི་ལོག
་ཡིན་པས་ཀུན་རྫོབ་ལ་གནས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་ཡིན་ཏེ། མཛའ་དེ་གཉི་ག་སྤངས་པ་བརྗོད་དུ་མེད་པའི་བདག་ཉིད་སོ་སོ་རང་གི་རིག་པའི་རྣམ་པས་ཆོས་ཐམས་ཅད་རྟོགས་པ་ནི། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ་ཞེས་བསྟན
་པའོ། དོན་དེ་ཉིད་དཔེས་གོ་བར་བྱ་བའི་ཕྱིར་རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། དེ་བཞིན་གཤེགས་པའི་སྤྲུལ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོཌ་པ་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སེམས་ཅན་མང་པོ་སྤྲུལ་ཏེ། ཕུང
་པོ་གསུམ་དུ་ཕྱེ་སྟེ་བསྟན་པ་བཞིན་དུ། དེ་བཞིན་གཤེགས་པས་ཚོགས་ཡོངས་སུ་རྫོགས་པར་མཛད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སེམས་ཅན་རྣམས་ཕུང་པོ་གསུམ
་དུ་ཕྱེ་སྟེ་།བསྟན་པ་ཡང་དོན་དམ་པར་དངོས་པོ་ཡོད་པ་ལས་བསྟན་པ་ནི་མ་ཡིན་གྱིས་།ཀུན་རྫོབ་ཏུ་སྒྱུ་མ་སྤྲུལ་པ་ཙམ་དུ་བསྟན་པར་ཟད་དོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། དེ་བཞིན་གཤེགས་པ་པ
་སྤྲུལ་བ་ལ་ཁྱད་པར་དང་བྱེ་བྲག་ཅི་ཞིག་མཆིས། ཅི་ལས་དགོངས་པ་ལགས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང་སྤྲུལ་པ་གཉིས་ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ། སངས་རྒྱས་ཀྱི་མཛད་པ་རྣམས་མཛད་པ་ལ་བྱེ་བྲག་མེད་པའི་དོན་ཞིབ་ཏུ་བཤད
་པའི་སྐབས་དབྱེ་བའི་ཕྱིར་ཞུས་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་ཕྲིན་ལས་གང་མཛད་པའི་ལས་དེ་ནི་སྤྲུལ་པ་ཡང་བྱེད་དོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་བའི
་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་མཛད་པ་ལ་དེ་གཉིས་བྱེ་བྲག་མེད་དོ་ཞེས་བསྟན་པའོ། །གསོལ་བ། བཅོམ་ལྡན་འདས་ཅི་ལགས་དེ་བཞིན་གཤེགས་པ་མི་བཞུགས་ན། སྤྲུལ་པ་ལས་བགྱིད་པར
་འགྱུར་རམ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཕྱིར། སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞི་བའི་བློ་གྲོས་ཀྱིས་ཞེས་བྱ་བ་ལ་སོགས་པས
་དེ་བཞིན་གཤེགས་པའི་སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པའི་དཔེ་སྔོན་བྱུང་བ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་མ་གཟིགས་ནས་ཞེས་བྱ་བ་ནི། སྔོན་དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་མྱ་ངན་ལས་འདས་པའི་དུས་ལ་བབ་པའི་ཚེ། ཕྱིན་དམ་པའི་ཆོས་གཏང་ཅིང་སེམས་ཅན
་གྱི་དོན་བྱེད་དུ་གཞུག་ཏུ་རུང་བའི་བྱང་ཆུབ་སེམས་དཔའ་ལུང་བསྟན་དུ་འོས་བ་མ་གཟིགས་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་སྐུ་སྤྲུལ་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ནི། དེ་ལྟར་དམ་པའི་ཆོས་གཏད་དུ་རུང་བའི་བྱང་ཆུབ་སེམས་དཔའ་མ་གཟིགས་ན། དེ
་བཞིན་གཤེགས་པ་གཅིག་སྤྲུལ་ཏེ་བཞག་ནས། དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་ཉིད་ནི་མྱ་ངན་ལས་འདས་ཏེ་གཤེགས་སོ་ཞེས་བསྟན་པ་སྟེ། དེ་ལྟར་མཛད་པ་ཡང་སེམས་ཅན་ཚེ་རིང་བ་བསྙེམས་ཤིང། ལེ་ལོ་ཅན་རྣམས་སྐུལ་མ་བཏབ་པ་དང། སྤྲུལ་བས
་འདུལ་བའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །སྤྲུལ་པ་དེས་དེའི་ཕྱིར་ན་བསྐལ་པ་གཅིག་ཏུ་སངས་རྒྱས་ཀྱི་བྱ་བ་བྱས་ཏེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་མྱ་ངན་ལས་འདས་པའི་ཕྱི་ན། སྤྲུལ་པ་དེས་ཀྱང་བསྐལ་པ་གཅིག་གི་བར་དུ་དེ
་བཞིན་གཤེགས་བཞི་པའི་བློ་གྲོས་དང་འདྲ་བར་སེམས་ཅན་གྱི་དོན་མཛད་དོ་ཞེས་བསྟན་པའོ། །དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་ནས་ཞེས་བྱ་བ་ནི། སྤྲུལ་པ་དེས་བསྐལ་པ་གཅིག་གི་བར་དུ་སེམས་ཅན་གྱི་དོན་བྱས་པའི་རྗེས་ལ། བྱང
་ཆུབ་སེམས་དཔའ་དམ་པའི་ཆོས་གཏད་དུ་རུང་བ་ལུང་བསྟན་དུ་འོས་པ་བྱུང་ནས། དེ་ལ་དམ་པའི་ཆོས་གཏད་དེ་སྤྲུལ་པ་དེ་ཡང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།ཡོངས་སུ་མྱ་ངན་ལས་འདས་བར་གྲགས་ཀྱང། སྤྲུལ་བ་ལ
་སྐྱེ་བའམ། ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་བྱ་བ་ནི། དེ་ལྟ་བུ་དག་སྔོན་བྱུང་མོད་ཀྱི། འོན་ཀྱང་ཡང་དག་པར་ན། སྤྲུལ་པ་དེ་སྐྱེས་པ་ཡང་མེད། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མེད་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྲུལ་པ་དང། དེ་བཞིན
་གཤེགས་པ་ལ་ཁྱད་པར་མ་མཆིས་ན། ཡོན་ཡོངས་སུ་དག་པར་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པས་། དེ་བཞིན་གཤེགས་པས་ཡོན་ཕྲུལ་ན་བསོད་ནམས་ཆེ་བ་བཞིན་དུ། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་པ་ཡང་བསོད་ནམས་ཆེ་བར་བཤད་པ་སྐབས
་དབྱེ་བའི་ཕྱིར་ཞུས་པ་སྟེ། ཡོན་ཡོངས་སུ་དག་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་།དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་ན་བསོད་ནམས་ཆེན་པོར་འགྱུར་རམ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་སེམས་ཅན་བསོད་ནམས་འཚལ་བ་དང། ཞེས་བྱ་བ་ལ་སོགས་པས། གོང་དུ
་མདོར་དུས?་པའི་དོན་དེ་ཉིད་ཞིབ་ཏུ་བཤད་དེ་ཞུས་པ་སྟེ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའི་བསོད་ནམས་ཟད་མི་ཤེས་པར་འགྱུར་བ་དེ་བཞིན་དུ་།དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་བའི་བསོད་ནམས་ཀྱང་དེ་བཞིན་དུ་ཟད་མི་ཤེས་པར་འགྱུར་རབ་ཞེས་ཞུས་པའོ།།
་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཉིད་གང་གིས་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པ་ལ་ཡོན་ཕུལ?་ན། བསོད་ནམས་ཚེ་ཆིང་ཟད་མི་ཞེས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་སྤྲུལ་པ་ལ་ཡོན་ཕུལ་ན་ཡང་དེ་བཞིན་དུ་བསོད་ནམས
་ཆེ་ཞོའ?་ཟད་མི་ཤེས་པར་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་ཉིད་གང་གིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པའི་སྤྲུལ་པ་གཉིས་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་དུ་མཚུངས་པ་དང། ཀུན་རྫོབ་ཏུ་སེམས་ཅན་གྱིས་དོན་གྱི་ཕྱིར
་འབྱུང་པ་དང། སངས་རྒྱས་ཀྱི་བྱ་བ་བྱེད་པར་མཚུངས་པའི་ཕྱིར། ཡོན་གྱི་གནས་སུ་ཡང་མཚུངས་ཏེ། དེ་དག་གཉིས་ཀ་ལ་ཡོན་ཕུལ་བ་དང། སེམས་དང་བས་ཡིད་ལ་བྱས་བས་དང། འོག་ཕྱོག་སུ་ཡིད་ལ་བྱས་ཤིང། མེ་རྟོག་གསོལ་པ་དང། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཚིག
་ཙམ་བརྗོད་པའི་བསོད་ནམས་ཀྱང་ཟད་མི་ཤེས་ཤིང། ཆེ་བར་མཚུངས་ཞེས་བསྟན་པ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་ཞེས་བྱ་བ་ནི་དོན་དམ་པར་གཉི་ག་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཉིད་ཡིན་པ་དང། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་གྱི་ཕྱིར་འབྱུང་བ་དང
་སངས་རྒྱས་ཀྱི་བྱ་བ་བྱེད་པར་མཚུངས་པའི་ཆོས་ཉིད་བཙན་པར་བྱས་ནས་དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བྱེ་བྲག་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་རྣམས་ཀྱི་ཆོས་ཉིད་དོ་ཡང་རྣམ་པར་དཀྲུག་པར་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པས།
་ཆོས་ཉིད་དང་མི་མཐུན་པར་མི་བྱ་བ་བསྟན་པ་སྟེ་།ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་པར་གྱིS་ཆོས་རྣམས་ལ། ཆོས་དེ་དག་གི་སོ་སོའི་མཚན་ཉིད་དང། ཆོས་དེ་དག་གི་ཆོས་ཉིད་སྟོང་པ་ཉིད་དེ་བཞིན་ཉིད་གང་ཡིན་པ་དེ་དག་སོ་སོར་འབྱེད
་ཅིང་རྣམ་པར་རྟོག་ན། ཆོས་ཉིད་རྣམ་པར་དཀྲུག་པར་འགྱུར་གྱིས་།དེ་ལྟར་མི་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་ད་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པར་མི་བགྱི་བ་ལགས་ན་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་ཆོས་རྣམས་ཀྱི་མཚན
་ཉིད་དང། ཆོས་རྣམས་ཀྱི་ཆོས་ཉིད་ལ་རྣམ་པར་རྟོག་ཅིང་སོ་སོར་འབྱེད་ན། ཆོས་ཉིད་རྣམ་པར་དཀྲུག་པར་འགྱུར་ཏེ། ཆོས་ཉིད་དང་མི་མཐུན་ནོ། བཅོམ་ལྡན་འདས་ཀྱི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་ཀྱི
་མཚན་ཉིད་སོ་སོར་ཕྱར་སྟེ་བསྟན་པ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དཀྲུགས་པར་མ་གྱུར་ཏམ་ཞེས་གལ་གཟུང་སྟེ་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་།བཅོམ་ལྡན་འདས་ཀིས་དེ་ལྟར
་ཆོས་རྣམས་སོ་སོར་ཕྱེ་སྟེ་བསྟན་པ་ནི། སེམས་ཅན་རྣམས་ཀྱི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མིང་དང་མཚན་མ་ཙམ་སྨོས་ཏེ་བསྟན་པར་ཟད་ཀྱི། དེ་ཉིད་ལ་རྟོག་ཅིང་ཆགས་པ་མེད་པས་།ཆོས་ཉིད་དཀྲུགས་པར་མ་གྱུར་ཏོ་ཞེས་བསྟན་པའོ། །གསོལ་བ།
་བཅོམ་ལྡན་འདས་གལ་ཏེ་གཞན་རྣམས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། མིང་དང་མཚན་མ་མེད་པ་ལ་མིང་དང་མཚན་མས་བསྟན་དུ་ཡང་ཅི་ཡོད་ཅེས་གསོལ་པའོ། །བཅོམ་ལྡན
་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བརྗོད་པ་ནི་མིང་ཡང་མ་ཡིན། མཚན་མ་ཡང་མ་ཡིན། མངོན་པར་ཆགས་པ་ཡང་མ་ཡིན་ཞེས་བྱ་བ་ནི། སེམས་ཅན་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཇི་ལྟ་རྒརགས་པའི་མིང་དང། མཚན
་མས་བསྟན་པ་ཙམ་དུ་ཟད་ཀྱི་། མིང་དང་མཚན་མ་ལ་དངོས་པོར་འཛིན་ཅིང་མངོན་པར་ཞེན་པ་མེད་པས་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་དུ་ན། སྡུག་བསྔལ་ཉིད་བརྗོད་དུ་ཟད་ཀྱི་མིང་དང་མཚན་མ་ལ་མངོན་པར་ཆགས་པ་མེད་དེ་ཞེས་བྱ་བ
་ནི། དེ་ལྟར་སེམས་ཅན་རྣམས་ལ་མིང་དང་མཚན་མས་ཆོས་རྣམས་བསྟན་པ་ཡང་འཁོར་བའི་སྡུག་བསྔལ་ཤེས་པར་བྱ་བའི་ཕྱིར་བསྟན་དུ་ཟད་ཀྱི། དེ་ལ་དངོས་པོར་འཛིན་ཅིང་ཆགས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་བཞིན་གཤེགས་པའམ། དེ་བཞིན
་གཤེགས་པའི་ཉན་ཐོས་ནི། མིང་དང་མཚན་མ་ལ་མངོན་པར་ཆགས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་། མངོན་པར་ཆགས་པའི་གནས་མེད་ཅིང་མི་སྲིད་པ་བསྟན་པ་སྟེ་། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་འགྱུར་རོ་ཞེས་བྱ་བ
་ལ་སོགས་པས་ནི་།མངོན་པར་ཆགས་པ་མི་སྲིད་པའི་དཔེ་བསྟན་པ་སྟེ། ཆགས་པར་བྱ་བ་དང། ཆགས་པར་བྱེད་པ་གཉི་ག་དོན་དམ་པར་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་།གསོལ་པ་བཅོམ་ལྡན་འདས་གལ་ཏེ་འདུས་བྱས་འདི་དག་ཐམས་ཅད
་མིང་དང་མཚད་པ་ཙམ་དུ་བས་པ་ལགས་ན་ཞེས་བྱ་བ་ལ་སོགས་པས། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་ན་བསྒྲུབ་པར་བྱ་བ་དང། སྒྲུབ་མེད་བྱེད་པ་གཉི་ག་ཡང་རང་བཞིན་མེད་ན། བྱང་ཆུབ་སེམས་དཔའ་ཅི་ཞིག་བསྒྲུབ་པའི
་ཕྱིར་བྱང་ཆུབ་ཏུ་སེམས་སྐྱེས་ནས། བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་ཅེས་བྱ་བར་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་གང་དེ་སྐད་དུ། གལ་ཏེ་འདུས་བྱས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་ཟད་ན་ཞེས་བྱ་བ་ལ་སོགས་པ་ནི།
་རབ་འབྱོར་གྱིས་ཞུས་པའི་ཚིག་དེ་དག་།བཅོམ་ལྡན་འདས་ཀྱིས་བཟླས་ཏེ། ལན་བཀའ་སྩལ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་། དངོས་པོ་མེད་པ་ལ་སེམས་ཅན་རྣམས་དངོས་པོར་ཆགས་ཤིང། རྣམ་པར
་སྤྱོད་པ་དེ་དག་དྲང་བའི་ཕྱིར། ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡང་སྤྱད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སེམས་ཅན་གྱི་དོན་རྣམས་བྱེད་དོ་ཞེས་བསྟན་པའོ། །གསོལ་པ
་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་དམ་ཞེས་བྱ་བ་ནི། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། མིང་དང་མཚན་མ་མེད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་ཅིང་།གདགས་སུ་ཡང་ཅི་མཆིས་ཞེས་ཞུས
་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་སྨྲའོ་ཞེས་བྱ་བ་ནི། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་སྟེ། །མིང་དང་མཚན་མར
་གདགས་ཤིང་བརྗོད་དུ་མེད་ཀྱང། ཀུན་རྫོབ་ཏུ་སེམས་ཅན་རྣམས་དྲང་བའི་ཕྱིར་བརྗོད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐམས་ཅད་ཤེས་པ་ཉིད་དུ་གསུངས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། ཐམས་ཅད་ཤེས་པ་ཉིད
་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཁྱད་པར་ཅི་ཡོད་པ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བས་ནི
་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་བྱའོ། །ཞེས་བྱ་བ་ལ་སོགས་པས། ཐམས་ཅད་ཤེས་པ་གསུམ་མདོ་ཙམ་དུ་ཕྱེ་སྟེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི། ཐམས་ཅད་ཤེས་པ་ཉིད
་ཅེས་བགྱི་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་མདོ་རྣམ་པ་གསུམ་དུ་ཕྱེ་སྟེ་བཤད་པ་དེ་ཉིད་གཏན་ཚིགས་དང་བཅས་པ་དེ་བཞིན་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་དང་ནང་གི་ཆོས་ཇི་སྙེད་པ་ཙམ་ནི། ཐམས
་ཅད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཏེ་ཞེས་བྱ་བ་ནི། ཕུང་པོ་དང་ཁམས་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་རྣམས་བདེན་པ་བཞིའི་སྒོ་ནས་ཞུགས་ཏེ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང
་བཅས་པ་ཐམས་ཅད་ནི་སྡུག་བསྔལ་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། ཞེས་བྱ་བ་རྣམ་འདི་གསུམ་ལྟར་ཆོས་ཐམས་ཅད་ཤེས་པ་ལ་། ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ལམ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་བྱང
་ཆུབ་སེམས་དཔའ་ཨི་ལམ་ས་བཅུ་ལ་གནས་ཏེ་ཆོས་ཐམས་ཅད་ཤེས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་རྣམས
་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡིན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དང་པོ་སྐྱེད་དེ། མོས་པས་སྤྱོད་པའི་ས་ནས། ས་བཅུ་ཡོངས་སུ་རྫོགས་ཀྱི་བར་དུ། མཐོང་བའི་ལམ་དང། བསྒོམ་པའི་ལམ་གྱིས་དེ་བཞིན་ཉིད་རྣམ་པར་སྤྱོད
་པའི་རིམ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་རྒྱུར་གྱུར་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་སུ་ཕྱིན་པར་བྱད་བའི་ཡེ་ཤེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཐམས་ཅད་ཀྱང་ཤེས་ལ། དེ་དག་ཡང་དག་པའི་མཛའ་མངོན་དུ་ཡང་མི
་བྱེད་བ་དེ་ལ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་འཚལ་ན། འོན་ནི་ངེས་ཡང་དག་བའི་མཛའ་ཡང
་མངོན་དུ་བགྱི་བར་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་དག་པའི་མཛའ་མངོན་དུ་མི་བྱུང?་ན། སངས་རྒྱས་སུ་འགྲུབ་པར་ཡང་མི་འགྱུར། སངས་རྒྱས་སུ་འགྲུབ་ན་ནི། ཡང་དག་པའི་མཛའ་ཡས་མངོན་དུ་བྱས་པར
་འགྱུར་ཏེ། གོང་དུ་བཤད་པ་དང་འགོལ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས་ལ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན
་པར་བྱ་བ་ལ་སོགས་པ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མཛའ་དག་ཡོངས་སུ་རྫོགས་པར་བྱས་ནས། ཡང་དག་པའི་མཛའ་མངོན་དུ་བྱས་པ་ལ་ཉེས་པ་མེད་ཀྱི། དེ་ལྟར་མ་བྱས་པར་ཉན་ཐོས་དང་རང་སངས་རྒྱས་ལྟར། བར་མ་དོར་ཡང་དག་པའི་མཛའ་
་མངོན་དུ་མི་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ལ་གནས་ཏེ། ཡང་དག་པའི་མཛའ་མངོན་དུ་བགྱི་ལམ་ཞེས་བྱ་བ་ལ་སོགས་པས། དོན་དམ་པར་ཡང་དག་པའི
་མཛའ་མངོན་དུ་བྱར་མེད་པའི་ཕྱིར་ཞུས་པ་སྟེ། ལམ་ལ་གནས་ཏེ་ཞེས་བྱ་བ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་དང། བསྣོམ་བའི་ལམ་ལ་བརྟེན་ཏེ། ཡང་དག་པའི་མཛའ་མངོན་དུ་བགྱི་འམ་ཞེས་ཞུས་པའོ། །བཅོམ་
་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ་ཞེས་བྱ་བ་ནི། དོན་དམ་པར་ལམ་དེ་གཉི་ག་དངོས་པོ་མེད་པས། བརྟེན་ཅིང་གནས་སུ་མེད་པའི་ཕྱིར་དེ་ལྟར་མ་ཡིན་ནོ་ཞེས་གསུངས་པའོ། །འོ་ན་ལམ་མ་ལགས་པ་ལ་གནས་ཏེ
་འམ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ལམ་གཉིས་ལས་བཟློག་པ་ལ་གནས་ཏེ་འམ་ཞེས་ཞུས་པའོ། །མ་ཡིན་ནོ་ཞེས་བྱ་བ་ནི་ལམ་དངོས་པོ་ཡོད་ན་ལམ་མ་ཡིན་པ་ཡང་ཟླས་འགྲུབ་སྟེ། ལམ་དངོས་པོ་མེད་ན་ལམ་མ་ཡིན་པ་ཟླས་འགྲུབ་པ་ཡང་དངོས་པོ
་མེད་པས། དེས་ཀྱང་ཡང་དག་པའི་མཛའ་མངོན་དུ་བྱ་བ་མ་ཡིན་ནོ་ཞེས་གསུངས་པའོ། །འོ་ན་ལམ་ཡང་ལགས་ལ། ལམ་མ་ལགས་པ་ཡང་ལགས་པ་ལ་གནས་ཏེ་འམ་ཞེས་བྱ་བ་ནི། ལམ་དང་ལམ་མ་ཡིན་པ་གཉིས་ཀ་ལ་གནས་ཏེ། ཡང་དག་བའི་མཛའ་
་མངོན?་དུ་བྱ་འམ་ཞེས་ཞུས་པའོ། །མ་ཡིན་ནོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་གཉིས་དོན་དམ་པར་མ་གྲུབ་པས། གཉི་གའི་རང་བཞིན་ལ་གནས་པས་ཀྱང་ཡང་དག་པའི་མཛའ་མངོན་དུ་བྱར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།གསོལ་པ་འོ་ན་ལམ་ཡང
་མ་ལགས་ལ། ལམ་མ་ལགས་པ་ཡང་མ་ལགས་པ་ལ་གནས་ཏེ་ལམ་ཞེས་བྱ་བ་ནི། །གཉི་ག་མ་ཡིན་པ་ལ་གནས་ཏེ་ཡང་དག་པའི་མཛའ་མངོན་དུ་བགྱི་འམ་ཞེས་ཞུས་པའོ། །མ་ཡིན་ནོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་གཉིས་མ་གྲུབ་པས།
་གཉི་ག་མ་ཡིན་པ་ཡང་མི་འགྲུབ་བའི་ཕྱིར། དེ་ལྟར་ཡང་མ་ཡིན་ནོ་ཞེས་བཤད་པའོ། །གསོལ་པ་བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་། ཡང་དག་པའི་མཛའ་མངོན་དུ་བགྱི་ཞེས་བྱ་བ་ནི་།ཅི་ལ་ཡང་མི
་གནས་པར་ཡང་དག་པའི་མཛའ་མངོན་དུ་བྱ་བ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་ནི། རབ་འབྱོར་ཉིད་ཅི་ལ་ཡང་མི་གནས་པར་སེམས་རྣམ་པར་གྲོལ་བ་ཁས་ལེན་དུ་བཅུག
་པས། ཉན་ཐོས་ལ་སོགས་པ་དམིགས་པ་ཅན་རྣམས་གདུལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་དྲིས་བ་སྟེ། ལམ་དང་ལམ་མ་ཡིན་པ་རྣམ་པ་བཞིར་ཕྱེ་བ་ནི་སྔ་མ་བཞིན་ནོ། །རབ་འབྱོར་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་པས
་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་སྟེ། ཞི་བའི་རྣམ་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པ་ཐམས་ཅ་སྤངས་པ། ཆོས་ཀྱི་དབྱིངས་རྣམ་པར་ག་པའི་རང་བཞིན་དུ་འགྱུར་བ་དེ་ལ་ཞི་བའི་རྣམ་པ་ཞེས
་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཡང་དག་པའི་རྣམ་པ་ཡང་དེ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་བ་ཉིད་ཅེས་བྱའོ། །རབ་འབྱོར་འདི་ལྟར་ཡང་རྣམ་པ་གང་དང། ཚུལ་གང་དང་ཞེས་བྱ་བ་ལ་སོགས་པས། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་སྟེ།
་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་མ་ནོར་པར་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ
་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི། ཐམས་ཅད་ཤེས་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། རྣམ་པ་གསུམ་པོ་འདི་ལ། རྣམ་པར་གྲོལ་པའི་བྱེ་བྲག་མེད་པ་དང། བག་ཆགས་པ་སྤངས་པའི་བྱེ་བྲག
་ཡོད་པ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །རབ་འབྱོར་ཉོན་མོངས་པ་སྤངས་པ་ལ་ནི། བྱེ་བྲག་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་།ཉོན་མོངས་པ་སྤངས་ཏེ། རྣམ་པར་གྲོལ་བར་ནི་མཚུངས་མོད་ཀྱི། བག་ཆགས་ཡན་ཆད་མ་ལུས་པ
་སྤངས་པ་དང། མ་སྤངས་པ་ལ་བྱེ་བྲག་ཡོད་དེ་།དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཐམས་ཅད་།བག་ཆགས་ཕྲ་མོ་ཡན་ཆད་སྤངས་ཀྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང། བག་ཆགས
་མ་སྤངས་སོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང། །བག་ཆགས་ཕྲ་མོ་མ་སྤངས་མོད་ཀྱི། ལས་དང་ཉོན་མོངས་པ་ལ་དབང་ཐོབ་པས། ཉན་ཐོས་དང་མི་འདྲའོ། །གསོལ་པ། བཅོམ་ལྡན་འདས་ཅི་ཕགས?་ཉན
་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་ཀྱིས། འདུས་མ་བྱས་བགྱིས་མ་ཐོབ་པར་ཉོན་མོངས་པ་སྤངས་པ་བགྱིས་སམ་ཞེས་བྱ་བ་ནི། མྱ་ངན་ལས་འདས་བ་འདུས་མ་བྱས་པ་ཞེས་བྱ་བ་དེས་མ་མཐོང་བར་ཉོན་མོངས་པ་སྤང་དུ་ཡང་མི་རུང།
་ཐོབ་ན་ནི་ཉོན་མོངས་བ་སྤང་དུ་ཡང་མེད་ན། ཇི་ལྟར་ཉོན་མོངས་པ་སྤང་སྙམ་ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཐོབ་པར་བྱ་བ་དང། སྤང་བར་བྱ་བ་གཉིས་ཀ་དམིགས་སུ་མེད་པའི་ཕྱིར། དེ་ནི་མ
་ཡིན་ནོ་ཞེས་གསུངས་སོ། །ཡང་རྣམ་པ་ཅིག་ཏུ་ན། ཀུན་རྫོབ་ཏུ་ཡང་འདུས་མ་བྱས་སྔར་ཐོབ་སྟེ། ཉོན་མོངས་པ་ཕྱིར་སྤངས་པ་ཡང་མ་ཡིན། ཉོན་མོངས་པ་སྔར་སྤངས་ཏེ། འདུས་མ་བྱས་ཕྱིས་ཐོག་པར་ཡང་མ་ཡིན་ཀྱིས། ཉོན་མོངས་པའི
་གཉེན་པོ་ཟག་བ་མེད་པའི་ཡེ་ཤེས་ཐོབ་པ་ཉིད་ཀྱི་ཚེ། ཉོན་མོངས་པ་རྣམས་ཀྱང་འགགས་ཏེ། གཉེན་བོ་བསྐྱེས་པ་དང། ཉོན་མོངས་པ་འགགས་པ་གཉིས་སུ་གཅིག་པའི་ཕྱིར་འདུས་མ་བྱས་མ་ཐོབ་པར་ཉོན་མོངས་པ་སྤངས་པ་མ་ཡིན་།ཉོན
་མོངས་པ་སྤངས་ནས། འདུས་མ་བྱས་ཐོབ་བ་ཡང་མ་ཡིན་ནོ་ཞེས་བཤད་པའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདུས་མ་བྱས་ལ་བྱེ་བྲག་དམིགས་སུ་མཆིས་སམ་ཞེས་བྱ་བ་ནི། རྣམ་པར་གྲོལ་བའི་རང་བཞིན་མྱ་ངན་ལས
་འདས་པ་འདུས་མ་བྱས་པ་ཞེས་བྱ་བ་དེ་།ཉན་ཐོས་དང། རང་སངས་རྒྱས་དང། དེ་བཞིན་གཤེགས་པ་རྣམས་ཀྱི་འདུས་མ་བྱས་པ་རྣམ་པར་གྲོལ་པ་ལ། བྱེ་བྲག་མཆིས་སམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ
་ཡིན་ནོ་ཞེས་བྱ་བ་ནི། ཉོན་མོངས་བ་མཚན་ཉིད་རྣམ་པར་གྲོལ་བ་འདུས་མ་བྱས་བ་ཞེས་བྱ་བ་དེ་ལ། བྱེ་བྲག་མེད་དོ་ཞེས་བཤད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམིགས་སུ་མ་མཆིས་ན། ཞེས་བྱ་བ་ལྔ་སོགས་པ་ནི། དེ་ལྟར་འདུས་མ་བྱས་པ
་ལ་བྱེ་བྲག་དབྱེར་མ་མཆིས་ན། དེ་བཞིན་གཤེགས་པ་ལ་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་མི་མངའ་བ། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི། བག་ཆགS་ཀྱི་མཚམས་སྦྱོར་བ་ཡོད་དོ། །ཞེས་ཅིའི་སླད་དུ་། བྱེ་བྲག་མ་མཆིས་པར
་བཤད་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བག་ཆགས་ཀྱི་མཚམས་སྦྱོར་བ་ནི། ཉོན་མོངས་པ་མ་ཡིན་མོད་ཀྱི། ཞེས་བྱ་བ་ལ་སོགས་པས་ནི། ཉོན་མོངས་པ་སྤངས་པའི་མཚན་ཉིད་རྣམ་པར་གྲོལ་བ་ལ་ནི།
་བྱེ་བྲག་མེད་ཀྱི་། བག་ཆགས་སྤངས་མ་སྤངས་ལ་ནི་།བྱེ་བྲག་ཡོད་པ་བསྟན་པ་སྟེ། ཉན་ཐོས་དད་རང་སངས་རྒྱས་རྣམས། བག་ཆགས་རྣམ་པ་ཐམས་ཅད་དུ་མ་སྤངས་པས་། འདོད་ཆགས་དང་། ཞེ་སྡང་དང། གཏི་མུག་གི་བག་ཆགས
་བྱ?་དེ་པད་གིས་། ལུས་དང། ངག་གི་སྤྱོད་པ་འགྱུར་པ་ཡོད་དོ། །དཔེར་ན་འཕགས་པ་དགྲ་བཅོམ་པ་དག་ཉོན་མོངས་པ་སྤངས་ཀྱང། ཁ་ཅིག་སྔོན་གྱི་བག་ཆགས་ཀྱིས་དབང་གིས་། མེ་ལོང་ལ་ལྟ་བ་དང་། མཆོད་ཞིང་འགྲོ་བ་དང་།
་པི་ལིན་དྷ་བད་ས་ལྟ་བུ་། གང་གཱའི་ལྷ་མོ་ལ་དམངས་མོའི་ཚིག་བརྗོད་པ་ལྟ་བུ་སྟེ། བག་ཆགས་དེ་དག་ལས་གྱུར་པའི་ལུས་དང། དག་གི་སྤྱོད་པ་དེ་ལྟ་བུ་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡོད་དེ། ཀུན
་དང་ཐུན་མོང་བ་འདྲས་ཀྱང་འཕགས་པ་རྣམས་ཉོན་མོངས་པ་ཐམས་ཅད་སྤངས་པས་། བག་ཆགས་ལས་གྱུར་པའི་ལུས་དང། དག་གི་སྤྱོད་པ་དེ་དག་ནི། སུ་ལ་ཡང་གནོད་པ་མེད་པའི་ཕྱིར་། འདུས་མ་བྱས
་པ་ལ་བྱེ་བྲག་མེད་དོ་ཞེས་བསྟན་པའོ། །དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་བྱ་བ་ལ
་སོགས་པ་ནི་། བག་ཆགས་དེ་ལྟ་བུ་། དེ་བཞིན་གཤེགས་པ་ལ་ནི་། ཡོང་ཡེ་མི་མངའ་ཨོ་། ཞེས་བྱ་བའི་དོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ
་བརྒྱ་ཆེར་བཤད་པ་། དུས་གསུམ་བསྐྱེད་མཛད་ཡུམ་ལ་ཕྱག་འཚལ་ལོ། །བླ་མའི་ལུང་གིས་ཉིད་ལ་ཕན་མཛད་ཕྱིར་། རློམ་པ་མི་མངའ་ཞལ་བསྐྱུངས་མཛད་མོད་ཀྱིས
་སྐྱེ་བོ་ཡོངས་ལ་བརྩེ་ཕྱིར་མདོ་གཞུང་བཀྲོལ་། གནས་བརྟན་ཆེ་ལ་གུས་པས་ཕྱག་འཚལ་ལོ། །རྫོགས་སོ།། མངྒཱ་ལཾ།
་