CLOSE WINDOW

N2666: them yig gsang ba zhes bya ba
Wyliee-texts based on the ACIP/ALL Input

གཅིག་ཏུ་སྡེབས་པ་རྫོགས་སོ།། །།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྷུན་པོ་རི་རབ་ཟོམ། །རྒྱུད་དོ་ཅོག་གི་བརྒྱ་རྩ་བརྒྱད། །དེ་ཡི་རྩ་བར་འདི་གསུངས་པ། །སྒྲུབ་པའི་ཐབས་ནི་བརྒྱ་དང་བརྒྱད། །ལོ་གྲངས ་དེ་དེའི་འདོད་པའོ། །འདི་ཉིད་ལ་ནི་རྣམ་པ་གཉིས། །རྒྱུད་ཀྱི་རྩ་བ་བཞིར་བླངས་ནས། །བསྐྱེད་པ་ཉིད་དང་རྫོགས་པའོ། །བསྐྱེད་པ་ལ་ནི་བརྒྱ་དང་ལྔ། །རྫོགས་པའི་རིམ་པ་སྒྲུབ་པ་གསུམ། །འདི་ཉིད་རྩ་བའི་རྗེས་འབྲངས་པའོ། །དེ་ལ་ཐོག་མར ་དབང་བསྐུར་ནི། །འཇིག་རྟེན་གྱི་གང་ཟག་སྦྱིན་བྱའི་ཕྱིར། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དབང་བསྐུར་རིམ་པ་གཉིས་སུ་བཤད། །འདས་པ་ལ་ནི་བརྒྱད་ཡིན་ནོ། །འཇིག་རྟེན་དབང་བསྐུར་རྣམ་པ་དྲུག་།སྤྱི་ཡི་དབང་དང་བཅོ་ལྔ་ཡིས། །མ་སྨིན ་པ་རྣམས་སྨིན་པར་བྱེད། །དེ་ཡི་སྡོམ་ནི་འདི་ལྟ་སྟེ། །དེ་ལ་སྒྲུབ་ཐབས་བརྒྱ་དང་བརྒྱད་གསུངས་པ་ལ། །འཇིག་རྟེན་འདི་བློ་དོར་བ་རྣམས་ལ་འདས་པའི་དབང་བརྒྱད་བསྐུར་ཏེ། བློ་རྒྱ་ཆེ་བ་སྤྲོས་པ་ལ་དགའ་པ་རྣམས་དང། ལྷ་སུམ་ཅུ་རྩ་ལྔའི་དཀྱིལ་འཁོར་དུ་དབང ་དོན་གཉིས་རྫོགས་པར་འདོད་པས་ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པར་འདོད་པས། །ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། བདུད་འདུལ་བར་འདོད་པས་ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་དབང་བསྐུར། རང་གི ་དོན་སྒྲུབ་པར་འདོད་པས་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར། ཤེས་རབ་འཕེལ་བར་འདོད་པས་ཡབ་ཡུམ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡེ་ཤེས་སྔོན་དུ་སྒྲུབ་པར་འདོད་པས་རིགས་ཀྱི་ཁྲོ་བོ་ལྔའི་དཀྱིལ་འཁོར་དུ་དབང ་བསྐུར། མཆོག་གི་ལས་སྒྲུབ་པར་འདོད་པས་སྒོམ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བསྙེན་བསྒྲུབ་བྱའོ། །འཇིག་རྟེན་པ་ལ་དྲུག་སྟེ། འཇིག་རྟེན་གྱི་འདོད་པ་རྣམས་ཀྱིས་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ཏུ་དབང་བསྐུར་ཏེ། འཇིག་རྟེན ་པའི་མཐུ་དང་རྫུ་འཕྲུལ་འདོད་པས་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར། དཔལ་དང་དབང་ཕྱུག་འདོད་པས་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། སྟོབས་དང་གྲགས་པ་འདོད་པས་གཟའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ་སྙན་པ་དང་ལེགས་པ་འདོད་པས་རྒྱ་སྐད་ཡི་ཤུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ནད་དང་གདོན་ཞི་བར་འདོད་པས་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དབང་སྐུར་བཅུ་བཞི་པོ་དེ་དག་གི་ལས་ཀྱི་རིམ་པ་ལ་སྔོན་པ་དབང་བསྐུར་བའི་ཆོ་ག་དང་བཅོ་ལྔ་ནི། དབང ་བསྐུར་དམ་པར་གསོལ་ཅིག་ཞེས་རྒྱུད་ཀྱི་སྒྲུབ་པར་བྱུང་པའོ། །ལྷག་མ་གཟའི་ལས་ཀྱི་བྱེ་ཕྲག་བདུན་ཡོད་པ་ལས། གཟའི་གདོན་ལས་གྲོལ་བར་བྱེད་པ་རིན་པོ་ཆེ་གྲོལ་བྱེད་དང། གཟའ་ངན་པ་བཟློག་པ་རྒྱ་མཚོའི་སྤྲིན་དང། གཟའ་བ་རྒྱད་ཀྱི་ལས་མ་གྲུབ་པ་? ་པར་བྱེད་པ་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་དང། བསྒྲུབ་བྱ་གཟའི་བྱང་དུ་གཞུག་པ་འཁོར་ལོ་ཅན་དང་བཅས་པ། ཐོག་གི་སྒྲ་བསད་པ་དྲག་ཤུལ་ཅན་དང། ལོ་ཐོག་འཇོམས་པར་བྱ་བའི་ཆུ་ཐིག་དང། འགལ་བར་སྐྲག་པར་བྱེད་པའི་ལས་སྣ་ཚོགས་སུ་བསྟན ་པ་མགལ་མའི་འཁོར་ལོ་དང་བདུན་ལ། རྒྱ་མཚོ་སྤྲིན་དང། རིན་པོ་ཆེ་གྲོལ་བྱེད་དང། འདོད་པ་རབ་ཏུ་སྦྱིན་པ་དང་གསུམ་མོ། །གཟའ་དང་ཞེས་པའི་སྒྲུབ་པ་པོ་འཁོར་ལོ་ཅན་དང། དྲག་ཤུལ་ཅན་དང། ཆུ་ཐིག་དང་འགལ་བ་མེའི་འཁོར་ལོ་བཞི་ནི་སེམས་ཅན ་ཐམས་ཅད་སྐྲག་པར་བྱེད་པའི་སྒྲུབ་པའོ། །རྒྱུ་སྐར་གྱི་ལྷག་མ་གཉིས་ལ་རྒྱུ་སྐར་ངན་པ་བཟློག་པར་བྱེད་པ་བདུད་རྩི་སྤྲིན་དང། རྒྱུ་སྐད་གྱི་ལས་སྣ་ཚོགས་སྒྲུབ་པར་འདོད་པ་དུས་འཛིན་བཟང་པོ་དང། གཉིས་ནི་རྒྱུ་སྐར་དང་ཞེས་པའི་སྒྲུབ་པའོ། །ལྷ་བརྒྱད་ཀྱི་ལྷག་མ ་གཉིས་ལ། འཇིག་རྟེན་པའི་ལྷ་ཉེ་བར་བྱེད་པ་དོན་དྲུག་ནི། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པའི་སྒྲུབ་པ་པོ་ཚོགས་ཀྱི་བདག་པོ་སྒྲུབ་པ་དབུལ་མོ་གཏེར་སྦྱིན་ནི། འཕོངས་པའི་སྒྲུབ་པའོ། །ཀླུ་ལྷག་མའི་བརྒྱད་ལས་ཡམས་ལས་ཐར་བར་བྱེད་པ་ཡིད་བཞིན་ནོར་བུ ་དང་?་ཀླུ་སྒྲུབ་པ་རིན་པོ་ཆེ་དབྱིག་སྒྲུབ་དང། ཀླུའི་གདན་ལས་གྲོལ་བར་བྱེད་པ་སྦྲུལ་འབྱིན་གསང་བ་དང། ཀླུའི་གདོན་ལས་ཐར་བར་བྱེད་པ་ཀླུ་སྲོག་མེ་དཔལ་གྱི་འཁོར་ལོ་དང་བཞི་ནི་མི་བཟང་གདོན་གྱིས་ཉེན་པའི་སྒྲུབ་པའོ། །བསྒྲུབ་བྱ་བྱང་དུ་གཞུག་པའི་སྲོག ་བཅོད་པའི་སྲོག་གཅོད་སྤུ་གྲི་དང། རིམས་ཀྱི་སྒྲ་བསང་པ་རལ་གྲིའི་འཁོར་ལོ་དང། རྨུགས་པའི་ལས་གཟི་མདངས་ཆེན་མོ་དང་གསུམ་མོ། །སེམས་ཅན་རྨུགས་པར་བྱེད་པའི་ལས་ཀྱི་མཛའ་ཨོ། །ཆར་དབབ་པ་བདུད་རྩིའི་རྒྱུན་དང། ཆུ་གཏོར ་གྱི་ཀླུ་ལ་སོགས་པའི་གདོན་རྣམས་མཉེས་པར་བྱེད་པ་བདུད་རྩིའི་རྒྱ་མཚོ་གཉིས་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་སྒྲུབ་པའོ། །སེར་པ་བསྲུང་བ་འབྱུང་བ་རྒྱུན་གཅོད་དང་བྱིས་པ་གདོན་ལས་ཐར་བར་བྱེད་པ་མེའི་འཁོར་ལོ་གཉིས་ནི། སེམས་ཅན་ཐམས ་ཅད་སྲུང་བར་བྱེད་པའི་སྒྲུབ་པའོ། །རྡོ་རྗེ་རང་རྟགས་ཀྱི་སྒྲུབ་པ་བདུན་ལ། སྒྲུབ་པ་ངེས་པའི་ཆོ་ག་ནི་མི་ཆོད་པའི་མན་ངག་གི་སྒྲུབ་པ་ནི་མི་ཤིགས་པའི་སྒྲུབ་པའོ། །ཡོ་ག་པྲ་སེན་དྲག་བ་ནི་བདེན་པ་ཞེས་པའི་སྒྲུབ་པའོ། །འདོད་པའི་དོན་དུས་ལ་ངེས་པའི་? ་པ་ནི། སྲ་བ་ཞེས་པའི་སྒྲུབ་པའོ། །དབང་པོ་དང་ལྡན་པ་ནི་བརྟན་པ་ཞེས་བྱ་བའི་སྒྲུབ་པའོ། །འདོད་པའི་གཏན་ཚིགས་ཐོགས་པ་མེད་པ་ནི། ཐོགས་པ་མེད་པ་ཞེས་བྱ་བའི་སྤྲུལ་པའོ། །མནའ་ལས་རྒྱལ་བ་དང། ཚོང་ལས་རྒྱལ་པ་དང། ཕ་རོལ་གྱི་སྡེ ་ཕམ་པར་བྱེད་པ་དང། གདོན་དང་ནད་ལས་རྒྱལ་བ་དང་བཞི་ནི། ཐམས་ཅད་དུ་མ་འབམ་པའི་སྒྲུབ་པའོ། །མངོན་སྤྱོད་ཀྱི་སྦྱིན་སྲེག་ནི་སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ། །རྒྱུན་གཅོད་སྦུ་གྲི་ནི། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པའོ།། ་ཡེ་ཤེས་འདུས་པའི་?་པ་ནི། །ལས་ཐམས་ཅད་འཇོམས་པར་བྱེད་པའི་སྒྲུབ་པའོ། །གསེར་གྱི་རི་བོ་ནི་རིག་སྔགས་ཐམས་ཅད་གནོན་པའི་བྱེད་པའི་སྒྲུབ་པའོ། །ཕྱིར་བཟློག་གསང་བ་དང། རྡོ་རྗེ་རྣོན་པ་དང་ཉེ་བའི་ལས་ཕྱི་མ་གསུམ་ནི་གཞན་གྱི་ལས་ཐམས ་ཅད་འཇིག་པར་བྱེད་པའོ། །ལྷའི་གདོན་ལས་ཐར་བར་བྱེད་པ་དང། འབྱུང་པོ་དང། དྲི་ཟ་དང། ཚངས་པ་དང། སྲིན་པོ་དང། ཤ་ཟ་དང། ཀླུ་དང། ལོག་འདྲེན་གྱི་དང། བརྗེད་བྱེད་ཀྱི་དང། སྨྱོ་བྱེད་ཀྱི་དང། ལྷ་མ་ཡིན་གྱི་དང། བཞོན་ནུའི་དང། ་གནོད་སྦྱིན་གྱི་གདོན་ལས་ཐར་བར་བྱེན་པ་དང། བཅུ་གསུམ་ནི། གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་སྒྲུབ་པའོ། །རྡོ་རྗེ་ཐོ་བ་ནི་གདོན་ཐམས་ཅད་བརླག་པར་བྱེད་པའི་སྒྲུབ་པའོ། །རྡོ་རྗེ་ལྕགས་ཀྱུ་ནི། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པའི་སྒྲུབ་པའོ།། ་ཡིད་བཞིན་ནོར་བུ་འོད་འབར་བ་ནི། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་སྒྲུབ་པའོ། །རྡོ་རྗེ་བེ་ཅོན་ནི། མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་སྒྲུབ་པའོ། །རིན་པོ་ཆེ་གཏེར་སྒྲུབ་ནི། གྲུབ་པ་རྣམས་ཆུད་མི་ཟར་བྱེད་པའི་སྒྲུབ་པའོ། །ཞི་བའི་སྦྱིན་སྲེག་ནི་ཞི་པའོ། ་རྒྱས་པ་ནི་རྒྱས་པའོ། །?་ཆིངས་འཕྲུལ་ཡིག་དང། རླུང་གི་ཞགས་པ་གཉིས་ནི། སེམས་ཅན་ཐམས་ཅད་རེངས་པར་བྱེད་པའི་སྒྲུབ་པའོ། །བཀྲ་ཤིས་ཉི་མ་ནི། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་གྱི་སྒྲུབ་པའོ། །གསལ་བའི་སྣང་བ་དང། དགྲ་ལས་རྒྱལ་བ ་དང། དྲི་མ་དང་བྲལ་བའི་སྦྱོང་བྱད་དང། པདྨ་རྒྱས་པ་དང། རྡོ་རྗེ་རྒྱལ་མཚན་དང་ལྔ་ནི། སེམས་ཅན་དབང་པོ་ཉམས་པ་དང་ཞེས་པའི་སྒྲུབ་པའོ། །ཁྲུས་ཀྱི་ཆོ་ག་ནི། བཀྲ་ཤིས་རུམ་པ་སྤྱི་བླུགས་ཞེས་པའི་སྒྲུབ་པའོ། །རབ་ཏུ་གནས་པ་ནི་བུམ་པའི་ཁ་བརྒྱན་དཔག ་བསམ་ཤིང་ཞེས་པའི་སྒྲུབ་པའོ། །རྒྱུན་གྱི་འཁོར་ལོ་དང། དུག་གསལ་བའི་མེ་ལོང་དང། རང་བྱུང་འཇིགས་བྲལ་གསུམ་ནི་ཚེ་ཚད་མེད་པ་ཞེས་པའི་སྒྲུབ་པའོ། །པདྨ་དབྱིག་སྒྲུབ་དང། བཅུད་ལེན་གཉིས་ནི། ཚེ་ཉམས་དད་ཞེས་པའི་སྒྲུབ་པའོ། །དཔག་བསམ་སྡོང ་པོ་དང་རིན་པོ་ཆེ་ལས་ཀྱི་ཕྲེང་བ་དང། ལས་ཚོགས་སྟོང་རྒྱས་གསུམ་ནི། ཕུན་སུམ་ཚོགས་མིན་གང་ཆགས་དང་ཞེས་པའི་དོན་ཏོ། །འགྱུར་བྱེད་ཆེན་མོ་དང། གཞན་གྱི་ལྕེ་དབབ་པ་བཟློག་པ་དང། སྡད་པ་གསུམ་གྱི་ལས་ཐོར་བུ་གསུམ་ན?། མཛའ་སྡུག་སྐྱེ་བ་སྡང་དེ ་དང་ཞེས་པའི་བསྒྲུབ་པའོ། །གོ་ཆ་ཆེན་མོ་ནི། བྲམ་ཟེ་ལ་སོགས་གཙེས་པ་དང་ཞེས་པའི་བསྒྲུབ་པའོ། །རྩི་འབྱོར་དབྱིག་གི་ནོར་བུ་ནི། ཕན་ཚུན་མཐུན་པ་མ་ཡིན་དང་ཞེས་པའི་སྒྲུབ་པའོ། །དཔག་བསམ་གྱི་ཤིང་རྒྱས་པ་ནི། ནོར་འགྲིབས་པས་ནི་འཕོངས་པ་དང་ཞེས ་པའི་སྒྲུབ་པའོ། །སྦས་པའི་གའུ་ནི་འཇིགས་པ་དང་ནི་གནོད་པ་དང་ཞེས་པའི་སྒྲུབ་པའོ། །ཕྱིར་ལྡོག་འཁོར་ལོ་ནི་བྱད་སྟེམས་དང་ཞེས་པའི་སྒྲུབ་པའོ། །གསེར་གྱི་རྒྱ་མཚོ་ནི། སྲོག་ཆགས་དག་ནི་ཐམས་ཅད་ཀྱི། མི་བཟང་བ་ཡི ་ནང་རྣམས་ཀྱང་ཞེས་པའི་སྒྲུབ་པའོ། །རྒྱལ་མཚན་རྩེ་མོ་ནི་ཚེ་འཕེལ་བའི་སྒྲུབ་པའོ། །དཔལ་ཡེ་ཤེས་ཕྲེང་བ་ནི། བསོད་ནམས་འཕེལ་བའི་སྒྲུབ་པའོ། །དེ་ལྟར་བརྒྱ་དང་ལྔ་ནི། བསྐྱེད་པའི་རིམ་པའི་སྒྲུབ་ཐབས་སོ། །སྒྲ་ལ་གནས་པའི་བསམ་གཏན་དང། སྒྲ་ལ ་མི་གནས་པའི་བསམ་གཏན་དང། སྒྲ་མཐར་གྱི་བསམ་གཏན་གསུམ་ནི། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ་ཞེས་བའི་སྒྲུབ་ཐབས་སོ། །ཐིམ་ཡིག་གསང་བ་ཞེས་བྱ་བ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། ། ་དྷརྨ་ཀཱི་དྷ་པྲ?་དྲས་ཡང་ཞུས་བྱས་སོ།། །།ཁྲོ་བོ་ཆེན་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བ་བཞུགས་སོ།། །།ཁྲོ་བོ་ཆེན་པོ་རྡོ་རྗེ་གནམ་ལྕགས་འབར་བ་ནག་པོ་ལ་ཕྱག་འཚལ་ལོ། །དང་པོར་གནས་དབེན་པར་མཚམས ་