| Wylie | e-texts based on the ACIP/ALL Input |
པའི་བདུན་ཚིགས་ཀྱི་ཆོ་ག་།སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་བི་དྷི་ཧོ་མ་པཱ་པཾ་ཤོ་དྷ་ཡ ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པ་སྦྱོང་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མི་ཤེས་དྲི་མ་སེལ་མཛད་ཅིང། །ཤེས་རབ་ཡེ་ཤེས་སྤྱན་འབྱེད་པའི། །འཇམ་དབྱངས ་དེ་ལ་ཕྱག་འཚལ་ནས། །སེམས་ཅན་ངན་སོང་རྣམ་སྦྱོང་བའི། །ཆོ་ག་ཚེ་འདས་ལ་ཕན་པ། །གཞན་གྱི་དོན་དུ་བཤད་པར་བྱ། །དེ་ལ་འདིར་གཟའ་དང་སྐར་མ་བཟང་པོ་བཀྲ་ཤིས་པའི་ཉི་མ་ལ་ཚུལ་དང་མཐུན་པའི་དཀྱིལ་འཁོར་དང་འབྲེལ་བ་འམ་མ་འབྲེལ་ཀྱང་རུང་སྟེ། ཕྱོགས ་དང་མཐུན་པའི་གནས་བཟང་པོར་ས་བསླང་བ་ལ་སོགས་པ་སྔོན་དུ་འགྲོ་བས་སའི་རྒྱར་ཁྲུ་བཅུ་དྲུག་པ་ལ་གྲུ་བཞིར་བྱས་ཏེ། དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱིས་ཟླུམ་པོར་བསྐོར་ལ་ཁྲུ་གང་གྱེན་དུ་མཐོང་བ་དང། དེའི་ཁ་ཁྱེར་ཡང་དེའི་ཚད་དུ ་བྱས་ལ། དེ་ནས་ནང་དུ་ཁྲུ་ཕྱེད་ཀྱི་བར་དུ་ཟབས་སུ་རྒྱར་ཆུད་པར་བྱས་ལ་ནང་གཟབ་སུ་ཡར་ཁྲུ་གང་ཐག་བུར་བྱའོ། །དེ་ལ་རྡོ་རྗེ་དཀར་པོ་དང། འཁོར་ལོ་དཀར་པོ་དང། རྡོ་རྗེ་སྔོན་པོ་དང། རིན་པོ་ཆེ་སེར་པོ་དང། པདྨ་དམར་པོ་དང། རྒྱ་གྲམ་ལྗང་གུས་བསྐོར་བར་བྱའོ། ་དེ་ལ་ཙན་དན་དང་རྒྱ་ཤུགས་ལ་སོགས་པ་དུག་གིས་རྒྱུ་ལས་མ་བྱུང་མེ་སྐྱེས་པའི་ཤིང་སོགས་ཏེ། དེའི་ནང་གང་ཡིན་པ་དེར་སེམས་ཅན་ཚེ་འཕོས་པ་དེའི་གཟུགས་ཀྱི་ཕུང་པ་ཁྲུས་བྱས་ལ་དྲིས་བསྒོས་ཏེ། རྒྱན་བཏགས་ལ་སྐྱིལ་མོ་ཀྲུང་གི་ཚུལ་དུ་ཁ་ནུབ་ཀྱི་ཕྱོགས ་པར་བཞག་ལ། སྟེང་ཕྱོགས་མཚམས་སུ་ཀུ་ཤ་ལ་སོགས་པ་གཞག་གོ་།དེ་ནས་གཡོན་དུ་བསང་ཆུ་དང། མཆོད་ཡོན་གཞག་ཅིང་མཆོད་པ་ལྔ་བཀྲམ་ནས། མདུན་དུ་ཡམ་ཤིང་དང། ཏིལ་དང་ཡུངས་ཀར་དང། མར་དང་འོ་མ་དང། འབྲས་ཆན་དང། ཀུ་ཤ་དང་དུར་བ ་དང། གྲོ་དང་མ་ཤ་དང། སོབ་དང། སྲན་མ་དང་བིལ་བ་དང། སྟག་གེ་དང། ཛཱ་ཏི་དང། འབྲས་བུ་དབུ་མ་པ་དང། ཨུ་དུམ་བ་རའི་ཤིང་དང། ནགས་ཀྱི་ལྕགས་མ་བླ་ན་དང་བཅས་པ་དང། འབྲས་མ་གྲུགས་པ་དང། སྤང་སྤོས་དང། མངར་གསུམ་དང། ཟས་ཀྱི་རྣམ་པ་སྲོག ་ཆགས་ལས་བྱུང་བ་དང། མཆོག་ཏུ་དྲི་དང་བཅས་པའི་སྲེག་རྫས་རྣམས་ནི་ཀུ་ཤ་གཅལ་དུ་བགྲམ?་པའི་སྟེང་དུ་ཤིང་ལོས་བཟང་པོ་འམ་རས་སར་པའི་སྟེང་དུ་གཞག་གོ། མདུན་དུ་དགང་གཟར་བླུགས་གཟར་གཞག་གོ་།དེ་ལྟར་རྫས་རྣམས་ཚོགས་པར་བྱས་ལ། བདག་རྡོ ་སློབ་དཔོན་གྱི་རྒྱན་རྣམས་བགོ་སྟེ། རྡོ་རྗེ་དྲིལ་བུ་བཟུང་ལ་མ་རུངས་པ་འདུལ་བའི་རྒྱལ་པོ་གཤིན་རྗེ་གཤེད་པོ་དྲན་པའི་བྱིན་རླབས་ཀྱིས་ལོག་འདྲེན་གྱི་ཚོགས་གང་ཡིན་པ་དེ་རྣམས་ཕམ་པར་བྱས་ནས་ཅིས་ཀྱང་མི་ཚུགས་པའི་གུར་དུ་བསམ་མོ། །དེ་ནས་སྡིག་པ་བྱང་ཞིང་དགེ ་བ་ལ། འདུན་པ་བཟང་པོ་བསྐྱེད་དེ། སྐལ་དང་ལྡན་པར་བྱ་བའི་ཕྱིར་ངེས་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེའི་རྗེས་ལ་བདག་ཉིད་ཤིན་ཏུ་?་?་དེ་དང་ལྡན་པ་སྒྱུ་འཕྲུལ་དྲང་མངོན་པར་བྱང་ཆུབ་པའི་སྙིང་རྗེ་ཆེན་པོ་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་གྱི་འཁོར ་ལོ་མངོན་པར་སྤྲུལ་ནས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་འབྱུང་བ་བཞི་ལས་ངེས་པར་བྱུང་བའི་དཀྱིལ་འཁོར་བརྩེག་གོ་།གཟུགས་ཀྱི་ཁོག་པ་གང་ཡིན་པ་ལས་ངེས་པར་བྱུང་བའི་མ་ཐོབ་ཀྱི་འཁོར་ལོ། །དེའི་ནང་དུ་མེའི་དཀྱིལ ་འཁོར་?་གསུམ་པ་དབུས་སུ་རམ་གྱིས་མཚན་ཅིང་ཟུར་རེ་གསུམ་པ་ཁམས་གསུམ་གྱི་ལས་དང་ཉོན་མོངས་པ་ཞལ་དུ་གསོལ་བའི་རྟགས། ཨོཾ་ཨཱ(རྒྱུད་འགྲེལ་ཧེ། ཀུ་ཤ་ལ་མེ་སྤར་ནས་དེའི་བྱིན་རླབས་ཀྱིས་གང་གི་ཡི་གེ་གང་ཡིན་པ་ལས་བསྐྱེད་པའི་མེ་ལྷའི་རྒྱལ་པོ་བྷ་བ་ཀ་དུང་དང་ཀུན་ད་ལྟ་བུ་བསྐྱེད་དེ། པདྨ་དང་ཟླ་བའི་གདན་ལ་རེས་པར་རྫོགས་པ་དང། ཞལ་གཅིག་ཕྱག་བཞི་ལ། གུན་དེ་དང་དབྱུག་པ་དང། བགྲང ་ཕྲེང་དང་མེ་ཐབ་བསྣམས་པ་བསྒོམ་མོ། །དེ་ནས་སྔགས་པས་མེ་ལྷ་བྷ་བ་ཀ་སྤྱན་དྲངས་ཏེ། ཨོཾ་ཚུར་གཤེགས་ཚུར་གཤེགས་འབྱུང་བོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག་།བསྲེགས་བླུགས་ཞལ་ཟས་འདི་བཞེས་ལ། འབར་བའི་གདན་ལ་བཞུགས་སུ་གསོལ། །ོཾ་ཧཡ་ཧི ་སརྦ་བྷཱ་ཏ་དེ་བ་རི་ཥི་རཥཱ་ཛ་སཏྭ་མཧཱ་ཀྲོ་དྷི་ཨཱ་ཧཱུཾ(རྒྱུད་འགྲེལ་གཞུག་པ་དང། བཅིང་བ་དང་དབང་དུ་བྱ་བ་དང། དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང། ཨོཾ་བཛྲ་ཨགན་ཡེ་མཧཱ་གྷཱུ་ཏ་ཛཝ་ལ་སཏྭ་བྷིསྨཾ་ཀུ་རུ་སརྦ་དུཥྚཾ་ཀྲོ་དྷ་ཛ(རྒྱུད་འགྲེལ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བྷ་བཀ་བཛྲ་ཨགན་ཡེ་བཛྲ་པུཥཔཾ་ཞེས་བྱ་བ་ལ་སོགས་པས་མཆོད་པ་ལྔ་དང། མཆོད་ཡོན་དབུལ་བར་བྱའོ། །དེ་ནས་ཐོག་མར་མེའི་གཟི་བརྗིད་བསྐྱེད་པའི་ཕྱིར་མར་གྱི་དགང་བླུགས་བདུན་ནམ་ལྔ་དབུལ་ལོ། ། ་ཨོཾ་བཛྲ་པ་ན་ཡ་མཧཱ་བྷུ་ཏ་སརྦ་བྷསྨཱི་ཀུ་རུ་སརྦ་དུཥྚན་ཧཱུཾ་ཕཊ་ཅེས་བརྗོད་ལ་མེ་ཏོག་ལེགས་པར་བཏགས་ཏེ། དཀར་སེར་འཁྱིལ་ཞིང་འབར་བ་དང། །མ་ཆད་མ་བྱེ་མི་འཕྲོ་དང། །སྒྲ་དང་དུ་བ་ཀུན་ཏུ་སྤངས། །འཇམ་ལ་རྣོ་ཞིང་གསལ་ལ་བཟང། །གནག་ཅིང་རྩུབ་པ་ངན་པ་དང ་ཆད་པའི་འུར་འུར་མེ་སྟག་འདྲེ། །མི་གསལ་མི་འབར་དུ་བས་འཁྲིགས་།ངན་དེ་ཆད་ཆད་ཞི་བར་བྱས་ལ། དེ་ནས་ཡམ་ཤིང་དབུལ་ཏེ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛཝ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚན། བྷ་བཀ་ཨགན་ཡེ་བཛྲ་མ་ཏ་ཡེ་སྭཱཧཱ། ཡཾ་ཤིང་གིའོ། །དེ་བཞིན་དུ་ཀུན་ལ་སྦྱར ་བར་བྱའོ། །ཚེ་འདས་པ་ཆེ་གེ་མོ་སརྦ་བཱ་པཾ་ད་ཧ་ན་ཡ་སྭཱཧཱ་ཏིལ་གྱིའོ། །ཚེ་ལས་འདས་པ་ཆེ་གེ་མོ་སརྦ་བཱ་བི་ཛཝ་ལ་རཾ་སྭཱཧཱ། ཡུངས་ཀར་གྱིའོ། །མར་དང་འོ་མ་དང་ཞོ་དང་ཞུ་བའི་རྫས་རྣམས་ནི་མེ་ཉིད་ཀྱི་སྤགས་ཀྱིས་སོ། །སརྦ་སཾ་བ་དེ་སྭཱཧཱ། འབྲས་ཆེན་གྱིའོ། ། ཡུ(རྒྱུད་འགྲེལ་ཨོཾ་ཨ་པྲ་ཏི་ཧ་ཏ་ཡེ་སྭཱཧཱ། ཀུ་ཤ་དུར་བ་མྱུ་གུའིའོ། །ོཾ་མཧཱ་བེ་ག་ཡེ་སྭཱཧཱ། ནས་ཀྱིའོ། ཨོཾ་བཛྲ་ཀརྨཱ་ཧྲི་ཡེ་སྭཱཧཱ། གྲོའིའོ། །ོཾ་བཛྲ་བི་ཛ་ཡེ་སྭཱཧཱ། སོ་བའིའོ། །ོཾ་མཧཱ་བ་ལ་ཡེ་སྭཱཧཱ། སྲན་མའིའོ། །ོཾ་བཛྲ་མུ་ཏ་ཡེ་སྭཱཧཱ། སྲན་མ་མ་ཤའིའོ། །ོཾ་སརྦ་པུཥྚ་ཡེ་སྭཱཧཱ། འབྲས ་སོ་བའིའོ། །ོཾ་མཧཱ་ཤོ་པ་ཡེ་སྭཱཧཱ། འོལ་བ་དང། སྟར་ག་དང། སྨན་ཐམས་ཅད་ཀྱིའོ། །ཡམ་ཤིང་མེ་འོང་ལའོ། །མར་ཁུ་ཞལ་དུའོ། འབྲུའི་རྣམ་པ་དང་སྨན་གྱི་རྣམ་བཞལ་དུའོ། །ཀུ་ཤ་དང་དཱུར་བ་དབུའི་གཙུག་ཏོར་དུའོ། །མཆོད་པ་ལྔའི་ཚུལ་ཇི་ལྟ་བ་བཞིན་དུའོ། གནས ་གང་དང་གང་ཡིན་པ་དེར་དབུལ་ལོ། །ཐ་མ་ཡང་མཆོད་པ་ལྔ་ཕུལ་ནས་བསྟོད་པས་བསྟོད་ཏེ། ཧཱུཾ་འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཡོངས་ཀྱི་དབང་བསྐུར་བས། །ཤེས་རབ་མེ་ཡིས་ཉོན་མོངས་ཐམས་ཅད་བསྲེག་།འཇིགས་བྱེད་མེ་ལྷ་ཉིད་ལ ་རྣམ་པར་འདུད་ཅེས་བསྟོད་དོ། །དེ་ནས་འདོད་པའི་དོན་བསྒྲུབ་པ་ནི། །ལྷའི་རྒྱལ་པོ་དྲང་སྲོང་ཁྱོད། །བྱོན་པ་ལེགས་ཀྱིས་དོན་བསྒྲུབས་ཤིག་།སྦྱིན་སྲེག་ལས་ཀྱི་དངོས་གྲུབ་སྩལ། །མངོན་པར་ཕྱོགས་པ་དེ་སྲིད་དུ། །ཇི་སྲིད་དགོངས་པ་མཛད་ནས་ཀྱང། །ཇི་སྲིད་དགོངས་པ་མཛད་དུ ་གསོལ་ཤེས་བརྗེད་ལ་མེ་འབར་བ་ལ་བསྟིམ་མོ། །དེ་ནས་མེ་འབར་བའི་ནང་དུ་པདྨ་དང་ཉི་མའི་སྟེང་ན་ཚེ་འདས་པའི་དབང་པོ་ཤིན་ཏུ་གསལ་བ་ཉིད་དུ་བསམས་ཏེ། རང་གི་གནས་ལ་གནས་པའི་རྣལ་འབྱོར་པས་སྙིང་གའི་འོད་ཟེར་གྱི་ཚེ་འདས་པའི་ཤེས་པ་བསྟིམ་ཞིང་ཛ(རྒྱུད་འགྲེལ་བཾ་ཧོ(རྒྱུད་འགྲེལ་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ད་ཏ་ན་པ་ཙན་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ་ཏྲ་ཏ་ཞེས་བརྗོད་ལ། ཚོགས་བསག་པའི་ཐབས་ལ་མོས་པ་བསྐྱེད་པར་བསམས་ལ་སེམས་བསྐྱེད་དེ། དེའི་སྙིང་གར་ཟླ་བ་ལ་རྡོ་རྗེ་བསམས་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཚེ་འདས་པ་དེའི་ལས་དང་ཉོན ་མོངས་པ་རྣམ་པར་སྨིན་པ་ཐམས་ཅད་བུམ་པའི་ཆུམ་བཀྲུ་བར་བྱས་ཏེ། ཨོཾ་ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་སྐུའི་ཕྲེང་སྔགས་དང། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརཧ་ཏེ་བྷཡ། སམྱ་ཀྱི?་བུདྡྷ་ཡ་བྷཡ(རྒྱུད་འགྲེལ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ན། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨམ་ཨཱ་པ་ར་ཎ་བི་ཤུདྡྷེ་སྭཱཧཱ། ཞེས་བྱ་བས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བཀྲུའོ། །དག་པར་བསམས་ལ་དེའི་གཟུགས་ཀྱི་ཕུང་པོ་དེ་ཡང་སྟོང་ཞིང་བདག་མེད་པར་བསམ། །དེའི་ཤེས་པ་ཨ་དཀར ་པོར་གནས་པར་བསམས་ལ། དེ་ལ་དཀྱིལ་འཁོར་རྣམས་སྤྲུལ་པར་བྱའོ། །དེ་ནས་ཡེ་ཤེས་འཁོར་ལོ་བར་སྣང་ལ་བསྡུས་ཏེ། ཡང་དག་པར་བལྟས་ཏེ་མཆོད་ནས་དམ་ཚིག་གི་འཁོར་ལོ་ལ་གཞུག་ཅིང་མཉེས་པར་བྱས་ནས་དབང་བསྐུར་ཞིང་མི་འདའ་བའ་ཨི་རྒྱས་གདམས ་པར་བྱའོ། །དེའི་དེ་མ་ཐག་ཏུ་དགང་བླུགས་བདུན་ནམ་གསུམ་ཕུལ་ལ་ཡམ་ཤིང་སྔོན་དུ་འཕྲོ་ལས་ཇི་སྐད་གསུངས་པ་བཞིན་སྲེག་རྫས་རྣམས་དབུལ་བར་བྱའོ། །དེའི་རྗེས་ལ་སྔར་གྱི་ལྷ་གང་ཡིན་པ་དེའི་སྙིང་གར་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ ་རྣམས་གནས་པར་བྱས་ལ་ཐུན་མོང་དུ་སྲེག་རྫས་རྣམས་ཀྱིས་མཆོད་པར་རྒྱས་ལ། ཨོཾ་བཛྲ་ཨ་ན་ལ། མཧཱ་བྷུ་ཏ་ཛཱ་ལ་སརྦ་བྷིསྨཾ་ཀུ་རུ། སརྦ་དུཥྚ་ན་ཧཱུཾ་ཕཊ་ཨོཾ་བྷ་བ་ཀ་ཨགན་ཡེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲིད་ཡ། ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱི:། བྷ་ག་བཱན་དྷཱ་ན་མུརྟི་བཱ་གཱི ་ཤྭ་ར་མཧཱ་པ་ཙ་སརྦ་དྷརྨམ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷཱརྨམ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱ(རྒྱུད་འགྲེལ་དེ་ནས་འདི་སྐད་ཅེས་བརྗོད་དེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི། །བསྟན་པའི་གཙོ་ལ་མདའ་མཛད་པས། །འཁོར་བའི་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་ངན་སོང་སྦྱོར་མཛད་པ། །བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ། ཡེ་ཤེས ་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། །དམ་ཚིག་རྣམས་གཙོ་བོ་ལ་བསྡུ་ཞིང་གཙོ་བོ་ཉིད་ཀྱང་ཨའི་མཐར་ཐུག་པ་ལ་བསྡུ་སྟེ། རང་གི་ཤེས་པ་ཨའི་རྣམ་པ་དེ་ཆོས་ཀྱི་ཟ་མ་ཏོག་གི་ནང་དུ་གཞག་སྟེ། ཡེ་ཤེས་ཆེན་པོ་བཞིའི་ཤིང་རྟའི་བར་གཞག་ལ་རྣམ་སྣང་ཆེན ་པའི་ཡེ་ཤེས་ཀྱི་འོད་ཟེར་རླུང་ལྟ་བུས་བསྐྱོད་དེ། འོག་མིན་གྱི་གནས་སུ་རིགས་ངེས་པའི་སངས་རྒྱས་སུ་བྱས་ལ་གཞག་གོ་།དེའི་རྗེས་ལ་སྲེག་རྫས་ལྷག་མས་མེ་ལྷ་ཉིད་མཆོད་ལ་བསྟོད་པ་བྱས་ཏེ། ཚངས་པ་འཇིག་རྟེན་མ་གན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག་།སྡིག་པ ་ཐམས་ཅད་ཟེག་པའི་ཕྱིར། །རིགས་ཀྱི་སྒྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འདི། །བསྐལ་བའི་མེ་ལྟར་རབ་ཏུ་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་གཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་བསྲུང། །བདུད་རྩི ་བཅུད་ལྡན་གུན་དོ་རྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་སྨིན། །མི་ཤེས་སྐྱོན་བྲལ་ཚངས་པར་སྤྱད། །ཞི་པས་མཉེས་ཤིང་ཐུགས་རྗེ་ཆེ། །འཇིག་རྟེན་གནས་ཀྱང་མྱ་ངན་ལས། །དེ་ལ་མཉེས་ཤིང་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ་གཤེགས་སུ་གསོལ་ཏེ། སེམས་ཅན་ངན་སོང ་སྦྱང་བ་ཡི། །ཕྲིན་ལས་ཁྲིད་ཀྱིས་མཛད་ལགས་ཀྱིས། །རང་གི་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །ོཾ་བྷ་བཀ་ཨགན་ཡེ་ཨེ་ཧཡེ་ཧི་ས་ཧཾ་ད་དཾ་ཙ་ཏི་དྷརྨམ་ཙ་ཡ་བཛྲ་མུ(རྒྱུད་འགྲེལ་ལྟར་བསྡུའོ། །ཚེ་འདས་སྒྲིབ་པ་བསྲེག་པའི་ཐབས། །ཆོ་ག་བཟང་པོ་བྱས་པ་ལས། །བསགས་པའི་དགེ་དེས་འགྲོ་བ་ཀུན། །བདེ་བ་ཅན་དུ་སྐྱེ་བར་ཤོག་།སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་གྱི་རོ་བསྲེག་གི་ཆོ་ག་།རྒྱ་གར་གྱི་མཁན་པོ་སུ་བཛྲ་དང། ་བར་གྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ། །རྫོགས་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ངན་སོང་སྦྱོར་བ་འགྲོ་བ་རིགས་དྲུག་གི་ཆོ་ག་།ངན་སོང་ཐམས་ཅད་རྣམ་སྦྱོར་བ། །ཚེ་འདས་ལས་བྱ་བ་ནི། །འགྲོ་དྲུག་སོ་སོའི་མཎྜལ་? ་