| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཁ་རོ་ར་བ་ན་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཚོགས་སྡིག་པ་བཤགས་པ་ལ་སོགས་པ་བྱས་པའི་རྗེས་ལ་སྟོང་པ་ཉིད་དུ ་བྱས་ལ། དེ་ལ་སྔོན་གྱི་གནས་སུ་པདྨ་དང་ཟླ་བ་ལ་ཏཾ་གི་ས་བོན་ཡོངས་སུ་གྱུར་པ་ལས་ཨུཏཔ་ལ་ལྟེ་བར་ཏཾ་གྱིས་མཚན་པའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྗང་གུ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། མཆོག་སྦྱིན་དང་ཨུཏཔ་ལ ་གཡས་དང་གཡོན་པའི་ཕྱག་ནའོ། །མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་དང། རལ་གཅིག་མ་གཉིས་གཡས་དང་གཡོན་གྱི་ཕྱོགས་ཀྱི་ཆ་ན་བསྣམས་པ་སྟེ། མཛེས་མའི་གཞོན་ནུ་མ་རྒྱན་གྱིས་བརྒྱན་མ། སེང་ལྡེང་གི་ནགས་སུ་སྣ་ཚོགས་བའི་སེམས་ཅན་གྱི ་དོན་བྱེད་མ་བསམས་ལ། ཡེ་ཤེས་སེམས་མ་དང་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱི་བཟླས་པ་བྱས་ལ་དེ་ཉིད་ཀྱི་ཡིད་ཀྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་པའི་སངས ་རྒྱས་ཀྱི་གསུངས་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། སི་ཏ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས། འཕགས་མ ་