CLOSE WINDOW

N2809: sgrol ma'i sgrub thabs
Wyliee-texts based on the ACIP/ALL Input

ལ། པདྨ་དང་ཟླ་བ་ལ་ས་བོན་ཏཱུཾ་ཡོངས་སུ་གྱུར་པ་ལས་ས་བོན་ཏཱཾ་གི་སྙིང་པོ་དང་ལྡན་པའི་ཨུཏཔ་ལའི་མཆོག་གོ། དེ་དག་ལས་ཡོངས་སུ་གྲུབ་པའི་སྔོན་པའི་སྔོན་མངོན་ཡོད་གྲུབ་པ་དབུ་བརྒྱན་ལ་གནས་པ་ཕྱག་གཡས་དང་གཡོན་གྱི ་མཆོག་སྦྱིན་པ་དང་ཨུཏཔ་ལ་བསྣམས་པ། མྱ་ངན་མེད་ལ་དགའ་མ་དང་འོད་ཟེར་ཅན་དང་རལ་གཅིག་མ་མདུན་དང་གཡས་དང་གཡོན་གྱི་སའི་ཆ་ལ་སྟེ། ལྷའི་བུ་མོ་གཞོན་ནུ་རྒྱན་རྣམས་དང་ལྡན་པར་བསྒོམས་ལ། ཡེ་ཤེས་སེམས ་དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུ་ཏདྲཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བའི་སྔགས་བཟླས་ལ། དེ་ཡིད་ལ་བྱེད་པ་དང་ལྡན་པ་ཉིད་ཀྱིས་ཇི་ལྟར་འདོད་པར་བརྒྱུ་བར་བྱ་བའོ། །འཕགས་མ་སེར་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་སོ། ། ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་སྙིང་གའི་ཟླ་བའི་དཀྱིལ་ན ་གནས་བའི་ཏཱཾ་གི་ས་བོན་ལས། རྣམ་པར་འཕྲོས་པའི་འོད་ཟེར་ལས་གྲུབ་བའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པར་བྱ་ཞིང། དེ་དག་ཕྱི་དང་ནང་གིས་བདག་ཉིད་ཀྱི་མཆོད་པས་ཀྱང་ལེགས་པར་མཆོད ་ཅིང་དེ་དག་གི་སྤྱན་སྔར་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་ཡང་བྱ་བའོ། །དེ་ནས་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པས་རང་བཞིན་གྱིས་དག་པ་བདག་ཡིན་ནོ། ཞེས་བརྗོད་པར་བྱ ་བའོ། །དེ་ནས་ཟླ་བ་དང་ཏཱི་ལས་ཡང་དག་པར་བྱུང་བའི་ཨུཏཔ་ལ་དཀར་པོ་ལ་གནས་པའི་ཡི་གེ་ཏཱཾ་ལས་ངེས་པར་བྱུང་བའི་སྒྲོལ་མ་སྔོན་མོ་སྟེ། ཕྱག་གཉིས་ཀྱི་གཡས་པས་མཆོག་སྦྱིན་པ་གཡོན་པས་རྩ་བ་དང་བཅས་པའི ་ཨུཏཔ་ལའི་མཆོག་སྦྱིན་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་པར་བྱ་བའོ། །དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ནི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུད་མོ་གཉིས་རྒྱབ་ནས་བཀའ་ ་ཅིང་མཐེ་བོང་དག་པདྨ་འབྱར་བ་ལྟར་ནང་དུ་བརྐྱང་བ་ནི་ཨུཏཔ་ལ་ཁ་བྱེ་བའི་ཕྱག་རྒྱའོ། །དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བྱ་བའི་སྔགས་འདི་ཟླས་པར་བྱ་བའོ། །སྒྲོལ་མ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །། ་ཨ་བྷ་ཡའི་ཞལ་སྔ་ནི་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།*།། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔ་མ་དག་བཞིན་དུ་སྟོང་པ་ཉིད་ཀྱི ་བར་དུ་བསྒོམས་ལ། བཾ་གྱི་ཡི་གེ་ལས་སྐྱེས་པའི་སྣ་ཚོགས་པདྨའི་དབུས་སུ་ཡི་གེ་ཨཾ་ལས་བྱུང་བའི་ཟླ་བ་ལ་ཏཱཾ་གྱི་ཡི་གེ་སྔོན་པོས་བསྐྱེད་བའི་སྒྲོལ་མ་སྐུ་མདོག་སྔོན་མོ་རྒྱན་ཐམས་ཅད་དང་ལྡན་པ་སྟེ། གཡོན་ན་ཨུཏཔལ་སྔོན་པོ་དང ་ལྡན་པ་གཡས་ཀྱིས་མཆོག་སྦྱིན་པར་མཛད་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་གཡས་ཀྱི་ཕྱོགས་ན་ནི་མྱ་ངན་མེད་པ་ལ་དགའ་མ་སེར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་བརྒྱན་དང་ལྡན་ཞིང་གཡས་དང་གཡོན་གྱི་ཕྱག་གཉིས་ན་རྡོ་རྗེ ་དང་མྱ་ངན་མེད་ཀྱི་ཡལ་ག་བསྣམས་པའོ། །དེ་བཞིན་དུ་རྨ་བྱ་ཆེན་མོ་སེར?་ཡོན་དང་ཅིག་ཤོས་ཀྱིས་ཕྱག་གཉིས་ན་རྨ་བྱའི་མཇུག་སྒྲོ་དང་རྔ་ཡབ་བསྣམས་པའོ། །གཡོན་གྱི་ཕྱོགས་ན་རལ་གཅིག་མ་བོད་ཐུང་བ་ནག་མོ་སྟག་དང་ཛི་མའི་པགས ་པ་བསྣམས་པ། །སྤྱན་གསུམ་མ། ཞལ་མཆེ་བ་རྣམ་པར་གཙིགས་པ་སྐྲ་ཁམ་པ་གྱེན་དུ་འབར་བ། གྲེ་གུག་དང་ཐོད་པ་བསྣམས་པའོ། །དེ་བཞིན་དུ་འཕགས་མ་དུག་སེལ་མ་ལྗང་གུ་ཕྱག་གཡས་པ་དང་གཡོན་པ་གཉིས་ན་རྔ་ཡབ ་