| Wylie | e-texts based on the ACIP/ALL Input |
དང། བ་གླང་གི་ཁྲག་གིས་བྱུགས་པའི་སེང་ལྡེང་གི་སོ་ཤིང་སྟོང་ཕྲག་གཅིག་ལ། སྐྲ་གྲོལ་ཞིང་གཅིར་བུར་བྱས་པས་སྦྱིན་སྲེག་བྱས་ཏེ། མཐོང་ནས། མའམ་སྲིང་མོར་གྱུར་ཏེ། མིས་ཀ་བཅུ་དྲུག་སླངས་ན་བརྒྱད་སྟེར་རོ། །རང་གི ་ཁྲག་དང་ཆང་བསྲེས་པས་མོ་བྱུང་བའི་དུས་སུ་མཆོད་ཡོན་ཕུལ་ལོ། ། ལུམ་པི་ནི་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨུཙྪུཥྨཱ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། ཨུཙྪུཥྨཱ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ ་ཨུཙྪུཥྨཱ་ཡ་སྭཱ་ཧཱ། ཞེས་སོ། །འདི་ཡི་ཆོ་ག་ནི་ཉའི་དུས་ནས་ཕྱི་མའི་ཚེས་བཅུ་བཞིའི་བར་དུ་བསོད་སྙོམས་སླངས་པའི་ཟན་ལ་ཆང་བུ་གཅིག་ལ་སྔགས་བཟླས་ལ་རང་བཟའ་། །གཉིས་པ་ལ་བཟླས་ལ་ཆུ་ལ་བསྒྱུར་ལ་བཏད། ཞག་ཉེར ་གཅིག་ན་གདོལ་པ་མོའི་གཟུགས་སུ་བྱས་ནས་སྒྲུབ་པ་པོ་ལ་ལུང་སྟོན་ཏོ། །དེ་ལ་སྐྱུག་བྲོ་བར་མི་ལྟའོ། །དེ་ནས་རང་གི་གཟུགས་ཀྱིས་གནས་ཏེ། མ་འམ་སྲིང་མོ་འམ་ཆུད་མར་གྱུར་ཏེ། དམ་བཅའ་བྱས་ནས་རྗེས་སུ་འབྲང་བར་འགྱུར་རོ།། ་ཚོགས་བསགས་པའི་གང་ཟག་གིས་ཞག་བདུན་ན་འགྲུབ་པོ། །བསོད་ནམས་ཆུང་བས་ཀྱང་ཞག་ཉི་ཤུ་རྩ་གཅིག་གིས་བྲམ་ཟེ་གསང་དུ་ཟིན་ཀྱང་འགྲུབ་པར་འགྱུར་རོ། །གྲུབ་ནས་དི་ན་ར་ལྔ་ལྔ་ཉི་མ་ར་རེས་སྟེར་རོ། །ཟན་གྱི་ཆང་བུ་སྟེར ་བའི་དུས་སུ་མི་མེད་པར་ཟན་བཟའ་། མཚན་མོ་གཅིག་པུར་ཉལ་བར་བྱའོ། །ུཙྪུཥྨཱ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཀྵུ་ཀྵུ་སི་རི་ཀུནད་རི་སཱ་དྷ་ནཾ། བོད་སྐད་དུ། ཀྵུ་ཀྵུ་སེ་རི་ཀུན་དའི་སྒྲུབ་ཐབས། ན ་མོ་པི་ཤཱ་ཙི་ནི་ཀྵུ་ཀྵུ་སེ་རི་ཀུནད་རི་སྭཱཧཱ། ཞེས་སོ། དུར་ཁྲོད་ཀྱི་སོལ་བས་ཁང་པའི་ཤར་ཕྱོགས་ཀྱི་རྩིག་པ་ལ་འདྲེ་མོའི་གཟུགས་བྲིས་ཏེ། དེའི་ནང་དུ་མི་མི་བཏང་བར་བྱས་ཏེ། ཉི་མ་རྒས་པ་དང། གཟུགས་དེའི་འདུན་དུ་འདུག་སྟེ། དེའི་མགོ་ལ་ལག་པ ་གཞག་ལ། བརྒྱད་ཀྱི་ལྷག་པའི་སྟོང་ཕྲག་གཅིག་བཟླས་ནས། དེའི་དྲུང་དུ་ཉལ་བས་ཞག་དང་པོ་ལ་དུར་ཁྲོད་ཀྱི་དྲི་རྣམ་པར་འགྱུར་རོ། །གཉིས་པ་ལ་ཨ་ཀ་རུ་ལ་སོགས་པ། བདུག་སྤོས་ཀྱི་བྲི་རྣམ་པར་འགྱུར་རོ། །གསུམ་པ་ལ་ལུས་པ་རེག་བྱ་འཇམ་པ་སྐྱེད་པར་བྱེད་དོ། ། ་དེ་ལ་མི་མགུལ་བར་ཤིང་སྡོང་ལྟར་བསྡད་ཏེ། དེ་རང་ནུབ་མོ་ནས་འགྲུབ་པར་འགྱུར་བས། འགྲོན་བུ་པ་ནི་བརྒྱད་སྟེར་རོ་ཀྵུ་ཀྵུ་སེ་རི་ཀུ་དའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བི་ཤཱ་ཙེ་ཀརྞ་གྲིཧྞ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་མོ་རྣ་བ་འཛིན ་པའི་སྒྲུབ་ཐབས། ཨུཙྪུཥྨཱ་པི་ཤཱ་ཙི་ཀརྞ་གྲིཧྞ་སྭཱཧཱ། ཞེས་སོ། །ཉི་མ་རྒས་པའི་དུས་ཚོད་ལ་སྤུན་པ་སྤར་དོ་ཁྱེར་ནས་དབེན་པའི་སར་བོར་ལ་བཏང་ངོ། །ཞག་ཉི་ཤུ་རྩ་གཅིག་གིས་དུས་སུ་འདྲེ་མོ་འོང་བར་འགྱུར་རོ། །དེ་མི་སྡུག་པའི་གཟུགས་སྟོན་ན་དེ་ལ་འཇིགས ་པར་མི་བྱའོ། །སྔགས་ཟློས་ཤིང་དེ་དང་གཏམ་སྨྲའོ། །སྐད་ཆུང་བར་བྱའོ། །དེ་ནས་དེ་ན་རེ་བདག་གིས་ཅི་བྱ་ཞེས་ཟེར་ན། །བདག་ལ་གྲུབ་པར་གྱིས་ཤིག་ཅེས་བྱའོ། །དེ་ནས་དེ་ན་རེ་བདག་ལ་གཏོར་མ་བྱིན་ཞེས་ཟེར་ན་དུར་ཁྲོད་དུ་ཕྱིན་ནས། བལ་སྲན་གྱི་གཏོར་མ ་དབུལ་ལོ། །དེ་ནས་གཏེར་སྟོན་པ་དང་བློ་འཕེལ་བའི་རྫས་དང། གཞན་ཡང་འདོད་པ་ཐམས་ཅད་སྟེར་བ་དང། ཐམས་ཅད་སྲུང་བར་བྱེད་པའི་འདྲེ་མོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། པི་ཤཱ་བི་ཀྲིཥྞ་མུ་ཁ་སཱ་དྷ་ནི། བོད་སྐད་དུ། ་ཤ་ཟ་ནག་མོའི་སྒྲུབ་ཐབས། ཨོཾ་ཏ་ཏི་ལ་ཏ་ཏི་ལེ་ཀྲིཥྞ་མུ་ཁེ་མ་ཧཱ་བི་ཤཱ་ཙི་དེ་ཧི་ད་བཱ་ཧི་སྭཱཧཱ། བསྙེན་པ་འབུམ་ཕྲག་གཅིག་བཟླས་ཏེ། དེ་ནས་ཚེས་བཅུ་བཞི་ནས་ཟན་ལྷག་མའི་ཆང་བུ་ལ་སྔགས་ལན་བདུན་བཟླས་ཤིང། ཟླ་བ་གཅིག་གི་བར་དུ་སྦྱིན་ནོ། །ནམ ་ཕྱེད་ལ་བཟླས་པ་མང་དུ་བྱ། དེ་ནས་ཚེས་བཅུ་བཞིའི་མཚན་མོ་ཐོག་ཐག་བཟླས་པ་བྱ། ནམ་ཕྱེད་དམ་ཡང་ན་ཐོ་རངས་ཀ་འགྲུབ་པར་བྱེད་དོ། །ཉི་མ་རེ་རེ་ད་ནིར་བཅུ་བཅུ་སྟེར་རོ། །འདྲེ་མོ་ཁ་ནག་མོའི་བསྒྲུབ་ཐབ་རྫོགས་སོ།། །། ་