CLOSE WINDOW

N3590: dpal rdo rje 'jigs byed kyi rgyud kyi 'grel pa man ngag dang ldan pa'i rgyan zhes bya ba
Wyliee-texts based on the ACIP/ALL Input

གྲགས་ཀྱིས་བསྒྱུར་བའོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་རྟོག་པ་བདུན་པའི་འགྲེལ་པ་སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ་བཞུགས།། *། །རྒྱ་གར་སྐད་དུ། ཤྲི་བཛྲ་བྷཻ་ར་བ་ཏན་ཏྲ་བྲི་ཏི་ཨ་ལཾ་ཀ་ར་ཨུ་པ་དྷེ་ཤ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་མན་ངག་དང་ལྡན་པའི་རྒྱན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྟང་ཟིལ་ལྟ་བུའི་སྐུ་འཆང་ཞིང། །ཉི་མ་འབུམ་དང་འདྲ་བའི་འོད། །སྣ་ཚོགསྨཚོན་ཐོགས་སེམས ་ཅན་མནན། ཞལ་དགུ་མ་ཧེའི་གདོང་ལ་འདུང། །རྟོག་པའི་ཚིག་དོན་མན་ངག་ལ། །རྒྱུད་ཆེན་དམ་པའི་རྒྱན་གསལ་བ། །དམན་པ་རྣམས་ལ་ཕན་པའི་ཕྱིར། །དམ་པའི་དྲིན་གྱིས་བཤད་པར་བྱ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདི་སྐད་ཅེས་བྱ་བ ་ལ་སོགས་པའི་གླེང་གཞི་ཅིའི་ཕྱིར་མ་གསུངས་ཞེས་ན། མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་དེ་རྒྱུན་ཏུ་གནས་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ན་ནི། དེ་ལྟར་ན་མ་འོངས་པའི་དུས་ན་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པའི་གླེང ་གཞི་རིགས་ཏེ། དེ་བས་ན་གཞན་དུ་བསྡུད་པའོ། །ཞེས་བྱ་བ་ནི། སྟོན་པས་སེམས་ཅན་རྣམས་གཞུག་པའི་དོན་དུ་འདི་སྐད་ཅེས་བྱ་བ་ལ་སོགས་བསྡུས་ནས་བསྟན་པ་ཡིན་ཏེ། དེ་ཡང་གཞུང་ལས། སྡུད་པ་པོ་ང་ཆོས་ཀྱང་ང། །འཁོར་གྱི་ཚོགས་ལྡན་ཉན་པའང་ང། ། ་ཞེས་གསུངས་པའི་ཕྱིར་རོ་ཞེས་པ་ལ་འདོད་དོ། །འདི་ནི་གཞན་ལས་དྲངས་པ་དང། ལེའུ་གཞན་གྱི་རྗེས་སུ་བསྟན་པས། འདིར་གླེང་གཞི་ནི། འཇིགས་བྱེད་ཀྱི་འཁོར་ལོའི་རྒྱུད་འབུམ་པར་གསུངས་པ་ལ་ལྟོས་ལ། འདི་ནི་བར་མེད་པ་དང། དེའི་ཕྱི་མ་ཡིན་པས་མ ་སྨོས་སོ། །དེ་བས་ན་རྒྱུད་འབུམ་པར་ནི་བརྗོད་བྱ་མང་ལ། འདིར་ནི་ཆོ་ག་ཞིབ་མོ་ཕྱེ་བས་ཕྱི་མའོ། །དེ་སྐད་དུ་ཡང། མང་པོར་གྱུར་པའི་དོན་རྣམས་ལས། །བྱེ་བྲག་ཕྱེད་ཚིག་ཕྱི་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འདོད་པ་ཡིན་ནོ།། ་དེ་ལྟར་རྒྱུད་མ་ཡིན་པའི་རྟོག་པ་བསལ་ནས། ཆོས་ཀྱི་རྗེས་སུ་འབྲང་བརྟོག་པ་སྔོན་དུ་གཏོང་བ་རྣམས་དགོས་པ་ལ་སོགས་པ་མ་མཐོང་ན་འཇུག་པར་མི་འགྱུར་བས། དེ་བས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རེ་ཤིག་བརྗོད་པ་ལ་སོགས་པ་བསྟན་ཏེ། བརྗོད ་པར་བྱེད་པ་ནི་རྒྱུད་དོ། །རྒྱུད་ཀྱི་དོན་ནི་བརྗོད་པར་བྱའོ། །དེ་ཐབས་དང་དེ་ལས་བྱུང་བའི་ཚུལ་ནི་འབྲེལ་པའོ། །དགོས་པ་ནི་ལྷའི་རྣལ་འབྱོར་མངོན་དུ་གྱུར་པའོ། །གཞན་གྱི་དོན་ཕུན་ཚོགས་པར་སྤྱོད་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལྟར་དགོས་པ་ལ་སོགས་པ་ཡོད ་པར་བསྟན་པས་ན། དེ་ནས་ཞེས་བྱ་བ་ནི་ཚིག་གི་ཕྲད་དེ། རིམ་པ་དང་རྒྱུའི་དོན་ཏེ། དེའི་འོག་ཏུ་ཞེས་པའི་དོན་ཏོ། །དེ་བས་ན་སྔ་མ་ལ་ལྟོས་བས་བཀྲ་ཤིས་པ་འམ་དབང་དུ་བྱེད་པའི་དོན་ཏོ། །རྡོ་རྗེ་འཇིགས་བྱེད་ནི་བྲག་བོ་ཆེན་པོའི་གཟུགས་འཛིན་པས་འཇིགས་པའོ ་ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་དང། མ་ཧཱ་དེ་བ་ལ་སོགས་པ་དྲག་པོ་འཇིགས་པར་བྱེད་པས་འཇིགས་བྱེད་དེ་མ་ཧེ་ལྭི?་ཞལ་ལོ། །དེའི་ཚིག་གི་རྒྱུད་ལས། ལས་སྣ་ཚོགས་སྒྲུབ་པ་ལ་སོགས་པ་བཤད་ཞེས་པའི་དོན་ཏེ། །དེ་གང་དུ་ཞེ་ན། གང་ཡིད་དུ་འོང ་བའི་གནས་སུའོ། །ཅི་བསྒྲུབ་ན་དབང་ལ་སོགས་པའི་ལས་སྣ་ཚོགས་འགྲུབ་པར་བྱ་ཞེས་ལུས་མདོར་བསྟན་ནས། དེ་ནས་ཞེས་བྱ་བ་ནི་རིམ་གྱི་དོན་ཏོ། །བཤད་པར་བྱ་ཞེས་པ་ནི་ལན་ལག་གི་དོན་དེ་ནས་བཤད་བའོ། །དུར་ཁྲོད་ནི་ཕྱིའི ་དུར་ཁྲོད་དེ་ཤི་བའི་ཚལ་ལོ། །ཆུ་འགྲམ་ནི་ཆུ་བོ་ཆེན་པོའིའོ། །མཚན་མ་གཅིག་པ་ནི་མཧཱ་དེ་བའི་ལིང་གའོ། །ཤིང་གཅིག་ནི་ཨ་མྲ་ལ་སོགས་པའི་ཤིང་ནགས་ཆེན་པོའོ། །མ་མོ་ནི་མ་མོ་བདུན་གྱི་ཁྱིམ་མོ། །སྟོང་བ་ནི་ཁང་སྟོང་ངོ། །ལྷ་ནི་ལྷའི་ཁང་བ་སྟེ་མཧཱ ་དེ?་བ་ལ་སོགས་པ་ཡང་བསྡུའོ། །མང་པོ་ཕུང་བ་ནི་གཡུལ་འགྱེད་པའི་གནས་སོ། །ནགས་ཚལ་ནི་བགྲོད་པར་དཀའ་བའི་ཤིང་གི་ཁྲོད་དོ། །གྲོང་ཁྱེར་ནི་གྲོང་ཆེན་པོ་སྟེ་མང་པོ་འདུས་པའི་གནས་ཕྱོགས་གཅིག་གོ་།གྲོང་ནི་རྒྱལ་བོའི་ཕོ་བྲང་ངོ། །སྩོགས་ཀྱིས་བས་མཛའ་ལ་སོགས ་པ་བསྡུའོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀྱིལ་འཁོར་དུ་ལེགས་པར་དབང་ཐོབ་པ་སྟེ། བླ་མ་མཆན་ཉིད་དང་ལྡན་པ་མཉེས་པས་བུམ་པའི་དབང་ལ་སོགས་པ་གསུཾ་གྱིས་དྲི་མ་གསུཾ་དག་པར་དབྱེས?་པས་དབང་ཐོབ་པ་སྟེ་དེ་ལྟ་བུའི་གང་ཟག་ཤེས་རབ་དང་ཐབས་སུ་ལྡན་པས་ན་རྣལ ་འབྱོར་བ་སྟེ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའོ། །པས་ཞེས་པ་བྱེད་པའི་ཚིག་གིས་ནི་འདི་ལྟར་སྟན་ཏེ། །དུར་ཁྲོད་ལ་སོགས་པའི་གནས་སུ་གོང་གི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པས་འདུག་སྟེ། སྙིང ་ཁར་ཟླ་བ་ལ་ས་བོན་བཀོད་དོ། །དེའི་འོད་ཀྱིས་བླ་མ་དང་བཅས་པའི་བཅོམ་ལྡན་འདས་བལྟས་ཏེ། ཕྱག་འཚལ་བ་ནས་བཏང་སྙོམས་ཀྱི་བསྒོམ་པའི་བར་དུ་བྱས་ལ། སྟོང་པ་ཉིད་ཀྱི་དང་ལས་ཞལ་བཞི་པའི་སྔགས་ཀྱིས་རྡོ་རྗེར་བ་ལ་སོགས་པ་བསམས་ལ། ར་བའི་ནང ་དུ་ནམ་མཁའ་ཨི་དབུས་སུ་འབྱུང་བའི་དཀྱིལ་འཁོར་རི་རབ་དང་བཅས་པའོ། །དེའི་སྟེང་དུ་སྐུ་རྒྱུ་དང་བཅས་པ་ཡོངས་སུ་གྱུར་བ་ལས་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ། དུར་ཁྲོད་བརྒྱད་དང་བཅས་པ་བསམས་ལ། དེའི་དབུས་སུ་ཆུ་སྐྱེས་ལ་རི་བོང་ཅན་བསམས་ལ། དེའི ་དབུས་སུ་རལ་གྲི་ས་བོན་ལས་བྱུང་བ་བསམས་ལ། དེ་ཡང་ལྡན་པ་གྱུར་པ་ལས་འཇམ་དཔལ་དམར་སེར་རལ་གྲི་དང་ཨུད་པལ་དང་ལྡན་པ་རྣམ་པ་ལྔས་བསྐྱེད་ལ། དེའི་སྙིང་ཁར་ལྔ་བའི་ལྔ་པ་ལས་བྱུང་བ་ལས་རྣོན་པོའི་འོད་ཀྱིས་སྲས་དང་བཅས་པའི་རྒྱལ་བ་བཀུག་སྟེ། རྣོན་པོ་ལ ་ཐིམ་ངས་དེ་བཞི་དང་བཅས་པ་གར?་བ་ལས་འབར་བ་དང་བཅས་པའི་གོང་བུའོ། །དེ་ལས་ཧཱུཾ་དེ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཁྲོ་བོའི་རྡོ་རྗེ་ནག་པོ་བསམ། དེའི་འོད་ཀྱིས་བདེ་གཤེགས་སྲས་བཅས་ཉི་མ་ལ་གནས་པ་བསམས་ལ། དེས་སེམས་ཅན་སྦྱངས་ནས་སླར་རྡོ་རྗེ་ལ ་ཞུགས་བས་རྡོ་རྗེ་ཆེན་པོར་རོ། །དེ་ལས་མ་ཧེའི་གདོང་ཅན་བསྐལ་པ་བཞི་བའི་མཚན་ཉིད་བསྐྱེད་ལ། སྙིང་ཁར་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པའི་ཡེ་ཤེས་སེམས་དཔའ་ཉི་མའི་སྟེང་ན་ཧཱུཾ་དུ་བཅས་པ་བསམས་ལ། དེའི ་འོད་དང། ཨོཾ་ཨེ་ཧཡ་ཧི་བྷ་ག་བན་ཡ་མན་ཏ་ཀ། ཨ་གཙྪ་ཡ་ཨ་གཙྪ་ཡ། ཨོཾ་ས་མན་ཛ་ཧཱུཾ་ཞེས་པ་དང། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་པ། མདུན་ན་བཞུགས་པ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པས་མཆོད་ལ། དགུག་པ་ལ་སོགས་པ་བྱས ་པས་བསྲེས་ལ། དེ་ནས་གཤིན་རྗེ་གཤེད་པོའི་ང་རྒྱལ་བྱས་ལ། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དུ་སའི་སྙིང་པོ་ལ་སོགས་པ་དྲུག་མིང་གི་ཡི་གེ་དང་པོས་བསྐྱེད་ལ། གནས་གསུམ་དུ་ཡི་གེ་གསུམ་བསམས་ལ། དེ་ནས་རང་གི་ས་བོན་གྱི་འོད་ཀྱིས ་སངས་རྒྱས་སྤྱན་དྲངས་ཏེ་མཆོད་པས། བདུད་རྩི་ལྔའི་བུམ་པས་སྤྱི་བོར་བླུགས་པས་དབང་བསྐུར་བས། རྩ་བར་སྣང་མཛད་ཕྱག་རྒྱ་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་སྭ་བྷ་བ་ཨད་མ་ཀོ་ཧཾ། དེ་ནས་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་ཨ་ལས་པདྨའི ་ནང་དུ་མར་མེ་ལྔ་བསམས་ལ། ཡི་གེ་གསུམ་གོ་རིམས་མ་ཡིན་པས་དག་པ་དང་རྟོགས་པ་དང་འབར་བར་བྱས་ལ། ལྕེ་རྡོ་རྗེ་དང་ལྡན་པས་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱས་ལ། ལྷའི་འཁོར་ལོ་ལ་སྒྲ་བརྙན་གྱི་ཚུལ་དུ་བསྟོད་པ་བྱས་ལ། དེ་ནས་སྙིང ་ཁར་ཉི་མ་ལ་རྩ་བ་འམ་ཉེ་བའི་སྙིང་པོ་བསམས་ལ། དུས་བཞིར་བསམ་གཏན་ཐུན་འཚམས་དང་བཅས་པའི་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པས་སོ། །དེ་ལྟར་བྱེད་པའི་ཚིག་གིས་བསྙེན་པ་བྱ་བ་བསྟན་ནས། དབང་དང་ཞེས་བྱ་བ་ལ་སོགས་པས ་གཞན་དང་བདག་གི་དོན་དུ་ལས་བསྒྲུབ་པ་བསྟན་ཏེ། ལས་དེ་དབང་གི་ཕྱིར་བྱེད་པ་ནི་དབང་ངོ། །དགུག་པ་ཞེས་བྱ་བ་ནི། རྐང་པ་དགུག་པ་དང། ལུས་དགུག་པའོ། །དེ་ཡང་ས་དང་ནམ་མཁའ་ལ་དགུག་པའོ། །གསང་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ ་གནོད་པ་བྱེད་པ་ལ་སྟེ། བླ་མ་སྨོད་སྩོགས་དམ་ཚིག་མེད། །ཐེག་པ་ཆེན་པོ་སྨོད་པ་དང། །སྔགས་ཀྱི་རྒྱུད་ལ་དབྱའ་པ་ལ། །གསང་བ་ལ་སོགས་ལས་བྱའོ། །ཞེས་གསུངས་པའོ། །རང་གི་གནས་ལས་དབྱུང་བ་ནི་བསྐྲད་པའོ། །དབྱེ་བ་ནི་མཛའ་བོ་དག་ཕན་ཚུན་ཞེ་སྡང ་བའོ། །རལ་གྲི་ནི་རལ་གྲི་ལ་སོགས་པའི་རིག་པ་འཛིན་པའོ། །མིག་སྨན་ནི་འཇིག་རྟེན་མཐོང་བའི་ཐབས་སོ། །རི་ལུ་ནི་ལྕགས་གསུམ་དང་བཅས་པ་སྟེ་མི་སྣང་བ་བསྒྲུབ་པའོ། །བདུད་རྩི་ནི་བཅུད་ཀྱི་ལེན་ཏེ་རྒས་པ་ལ་སོགས་པ་མེད་ཅིང་གནས་པའོ། །འབྱུང་པོ་ནི ་སེམས་ཅན་གྱི་ཚོགས་ཏེ་རྐང་གཉིས་ལ་སོགས་པ་སྟེ་དེ་དག་དབང་དུ་བྱེད་པའོ། །ས་འོག་ནི་ས་འོག་ཏུ་འཇུག་པའོ། །རོ་ནི་རོ་ལངས་བསྒྲུབ་བའོ། །མཁའ་འགྲོ་ནི་མཁའ་འགྲོ་མའི་ཚོགས་སོ། །འདྲེ་ནི་ཡི་དགས་ཕྲ་མོའོ། །གནོད་སྦྱིན་ནི་གང་བ་བཟང་པོ་ལ་སོགས ་པའོ། །གནོད་སྦྱིན་མོ་ནི་རྫུ་འཕྲུལ་དང་ལྡན་པའི་ཡི་དགས་སོ། །སྩོགས་ཀྱིས་བསྡུས་པ་དྲི་ཟ་དང་ལྷ་མ་ཡིན་དང་མི་འམ་ཅི་ལ་སོགས་པའོ། །ཀླུ་རྣམས་ནི་རིགས་ཀྱི་ཁྱད་པར་གྱི་ཀླུའོ། །སྩོགས་ཀྱིས་སྲིན་པོ་འཇིགས་པ་ལ་སོགས་བསྡུའོ། །བསྒྲུབ་པར་བྱེད་ཅེས་བྱ ་བ་ནི་བསྙེན་པ་མཐར་ཕྱིན་པས་གསུངས་པའི་ལས་སྣ་ཚོགས་བསྒྲུབ་པར་བསྟན་པ་སྟེ། དེ་ཡང། སྔགས་པས་སྔོན་དུ་བསྙེན་པ་ནི། བྱེ་བ་བཟླས་ནས་ལས་རྣམས་བརྩམ། །ཡང་ན་མཚན་མ་ཐོབ་པས་བྱ། །གཞན་དུ་བྱས་ན་སྐྱེ་བོས་དབྱའ?། །ཞེས་གསུངས་སོ། །དེ ་ལྟར་སྔོན་དུ་བསྙེན་པ་མཐར་ཕྱིན་པས་གསུངས་པའི་ལས་འགྲུབ་པར་བསྟན་པས། ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པའི་ཕྱིར། དེའི་ཐབས་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་བསྒྲུབ་པ་ལ་འཇུག་པའི་དང་པོར་སྔགས་པས ་དུར་ཁྲོད་ལ་སོགས་པར་སོང་སྟེ། ནམ་ཕྱེད་ན་གཅེར་བུར་བྱུང་སྐྲ་གྲོལ་བ་སྟེ། ཐོར་ཅོག་བཤིག་ལ། དེ་ནས་མ་ཧེ་ཞལ་གྱི་རྣལ་འབྱོར་ཇི་སྐད་གསུངས་པ་གནས་དུར་ཁྲོད་ལ་སོགས་པ་གང་ཡང་རུང་བར་རོ། །བྲིས་ཞེས་པ་ནི་རྡུལ་ཚོན་བྲི་བ་སྟེ་གསུམ་བའི་དོན་གྱིས་དང་པོའོ། །དེས ་ན་རྡུལ་ཚོན་ས་དང་འབྲེལ་པའི་སའི་ཆོ་ག་ལ་སོགས་པ་རྒྱས་པར་བྱས་པ་ལ་རྡུལ་མཚོན་དགྱེ་ཞེས་པའི་ཐ་ཚིག་གོ་།དེས་ནི་འདི་ལྟར་སྟོན་ཏེ། དུར་ཁྲོད་ལ་སོགས་པ་བརྟགས་པའི་གནས་སུ་རྣལ་འབྱོར་བ་སྐྲ་བཤིག་པ་ལ་སོགས་པ་དང ་ལྡན་པས། མཎྜལ་དྲི་དང་ལྡན་པ་མདུན་དུ་བཤམས་ནས། སྐད་ཅིག་གིས་མ་ཧེ་ཞལ་ཅན་དུ་བསམས་ནས། ས་བླང་བ་ལ་སོགས་པ་སའི་ཆོ་ག་ནས་ཐིག་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ་ཞེས་པའོ། །དེར་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི ་ཕྱིའི་དཀྱིལ་འཁོར་གྱི་མཚན་ཉིད་དང། ནང་གི་འཁོར་ལོའི་མཚན་ཉིད་ནི་གསལ་བར་གསུངས་པས་རྣམ་པར་མ་ཕྱེའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་བྱ་བ་ལ་སོགས་པས་རྡུལ་ཚོན་རྫོགས་ནས་མཆོད་པ་དང་རྣལ་འབྱོར་པའི་ཟས་བསྟན ་པའི་ཕྱིར་རོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་བྱ་བ་ནི་ཁྱད་པར་གྱི་དངོས་གྲུབ་འདོད་ན་ཞེས་པའོ། །སྦྲང་ཆེན་ནི་ཞིག་མར་མེའོ། །གཏང་བར་བྱ་ཞེས་པས་མེ་ཏོག་དང་བདུག་པ་དང་དྲི་ཆབ་ཀྱང་བསྟན་ནོ། །མིའི་ཤ་ནས་བྱ་རྒོད་ཤའི་བར་གྱིས ་དཀྱིལ་འཁོར་གྱི་བདག་པོ་སྟེ། བདག་ལས་ཐ་དད་པ་ལ་ལྷ་བཤོས་སུ་དབུལ་ལོ། །ཤིན་ཏུ་མི་གཡོ་བ་སྟེ་བདག་ལྷའི་རྣལ་འབྱོར་ལས་མི་གཡོ་བ་ཡིས་ཀྱང་བཟའ་སྟེན་གཏོར་མ་བྱ་ཞིང། སྦྱིན་བསྲེག་སྟེ་ནང་གི་སྦྱིན་བསྲེག་གི་ཆོགས་རྣལ་འབྱོར ་པས་ཀྱང་བཟའ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་ཐམས་ཅད་ནང་ཞེས་པ་ནི་དཀྱིལ་འཁོར་གྱི་གྲར་ཁྲག་གི་ཆག་ཆག་གདབ་པར་བྱའོ་ཟེར། གཞན་དག་ནི་ཁྲག་གི་དྲི་ཆབ་ནང་གི་ལ་འདོད་དོ། །དེ་ལྟ་བས་ན་བདག་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ ་འབྱོར་དུ་གནས་བས། དཀྱིལ་འཁོར་སྒྲུབས་ལ། ཐམས་ཅད་མ་ལུས་དབུལ་ཞེས་པ་ནི། སྦྲང་ཆེན་གྱི་མར་མེ་དང། ཁྲག་གི་དྲི་ཆབ་དང། ཤ་ཐམས་ཅད་ཀྱི་ལྷ་བཤོས་ལ་སོགས་པ་དབུལ་བར་བྱ་ཞེས་པའི་དོན་ཏོ། །གཞན་དག་གལ་ཏེ་དངོས་གྲུབ ་མཆོག་འདོད་བྱ་བ་ལ། དཔའ་བོ་གཡུལ་དུ་ཤི་བ་འམ། འགགས་ཏེ་ཤི་བའི་ཐོད་པར་དེའི་སྐྲ་དང་ཨརྒའི་རས་བལ་ལ་སྡོམ་བུ་བྱས་ལ། དེའི་ཞག་གི་མར་མེ་བཏང་སྟེ་སྔ་མའི་ཐོད་པ་མིའི་སྐྲའི་སྐུད་པས་བཏགས་བས་ཁ་བཅད་པས་དུར་ཁྲེད་དུ་གནས་ལ་བདག་ཉིད ་རྣལ་འབྱོར་དང་ལྡན་པས་དེ་ཉིད་ཡབ་ཡུམ་དུ་བསམས་ལ། དེ་ལ་མིའི་ཤ་ལ་སོགས་པས་མཆོད་ལ། དེ་ནས་སྙོམས་པར་འཇུག་པས་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་ཟེར་རོ། །དེ་ལྟར་མཆོད་པ་ལ་སོགས་པའི་རྫས་བསྟན། རྣལ་འབྱོར་པ་སློབ་མ་དང་བཅས ་པས་དཀྱིལ་འཁོར་བསྒྲུབ་ཅིང་འཇུག་པར་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་དག་།བྱས་ཞེས་པ་སྟེ་ཕྱི་དང་ནང་གི་སྐྱོན་དག་བའི་སློབ་མ་ཕྱི་ནང་གི་ཡོན་ཏན་དང་ལྡན་པས་བཟང་བ་སྟེ་དེ་ལྟ་བུའི་སློབ་མ་གསུམ་དང་ལྡན་པས་བསྒྲུབ་བོ། ་གལ་ཏེ་ཞེས་བྱ་བ་ལ་ཡང་ན་རོགས་མེད་པར་གཅིག་བུའོ། །རྣམ་པར་སྣང་མཛད་ཀྱིས་ལུས་བྱུག་བྱ་བ་ནི་ས?་བཻ་རོ་ཙ་ནའི་སྒྲས་ལུས་བྱུག་པའོ། །གཅེར་བུ་བྱ་བ་ལ་སོགས་པ་བདེ་བར་འགྲོའོ། །མི་གཡོ་བར་ཞེས་བྱ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་ལས་མི་གཡེ ་བར་གནས་པས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྒྲུབས་ཏེ་མཆོད་ནས་འཇུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་སྒྲས་སློབ་མ་འཇུག་པ་ལ་སོགས་པ་ཡང་རྒྱས་པར ་ཤེས་པར་བྱའོ། །དངོས་གྲུབ་འདོད་པས་བྱ་བ་ནི་ལས་སྣ་ཚོགས་བསྒྲུབ་པར་འདོད་པས་སོ། །རོ་ཞིམ་ཆད་ནི་གཉིས་སྟེ། རས་ཡ་ན་ནི་མར་མེ་ལྔའོ། །སྩོགས་ཀྱི་ལྦགས་ཀྱུ་ལྔ་བསྡུས་ཏེ། དེས་མཆོད་ཅིང་སྤྱད་པར་བྱའོ། །དེ་ནས་བསྒྲུབ་བྱ་བསམས ་ནས་ཞེས་བྱ་བ་ནི། གོང་ལྟར་དཀྱིལ་འཁོར་བསྒྲུབ་པ་དེ་མཆོད་ནས་སྟེ། རྡོ་རྗེ་འཇིགས་བྱེད་བྱ་བ་ནི། དེའི་དབུས་སུ་མ་ཧེའི་ཞལ་ཅན་བསམ་པར་བྱ་ཞེས་བའོ། །དེ་སྟེ། བརྐྱང་བསྐུམ་གནས་ཞེས་པ་ནི། ལྷོའི་སྒོར་དེའི་མདུན་དུའོ། །ང་རྒྱལ་ཆེན་པོ་རྩེ་གཅིག ་ཞེས་པ་ནི་མ་ཧེའི་ཞལ་གྱི་ང་རྒྱལ་གྱིས་སོ། །ཤིན་ཏུ་མི་གཡོ་བ་སྟེ། ལྷའི་ཏིང་ངེ་འཛིན་ལས་མ་ཡེངས་པའོ། །བཟླས་པ་ནི། ཨོཾ་ཧྲཱི(རྒྱུད་འགྲེལ་བསྟན་པའི་ཕྱིར་རོ། །དེ་ལ་འཇིགས་པ་ཆེ་འབྱུང་བྱ་བ་ལ་སོགས་པས་བསྟན་ཏོ། །རྟོག་པའི་བགེགས་བསལ་བའི་འབྲས་བུ་ནི། དེ་ལ་རྡོ་རྗེ་འཇིགས་བྱེད་དགྱེས་ཞེས་བྱ་བ་ནི། མཆོད་ཅིང་རྟོག་པ་དང་བྲལ་བས་བཟླས་བརྗོད་ཀྱི་བསྙེན་པ་ལ་བྱའོ། །དེ་ལ་དགྱེས ་ནས་འདི་སྐད་དུ་གསུངས་བྱ་བ་ལ། བྲིས་སྐུ་ལ་སོགས་པས་དངོས་སུ་དངོས་གྲུབ་ཅི་འདོད་ཞེས་གསུང་བར་འགྱུར་རོ། །དེ་ལ་རིཌ་འཛིན་གྱིས་སྨྲས་པ་ཞེས་བྱ་བ་ནི་གང་འདོད་པའི་དོན་ཞུ་བའོ། །ཞུ་བའི་དོན་ནི་རལ་གྲི་ལ་སོགས་པ་ཅི་འདོད་པ་འགྲུབ་པར་འགྱུར་ཞེས་བྱ ་བའི་ཐ་ཚིག་གོ་།འདི་སྐད་དུ་སྟོན་ཏེ། བསྙེན་པ་མཐར་ཕྱིན་བར་བྱས་པའི་སྔགས་པས། དུར་ཁྲོད་ལ་སོགས་བར་དཀྱིལ་འཁོར་ཇི་ལྟ་བ་བཞིན་བྲིས་ལ། མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་བཤམས་ལ། བདག་ཇི་ལྟར་གསུངས་པའི་ལྷའི ་གནས་ལ་གནས་པས། དཀྱིལ་འཁོར་ལྷའི་འཁོར་ལོར་བསྒྲུབས་ལ། ཡེ་ཤེས་ཀྱི་ཀྱོ་བའི་ལས་རྫོགས་པ་ལ། མེ་ཏོག་དང་སྦོས་དང། སྦྲང་ཆེན་གྱི་མར་མེ་དང། ཁྲག་གི་དྲི་དང། ལྷ་བཤོས་རྣམས་མཆོད་ཡོན་སྔོན་དུ་འགྲོ་བས་མཆོད་པར ་དང། བསྟོད་པ་བྱས་ཏེ་ཞུགས་ལ། མདུན་ན་སྐུ་གནས་པའི་མདུན་དུ་དྲི་ཆེན་གྱིས་ལུས་བྱུག་པ་དང། བདུད་རྩི་ལྔ་དང། ཤ་ལྔ་དང་ཆང་རྣམ་གཉིས་བཟའ་ཞིང་བཏུང་བ་དང། གཅེར་བུར་བྱུང་སྟེ། སྐྲ་བཤིག་ནས་ལྷའི་ང་རྒྱལ་དུ་གནས་པས། ཌ་མ ་རུ་དང་ཧ་ཧའི་སྒྲ་སྒྲོགས་ཤིང་མ་ཡེངས་པས་གསང་སྔགས་བཟླས་ཤིང་འཇིགས་པར་མི་བྱའོ། །དེ་ནས་དངོས་གྲུབ་གང་འདོད་ཞེས་གསུངས་ན་གང་འདོད་པ་གསོལ་བ་བཏབ་ལ་བརྩམ་པར་བྱའོ། །ལ་ལ་ན་རེ་རོ་ལངས་བསྒྲུབ་པའི་དཀྱིལ་འཁོར་ཡིན ་ཟེར་རོ། །གཞན་དག་ནི་དབང་བསྐུར་བའི་དཀྱིལ་འཁོར་དུ་འདོད་དོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྙོམས་པར་འཇུག་པའི་ཚིག་གི་རྒྱུད་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་བཤད་པ་ལ་ལི་ཏ་བ་?་ཀལྦ་སྟེ་དང་པོའོ།། །།དེ་ལྟར་ལྷའི ་གནང་བ་འམ། མཚན་མ་ཐོབ་པས་ལས་སྣ་ཚོགས་བྱ་བར་བསྟན་པའི་ཕྱིར། དེ་ནས་བཤད་པར་བྱ་ཞེས་བྱ་བར་འབྲེལ་ཏེ། ལས་རྒྱས་པ་འདིས་དངོས་གྲུབ་ཐམས་ཅད་བསྒྲུབ་ཅིང་བསྟེར་བའི་དོན་ཏོ། །ལས་ཐམས་ཅད་ཀྱི་དང་པོ་སྦྱོར་བའི་གཙོ་བོ་ཡིན་པས ་དང་པོར་བྱའོ་ཞེས་བྱ་བར་འབྲེལ་ཏེ། གསང་བ་དང་བསྐྲད་པ་ལ་སོགས་པའི་ལས་བྱའོ་ཞེས་བྱ་བའི་དོན་ཏོ། །མ་རུངས་པ་ཚར་གཅད་པའི་ཕྱིར། ཇི་སྲིད་གསོད་པར་འདོད་བ་ཡིས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྲིད་དུར་ཁྲོད་རས་ཞེས་བྱ་བ་ལ། དུར ་ཁྲོད་ཀྱི་རས་ནི་སྐྱེས་བུའི་རོ་ཤུན་ནོ། །དེ་མར་གྱི་ངོ་ལ་ཁྲུ་ཕྱེད་ཀྱི་ཚར་ལ་དུག་ལ་སོགས་པ་གསུངས་པའི་རྫས་དཀར་རྩི་དང་བག་ཕྱེ་ལ་བསྒྲེས་ཏེ། རས་དེ་ལེགས་པར་བྱུགས་ཏེ་བརྒྱང་ངོ། །རྡོ་རྗེ་འཇིགས་བྱེད་ཆེན་པོའི་བྱ་བ་ནི་དེའི་རྒྱུད་ཀྱི་འཁོར་ལོ་བཅུ་དྲུག ་པ་བྲི་ཞེས་བྱ་བར་འབྲེལ་ཏོ། །བཅུ་དྲུག་ཆ་བགོ་བའི་ཕྱིར། རོའི་སྐུད་པས་དང་པོར་ཐིག་གཉིས་སོ། །ཡང་གཉིས་འཚམས་སུའོ། །ཡང་བཞི་ནི་ཕྱོགས་སུའོ། །དེ་བཞིན་དུ་ཕྱིའི་ཆ་ནི་དེ་བཞིན་དུ་བགོས་པས་བཅུ་དྲུག་ཏུ་འགྱུར་རོ། །དེ་ནས་ཕྱེད་ལས་ནང་དུ་བསྐོར ་བས་ཆ་དགུའི་ལིང་ཆེའོ། །ཕྱིའི་ཕྱེད་ལས་བསྐོར་བས་ཆ་བཅུ་གཉིས་པའོ། །དེ་ནས་ཕྱི་བསྐོར་བས་ཆ་བཅུ་དྲུག་པ་སྟེ། ལ་ཞེས་བྱ་བ་ནི་དེ་ལྟར་ཐིག་བཏབ་ལ་ཞེས་པའི་དོན་ཏོ། །ཅིས་བྲི་ཞེ་ན། དུག་དང་མ་དུ་ལུང་ག་དང་ནི་མ་པ་དང་རོ་བསྲེགས་པའི་སོལ་བ ་ལ་?་ཆེ་བསྲེས་ཏེ་བྱའོ། །སྨ་གུ་ནི་སྒོ་རྩ་འམ་རུས་བ་ལས་སོ། །རྣལ་འབྱོར་ལྷོར་བལྟས་པས་གཅེར་བུ་སྐྲ་གྲོལ་ཞེས་པ་ནི་ལུས་ལ་དྲི་ཆེན་བྱུག་པས་སོ། །མ་ཧེ་ཞལ་གྱི་རྣལ་འབྱོར་གྱིས་ཞེས་པ་ནི། རང་ལྷའི་རྣལ་འབྱོར་ལས་མ་ཡེངས་པས་རྫས་ ་ལ་རེག་བཞིན་དུ་བཟླས་པས་འབུམ་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ནས་ཉི་མ་ཕྱེད་ན་དམ་ཚིག་གི་སྔགས་དང་ཕྱག་རྒྱར་ལྡན་པས་བྲི་བར་བསྟན་པའི་ཕྱིར། མེ་གཉིས་བར་དུ་བསྒྲུབ་བྱའི་མིང། ཞེས་བྱ་བ་ལ། དབུས་སུ་རླུང་གི་ས ་བོན་གྱི་དབུས་སུ་ཆུད་པའི་མིང་དང། འཚམས་ཀྱི་ལེང་ཚེ་ལ་མེ་སྟེར?་གཉིས་ཀྱི་བར་དུ་ཆུང་པ་དང། ཕྱོགས་ཀྱི་བཞི་དང་བཅུ་གཉིས་པ་ལ་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐོར་ཞེས་པ་སྟེ། ཡི་གེ་བཅུ་པ་སྒྲུབ་བྱའི་མིང་དང་བཅས་པས་སོ། །ཧཱུཾ་ཡིག་བརྒྱད་པས ་མནན་ཞེས་པ་ནི་ལེད་ཚེ་བརྒྱད་ལ་ཧཱུཾ་བརྒྱད་བྲིས་ལ། རེ་རེ་བཞག་པའི་སྟོང་པ་ལ་སྔ་མ་བཞིན་བྲིའོ། །གཞན་དག་ནི་ནང་གི་བརྒྱད་པ་དང། བཅུ་གཉིས་པ་ལ་རཾ་གྱི་དབུས་སུ་མིང་བྲིས་ལ། དེའི་མཛའ་ཨི་ཡི་གེ་བཅུ་པས་བསྐོར་བར་བྲིས་ལ། བཅུ་དྲུག་པ ་ལ་བརྒྱད་ལ་ཧཱུཾ་བརྒྱད་བྲིས་ལ་སྟོང་པ་ལ་བསྐུལ་ཚིག་མིང་དང་བཅས་པ་བྲིའོ་ཞེས་ཟེར། སྟེང་དང་འོག་ནི་གཡས་བསྐོར་གཡོན་བསྐོར་རོ། །བྱུག་ཞེས་པ་ནི་སྐེ་ཚེའི་མར་གྱིས་སོ། །འཁོར་ལོ་ཅན་དང་གཉིས་སུ་གཞུག་ཅེས་བྱ་བ། ཏིང་ངེ་འཛིན་གྱིས་དོན ་བཅུ་ལྷ་དེ་ནས་རབས་ཆད་ཀྱི་ཐོད་པ་ཁ་སྦྱར་དུ་གཞུག་སྟེ་མིའི་སྐྲའི་སྐུད་པས་བཅིང་ཞེས་བྱ་བའི་དོན་ཏོ། །སྒྱེད་པོ་ཞེས་བྱ་བ་ལ། མི་རྐང་གི་སྒྱེད་པོ་གསུམ་གྱི་ཐོག་ཏུ་བཞག་པའོ། །གཞན་དག་ཐོད་པའི་སྐྱེད་པོ་བྱེད་ཞེས་ཀྱང་ཟེར། དུར་ཁྲོད་ཤིང ་ནི་རོ་བསྲེགས་པའི་ཤིང་ངོ། །མེ་ཕུ་ཞིང་ཞེས་བྱ་བ་ནི་བ་སྐྲོ་བའོ། །རྐང་པ་གཡོན་པས་མནན་ཞེས་པ་ནི་བདག་ཉིད་མ་ཡེངས་པས་རོལ་པའི་སྟངས་ཀྱིས་མནན་པའོ། །ཡི་གེ་བཅུ་པའི་སྔགས་བསྐུལ་ཚིག་དང་བཅས་པ་བཟླས་ན་གསུངས་པ་ལྟར་འགྱུར་རོ།། ་གལ་ཏེ་འདོད་ན་འགྱུར་རོ་ཞེས་བྱ་བར་འབྲེལ་ཏེ། གོང་གི་ཐོད་པ་ཐབ་ཁུང་འོག་སྟེ་དུར་ཁྲོད་ཀྱི་ཐབ་ཀྱི་འོག་ཏུ་བཅུག་ནས་བསྐུལ་ཚིག་དང་བཅས་པའི་སྔགས་བཟླས་ན་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ། །འཁོར་ལོ་གོང་དང་མི་འདྲ་བའི་ཐབས་གཞན ་བསྟན་པའི་ཕྱིར་དེ་ཉིད་ལ་བཤད་དེ་ཞེས་བྱ་བར་འབྲེལ་ཏེ། སྔར་བསྟན་པ་དེ་ཉིད་ལས་བྱ་བའི་ཁྱད་པར་བསྟན་པ། ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་བསྐོར་བྱ་བ་ལ། རེ་མིག་དགུ་པ་དང། བར་མ་སུམ་ཅུ་རྩ་གཉིས་པ་བྲིས་ལ། ཡི་གེ་བཅུ་པས་བསྣན་ཞིང་བསྐོར ་ཞེས་བྱ་བ་ནི་བཅུ་དྲུག་པ་ཐམས་ཅད་ལ་མིང་དང་དཔེལ་བའི་ཡི་གེ་བཅུ་པའོ། །སྔོན་བཤད་པའི་རྫས་ཀྱིས་བྲི་ཞེས་པ་དུག་ལ་སོགས་པས་སོ། །བྱ་རོག་གིས་ཟོས་པའི་ལྷག་མ་དང། དྲི་ཆེན་གྱིས་བྱུག་པའི་ཁྱད་པར་ནི་འདིའི་ཁྱད་པར་རོ། །སྔོན་ཀྱི་ཐབས ་ཞེས་པ་ནི་ཐམས་ཅད་སྔ་མ་བཞིན་ནོ། །བསྐུལ་ཚིག་དང་བཅས་ཏེ་སྔགས་ཟློས་ཤིང་དུར་ཁྲོད་དུ་སྦས་ན་དེ་འཆི་བར་འགྱུར་རོ། །སོ་སོའི་བསྐུལ་ཚིག་དང་བཅས་པས་སྔགས་བཟླས་ན་གསུངས་པ་ལྟར་འགྱུར་རོ། །གཞན་དག་ནི་འཁོར་ལོ་སྔ་མ་ལྟར་སྦས ་ཏེ་སྦྱིན་བསྲེག་སོ་སོར་བྱས་པས་འགྱུར་ཟེར་རོ། །གྲོལ་བའི་རྒྱུ་ནི། འཁོར་ལོ་ཕྱུང་སྟེ་འོ་མ་དང་ཙན་དན་གྱི་ཆུས་བཀྲུས་ན་གྲོལ་བར་འགྱུར་རོ། །གསང་བའི་ཐབས་གཞན་ཡང་བཤད་པར་བྱ་སྟེ། ཞེས་པ་ལ། སྔོན་གྱི་ལས་ཏེ་ཐམས་ཅད་གཤིན་རྗེའི ་སྔགས་སུམ་ཅུ་རྩ་གཉིས་པ་བཞིན་ཏེ། ཁྱད་པར་ནི་དྲི་ཆེན་བྱ་བ་ལ་སོགས་པ་སྟེ། རྫས་རྣམས་ལས་སྒྲུབ་བྱའི་གཟུགས་སོར་བརྒྱད་པ་བྱས་ལ། སྙིང་ཁ་སྟེ་དེའི་སྙིང་ཁར་སྔགས་ཏེ་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་གཞུག་པའོ། །ཡན་ལག་ལྔ ་ལ་ཕུར་བུས་གདབ་བྱ་བ་ནི་ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་གསང་བ་དང་སྨིན་འཚམས་ལྔར་མཆོག་གི་ཕུར་བུས་གདབ་པའོ། །ཚིག་རྣམས་རྣོན་པོས་དགང་བར་བྱ་ཞེས་པ་ནི། ཚིག་ཐམས་ཅད་ཚེར་མས་དགང་བའོ། །ཐོད་པར་གཞག་པ་ནི་རབས ་ཆད་ཀྱི་ཐོད་པ་ཁ་སར་གི་ནང་བ་བཅག་སེ་མི་ཤི་བའི་?་?་པས་བཀིའོ། །དུར་ཁྲོད་ས་ཞེས་བྱ་པ་ལ་སོགས་པ་ནས་གནས་བདུན་གྱི་ལྷ་ཞེས་བྱ་བར་འབྲེལ་ཏེ། དེ་ལྟར་གནས་བདུན་གྱི་ས་ལས་གཤིན་རྗེའི་གཟུགས་ཇི་སྐད་གསུངས་པ་ལྟར་བྱས་ལ། སྙིང ་ཁར་བཅུག་བྱ་བ་ལ། དགུག་པ་སྔོན་དུ་སོང་བའི་སྔར་གྱི་དེ་གཞུག་བར་བྱའོ། །ཉི་མ་ཕྱེད་དམ་ཞེས་པ་ནི། མར་ངོའི་བརྒྱད་དམ་བཅུ་བཞིའི་ཉི་མ་ཕྱེད་དམ་མཚན་ཕྱེད་ནའོ། །དུར་ཁྲོད་ཁུང་བུ་ནི་རོ་བསྲེགས་པའི་སར་རོ། །རིང་པོར་བྲུ་བ ་ནིས་དེར་རོ། །དེར་གོང་གི་གཤིན་རྗེའི་གཟུགས་དེ་གཞུག་པའོ། །མ་ཧེའི་ཞལ་ནི་བདག་ཉིད་རྩེ་གཅིག་པའོ། །ཁྱིམ་དུ་འོངས་བྱ་བ་ནི་སྔར་གྱི་དེ་སྦས་ཏེ། རང་གི་ཁྱིམ་དུ་ཕྱིས་ལྷའི་ང་རྒྱལ་གྱིས་ཡི་གེ་བཅུ་པ་སྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པ ་བཟླས་པའི་དོན་ཏོ། །དེའི་འབྲས་བུ་ཞག་གསུཾ་ཀྱིS་ངེས་པར་གསོད་པར་བྱེད་དོ། །ཙན་དན་དང་འོ་མས་བཀྲུས་ན་སོས་པར་འགྱུར་རོ། །རེངས་པའི་ཐབས་ནི། དེ་ནས་བཤད་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་མེད་པའི་བྱི་བའི་ལྦགས་པ་ཞེས་པ་ནི་སླུད་པུ་བཤུས་པ་ལ། ་དུག་ལ་སོགས་པ་ཞེས་བྱ་བ་ནི། དུག་དང་མ་དུ་ལུང་ཀ་དང་ནི་མ་པའི་འབྲས་བུ་དང། རོ་བསྲེགས་པའི་སོལ་བ་དང་བསྲེས་པས་སོ། །དེས་ནི་ཡི་གེ་བཅུ་པའི་སྔགས་མིང་དང་བསྐུལ་བར་ལྡན་པར་བྲིའོ། །དེ་ནས་སྒྲུབ་བྱའི་རྐང་རྗེས་དང་གཅི་བའི་སས་བཀང་སྟེ། དེའི ་སྐྲའི་སྐུད་པས་ཁ་བཅིངས་ལ། གསུངས་པའི་རྫས་ཀྱི་སྐོང་བུར་གོང་མ་བཅུག་ཅིང་དུར་ཁྲོད་མེ་ལ་བསྲོ་ཞིང་སྔགས་བཟླས་ནས། བདག་ལྷའི་རྣལ་འབྱོར་དང་ལྡན་བའི་རྐང་བས་མནན་ཏེ་སྔགས་བཟླས་ན་གསུངས་པ་ལྟར་འགྱུར་རོ། །དབྱེ་བའི་འཁོར ་ལོ་བསྟན་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་ཐབས་ནི་སུམ་ཅུ་རྩ་གཉིས་པའི་འཁོར་ལོའོ། །འཁོར་ལོ་དེ་གནས་བདུན་གྱི་ས་ལས་རྟ་དང་མ་ཉེ་བྱས་ལ། གཉིས་བའི་སྙིང་ཁར་འཁོར་ལོ་བཅུག་སྟེ་ཤིང་ནིམ་པའི་དྲུང ་དུ་བཞག་སྟེ། ཏིང་ངེ་འཛིན་དང་ལྡན་པས་མི་གཡོ་བར་བཟླས་ན་སྔ་མ་བཞིན་ནོ། །དེ་ནས་བསྐྲད་པར་འདོད་པས་ཞེས་པ་ལ། གོང་གི་འཁོར་ལོ་གནས་བདུན་གྱིས་ལས་བྱས་པའི་རྔ་མོང་གི་སྙིང་ཁར་བཅུག་སྟེ། སྒྲུབ་བྱ་རླུང་གི་སྟེང་དུ་གནས་པར་བསམ ་ཞིང། བདག་ཉིད་ཀྱི་ས་བོན་ལས་འོད་ཀྱིས་བསྐྲད་པར་བསམས་པའོ། །ཡང་གཞན་བཤད་དེ། གཏུམ་པའི་ཉི་མ་སྟེ་མར་ངོའི་སྐར་མ་གཏུམ་པོ་ལ་ཚ་བའི་མར་ཁུས་བྱུགས་ཏེ་ནི་མ་པའི་ཤིང་ཀར་གནས་ནས། ཉ་ཕྱིས་ཀྱིས་སྔ་མའི་མར་བཞར་ལ། ་མཧཱ་དེ་བའི་རས་དང་སླང་ང་གཉིས་ཁ་སྦྱར་བར་དུ་དུ་བ་མེད་པར་བསྲེགས་པའི་ཐལ་བ་ཉ་ཕྱིས་ཀྱིས་བཞར་བའི་མར་དང་བསྲེས་ཏེ། མན་ངག་དང་ལྡན་པས་གསུངས་པ་ལྟར་བྱུགས་ན་སྡོད་པར་འགྱུར་རོ། །ཡང་བཤད་པར་བྱ་བ་ནི་བསྐྲད་པའི་ཐབས་སོ། ། ་རླུང་གི་དཀྱིལ་འཁོར་བྱ་བ་ལ་སོགས་པ། སྔགས་ནི་བཅུ་པའོ། །བསྐོར་བ་ནི་སྤེལ་བའོ། །མ་ཧེའི་ཞལ་ནི་བདག་ཉིད་ལྷའི་སྦྱོར་བ་དང་ལྡན་པས་བཀུག་སྟེ་འོད་ཀྱིས་བསྐྲད་པར་བསམ་མོ། །འཛམ་གླིང་གར་འདོད་པར་རོ། །ཡང་ལུས་ལ་ཚ་བའི་མར་བུགས ་ཏེ་བྱ་རོག་གི་ཚང་གི་ཤིང་བླངས་ཏེ། དུར་ཁྲོད་ཀྱི་མེ་ལ་བསྲེགས་ཏེ་ཐལ་བ་དེ་མ་ཡེངས་པའི་སྔགས་བཟླས་ཏེ་གཏོར་ནའོ། །ཡང་ཐབས་བྱ་རོག་འུག་པའི་གུང་རུ་ལ་མིང་བྲིས་ཏེ་གསུངས་པ་ལྟར་འགྱུར་རོ། །ཡང་དུག་ལ་སོགས་པ་སྟེ་སྔོན་དུ་གསུངས ་པའི་སྣག་ཚད?་དུ་ཁྲོད?་ཀྱི་རས་ལ་སྒྲུབ་བྱའི་མིང་དབུས་སུ་ཡང་སྤེལ་བ་གཞན་སྔོན་ལྟར་བྲིས་པ་དེ་ནི་ནེའུ་ལེ་དང་སྦྲུལ་གྱི་ལྤགས་པ་རས་བལ་དང་ལྡན་པར་དྲིལ་ཏེ་སྡོང་བུ་བྱས་ཏེ་མར་མེ་བཏང་ལ་སྔགས་བཟླས་པའོ། །གཞན་ཡང་མ་ཧཱ་དེ་བའི་རས་ལ་འཁོར་ལོ ་སྔོན་ལྟར་བྲིས་ཏེ་མན་ངག་ཇི་ལྟ་བས་བྱས་ནའོ། །ཡང་རམས་བྱ་བ་ནི་གཞི་དང་སྣག་ཚའི་ཁྱད་པར་རོ། །གཞན་སྔོན་བཞིན་ནོ། །ཡང་དབང་གི་ལས་བཤད་པ། གནས་བདུན་གྱིས་ལ་སོགས་པ་ལ་གཟུགས་བརྙན་བྱས་པ་ལ་འཁོར་ལོ་ཇི་ལྟ ་བ་བཞིན་བྲིས་ཏེ། འཁོར་ལོ་དེ་མཆོད་ནས་གོང་གི་སྙིང་ཁར་བཅུག་ནས་སྔགས་བཟླས་པས་སོ། །ཟས་སུ་བཅུག་སྟེ་སྔགས་ལས་བྱུང་བར་བཟླས་ཏེ་ཁོང་དུ་སྦྱིན་པས་སོ། །ཡང་དུག་ལ་སོགས་པ་སྟེ། སྔོན་ལྟར་འཁོར་ལོ་བྲིས་ཏེ་དྲི་ཆེན་དང་ཤ་ཆེན ་ལས་གཟུགས་བརྙན་བྱས་པའི་སྙིང་ཁར་གོང་མ་བཅུག་ནས་བྱས་ན་དེ་ལྟར་འགྱུར་རོ། །ཡང་གྲོ་ག་ལ་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་བྲིས་ཏེ། སྦལ་བ་ནག་པོའི་གསུས་པར་བཅུག་སྟེ་མན་ངག་དང་ལྡན་པས ་རྣམ་པར་སྣང་མཛད་དམ། རང་གི་ཐེམ་པའི་འོག་ཏུ་བཅུག་ན་གསུངས་པ་ལྟར་འགྱུར་རོ། །དེ་ནས་བཤད་པ་བྱ་བ་ལ། དུར་ཁྲོད་རས་ལ་སྔོན་གྱི་རྫས་ཀྱིས་འཁོར་ལོ་བྲིས་ལ། འཚམས་ལ་ལམ་དང་མིང་སྤེལ་བ་དང་བསྐུལ་ཚིག་དང་ལྡན་པའི་འཁོར་ལོ ་བྲིས་ལ། དུར་ཁྲོད་ཀྱི་སོལ་བས་གཟུགས་བྱས་པའི་སྙིང་ཁར་བཅུག་སྟེ། ཏིང་ངེ་འཛིན་དང་ལྡན་པས་བསྐུལ་ཚིག་དང་ལྡན་པས་སྔགས་བཟླས་ན་དེ་བཞིན་དུ་འགྱུར་རོ། །ཐབས་ནི་སུ་ལ་བསྟན་མི་བྱ་བྱ་བ་ལ་སོགས་པ་གོ་སླ་སྟེ་མ་ཕྱེའོ། །རྡོ་རྗེ ་འཇིགས་བྱེད་ཀྱི་ཚིག་གི་རྒྱུད་ལས་གསད་པ་ལ་སོགས་པ་བསྒྲུབ་པའི་ཀལ་པ་སྟེ་གཉིས་པའི་བཤད་པའོ།། །།ད་ནི་བཤད་དེ་ཞེས་བྱ་བ་ལ་སོགས་པ་ལ། ལས་སྣ་ཚོགས་བསྒྲུབ་པ་ལ་སྔགས་དང་འབྲེལ་བས། ད་ནི་ཞེས ་བྱ་བ་གསུམ་པ་སྔགས་བ་ཏུ་བའི་སྐབས་ལ་བབ་པས་དེ་བཤད་དེ་ཞེས་པའི་དོན་ཏོ། །སྔོན་དུ་བརྟགས་པའི་གནས་སུ་འདུག་ནས་བྱ་བ་ལ། དུར་ཁྲོད་ལ་སོགས་པ་སྔོན་དུ་གསུངས་པའི་གནས་སུ་རྣལ་འབྱོར་པས་བསྙེན་པའི་སྔགས་བཏུ་བར་བྱ་བ་དང ་སྔོན་དུ་བརྟགས་བ་སྟེ་གནས་གསུམ་པོ་ལ་དགོད་པའི་སྔགས་བཏུ་བར་བྱ་ཞེས་བའི་ཐ་ཚིག་གོ། དེ་ལ་སུམ་བཅུ་རྩ་གཉིས་པ་བསྟན་པའི་ཕྱིར། དྲུག་པཱི་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་པའི་དང་པོ་ནི་ཡ་སྟེ་དང་པོའོ། །ལྔ་པའི་ལྔ་པ་ནི་མའོ། །དྲུག ་པའི་གཉིས་པ་ནི་རའོ། དབྱངས་ཡིག་གཉིས་པ་ནི་ཨ་རིང་པོའོ། །དེ་དང་ལྡན་པས་རར་འགྱུར་རོ། །གཉིས་པའི་གསུམ་པ་ནི་ཛའོ། དེ་ལ་ཡང་ཨས་བརྒྱན་པས་ཛཱའོ། བདུན་བའི་གསུམ་པ་ནི་སའོ། བཞི་པའི་གསུམ་པ་དའོ། དེ་བཅུ་གསུམ་པ་ཨོས་བརྒྱན ་པས་དོར་འགྱུར་རོ། །ལྔ་པའི་ལྔ་བ་ནི་ཡང་མའོ། །བཅུ་གཅིག་པ་ཨེས་བརྒྱན་པས་མེའོ། དྲུག་པའི་དང་པོ་ཡའོ། དེས་ཉི་མ་དང་པོའི་སྔགས་སོ། ཡང་ནི་དྲུག་པའི་དང་པོ་ཡའོ། །ལྔ་པའི་ལྔ་པ་མ་སྟེ་དེ་ལ་བཅུ་གཅིག་པས་མེར་རོ། །བཞི་བའི་གསུམ་པ་ད་སྟེ། བཅུ ་གསུམ་པས་དེའོ། །དྲུག་པའི་གཉིས་པ་ར་ལ། དབྱངས་ཡིག་ལྔ་པ་ཨུ་ས་བརྒྱན་པས་རུར་འགྱུར་རོ། །གསུམ་པའི་ལྔ་པ་ཎའོ། །རླུང་གི་ས་བོན་ཡ་དེའི་འོག་ཏུ་བཞག་པ་ལ། བཅུ་གསུམ་པ་ཨོས་བརྒྱན་པས་ཡའོ། །བཞི་པའི་གསུམ་པ་ནི་དའོ། །རླུང ་གི་ས་བོན་ལ་སོགས་པ་སྔ་མ་བཞིན་དེ་གོ་སླའོ། །དེས་ན་ཉི་མ་གཉིས་པ་གསུམ་པ་དང་བཞི་པའི་བཟླས་པའི་སྔགས་སུ་འགྱུར་ཏེ། དེ་དག་ལ་སྔོན་དུ་རྣམ་པར་སྣང་མཛད་དེ་ཨོཾ་བཞག་པ་ལ། དབང་ཆོག་ཡན་ལག་དང་ལྡན་པའོ། །ལྔ་པའི་གཉིས་པ་ཕ་དང། ་གསུམ་པའི་དང་པོ་ཊར་ལྡན་པས་ཕཊ་ཏུ་འགྱུར་ལ། དེ་གཉིས་འགྱུར་དུ་མཇུག་ཏུ་བཏགས་ཏེ་བཟླས་པར་བྱའོ། །དྲུག་པའི་དང་པོ་ནི་ཉི་མ་བཞི་པའི་དང་པོ་དང་ཐ་མ་སྟེ་རིགས་གཅིག་པས་དབུས་སུའོ། །གསུམ་པའི་བདུན་པ་དང་བཞི་པའི་གཉིས་པ ་ནི་དང་པོའི་ལྷོར་རོ། །དང་པོའི་གཉིས་པ་དང་བཞི་པའི་བདུན་པ་ནི་དེ་ཉིད་ཀྱི་ནུབ་དུའོ། །དང་པོའི་བདུན་པ་དང་གཉིས་པའི་གཉིས་པ་ནི་དེའི་བྱང་དུའོ། །གཉིས་པའི་བདུན་པ་དང་གསུམ་པའི་གཉིས་པ་ནི་དེའི་ཤར་དུའོ། །བཞི་བའི་གསུམ་པ་དང་གཉིས་པའི་ལྔ་པ་ནི ་རིམ་པ་གཉིས་པའི་ལྷོར་རོ། །དེ་ནས་བཟུང་སྟེ་གོ་རིམས་ལྟར། བཞི་བའི་བཞི་པ་རྩེག་མ་ནི་གཉིས་པ་ལའོ། བཞི་བའི་ལྔ་པ་ནི་གསུམ་པ་ལའོ། །དང་པོའི་གསུམ་པ་དང་བཞི་པའི་དྲུག་པ་ནི་བཞི་པ་ལའོ། །དང་པོའི་བཞི་པ་ནི་ལྔ་པ་ལའོ། དང་པོའི་ལྔ་པ་ནི ་དྲུག་པ་ལའོ། །དང་པོའི་དྲུག་པ་དང་གཉིས་པའི་གསུམ་པ་ནི་བདུན་པ་ལའོ། །གཉིས་པའི་བཞི་པ་ནི་བརྒྱད་པ་ལའོ། །གཉིས་པའི་ལྔ་པ་ནི་དགུ་པ་ལའོ། །གཉིས་བའི་དྲུག་པ་དང་གསུམ་བའི་གསུམ་པ་ནི་བཅུ་པ་ལའོ། གསུམ་པའི་བཞི་པ་ནི་བཅུ་གཅིག་པ ་ལའོ། གསུམ་པའི་ལྔ་པ་ནི་བཅུ་གཉིས་པ་ལའོ། །འདི་ནི་འཇམ་དཔལ་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་དེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ལས་ཞེས་པའི་དོན་ཏོ། །མ་ཧེ་ཞལ་གྱི་ལས་ཐམས་ཅད་ཞེས ་བྱ་བ་ནི། མ་ཧེ་ཞལ་གྱི་ཏིང་ངེ་འཛིན་གྱིས་ལས་ཐམས་ཅད་བསྒྲུབ་པ་སྔོན་དུ་བསྙེན་པའི་སྔགས་ཏེ་སྐུའི་འོ། །གཞན་དུ་ལས་ཐམས་ཅད་ཀྱི་འཁོར་ལོའི་སྔགས་སུ་ཡང་གསུངས་སོ། །བསྡུས་པས། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། འབུམ་ཕྲག ་གཅིག་ཞེས་བྱ་བ་ནི་བཟླས་པའི་གྲངས་ཏེ། འདིར་འབུམ་ཕྲག་གསུམ་གྱིས་ལས་ཐམས་ཅད་བྱེད་པའོ། །འདིར་དེ་མི་འབྱུང་བར་བྱ་བའི་བར་སྔགས་དང་འཁོར་ལོའི་ཆེ་བ་བསྟན་པའོ། །ཉེ་བའི་སྙིང་པོ་བསྟན་པའི་ཕྱིར་བདུན་པའི་བཞི་པ་ཞེས་བྱ་བ་ལ་སོགས ་པ་ལ། བདུན་པའི་བཞི་པ་ནི་ཧའོ། །དབྱངས་ཡིག་བཞི་པ་ལྡན་པ་ནི་ཨིའོ། །མེའི་ས་བོན་ནི་ར་སྟེ། ཧའི་འོག་ཏུ་ར་ལྡན་པའོ། །ཚེག་དྲག་ནི་དྲག་པར་གཅད་པའི་ཚེག་གཉིས་སྟེ་ཧྲི(རྒྱུད་འགྲེལ་གསུམ་པའི་དང་པོ་ཊ་སྟེ་ཥའི་འོག་ཏུའོ། མེའི་ས་བོན་ར་ཏེ་དེ་དེར་བཅུག་བས་ཥྚརི(རྒྱུད་འགྲེལ་ནི་ར་ཏེ་འོག་ཏུ་ལྡན་པས་ཀྲིར་འགྱུར་རོ། །བཞི་པའི་དང་པོ་ནི་ཏའོ། །དབྱངས་ཡིག་གཉིས་པ་ནི་ཨཱ་སྟེ་དེ་དང་ལྡན་པས་ཏཱ་རིང་པོར་འགྱུར་རོ། །བཞི་པའི་ལྔ་པ་ནི་ནའོ། དེ་ཁོ་ན་ཞེས་པ་ཡང་ན་སྟེ་གཉིས་སོ། །དེ་རྣམས་ལ་དང་པོ་སྟེ། གླད་དུ་རྣམ་པར ་སྣང་མཛད་དེ་ཨོཾ་བཞག་གོ་།ཡ་ལ་སོགས་པའི་བརྒྱད་པ་ཧའོ། དྲུག་པ་ཨུ་སྟེ་དེར་བརྒྱན་པས་ཧུའོ། །སྟེང་དུ་ཐིག་ལེས་བརྒྱན་པའོ། །ལྔ་པའི་གཉིས་པ་ཕ་དང་གསུམ་པའི་དང་པོ་ཊ་སྟེ་དེས་ཕཊ་དོ། །འདི་དེ་སྔགས་ཀྱི་རྒྱལ་པོ་ཞེས་པ་དེས་པའོ། །མ་ཧེ ་ཞལ་གྱི་བཟླས་པ་དང་འཁོར་ལོ་གསུམ་པ་ལ་བཀོད་པས་ལས་ཐམས་ཅད་བྱེད་པའོ། །ོཾ་ཞེས་བྱ་བ་ལ་སོགས་པ་སྟེ། འབུམ་ཕྲག་གསུམ་སྔོན་དུ་བསྙེན་པ་བྱས་ནས། ཕྱིས་ལས་ཐམས་ཅད་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བའི་དོན་ཏོ། །སྙིང་པོ ་བསྟན་པའི་ཕྱིར། དྲུག་པའི་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དེ་དེ་ཞེས་བྱ་བ་མ་ཧེ་ཞལ་ཅན་གྱི་སྙིང་པོ་བསྐུལ་བར་བྱེད་པས་སྙིང་པོར་གསུངས་ཏེ། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་འབུམ་ཕྲག་གསུམ་བཟླས་པས་ཁམས་གསུམ་སྟེ ་འཁོར་ལོ་གསུམ་པའམ། ཁམས་གསུམ་གནས་པའི་ལས་ཐམས་ཅད་ཅེས་བྱ་བའི་ཐ་ཚིག་གོ། ཤིན་ཏུ་མི་གཡོས་སྔགས་བཏུ་བྱ། ཞེས་བྱ་བ་ནི་སེམས་མ་འཁྲུལ་བས་བཏུལ་བའོ། །དེས་ན་མི་གཡོ་བས་སྔགས་བཟླས་པའོ། །དེས་མི་གཡོ་པར་ལས ་འགྲུབ་པར་བྱེད་པའི་སྔགས་བ་ཏུ་བའོ། །དཔལ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་སྔགས་བཏུ་བའི་ལ་ལི་ཏ་བཛྲས་ཀལ་པ་གསུམ་པའི་བཤད་པའོ།། །།དེ་ནས་བཤད་དེ་བྱ་བ་ལ། སྒྲུབ་ཐབས་ནི་འཇིགས་བྱེད་ཀྱིའོ། །སྔགས ་བཏུ་བའི་སྔོན་དུ་འགྲོ་བས་ནི་དེ་ནས་བར་མེད་པ་སྟེ་བཀྲ་ཤིས་པ་འམ་ཡང་ན་དེ་ནས་ནི་སྒྲུབ་ཐབས་སྟོན་པ་སྟེ། དེ་ནས་ཞེས་བྱ་བ་ནི་དུར་ཁྲོད་ལ་སོགས་པ་སྔོན་དུ་གསུངས་པའི་གནས་སུ་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་ཁ་ཟླ་བ་ལ་རང་གི་ས ་བོན་བཀོད་དེ། དེའི་སྣང་བས་བླ་མ་དང་བཅས་པ་གསལ་བ་ལ་ཕྱག་འཚལ་བ་ནས། བཏང་སྙོམས་ཀྱི་བར་བསྒོམས་ནས། དེའི་རྗེས་སུ་སྟོང་པ་ཉིད་བསྒོམ་པའི་ཕྱིར། དངོས་པོ་ཐམས་ཅད་དེ་ཕུང་པོ་ལ་སོགས་པ་རང་བཞིན་མེད་པར་མོས་པ་ལ་སོགས་པ ་བསལ་ཝ?་བསྲེད་ཅེས་བ་བའི་དོན་ཏོ། །དེས་ན་དང་པོ་སྭ་བྷ་ཝ་ཞེས་པ་ལ། དང་པོར་ཞེས་བྱ་བ་ནི། ཨོཾ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྟེ། དེ་ནས་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་བྱ་བའི་སྔགས་པས་དེའི་དོན་བསྒོམ་ཞེས་པའོ། །དེ་ནས་བར་སྣང་གི་ནམ་མཁའ་སྟེ་སྟོང་པ་ཉིད་བསྒོམས་ ་པ་དེ་ཉིད་ལ། ཡཾ་ལས་བྱུང་བ་བསམ་པར་བྱ་ཞེས་པའི་དོན་ཏོ། །དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་དེ་ཉིད་ཀྱིས་མཚན་པ་བསམས་ལ་ཧཱུཾ་བཞི་པའི་སྔགས་བརྗོད་པས། དེའི་འོད་ཀྱིས་ར་བ་དང་བླ་རེ་བསྒོམས ་ལ། དེའི་ནང་དུ་ནམ་མཁའ་ཨི་དབུས་སུ་ཡཾ་ལ་སོགས་པ་བཞི་ལས་འབྱུང་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རི་རབ་ཏུ་གྲུབ་པའོ། །དེའི་སྟེང་དུ་རི་རབ་ཏུ་གྲུབ་པའོ། །དེའི་སྟེང་དུ་བྷྲུཾ་ལས་བྱུང་བ་དེ་ལས་སྐུའི་རྡོ་རྗེ་དེ་གྱུར་པ་ལས་གཞལ་ཡས་ཁང་བུར་ཁྲོད་བརྒྱད་དང་བཅས་པ་བསམས་ལ། ་ཞེས་བྱ་བའི་དོན་ཏོ། །དེ་སྟེང་དབྱངས་ཡིག་དབ་པོས་བསྐྱེད་ཞེས་བྱ་བ་ལ། དེ་སྟེང་གཞལ་ཡས་ཁང་གི་དབུས་སུའོ། །དང་པོ་ནི་ཨ་ལས་བྱུང་བའི་ཟླ་བའོ། །དེའི་སྟེང་ནི་ཟླ་བའི་སྟེང་དུ་དྷི:ཱོ། །དེ་ལས་བསྐྱེད་པའི་རལ་གྲི་ལ་དེ་ཉིད་ཀྱིས་མཚན་པའོ། །དེ་ནས་འཇམ ་དཔལ་གྱི་སྐུར་བསྐྱེད་པའི་དོན་ཏོ། །དེའི་སྙིང་ཁར་བྱ་བ་ནི་འཇམ་དཔལ་གྱི་སྙིང་ཁར་ཉི་མའོ། །འོད་འབར་ཞེས་པ་ནི་ཉི་མ་ལས་འོད་འཕྲོས་པས་གསུངས་པ་བསྡུས་པ་ཐམས་ཅད་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་རོ། །འོད་རྒྱད་གྲགས་དང་ལྡན་པའོ། །དེ་སྟེང ་ཧཱུཾ་ལས་འོད་འཕྲོས་བྱ་བ་ལ། ཉི་མའི་སྟེང་གི་ཧཱུཾ་ལས་འཕྲོས་པས་སོ། །སྔོན་དུ་གསུངས་པའི་སངས་རྒྱས་ལ་སོགས་པ་བཀུག་སྟེ་བསྟིམ་པས། དེ་ལས་འཇིགས་པའི་རྡོ་རྗེ་སྟེ་གདེངས་པོར་རོ། །དེ་ལས་འོད་ཟེར་གྱི་སྟེ་འོད་སྔ་མ་དང་འདྲ་བར་འཕྲོས་ཏེ། དོན་ཏེ ་བྱས་ཏེ་འདུས་པ་ལས། རྡོ་རྗེར་གྱུར་པ་ལས་བཅོམ་ལྡན་ཞལ་དགུ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་གཟུགས་སུ་གྱུར་ཞེས་པའི་དོན་ཏོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་བསམ་ཞིང། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དང ་བ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་བུ་རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བུ་རུ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་པོར་རུའོ། །རང་ཉིད་སྟེ་རང་གི་སྙིང་ཁར་རོ། །རྟག་ཏུ་ཉི་མ་ལའོ། ། ་མི་གཡོ་བ་ནི་ཧཱུཾ་གི་དམིགས་པ་བསྒོམས་པའོ། །འདིས་ནི་རང་གི་སྙིང་ཁང་འཇམ་དཔལ་དེའི་སྙིང་ཁང་ཉི་མ་ལ་ཧཱུཾ་པདམོར་པར་བསྟན་ནོ།།འདི་གང་ཞེས་བྱ་བ་ནི་ཉི་མའི་སྟེང་གི་ཧཱུཾ་གང་ཡིན་པ་ལས་འོད་འཕྲོས་པའི་དོན་ཏོ། །དེའི་འོད་ཀྱིས་རང་བཞིན་གྱི་རྡོ་རྗེ་འཇིགས་བྱེད་ཅི་འདྲ་ཞེ་ན། དེ་རང ་སྟེ་དམ་ཚིག་གི་དཀྱིལ་འཁོར་གྱི་མ་ཧེ་ཞལ་ཅི་འདྲ་བར་བར་བསམས་པའོ། །འདི་སྐད་སྟོན་ཏེ། ཧཱུཾ་གི་འོད་དང་རྡོ་རྗེ་བསྡུ་པའི་ཕྱག་རྒྱ་སྔགས་དང་ཅས་པ་སྣ་སྤྱན་དྲངས་ཏེ། མདུན་དུ་བཞུགས་པ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་སྔགས་དང་བཅས་པས ་ཕུལ་ལ། དེ་ནས་ཕྱག་རྒྱ་བཞི་ས་དགུག་པ་ལ་སོགས་པ་བྱས་ནས་གནས་པས་དེ་རང་བསམ་ཞེས་པའི་དོན་ཏོ། འཇིགས་བྱེད་ཀྱི་གནས་འདུག་ཞེས་བྱ་བ་ནི། ལྷའི་ང་རྒྱལ་ལ་གནས་པས། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དྲུག་ལ ་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། སྤྱན་རས་གཟིགས་དང། སྒྲི་པ་ཀུན་སེལ་དང། ཀུན་ཏུ་བཟང་པོ་རྣམས་མིང་གི་ཡི་གེ་ལས་གོ་རིམས་ལྟར་བསྐྱེད་དེ། ཡང་གནས་གསུམ་དུ་ཡི་གེ་གསུམ་ཡང་བཀོད་ལ། སྙིང་ཁའི་ཧཱུཾ་གི ་འོད་ཟེར་གྱིས་མདུན་དུ་སངས་རྒྱས་སྤྱན་དྲངས་ཏེ། དེ་ལ་མཆོད་དེ་གསོལ་བ་བཏབ་པས། རིགས་ལྔས་བདུད་རྩིའི་བུམ་པ་ཐོགས་པས་དབང་བསྐུར་པར་བསམས་ལ། འོག་གི་བདུད་རྩི་ལྔའི་བཟའ་བྱ་བའི་དོན་གྱིས། ཡཾ་རཾ་ཨ་ལས་རླུང་དང་མེ་དང་ཐོད་པ་བསམS ་ཏེ་དེའི་ནང་དུ་བདུད་ཀྱི་ལྔ་བསམས་ཏེ། ཧཱུཾ་གིས་ངག་པ་དང། ཨ་ཡིས་རྟོག་པ་དང། ཨོཾ་གྱིས་འབར་བར་བྱས་ནས་ལྕེ་རྡོ་རྗེའི་སྦྱོར་བས་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱས་ནས། འཁོར་འཁོར་ལོ་ལ་འདུས་བས་བསྟོད་པས་མཉེས་པར་བྱས་ལ་ཞེས་བྱ ་པའི་པར་ན་འཇིགས་བྱེད་ཀྱི་གནས་འདུག་ནས་ཞེས་བྱ་བའི་སྒྲའི་དོན་ཏོ། །རང་གི་སྙིང་པོའི་སྔགས་བཟླས་སོ་བྱ་བ་ལ། ཇི་ལྟར་བཟླ་ཞེ་ན། བཟླས་པའི་དུས་སུ་རང་གི་སྙིང་ལ་སྟེ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཁའི་ཉི་མ་ལ་རང་སྔགས་ཞེས་བྱ་བ་རྩ་བའི་སྔགས་སམ་ཉེ་བའི ་སྙིང་པོ་བསམས་ཏེ་དགོད་པའོ། །འབར་བ་སྟེ་འོད་དང་བཅས་པར་བཟླས་པའམ། སེམས་གནས་ཏེ་མ་ཡེངས་པས་བཟླས་པའོ། །དེའི་ཚེ་སྔགས་པ་འཇིགས་བྱེད་ཀྱི་རྣལ་འབྱོར་པས་འཇིགས་མེད་དེ་རྟོག་པ་དང་བྲལ་བས། དུར ་ཁྲོད་ལ་སོགས་པའི་གནས་སྔོན་དུ་གསུངས་པར་རོ། །བདུད་རྩི་ལྔ་ལ་སྤྱོད་ཅིང་བསྒྲུབས་ནས་ཐེ་ཚོམ་མེད་པར་འགྲུབ་ཅེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་ཞེས་པ་ཡང་གི་སྒྲས་ཤ་ཆེན་ལ་སོགས་ཏེ་ཤ་ལྔ་ཡང་ངོ། །དེ་ཟ་ཞིང་སྔགས་བཟླས་ན ་ཟིན་ན་ཏེ་ཐེམ་ན་སྔོད་ལས་ཐམས་ཅད་བསྒྲུབས་པས་འགྲུབ་ཅེས་པའི་དོན་ཏོ། །དུར་ཁྲོད་ལ་སོགས་པའི་རྟག་གནས་ཞེས་བྱ་བ་ལ་སོགས་པས་བདུད་རྩི་བཟའ་བའི་ཐབས་བསྟན་ཏེ། ཡར་ངོའི་ཆོས་གཅིག་གི་ནུབ་མོ་བུ་མོ་སྔོ་བསངས་མ་བསྟེན་ཏེ། ་སྐྱ་རེངས་འཆར་ཚེ་སྦྱོར་བ་བྱས་པའི་རང་གི་ཁུ་བ་པདྨ་ལ་མ་བབས་པར་ལྕགས་ཀྱི་སྣོད་ཀྱིས་བླངས་ཏེ། དྲོད་མ་ཡལ་བར་ཉི་མའི་སྦུ་གུས་བཏུང་པའམ། ཡང་ཁོང་དུ་འཐུངས་ན་ཚེ་རིང་ཞིང་རྒས་པ་མེད་པ་སྟེ་རྡོ་རྗེའི་ཚེ་དང་འདྲ་བར་འགྱུར་རོ། །ཡང་མར་ངོའི་ཚེས ་གཅིག་ལ་བུད་མེད་སྔོ་བསངས་མ་མེ་ཏོག་ཅན་བཙལ་ལ། འདོད་པའི་བསྟན་བཅོས་ཀྱིས་ཆགས་པ་བསྐྱེད་དེ་ཞག་གསུམ་ལོན་པའི་ནུབ་མོ་སྐྱ་རེངས་ཤར་བའི་ཚེ་སྦྱོར་བ་བྱས་པའི་འབྲས་བུ་གཉིས་འདྲེས་པ་དེ་དྲོད་མ་ཡལ་བར་བཏུང་བའམ། ཡང་ན་ཉི་མའི་སྐུ ་གུས་འཐུངས་ན་ཡོན་ཏན་སྔ་མ་བཞིན་ནོ། །ཟས་དཀར་གསུམ་དང་དངར་གསུམ་མཆོད་རིག་པར་ཟོས་ལ་ཞག་རེ་ལ་འཕོ་བ་ཕྱེད་ཀྱི་ཚད་ཀྱིས་དྲི་ཆེན་ཏོར་བ་བྱས་ལ། ཞག་གསུམ་དུ་གནས་པའི་དྲི་ཆེན་བླགས་ཏེ་གྲིབ་སྐམས་བྱས་ཏེ། བྱི་ལའི་སྦར་ཚད་ཀྱི་ཕྱེ ་མ་བའི་འོ་མ་དང་སྦྱར་ཏེ་འཐུངས་ན་དེ་བཞིན་དུ་འགྱུར་རོ། །མི་དཔའ་བོ་གཡུལ་དུ་མ་ལོག་པར་ཤི་བའི་བྱིན་པའི་ཤ་གཅད་དེས་བཟང་པོའི་འདམ་པར་དྲིལ་ཏེ། ཁམ་ཕོར་ཁ་སྦྱར་དུ་བཅུག་ནས། ཡང་དེ་འདམ་པ་བཟང་པོར་བྱུགས་ནས། དེའི་སྟེང་དུ་མེ ་བཏང་སྟེ་བསྲོས་པས་ཁུ་བ་བྱུང་བ་དེ་བླངས་ཏེ་འཐུངས་ན་གོང་བཞིན་ནོ། །སྔར་གྱི་ཟས་ཟ་བའི་ཚ་སྤངས་པས་སྔ་མ་བཞིན་དུ་ཞག་གསུམ་པ་ནམ་གྱི་གུང་ལ་བླངས་པའི་དྲི་ཆུ་ཆ་གསུམ་པའི་སྣོད་དུ་བཅུག་སྟེ། ཞག་གསུམ་ལོན་པའི་རྩེ་མོའི་ཆ་བྱུག་པ་བྱ་ཞིང། བར་མ ་བཏུང། ཐ་མ་དོར་ན་སྔ་མ་བཞིན་ནོ། །ཡང་ན་སྔ་མའི་བདུད་རྩི་ལྔ་འབྲས་བུ་གསུམ་གྱི་ཕྱེ་དང་སྦྱར་ཏེ་བཟའ་བ་འམ། ཡང་ན་དངོས་སུ་རི་ལུ་རེ་རེ་ཟོས་ན་འགྲུབ་པར་ཐེ་ཚོམ་མེད་ཞེས་པའི་དོན་ཏོ། །འཇམ་དཔལ་གྱི་རྒྱུད་ལས་བསྒོམ་པའི་ཐབས་ཀྱི་ཀལ་པ་སྟེ ་བཞི་པའི་བཤད་པའོ།། །།དེ་ནས་བཤད་དེ་ཞེས་པ་ཡང། དངོས་ཀྱི་རྟགས་བལྟ་བ་དང་དམིགས་པའི་རྟེན་བསྟན་པཱི?་བྱིང?་བྲིས་སྐུ་བྲི་བའི་ཆོ་ག་བཤད་ཞེས་པའི་དོན་ཏོ། །ཉིད་གསུངས་པ་ནི་ངེས་པར་བཟུང་བའོ། །གཞི་བསྟན་པའི་ཕྱིར་དཔའ་ ་བོ་ཞེས་བྱ་བ་ལ། དཔའ་བོའི་ཤུན་པ་སྟོ་གཡུལ་དུ་ཤི་བའོ། །དྲིལ་བ་ནི་རོའི་གོས་སོ། །མེ་ཏོག་རས་ནི་བུ་མོའི་གོས་སོ། །བུ་བཙས་པ་ནི་བུད་མེད་ཀྱི་གོས་སོ། །དེ་ལས་གཞན་པའི་རས་གང་ཡང་རུང་བ་ལ། རི་མོ་མཁན་གྱི་མཚན་ཉིད་བསྟན་པའི་ཕྱིར། སངས ་རྒྱས་པ་ཞེས་པ་ནས་འདྲི་མཁན་གྱི་བར་དུ་གསུངས་ཏེ་གོ་བསླ་བསམ་ཕྱེའོ། །འདི་ལྟ་བུ་ཞེས་པ་གོང་གི་མཚན་ཉིད་དང། དབང་དང་ལྡན་པའི་རི་མོ་མཁན་ལ། དངས་གྲུབ་ལྷུར་ལེན་པའི་དཔའ་བོ་སྟེ་སྒྲུབ་པ་པོས་སོ། །ཡོན་ཞེས་པ་ཕབ་པ་ལ་མི་རྩག་པའོ། ། ་དེའི་ཐབས་ནི་འདི་ལྟར་རོ་བྱ་བ་ལ་སོགས་པས་འདྲི་མཁན་གྱི་བྱ་བ་སྟོན་ཏེ། གསང་བའི་གནས་ནི་དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་འདུག་ནས་བྲི་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གཞན་ཏེ་སྐལ་པ་མེད་ཅིང་དབང་བསྐུར་བ་མེད་པ་ལ ་མི་བསྟན་པའི་ཕྱིར་ཞེས་པའི་དོན་ཏོ། །འདྲི་མཁན་ཞེས་བྱ་བ་ལ་སོགས་པ་ལ་དབང་དང་ལྡན་པའི་འདྲི་མཁན་དང་བསྒྲུབ་པ་པོས་བལྟ་ཞེས་པའི་དོན་ཏོ། །འཇིགས་བྱེད་ཆེན་པོའི་གཟུགས་ཞེས་བྱ་བ་ལ་སོགས་པ་བྲི་བ་བསྟན་ཏེ། གའུ་གཅིག་པར་ཚོན་བདུད ་རྩི་ལྔ་དང་སྦྱར་ཏེ། མིའི་སྐྲའི་སྤིར?་གྱིས་ཚོན་གྱི་སྐྱོན་ཤེས་པར་བྱས་ལ་ཚད་དང་ལྡན་པར་ཇི་སྐད་གསུངས་པའི་རྡོ་རྗེ་འཇིགས་བྱེད་དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཆུད་པ། དུར་ཁྲོད་བརྒྱད་ན་བསྒྲུབ་པ་པོ་ལ་སོགས་པ་གནས་པ་བྲི་ཞེས་པའི་དོན་ཏོ། །དེ ་དེ་ལྟར་བྲིས་ནས་དེའི་བྱ་བ་བསྟན་པའི་ཕྱིར། འདི་ནས་བྱ་བ་ལ་སོགས་པ་གསུངས་ཏེ། དམན་པ་ལ་མི་བསྟན་པས་གསང་བའོ། །གནས་གཅིག་ཏུ་གཞག་ཅེས་པ་ནི། དུར་ཁྲོད་ལ་སོགས་པ་གང་ཡང་རུང་བ་དབེན་པའི་ཕྱོགས་གཅིག་ཏུའོ། །དེར་ཞེས་པ་དེར ་དེ། ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་རང་བཞིན་གྱིས་བཀུག་པ་གཞག་སྟེ། ཤ་ཆེན་ལ་སོགས་པས་རབ་ཏུ་མཆོད་དེ། རུས་ཆེན་ཏེ་དེའི་ཕྲེང་བ་དང་ལྡན་པས་བཟླས་ཏེ། རབ་གནས་ཀྱི་ཆོ་ག་རྒྱས་པར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་རབ་གནས་དང་ལྡན་པ་དེ་དང ་པ་དང་ལྡན་པའི་སྔགས་པས་དངོས་གྲུབ་བསྒྲུབ་པའི་ཕྱིར་གཞན་ལ་མི་བསྟན་པར་མཆོད་པ་ལ་སོགས་པ་བྱ་བ་ནི་གསལ་ལོ། །འཇམ་དཔལ་འཇིགས་བྱེད་ཀྱི་རྒྱུད་ལས་བྲིས་སྐུ་བྲི་བའི་ཐབས་ཀྱི་ཀལ་པ་སྟེ་ལྔ་པའི་བཤད་པའོ།། །། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་བྱའོ་ཞེས་བྱ་བར་འབྲེལ་ཏེ། སྔོན་དུ་ལྷའི་རྣལ་འབྱོར་ཞེས་པ་བསྙེན་པ་དང་ལྡན་པས་སོ། །ལས་ནི་སྦྱིན་བསྲེགས་གི་ལས་བཤད་པ་དེའོ། །འདི་མཚན་ཕྱེད་ན་སྟེ། གསང་པ་ལ་སོགས་པ་དྲག་པོའི་ལས ་རྣམས་སོ། །གཞན་ནི་དུས་གཞན་དུ་ཡང་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་པ་ནི་ལས་རྣམས་ལ་བསད་པར་འདོད་ན་སྟེ་སྦྱིན་བསྲེག་གིས་བསོད་པར་འདོད་ན་ཞེས་པ་ནི་ལྷག་མའོ། །དེར་ནི་དྲི་ཆེན་ཞེས་བྱ་བ་ལ་སོགས་པ་ནི་བསྲེག་རྫས་ཏེ་གོ་སླའོ། །བསྲེས ་ནས་ཞེས་པ་ནི་གཅིག་ཏུ་བསྲེས་ཏེ་བསྲེག་པ་འམ། ཡང་ན་སོ་སོར་བསྲེག་པའོ། །གང་དུ་ཞེ་ན་དུར་ཁྲོད་མེ་སྟེ་ཐབ་མི་བཅའ་ཞེས་པའི་དོན་ཏོ། །ཤིན་ཏུ་མི་གཡོ་ཞེས་པ་ནི་ལྷའི་རྣལ་འབྱོར་ལས་མི་གཡོ་པའོ། །ལྷོ་ཕྱོགས་སུ་བལྟ་བ་ནི་གསོད་པའི ་ཕྱིར་རོ། །མེའི་ནང་དུ་མ་ཧེའི་ཞལ་བསམས་ལ་གཤིན་རྗེའི་སྔགས་ཏེ་རྩ་བའི་སྔགས་སམ་ཉེ་བའི་སྙིང་པོས་ཆོད་པའི་སྦྱིན་བསྲེག་བྱས་ལ། བརྒྱ་རྩ་བརྒྱད་ཞེས་པ་སྔགས་ལ་བསྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པས་བརྒྱ་རྩ་བརྒྱད་བསྲེགས་ན་གསོད་པ་སྟེ། ་ཞག་གསུམ་ཞེས་པ་ནི་ལས་སུ་རུང་ན་ཏེ་ཐལ་ཆེས་པའི་ཚོག་གོ་།ཡང་ན་ཞེས་པ་ནི་ཕྱོགས་གཞན་སྟོན་པའི་ཚིག་གི་ཕྲད་དོ། །ཐབ་ཁུང་བཅའ་བའི་ཕྱོགས་སོ། །དབེན་པའི་གནས་ནི་ཐབ་བྱ་བའི་གནས་སོ། །མེ་ཐབས་སོར་ཉི་ཤུ་པའི་ཐབ་ཟབས་སུ་སོར་བཅུ་པ་བྱས ་ལ་ཞེས་པའི་དོན་ཏོ། །སྔོན་དུ་གསུངས་པའི་རྫས་ཞེས་པ་ནི་བསྲེག་རྫས་ཏེ་དྲི་ཆེན་ལ་སོགས་པའོ། །གོང་གི་རྣལ་འབྱོར་གྱིས་བྱ་བ་ནི་མ་ཧེའི་ཞལ་གྱི་རྣལ་འབྱོར་གྱིས་སོ། །གཏུམ་པའི་མེ་ནི་མི་རྡོལ་བའམ་སྨྲེ་ཤ་ཅན་གྱི་ཁྱིམ་གྱི་མེ་ལའོ། །བསྲེག་པ་ནི་གོང ་མའི་རྫས་སོ། །འདི་སྐད་སྟོན་ཏེ། བསྙེན་པ་མཐར་ཕྱིན་པས་གསོད་པར་འདོད་ན། དབེན་པའི་གནས་སུ་ཐབ་ཁུང་དུ། །གྲུ་གསུམ་སོར་མ་ཉི་ཤུ་ལ། །ཟབས་སུ་དེའི་ཕྱེད་བརྐོས་ལ། །སོར་གསུམ་དོར་ཏེ་དེ་བཞིན་བརྩིག་།དུར་ཁྲོད་སོལ་བ་སྩོགས་ཀྱིས་བྱུག་།དབུས་སུ ་རྡོ་རྗེ་གདེངས་པོས་མཚན། །རྡོ་རྗེ་རྩེ་གསུམ་ཁ་ཁྱེར་ལ། །བྲིས་ཏེ་ཐབ་ཁུང་བཤམས་ནས་ནི། །ཀོ་པི་དར་ལ་སོགས་པའི། །གནག་པ་ཚེར་མ་ཅན་གྱི་ཤིང། །བུད་ཤིང་དུ་ནི་བསྲེག་པའོ། །མེ་ཏོག་ནག་པོའི་མཆོད་རྫས་དང། །དྲི་ང་བའི་གདུག་པ་དང།། ་སྦྲང་ཆེན་མར་མེ་དེ་བཞིན་ཏེ། །ཤ་རྣ་ཚོགས་པའི་ལྷ་བཤོས་དང། །ཁྲག་དང་དུག་གི་དྲི་ཆབ་བསག་།བསྲེག་རྫས་དྲི་ཆེན་དྲི་ཆུ་དང། །བོད་བུ་རྔ་མོ་རྟོག་པ་དང། །ཚ་བའི་མར་དང་སྒྲུབ་བྱའི་སྐྲ། །སེན་མོ་རྐང་རྗེས་དག་དང་ནི། །མི་རུས་ཡཾ་ཤིང་དག་དང ་ནི། །ཚེར་མ་ཅན་གྱི་ཤིང་ལས་ནི། །སོར་མོ་བཅུའི་ཚད་བྱའོ། །དེ་ནས་ལྷའི་རྣལ་འབྱོར་ནི། །དགང་བཟར་ལ་སོགས་ལྡན་པ་ཡིས། །སྐད་གཅིག་ལྷའི་ཏིང་འཛིན་རྣམས། །ཆོ་ག་ཚང་བས་ལྷར་བསྐྱེད་ལ། །ོཾ་དང་ཧཱུཾ་ཕཊ་གཉིས་ལྡན་པས། །གསང་གཏོར་བྱིན ་བརླབས་རྫས་རྣམས་དགོད། །མཆོད་རྫས་གཡས་ལ་བསྲེག་རྫས་གཡོན། །དགང་གཟར་ཐུགས་གཟར་མར་ལྡན་དང། །རྡོ་རྗེ་དྲིལ་བུ་བདུན་དུའོ། དེ་ནས་རྫས་རྣམས་བྱིན་བརླབ་པ། །དང་པོ་ཨོཾ་ལྡན་སྔགས་དག་གིས། །མཆོད ་པ་བྱིན་བརླབས་ཕྱག་རྒྱས་སོ། །དེ་ནས་བུད་ཤིང་སྔགས་དང་ནི། །བཅས་པའི་ཆུ་ཡིས་མེ་བསང་སྟེ། །རྡོལ་པ་ལ་སོགས་ཁྱིམ་གྱི་མེ། །བླངས་ཏེ་ཐབ་ཁུང་བཅུག་པ་ལ། །ཛཝ་ལ་ཛཝ་ལས་མེ་སྤར་ཏེ། །ཏིང་འཛིན་མར་དང་ལྡན་པས་སོ། །དེ་ནི་རང་གི་ཡི་གེ་ལS།། ་ཐབས་བསྐྱེད་ཉི་མའི་དཀྱིལ་སྟེང་དུ། །ར་ལས་མེ་དཀྱིལ་གྲུ་གསུམ་པ། །ཡི་གེ་འབྲུ་གསུམ་མཚན་མར་གྱུར། །དེ་དག་གྱུར་པས་དྲག་པོའི་མེ། །ཁྲོ་བོའི་གཟུགས་ཅན་དུ་བྱེད་པ། །འགོར་སྐྱེར་གྱེན་འགྲེང་ཁམ་པ་ལ། །འོད་ཟེར་དུ་མས་ལུས ་བརྒྱན་པ། །ཞལ་གསུམ་གནག་དང་དཀར་གཡོན་ལྗང། །ཕྱག་དྲུག་རྡོ་རྗེ་སྤྱི་བླུགས་དང། །སྐྱབས་སྦྱིན་གཡས་ཀྱི་གསུམ་ནའོ། །དྲིལ་བུ་དབྱུག་པ་བགྲང་ཕྲེང་གཡོན། །བརྒྱན་ལྡན་བསྒོམས་ནས་རང་བཞིན་གྱི། །སྔགས་ཀྱིས་ལྷ་དེ་སྤྱན་དྲངས་ཏེ། །ེ་ཧཡ་ཧི ་མ་ཧཱ་བྷུ་ཏ་དེ་བ?་རི་ཤི་སད་ན་མ་ཧཱ་ཨ་ཧཱུ་ཏི་ཨས་སྨིན་ས་ནི་ཧི་ཏོ་བྷ་བ་ཏི་ཨག་ནེ་མ་མ་ཤ་ཏྲུཾ་མར་ཡ་ཕཊ། སྔགས་དང་ཏིང་འཛིན་ལྡན་པ་ཡིས། །ཐབ་དང་ཉེ་བར་བཀུག་པ་ལ། །ཛ་ལ་སོགས་པའི་ལས་ཀྱིས་བསྟིམ། །གཉིས་མེད་འགྱུར་བའི་ལྷ་དེ་ལ། །མཆོད་ཡོན ་སྔོན་དུ་འགྲོ་བ་ཡིས། །རང་སྔགས་ལྡན་པའི་མཆོད་པ་དབུལ། །དེ་ནས་ཉུངས་མར་དགུ་བཅས་པའི། །དགང་བླུགས་སྔགས་ཀྱིས་ཞལ་དུ་དབུལ། །དེ་ནས་ཡམས་ཤིང?་ལ་སོགས་པ། །བསྲེག་བླུགས་ཐམས་ཅད་རིམས་བཞིན་དབུལ། །རྫོགས་ནས ་མཇུག་དུ་དགང་བླུགས་དབུལ། །ལས་བསྒྲུབ་པ་ཡང་སྔོན་དུ་བྱ། །དེ་རྗེས་དེའི་སྙིང་ཁང་རུ། །དམར་པོའི་སྟེང་དུ་ཧཱུཾ་ལས་ནི། །འཇིགས་བྱེད་ཆེན་པོ་བསམ་པར་བྱ། །དེ་ནས་ཡེ་ཤེས་འཁོར་ལོ་ཡང། །སྔགས་འདིས་མདུན་དུ་སྤྱན་དྲངས་ཏེ། །ོཾ་ཧྲི་ཧ ་བྷོ་མཧཱ་གྲོ་དྷ་ཨ་གཙྪ་ཡ་ཨ་སྨ་ཧ་པུ་ཙ་པྲ་ཏི་གྲིཧྣ་ནྟུ་པྲ་ས་དྷ་མེ་དི་མན་ཀུ་རུ་ཤ་ཏྲུཾ་མ་ར་ཡ་ཕཊ། དེ་ནས་བསང་གཏོར་སྔོན་འགྲོ་བས། །དགུག་ལ་སོགས་པའི་ལས་བྱས་ལ། །གཉིས་མེད་གྱུར་ལ་སྔོན་བཞིན་དུ། །མཆོད་ཡོན་སྔོན་དུ་འགྲོ་བས་མཆོད། །དེ་རྗེས ་མར་གྱི་དགང་བླུགས་དབུལ། །དེ་ནས་ཡམས་ཤིང་ལ་སོགས་པ། །བསྲེག་བླུགས་རིམས་བཞིན་དབུལ་བར་བྱ། །དེ་ནས་དགང་བླུགས་བདུན་ཕུལ་ལ། །དེ་ནས་མཆོད་པ་དབུལ་བར་བྱ། །མེ་ཏོག་ནག་པོས་ལས་བསྒྲུབ་སྟེ། །ོཾ་ཧྲི(རྒྱུད་འགྲེལ་ཤ་ཏྲུཾ་མར་ཡ་ཕཊ། ལས་བསྒྲུབ་སྦྱིན་བསྲེག་རྗེས་སུ་ཡང། །མཆོད་པ་མཆོད་ཡོན་བཏགས་པས་སོ། །དེ་ནས་ལྷ་དེ་གཤེགས་པར་བྱ། །སྔོན་བཞིན་ལྷག་མས་མེ་མཆོད་ལ། །རང་བཞིན་མེ་དེ་གཤེགས་པར་བསམ། །དམ་ཚིག་མེ་དེ་རང་ལ་བསྡུ། །མཇུག ་བསྡུའི་ཆོ་ག་རྫོགས་བྱས་པ། །སྦྱིན་བསྲེག་རྒྱས་པའི་ཆོ་གའོ། །དེS་ན་མཚན་ཕྱེད་ན་དེ་ལྟར་བྱས་པས། །ངེས་པར་སྔོན་ལྟར་བྱ་བ་ནི་ཞག་གསུམ་གྱིས་ངེས་པར་བྱ་བའི་དོན་ཏོ། །ཡང་ན་ཞེས་པ་ནི་གཞན་སྟོན་པའི་ཕྲད་དོ། །དབྱེ་བར་འདོད་ཞེས་པས་ནི་སྦྱིན ་བསྲེག་གིས་སོ། །བྱ་རོག་འུག་པ་ཞེས་བྱ་བ་ནི་བསྲེག་རྫས་སོ། །སྒྲུབ་བྱའི་མིང་བཅུག་ཞེས་པ་ནི་སྔགས་ཀྱི་མཇུག་ལ་ཆེ་གེ་མོ་དང་ཆེ་གེ་མོ་བི་དེ་ཤ་ཡ་བཅུག་པའོ། །དུར་ཁྲོད་མེས་བསྲེག་ཅེས་བྱ་བ་ནི་ཐབ་མི་བཅའ་བར་དུར་ཁྲོད་ཀྱི་མེ་ལ་ཆོ་ག་སྔོན་གྱི་ལྟར། ་བྱས་པས་གསུངས་པ་ལྟར་འགྱུར་རོ། །གཞན་དག་ནི་ཐབ་ནི་གཉིས་ག་ལ་གོང་དང་འཐུན་པར་བྱས་ལ་གནས་མི་ཅིག་པ་དང། མེ་མི་ཅིག་པ་ཡིན་ནོ་ཟེར། ཡང་ན་དུར་ཁྲོད་ཤིང་བྱ་བ་ནི་ཐབ་མི་བཅའ་བའི་ཁྱད་པར་གཞན་ཏེ་སྔོན་བཞིན་ནོ། །ཡང་འདོད ་པས་ཞེས་བྱ་བ་ནི་སྲིན་བསྲེག་གིས་བསྐད་པར་འདོད་པས་སོ། །བྱ་རོག་ཤ་ཞེས་བྱ་བ་ལ་སོགས་པ་ནི་བསྲེག་རྫས་སོ། །རླུང་གི་དཀྱིལ་འཁོར་ཐོག་ཏུ་ལྷ་བསྐྱེད་ཅེས་པའོ། །དུར་ཁྲོད་ཤིང་ནི་བུད་ཤིང་ངོ། །མ་ཧེ་ཞལ་གྱིས་ལྷོར་བལྟས་ཏེ་མིང་བཅུག་པ་ནི་ ་སྔགས་ལ་ཆེ་གེ་མོ་ཨུ་ཙ་ཏ་ཡ་བཅུག་པས་སོ། །སྔོན་གྱི་ཆོ་གས་བྱས་ན་གསུངས་པ་ལྟར་འགྱུར་རོ། །ཡང་ན་འདོད་པས་ཞེས་བྱ་བར་འབྲེལ་ཏེ་སྦྱིན་བསྲེག་གིས་སོ། །ལྡོང་རོས་ཞེས་བྱ་བ་ལ་སོགས་པ་ནི་བསྲེག་རྫས་སོ། །དཀྱིལ ་འཁོར་གྲུ་བཞི་པ་ཐབ་ཀྱི་ཁྱད་པར་ཏེ་རྒྱས་པའི་ཐབ་ཇི་ལྟ་བ་བཞིན་ཏེ། མཆོད་རྫས་ལ་སོགས་པ་སེར་པོའོ། །བྱང་གི་ཕྱོགས་ཏེ་དེར་ཁ་བལྟས་ལ། ལས་ཀྱི་ཁྱད་པར་ནི་བཟང་པོའི་འདུག་སྟངས་ཀྱིས་འདུག་པའོ། །དེའི་མིང་དང་སྟཾ་བྷ་ཡ་ཞེས་པ་བཏགས་ཏེ། ་མེ་ལྷ་སེར་པོ་ལ་ཐབས་རྒྱས་པས་བསྲེགས་ན་རེངས་པའོ། །ཡང་ན་འདོད་པས་ཞེས་བྱ་བ་ལ་སོགས་པ་ལ། ནི་མ་པ་ཞེས་བྱ་བ་ལ་སོགས་པ་ནི་བུད་ཤིང་ལ་སོགས་པའི་ཁྱད་པར་ཙམ་སྟེ། ཐབས་རྒྱས་པར་གསུངས་པ་ལྟར་བྱས་ན་གསུངས་པ་ལྟར་འགྱུར་རོ ་ཡང་འདོད་པས་ཞེས་བྱ་བ་སྦྱིན་བསྲེག་གིས་བུ་མོ་རེངས་པར་འདོད་པས་སོ། །ཚེར་མ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཏེ། གཞན་སྔོན་བཞིན་བྱས་ཞེས་པའོ། །དེ་ནས་ནི་བར་མེད་པའི་དོན་ཏོ། །ཞི་བར་འདོད་པས་ནི་འཇིགས་པ་བརྒྱད་ལས་སྐྱོབ་པར ་འདོད་པས་སོ། །དཀྱིལ་འཁོར་ཞེས་པ་ཁྱུ་གང་གི་ཚད་ལ་ཟླུམ་པོ་ཐུར་དུ་ཁྲུ་ཕྱེད་པ་སོར་བཞི་པའི་ཁ་ཁྱེར་ཅན། དྲི་དང་ས་དཀར་པོས་བྱུགས་ཏེ། མར་དང་ཞེས་པ་ལ་སོགས་པའི་བསྲེག་རྫས་དང་ལྡན་པས། མེ་ལྷ་སྐུ་མདོག་དཀར་པོ་ལ་རྣལ་འབྱོར་པ ་ཤར་དུ་བལྟས་མཆོད་རྫས་ཡང་དཀར་པོ་ལ་སོགས་པ་དང་ལྡན་ཤར་དུ་བལྟས་མཆོད་རྫས་ཡང་དཀར་པོ་ལ་སོགས་པ་དང་ལྡན་ཀྱིས་གཞན་སྔོན་བྱས་ན་གསུངས་པ་ལྟར་འགྱུར་རོ། །ཡང་རྒྱས་པར་འདོད་པས་ཞེས་བྱ་བ་ལ། གཞན་ནི་བསྔོན་བཞིན་ཏེ། ་འདིར་ཁྱད་པར་ནི་གོ་སླའོ། །དགུག་པའི་སྦྱིན་བསྲེག་ནི་གཞན་སྔོན་ཏེ་ཁྱད་པར་གོ་སླའོ། །ཡང་འདོད་པ་ནི་སྦྱིན་བསྲེག་གིས་སྨྱོ་བར་འདོད་པའོ། །གཞན་ནི་སྔོན་བཞིན་ཏེ་ཁྱད་པར་ནི་ཤ་བསྲེས་ནས་ཞེས་བྱ་བ་བྱ་རྒོད་ཤ་ཆེན་ནོ། །བསྲེག་པ་ཞེས་པ་ཆེ ་གེ་མོ་ཨུན་མན་ད་ཞེས་བསྲེགས་ནའོ། །འབྲས་ཕུབ་བསྲེགས་ཏེ་ལས་ཀྱི་བསྐུལ་བ་དང་བྲལ་བས་བྱ་བས་སོས་སོ། །ནོར་མེད་པའི་ཐབས་རྒྱས་པ་སྔོན་བཞིན་ཏེ་ཁྱད་པར་གསལ་ལོ། །བྲིས་སྐུའི་མདུན་དུ་བྱ་ཞེས་པ་ཡང་གོ་སླའོ། །བ་ལང་ཤ་དང་ཞེས་བྱ་བ་ལ ་སོགས་པའི་དབང་གི་ལས་ལྔའི་ཁྱད་པར་ནི་སོ་སོར་གོ་སླ་སྟེ་མ་ཕྱེ། ཆོ་ག་རྒྱས་པ་གོང་དུ་བསྟན་ཏེ་ཁྱད་པར་ནི་ཐབ་ཁུང་དང། མེ་ལྷ་དང། འདུག་ཕྱོགས་དང། རྫས་ཀྱི་ཁྱད་པར་དབང་གི་སྦྱིན་བསྲེག་དུ་གསུངས་པ་བཞིན་ནོ། །དེ་ནས་བསྐྲད་པར་འདོད་པས་ཞེས ་བྱ་བ་ལ་སོགས་པའི་ལས་རྣམས་གོང་དུ་གསུངས་པ་ལྟར་ཀུན་ལ་ཤེས་པར་བྱ་སྟེ་གོ་སླའོ། །ལས་རྣམས་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་སྔོན་དུ་བསྙེན་པ་མཐར་ཕྱིན་པས་བྱའི། གཞན་དུ་འཇིག་རྟེན་པས་དབྱས་པར་འགྱུར་བས་དེའི་ཕྱིར་མི་བསྟན་པ་སྟེ། ་ཐལ་ཆེས་པའི་ཚིག་རྡོ་རྗེ་སེམས་དཔས་ཀྱང་ཞེས་པའོ། །འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་སྦྱིན་བསྲེག་གི་ཆོ་གའི་ཀལ་པ་སྟེ་དྲུག་པའི་བཤད་པའོ།། །།དེ་ནས་ཡང་དག་རབ་བཤད་དེ་ཞེས་བྱ་བ་ལ། ཡང་དག་པར་བཤད ་དེ་ཞེས་པ་ནི་ཏིང་ངེ་འཛིན་གྱི་རིམ་པས་ལས་སྣ་ཚོགས་བསྒྲུབ་པའི་ཐབས་ཕྱིན་ཅི་མ་ལོག་པར་བཤད་ཅེས་པའི་དོན་ཏོ། །དེ་ནི་འདི་ལྟ་སྟེ་ཞེས་དམ་འཆའ་བའ་ཨོ། །དང་པོ་ཁོ་ན་ཞེས་པ་ནི་མ་ཧེའི་ཞལ་དུ་གནས་པའི་བསྙེན་པ་མཐར་ཕྱིན་ཅིང་མཚན་མ་ཐོབ་པས ་ཞེས་པའི་དོན་ཏོ། །ཐམས་ཅད་ལས་ནི་གསལ་བར་བྱ་ཞེས་བྱ་བ་ནི། འཁོར་ལོ་དང་སྦྱིན་བསྲེག་དང། ཏིང་ངེ་འཛིན་གྱིས་གསལ་པོར་ལས་བསྒྲུབ་པའོ། །རཾ་ཡིག་ལས་བསྐྱེད་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་ལས་བསྒྲུབ་པའམ། འཁོར་ལོ་དང་སྦྱིན་བསྲེག ་གི་ཏིང་ངེ་འཛིན་དུ་ཡང་འདོད་དོ། །འཁྲུལ་འཁོར་གྱི་ཆོ་ནི་བདག་དང་གཞན་དང་ལྡན་པས་གསུངས་པ་ལྟར་བསྒྲུབ་བྱ་གསང་པ་ལ་སོགས་པ་བྱའོ། །སྦྱིན་བསྲེག་གིས་དུས་སུ་ལས་བསྒྲུབ་པའི་ཚེ་བླ་མི་མན་ངག་གོང་མ་གསས་བར་བྱ་སྟེ། གསུངས་པ་གོ་སླའོ། །ཡང ་ན་སོ་སོར་བྱེད་པ་ནི་ཏིང་ངེ་འཛིན་ནུས་པ་ཐོབ་ན་གཅིག་པུ་བྱ་བར་འདོད་དོ། །དེ་ནས་བཤད་དེ་བྱ་བ་ལ། སྦྲུལ་གྱིས་བྱ་བ་ནི་སྦྲུལ་ལ་སོགས་པ་སྟེ། དུག་གིས་བསོད་པ་ལས་གསོལ་པའི་ཐབས་མེད་ཀྱི་ཏིང་ངེ་འཛིན་བཤད་ཅེས་པའི ་དོན་ཏོ། །རང་སྙིང་ཞེས་པ་རང་གཤིན་རྗེ་དེ་དཀར་པོས་བསམས་པའི་སྙིང་ཁར་འདབ་བརྒྱད་བསམ་ཞེས་པ་པཾ་ལས་བྱུང་བའི་ཆུ་སྐྱེས་དཀར་བོ། འདབ་མ་བརྒྱད་པ་བསམ་པའོ། །དབྱངས་ཡིག་གསུམ་པ་ནི་ཨི་སྟེ་དཀར་པོ་བསམ་ཞེས་པ་དང་འབྲེལ་ཏེ། དེ ་ལས་ཏེ་ཨི་བརྒྱད་ལས་ནོར་རྒྱས་ལ་སོགས་པ་བརྒྱད་དཀར་པོ་སྟེ། རང་གི་ལག་མཐིལ་དུ་ཡང་པཾ་ལས་ཆུ་སྐྱེས་དཀར་པོ་ཨི་དང་ལྡན་པ་བསམ་མོ། །བསྒྲུབ་བྱའི་ཞེས་པ་དུག་གིས་ཟིན་པ་སྟེ། མདུན་དུ་དུག་དང་ལྡན་པས་བསམས་ལ། རང་གི་ལག་པས ་བྱབས་པས་ཨིའི་འོད་ཀྱིས་དུག་བྱུང་བར་བསམས་ལ། སྤྱི་བོའི་ཨིའི་འོད་ལས་བདུད་རྩིས་བཀྲུས་པར་བསམ་ཞིང་མིག་ལས་བདུད་རྩི་འབབ་ཞེས་པ། སྙིང་ཁའི་ཀླུའི་མིག་ལས་བདུད་རྩི་དཀར་པོས་སོ། །བསྒྲུབ་བྱ་དེ་དུག་ཅན་གྱི་ལུས་ལའོ། །ཞུགས ་པ་ན་ཐིམ་པའོ། །དེས་དུག་ཐམས་ཅད་སེལ་ཏེ་དེའི་ཆེ་བ་ནི་འདི་ལྟ་བུས་ཟ་བར་ནས་ཞེས་པས་བསྟན་ཏོ། །དེ་ནས་ཡང་བཤད་དེ་བྱ་བ་ལ། དེ་ནས་ཞེས་པ་ནི་ནུས་པ་ཐོབ་ནས་སོ། །བྱང་ཆུབ་སེམས་ཞེས་པ་ནི་རྒྱུའི་སེམས་ཏེ་སོག་ལེ་ལྟར་གཅོད་པས་སོ། །དེ ་དབབ་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དབབ་པའི་ཐབས་བཤད་དེ་ཞེས་པའི་དོན་ཏོ། །བསྒྲུབ་བྱ་ཞེས་བྱ་བ་ནི་དགུག་པར་བྱ་བའོ། །མདུན་དུ་ནི་བགྲོད་པའི་མདུན་དུ་སྟེ་བསལ་བནི་མན་ངག་གིས་སོ། །དེའི་རྐང་མཐིལ་ནི་ཀུན་ཡང་སྟེ་འོག་ཞེས་པ་དེའི་འོག ་ཏུའོ། །དེར་ཡཾ་ཡིག་བསྐྱེད་པ་ནས་བཾ་གིས་མཚན་པའི་བར་བསམ་ལ། སྟོབས་ཀྱིས་འཛག་པ་བསཾས་ལ་།རྣལ་འབྱོར་ཏིང་ངེ་འཛིན་གྱིས་བྱ་བ་གོང་མའི་སྟོབས་ཀྱིས་འཛག་པ་དེས་བུད་མེད་དེ་བསྟེན་པར་བྱ་བ་ཐོབ་པར་འགྱུར་རོ། །འོ་མ་ཅན་གྱི་ཤིང་ནི་ངེས་པ་ ་ལ་ངེས་པའོ་ཞེས་པའི་དོན་ཏོ། །ཡང་ན་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཡོན་ཏན་དང་ལྡན་པའི་བསྒྲུབ་བྱ་བསྟེན་པའི་བྱ་ཐབས་ཏེ་གོ་སླའོ། །ཡང་ན་རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པ་ནི། དབང་གི་འཁོར་ལོ་དང། སྦྱིན་བསྲེག་དང། ཏིང་ངེ་འཛིན་རྒྱས ་པའི་དོན་སྔོན་དུ་བཤད་པ་བཞིན་ཏེ། འདིར་ཚིག་རྒྱས་པར་མ་ཕྱེ་སྟེ་གཞུང་མངས་པའི་དགོས་པའོ། །རྒྱུད་འདིས་སུ་ལའང་སྦྱིན་མི་བྱ་ཞེས་བྱ་བ་ལ་སོགས་པས་ནི། རྒྱུད་ནན་ཏན་གཏད་པའི་སྒོ་ནས་ཆེ་བ་བསྟན་ནས། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཐམས ་ཅད་ལ་མ་ཡིན་ཏེ། ཡོན་ཏན་དང་ལྡན་པ་ལ་སྦྱིན་པར་བསྟན་པ་དང། དེ་ལྟ་མིན་ཞེས་བྱ་བ་ལ་སོགས་པས་ཡོན་ཏན་མེད་པ་ལ་བསྟན་ན་སྐྱོན་ཆེན་པོ་དང་ལྡན་པར་བསྟན་པའི་དོན་ཏོ། །གོ་སླ་བས་རྒྱས་པར་མ་བཤད་དོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་ཏིང་ངེ་འཛིན ་གྱིས་ལས་ཐམས་ཅད་བསྒྲུབ་པའི་ཐབས་ལ་ལི་ཏ་བཛྲS་ཀ་ལ་པ་སྟེ་བདུན་པའི་བཤད་པའོ།། །།རྒྱུད་ཆེན་འཁོར་ལོ་འབུམ་པ་ལས། །ུར་རྒྱན་གནས་མཆོག་དམ་པ་ནས། །དམ་པའི་སྟོབས་ཀྱིས་རྒྱུད་རྒྱལ་བསྙེས། །རྒྱུད་རྒྱལ་མཚོ་ཆེན་ལྟ་བུལ། །ཟབ་མོ་རྒལ ་བར་མི་ནུས་ཀྱང། །བླུན་པའི་བློ་ཡིས་ཕྱོགས་རྒལ་བཤད། །འགལ་བའི་དོན་རྣམས་མཁའ་འགྲོ་དང། །དམ་པ་རྣམས་ལ་བཟོད་པར་གསོལ། །མན་ངག་ལྡན་པའི་རྒྱུད་ཀྱིས་བརྒྱན། །བདག་གིས་སྨན་ལ་ཕན་བཤད་བྱས། །དེའི་བསོད་ནམས་གང་ཐོབ་པ། །འགྲོ ་པ་ཀུན་གྱིས་ཐོབ་གྱུར་ཅིག། །།རྒྱ་གར་གྱི་མཁན་པོ་ལས་ཀྱི་རྡོ་རྗེ་དང། དགེ་སློང་ཀུ་མར་ཤི་ལས་བསྒྱུར་པའོ།། །།ཤུ་བྷཾ།། །།སྒྲུབ་ཐབས་པད་མ་རྒྱས་བ་བཞུགས། །*། །རྒྱ་གར་སྐད་དུ། ཤྲི་བཛྲ་བྷཻ་ར ་