CLOSE WINDOW

N3222: nor rgyun ma'i gzungs kyi man ngag
Wyliee-texts based on the ACIP/ALL Input

བཅོམ་ལྡན་འདས་མའི་བྲིས་སྐུ་བཀྲམས་ནས་མཆོད་པ་བྱས་ཏེ་བསྒོམས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་དངོས་གྲུབ་ཏུ་འགྱུར་རོ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བ་སུ་དྷ་ར་སཱ་དྷ་ནཾ། ་བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། །ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཚོགས་འདིར་པཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སྐུ་མདོག་སེར་མོ་ཞལ་གསུམ་ཕྱག་གཉིས་པ་ལང་ཚོ་གཞོན་ཞིང་རྒྱན་དང་ན་བཟའ་རྣམ་པར ་བརྒྱན་པ་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེའི་ཆར་འབབ་བཞིན་པའི་བུམ་པ་ཕྱག་གཡོན་ན་བསྣམས་པ། །ཕྱག་གཡས་པ་མཆོག་སྦྱིན་མཛད་པ། །དཔག་ཏུ་མེད་པའི་གྲོགས་མོའི་འཁོར་གྱིས་བསྐོར་བ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ ་བཞུགས་པ། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། རང་གི་སྙིང་ཁའི་ས་བོན་ལས་སྐད་ཅིག་གིས་བསྐྱེད་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། །ལག་པ་གཉིས་ཁུ་ཚུར་བྱས་ནས་གུང་མོའི་ཚིགས་གསུམ་པ་བཅག་པ་ནི་ནོར་རྒྱུན་མའི་ཕྱག ་རྒྱའོ། །དེ་ནས་ཨོཾ་བ་སུ་དྷ་ར་རད་ན་ནི་དྷ་ན་ཀE་ཏེ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ་ཁ་སུ་དྷ་ར་ཎི་ཨུ་པ་དེ་ཤ(རྒྱུད་འགྲེལ་རྒྱུན་མ་ལ་ཕྱག་འཚལ་ལོ། །ནོར་རྒྱུན་མའི་བྲིས་སྐུ་འམ་སྐུ་གཟུགས་བཀྲམ་ནས། མདུན་དུ་ཙན་དན་གྱི་མཎྜལ་གྲུ་བཞི་པ་བྱས་ནས། དེ་ནས་བཅོམ་ལྡན་འདས་མ་བསྐྱེད་ནས་མཆོད་ཅིང་ལག་པ་ཙན་དན་གྱིས་བྱུགས་ཏེ། ནོར་རྒྱུན་མའི་གཟུངས ་ཀྱི་པོ་ཏི་སྐུད་བས་བཅིངས་ནས་མདུན་དུ་ཆུའི་སྣོད་བཞག་ནས་ནང་དུ་བཅུག་སྟེ། སེམས་ཅན་ཐམས་ཅད་བྱམས་པའི་སེམས་ཀྱིས་དམིགས་ཏེ། དངོས་གྲུབ་མངོན་པར་འདོད་པས་སྙིང་གར་བཟུང་སྟེ་ནོར་རྒྱུན་མའི་བཟུངས་བཀླག་པར་བྱའོ།། ་ཀློག་པ་ཡང་སྭཱཧཱ་དང་ལྡན་པས་སྔགས་རྣམས་ཀྱིས་སྭཱཧཱ་ཞེས་པའི་སྒྲ་བརྗོད་པས་ན་མེ་ཏོག་དཀར་པོ་དུར་བ་དང་བཅས་ཏེ་ཀ་ར་དང་འབྲས་དང་ཆུའི་སྣོད་དུ་དབུལ་བར་བར་བྱའོ། །གོས་དང་ས་གཙང་ཕྱོགས་གཙང་མར་ཇི་སྲིད་ཟླ་བ་དྲུག་བཀུག་ཅིང་ཆུའི་ནང ་དུ་གཤེགས་པར་བྱའོ། །ནོར་རྒྱུན་མའི་གཟུངས་ཀྱི་མན་ངག་རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་པཱ་རཱ་ཧྲི་སཱ་དྷ་ནི། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་སྔ་བར་ལངས་ནས་ཞལ་བསང་བ་ལ ་སོགས་པ་བྱས་ནས་དམ་ཚིག་གི་རིལ་བུ་ཞལ་དུ་བཅུག་སྟེ། རིའི་ཕུག་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་སྣ་སོགས་རྡོ་རྗེའི་སྟན་ལ་འདུག་ནས་ཨཱ་ལའི་དབྱངས་ལན་གསུམ་བརྗོད་པས་བདག་ཉིད་རྡོ་རྗེ་ཕག་མོར་གྱུར་ནས་དེའི་རྣམ་པ་ཅན་དུ་འགྲོ ་བ་ཐམས་ཅད་ངེས་པར་བྱས་ཏེ། རང་གི་སྙིང་གར་ཆུ་སྐྱེས་དང་ཉི་མ་ལ་པཾ་ཡིག་དམར་པོ་བལྟས་ནས་དེ་ལས་བྱུང་བའི་འོད་ཟེར་དམར་པོ་བསྐལ་པའི་མེ་ལྟ་བུའི་ཤིན་ཏུ་མི་ཟད་པ་འོག་མིན་གྱི་གནས་སུ་སོང་ནས་རྡོ་རྗེ་ཕག་མོ་འཆད་པར་གྱུར་པའི ་སྐུ་མདོག་དང་ཕྱག་མཚན་དང་ལྡན་པ་དང། །བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་བཞུགས་ཏེ། །སྙིང་ཁ་ནས་ཕྱུང་བའི་འོད་ཟེར་གྱི་མཆོད་པ་རྣམས་གྱིས་ཡང་དག་པར་མཆོད ་ནས་དེའི་མདུན་དུ་སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། དགེ་བ་ཡོངས་སུ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས་ཚད་མེད་པའི་གནས་བཞིན་བྱ་བསྒོམས ་ཏེ། དེ་ནས་ཆོས་ཐམས་ཅད་རྡོ་རྗེའི་རང་བཞིན་གྱི་སྟོང་པ་ཉིད་དུ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པའི་སྔགས་ཀྱིས་དོན་མངོན་དུ་བྱས་ནས་སྐད་ཅིག་གིས་?་གནས་པའི་སྐུར་གནས་པར་བྱའོ། །སྔོན་གྱི་སྨོན ་