| Wylie | e-texts based on the ACIP/ALL Input |
བསྟན་བཅོས་རྩོམ་པ་དང་གཙང་བར་བྱེད་པ་ཡང། །ལས་ཐམས་ཅད་འགྲུབ་པར་བྱེད་པ་རྫོགས་སོ།། །།ཙརྦ?་ཌིའི་ཞབས་ཀྱིས་མཛད་པའོ། །དགེ་སློང་རྒྱ་མཚོའི་སྡེས་བསྒྱུར་བའོ།། །། ་(ཞ?་?རིན་པོ་ཆེའི་ཕྲེང་བ་བཞུགས་སོ།།)་།རྒྱ་གར་ཤར་ཕྱོགས་པ་རྣ་ག་རིའི་མཁས་པ་ཆེན་པོ། མཆོག་གྲུབ་པའི་དབང་ཕྱུག་ཤྲཱི་བ་ན་རཏནའི་ཞལ་གྱི་ལུང། ཆེད་དུ་གདམས་པ་ཁ་མཐོར་བ་དང་བཅས་པ་གནས་སྐབས་གང་ཡང་རུང་བ་རྣམས་སུ་ཐོས་པ་ལ། སྲིད་པར་སྐྱེ ་བའི་ཉོན་མོངས་རྙོག་པ་རྣམས། །རབ་ཏུ་བཀྲུས་ལས་མངོན་སུམ་ཆགས་བྲལ་བ། །གནས་བརྟན་ཆེན་པོ་ཆགས་ཀྱི་རིན་ཆེན་ལ། །སྲིད་པ་ཞི་བྱང་སྐྱེ་བོས་གུས་བསྟེན་ཀྱེ། །པཎྜི་ཏ་ཆེན་པོ་ལིའི་ཉི་མས་ཆེད་དུ་བརྗོད་པའོ།། །། ་ཇེ?་དང་པོར་ཐུན་མོང་མ་ཡིན་པའི་བཤེས་གཉེན་བསྟེན་ཚུལ་ལ་གདམས་པ། ཡིད་ནི་དོན་ལ་མངོན་པར་ཞེན་པའི་རྒྱུ་ལས་འཁོར་བའི་འཁོར་ལོ་རྣམ་པར་བཀྲ་བར་བྱེད་པའི་བློ། །གང་ཡིན་དེ་ནི་རྗེ་བོ་གང་གི་དྲིན་ལས་སྤྲོས་པ་མེད་པའི་རང་གིས་ལ ་རབ་ཏུ་འཇུག་།དེ་ཡང་རྟོག་པའི་དྲ་བ་ལས་གྲོལ་ཡང་དག་བདེ་བར་འཆར་བ་སོ་སོ་རང་གིས་རིག་བྱ་བ། །བླ་མ་དམ་པ་དེ་ཡི་ཞབས་ཀྱི་པདྨར་དུལ་བར་བཅས་པའི་མགོ་བོས་རྟག་ཏུ་ཕྱག་བགྱིའོ། །ཀླུ་གྲུབ་ཞབས་ལ་ཤ་བར་དབང་ཕྱུག་གིས་སོ། །འདི་ནས་མི ་རྟག་པ་ཉིད་ཀྱིས་ངེས་པར་འབྱུང་བའི་གནས་ལ་གདམས་པའི་ཕྱིར། བསད་བྱའི་སྐྱེས་བུ་མེ་ཏོག་ཐོད་ཅན་རོལ་མོ་དང་ལྡན་སྐྱེ་བོ་མང་པོས་ཡོངས་བསྐོར་བ། །གསོད་པའི་གནས་སུ་འགྲོ་བཞིན་པ་ནི་གོམ་པར་རེས་ཉམས་དར་ལྷུང་བ་ཇི་ལྟ་བར། །ལོངས་སྤྱོད་གནས ་བཅས་རྣམས་ཀྱེ་འདི་ལྟར་ཉིན་རེ་ཉིན་རེས་འཆི་བ་ལ་ནི་ངེས་བརྟུན་ཏེ། །མངོན་པར་ཆས་པ་ཁྱེད་རྣམས་ལོངས་སྤྱོད་དག་གིས་ཡིད་ལ་ཁེངས་པ་འབྱུང་བར་འགྱུར་བ་ཅི། །པཎྜི་ཏ་བྷརྠ་ཧ་རིའི་གཞུང་ལས་སོ། །3་མ་བརྟགས་པའི་བསོད་ཉམས་ཀྱི་ཆགས་བདག་ལས ་ཁྱད་པར་ཡིད་འབྱུང་བར་བྱ་བ་ལ་གདམས་པ། མི་རྣམས་ཆེ་ཚང་ལོ་བརྒྱ་ཉིད་ནའང་མཚན་མོ་རྣམས་ཀྱིས་དེའི་ཕྱེད་སོད། །དེའི་ཕྱེད་ནི་བྱིས་པ་ཉིད་དེ་གཞན་ཕྱེད་རྒན་པོ་ཉིད་ཀྱིས་འདས། །ལྷག་མ་ཕྲད་དང་འབྲལ་བའི་སྡུག་བསྔལ་ནད་བཅས་རེ་བ་འབྲས ་བུ་མེད། །སྲོག་ནི་ཆུ་ཡི་བརླབས་ལྟར་གཡོན་མི་རྣམས་ཅི་ཕྱིར་ཤིན་ཏུ་བདེ། །འཕྲོག་བྱེད་དོན་འཛིན་གྱི་གཞུང་ལས་སོ། །4་དེ་ལྟར་ཤེས་པ་ལས་བདེ་བར་གཤེགས་པའི་བསྟན་པ་བདུད་རྩི་ལྟ་བུ་ལ་བརྟེན་པར་གདམས་པ། ཇི་ལྟར་སུ་ཡང་རུང་བའི་སྐྱེས ་བུ་མར་དོན་གཉེར་བ་ཡིས། །ཆུ་ནི་མངོན་པར་བསྲུབས་ཀྱང་མར་རྙེད་འགྱུར་བ་མ་ཡིན་པ། །དེ་བཞིན་བདེ་བར་གཤེགས་པའི་མི་འདི་ལ་ཡང་མི་བརྟེན་པའི། །མི་ཡིས་རྣམ་པར་གྲོལ་བརྙེད་པར་འགྱུར་བ་མ་ཡིན་ཉིད། །ཁོ་བོ་ན་ལ་སྒྲིངས་པ་ཞལ་ལས་སོ་པ་ཐུན ་མོང་མ་ཡིན་པའི་ཕྱི་ནང་གི་ཁྱད་པར་བསྟན་པ་ལས་རྣམ་པར་གྲོལ་བའི་བསྟན་པའི་སྙིང་པོ་ལ་གདམས་པ། སངས་རྒྱས་པ་དང་མུ་སྟེགས་ཀུན་ནས་མཚུངས་ཉམ་དུ། །རྣམ་དབྱེ་བྱེད་པོ་མེད་ལས་གལ་ཏེ་འདིར་དབྱེ་བ། །ཆེན་པོའི་བློ་དང་ལྡན་པས་ཞིབ་མོར ་མཐོང་བ་གང། །མཐར་ཐུག་པ་ནི་སྟོང་ཉིད་གཅིག་པུར་གསུངས་པའོ། །ལ་བ་པའི་སྣང་བའི་ཕྲེང་བ་ལས་སོ། །6་དེ་ལྟ་བས་ན་གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ཡི་སྐྱེ་བ་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར ་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་པའོ། །ཞེས་པ་མདོ་ལས་སོ། །7་སྟོང་བ་ཉིད་དེ་ཡང་ནམ་མཁའ་ཨི་མེ་ཏོག་དང་མོ་ཤམ་གྱི་བུ་ལྟ་བུ་གཏན་མེད་པའི་མཚན་ཉིད་ཅན་གྱི་དགག་པ་ནི་མ་ཡིན་ནོ་ཞེས་གདམས་པ། ངོ་བོ་ཉིད་ཀྱིས་དངོས་སྐྱེ་མེད། །མཁའ་ཨི ་མེ་ཏོག་བཞིན་མ་སྐྱེས་མིན། །སྐྱེ་བ་མེད་པའི་རང་བཞིན་གྱིས། །སྐྱེ་བ་སྟོང་པར་བཞེད་པ་ཡིན། །ལ་བའི་ན་བཟའ་ཅན་གྱིས་སོ། །8་དེའི་ཕྱིར། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང། །ངེས་པར་མེད་ན་མོ་ཤམ་ཁུ་ཇི་བཞིན། །ཐ་སྙད་དུ་ཡང་མེད་པ་ཉིད་འགྱུར་ཏེ།། ་རང་བཞིན་ཉིད་ཡོད་འདི་ལས་དེ་རྣམས་ཡོད། །དཔལ་ལྡན་ཟླ་བའིའོ། །4?་ཡོད་པ་དེ་ཡང་མེད་པའི་ཟླས་དྲངས་པར་ནི་མ་ཡིན་ནོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གྱི་ཚུལ་ལ་གདམས་པ། སྐྱེ་མེད་ཉིད་ཕྱིར་རང་བཞིན་མེད། །འགག་པ་མེད་ལས ་རྟེན་འབྱུང་བ། །ཡོད་དང་མེད་པའི་ཉམ་འདི་ལས། །ཟུང་འཇུག་ཉིད་དུ་སྐྱེ་བར་འགྱུར། ། དྭ་ཡ་བཛྲ་གྱིའོ། །10་མཚན་ཉིད་དེ་དག་དང་ལྡན་པའི་མཚན་བཞི་ནི་སེམས་ཀྱི་རང་བཞིན་གྱི་ཚུལ་ལས་གཞན་མ་ཡིན་ནོ་ཞེས་གདམས་པ། སྐྱེ་བ་ཀུན་རྟོག་གིས་སྟོང ་རྟེན་འབྱུང་བ། །སྟོང་པའི་རང་བཞིན་གྱིས་ན་དངོས་པོར་མེད། །ཆད་མན?་བཀྲ་པ་སེམས་ཀྱི་ངོ་བོར་གཅིག་།གཟུགས་སོགས་རྒྱལ་བ་ལྔ་རྣམས་རྒྱལ་གྱུར་ཅིག་།མཻ་ཏྲཱིའི་ཞབས་ཀྱིའོ། །11་དེ་ཉིད་ནི་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོ་བརྗོད་པ་དང་བྲལ་བའི་དེ་ཁོ ་ན་ཉིད་མཐུན་དྲུག་པ་སྟེ། བླ་མས་བརྗོད་པ་དེ་ཡང་མ་ཡིན་ཞིང། །དེ་ནི་སློབ་མས་གོ་བའམ་ཐོབ་པ་མེད། །ལྷན་ཅིག་སྐྱེ་པའི་བདེ་བ་བདུད་རྩི་དེ། །སུ་ལ་སུ་ཞིག་གིས་ནི་བརྗོད་པར་བྱེད། །ས་ར་ཏའི་ཞབས་ཀྱི་གླུའོ། །12་འདི་ཉིད་བརྟན་གཡོའི་ཁྱབ་བདག་རྒྱུའི ་རྡོ་རྗེ་འཛིན་པའོ་ཞེས་ཁྱད་པར་གྱི་གནས་ལ་གདམས་པ། གང་ཞིག་རི་དང་རྒྱ་མཚོ་ཆེན་པོ་བརྒྱད། །གླིང་དང་དམྱལ་སོགས་དབྱེ་བ་ཐམས་ཅད་དང། །བརྟན་པ་དང་ནི་གཡོ་བ་ཐམས་ཅད་གང། །དེ་དེ་གཞན་མིན་རྡོ་རྗེ་འཛིན་རང་ཉིད། །ཀླུ་གྲུབ་ཀྱི་ཞལ ་སྔ་ནས་སོ། །13་འོ་ན་དོན་གཞན་དུ་སྣང་བ་ཅི་ཞེ་ན། གསུངས་པ། སྟོང་ཉིད་བག་ཆགས་ཀྱིས་བསྒོས་ན། །སྟོང་པ་ཉིད་ནི་དངོས་པོར་འགྱུར། །རླུང་གིས་དཀྲུགས་ལས་བརྟན་པོར་ནི། །གྱུར་པས་ཆུ་ཉིད་ཆབ་གྲོམ་མོ། །ནཱ་ག་བོ་དྷིའོ། །14་དེ་ལྟ་མོད་ཀྱི་རང་བཞིན ་གཞན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་ལམ་གྱི་ཤེས་པ་ཡེ་ཤེས་ཀྱི་ཕྱོགས་ཉིད་ལ་དཔེས་གདམས་པ། ཇི་ལྟར་བྱིས་པས་འདི་ལ་དཀར་པོ་ཉིད། །འོད་སྙམ་སོལ་བ་བླངས་ནས་བརྡར་བ་ཡི། །ཟད་པར་སོང་མོད་དཀར་པོར་མི་འགྱུར་བ། ་བྱིས་བློ་བརྫུན་པའི་མངོན་རློམ་དེ་བཞིན་ནོ། །ཨཱ་རྱ་ཀླུའི་ཞབས་ཀྱིའོ། །15་དེའི་ཕྱིར་རང་བཞིན་ཁོ་ན་ལམ་གྱི་སྙིང་པོར་བྱ་བ་སྟེ། །བྱང་ཆུབ་ཉོན་མོངས་ལས་གཞན་མིན། །བྱང་ཆུབ་ཉོན་མོངས་ལས་མ་བྱུང། །ཉོན་མོངས་རང་བཞིན་ཉིད་ལས ་ནི། །ཁྱོད་ཀྱིས་བདུད་རྩི་བརྙེས་པ་ལགས། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོ། །16་རང་བཞིན་ལས་གཞན་དུ་ཉམ་འགྱུར་ནི་མེད་བཞིན་དུ་སྣང་བ་བརྫུན་པ་ཁོ་ན་སྟེ། ཨེ་མའོ་བདེན་པའི་དོན་ནི་ཚོགས་རྟོགས་ཀྱང་འཁྲུལ་པའི་བློ་དག་ལ། །མཉམ་དང་མི་མཉམ ་མཐོ་སྨའི་འགྲོ་བ་སྣ་ཚོགས་བཀྲ་བ་རྣམ་བཀོད་པ། །སྲིད་པ་གསུམ་གྱིས་བསྡུས་པའི་ཕྱིར། ཀུན་དུ་རྟོག་པ་བརྫུན་པ་ཡིས། །ཐོག་མ་མེད་པའི་འཁོར་བར་སྙིང་གི་ནམ་མཁའ་ཨི་ཁོངས་སུ་བྲིས་པ་བཞིན། །ལ་བ་པའི་ཞབས་ཀྱིས་སོ། །17་དེ་ཉིད་ཀྱིས་ན་རང་བཞིན ་བདེ་བ་ཆེན་པོ་སོ་སོ་རང་གིས་རིག་པའི་ངོ་བོ་ཉིད་དུ་མངོན་དུ་བྱ་བའི་རྣམ་པར་མི་རྟོག་པའི་སྒོ་ཐུན་མོང་མ་ཡིན་པ་ལ་གདམས་པ། བདག་པོ་ཉོན་མོངས་པ་ས་བོན་གྱིས་མཐོ་དབང་པོའི་སྟོབས་དང་དེ་རྣམས་ཉིད་ཀྱིས་སྩོལ་ལྡན་པར། །ཡིད་ནི་རབ ་ཏུ་འཇུག་པ་ལྔ་པོ་རྣམས་ཀྱིས་སྐད་ཅིག་ཡུལ་འདི་རྣམས་ཏེ་དེ་ཉིད་ནི། །ཕྱག་འོས་བླ་མ་དམ་པའི་ཞབས་ཀྱི་ཆུ་སྐྱེས་རྡུལ་ལ་རང་ཉིད་རེག་པའི་དབང་གང་ལས་བདག་གི་སྙིང་པོ་ཞེས་བྱ་དེ་ཁོ་ན་ཉིད་བདུད་རྩིར་སོན་པར་གྱུར་པ་ཨ་ལ་ལ། །དཽ་ཌཾ ་སྲ་བནདྷ་ལས་སོ། །18་དེ་ལས་ཇི་ལྟར་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་གནས་ལ་སོན་པ་གསལ་བར་འདོམས་པ། བདེན་དང་ཀུན་དུ་བརྫུན་མིན་དེ་དག་སྐྱེ་དང་འཇིག་པ་འང་མ་ཡིན་པ། །རང་བཞིན་སྤྲོས་མེད་དབུ་མའི་བློ་ནི་ཀུན་དུ་ཐམས་ཅད་བྱེད་པོ་མཆོག་།བརྟན ་གཡོའི་འགྲོ་བའི་དེ་ཁོ་ན་ཞེས་རྒྱལ་བ་སྟོན་པ་ཉིད་ཀྱིས་ཏེ། །དེ་ནི་བདེ་བའི་རྡོ་རྗེར་གྱུར་ལ་སོ་སོ་རང་རིག་ལྷ་མོ་རྒྱལ། །རི་ཁྲོད་ཞབས་ཀྱིའོ། །19་བདེ་བ་དེ་རང་གིས་རིག་ན་རང་ལ་བྱ་བྱེད་སྲིད་པར་ཐལ་ཆེས་པ་ཉིད་དུ་དོགས་པ་ལ། །གསུངས་པ། བདེ་དེ་གང ་གིས་ཤེས་སྙམ་ན། །ཡིད་ཀྱི་རིག་པར་བྱེད་མོད་ཀྱང། །རང་བཞིན་མེད་ཕྱིར་རིག་བྱ་དང། །རིག་བྱེད་གྱུར་བའི་སྐྱོན་མེད་དོ། །འཕགས་པ་ཀླུ་གྲུབ་ཞབས་ཀྱིས་སོ། །20་སོ་སོ་རང་རིག་གིས་རིག་བྱའི་ལྷ་མོའི་ངེས་པ་གསུངས་པ། བདག་ཉིད་མེད་ཕྱིར་ངེས་པར་ཆོས་ཀྱི ་དབྱིངས། །རྣམ་པར་དག་པས་རོ་དག་ཉལ་བའི་གནས། །ཤིན་ཏུ་རྣམ་དག་ཆོས་དབྱིངས་རང་བཞིན་གྱིས། །དེར་ནི་བཞེངས་འདི་འགྲོ་བ་གཅིག་པའི་སྐུ། །བརྩོན་གྲུས་དཔལ་བཤེས་གཉེན་གྱིས་སོ། །21་དེ་ཉིད་ཀྱིས་ན་རང་བྱིན་གྱིས་བརླབ་པའི་གནས་ལ་ ་གདམས་པ། མ་འཁྲུལ་པ་ཡི་དེ་ཉིད་ཐོབ། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་དྲན། །ཧཱུཾ་ཕཊ་ཡི་གེ་ལས་གྲོལ་བ། །སེམས་དཔའ་ཨི་གཟུགས་བརྙན་ཞི་བ་མཆོག་།ཛཱ་ལནདྷ་རི་བའི་འོ། །22་དེའི་ངེས་པ་ཁོ་ནར་རྒྱུ་འབྲས་ཀྱི་ཙཎྚ་ལཱི་དང་ལྷན་ཅིག་སྐྱེས་པ ་གཉིས་ཀྱི་ངེས་པ་ལ་གདམས་པ། གཏུམ་མོའི་འོད་ཀྱི་རོལ་པས་རང་གི་གནས་ལས་གཡོ་བའང་རང་འབྱུང་བ་དེ་བ་ཆེར། །ཐིམ་ལས་རྒྱ་ཆེར་ཁྱབ་ཅིང་གསལ་བཞིན་ས་ལ་རང་ཉིད་རྟོགས་པ་ཤར་བ་གང། །ཆུ་སྐྱེས་རྩེ་མོར་སོན་པའང་འཕེལ་བ་གང་གིས ་མྱང་འདས་གོ་འཕང་ཐོབ་པ་ཡང། །རི་གཉིས་དག་ལ་ཤར་བའི་ལྷན་ཅིག་སྐྱེས་དགའ་ཨི་སྐད་ཅིག་མ་སྟེ་བདག་འདུད་དོ། །པཱིརྱ་ཤྲཱི་མི་ཏྲའིའོ། །23་དེའི་ཕྱིར་མངོན་པར་གསལ་བའི་རྒྱུས་འབྲས་བུ་ལ་ཇི་ལྟར་འཚམས་སྦྱོར་བའི་ངེས་པ་གསུངས་པ། ཀུན་དུ་ཕྱག་རྒྱ ་གཅིག་སྦྱོར་དང། །ཕྱག་རྒྱ་བཞི་ལ་སྦྱོར་བ་འམ། །བཙུན་མོའི་གྲོང་དུ་འཇུག་པའང་རུང། །སྒྱུ་མའི་ལུས་ནི་རྗེས་དྲན་བྱ། །ཨཱརྱ་དེ་བའིའོ། །24་དེ་ཇི་ལྟར་རྗེས་སུ་ངན་པར་བྱ་བའི་བཙན་ཐབས་ཀྱི་སྦྱོར་བ་ལ་གདམས་པ། ཤེས་རང་ཀྱི་ནི་ཀཀྐོ་ལར། །ཐབས་ཀྱི་བོལླ ་རབ་བཞག་ནས། །ཡང་ཡང་བསྒྲུབས་གྱུར་སྒྲ་སྒྲོགས་པར། །དེར་ནི་སྙིང་རྗེ་ཅིས་མི་སྐྱེ། །25་སྐབས་དེར་ཤ་ནི་བཟའ་བྱ་ཞིང། །རྒྱུན་དུ་ཆང་ཡང་བཏུང་བར་བྱ། །ཀྱེ། སྐལ་ལྡན་ཕྱི་རོལ་མི་བཏང་བར། །དེ་དུ་སྐལ་མེད་སྤང་བར་བྱ། །26་བཞི་མཉམ་གླ་རྩི་སི་ཧཱ། ། ་ཨེ་མའོ་ག་པུར་དང་ལི་ཤི་།མ་ལ་ཡ་སྐྱེས་བུད་ཤིང་གིས། །སཱ་ལི་ཇི་ཙམ་འདོད་དེར་བཟའ་། །27་ཡོངས་བརྟགས་དུམ་བུ་གཅིག་ཉིད་བྱ། །དག་དང་མ་དག་ཡིད་མི་བྱ། །མི་རུས་ཕྱག་རྒྱ་ལུས་ལ་གདགས། །དེར་སྐྱེས་མངའ་ནི་ཕྱི་རོལ་བཏང། །28་མ་ལ ་ཡ་སྐྱེས་འཁྲིག་སྦྱོར་བས། །འཇུག་བྱ་རིག་ངན་དེར་མི་སྡད། །རྡོ་རྗེ་གླུའི་སྦྱོར་པ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོར་རོ། །དེ་ཉིད་ཀྱི་རྩ་བའི་ངེས་པ་མཐར་ཐུག་པ་ལ་གདམས་པ། ཆགས་པའི་མཐར་ནི་ཆགས་བྲལ་དང་པོ་འཇུག་པའི་དུས་སུ་འཇུག་པ་ཡི་ནི་ཡིད་གང་ཞིག་། ་ཟླ་བའི་རང་བཞིན་གནས་པ་ན་ནི་གཞན་ལ་རབ་ཏུ་འཇུག་སྟེ་རླུང་གི་རྒྱུ་བ་འགག་།དེའི་དུས་སུ་བདེ་བ་གང་ཞིག་འབྱུང་བ་གཞན་མིན་མངོན་སུམ་པ་ཡི་གེ་འཕང་མཆོག་།དེ་ནི་གང་གིས་རྟག་པར་ཡང་ཡང་ཉམས་སུ་མྱོང་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྱུར། །ད་ཌ ་པྲ?་བནདྷ་ལས་སོ། །29་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་གསུངས་པ། འདི་ལྟར་འོད་གསལ་བའི་སེམས་ལས། སེམས་ཅན་དོན་དུ་རྫོགས་ལོངས་སྤྱོད། །སྤྲུལ་པའི་སྐུ་དག་སྨོན་ལམ་དང། །རྟེན་ཅིང་འབྲེལ་པ་འབྱུང་ལས་འཇུག་པ། དེ་རྣམས་ཀྱང་ནི་དེ ་དག་གི་།རང་བཞིན་ལས་གཞན་མ་ཡིན་ནོ། །ཟུང་འཇུག་གསལ་བ་ལས་སོ། །30་དེའི་ཕྱིར་སེམས་ཅན་སྒྲོལ་བའི་ཁུར་ཁྱེར་བའི་ལྷག་པའི་བསམས་པ་ཅན་བདག་ལེགས་སུ་འདོད་པ་དག་གིས་གནས་འདི་ཁོ་ན་ལ་ཡིད་གཅིག་ཏུ་བྱ་བར ་གདམས་པ། གང་དཱུང་མཆོག་གི་གོ་འཕང་ལ། །ཡིད་གཅིག་པ་ཡིས་བསམ་བྱས་ན། །དེ་ལས་དངོས་གྲུབ་རྙེད་འགྱུར་ཏེ། བྱ་མང་བརྩོམ་ལ་འབྲས་བུ་ཅི། །ཞལ་བྱུང་ངོ། །31་དེ་ལྟ་བས་ན་འཆི་བ་མེད་པ་ཉིད་ཀྱི་གནས་ལ་ཡང་ངོ་ཞེས་གདམས ་པའི་ཕྱིར། སེམས་ཀྱང་སྟོང་པ་ཉིད་དུ་གསུངས། །ཕྱག་རྒྱ་ཆེན་པོའི་བདག་ཉིད་གསུངས། །དེ་ཡང་རྟག་ཏུ་སྒོམ་པ་ལས། །འཆི་བ་བསླུ་བར་འགྱུར་བ་ཉིད། །བི་རུ་པཀྵའི་འོ། །32་དེ་ལྟར་ཤེས་ནས་སྒྲུབ་པ་ཁོ་ན་སྙིང་པོར་བྱ་བའི་ཕྱིར་ནགས་སུ་གནས་པའི ་གནས་སྐབས་ཀྱི་ཕན་ཡོན་ལ་གདམས་པ། མི་རྣམས་ཁ་ནས་གྱ་གྱུར་སྨྲ་བ་མི་ཐོས་ཤིང། །དམན་པ་རྣམས་ཀྱི་ཁེངས་པ་མཐོང་བ་མིན་པ་དང། །གཉེན་གྱི་སྐྱེ་བོའི་མྱ་ངན་མཐོང་བ་མ་ཡིན་པས། །ནགས་སུ་གནས་ན་མི་རྣམས་ཤིན་དུ་ལེགས་པ་ཉིད། ་ཞལ་བྱུང་ཉིད་དོ། །33་ཆགས་སྡང་གི་རྐྱེན་སྤངས་པ་ལ་སོགས་པས་ཆགས་བྲལ་གྱི་ངེས་པ་ལ་གནས་པ་ཉིད་ཀྱང་ཆགས་པ་ཆེན་པོའི་ངེས་པ་ལ་མི་སྟོན་ན་སླར་ཞིང་སྲེད་པ་རྟེས་པའི་རྒྱུའོ་ཞེས་བྱ་བའི་ཚུལ་གྱིས་སྲེད་ལས་ངེས་པར་འབྱུང་བ་ལ ་ཁྱད་པར་དུ་གདམས་པ། བགྲོད་དཀའ་ཨི་ཡུལ་ནི་མང་པོར་འཁྱམས་ནས་བདག་གིས་ཅུང་ཟད་ཀྱང་ནི་མ་རྙེད་པར། །ཚུལ་ཁྲིམས་རིགས་ཀྱི་ང་རྒྱལ་དོང་ནས་ཕྱུག་པོ་བསྟེན་པར་བྱས་ཀྱང་འབྲས་བུ་མེད། །གུས་པ་སྤངས་པའི་གཞན་གྱི་ཁྱིམ་དུ་བྱ་རོག་ལྟ ་བུར་དོགས་དང་བཅས་ཤིང་ཟོས། །ད་དུང་ཚིམ་པར་མ་གྱུར་སྡིག་པའི་ལས་ལ་དགའ་བའི་དགྲ་པོ་སྲེད་པ་ཀྱེ། །བྷརྠ་ཏ་རའི། །34་ཁྱད་པར་གྱི་སྲེད་པ་ལས་ངེས་པར་འབྱུང་བ་ལ་འདིར་ཉིས་དམིགས་ཀྱི་སྒོ་ནས་བླ་ལྷག་ཏུ་གདམས་པ། གཅིག ་མཐོང་བ་ནས་བརྒྱ་མཐོང་ཞིང། །བརྒྱ་ཕྲག་ལྔ་དག་མཐོང་ནས་ནི། །ཤིན་ཏུ་སྲེད་པའི་སྐྱེས་བུ་ཡི། །མགོ་བོ་ལ་ནི་འཁོར་ལོ་འཁོར། །འཛམ་མོའི་བུའི་རྟོགས་པ་བརྗོད་པ་ལས་སོ། །35་དེ་ལྟ་བུའི་བསྒྲོད་པ་གཅིག་པའི་ལམ་གྱི་གཙོ་བོའི་སྣོད་ཀྱི་ཁྱད་པ་ལ་གདམས ་པ། །གང་ཡང་དགེ་སློང་དངོས་གནས་དང། །མི་གང་རྟོག་གེ་ལ་དགའ་དང། །གང་ཞིག་རྒན་པོའི་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཤ་རཱ་སྱཱ་ཡཾ། 36་དེ་ལྟར་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་མཐར་ཐུག་པའི་སྙིང་པོ་བརྙེད་ནས ་རྒྱལ་བའི་བསྟན་པའི་སྙིང་པོ་ལ་སྟོན་པ་ཉིད་ཀྱིས་ཡོན་ཏན་ཤེས་པས་དེ་ཁོ་ནའི་ཚད་དུ་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་སྦྱོར་བ་གཅིག་པའི་ལྷག་པའི་བསམ་པ་བླ་ན་མེད་པ་ལ་གདམས་པར་བཞེད་པས་དེ་ཡུན་དུ་གནས་པ་ལས་བརྩམས ་པའི་མཆོག་ཏུ་ཤིས་པ་བརྗོད་པ། །སྡུག་བསྔལ་ནད་ཆེན་ལྡན་པའི་སྲིད་པ་རྣམས་ཀྱི་གྲུབ་པའི་སྨན། །བསོད་ནམས་ཀྱི་ནི་བདག་ཉིད་རྣམས་ལ་རྣ་བའི་བཅུད་ལེན་མཆོག་།ཀུན་དུ་ཡིད་ཀྱི་དྲི་མ་འཁྲུད་པར་བྱེད་པའི་ཆུ་གཅིག་པུ། །ཟས་གཙང ་སྲས་པོའི་གསུང་རབ་རྣམས་ནི་ཡུན་དུ་རྒྱལ་གྱུར་ཅིག་།སློབ་དཔོན་ཆེན་པོ་དཔའ་བོའི་འོ། །37་འཛམ་བུའི་གླིང་གི་མཁས་པ་མཛའ་དག་གིས་ཐིག་ལེ་མཚན་བརྗོད་པར་དཀའ་བའི་གྲུབ་པའི་དབང་ཕྱུག་ཤཱི་བ་ན་རཏནའི་ཞལ་སྔ་ནས། མདོ་སྔགས་ཀྱི ་བསྟན་པའི་སྙིང་པོ་ལས་དོ་གལ་དུ་ཡི་དམ་དུ་བྱ་བའི་གནད་ཆེ་ལོངས་ལ་གདམས་པའི་གཞུང་ཞལ་ལས་འབྱུང་བའི་ཤས་འགའ་ཞིག་ཟིན་པ་རྣམས། །པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དགེ་སློང་རྣལ་འབྱོར་སྤྱོད་པ་རྒྱ་མཚོའི་སྡེ་ཞེས་བྱ ་བས་བརྒྱུད་པར་འཕངས་པ་ཁོ་ནའི་ལྷག་པའི་བསམ་པས་བཞེད་པ་ཇི་ལྟ་བར་བསྒྱུར་ཞིང། རིན་པོ་ཆེའི་སྙིང་པོ་དམ་པའི་ཕྲེང་བ་ལྟ་བུར་བསྒྲིགས་ཏེ་ཡི་གེར་སྤེལ་བར་ཤིག་གོ། །། *། (། །སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་བཞུགས་སོ།། །།) ་