CLOSE WINDOW

N3935: gshin rje gshed kyi sgrub thabs
Wyliee-texts based on the ACIP/ALL Input

ནི་གསང་སྔགས་སོ། །ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོའི་སྒྲུབ་ཐབས་རྫོགས་སོ།། །།གསར་འགྱུར་རོ།། །།རྒྱ་གར་སྐད་དུ། ཡ་མཱ་རི་སཱ་དྷ་ནི། བོད་སྐད་དུ། གཤིན་རྗེ་གཤེད་ཀྱི ་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཐར་མཛད་ཐུགས་རྗེའི་རང་བཞིན་ཅན། །འགྲོ་བའི་དོན་དུ་ཕྱི་རོལ་གཏུམ་པོའི་སྐུ། །མགོན་པོ་གཤིན་རྗེ་གཤེད་ལ་མགོས་བཏུད་དེ། །དེ་ཡི ་སྒྲུབ་ཐབས་འདོད་པའི་དོན་དུ་ནི། །སྔགས་པ་དང་པོ་སེམས་ཡོངས་མགུ་བ་དང། །བདེ་བའི་སྟན་གནས་འོག་ཏུ་དམ་བཅའ་བྱས། །སྙིང་གར་ཧཱུཾ་བཀོད་པ་ལས་མཆོད་པའི་ཚོགས། སྣ་ཚོགས་པ་ཡི་མགོན་ལ་མངོན་པར་མཆོད། །དེ་ཡི ་སྤྱན་སྔར་སྡིག་པ་བཤགས་པ་སོགས། །བྱས་ཏེ་སྟོང་ཉིད་ཡོངས་སུ་བསྒོམས་ནས་ནི། །དང་པོར་རླུང་གི་དཀྱིལ་འཁོར་ཡཾ་ལས་བྱུང། །དུ་བའི་མདོག་འདྲ་གཞུ་ཡི་དབྱིབས་ཅན་ལ། །རཾ་གྱི་ས་བོན་ལས་བྱུང་མེ་ཡི་ནི?། །དཀྱིལ་འཁོར་གྲུ་གསུམ ་མདོག་ཀྱང་དམར་བ་ཡིན། །པཾ་ལས་བྱུང་བའི་ཆུ་ཡི་དཀྱིལ་འཁོར་ནི། །བུམ་པ་འདྲ་ཞིང་དཀར་ལ་འཐུར་ལྟས་པ། །ལཾ་ལས་བྱུང་བའི་དབང་ཆེན་དཀྱིལ་འཁོར་ནི། །ཟུར་བཞི་པ་ལ་ཀུན་ནས་རབ་ཏུ་སེར། །ཧཱུཾ་སུཾ་ཧཱུཾ་ལས་བྱུང་བའི་རི་རབ་ནི། །རི་རྒྱལ ་རྩེ་མོ་བརྒྱད་པ་གོ་རིམ་བཞིན། །སྔར་བཤད་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས། །གོང་ནས་གོང་མའི་རིམ་པ་བསམས་ནས་ནི། །དེ་འོག་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས། །ར་བ་དྲ་བ་དམ་པ་དབུས་ཀྱི་ཆར། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ ་འཁོར་གྱི། །དབུས་ན་བྷཱི(རྒྱུད་འགྲེལ་བསམས་ལས་སླར་ཡང་དེའི་ཐུགས་ཟླ་བར་གནས། །དྷཱི(རྒྱུད་འགྲེལ་རྣམས། །ཡང་དག་བསྐུལ་ཏེ་བཀུག་ནས་ཉི་གཟུགས་ལ། །བཅུག་ཅིང་དེང་ནི་གཅིག་ཏུ་གྱུར་པ་ནི། །སླར་ཡང་ཉི་མ་ཉིད་དུ་གྱུར་པ་ལས། །འོད་ཟེར་དམར་པོ་རབ་ཏུ་རྒྱ་ཆེ་བ། །ཤིན་ཏུ་འབར་བ་སྤྲོས་ནས་དེ་རུ་ནི། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཁ་གྱེས་ནག། ་ལྟེ་བར་ཧཱུཾ་བཅས་སྣ་ཚོགས་འོད་འཕྲོ་བ། །དེ་ལས་རྒྱལ་དང་བྱང་ཆུབ་སེམས་དཔའ་སྤྲོས། །སླར་ཡང་དེ་ཡིས་འགྲོ་བ་དྲུག་ལ་གནས། །སེམས་ཅན་བཏུལ་ཏེ་བྱང་ཆུབ་མཆོག་བཀོད་ནས། །བཀུག་སྟེ་ཐམས་ཅད་རྡོ་རྗེ་ལ་རབ་བཞག་།དེ་འོག་རྡོ་རྗེ ་སྔོན་པོ་ཡོངས་གྱུར་ནས། །གཤིན་རྗེ་གཤེད་པོ་ཞལ་གཅིག་ཕྱག་གཉིས་བསམ། །ཕྱག་གཡས་རྡོ་རྗེའི་དབྱིག་པ་འཕྱར་བ་དང། །ཕྱག་གཡོན་སྡིགས་འཛུབ་རྡོ་རྗེ་ཞགས་པ་ཅན། །གཤིན་རྗེའི་མ་ཧེའི་སྟེང་ན་གན ་རྒྱལ་གནས། །གཡས་བརྐྱང་གནོན་པ་ཡིས་ནི་གནོན་པར་མཛད། །མིའུ་ཐུང་ཞལ་ནི་རྣམ་འགྱུར་མཆེ་བ་གཙིགས། །གསུས་ཁྱིམ་ཆེ་ལ་ལྗགས་ནི་རྣམ་པར་བསྐྱོད། །དབུ་སྐྲ་སྨིན་མ་སྨ་ར་དམར་སེར་ནི། །གྱེན་དུ་བརྫེས་ཤིང་སྤྱན ་གཉིས་རྣམ་པར་དམར། །གནག་ཅིང་ཁྲེ་བཅས་གཉེར་མ་དཔྲལ་བར་བསྡུས། །ཕུས་འདེབས་ཀླུ་བརྒྱད་ཀྱིས་ནི་ཡན་ལག་བརྒྱན། །སྟག་པགས་བསྣམས་ཤིང་ཐོད་པའི་རྩེ་བྲན་ཅན། །མགོ་བོའི་འཕྲེང་བའི་ངོ་ཤལ་འཕྱང་མཛད་ཅིང། །དུས ་མཛའ་ཨི་མེ་ལྟར་འཇིག་འོད་རྣམ་པར་འབར། །འཇིགས་པར་བྱེད་པའང་འཇིགས་པ་སྐྱེད་པར་མཛད། །གཏུམ་ཞིང་གཤིན་རྗེ་གཤེད་ཚོགས་སངས་རྒྱས་འཕྲོག?་།འཇིག་རྟེན་ལྷ་མཆོག་ཚོགས་ཀྱིས་ཕྱག་བྱས་ཤིང། །ཧ་ཧར་བཞད་པས་ལྷ་དང ་ལྷ་མིན་ཚོགས། །ཀུན་ནས་ཡོངས་སུ་སྐྲག་པར་མཛད་པའོ། །ས་གསུམ་དག་ན་ཡོད་པའི་བདུད་ཀྱི་ཚོགས། །མ་ལུས་པ་ཡང་རྣམ་པར་འབྱེར་བར་མཛད། །དེ་ལྟར་བསམ་གཏན་ལ་བརྩོན་གནས་པ་སྟེ། །དོགས་པ་མེད་པར་ཉིན་མཚན་སྔགས་བཟློས ་ཤིང། །དེ་ཉིད་སྦྱོར་བས་དུར་ཁྲོད་སོགས་པར་གནས། །དམ་ཚིག་རྣམ་དག་ངེས་པར་འགྲུབ་པར་འགྱུར། །ོཾ་ཧྲཱི(རྒྱུད་འགྲེལ་བསོད་ནམས་གང་ཐོབ་དེས་འཇིག་རྟེན། །གཤིན་རྗེ་གཤེད་མཉམ་འགྲོ་ཀུན་སྡུག་བསྔལ་ནི། །མི་བཟད་ཚོགས་ཐར་བདུད་ཚོགས་མྱུར་ཟད་ཤོག་།གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། *། །གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་བཞུགས་སོ།། །རྒྱ་གར་སྐད་དུ། ཡ་མཱན་ཏ་ཀ་སཱ་དྷ་ན། ་