| Wylie | e-texts based on the ACIP/ALL Input |
འགྱུར་གསར་འབའ་ཞིག་པའོ། །བདུན་འདི་ཨངྒ་ལྷག། །རྒྱ་གར་སྐད་དུ། ཁ་དཱི་ར་ནཱི་ཏྭ་ད་སཱ་བྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་ཁ་དག་པ་ལ་སོགས་པ་བྱའོ།། ་རང་གི་སྙིང་ཁར་ཨཾ་ཡིག་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཏཱཾ་གི་ཡི་གེ་ལས་ཡང་དག་བར་འཕྲོས་པའི་འོད་ཟེར་རྣམས་ཀྱིས་འཇིག་རྟེན་གསུམ་པོ་གང་ཞིང་དེ་རྣམས་སྣང་བར་བྱས་ཏེ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན ་དྲང་བར་བྱས་ནས་ཕྱག་འཚལ་བ་དང། མཆོད་བ་དང། བསྟོད་པས་མཉེས་པར་བྱས་ཤིང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། སྡིག་པ་བཤགས་པ་དང། གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །ཚངས་པའི་གནས་པ་བཞི་ཡང་རིམ་པ་ཇི་བཞིན་དུ་བསྒོམ ་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་གཉེན་གཤིན་པ་ནི་བྱམས་པའོ། །སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས་སྡུག་བསྔལ་ལས་འདོན་པར་འདོད་པ་ནི་སྙིང་རྗེའོ། །སེམས་ཅན་མཛའ་དག་ལ་བདེ་བ་རྒྱས་པ་དང། རབ་ཏུ་བརྟན་པར ་འདོད་པ་དེ་དགའ་བའོ། །ཐམས་ཅད་ལ་སྙོམས་པའི་བཏང་སྙོམས་ཀྱང་བསྒོམ་པར་བྱའོ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཉཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། བཾ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས། པདྨ་དང་ཟླ་བའི་དཀྱིལ་འཁོར་རོ། །དེར་ཏཱཾ ་གི་ཡི་གེ་ལས་སྒྲོལ་མ་བསྒོམ་པར་བྱ་སྟེ། སྐུ་མདོག་ལྗང་ཁུ་ཕྱག་གཉིས་པ། སྐྱིལ་ཀྲུངས་ཕྱེད་པ་ཅན་ནོ། །གཡས་མཆོག་སྦྱིན། གཡོན་ན་ཨུཏཔ་ལ་སྔོན་པོ་འཛིན་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དོན་ཡོད་གྲུབ་པས ་དབུ་བརྒྱན་པའོ། །ཤར་དུ་འཕགས་མ་དུག་སེལ་མ་སྐུ་མདོག་དཀར་བ། ཕྱག་གཉིས་པ་གཡས་ན་སྤྲུལ་དང་གཡོན་ན་ཨུཏཔ་ལའོ། །ལྷོ་ན་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་ནི། སྐུ་མདོག་སེར་མོ། ཕྱག་གཉིས་མ། གཡས་ན་རྡོ་རྗེ། གཡོན་ན་མྱ་ངན ་མེད་པའི་ཡལ་གའོ། །ནུབ་ཏུ་རྨ་བྱ་ཆེན་མོ་སྐུ་མདོག་དམར་མོ། །ཕྱག་གཉིས་མ། གཡས་ན་མཆོག་སྦྱིན། །གཡོན་ན་རྨ་བྱའི་མཇུག་སྤྲོའོ། །བྱང་དུ་རལ་གཅིག་མ། སྐུ་མདོག་ནག་མོ། །ཕྱག་གཉིས་མ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མིའུ་ཐུར ་མ། སྟག་གི་པགས་པའི་ན་བཟའ་ཅན། །གཡས་ཀྱི་ཕྱག་ན་གྲི་གུག་།གཡོན་ན་ཀ་པཱ་ལའོ། །དེ་བཞིན་གཤེགས་པ་བཞིས་བརྒྱན་པ། སྤྱན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང་ཇི་བཞིན་སྦྱོར་བའོ། །རྣལ་འབྱོར་པ་བསམ་གཏན་གྱི་ངལ་ན། ་སྔགས་བཟླས་པར་བྱའོ། །དེ་ལ་འདི་ནི་སྔགས་ཀྱི་རྒྱལ་པོའོ། །ོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།འདི་ཡང་འགྱུར་གསར་ཡིན་ནོ།། །། ་