| Wylie | e-texts based on the ACIP/ALL Input |
གཏོར་མ་ཐམས་ཅད་སྔགས་འདིས་སྦྱིན་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་གཏོར་མ་སྦྱིན་པར་བྱས་པས་འགྲུབ་པོ། །འཁོར་ལོས་དགོས་པ་ཀུན་བྱེད་དོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཀྱིས། །ཡེ་ཤེས་བླ་མ་གནང་བ་ཡི། །བྱས་པ་དྲན་པ་ཡིས་ནི་བྱས། །གཤིན་རྗེའི་དགྲ་མགོན་ན་ན་དག་གིས། །བསྒྲུབ་པའི་ཐབས ་ཀྱི་མཆོག་བྱས་ལ། །དེའི་བསོད་ནམས་ཁྱད་པར་གྱིས། །སེམས་ཅན་གནས་ཆེན་ཐོབ་པར་ཤོག་།དཔལ་ཨུ་རྒྱན་གྱིས་ཡུལ་ནས་བྱུང་བ་གྲུབ་པའི་འཁོར་ལོ་ཇི་ལྟར་རྙེད་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །། ་དེ་ནས་ཡང་དག་བཤད་བྱ་བ། །སྔགས་པས་རྟག་ཏུ་རྟེན་པ་ནི། །རུས་སྤལ་འོ་མ་ཞེས་བྱ་དང། དེ་བཞིན་འོད་ཀྱི་ལོ་མ་དང། །འཇིམ་པ་སྐམ་པོ་ཉིད་དང་ནི། །དེ་བཞིན་མེ་ཡི་ཁུ་བ་དང། །སྒྲ་བརྙན་གྱིས་ནི་རྫས་དག་སྟེ། །འདི་རྣམས་རྟག་ཏུ་སྦྱར་ན ་ནི། །རང་བཞིན་གྱིས་ནི་ནད་མེད་ཅིང། །ཚེ་རིང་དབང་པོ་རྒྱས་པ་དང། །རྟག་ཏུ་ལང་ཚོ་དར་ལ་བབ། །ལྷ་རྣམས་ཀུན་གྱི་བྱིན་གྱིས་རློབ། །འདི་ལ་དཔྱད་པར་མི་བྱ་སྟེ། །མཐུ་དང་ངོ་བོ་ཉིད་ཀྱི་འགྲུབ། །ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས།། ་ལས་ཀྱི་རྣམ་སྨིན་སྦྱོང་བར་བྱེད། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་ཆོ་ག་བཞིན་དུ་བསྟེན། །ཚེས་གཅིག་སྐྱ་རེངས་ཤར་བ་ན། །སྣོད་ལ་མ་རེག་རུས་སྦལ་ཞོ། །དྲོད་མ་ཡལ་བར་གཏང་བའམ། །ཡང་ན་ཉི་མའི་སྤུ་གུས་བཏུང། །མར ་ཀྱི་དོ་ཡི་ཚེས་གཅིག་ལ། །འོད་ཀྱི་ལོ་མ་བཙལ་ན་ནི། །དེ་ཉིད་ནས་ནི་བཟུང་ནས་ཀྱང། །ཞག་གསུམ་སྐྱ་རེངས་ཤར་བ་ན། །ལོ་མ་དེ་བཅད་བཟའ་བར་བྱ། །ཡང་ན་ཉི་མའི་སྤུ་གུས་བྱ། །འཇིམ་པ་བཟང་པོ་སྦྱར་ནས་ནི། །ཞག་གསུམ་ཆུའི་ནང་དུ ་བསྐམ། །དེ་བླངས་ནས་ནི་ཡང་བསྐམ་ནས། །ཕྱེ་མ་བྱི་ལ་སྤར་ཚད་རེ། །བ་ཡི་འོ་མ་དང་སྦྱར་ནས། །སྔགས་པས་རྟག་ཏུ་བཏུང་བར་བྱ། །མེ་ཡི་སྡོང་པོ་སར་པ་ནི། །སའི་མར་གྱིས་དྲིལ་ནས་ནི། །ཁ་སྦྱར་སྣོད་དང་ལྡན་བྱས་ནས། །མེ་ཆུ་ས་ཡིས་བཙིར་ནས་ནི། །བཏུང ་ངམ་ཉི་མའི་སྤུ་གུས་བཏུང། །ལན་ཚ་བྲལ་བའི་སྒྲ་ལས་ནི། །ཞག་གསུམ་བཅིངས་པའི་སྒྲ་བརྙན་རྫས། །ནམ་གྱི་གུང་ལ་སྔགས་པས་བཟླས། །ཆགས་སུམ་སྣོད་དུ་ཞག་གསུམ་གཞག་།རྩེ་མོའི་ཆ་ནི་བྱུག་པ་སྟེ། །དབུ་མའི་ཆ་ནི་བདུད་རྩི་ཉིད། །རྩ་བའི ་ཆ་ནི་དོར་བར་བྱ། །འདི་རྣམས་སོ་སོར་བསྟེན་པས་ན། །ཐ་མལ་འབྲས་བུ་གསུམ་གྱིས་ཕྱེ། །བྱི་ལའི་སྤར་ཚད་རེ་རེ་སྦྱར། །མ་སྦྱར་ན་ཡང་ཉེས་པ་མེད། །ཚོགས་པར་བསྟེན་ན་བཟང་བར་བཤད། །རེ་རེ་ར་བསྟེན་ཀྱང་ཉེས་པ་མེད། །འཇམ་དཔལ་གྱི་རྟོག ་པ་དམ་རྫས་གསར་བ་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག་རྫོགས་སོ།། །།གཤིན་རྗེ་གཤེད་དམར་པོའི་བསྒྲུབ་ཐབས་བཞུགས་སོ། །།རྒྱ་གར་སྐད་དུ། རཀྟ་ཡ་ནཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི ་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་ལ་ཕྱག་འཚལ་ལོ། །གདུང་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་དྲག་པོ་སྒྲོལ་མཛད་པ། །ཡ་མཱ་ནཱ་ཀ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །ཐོག་མར་གནས་དབེན་པར ་བདུད་རྩི་ལྔ་ལ་སོགས་པའི་རིལ་བུ་ཁར་བཅུ་གནས་བདག་ཉིད་རོའི་ཐོག་ཏུ་བསམས་ཏེ། འདུག་ལ་ཚངས་པ་བཞི་དང་ལྡན་པས་བླ་མ་དམ་པ་ལ་མཆོད་པར་བྱའོ། །ོཾ་སྭ་བྷ་བ་ཤུདྡྷ(རྒྱུད་འགྲེལ་དྷརྨམ(རྒྱུད་འགྲེལ་