| Wylie | e-texts based on the ACIP/ALL Input |
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། རྫོགས་སོ།། །།འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་རྣལ་འབྱོར་ལས། ནམ་གྱི་ཆ་སྨད་རང་གི་རྒྱུད་ལ་རྟག་པ་ནི་རང་ཉིད་ལྷའི་ཕྱག་རྒྱ་ཆེན ་པོར་གསལ་བར་བྱས་ལ་སྣང་བ་ཐམས་ཅད་དཀྱིལ་འཁོར་ལ་བསྡུས་ཏེ། དཀྱིལ་འཁོར་ཡང་རིམ་གྱིས་འཁོར་ལོ་ལ་ཡང་གཙོ་བོ་བསྡུས་ཏེ། གཙོ་བོ་ཡང་དང་པོའི་སངས་རྒྱས་ལ་བསྡུ། དེ་ཡང་ཡེ་ཤེས་འཁོར་ལོ་ལ་བསྡུ། དེ་ཡང་ཡེ་ཤེས་སེམས་དཔའ་ལ་བསྡུ། དེ་ཡང ་ཟླ་བ་ལ་དེ་ཡང་ཨ་ལ་བསྡུ། ཨ་ལས་ནམ་མཁའ་ཨི་ཁམས་སུ་འཕེལ་ཏེ། ཨ་ཨཱ་ཨི་ཨའི་ཨུ་ཨའུ་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་ཡི་གེ་བརྒྱ་བླངས་པ་དེའི་ངང་ལས་ཡི་གེའི་ཕྲེང་བ་བཅུ་དྲུག་ཏུ་གྱུར་ཏེ་གནས། དེའི་ངང་ལས་བརྒྱད་དུ་གནས། དེའི་ངང་ལས་ཡི་གེ་བཞིར་གྱུར་ཏེ་གནས་པ་ལས། བདག་གི་ལུས་སྒྱུ་མ་ལྟ་བུར་ལངས་ཏེ་འཁོར་ལོ་བཞི་དྲན་པར་བྱས་ལ། སྤྱི་བོར་ཨོཾ་དཀར་པོ་ཁ་ཐུར་དུ་འཕྱང་བ་དང་མགྲིན་པར་ཧྲཱི(རྒྱུད་འགྲེལ་པོ་ཁ་གྱེན་དུ་གདེངས་པ་དང་སྙིང་ཁར་ཧཱུཾ་སྔོན་པོ་མགོ་ཐུར་དུ་འཛག་པ་དང། ལྟེ་བར་ཨ་དཀར་པོ་ཐིག་ལེ་དམར་པོ་འོད་ཟེར་གྱེན་དུ་འཕྲོ་བ་ལ་བལྟས་ལ། ཨ་དཀར་པོ་དེ་ལས་འོད་ཟེར་རྣོ་ལ་མྱུར་བ་དྲག་ལ་གྲིམས་པ། རིང་གཅིག་ལངས་པས་ཁྲག་གིས་ཐིག་ལེ་ལ་འོད་ཟེར་ཕོག ་པ་དང། ཐིག་ལེ་ལས་འོད་ཟེར་ཕྲ་ལ་རིང་བ། རྣོ་ལ་མྱུར་བ་དམར་ལ་དང་བ། གྲང་ལ་གསལ་བ། ཞིག་སྤྱི་བོའི་ཨོཾ་གྱི་ཐིག་ལེ་དཀར་པོ་ལ་རེག་པར་གསལ་བ་དང། ཨོཾ་དེ་ལས་ཡི་གེ་བརྒྱ་པའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་ཐིག་ལེ་དཀར་པོའི་ཚུལ་དུ་ཁུ་འཕང ་ལྟ་བུར་དཀར་ཚ་ངར་འབབ་པར་བསམས་ལ་རང་གི་ཁྲག་གི་ཐིག་ལེ་ལ་ཕོག་པ་དང་ལུས་ཐམས་ཅད་བདེ་བས་རྒྱས་ཏེ་ཤིན་ཏུ་བདེ་བས་གང་བར་གྱུར་པ་དང། དེ་ལ་སེམས་གཏད་པ་ནི་བདེ་བའི་ཏིང་ངེ་འཛིན་ཏེ། བཅུ་དྲུག་བྱེད་བྱེད་ཐིག་ལེ་ཅན་ཞེས་བྱའོ། །དེ་ཡང་སྟོང་པ་ཉིད་དུ་ཤེས ་བར་བྱས་ནས་བདེ་སྟོང་དབྱེར་མེད་དུ་བསྒོམ་མོ། །ཡན་ལག་མེད་པའི་རྩིས་ལས་འདས་ཞེས་པ་དང། ཐིག་ལེ་སྟོང་པ་ཡི་གེ་བརྒྱ་ཞེས་བྱ་སྟེ། དེ་ལྟ་བུའི་ངང་ལས་སྟོང་པ་འོད་གསལ་ཆོས་ཀྱི་སྐུར་ཐིམ་པ་ནི་མཉམ་བཞག་གི་ཚེ་རྣམ་རྟོག་གི་རྦ་རླབས་ཀྱིས་ཀྱང་བསྐྱོད་པ་མེད་པར་ནམ་མཁའ་ལ་སྤྲིན ་དེངས་པ་འམ། མར་མེ་ལ་རླུང་གིས་མ་བསྐྱོད་པ་འམ། རྒྱ་མཚོ་དང་པ་ལ་རླུང་གིས་མ་བསྐྱོད་པ་བཞིན་དུ་ཞེ་འདོད་ཐམས་ཅད་དང་བྲལ་བ། སྟོང་པའི་རྒྱས་ཐབས་པ། འོད་གསལ་ཆོས་ཀྱི་སྐུ་ལ་ཙེན་ནེ་ཡེར་རེ་ཝ་རེ་ཁྱུག་གེ་ལྟེ་མེ་མེར་དེ་ཧ་རེ་ཕྱལ་ལེ། ཡིད་ལ་མི་བྱེད་ཐོམ་མེ། ཡོར་ར ་སིམ་མེ་ཏིང་ངེ། མུགས་སེ་ཐིབས་སེ། ཡིད་ལ་མི་བྱེད་སྤྲོས་བྲལ་མི་རྟོག་པ་གང་ཡིན་པ་དེ་འདིའོ་སྙམ་པ་མེད་པ་ལྟ་བུ་མི་འགྱུར་བ་སོ་མ་རང་ཐག་ལྷུག་པ་ལྟ་བུ་ཡིན་ལ། སེམས་གསལ་ལ་རྟོག་པ་མེད་པ་འདིའོ་སྙམ་པ་དང་བྲལ་བའོ། །གཉིས་འཛིན་དང་གཉིས་མ་ཡིན་པའི་ཤེས་པ་གང ་དང་ཡང་བྲལ་བའོ། །ཉོན་མོངས་པ་མཛའ་དག་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ་།དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་ཞུགས་པར་འགྱུར་ཏ། རྫོགས་པའི་སངས་རྒྱས་མངོན་སུམ་དུ་འགྱུར་རོ། །རྗེས་ཐོབ་ཀྱི ་ཤེས་པ་ལ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔར་གྱུར་པ་དང། དེའི་ངང་ལས་སྟོང་པ་ཆེན་པོ་ཡི་གེ་བརྒྱར་ལངས་པ་དང། དེའི་ངང་ལས་ཡི་གེའི་ཕྲེང་བ་བཅུ་དྲུག་དུ་འགྱུར་ཏེ་གནས་པ་ལས་ནི་བར་སྣང་གི་ཁམས་སུ་ཨཱ་ལི་ཀཱ་ལིའི་ཕྲེང་བར་བལྟས་ལ། ང་ལ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་གྱི་ལྷ ་ཚོགས་སྤྲུལ་པར་བྱའོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མཉམ་པར་གཞག་པའི་རིམ་པའི་མན་ངག། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང། བོད་ཀྱི་ལོ་ཙ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ་རྫོགས ་སོ།། །།འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལ། །སྐྱེ་བ་མི་ལུས་ཐོབ་པ་རྣམས། །མི་ལུས་ཐོབ་པ་ཤིན་ཏུ་དཀའ་། །དེ་བས་དམ་ཆོས་རྙེད་པར་དཀའ་། །དེས་ན་སྒྲུབ་ལ་བརྩོན་པར་བྱ། །སང་ཙམ་འཆི་འམ་སུས་ཤེས་ན། །ད་ལྟ་ཉིད་དུ་བསྣུན་ཏེ་བྱ། །ཡིད་དགའ་བའི ་