CLOSE WINDOW

N3443: dpal 'khor lo sdom pa'i man ngag
Wyliee-texts based on the ACIP/ALL Input

ཁྲལ་དུ་འཚལ་བའོ།། །།འཁོར་ལོ་སྡོམ་པའི་མན་ངག་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་སམྦ་རོ་པ་དེ་ཤ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མན་ངག་།བླ་མ་དམ་པ་རྣམས ་ཀྱི་ཞབས་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་དུ་རྟོག་པ་བཅོམ་པའི་ཆོས་ཀྱི་སྐུར་བརྗོད་དང། །དཔེ་མེད་བདེ་བའི་ཆ་ཡིས?་མཛེས་པ་ལོངས་སྤྱོད་རྫོགས་པའི་སྐུ། །སྲིད་ན་ཕན་པ་མཛད་ཕྱིར་སྤྲུལ་པ་ཡི་ནི་སྐུ་གང་ཡིན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ ་དེ་ནི་ཁྱེད་ལ་བདེ་ལེགས་གྱུར། །དེ་ལ་དང་པོར་རི་ཤིག་དཔལ་སྡོམ་པའི་རྣལ་འབྱོར་དང་ལྡན་པའི་སྔགས་པ་དབེན་པར་བདེ་བར་འདུག་ཅིང། །དམ་ཚིག་བསྟེན་པ་བྱས་ནས་རང་གི་སྙིང་ཁར་ཉི་མའི་གཟུགས་ལ་གནས་པའི་ཧཱུཾ་ཡིག་ནག་པོ་? ་པར་བལྟས་ཏེ་བླ་མའི་མན་དག་གིས་སྔགས་བཀོད་པའི་ལག་པ་གཡོན་པས། རྣམ་པར་སྦྱངས་པའི་དམ་ཚིག་གི་རྫས་བླངས་ལ་ཞལ་བཞི་པའི་སྔགས་ཀྱིས། བཅུ་བཞིའི་བདག་ཉིད་ཅན་ལ་དབང་བསྐུར་བ་དང་ཡན་ལག་བཀོད་ལ་མཆོད ་ཏེ། །གནས་དང་བདག་དང་རྣལ་འབྱོར་བསྲུང་པ་བྱའོ། །དེ་ནས་མདུན་དུ་དྲི་བཟང་པོའི་ཆུ་ཉེ་བར་བྱུགས་པའི་མཎྜལ་བྱས་ནས་དེའི་དབུས་སུ་གཡོན་པའི་སྲིན་ལག་གིས་ཉེ་བར་བཀོད་པའི་བུ་ཛ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་པོ ་རྣམས་གནས་ཉི་ཤུ་རྩ་བཞི་པོར་རྣམ་པར་སྦྱངས་ལ། །གནས་པ་ལ་སོགས་པའི་མིང་ཅན་བཅུ་བཞི་པོ་རྣམས་ས་བཅུ་བཞིར་རྣམ་པར་བལྟས་ལ་བརྗོད་པར་བྱའོ། །དེ་ནས་མཎྜལ་དེར་འབྱུང་བ་ཆེན་པོ་བཞི་ཡང་དག་པར་གནས་པའི་རི་རབ་ཀྱི་སྟེང་ཁང ་པ་བརྩེགས་པའི་ནང་དུ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ། རང་གི་སྙིང་ཁའི་ས་བོན་ལས་སྤྲོས་པའི་ས་བོན་བསམས་ལ། །དེ་ཡོངས་སུ་གྱུར་པ་ལས་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་འཁོར་དང་བཅས་པའི་བཅོམ་ལྡན་འདས་མ་དང་སྙོམས་པར་ཞུགས ་པར་ལྟ་བར་བྱའོ། །དེ་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས་བཀུག་པའི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ཨི་ཕྱོགས་སུ་མངོན་སུམ་དུ་གྱུར་པ་ལ་མངོན་པར་མཆོད་དེ། །ཐམས་ཅད་དམ་ཚིག་གི་དཀྱིལ་འཁོར་ལ་བཅུག་ནས་རེ་མཉམ ་དུ་བྱས་ལ། །མཆོད་པ་རྣམས་ཀྱིས་ཡོངས་སུ་དགྱེས་ཏེ་སླར་ཡང་ཡིད་ཀྱི་རང་བཞིན་གྱི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་དེ་མ་ཐག་པ་ནི?་སྦྱངས་པའི་ལག་པ་གཡོན་པས་དང་པོ་ཡི་གེ་གསུམ་གྱི་སྔགས་ཀྱིས་མཎྜལ་གྱི་དབུས་སུ ་བཅོམ་ལྡན་འདས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །སླར་ཡང་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དང། །བཅོམ་ལྡན་འདས་མའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྣགས་དག་དང། དེ་བཞིན་དུ་མཁའ་འགྲོ་མ་ལ ་སོགས་པ་ནས་གཤིན་རྗེ་འཛོམས་མ་ལ་སོགས་པའི་མཐར་ཐུག་བའི་དཔའ་བོའི་དབང་ཕྱུག་མ་བཅུ་གཉིས་པོ་རྣམས་ཀྱི་མན་དག་ཇི་ལྟ་བའི་རང་རང་གི་སྔགས་ཀྱིས་ཕྱོགས་རྣམས་སུ་གཡོན་བསྐོར་དང། མཚམས་རྣམས་སུ ་གཡས་བསྐོར་གྱིས་གནས་ཇི་ལྟ་བ་བཞིན་དུ་དེ་རྣམས་མཆོད་པར་བྱའོ། །དེ་ནས་དེ་ཉིད་དུ་ལག་པ་གཡོན་པར་རྩེ་མོ་དྲུག་པའི་འཁོར་ལོ་དམར་པོ་ལ་འདབ་མ་ལྔ་བའི་པདྨ་བཀོད་དེ་དཔའ་མོ་འདི་དབང་ཕྱུག་རྣམས་ཀྱི་གོ་རིམས ་བཞིན་དུ་དམར་པོ་དང། སྔོན་པོ་དང། དཀར་པོ་དང། སེར་པོ་དང། ལྗང་ཁུ་དང། དུ་བའི་མདོག་དག་དང། འཁོར་ལོས་བསྒྱུར་བ་དྲུག་གི་སྔོན་པོ་དང་དཀར་པོ་དང་སེར་པོ་དང་ནག་པོ་དང་དམར་པོ་དང་ལྗང་གུའི་མདོག་དག་སྔགས་ཀྱི་རང་བཞིན ་མན་ངག་ཇི་ལྟ་བ་བཞིན་དུ་རང་རང་གི་སྔགས་རྣམས་ཀྱིས་མེ་ཏོག་དགོས་པ་སྔོན་དུ་འགྲོ་བའི་མཆོད་པའི་ཆོ་ག་བྱའོ། །དེ་ཡང་འཁོར་ལ་འདི་དག་ལག་པའི་རྒྱབ་ཏུ་མེ་ལོང་གི་གཟུགས་བརྙན་བཞིན་དུ་ཞིང་གསལ་བའི་སྣང་བརྙན་དུ་བལྟ་བར་བྱའོ། །དེ་ནས་འཁོར་དེ་རྣམས་ཀྱི་སྔགས་?་?་རྣམས་སའི ་ཁམས་ཀྱི་ངོ་བོ་ལྟ་བུ་མ་བྱེད་མ་ལ་སོགས་པའི་ལྷ་མོའི་རང་བཞིན་དུ་ལྷག་པར་མོས་ནས་བཤེར་བའི་རྫས་ཀྱི་ས་བྱུགས་ཏེ། །འཁོར་ལོ་དེ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་རང་བཞིན་དུ་མོས་པས ་རྐང་བ་བརྒྱད་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དམ་པ་སྔགས་བརྗོད་པའི་མཐར་མཎྜལ་དུ་བཞག་ལ་ཡང་བླངས་ཏེ་ཐལ་མོ་སྦྱར་བ་བྱས་པ་སྔོན་དུ་འགྲོ་བ་ཅན་སྤྱི་བོར་དགོད་པར་བྱའོ། །ལྷའི་འཁོར་ལོ ་དེ་ཡང་བདག་ཉིད་ལ་ཞུགས་པར་བསྒོམས་ནས་ཡི་གེ་བརྒྱ་པའི་སྔགས་བརྗོད་དོ། །དེ་ནས་ཕྱོགས་ཀྱི་བདག་པོ་རྣམས་ལ་དེའི་སྔགས་ཀྱིས་གཏོར་མ་སྦྱིན་ནོ། །དེའི་རྗེས་སྡིག་པ་བཤགས་པ་ལ་སོགས་པ་དང་བདག་ཉིད་ཀྱི་རྣལ་འབྱོར་མངོན་པར་འདོད་པའི་སྔགས་བཟླས ་པ་ལ་སོགས་པ་བྱས་ནས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་པ། །འགྲོ་བ་སྐྱབས་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་བ་གཅོད། །འཇིག་རྟེན་བྱ་བར་འཇུག་མ ་དེ་སྙེད་རྣམས་ལ་རྟག་ཕྱག་འཚལ། །ཞེས་པས་བསྟོད་ལ། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །མཆོད་འོས་ལྷ་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་ཡི། །བྱ་བ་གང་འགྱུར་བཟོད་པར་མཛོད། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེས་གསུངས་ཅིང ་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་འདིས་ནི་ལྷ་མོ་འདི་དག་གིས། །བདག་ལ་རྗེས་སུ་འཛིན་པའི་གྱུར་གྱུར་ཅིག་།ཅེས་བཟོད་པར་གསལ་ལོ། །ཞེས་བྱ་བ་ནི་ཚོགས་ཀྱི་མཎྜལ་ལ་སོགས་པར་ཕྱི་རོལ་མཆོད་པའི་ཆོ་གའོ། །མན་ངག་ཇི་ལྟ་བ་བཞིན་དེ་ཉེ་བར ་བསྡུའོ། །དེ་ལ་འདིར་ནང་གི་རྣལ་འབྱོར་རྩོམ་པར་འདོད་པའི་སྔགས་པས་སླར་ཡང་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་པའི་སྡོམ་པ་བལྟས་ནས་འཆད་པར་འགྱུར་བའི་མཚན་ཉིད་ཀྱི་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་དང ་ལྷན་ཅིག་པ་ལ་ཕྱག་བྱས་ཤིང་ཡང་དག་པར་མཆོད་ནས། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། བགྱིས་དང་བགྱིད་བརྩལ་རྗེས་སུ་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་རྣམས་བཅོམ་པ་ཡི། །སྤྱན་སྔར་རུ་ནི་སོ་སོར་བཤགས་པར་བགྱི། །སླར ་ཡང་མི་བགྱིད་སྡོམ་པ་དག་ཀྱང་བྱ། །ཉན་ཐོས་རང་རྒྱལ་རྒྱལ་མཆོག་རྒྱལ་སྲས་ཀྱི། །དགེ་བ་ཡི་ནི་ཚོགས་རྣམས་དག་ལ་ཡང། །རྗེས་སུ་ཡི་རང་འདི་ངག་རྫོགས་པ་ཡི། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །སངས་རྒྱས་དཀོན་མཆོག་ལ་སོགས་སྐྱབས་གསུམ་པོ། ་འདི་ལ་དངོས་པོ་ཀུན་གྱིས་སྐྱབས་སུ་མཆི། །སེམས་ནི་བྱང་ཆུབ་ལ་ནི་བགྱི་བ་དང། །དེ་བཞིན་བླ་མེད་ལམ་ལ་གནས་པར་བགྱི། །དེ་རྗེས་བྱམས་དང་སྙིང་རྗེ་དགལ། །བཏང་སྙོམས་ཚངས་པའི་གནས་ལ་བསྒོམ། །རང་ཉིད་རབ་ཏུ་མི་གནས་དག་།སྟོང་པའི་ཏིང་འཛིན་སྐད ་ཅིག་གནས། །ར?་ཤཱུ་ནྱ་ཏྭ་ཛྙཱ་སྭ་བྷ་ཝཱདམ་ཀཱ:སརྦ་བྷརྨ་ཀཱ:ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱ་དམ་ཀོཉཧཾ། ཞེས་བྱ་བ་འདིས་བརྟན་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ནས་འགྲོ་བ་སྒྱུ་མ་ལྟ་བུར་བལྟ་བར་བྱའོ། །ཡཾ་རཾ་བཾ་ལཾ་ས་བོན་རྣམས་ཡོངས་སུ་གྱུར་པ་ལས ་གཞུ་དང་གྲུ་གསུམ་པ་དང་ཟླུམ་པོ་དང་གྲུ་བཞི་པ་སྟེ་སྔོན་བོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་ཁ་དོག་ཅན་གྱི་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམས་དེའི་བདག་ཉིད་དུ་བལྟ་བར་བྱའོ། །དེའི་སྟེང་དུ་སུམ་ཡིག་ལྗང་ཁུ་ཡོངས ་གྱུར་པ་ལས་རི་རབ་ཀྱི་ཅོག་གི་སྟེང་དུ། ཨོཾ་མེ་དི་ནཱི་བཛྲའི་བྷ་ཝཱ་བཛྲ་བན་དྷ་ཧཱུཾ། ཨོཾ་བཛྲ་པཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བཉྫ་ར་ཧཱུཾ་སཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ་།ོཾ་བཛྲ་ཤར་ཛཱ་ལ་ཏྲཱཾ་སཾ་ཏྲཾ་།ོཾ་བཛྲ་ཛཝཱ་ལཱ་ན་ལཱརྐྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བ་དེ་ལྟ་བུའི་སྔགས་རྣམས ་ཀྱིས་རྡོ་རྗེའི་ས་གཞི་ལ་སོགས་པ་དྲུག་བྱའོ། །དེའི་རྗེས་སུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་བྷྲུཾ་ལས་སྐྱེས་པའི་ཁང་པ་བརྩེགས་པ་མཚན་ཉིད་ཐམས་ཅད་ཀྱིས་བརྒྱན་པ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ཡོངས་སུ་བསྒོམ་པར་བྱ་སྟེ། །དེའི་ནང་དུ་འདབ་མ་སྣ་སོགས ་པའི་པདྨའི་ཟེའུ་འབྲུའི་སྟེང་དུ་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཟླ་བ་དང་ཉི་མ་སྦྱར་བའི་དབུས་སུ་འོད་ཟེར་ལྔ་སྤྲོ་ཞིང་བསྡུ་བའི་གཟུགས་ཅན་གྱི་ཧཱུཾ་ཡིག་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་གྱི་ས་བོན་བསྒོམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས ་བདག་ཉིད་དཀྱིལ་འཁོར་པ་དང་བཅས་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་བསྒོམ་པར་བྱའོ། །དེ་ལ་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་དག་གི་མགོ་བོ་དང་ནུ་མ་མནན་པའི་གཡས་བརྐྱང་གི་ཞབས་ཀྱིས་གནས་པ་སྐུ ་མདོག་སྔོན་པོ། ནག་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོའི་ཞལ་བཞི་པ་ཞལ་སོ་སོ་ལ་སྤྱན་གསུམ་པ་དབུལ་ཐོད་པ་ལྔས་བརྒྱན་ཞིང་སྐུ་ལ་མགོ་བོ་རློན་པའི་ཕྲེང་བས་འི་གཡོན་པས་འཇིགས་བྱེད་གཡས་པས་དུས་མཚན་པ་ཡིན་གསུང། བརྒྱན་པ་སྣ ་ཚོགས་རྡོ་རྗེ་དང་ཟླ་བ་བྱེད་པའི་ཅོད་པན་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་པའི་སྐུ། མཆེ་བ་གཙིགས་ཤིང་འཇིག་སུ་རུང་བའི་ཞལ་ཅན། སྟག་གི་ལྤགས་པའི་ཤམ་ཐབས་བསྣམས་པ། སྒེག་པ་ལ་སོགས་པའི་ཉམས་ཅན། རྡོ་རྗེའི་ཡན་ལག་མ་ལ་མཁྱུད་བ ་ཕྱག་བཅུ་གཉིས་ཀྱི་སྣང་བ་ཅན། །རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། དེའི་སྟེང་གི་ཕྱག་དག་གིས་གླེང་པོ་ཆེའི་ལྤགས་པའི་གོས་འཛིན་པ། གཡས་ཀྱི་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་སྟེ་གཞན་རྣམས་ན་གོ་རིམ་བཞིན་དུ་དུ་ཌ་མ་རུ་དང་དགྲ ་སྟ་དང་གྲི་གུག་དང་རྩེ་གསུམ་དང་ལྡན་ཞིང། དེ་བཞིན་དུ་གཡོན་གྱི་ཕྱག་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ན་ཁ་ཊཝཱཾ་ག་དང་ཞགས་པ་དང་ཀ་པཱ་ལ་དང་ཚངས་པའི་མགོ་བོ་དང་ལྡན་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །མདུན་དུ་ཡང་བཅོམ་ལྡན་འདས ་མ་སྐུ་མདོག་དམར་མོ་སྤྱན་གསུམ་མ་ཞལ་གཅིག་མ་སྐྲ་གྲོལ་བ་གཅེར་བུ་རྐེད་པ་དུམ་བུའི་སྐ་རགས་ཀྱིས་བརྒྱན་པ། གཡོན་གྱི་ཕྱག་ན་ཐོད་པས་བརྒྱན་ཅིང། བསྡིགས་འཛུབ་དང་བཅས་པའི་ཕྱག་གཡས་པ་རྡོ་རྗེས་མཚན་པ་།བརླ་གཉིས་ཀྱིས་བཅོམ་ལྡན་འདས ་ཀྱི་བརླ་གཉིས་ལ་དཀྲིས་ཤིང་མཁྱུད་པའི་ཚུལ་གྱིས་གནས་པ་བསྒོམ་པར་བྱའོ། །དེ་ནས་མདུན་གྱི་མདབ་མ་ལ་མཁའ་འགྲོ་མ་མདོག་ནག་མོ། །གཡོན་གྱི་འདབ་མ་ལ་ལའམ་ལྗང་ཁུ། །རྒྱབ་ཀྱི་མདབ་མ་ལ་དུམ་སྐྱེས་མ་དམར་མོ། །གཡས་ཀྱི་མདབ་མལ་གཟུགས་ཅན་མ ་མདོག་དཀར་མོ། །ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐོད་པ་རྣམས་སོ། །དེ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་སུ་རོའི་སྟེང་དུ་ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་མཁའ་འགྲོ་མ་ལ་སོགས་པ་དང་འདྲ་པ་བཞི་རྣམས་སོ། །མཚམས་བཞིར་གཤིན་རྗེ་མཆེ ་པ་མ་ལ་སོགས་པ་བཞི་སྟེ་གཟུགས་གཉིས་གཉིས་ཀྱི་རྣམ་འགྱུར་ཅན། །རྣལ་འབྱོར་མ་དེ་དག་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡོན་བརྐྱང་གི་ཞབས་ཀྱིས་རོལ་གནས་པ། །གཅེར་བུ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་ཞིང། དབུ་ལ་ཐོད་པ་དང་རྡོ་རྗེའི་ཕྲེང་བས ་ཡོངས་སུ་བསྐོར་བ། །མགོ་བོའི་བྲང?་བའི་དོ་ཤལ་བྱས་པ། ཐོད་པ་དང་ཁ་ཊཝཱཾ་ག་དང་གྲི་གུག་དང་ཌ་མ་རུ་དག་འཛིན་པ་དྲག་མོའི་སྐུར་བསྒོམ་པར་བྱའོ། །དེ་ནས་དེ་དག་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལམ་རྣམས་སུ་འཁོར་ལོ་དང་པདྨ་དང་རྡོ་རྗེའི་ལྟེ་བ་ལ ་གནས་པའི་ཨོཾ་ཨཱ(རྒྱུད་འགྲེལ་སྙིང་ཁ་དང་མགོ་བོ་དང་སྤྱི་གཙུག་དང་ཕྲག་པ་གཉིས་དང་མིག་གསུམ་དང་ལུས་ཐམས་ཅད་ལ་བསུང་བར་བྱའོ། །ོཾ་བཾ་ཧཱུཾ་ཡོ། །ཧྲཱིཾ་མོ། ཧཱུཾ་ཧཱུཾ། ཕཊ་ཕཊ། དཔའ་མོ་རླུང་པའི་སྙིང་པཱི་འདི་དག་གིས་བཅོམ་ལྡན་འདས་མའི་ཡང་ལྟེ་བ་དང་སྙིང་ཁ་དང ་ཞལ་དང་དབུ་དང་གཙུག་གཏོར་དང་ལུས་ཐམས་ཅད་ལ་གོ་ཆ་བྱའོ། །དེ་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱི་ཁའི་ལྕགས་ཀྱུས་བཀུག་ཡེ་ཤེས་ཀྱི་འཁོར་ལོའི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་མཐར་གྱིས་བཅུ་གནས། ། བྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏཱ(རྒྱུད་འགྲེལ་བཅོམ་ལྡན་འདས་ལ་དབང་བསྐུར་བར་གསོལ་བ་གདབ་བར་བྱའོ། །དེ་ནས་དེ་ལས་སྤྲོས་པའི་སྒོ་མ་བཞིན་པོ་བདུད་རྩི་ལྔས་གང་བའི་བུབ་པ་འཛིན་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། དེ་བཞིན་གཤེགས་པ་ཀུན་བཀྲུས་པ། །དེ་བཞིན ་བདག་གིས་ཁྲུས་བགྱི་སྟེ། །ལྷའི་ཆུ་ཡིས་དག་པ་ཡིན། །ོཾ་སརྦ་ཏ་ཐཱག་ཏཱ་བྷི་ཥེ་ཀ་ས་མེ་ཡེ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་འདོན་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །ཆུ་དེ་གྱེན་དུ་སོང་བས་རང་གི་རིགས་ཀྱི་དབང་པོས་ཅོད་པན་བྱས་པའི་རང ་གི་འདོད་པའི་ལྷ་ཇི་ལྟར་རིགས་པར་བསྒོམ་པར་བྱའོ། །དེ་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་རྣམས་བཅོམ་ལྡན་འདས་མའི་ས་བོན་གྱི་ཚུལ་དུ་པདྨའི་ལྟེ་བ་ལ་བཀུག་ནས་དེ་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་དམ ་ཚིག་ལ་སོགས་པས་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་ལ་མཆོད་པ་བྱའོ། །ོཾ་བཾ། ཧཱཾ་ཡོ། ཧྲཱིཾ་མོ། །ཧྲེ་ཧྲཱཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། དཔའ་མོ་དྲུག་པའི་སྙིང་པའི་འདི་དག་གིས་བཅོམ་ལྡན་འདས་མའི་ཡང་ལྟེ་བ་དང་སྙིང་ཁ་དང ་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང། ནོར་བུ་དཔལ་སྡོམ་ཁྱེད་ཀྱི་དགྱེས་པར་མཛོད། ཅེས་པའི་མཐར་ཐུབ་པ་བདག་གིས་སོ། །དེ་ནས་མདུན་དུ་རླུང་དན་མེའི་དཀྱིལ་འཁོར་གྱི་སྟེང་དུ་མི་མགོ་གསུམ་ལ་གནས་པའི་ཨཱ(རྒྱུད་འགྲེལ་པའི་ནང་རང་རང་གིས་ས་བོན་ལས་སྐྱེས་ཤིང་མཚན་པའི་བདུད་རྩི་ལྔ་རྣམས་ཏེ་དེའི་ཁ་ཆོས་ཨོཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཡང་བསྒོམས་ནས། །དེ་ཐམས་དྲག་ཏུ་འཁོལ་བས་བདུད ་རྩིར་གྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩི་རོ་མཉམ་པའི་རང་བཞིན་གྱི་ཡི་གེས་བྱིན་གྱིས་བརླབས་ཏེ། ཧཱུཾ་ཡིག་ལས་སྐྱེས་བའི་རྡོ་རྗེས་མཚན་པའི་ལྗགས་ཀྱིས་མྱང་བར་བྱ་ལ། འོད་འཕྲོས་པར་བསྒོམས་པས། ལྷ་མོའི་ཚོགས་རྣམས་ཀྱང་ཆིམ་པར་བྱའོ། །དེ་ནས་རྣམ ་སྦྱངས་པའི་པདྨ་དང་རྡོ་རྗེ་དག་དྲུང?་དེ་དགའ་བ་ལས་དགའ་བར་གྱུར་པ་དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་ཞལ་དུ་བཀུག་ནས་ཞུ་བར་གྱུར་བ་ནོར་བུའི་ལྟེ་བའི་དབུས་སུ་ཐིག་ལེ་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེས་སེམས་དཔའ་ཨི་རང་བཞིན་དུ་རྣམ་པར་གནས ་པར་བལྟས་ལ། ཕྱག་རྒྱ་ཆེན་པོའི་དོན་མངོན་སུམ་དུ་བྱའོ། །ས་བོན་ཁ་སྦྱོར་དབུས་གནས་པའི། །ཐིག་ལེ་གཉིས་ནི་ཡི་གེ་གསུམ། །རྡོ་རྗེ་སེམས་པའི་རང་བཞིན་དུ། །རྟག་ཏུ་རྣལ་འབྱོར་པ་ཡིས་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང། ཨཱ་ལི་ཀ་ལི ་མདུན་བསམས་ནས། །རྣལ་འབྱོར་ཆེན་པོས་ང་ལགས?་ཏེ། །ཟླ་བའི་དཀྱིལ་འཁོར་གངས་ནི། །ལྟེ་བའི་རྩ་བར་གནས་བར་བསྒོམ། །མི་འགྱུར་མཆོག་གི་གོ་འཕང་ནི། །དེའི་དབུས་སུ་གནས་པར་བསམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་སུ་བསྒོམ་པར་བྱ། །གོང?་བུ ་ལས་འདས་འགྱུར་བ་སྟེ། །དེར་ཡང་འགྱུར་མིན་སེམས་ཉིད་དོ། །བསམ་གྱིས་མི་ཁྱབ་བསམ་བྱ་སྟེ། །འདི་ཡང་བསམ་པས་མཚོན་མིན་ཉིད། །བསམ་མཾ་ཡང་ན་མི་བསམ་པ། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། ཞེས་སོ། །དེའི་རྗེས་སུ་ས་བོན་གྱི་ཐིག་ལེ་ཉི་མའི ་གཟུགས་ཀྱི་སྟེང་དུ་གྱེན་དུ་གནས་པའི་སྔགས་ཤིན་ཏུ་ཕྲ་མོ་མངོན་པར་བལྟས་ནས་བརྟན་པའི་སེམས་ཀྱིས་སྤྲོ་བ་དང་བསྡུ་བའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱའོ། །དེ་ལ་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀླུཾ་ཧཱུཾ་ཧཱུཾ ་ཕཊ། ཌ་ཀཱི་ནཱི་ཛཱ་ལ་སམྦ་ར་སྭ་ཧཱ། ཨོཾ་ཧྲཱི(རྒྱུད་འགྲེལ་ཨོཾ་ལཱ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭཱནཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལ་མ་དཱ་ཌཧི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱཾ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ ་ཡ་མ་དིཥྚི་ཡཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། འཁོར་རྣམས་གྱིས་སྔགས་སོ། །ོཾ་ན་མོ་བྷ་ག་བ་ཏེ། བཱི་རེ་ཤཱ་ཡ་མཧཱ་ཀལ་གཱ་གན་སན་ན་བྷཱ་ཡ། ཛ་ཊ་མུཀུ་ཊོཏ་ཊཱཡ། དཾ་ཥྚ་ཀ་ར་ལོགྲ་བྷི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱཡ། པ་ར་ཤུ ་བཱ་ཤོ་རྒྱད་ཤཱུལ་ཁ་ཊཝཱཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛི་ནཱཾ་པ་ར་དྷ་རཱ་ཡ། མཧཱ་དྷུ་མཱནདྷ་ཀ་རི་བ་པུ་ཥཱ་ཡ། ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནདྷ་བནདྷ། ཊརཱ་སྣ?་ཡ་ཊཌ?་ས་ཡ། ཀཱོ་བྷཱ་ཡ་ཀྵོ་བྷཱ་ཡ། ཧྲོཾ་ཧྲོཾ། ཧྲ(རྒྱུད་འགྲེལ་བྷ་ས་རུ་དྷི་རཱནྟ་མཱ་ལཱ་བ་ལ་མཱི་ནེ། གྲིཧྞ་གྲིཧྞ། པཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛིཾ་གཾ་སརྦ་མྦཱ?། ཏ་?་ཡ་ཏསཛ་ལ། ཨཱ་ག་ཊ་ཨཱ་ཀ་ཊ། རཱི་ཧྭཱི། །ཛྙཾ་ཛྙཾ། ཀྵཱཾ་ཀྵཱཾ?། ཧཾ་ཧཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཏི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ། ཕཊ ་ཕཊ། སྭཱ་ཧཱ། ཕྲེང་བའི་སྔགས་སོ། །དེ་ནས་སྦྱངས་པའི་གཏོར་མ་དབུལ་བར་བྱ་སྟེ། ལྷོ་རུ་མངོན་ཕྱོགས་རྣལ་འབྱོར་བས། གནས་ནི་མཐོ་བར་སྦྱར་བྱ་སྟེ། མཚན་མོ་སྐྲ་གྲོལ་གཅེར་པུ་ཡིས། །བརྟུལ་ཞུགས་ཅན་གྱིས་གཏོར་མ་དབུས།། ་རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་སྒྲ་གཞན་སྒྲགས་པ་ཡིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག། རྡོ་རྗེ་ཐལ་མོ་གྱོན་གྱིད་ཕྱེ་བས། དཔའ་བོ་རྣལ་འབྱོར་མ་རྣམས་འབོད། །བསྐུལ་བའི་སྔགས་ཀྱིས ་སྐད་ཅིག་ལ། །དེར་ནི་ཞུགས་གསང་བསྟོད་ཕེ(རྒྱུད་འགྲེལ་རྐང་པ་གཡས་བརྐྱང་ཚུལ་གྱིས། །འབར་བའི་ཕྱག་རྒྱ་བཅིང་བར་བྱ། །དམ་ཚིག་གིས་ནི་ཁ་བཀར་ནས། །སྔགས་འདི་རྗེས་སུ་དྲན་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་བརྗོད་པར་བྱའོ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཨུཀྵ་རཱཀྵ་ས་བྷཱུ་ཏ་བྲེ་ཏ་པི་ཤཱ་ཙོནམཱ་དཱ་པ་སྨཱ་ར་ཌཱ་ཀི་ནྱཱ་ད་ཡ(རྒྱུད་འགྲེལ་ཡཱ་སཏཱུ་ཁ་བི་བིདྡྷ་ཡེ། སྭཚ་ཧཱ་ཡ་ཀཱ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །རྣལ་འབྱོར་མིའི་རྣལ་འབྱོར་བྱ་བར་འདོད་པའི་རྣལ་འབྱོར་པས་ནི་བཅོམ་ལྡན་འདས་མའི་དམ་ཚིག་དང་རྗེས་སུ་མཐུན་པར་ཇི་སྐད་བཤད་པ་ཐམས་ཅད་བྱའོ། །སྐབས་འགར? ་བཅོམ་ལྡན་འདས་ལ་བྱའོ། །རྣལ་འབྱོར་ནི་ཨ་རྣལ་འབྱོར་གུས། །རྣལ་འབྱོར་མ་ཉིད་གཙོ་མོ་རུ། །བྱས་ནས་འཁོར་ལོ་བསྒོམ་བྱ་སྟེ། །ཐམས་ཅད་སྔར་བཤད་ཇི་བཞིན་ནོ། །ཕྱོགས་ནི་གཉིས་ཀ་དག་གི་ཡང། །ཚེས་བཅུ་ལ་ནི་ལྷ་མོ་མཆོད། བཞོན་ནུའི་རྣལ་འབྱོར་མ་དག ་?། །ཆོགས་རྟག་ཏུ་ཚིམ་པར་བྱ། །བཀུར་ནས་རྣལ་འབྱོར་དམ་པ་གང། །མན་དག་ཇི་ལྟ་བ་བཞིན་དུ། །གོམས་པ་བསྐྱེད་པ་དེ་ལ་ནི། །ཕྱག་རྒྱ་རྒྱ་ཆེན་རབ་གྲུབ་འགྱུར། །སྦྱིན་དང་དབང་བསྐུར་སྦྱིན་སྲེག་དཀྱིལ་འཁོར་སོགས། །ཞི་སོགས་རབ་འབྱམས་ལས་དང ་རབ་གནས་གྲུབ། །གྲུབ་པ་གཞན་པ་ཀུན་ཀྱང་ངེས་པར་ནི། །རྣལ་འབྱོར་མཆོག་གིས་རྣལ་འབྱོར་དམ་པ་ལའོ། །དེ་ནས་ལྡང་བར་འདོད་པའི་སྔགས་པས་བདག་ཉིད་ཀྱིས་བསྟོད་པ་སྔོན་དུ་འགྲོ་བའི་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ ་འཁོར་ཉེ་བར་བསྡུའོ། །ཡི་གེ་བརྒྱ་པའི་སྔགས་ཡོངས་སུ་ཡོངས་སུ་བཟླས་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་འཐུན་དངོས་གྲུབ་སྩོལ་བ་དང། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་དོ། །སྔགས་དམན ་པ་དང་བྱ་བ་དམན། །ཆོ་ག་དམན་པར་གང་གྱུར་པ། །རབ་དང་མཆོག་གི་དབང་བྱུག་མ། །ལྷ་མོ་དེ་དག་བཟོད་མཛད་རིགས། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེ་གསུང་ཚིག་ནི་ཚད་མའི་མཆོག་ཡིན་ཏེ། །བདེན་བདེ་ཡིས་ལྷ་མོ་དེ་དག་གིས། །བདག ་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ཞེས་བརྗོད་དོ། །ཚུལ་ཁྲིམས་ཙན་དན་གྱིས་ལུས་བྱུགས་། །བསམ་གཏན་དག་གི་གོས་གྱོན་ཞིང། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ོཾ་ཨཱ(རྒྱུད་འགྲེལ་དཀྱིལ་འཁོར་ཉེ་བར་བསྡུའོ། །དཔལ་ལྡན་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ཞབས་ཀྱིས་མཛད་པའི་དཔལ་སྡོམ་པའི་མན་ངག་འདི་ནི་རྫོགས་སོ།། །།ལུགས་གཉིས་ཀྱི་དབང་ཕྱུག་དཾ་པ་དཔལ་ལྡན་རྣམ་རྒྱལ་གྲགས་པའི་གསུང ་གིས། མཁས་པ་གནས་བརྟན་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། འོག་ལོ་ཙ་བ་གཞོན་དུ་དཔལ་གྱིས་བསྐུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་སམྦ་ར་ཊ་ཡོ་ད་ཤཱཏྨ་ཀ་ཨརྩ་ན་བི་དྷི། བོད ་