| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཨརྱ་དེ་བི་ཏ་ར་སྟོང་ཏྲ། བོད་སྐད་དུ། འཕགས་མ་ལྷ་མོ་ལྷ་མོ་སྒྲོལ་མའི་བསྟོད་པ། །ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བཟློག་དགའ་སྲིད་པའི་མུན་པ་ནི། །འཇོམས་མཛད་ཉི་མའི་འོང་དང་མཚུངས། །ཐུགས ་རྗེས་བརླན་པའི་ཐུགས་མངའ་བ། །སྒྲོལ་མ་ལ་ནི་རྟག་ཏུ་འདུད། །ཤིན་ཏུ་རྣོ་བའི་སེམས་ཅན་གྱི། །གླང་པོ་ཆེ་རྣམས་གསོད་བྱེད་པའི། །ལྷ་མོས་སེང་གེ་འཁྲོས་པ་རྣམས། །མཐོང་བ་ལ་ནི་འཇིགས་ཤིང་འབྲོས། །མཆེ་བ་མདུད ་རྩེ་རྩེ་མོ་ཡིས། །བྲག་འཇོམས་ཤིང་དྲུང་རྩ་བ་འདོན། །ཁྱོད་ཀྱི་སྔགས་འདི་བཟླས་པ་ལས། །འཇིགས་ཤིང་གླང་པོ་འབྲོས་པར་འགྱུར། །ཕྱོགས་དང་ནམ་མཁའ་མ་ལུས་པ། །འདུལ་པས་ཁྱབ་ཅིང་བཟོད་པར་དཀའ་། །འབར་བ་ཡིས་ནི ་ཁྱི་ཚིག་ལ། །ཁྱོད་བསྟོད་ཆར་པ་མེ་ཞི་འགྱུར། །མ་ལུས་གདེངས་ཀ་ལས་བྱུང་བ། །ཕུང་སྒྲ་སྒྲོགས་ཤིང་དུག་མ་ཅན། །སྤྲུལ་ནི་ལྷ་མོ་ཁྱོད་བསྟོད་པས། །ནམ་མཁའ་ལྡིང་གི་བྱིན་དུ་འཇིགས། །རལ་གྲིས་གཅོད་པ་གྲོལ་ལ་རྣམས། །ཁྲག་གི ་ཡན་ལག་བསྐས་པ་སྟེ། །ཁྱོད་ཀྱི་མཚན་ཙམ་ཐོས་པ་ཡིས། །ཚོམ་རྐུན་ནུས་པ་མེད་པར་འགྱུར། །རྒྱལ་པོ་འཁྲོས་པའི་བྲན་རྣམས་ཀྱིས། །སྐྲ་ནས་བཟུང་ཞིང་ཞགས་པས་བཅིངས། །བརྩོན་ར་སྤངས་ཏེ་ལྷ་མོ་ཀྱེ། །ཁྱོད་ལ་བསྟོད ་བྱེད་འཇིགས་མེད་འགྱུར། །དཔའ་རླབས་ཚོགས་ཀྱིས་ཕྱོགས་བཅུ་དང། །ནམ་མཁའ་ཡང་ནི་ཁྱབ་བྱེད་པ། །གྲུ་ལོག་ནས་ནི་རྒྱ་མཚོ་ནས། །ཁྱོད་ཀྱི་འཕངས་ནི་ཕ་རོལ་ཕྱིན། །ཁྲག་དང་གླང་པ་འདམ་གྱིས་བྱུགས། །དེ་དག་བཟའ་བ་ ་ལ་ཆགས་པ། །ལྷ་མོ་ཁྱོད་ཀྱི་སྔགས་བཟླས་པས། །ཤ་ཟ་དེ་དག་འཇིགས་པར་འགྱུར། །ཡན་ལག་ཆང་ཅིང་ཕྲེང་བའི། །ཁྲག་དང་སྣག་ནི་སྣ་ནས་འཛག་།ཁྱོད་ལ་འདུས་པ་ཙམ་གྱིས་ནི། །མཛེ ་གོ་འདོད་ཁམས་ལྔ་འདྲར་འགྱུར། །བཀྲེས་སྐོམ་ག་ཡིས་གདུང་གཅེར་བུ་དང། །སློང་བ་ཡི་དག་དང་འདྲ་བ། །ཁྱོད་ལ་བཏུད་པ་ཙམ་གྱིས་ནི། །འཁོར་ལོ་བསྒྱུར་བའི་རྒྱལ་པོར་འགྱུར། །འཇིགས་པ་ཆེན་པོ་འཇིགས་བྱེད་པ། ། ་དེ་ལྟར་དག་པ་ཁྱོད་བསྟོང་པས་།དགེ་བ་གང་བསགས་དེ་ཡིས་ནི། །འཇིག་རྟེན་བདེ་བ་ཐོབ་པར་ཤོག་།ལྷ་མོ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་བ་རྫོགས་སོ།། །།སློབ་དཔོན་གྱིས་སྒྲོལ་མའི་ཤིང་སྐུ་དེ ་ལ་བསྟོད་པས་ཕྱག་འཇུག་ཀེ་རེ་མཛད་སྐད། །དེ་ལྟར་མཛད་པ་ཅི་ལགས་ཞུས་པས། །ཁྱོད་ཀྱི་བསྟོད་པ་དེ་སྙན་གསུངས་ཏེ་སྒྲོལ་མ་འཛུབ་ཀེར་དུ་གྲགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏ་ར་སྟོང་ཏྲ་པྲ་ནི་དྷ་ན་ན་མ། ་