| Wylie | e-texts based on the ACIP/ALL Input |
བསྟོད་པ། ཕྲིན་ལས་ཐམས་ཅད་སྒྲུབ་པ་ཞེས་བྱ་བ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟོ་ཏྲ་པུ་ཤཱ་མ་ལ་ནཱི་མ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་མེ་ཏོག་ཕྲེང་བ་ཞེས་བྱ་བ། མགོན་པོ་ཐུགས་རྗེ ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་པའི། ཞབས་ཀྱི་པདྨ་ལ་ནི་བཏུད་དེ། ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་དུ། །ལྷག་པའི་ལྷ་ལ་བསྟོད་པར་བྱའོ། །ཕྱག་འཚལ་སྒྲོལ་མ ་ལྷ་ཡི་ལྷ་ཁྱོད། །དངོས་གྲུབ་མ་ལུས་ཀུན་གྱི་འབྱུང་གནས། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར། །འདོད་པའི་འབྲས་བུ་སྟེར་བར་མཛད་མ། །ཕྱག་འཚལ་ངོ་མཚར་ཁྱད་དུ་འཕགས་པའི། །ཡོན་ཏན་ཐམས་ཅད་རྫོགས་པའི་སྐུ་ལ། །ཡེ་ཤེས་ལྔ་ཡི་རང་མདངས་རྒྱས་པས།། ་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ་མ། །ཕྱག་འཚལ་ཆུ་བཞིའི་ཕ་རོལ་ལེགས་གནས། །ལས་དང་ཉོན་མོངས་སྲིད་ལས་རྣམ་གྲོལ། །སངས་རྒྱས་ཡོན་ཏན་ཕྱིར་མི་ལྡོག་པའི། །ས་ལམ་མ་ལུས་མཐུ་རུ་ཕྱིན་མ། །ཕྱག་འཚལ་སྲིད་པའི་དྲ་བ་འཇོམས་མཛད། ། ་ཐུགས་ཀྱི་སྙིང་པོ་ཡི་གེ་བཅུ་པས། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད། །འཕྲིན་ལས་འོད་ཀྱིས་ནམ་མཁའ་གང་མ། །ཕྱག་འཚལ་འགྲོ་བའི་སྐྱབས་མཆོག་སྒྲོལ་མ། །བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ་མཛད། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་སྲས་མོ།། ་འཕགས་པའི་སྤྱན་ཆབ་ལས་ནི་འཁྲུངས་མ། །ཕྱག་འཚལ་འགྲན་ཟླ་མེད་པའི་སྐུ་མདོག་།ཟག་མེད་བདེ་ཆེན་ཟླ་བའི་གདན་ལ། །བཞུགས་པའི་ཞབས་ཀྱི་པདྨ་ལ་ནི། །ལྷ་དང་ལྷ་མིན་ཅོད་པན་གཏུགས་མ། །ཕྱག་འཚལ་ཆེ་བའི་ནང་ན་ཚ ་མཆོག་།འབྱུང་པོ་རོ་ལངས་མ་ལུས་ཚོགས་འཇོམས། །གཞན་གྱིས་མི་ཐུབ་དྲག་རྩལ་ཆེན་མོ། །སྟོབས་ཆེན་ཕ་རོལ་མནོན་པར་མཛད་མ། །ཕྱག་འཚལ་སྒྲོལ་མ་འཁོར་བ་སྒྲོལ་མཛད། །བཅོམ་ལྡན་འདས་མ་ཁྱོད་ཀྱི་ཞབས་ལ། །སྐྱབས་པའི་མི་དེ་མྱ་ངན་འདས ་ཐོབ། །མཆོག་གི་དོན་ཆེན་འགྲུབ་པར་མཛད་མ། །ཕྱག་འཚལ་སེང་ལྡེང་ནགས་ཀྱི་སྒྲོལ་མ། །རིགས་དྲུག་བུར་འཛིན་བརྩེ་བའི་ཐུགས་ཀྱིས། །སྙིང་རྗེ་ཆེན་པོའི་གྲུ་བཞིངས་ཀྱིས་ནི། །སྲིད་གསུམ་འཁོར་བའི་མཚོ་ལས་སྒྲོལ་མ། ཕྱག་འཚལ་ཕོངས་པ ་ཀུན་ལས་སྐྱོབ་མཛད། །མཚོ་བས་མནར་ཏེ་མཆུ་མགུལ་སྐམས་ནས། །བཀྲེས་པས་ཁྱོད་ལ་གསོལ་བ་བཏབ་པས། །ལོངས་སྤྱོད་མི་ཟད་ཆར་རྒྱུན་འབེབས་མ། །ཕྱག་འཚལ་དཔའ་མོ་རྡོ་རྗེ་སྒྲོལ་མ། །ཛམྦུ་ཆུ་བོའི་གསེར་གྱི་མདོག་ཅན། །རྡོ་རྗེ་ལ་སོགས ་ཕྱག་མཚན་བརྒྱད་ཀྱི། །ཕྲིན་ལས་རྣམས་ཀྱི་འགྲོ་དོན་མཛད་མ། །ཕྱག་འཚལ་སྐྱེ་འགྲོ་རྣམས་ལ་དབང་བསྐུར། །འཇིག་རྟེན་གསུམ་ན་ཐུ་རྩལ་ལྡན་པའི། །དྲེགས་པས་མྱོས་པ་རྣམས་ཀྱི་ཅོད་པན། །ཁྱོད་ཀྱི་ཞབས་ཀྱི་མཐིལ་གྱིས་བརྫིས་མ། །ཕྱག ་འཚལ་ཐུབ་དབང་སྟོབས་བཅུའི་རྩལ་ལྡན། །སྐུ་ལྔའི་རང་བཞིན་ཁྱབ་བདག་ཆེན་མོ། །བསྲུང་མེད་གསུམ་དང་མ་འདྲེས་དྲན་གསུམ། །ཡོངས་སུ་དག་པ་བཞི་པ་མངའ་མ། །ཕྱག་འཚལ་སྲིད་པའི་འཆིང་པ་ལས་གྲོལ། །ཡེ་ཤེས་སྐུ་ལ་རྫུ་འཕྲུལ་ཐོགས་མང ་ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས། །སྡུག་བསྔལ་འཁོར་བའི་དྲི་མ་དག་མ། །ཕྱག་འཚལ་མཐུ་སྟོབས་བདག་མོའི་སྙིང་པོ། །ཡི་གེ་བཅུ་པ་སྤྱི་འོར་བཏགས་ནས། །དཔུང་ཚོགས་བདེ་བཞིའི་ནང་དུ་ཕྱིན་པས་ཕ་རོལ་དམག་གི་གཡུལ་ངོ་བཟློག ་མ། །ཕྱག་འཚལ་མཁྱེན་དང་བརྩེ་བའི་བདག་ཉིད། །བསམ་གཏན་ཏིང་འཛིན་རྣམ་ཐར་མང་པོས། །བརྒྱན་པའི་གཏེར་མཛད་དཔལ་གྱི་བེའུ་ར། །ཤེས་བྱའི་དཀྱིལ་མཛའ་རྟག་ཏུ་ཆུང་མ། །ཕྱག་འཚལ་ཉི་མ་འབུམ་གྱི་མདངས་ཅན། །ཤེས་རབ་ཆེན་པོའི་འོད་ཟེར་འབར ་བས། །ཁམས་གསུམ་སེམས་ཅན་རྣམས་ཀྱི་རྒྱུད་ལ། །མ་རིག་སྒོ་དའི་མུན་རུམ་སེལ་མ། །ཕྱག་འཚལ་ཡེ་ཤེས་ལྔ་ཡི་བདག་ཉིད། །དཔལ་ལྡན་དྲི་མ་མེད་པའི་སྐུ་ལ། །མཚན་མཆོག་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་མ། །ཕྱག ་འཚལ་ཁམས་གསུམ་དབང་དུ་སྡུད་མ། །ཚངས་པའི་ཁྱབ་འཇུག་མ་ཧཱ་དེ་བ། །ལྷ་ཆེན་རྣམས་ཀྱི་དབུ་ཡི་ཅོད་པན། །ཁྱོད་ཀྱི་ཞབས་ལ་རབ་ཏུ་བཏུང་མ། །ཕྱག་འཚལ་འཇིག་པ་ཀུན་ལས་སྐྱོབ་མཛད། །མེ་དང་ཆུ་དང་རྒྱལ་པོའི་ཆད་པ། །སྟག་དང་སེང་གེ་སྦྲུལ? ་དང་སྲིན་པོ། །གླང་པོ་ཆེ་ཡི་བྲེང་དབང་སེལ་མ། །ཕྱག་འཚལ་བྱིན་བརླབ་རྨད་དུ་གྱུར་ནས། །འབྱུང་བ་འཁྲུགས་དང་གདོན་གྱིས་བསྐྱེད་པའི། །སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས། །ཁྱོད་ལ་གསོལ་བཏབ་གདུང་བ་སེལ་མ། །ཕྱག་འཚལ་བཙུན་མོ་རིན་པོ་ཆེན ་ཆ་བྱད། །སྨིན་པའི་བར་ནས་མཛོད་སྤུ་འོད་འབར། །སྤྱན་དགུ་ཨུདྤལ་མདོག་འདྲིའི་འཛུམ་མདངས། །ཐུགས་རྗེ་ཆགས་པས་འགྲོ་ལ་གཟིགས་མ། །ཕྱག་འཚལ་དཔའ་མོ་བདུད་ཀྱི་དཔུང་འཇོམས། །འཁོར་བའི་འདམ་ལས་འགྲོ་བ་འདྲེན་མཛད། །ཤུལ ་ནོར་འཕྲེང་ལ་ཐུགས་རྗེས་བཟུང་ནས། །ཐར་པའི་ལམ་ལ་ཁྲིད་པར་མཛད་མ། །ཕྱག་འཚལ་བདུད་བཞི་འཇོམས་པར་མཛད་མ། །སངས་རྒྱས་ཀུན་དངོས་རྗེ་བཙུན་མ་ཁྱོད། །ཕུང་པོ་ལྔ་སྤངས་ལྔའི་བདག་ཉིད། །ཡེ་ཤེས་ལྔ་རྫོགས་ཉོན་མོངས ་སྤངས་མ། །ཕྱག་འཚལ་དགེ་ལེགས་གཟི་བརྗིད་ཆེན་མོ། །ཞལ་བཟངས་བཅུ་དྲུག་ཟླ་བ་རྒྱས་འདྲའི། །འོད་ཀྱིས་ཁམས་གསུམ་མུན་པ་འཇོམས་མཛད། །ཤེས་རབ་དཔལ་དང་བློ་གྲོས་སྤེལ་མ། །ཕྱག་འཚལ་བུད་མེད་སྒྱུ་འཕྲུལ་ཁྱོད་ལ། །མཱ་མ་ཀཱི ་དང་སྤྱན་མ་གོས་དཀར། །ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱི། །ཆེ་བའི་ཆེ་མཆོག་རྣམས་ཀྱིས་བསྟོད་མ། །ཕྱག་འཚལ་ཧཱུཾ་གི་སྦྱོར་བ་དང་ལྡན། གནས་གསུམ་དུ་ནི་དེ་ཉིད་བཀོད་པས། །ནུས་པའི་རྫུ་འཕྲུལ་མཛའ་ལ་རྒྱལ་ནས། །ཕྲིན་ལས ་བཞི་ཡི་རྩལ་དང་ལྡན་མ། །ཕྱག་འཚལ་དགེ་བ་རྒྱས་པར་མཛད་མ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ཤར་བས། །མུན་པ་རང་སར་དག་པ་བཞིན་དུ། ཁྱོད་བསྒོམ་སྒྲིབ་པ་སྤངས་པར་བྱེད་མ། །ཕྱག་འཚལ་ཕྲིན་ལས་དུ་མའི་བདག་མོ། །ཁྱོད་སྐུ་སྣ ་ཚོགས་ངོ་བོ་ཤེལ་བཞིན། །སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས། །གང་ལ་ཉེ་བར་ཐ་དང་འཚར་མ། །ཕྱག་འཚལ་དོན་དམ་རྒྱལ་བའི་ཡུམ་ལས། །མ་གཡོས་ཀུན་རྫོབ་ལྷ་མོའི་གཟུགས་ཅན། །སྐུ་མདོག་སྔོ་ལྗང་གར་གྱི་ཉམས་དགས?། ? ་གསལ་མི་རྟོག་པ་ཡིས་འགྱིང་མ། །ཕྱག་འཚལ་འཁོར་བའི་གཡུལ་རྡོ་དོ་ཟློག་མ། །ང་བདག་དངོས་པོར་ཞེན་པའི་སྙིང་ལ། །སྤྲོས་བྲལ་ཡེ་ཤེས་རལ་གྲི་བསྣུན་ནས། གཟུང་འཛིན་འཁྲུལ་བའི་དཔའ་བོ་གསོད་མ། །ཕྱག་འཚལ་ཚོགས་? ་རྫོགས་པའི་དབུ་སྐྲ། །མཐོན་མཐིང་ལྕང་ལོ་འཁྱིལ་བའི་དབུས་ན། །རྫོགས་པའི་སངས་རྒྱས་འོད་དཔག་མེད་ལས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ་མཛད། །གང་གིས་མེ་ཏོག་ཕྲེང་བའི་བསྟོད་པ། །ཀློག་གམ་ཁ་དོན་འདོན་པར་བྱེད ་པ། །དེ་ཡིས་བསོད་ནམས་དཔག་མེད་འཐོབ་ཅིང། །སྡིག་སྒྲིབ་སྟོབས་ཆེན་མ་ལུས་དག་འགྱུར། །གང་ཞིག་སྐྱེ་བོ་ཐ་མལ་རྣམས་ཀྱིས། །འདི་འདོན་པ་དེ་དགེ་སྦྱོང་དུ་འགྱུར། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རློབ ་འགྱུར། །སུ་ཡི་བློ་ལ་བསྟོད་པ་འདི་འཛིན། །འདུལ་ཁྲིམས་སྡོམ་པ་དམ་ཚིག་རྣམས་ཀྱི། །ཉེར་བྱས་བསམ་པ་རྩ་ལྟུང་དྲི་མ། །མ་ལུས་དག་ནས་དངོས་གྲུབ་ཐོབ་འགྱུར། །འདི་འདོན་བློ་ཡི་པདྨ་ཁ་འབྱེད། །རྒོལ་བ་ངན་པའི་ལུང་རིགས ་ཚར་གཅོད། །རིག་པའི་གནས་ལ་ཤེས་རབ་ཆེན་པོ། །ཟླ་བ་ཡར་ངོ་བཞིན་དུ་འཕེལ་འགྱུར། །ེ་མ་བསྟོད་པའི་རྒྱལ་པོ་འདི་ནི། །ལན་ཅིག་ཡིད་ལ་དྲན་པ་ཙམ་གྱིས། །ཞིང་མཆོག་དམ་པ་བདེ་བ་ཅན་དེར། །ཐེ་ཚོམ་མེད་པར་ངེས་པར་སྐྱེ་འགྱུར། འགྲོ ་བའི་སྐྱབས་མཆོག་རྗེ་བཙུན་མ་ལ། །བདག་གི་མེ་ཏོག་ཕྲེང་བས་བསྟོད་པའི། །དགེ་བ་གྲུ་གཟིངས་ལྟ་བུ་དེས་ནི། །སྲིད་གསུམ་འཁོར་བའི་མཚོ་ལས་སྒྲོལ་འགྱུར། །མེ་ཏོག་ཕྲེང་བའི་བསྟོད་པ་འདི་ནི། །རྗེ་བཙུན་མ་ལ་ལྔ་བརྒྱ་པ་རྣམས་ཀྱིས་ཐམས་ཅད་མཁྱེན་བའི ་ཁུར་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ། སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བས་བསྟོད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟ་བ་ནཱ་མ(རྒྱུད་འགྲེལ་