CLOSE WINDOW

N1576: dpal gshin rje'i dgra nag po'i rgyud kyi rgyal po chen po'i dka' 'grel rin po che'i sgron ma zhes bya ba
Wyliee-texts based on the ACIP/ALL Input

དྲིན་གྱི་ཉེ་བར་འཚོ་བ་དྷ་རྨཱ་ཀཱིརྟི་དྷ་དྲས་ལན་གཉིས་སུ་ཞུས་སོ།། (།།དགྲ་ནག་གི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་སྒྲོན་མ་ཞེས་བྱ་བ་རཏན་ཀ་ར་ཤཱནྟིས་མཛད་པ་བཞུགས་སོ།།)་རྒྱ་གར་སྐད་དུ། ཤྲཱི་ཀྲིཥྞ་ཡ་མཱ་རི་མ་ཧཱ་ཏནྟྲ་རཱ་ཛཱ་པཉྩི་ཀ ་རཏན་པྲ་དཱི་པ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེའི་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རབ་འཇིགས་བསྙེན་པར་དཀའ་ཞིང་བདུད་ཀྱི་རྩ་ལག་མང་པོ ་འཁྲུགས་པ་ཚར་གཅོད་ལ། རང་གི་མཐུ་ཡི་ཁྱད་པར་འཇིག་རྟེན་གསུམ་ལས་ཁྱད་འཕགས་བདུད་དགྲ་རབ་ཏུ་དཔའ་། །འདི་འདྲའི་དཔལ་ལྡན་གཤིན་རྗེ་ལ་སྡང་དེ་ནི་དེང་འདིར་བདག་ལ་བསྲུང་གྱུར་ཅིག་།དེས་བསྲུངས་གྱུར་པས་དེ་སྟོན་རྒྱུད་འདི་ཅུང ་ཟད་བདག་བྱེད་འདི་ལ་མཁས་བཟོད་མཛོད། །འདིར་འདི་སྐད་བདག་གིས་ཐོས་བ་དུས་གཅིག་ན་ཞེས་བྱ་བ་ནས་བརྩམས་ཏེ་ལེའུ་བཅོ་བརྒྱད་པའི་ཞབས་ནས་བདུད་ཞི་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ་ཞེས་བྱ་བའི་བར་དུ། རྒྱུད་འདིའི་གཞུང་གིས་ཅི ་ཞིག་སྟོན་ཅེ་ན། དེ་ནི་བཅོམ་ལྡན་འདས་འདིའི་རང་གི་ངོ་བོ་དང། དེའི་ཕྲིན་ལས་དང། དེ་འཐོབ་པའི་རྒྱུ་རྣམས་སྟོན་ཏེ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་རིགས་ལ ་རྣམས་ཀྱིས་ནི་འདིའི་རང་གི་ངོ་བོ་བསྟན་ཏོ། །ཇི་ལྟར་སེམས་ཅན་རབ་འཇུག་པ། །ལས་ཀྱི་དབྱེ་བ་རབ་འབྱེད་པ་ཞེས་བྱ་བ་ལ་སོགས་པ། ཇི་ལྟར་རིག་པ་རྣམས་ཀྱིས་ནི། །འདིའི་འཕྲིན་ལས་བསྟན་ཏོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ ་སོགས་པ་ཇི་རིགས་པ་རྣམས་ཀྱིས་ན། བཅོམ་ལྡན་འདས་འདིའི་གོ་འཕང་ཐོབ་པའི་རྒྱུ་ཕུལ་དུ་བྱུང་བ་བསྟན་ཏོ། །དེ་ལྟར་ན་རྒྱུད་འདིས་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་དང། གཞན་གྱི་དོན་ཕུན་སུམ་ཚོགས་པ་དག ་བསྟན་ཅིང། སྐལ་བ་དང་ལྡན་པ་གང་ཞིག་རྒྱུད་འདིར་སློབ་པ་དེ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རིམས་ཀྱིས་འགྱུར་བ་ནི་ཇི་ལྟར་དཔལ་འཁོར་ལོ་བདེ་མཆོག་ལས། མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་ཀུན་རྣམ་དག་བདག་ཉིད ་ཅན། །དེ་བཞིན་གཤེགས་པའི་ས་འཐོབ་ཅིང། །སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་འགྱུར་ཆོས་ལྡན་རྒྱལ་པོར་འགྱུར། ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རྒྱུད་འདི་ནི་རྗོད་པར་བྱེད་པ་ཡིན་ལ་འདི་དོན་ནི་བརྗོད་པར་བྱ་བའོ། །དེ་ཡང་ཐབས་དང ་དེ་ལས་བྱུང་བར་འབྲེལ་ཅིང་འབྲེལ་བ་དང་བཅས་པས་དོན་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུད་ཅིང། ཇི་ལྟར་ཁོང་དུ་ཆུད་པ་ལྟར་གུས་པས་བསྒྲུབས་པས་མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ཡང་དག་པར་འཐོབ་པས་ན། བདག་དང་གཞན་གྱི་དོན ་ཕུན་སུམ་ཚོགས་པ་དེ་ཡང་དགོས་པ་ལ་སོགས་པའི་ཡན་ལག་འདི་དག་གིས་འགྲུབ་པར་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ཤེས་སོ། །དེའི་ཕྱིར་ངེས་པར་འདི་ལ་འཇུག་པ་རྣམས་ནི་དོན་མེད་པར་ནམ་ཡང་རིགས་པས་ཀྱང་མི་འགྱུར་ལ་གཞན་ཡང་ཡང ་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཡང་ཐུགས་རྗེ་ཆེ་པ་ནི་གཞན་ལ་དོན་མེད་པའི་ཚིག་གསུང་མི་སྲིད་པས་ན། ལུང་རྣམ་པར་དག་པ་འབའ་ཞིག་ལ་གུས་པས་ཀྱང་འདི་ལ་འཇུག་པར་མི་རིགས་ཏེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ། ་ཉེས་ཟད་ལུང་དུ་ཤེས་པར་བྱ། །ཉེས་པ་ཟད་ཕྱིར་བརྫུན་གྱི་ཚིག་།གསུང་བར་མི་རིགས་རྒྱུ་མེད་ཕྱིར། ཞེས་ཚིགས་སུ་བཅད་པས་སོ། །གལ་ཏེ་སྦྱིན་པ་ལ་སོགས་པ་བདག་དང་གཞན་ལ་ཕན་པའི་ཐབས་རྒྱུད་འདི་ནས་སྟོན་པ་ལྟ་ན་བདེན་གྲང་ན། རྒྱུད ་འདི་ནས་ན་གསང་བ་ལ་སོགས་པ་སྟོན་ཅིང། དེ་ནི་གཞན་ལ་ཕན་པ་ཡང་མ་ཡིན་ལ། ཡང་བུད་མེད་དབང་དུ་བྱ་བ་ལ་སོགས་པའི་བྱ་བ་ཡང་སྟོན་ཅིང་དེ་ནི་དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན་ཞེས་རྒྱལ་བའི ་ཡུམ་ལས་བཀག་ཅིང། རིགས་པས་ཀྱང་འཐད་པའི་ལམ་དུ་མ་གྲུབ་པས། དེ་མི་རུང་ཞིང། སྲིན་པོ་ལྟར་མ་རུངས་པའི་ལུས་སུ་གནས་པ་དང་འདོད་པའི་ལྷ་མེ་ཏོག་གི་མདའ་ཅན་ལྟར། གཞན་ཟེ་སློང་བའི་ལུས་སུ་གནས་པ་ཡང། སྡང ་བ་འམ་ཆགས་པའི་རྐྱེན་དུ་གྱུར་ལ། དེ་ཡང་རབ་ཏུ་མི་འདོད་དེ། །ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བའི་གྲོང་སོགས་དེ་དག་གིས། །ཉོན་མོངས་རྒྱུད་གཅོད་ཉོན་མོངས་མེད། ཅེས་གསུངས་ན། ་འདི་ནི་ཉན་ཐོས་དག་པས་དམན་པར་གྱུར་པས། རྒྱུད་འདིར་རྒྱུ་དང་དེ་ལས་བྱུང་བ་གཉི་ག་བླང་བར་བྱ་བ་མ་ཡིན་ནོ། །དེ་བས་ན་ལུང་རྣམ་པར་དག་པ་ཡང་འདི་མ་ཡིན་པས་སུ་ཞིག་འདི་ལ་འཇུག་།དེ་བས་ན་འདིའི་འབྲས་བུ་མཆོག་རྒྱུ་དང ་བཅས་ཏེ་འདོད་པར་བྱ་བ་མ་ཡིན་ཏེ། འདམ་བུ་ཁྲུས་བྱས་པའི་ཆོ་ག་འགྲུབ་པར་ལྟ་ན་ཡང་དེ་ཁྲུས་མ་ཡིན་པས། མ་གྲུབ་པ་དང་བྱེ་བྲག་མེད་པ་འམ། ཆེས་སྨད་པ་ལྟ་བུའོ་ཞེ་ན། དེ་ལྟར་རྟག་པ་ནི་མ་ཡིན་ཏེ། རྒྱུད་འདིར་བསད ་པ་ལ་སོགས་པའི་བྱ་བ་གཞན་ལ་གནོད་པ་ལྟར་སྣང་བ་ཡང། བདེ་བ་མ་ཡིན་ཡང་ཕན་པ་ཉིད་ཡིན་ཏེ། སྨན་ཚ་བ་ལ་བརྟེན་པ་ལྟ་བུའོ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཡིན་ཏེ། མ་བྱས་ན་སླར་ཉེས་པ་ཉིད་ཡིན་པར་། ་ཉོན་མོངས་བཅས་ཀྱང་མཆོས་མི་བྱེད་ཅེས་བཤད་པས་སོ། །དེའི་ཕྱིར་སྙིང་རྗེ་ལས་བྱུང་བའི་བསད་པ་ལ་སོགས་པ་མདོ་སྡེ་དང་རྒྱུད་དུ་མ་ལས་གསལ་པོར་སྣང་བས་རྒྱལ་བའི་ཡུམ་ལས་ནི་རང་གི་སྔགས་རྒྱུར་གྱུར་པས་དྲག་ཤུལ ་སྤྱད་པ་བཀག་པར་ཟད?་དེ། དེ་བས་ན་འཕགས་པ་དེ་ཁོ་ན་འདུས་པས་ཀྱང། སྡིག་པའི་སེམས་ཅན་ཕན་དོན་དུ། །སྡིག་ཅན་སྡིག་སྤྱོད་ལོག་པ་དང། །སངས་རྒྱས་བཀའ་ནི་བསྒྲུབ་པའི་ཕྱིར། །བསད་པ་བྱས་ན་འགྲུབ་པར་འགྱུར། ཞེས་པ་དང། ཡང་སྡིག ་པ་དག་པའི་རྒྱུ་ཡི་ཕྱིར། །མཚམས་མེད་བྱེད་པ་མི་བཟློག་ན། །བསད་པའི་ལས་ལ་དད་ན་ཡང། །དེས་ནི་དངོས་གྲུབ་འགྱུར་རོ་ཞེས། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་གསུངས་ལ། འཕགས་པ་གསང་ཆེན་ཐབས་ལ་མཁས་པའི་མདོ ་ལས་ཀྱང། ཚོང་དཔོན་བྱང་ཆུབ་སེམས་དཔས་ཚོང་པ་གཡོན་ཅན་མདུང་ཐུང་གིས་བསད་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གསུངས་པ་ན། བསད་པའི་བྱ་བ་སྟོན་པས་ནི་རྒྱུད་འདི་སྨད་པར་མི་བྱའོ། །བུད་མེད་དབང་དུ་བྱ་བ་སྟོན་པས ་ཀྱང། འདི་སྨད་པར་མི་བྱ་སྟེ། སྨན་ལམ་གྲུབ་པའི་བུད་མེད་བྱང་ཆུབ་སེམས་དཔའ་ཨི་གནས་ཐོབ་པ་དག་ཡོད་ཅིང་དེ་དག་དབང་དུ་བྱ་བའི་ཕྱིར། སྔགས་དང་བསམ་གཏན་ལ་རབ་ཏུ་འབད་པ་ཉིད་ཀྱིས། བསྒྲུབ་པ་དེའི་སྒྲིབ་པའི་དྲ་བ་སེལ་ཅིང་སྒྲིབ་པ་སྲབ ་མོར་གྱུར་པ་ན་དེ་དང་འདུ་བའི་སྐལ་བ་ཅན་དུ་འགྱུར་ཞིང། དེ་དང་འདུས་པ་དེའི་འདོད་ཆགས་ལ་སོགས་པ་ཟད་པར་འགྱུར་ཏེ། ཇི་ལྟར་འཕགས་པ་སྡོང་པོ་བཀོད་པ་ལས། སྨད་འཚོང་མ་བཅོམ་པ་མོ་ལྷའི་བཤེས་གཉེན་གྱི་རྣམ་པར་ཐར་པ་བསྟན ་པ་ལས་ཀྱང། རིགས་ཀྱི་བུ་ཁོ་མོས་ནི་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཞེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ལྷ་རྣམས་ལ་ལྷ་མོའི་གཟུགས་དང། ཁ་དོག་དང་དབྱིབས་དང། ཆུ་ཞེང་ལས་ཀྱང ་ལྷག་པར་ཁ་དོག་གསལ་བ་དང། རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱེད་དོ། །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང་ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པ་རྣམས་ལ ་ཡང་བུད་མེད་ཀྱི་གཟུགས་དང་ཁ་དོག་དང་དབྱིབས་དང་ཆུ་ཞེང་ལས་ལྷག་པར་འོད་གསལ་ཞིང་རྣམ་པར་དག་པས་ཅི་ལ་སྨོས་པ་བཞིན་དུ་སྣང་བར་བྱེད་དོ། །སེམས་ཅན་གང་དག་འདོད་ཆགས་ཀྱིས་ཀུན་ནས་འཁོར་བའི་སེམས་དང་ལྡན་བ ་དག་།ཁོ་མོའི་དྲུང་དུ་འོང་ན་ཡང། དེ་དག་ཐམས་ཅད་ལ་ཁོ་མོ་ནི་འདོད་ཆགས་དང་བྲལ་བར་འགྱུར་བའི་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་ནས་ཀྱང། འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་ཆགས་པ ་མེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་ཁོ་མོ་མཐོང་མ་ཐག་ཏུ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་དགའ་བ་དང་ལྡན་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་པོ། །ལ་ལ་ནི་གཏམ་བྱས་པ་ཙམ་གྱིས་འདོད་ཆགས ་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་ཆགས་པ་མེད་པའི་དབྱངས་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་ལག་ནས་བཟུང་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི ་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྗེས་སུ་འགྲོ་ཞིང་གནས་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་གན་གཅིག་ཏུ་འགྲོགས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ ་འཛིན་དང་བྲལ་བས་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་བལྟས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བར་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་རྣམ་པའི་རྒྱན་ཅེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ ་ལ་ནི་གླལ་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་གྱི་ཕས་ཀྱི་རྒོལ་བ་རྣམ་པར་འཐོར་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་མིག་བཙུམ་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་པང་དུ་འཁྱུད་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་ཡོངས ་སུ་སྡུད་ཅིང་མི་གཏོང་བའི་སྙིང་པོ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ། །ལ་ལ་ནི་འོ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་བསོད་ནམས་ཀྱི་མཛོད་ལ་རེག་པར་བྱེད་པ་ཞེས་བྱ་བ ་ཡང་རབ་ཏུ་འཐོབ་བོ། །དེ་ལྟར་ཁོ་མོ་ནི་སེམས་ཅན་གང་ཇི་སྙེད་ཅིག་ཁོ་མོའི་དྲུང་དུ་འོངས་ཏེ། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་ཐར་པའི་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཐམས་ཅད་མཁྱེན་པའི་ས་ཆགས་པ་མེད་པ་ལ་མངོན་དུ ་གྱུར་པ་འདི་ཉིད་ལ་རབ་ཏུ་འགོད་དོ་ཞེས་གསུངས་ལ་ཡང་དེ་ཉིད་ལ། རྒྱལ་པོ་རིན་ཆེན་མང་པོ་ཞེས་བྱ་བའི་བུ་མོ་དག་ནི་རྣམ་པར་ཐར་བ་བསྟན་པ། འཁོར་ལོ་སྒྱུར་བའི་རྒྱལ་པོ་རིན་ཆེན་མང་པོ་དེ་ལ་བུ་མོ་རྒྱ་མཚོ་ཀུན་ཀྱང། བྱང་ཆུབ་སེམས་དཔའ་ཀུན་ཏུ ་བཟང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་ཇི་སྙེད་ཀྱིས་སྦྲུལ་པའི་བུད་མེད་རིན་པོ་ཆེ་དང་འདྲ་བ། ཡིད་ཀྱི་ལུས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ་སྲིད་པའི་ལམ་གྱི་རྒྱུན་གྱི་འཁོར་ལོ་སྣ་ཚོགས ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་པ་སྙེད་དང་ལྡན་པ། བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་རྒྱ་འམཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་མགོ་དང་ལྡན་པ། ཆོས་ཀྱི་དབྱིངས་ནམ་མཁའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན ་ཏུ་ཕྲ་བ་སྙེད་ཀྱི་དབྲལ་བ་དང་ལྡན་པ། བསམ་པ་དང་ལྷག་པའི་བསམ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྨིན་ཚུགས་ཅན། ཤེས་རབ་དང་ཡེ་ཤེས་ཡངས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ ་སྙེད་ཀྱི་མིག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐོས་པ་འཛིན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྣ་བ་ཡིད་དུ་འོང་བ་དང་ལྡན་པ། སྡོམ་པ་ཆེན་པོ་ཡང་དག་པར་བླང་པ ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྣ་ལེགས་པ་དང་ལྡན་པའི་ཆོས་རྒྱ་མཚོ་རབ་ཏུ་སྒྲོགས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལྕེ་དང་ལྡན་པ། ཆོས་ཀྱི་དབྱིངས་མཛའ་ ་གཉིས་ཡོངས་སུ་སྤངས་པས་འཛུམ་པར་རྒོད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི ་ལག་པ་དང་ལྡན་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་བསྒྲུབ་པས་མི་ངོམས་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྙིང་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ནུ་མ་ལེགས་པ་དང་ལྡན་པ། ཆོས་ཟབ་མོ་སྣ་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལྟེ་བ་དང་ལྡན་པ། དམིགས་པ་ཐམས ་ཅད་ཡོངས་སུ་བསིལ་བའི་མཐར་ཐུགས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྟོགས་པ་དང་ལྡན་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡངས་ཤིང་མི་ཤིགས་པ། བརྟན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟ་ཟུར་དང་ལྡན་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རིམ་གྱིས་ལེགས་པར་འབྲེལ་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྐང་པ་དང་ལྡན་པ། ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་སྣ་ཚོགས་ཀྱི་དྲ་བ་ཕྲེང་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མཛེས་པར་ཐོགས་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་ཐར་བའི་གོ་རྒྱ ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཤིན་ཏུ་བཟང་བར་གྱོན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ལེགས་པར་བརྒྱན་པ། དེ་བཞིན་གཤེགས ་པ་ཚུལ་ཁྲིམས་དྲི་ཞིམ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤོས་ཀྱི་ལུས་ཤིན་ཏུ་བྱུགས་པ། དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ཏུ ་ཕྱིན་པའི་མཆོག་ཐོབ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དེ། དེ་དག་གི་ཁ་ནས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཆོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ། །དེ་དག ་གི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་སྙིང་རྗེའི་རྗེས་སུ་འབྲང་བའི་ཙན་དན་གྱི་སྤོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ། །སྤོས་རྒྱ་མཚོའི་དག་གི་དྲི་ཞིམ་པོས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོ་ཡོངས་སུ་རྒྱས་པར་འགེངས་ཏེ། དེ་དག་གི་དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོས་འདུལ་བའི་སེམས་ཅན་རྒྱ་མཚོ་གང་ཇི་སྙེད་ཡོད་པས་དྲི་ཞིམ་པོ་རྒྱ་མཚོ་དེ་དག ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དྲི་ཞིམ་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །སེམས་ཅན་དག་དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོས་འདུལ་བ་དེ ་དག་གིས་གཟུགས་ཀྱི་ཡོན་ཏན་རྣམ་པར་ཕྱེ་བ་རྒྱ་མཚོ་དེ་དག་མཐོང་བ་དེ་དག་ཐམས་ཅད་ཀྱང། དེ་བཞིན་གཤེགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ཡོངས་སུ་སྟོན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་གི་དབྱངས་རྒྱ་མཚོ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐོས་པ་ཡོངས་སུ་འཛིན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ ་སྙེད་རབ་ཏུ་འཐོབ་བོ། །གང་གིས་ལག་ནས་བཟུང་བ་དེ་དག་ཐམས་ཅད་ཀྱང་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་གིས་མཐོང་ལ་རེག་པ་དེ་དག་ཐམས ་ཅད་ཉིད་བསོད་ནམས་ཡེ་ཤེས་སྣ་ཚོགས་ཀྱི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་དག་བསྟེན་གཅིག་ལ་ལྷན་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཀྱི་སེང་གེའི་ཁྲི་རྒྱ་མཚོ་འཇིག་རྟེན་གྱི ་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གིས་ཁ་དང་ཁར་ཕྲད་པར་བྱས་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པའོ།། ་གང་གིས་པད་དུ་འཁྱུད་པ་དེ་དག་ཐམས་ཅད་ཀྱང། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཉམ་པ་ཉིད་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ། །གང་དང་ཆོས་ཀྱི་དབྱིངས་བརྟེན་པར་གྱུར་པ་དེ་དག་ཐམས ་ཅད་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ན་སེམས་ཅན་གྱི་ཁམས་རྒྱ་མཚོ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་དག་པ་རྒྱ་མཚོ་ལ་དེ་བཞིན་གཤེགས་པའི ་བྱིན་གྱི་བརླབས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པ་དང། ཡོངས་སུ་དག་པ་དང། ཡོངས་སུ་རྫོགས་པར་འགྱུར་བར་ས་བོན་རྒྱ་མཚོ་རབ་ཏུ་འབེབས་སོ། ཞེས་གསུངས་ཏེ། འདིར་ཆོས་ཀྱི་དབྱིངས་སུ་བརྟེན་པར་གྱུར་པ་ཞེས ་བྱ་བ་གཉིས་ཀྱི་གཉིས་སྙོམས་པར་འཇུག་པ་སྟེ། གཙུག་ལག་གི་ཚིག་ཚོགས་པར་དབྱུང་བ་མ་ཡིན་པ། སྦས་པའི་ཕྱིར་གཞན་དུ་བསྒྱུར་བ་སྟེ། ས་བོན་ཞེས་བྱ་བ་ཡང་རང་གི་རྫས་ཉིད་དེ། དེ་དང་འདྲའོ། །དེ་བས་ན་འདི་ལྟ་བུའི་བུད་མེད་དབང་དུ ་བྱ་བར་འདོད་པ་ཙམ་ཡང་བསོད་ནམས་དང་ལྡན་ཏེ། སངས་རྒྱས་རྗེ་བཙུན་ཉིད་བུད་མེད་དུ་གྱུར་པས་ན། འཕགས་པ་དེ་ཁོ་ན་འདུས་པ་ལས་ཀྱང། ཨེ་མའོ་གང་ཕྱིར་བྱང་ཆུབ་སེམས། །སེམས་ཅན་ཀུན་ལ་ཕན་བཞེད་པ། །འདུལ་བའི་དབང་གིས ་དཔའ་བོ་གང། །བུད་མེད་གཟུགས་སུ་མཛད་པར་གྱུར་ཅེས་གསུངས་སོ། །གཞན་ཡང་ཐུགས་རྗེའི་དབང་གིས་གང་དག་བུད་མེད་ལ་ལྷག་པར་ཆགས་པས་ཚུལ་བཞིན་མ་ཡིན་པ་རབ་ཏུ་མང་པོ་ཡིད་ལ་བྱེད་ཅིང། གཞན་གྱི་བུད་མེད་འཕྲོག་པར་སེམས ་ཤིང་སྦྱོར་བ་དག་གིས་དེ་རྒྱུན་བཅད་པས་ཉེས་པ་བསྲབ་པར་བྱ་བའི་ཕྱིར་དབང་དུ་བྱ་བ་གསུངས་ཏེ། དེ་ལྟར་ན་གསང་སྔགས་རྒྱལ་པོ་མི་རྣམས་ཀྱིས་ཐོས་ནས། །སངས་རྒྱས་བྱེ་བ་དུ་མའི་བདེ་འཐོབ་ཅིང། །ཁུ་བ་ཟག་ཅིང་སྲ་བ་ལ་རེག་དང། །འཁོར ་ལོར་ལྟ་ཞིང་ངེས་པར་རྟོགས་བྱེད་ལ། །ས་ལ་འགྱེལ་ཞིང་རྐང་པ་འཁྱལ་བ་དང། །ཁུ་བ་འབྱུང་ཞིང་ཆགས་སྟོབས་ལྡན་གྱུར་པ། །མཛེས་པ་མཛེས་མ་རྣམས་ཀྱིས་འདི་གཟིགས་ལ། །ཀུ་རུ་ཀུ་ལའི་གསང་སྔགས་འགྲོ་བ་རྣམས། །དབང་དུ་བྱེད་པའི་སྔགས ་ཀྱིས་བསྒྲུབ་པ་དང། །བྲིས་སྐུ་བྲི་བ་ཡི་ནི་དམ་ཚིག་རྣམས། །མགོན་པོ་གསུང་བཟངས་ཀྱིས་ནི་བཤད་དུ་གསོལ། ཅེས་གསུངས་ལ། ཡང་གཞན་ལས། གཞན་གྱི་ཆུང་མར་ཡིད་ལ་གཞག་ནས་སུ། །གང་ཞིག་དེ་ལ་འདོད་གདུངས་བསྟེན་བྱེད་པ། །མི་ཤེས ་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་སྤྱད་པས་སྡིག་པ་མང་དུ་འཐོབ། །རྒྱལ་བ་ལ་དང་གཞན་ཕན་བརྩོན་པ་ཡི། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང། །གྲུབ་པར་བཅས་པས་སྔགས་བཤད་གང་ཡིན་པ། །དེ་དག་རྒྱལ་བའི ་ཉན་ཐོས་རང་སངས་རྒྱས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། །མ་འོངས་སེམས་ཅན་མགོན་སྐྱབས་མེད་རྣམས་ལ། །རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད་ཅེས་གསུངས་ཏེ། དེ་བས་ན་ལམ་འདི་བུད་མེད་དབང་དུ་བྱ ་བའི་སྦྱོར་བ་སྟོན་པས། སྤང་པར་བྱ་བ་ནི་རབ་ཏུ་ཡང་མ་ཡིན་ཏེ། འཕགས་པ་གསང་ཆེན་ཐབས་ལ་མཁས་པ་ལ་སོགས་པའི་གཞུང་ཡང་དོར་བར་བྱ་བར་འགྱུར་པས་སོ། །གཞན་ཡང་སྲིན་པོ་ལྟར་རབ་ཏུ་མི་སྡུག་པའི་སྐུ་འཛིན་པ་འདི་ནི། ་གདུལ་བྱ་ཞི་བས་རབ་ཏུ་མི་འདུལ་བ་དག་ལ་དེ་ཉིད་ཐབས་དམ་པ་སྟེ། དེ་བས་ན་འཕགས་པ་དེ་ཁོ་ན་འདུས་པ་ལས་ཀྱང། ཨེ་མའོ་ཐབས་ཀྱིས་འདུལ་བ་ཡི། །ཐབས་ཆེན་ལྡན་པ་བདག་ཡིན་ཏེ། །གང་ཕྱིར་སེམས་ཅན་འདུལ་ཐབས་བཞིན།། ་དྲི་མ་མེད་པའི་ཁྲོ་བོར་འགྱུར་ཞེས་གསུངས་ལ། འཕགས་པ་སྡོང་པོ་བཀོད་པ་ལས། ལྷ་ལྷ་ཆེན་པོའི་རྣམ་པར་ཐར་པ་བསྟན་པ་ལས་ཀྱང། རིགས་ཀྱི་གཞན་ཡང་ཁོ་བོ་ནི་སེམས་ཅན་འདོད་པའི་དགའ་བས་མྱོང་བ། ཡུལ་གྱི་ལོངས་སྤྱོད ་ལ་ཡོངས་སུ་ཆགས་པ་རྣམས་ལ། ཡུལ་དེ་དག་མི་སྡུག་པར་བྱིན་གྱིས་རློབ་བོ་ཁྲོ་བས་ནོན་པ་དང། ང་རྒྱལ་ཅན་དང། རྒྱགས་ཤིང་དྲེགས་པ་དང། རློམ་པ་ཚར་བཅད་པས་འདུལ་བ་རྣམས་ལ་ནི། གཏུམ་ཞིང་སྲིན་པོ་ལྟར་མི་སྡུག ་ལ་འཇིགས་པའི་ཤ་ཟ་ཞིང་ཁྲག་འཐུང་བའི་ཚུལ་དང་ལྡན་པར་བསྟན་ཏེ། རློམ་པ་དང་སྙེམས་པས་འཁྲུག་པ་དེ་དག་ཐམས་ཅད་ཞི་བར་བྱེད་དོ། །ལེ་ལོ་ཅན་བརྩོན་འགྲུས་པོར་བའི་སེམས་ཅན་རྣམས་ལ་ནི། མེ་དང་ཆུ་དང་རྒྱལ་པོ་དང། ་རྐུན་པོ་དང་གནོད་པའི་འཇིགས་པ་ཡོངས་སུ་བསྟན་ཅིང་སྐྱོ་བར་བྱས་ཏེ་བརྩོན་འགྲུས་རྩོམ་པ་ལ་དགོད་པར་བྱེད་དེ། དེ་ལྟར་ཐབས་དེ་དང་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕྱོགས་དང་མི་མཐུན་པ་རབ་ཏུ་གཞོམ་པ་དང། ཕ་རོལ་ཏུ་ཕྱིན་པ ་ཐམས་ཅད་ཀྱིས་ཚོགས་བསགས་པ་དང། སྒྲིབ་པའི་རེའི་གཡང་ས་ཐམས་ཅད་ལས་ཡང་དག་པར་འདའ་བ་དང། སྒྲིབ་པ་མེད་པའི་ཆོས་ལ་གཟུང་པའི་ཕྱིར་མི་དགེ་ཐམས་ཅད་ལས་རྣམ་པར་བཟློག་སྟེ། དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པ་ལ་གང ་དག་པར་དགོད་པར་བྱེད་དོ་ཞེས་གསུངས་ལ། གཞན་ལས་ཀྱང་ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། རྡོ་རྗེ་ཅན་གྱིས་དེ་གཟིགས་ནས། །རང་ཉིད་དགྱེས་པའི་རྡོ་རྗེར་གྱུར་ཅེས་གསུངས་ཏེ། དེ་བས་ཁྲོ་བོའི་སྐུ་ལ་ཡང་སྨད ་པར་མི་བརྗོད་དོ། །དེ་བཞིན་དུ་གཞན་རབ་ཏུ་ཆགས་པར་བྱེད་པའི་སྐུ་ཡན་ལག་མེད་པའི་རྡོ་རྗེ་ལ་སོགས་པ་ལ་ཡང་སྨད་པར་མི་བྱ་སྟེ། ཁ་ཅིག་སྐུ་ཡིད་དུ་འོང་བ་མ་ཡིན་པ་ཅི་ལ་ཡང་མི་འདུད་པ་དག་གི་ཕྱིར་དེ་ཉིད་དམ་པ་ཡིན་ཏེ། དེ་བས་ན་གང ་ཞིག་རང་བཞིན་ཆགས་སྡང་དང་བྲལ་བ། །འདུལ་བའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར ་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་ཆགས་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་ཚལ་ལོ། ཞེས་གསུངས་ཏེ། དེའི་ཕྱིར་བསད་པའི་བྱ་བ་སྟོན་པ་དང། བུད་མེད་དབང་དུ་བྱ་བ་བརྗོད་པ་དང། འཇིགས་པའི་སྐུ་འཛིན་པ་དང། ་ཆགས་པར་བྱེད་པའི་སྐུ་འཛིན་པ་རྣམས་རིགས་པ་དང་ལུང་གིས་འཐད་པར་བྱས་ལ། རྒྱུད་ཀྱི་རྒྱལ་པོ་འདི་ལ་གུས་པར་འཇུག་པར་བྱ་ཞིང་འཇུག་པར་འདོད་པ་དེ་དག་གིས་ཀྱང། རྒྱུད་འདིའི་ཚུལ་ནི་འདི་ལྟར་ཤེས་པར་བྱ་སྟེ། འདི་སྐད་བདག ་གིས་ཞེས་བྱ་བ་ནས་ཐབས་གཅིག་གོ་ཞེས་བྱ་བའི་བར་གྱིས་ནི་གླེང་བཞི་བསྟན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཨི་ས་བོན་ནས་ཞེས་བྱ་བ་དང། ལེའུ་བཅོ ་བརྒྱད་པ་བསྟི་སྟང་དུ་བྱས་སོ་ཞེས་བྱ་བའི་བར་གྱིས་ནི་གླེང་བསླངས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཞེས་བྱ་བ་ནས། ལེའུ་བཅུ་བདུན་པ་རྫོགས་པའི་བར་གྱིས་ནི་རྒྱུད་དངོས་བསྟན་ཏོ། །གསང ་བའི་བདག་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་བདུད་ཀྱི་སྡེ་ཞི་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་སོ་ཞེས་བྱ་བས་ནི། རྒྱུད་འདི་སུས་བཤད་པ་དང། ཅིའི་ཕྱིར་བཤད་པ་བསྟན་ཏོ། །དེ་ལ་འཇུག་པར་བྱ་བ་རྒྱུད་ཀྱི་དངོས་པོ་བསྟན་པའི་སྐབས་སུ ་ཡང་ལེའུ་དང་པོས་ནི་སྒྲུབ་པ་པོའི་ལམ་མངོན་པར་རྟོགས་པ་བསྟན་ཏོ། །ལེའུ་གཉིས་པས་ནི་བསྟོད་པ་དང། ཡན་ལག་དྲུག་བྱིན་གྱིས་བརླབ་པ་དང། རྡུལ་ཚོན་གྱི་དཀྱིལ་འཁོར་དག་སྟོན་ཏོ། །ལེའུ་གསུམ་པ་ལས་ནི་དཀྱིལ་འཁོར་བྲི་བའི་ཕྱིར ་གསོལ་བ་གདབ་པ་དང། བདུད་རྩི་མྱང་བ་དང། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ལ་སོགས་པ་དང། ལྷ་རྣམས་ཀྱི་གདན་ངེས་པ་དང། ལས་བཞི་ལྷའི་རྣལ་འབྱོར་དང། ལས་ཀྱི་སྦྱོར་བ་རྣམས་བསྟན་ཏོ། །ལེའུ་བཞི་པ་དང་ལྔ་པས་ནི་འཁྲུལ་འཁོར ་གྱི་བྱ་བ་བསྟན་ཏོ། །ལེའུ་དྲུག་པ་ལས་ནི། ཕྱག་རྒྱ་ངེས་པ་དང། དམ་ཚིག་དང། དབང་དང་གཏོར་མ་དང། འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ། །ལེའུ་བདུན་པ་ལས་ནི་ལྷ་མོ་བཞིའི་ལས་ཀྱི་བྱེ་བྲག་དང། དབང་བསྐུར་བསྟན་ཏོ། །ལེའུ་བརྒྱད་པ་ལས ་ནི་བཀའ་ཨི་བསྲུང་བའི་འཁོར་ལོ་དང། སློབ་མ་གཞུག་པ་དང། སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་དང། མཆོད་པ་བྱིན་གྱིས་བརླབ་པ་དང། འབྲས་བུའི་སྐུ་བྱིན་གྱིས་བརླབ་པ་དང། སྦྱིན་སྲེག་གི་བྱ་བ་བསྟན་ཏོ། ལེའུ་དགུ་པ་ལས་ནི་ཆར ་དབབ་པ་ལ་སོགས་པའི་ལས་ཀྱི་ཚོགས་བསྟན་ཏོ། །ལེའུ་བཅུ་པ་ལས་ནི་རོ་ལངས་ཀྱི་སྦྱོར་བ་དང། བུ་མོ་དགུག་པ་དང། སྒོ་སྐྱོང་གི་ངེས་པ་དང། གསང་བའི་དཀྱིལ་འཁོར་དབྱུང་བའི་ཏིང་ངེ་འཛིན་དང། སྒོ་སྐྱོང་དང། ལྷ་མོ་རྣམས་ཀྱི་གདན་ངེས་པར ་བསྟན་ཏོ། །ལེའུ་བཅུ་གཅིག་པ་ལས་ནི་ལྷའི་དེ་ཁོ་ན་ཉིད་དང། གསང་བའི་དཀྱིལ་འཁོར་བསྐྱེད་པའི་བྱ་བ་དང། སྤྱོད་པ་དང། ཕྱག་རྒྱའི་སྒྲུབ་ཐབས་དང། གཤིན་རྗེའི་དགྲ་བེ་ཅོན་གྱི་སྒྲུབ་པའི་ཐབས་དང། དམ་ཚིག་གི་རྫས་དང། བྱུག་པའི་བྱ ་བ་དང། བདུད་རྩི་བསྟེན་པ་རྣམས་བསྟན་ཏོ། །ལེའུ་བཅུ་གཉིས་པ་ལས་ནི། བསྟོད་པའི་གླུ་དང། བཟླས་པའི་ཚུལ་དང། བགྲང་ཕྲེང་དང། གདོན་ཚར་བཅད་པ་དང། བཟླས་པའི་ཚང་དང། གཏོར་མའི་བྱ་བ་དང། ལྷ་བཤོས་དབུལ་བ་དང། ་ཡོན་དབུལ་བའི་བྱ་བ་རྣམས་བསྟན་ཏོ། །ལེའུ་བཅུ་གསུམ་པ་ལས་ནི་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་དང། རྡོ་རྗེ་ས་འོག་གི་སྒྲུབ་པའི་ཐབས་དང། རྡོ་རྗེ་རྟ་མགྲིན་གྱི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ། །ལེའུ་བཅུ་བཞི་པ་ལས་ནི་ཐིག་གི་བྱ་བ ་ངེས་པ་དང། སློབ་མ་གཞུག་པ་དང། ཡང་ཐིག་གི་བྱ་བ་དང། གསོལ་བ་གདབ་པ་དང། སའི་བྱ་བ་དང། སའི་ཆ་ལ་ཐིག་གི་ཆ་དབྱེ་བ་དང། དཀྱིལ་འཁོར་བསྒྲུབ་པ་དང། རྡུལ་ཚོན་དགྱེ་བ་དང། དགང་གཟར་དང། བླུགས་གཟར་གྱི་ཚད ་དང། རྒྱུད་ཀྱི་ཆེ་བ་དང། དབབ་པའི་བྱ་བ་དང། ལྡེར་སོ་དང། རི་མོའི་བྱ་བ་དང། རལ་པ་གཅིག་མའི་སྒྲུབ་པའི་ཐབས་དང། པུ་ཀ་སིའི་སྒྲུབ་པའི་ཐབས་དང། འཇམ་པའི་རྡོ་རྗེའི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ། །ལེའུ་བཅོ་ལྔ་པ་ལས་ནི། འཕགས་མ་དུག་སེལ་གྱི་སྒྲུབ ་པའི་ཐབས་དང། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་དང། རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ། །ལེའུ་བཅུ་དྲུག་པ་ལས་ནི་དཔལ་ཁྲག་འཐུང་གི་སྒྲུབ་པའི་ཐབས་འབའ་ཞིག་བསྟན་ཏོ། །ལེའུ་བཅུ་བདུན་པ་ལས་ནི། བདག་པོ་བསྒོམས ་དང། དཀྱིལ་འཁོར་བ་ལྷག་མ་བསྒོམ་པ་དང། བདག་པོ་བླང་བའི་གླུ་དང། ལྡང་བའི་ཚུལ་དང། རྣལ་འབྱོར་བསྡུ་བས་བསྟན་པ་དང། དམ་ཚིག་གི་ཚུལ་དང། རྒྱུད་ཀྱི་ཆེ་བ་བསྟན་པ་དང། དོན་དམ་པའི་བདེན་པ་རྫོགས ་པའི་རིམ་པ་རྣམས་བསྟན་ཏེ། འདི་ནི་བསྡུས་པའི་དོན་ཏོ། །དེ་དག་ཀྱང་ཐམས་ཅད་དུ་འགྲོ་བ་དམ་ཚིག་གི་བྱ་བ་དང། དམ་ཚིག་ལ་བརྟེན་པ་དབང་བསྐུར་བའི་བྱ་བ་དང། དབང་ཐོབ་པ་བསྙེན་པ་བྱ་བའི་ཕྱིར་བསྙེན་པའི་བྱ་བ་དང། བསྙེན ་པ་ཉེ་བར་བསྒྲུབ་པའི་བྱ་བ་དང། བསྒྲུབ་པ་གྲུབ་པ་འབྲས་བུ་གནས་པ་ཡིན་པས་འབྲས་བུའི་ཚུལ་དང། འབྲས་བུ་ཐོབ་པ་གཞན་གྱི་དོན་བྱེད་པ་ཡིན་པས་སྤྲོས་པ་སྟེ། གང་ཟག་མཆོག་གི་དབང་དུ་ནི་དྲུག་པོ་འདིར་ངེས་པ། དམན་པ ་དག་ལ་ནི་དམ་ཚིག་དང་དབང་དང། བསྙེན་པ་དང། ལས་ཀྱི་སྤྲོས་བ་སྟེ། བཞིར་ངེས་པ་ནི་དེས་དངོས་གྲུབ་མཆོག་བསྒྲུབ་པར་མི་ནུས་པས་སོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོ་འདི་ནི་རབ་ཏུ་ཡང་འཁྲུགས་པ་སྟེ། དེའི་ཕྱིར་བླ་མའི་གདམ ་ངག་དག་གིས་བསྙེན་པའི་བྱ་བ་ལ་སོགས་པ་རེ་རེ་ལ་ཅི་རིགས་སུ་འབྲེལ་བར་བྱ་སྟེ། དེ་ཡང་དང་པོ་ནི་དམ་ཚིག་བྱ་བ་སྟོན་པ་རྣམས་གཅིག་ཏུ་བསྲེའོ། །དེ་ནས་ནི་དབང་བསྐུར་བའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་བསྙེན་པ་དང་བསྒྲུབ་པའི ་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་འབྲས་བུའི་བྱ་བ་སྟོན་པ་རྣམས་སོ། །དེ་ནས་ནི་ལས་རབ་འབྱམས་རྣམས་སོ། །དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ང་ནི་གཞུང་དབྱེ་བར་བྱ་བའི་ཕྱིར་འཇུག་སྟེ། ཨེ་བཾ་ཞེས་བྱ་བ་ལ་ཨེ་ནི་རྩོལ་བ ་དང་བྲལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྤྲོས་པ་མེད་པ་འམ་རང་གི་ཡུལ་ཇི་ལྟ་བར་བྱེ་བྲག་འབྱེད་ཅིང་འཚོལ་བའོ། །དེ་ལྟར་ཡང། སྣང་བ་མེད་ཅིང་བྱེ་བྲག་ལ། །ཤེས་རབ་ཡང་དག་རབ་ཏུ་འཇུག་ཅེས ་གསུངས་སོ། །དེ་ཡང་ཤིན་ཏུ་སྟོང་པ་མ་ཡིན་ཏེ། སྙིང་རྗེའི་སྙིང་པོ་ཅན་དུ་སྟོན་པ་ནི་ཡི་གེ་བཾ་སྟེ། མཆོག་གི་ཐབས་ཀྱིས་འགྲོ་བ་ཡང་མི་འདོར་ལ། བདག་གི་བདེ་བ་ཡང་མི་གཏོང་བས་སོ་དེ་བས་ན་ཡི་གེ་ཨེ་ནི་ཤེས་རབ་བཟང་པོ་ཡིན་ལ། ་ཡི་གེ་བཾ་ནི་ཐབས་དམ་པ་སྟེ། ཡི་གེ་ཨེ་འདྲ་མཛེས་གང་གིས། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། ཞེས་གསུངས་ལ། དེ་ཉིད་སངས་རྒྱས་བདེ་བ་ཆེན་པོ་རྣམས་ཀྱི་གནས་ཡིན་པས་ན། སངས་རྒྱས་རིན་ཆེན་ཟ་མ་ཏོག་།བདེ་བ་མ་ལུས་པ ་ཡི་གཞི། ཞེས་གསུངས་སོ། །ཤེས་རབ་དང་ཐབས་དེ་ཉིད་བདེ་བ་ཆེན་པོ་ཡིན་པའི་ཕྱིར་ཡི་གེ་མ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པ། འགྲོ་བའི་དོན་གང་དང་གང་ཡིན་པ་བྱེད་པ་ནི་ཡི་གེ་ཡའོ། །དེས་འགྲོ་བ་རྣམས་ཀྱི་ཟག་པ་ཟད ་པར་བྱེད་པ་ནི་ཤུའི་ཡི་གེ་སྟེ། ཟག་པ་ཟད་ནས་དེ་ཁོ་ན་ཉིད་ལ་དགོད་པ་ཡང་ཡི་གེ་ཏའོ། །དེ་བས་ན་དུས་གཅིག་ན་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པས་བདེ་བ་ཆེན་པོ་འགྲོ་བའི་དོན་མཛད་པའི་དུས་གཅིག་ནའོ། །བཅོམ ་ལྡན་འདས་ཞེས་བྱ་བ་ནི་ཨེ་བཾ་མ་ཡ་སྟེ་སྔར་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱང་མི་ཕྱེད་པ་ཨེ་བཾ་མ་ཡ་ཡིན་པས་ན། རྡོ་རྗེ ་སྟེ་མི་ཕྱེད་རྡོ་རྗེ་བརྗོད་དེ་ཞེས་གསུངས་པས་སོ། །དེ་ཉིད་སངས་རྒྱས་བསྐྱེད་པའི་ཕྱིར་བཙུན་མོ་སྟེ། གཞན་དོན་ལ་དགའ་བའི་བདག་ཉིད་ཅན། །དཔའ་བོ་དང་ནི་ཀུན་གྱི་ཡང། །གསོ་མཛད་སྐྱེད་པར་མཛད་མ་སྟེ། །བྱམས་པ་ཡི་ནི་ཡུམ ་ལགས་སོ། །ཞེས་བསྟན་པས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་བྷ་ག་སྟེ། ཉོན་མོངས་པའི་བདུད་འཇོམས་པས། བྷ་ག་འཇོམས་པར་བྱེད་པར་གསུངས། །ཤེས་རབ་ཉོན་མོངས་འཇོམས་པས་ཀྱང། །དེ་ཕྱིར་ཤེས ་རབ་བྷ་གར་གསུངས་ཞེས་བསྟན་པས་སོ། བཞུགས་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། གཤིན་རྗེའི་དགྲ་དེ་བཞིན་གཤེགས་པ་རྣམས་དབྱེར་མེད་པར་གནས་པ་སྟེ། འཕགས་མ་ཡོན་ཏན་ཕྱུག་ཁྱོད ་དང། །སངས་རྒྱས་འགྲོ་བའི་བླ་མ་དག་།ཁྱད་པར་ཡོད་པར་མ་མཐོང་སྟེ། །ཟླ་བ་དང་ནི་ཟླ་ལྡན་བཞིན་ཞེས་བསྟན་པས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས། །དེའི་བྱིན་གྱི་བརླབས་ཀྱིས་སྣང་བ་སངས་རྒྱས་དང་ཆོས་དང་དགེ་འདུན ་ནི་གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་དང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་ནི་འཆད་པར་བྱེད་པ་དང་འདྲའོ། །རྒྱུད་ཀྱི་གླེང་གཞི་སྐུ་གཉིས་ཀྱི་དབང་དུ་བྱས་པའོ། །ད་ནི་བཤད་པ་གཞན་བརྗོད་དོ། །འདི་སྐད་བདག་གིས་ཐོས་པ ་དུས་གཅིག་ན་ཞེས་བྱ་བ་ནི་ཡང་དག་པར་སྡུད་པ་པོ་ཕུན་སུམ་ཚོགས་པར་བསྟན་ཏེ། འདི་ལྟར་འདི་སྐད་ཅེས་བྱ་བ་ནི་དྲིས་པའི་ལན་ཏེ། སངས་རྒྱས་ཀྱི་གསུང་རབ་ཡང་དག་པར་སྡུད་པ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས ་ཀྱིས་ཕྱག་ན་རྡོ་རྗེ་ལ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཇི་ལྟར་ཐོས་པ་ལྟར་སྨྲོས་ཤིག་ཅེས་དྲིས་པ་དང། ཕྱག་ན་རྡོ་རྗེས་བདག་གིས་ནི་འདི་སྐད་ཐོས་སོ་ཞེས་འཆད་པར་བྱེད་པ་རྣམས་ལ་བསམས་ཏེ་བསྙད་པས་སོ། །བདག་གིས་ཞེས ་བྱ་བས་སོ། །བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱིས་གཞན་དུ་བརྒྱུད་པས་ནི་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཐོས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པས་བཟུང་བ་སྟེ། མངོན་དུ་ནི་མ་བྱས་ཞེས་བྱ་བའོ། །དུས་གཅིག་ན་ཞེས་བྱ་བ ་ནི། དུས་གཅིག་ན་འདི་ཐོས་ལ་དུས་གཞན་དུ་ནི་གཞན་ཐོས་ཞེས་བདག་ཉིད་མང་དུ་ཐོས་པར་ཁས་བླངས་པའོ། །དེ་ལྟར་ན་གཞན་གྱིས་ཞུ་བར་བྱས་པའི་འོས་ཡིན་པ་དང། མངོན་སུམ་གྱི་སློབ་མའི་ཕྱིར་དང། ཐོས་པ་ཙམ ་ཁས་ལེན་པས་ང་རྒྱལ་བཅོམ་པ་དང། མང་དུ་ཐོས་པ་བདག་གིས་སྡུད་པ་པོ་བཟང་པོ་བརྗོད་པའོ། །དུས་གཅིག་ན་ཞེས་བྱ་བས་ནི་བསྟེན་པ་རྙེད་པར་དཀའ་བ་ཡིད་ཀྱང་བསྟན་ཏེ། དུས་གཅིག་ན་འདི་ཐོས་ཀྱི་ཡང་དང་ཡང་དུ་ཐོས་པར་མ་གྱུར་ཏོ། ཞེས་བསམས ་པ་སྟེ་འདིས་ནི་ཤིན་ཏུ་ཡང་རྙེད་པར་དཀའ་བས་བསྟན་པ་ཕུན་སུམ་ཚོགས་པ་ཉིད་བསྟན་ཏོ། །ཡང་དུས་གཅིག་ནི་འདི་འབྱུང་བའི་དུས་ཏེ་མཆོག་ཉིད་ཀྱི་ཕྱིར་དུས་གཅིག་ན་ཞེས་བྱ་བས་དུས་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །སུ་ཞིག་ལས་ཤེ་ན། ་བཅོམ་ལྡན་འདས་ཞེས་སྨོས་ཏེ། བདུད་རྣམ་པ་བཞི་བཅོམ་པའི་སྟེན་པ་ལས་འདི་སྐད་ཅེས་པའོ། །ཡང་ན་ཡོན་ཏན་མཛའ་ཡས་པའི་སྟོན་པ་ལས་འདི་སྐད་ཐོས་ཏེ། ཇི་སྐད་དུ་ཡོན་ཏན་ལྡན་པའི་སངས་རྒྱས་ནི། །བཅོམ་ལྡན་འདས་ཞེས ་བཤད་པ་སྟེ། །ཡོན་ཏན་དྲུག་དང་ལྡན་གསུངས་པ། །དབང་སོགས་ཡོན་ཏན་ཐམས་ཅད་དོ། ཞེས་གསུངས་སོ། །འདི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་དུ་ཐོས་ཤེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་ལ་ཇི་ལྟར་འདུལ་བ་དེ་བཞིན་གཤེགས་པའི་སྐུ་གཉིས་ནི་འདིར་དེ་བཞིན་གཤེགས་པའོ། །དེ་རྣམས་ཐམས་ཅད་མཚུངས་པར་བྷ་ག་ལ་གནས་པ་ཐམས་ཅད་ཀྱི་ཞེས་བྱ་བ་སྟེ། འགའ་ ་ཞིག་ནི་མ་ཡིན་ནོ། །དེས་ན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཉིད་འདོད་ཆགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་གྱུར་པས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་ཞེས་བྱ་བའོ། །བྷ་གར་ཞེས་བྱ་བ་ནི། རྡོ་རྗེ་བཙུན ་མོའི་བྷ་ག་ལྟར་གནས་པའི་གཞི་སྟེ། ཇི་ལྟར་བཙུན་མོའི་བྷ་ག་ཞེས་བྱ་བ་ལ། གསང་བའི་དཀྱིལ་འཁོར་བཞུག་པ་ལྟར་ཆོས་འབྱུང་བའི་ཕྱག་རྒྱ་གྲུ་གསུམ་སྤྱི་འགྲེང་དུ་གནས་པ་ཁ་དོག་དཀར་པོ་ནམ་མཁའ་ཁྱབ་པ་དེའི་དབུས་ན་བཅོམ་ལྡན་འདས ་འཁོར་དང་བཅས་པ་བཞུགས་ཞེས་པའོ། །དེ་ཡང་དེའི་དབུས་ན་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཁང་པ་བརྩེགས་མ་དེ་ལ་བཞུགས་པ་སྟེ། དེའི་ཕྱིར་བྷ་ག་ལ་བཞུགས་ཞེས་པ་སྟེ། བྷ་གའི་དབུས་ཀྱི ་ཁང་པ་བརྩེགས་མ་ན་བཞུགས་པར་དགོངས་པའོ། །འདི་སྐད་དུ་བྷ་གའི་དཔེས་བསྟན་པ་ནམ་མཁའ་ཨི་ཁམས་ཐམས་ཅད་ཁྱབ་པའི་ནང་དུ་བྱུང་བའི་གཞལ་ཡས་ཁང་དུ་བཞུགས་པ་ལ་ཐོས་ཞེས་པ་སྟེ། འདིས་ནི་གནས་ཕུན་སུམ་ཚོགས ་པ་བསྟན་ཏོ། །བཞུགས་ཏེ་ཞེས་བྱ་བ་ནི་སྤྱོད་ལམ་གསུམ་གྱིས་བཞུགས་པ་འམ། སྐུ་གསུམ་གྱིས་བཞུགས་པའོ། །ཇི་ལྟ་བུའི་འཁོར་དང་ཞེ་ན། གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དང ་དངོས་པོ་མེད་པ་ལ་མྱ་ངན་ལས་འདས་པར་འཛིན་པ་ནི་ཉེ་བར་གནོད་པས་ན་གཤིན་རྗེ་སྟེ། ལྟ་བ་དེ་གང་གིས་འཇོམས་པ་དེ་ནི་དགྲའོ། །ཆོས་རྣམས་ཀྱི་དངོས་པོ་ལ་ལོག་པར་མི་ཤེས་པ་ནི་གཏི་མུག་སྟེ། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས ་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པའི་ལྟ་བ་འཇིག་པས་རྡོ་རྗེའོ། །དེ་དང་ཐབས་གཅིག་གོ་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་འཆད་པར་འགྱུར་བ་གཞན་ལ་ཡང་ངོ། །མི་མཐུན་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ་དེ་མཐར་བྱེད ་པ་ཉིད་དགྲའོ། །གང་དག་གིས་བྱ་བ་ལ་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་ཀུན་ཏུ་འཛིན་པ་ནི་སེར་སྣ་སྟེ། དེ་ཡང་སྙིང་རྗེ་བ་མེད་པར་འཇོམས་བ་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་བདག་གིར་བྱེད ་པས་རྡོ་རྗེའོ། །གླེགས་བམ་ལ་ལ་ལས་གཤིན་རྗེའི་ཕྲ་མ་རྡོ་རྗེ་དང་ཞེས་འདོན་ཏེ། དེར་ནི་འདི་ལྟར་བཤད་དེ། གང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་སུན་འབྱིན་པ་སླ་བའི་ལུང་དང་རིགས་པ་སྨྲ་བ་ནི་ཕྲ་མ་ཞེས་བྱ་ལ། དེ་དག ་སུན་ཕྱུང་ནས་རང་གི་གྲུབ་པའི་མཛའ་ལས་བྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇོག་ཅིང་སྡེ་པ་ངན་པ་འཇོམས་པས་ན་རྡོ་རྗེའོ། །མི་མཐུན་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ། དེ་འཇོམས་པས་ན། དེ་ཉིད་དགྲ་ཞེས་བྱའོ། །སེམས་ཅན་གྱི ་དོན་ལ་ཆགས་པ་ནི་འདོད་ཆགས་ཏེ། དེ་ཡང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ཐ་མལ་པའི་དངོས་པོ་ལས་གྲོལ་ཞིང་ཐ་མལ་པའི་རྟོག་པ་འཇིག་པས་རྡོ་རྗེའོ། །ཤིན་ཏུ་ཞི་བ་ལས་ཆགས་པའི་མྱ་ངན་ལས་འདས་པ་ནི་གཤིན ་རྗེ་སྟེ། དེ་མཐར་བྱེད་པས་ན་དགྲ་ཞེས་པའོ། །བདག་གི་བདེ་བ་དོན་དུ་གཉེར་བ་ལ་འཁྲུལ་ཞིང། གཞན་གྱི་དོན་ལ་སྲེད་པ་ནི་ཕྲག་དོག་སྟེ། དེ་ཉིད་བྱ་བ་བསྒྲུབ་པའི་ཡེ་ཤེས་སོ། །དེ་ཡང་རང་གི་དོན་ལ་གཞོལ་བ་འཇིག་པས་ན་རྡོ་རྗེའོ། །གཟུང ་པ་དང་འཛིན་པ་ལ་སོགས་པ་ལ་སྡང་བས་ན་ཞེ་སྡང་སྟེ། དེ་ཡང་དངོས་པོར་འཛིན་པ་འཇིགས་པས་ན་རྡོ་རྗེ་ཞེས་སྨོས་པའོ། །སྙིང་རྗེ་སྤངས་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ། དེ་དཔྱིས་འབྱིན་པའི་ཕྱིར་ཞེ་སྡང་རྡོ་རྗེའི་བདག་ཉིད་ཤིན་ཏུ ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་ལ་དགྲ་ཞེས་གསུངས་པའོ། །ཕུང་པོའི་བདུད་ནི་གཤིན་རྗེ་སྟེ་དེ་འཇོམས་པས་དེ་ནི་དགྲའོ། །དེ་ཡང་འཇིག་ཚོགས་ལ་ལྟ་བ་དང། ཤེས་བྱའི་སྒྲིབ་པ་འཇོམས་པའི་ཕྱིར་ཐོ་བ་འཛིན་པས་ན ་ཐོ་བ་སྟེ། མི་ཕྱེད་པས་ན་རྡོ་རྗེ་ཡང་དེ་ཉིད་དོ། །མཐར་འཛིན་པའི་ལྟ་བ་དང། ཉོན་མོངས་པའི་སྒྲིབ་པ་འཇོམས་པའི་ཕྱིར་བེ་ཅོན་འཛིན་བས་ན་བེ་ཅོན་ཏེ་དེ་ཉིད་གཞན་གྱིས་མི་ཤིགས་པས་ན་རྡོ་རྗེའོ། །ཉོན་མོངས་པའི་བདུད་ནི་གཤིན་རྗེའོ།། ་དེ་འཇོམས་པ་དེ་ཉིད་དགྲ་ཞེས་བྱའོ། །ལོག་པར་ལྟ་བ་དང། སྐྱེ་བའི་སྒྲིབ་པས་མ་གོས་པར་ཆོས་སྟོན་པས་ན་པདྨ་སྟེ། དེ་ཉིད་མི་ཤིགས་པས་རྡོ་རྗེའོ། །འཆི་བདག་གི་བདུད་ནི་གཤིན་རྗེ་སྟེ། དེ་འཇོམས་པ་དེ་ཉིད་དགྲ་ཞེས་བྱའོ། །ལྟ ་བ་མཆོག་ཏུ་འཛིན་པ་དང། ལས་ཀྱི་སྒྲིབ་པ་གཅོད་པའི་ཕྱིར་རལ་གྲི་སྟེ། དེ་ཡང་མི་ཆོམས་པས་རྡོ་རྗེའོ། །ལྷའི་བུའི་བདུད་ནི་གཤིན་རྗེ་སྟེ། དེ་མཐར་བྱེད་པ་ནི་དགྲ་ཞེས་གསུངས་སོ། །མི་མཐུན་པའི་ཕྱོགས་ཀྱིས་མེ ་ཤིགས་པའི་ཕྱིར་བྱམས་པ་ཆེན་པོ་ནི་རྡོ་རྗེའོ། །དེ་ཉིད་གདུལ་བྱ་མ་ལུས་པ་ལ་སྐུ་མཛའ་ཡས་པར་འཕྲོ་བས་ན་འཕྲོ་བྱེད་མའོ། །གླེགས་བམ་ལ་ལ་ལས་ནི་རྡོ་རྗེ་སེམས་མ་དང། ཞེས་འདོན་ཏེ་དེར་ནི་གདུལ་བྱའི་དོན་ལ་ཐོགས་བ་མེད ་པར་སེམས་པའི་ཕྱིར་རྡོ་རྗེ་སེམས་མ་དང་ཞེས་བྱའོ། །དེ་ནི་གཏི་མུག་བདག་ཉིད་བཅོམ་ལྡན་འདས་ཉིད་དེར་སྣང་བའོ། །མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་སུ་སྐྱེས་པས་ན་ཕག་མོའོ། དེ་ཡང་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་དེར་སྣང་བའོ། །མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དེ་ཡང་གདུལ་བྱ་རྣམས་ཀྱི་མོས་པ་དང་འཚམས་པར་ཆོས་ཀྱི་དབྱངས་བརྗོད་པས་ན་དབྱངས་ཅན་མའོ། །དེ་ཡང་བཅོམ་ལྡན་འདས་འདོད་ཆགས ་ཀྱི་བདག་ཉིད་དེ་ཉིད་དེ་ལྟར་སྣང་བའོ། །མི་ཤིགས་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དེ་ཡང་སེམས་ཅན་གྱི་དོན་དུ་མགོ་ལ་སོགས་པའི་དབང་པོ་བྷ་རི་བས་ནི་གཽ་རིའོ། །དེ་ཡང་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེའི་དགྲ་ཉིད་དེར་སྣང་བའོ། ། ་གླེགས་བམ་ལ་ལ་ལས་ནི་རྡོ་རྗེ་རལ་གྲི་མ་དང་ཞེས་འདོན་ཏེ་དེར་ནི་རྒྱལ་བ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགྲ་གཅོད་པའི་གསང་པའི་རལ་གྲི་འཛིན་པ་ན་རལ་གྲི་མ་སྟེ། སྐུ་གསུང་གསང་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ ་ལྟར་ན་དཀྱིལ་འཁོར་གྱི་ལྷ་དང། ཆོས་ཉན་པའི་ལྷ་དང། རྗེས་སུ་འཐུན་པའི་ལྷ་ཞེས་བྱ་བ་རྣམ་པ་གསུམ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ཉིད་ཆོས་ཉན་པའི་ལྷར་བསྟན་ནས། ཆོས་ཉན་པའི་ལྷ་གཞན་ལ་སོགས་པ་འཁོར ་ལྷག་མ་འདུས་པར་བསྟན་པའི་ཕྱིར་དེ་དག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་ལྷ་བཅུ་གསུམ་ནི་གཙོ་བོ་ཙམ་བརྗོད་པ་སྟེ། གཙོ་བོ་དེ་དག་ལ་སོགས་པ་མཛའ་ཡས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར ་རྣམས་ཀྱང་ཆོས་མཉན་པའི་ཕྱིར་འདུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་དེའི་ཆེ་ཚུལ་ཇི་ལྟར་གནས་ཤེ་ན། དེའི་ཕྱིར་གཤིན་རྗེའི་དགྲ་ཆེན་པོའི་དགེ་འདུན་རྣམས་དང་ཞེས་གསུངས་ཏེ། ཁ་ཅིག་ནི་འདོད་ཆགས་གཤིན་རྗེའི་དགྲའི་གཟུགས་ཅན ་ཞེས་བྱ་བ་ནས། དེ་བཞིན་དུ་ཁ་ཅིག་ཕྲག་དོག་གཤིན་རྗེའི་དགྲའི་གཟུགས་ཅན་ཞེས་བྱ་བའི་བར་གྱིས་ཐམས་ཅད་ཀྱང་གཤིན་རྗེའི་དགྲའི་གཟུགས་དང་མི་ལྡན་པ་མེད་དེ་ཞེས་བྱ་བའོ། །དེ་དག་ཀྱང་མི་ཕྱེད་པ་འམ་གཤིན་རྗེ་ཡང་དག་པར་འཇོམས ་པའི་ཕྱིར་དགེ་འདུན་རྣམས་དང་ཞེས་སྨོས་སོ། །ཐབས་ཅིག་གོ་ཞེས་བྱ་བ་ནི་བཙུན་མོའི་བྷ་ག་ལ་གནས་པར་ལྷན་ཅིག་པའི་ཞེས་པའོ། །འདིས་ནི་འཁོར་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་སྔར་གྲཝར་ཏེ་ཞེས་བྱ་བའི་ཚིག་བྱུང་བ་གང་ཡིན་པ་ཡང་ཆོས ་ཉན་པའི་ལྷ་ཕལ་པ་སྟེ། གྲཝ་བཞིན་གཤིན་རྗེ་གཤེད་མཚམས་བསྲུང་བ་བཞི་གནས་ཏེ། དེ་དག་ནི་ཐོད་པ་གཤིན་རྗེའི་དགྲ་བཞིའོ་ཞེས་སློབ་དཔོན་ལ་འཆད་དེ། དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་དུ ་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་དཀྱིལ་འཁོར་གྱི་ལྷ་འབའ་ཞིག་སྨོས་པའི་ཕྱིར་དང། དཀྱིལ་འཁོར་གྱི་ལྷ་ནི་བཅུ་གསུམ་ལས་མེད་པར་སློབ་དཔོན་རྒན་པོ་རྣམས་ཀྱིས་བཤད་པའི་ཕྱིར་རོ། །གང་ཡང་གྲཝ་བཞི་ལ་ནི་མི་ཐོད ་ཡིན་པས་རྒྱུད་འཆད་པ་ཡང་དེ་དག་ལྷ་མིན་པར་ནི་མ་གསུངས་སོ། །དེ་བས་ན་གྲཝར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པ་བཞིའི་གནས་ལྷའི་སྣམ་བུའི་གྲཝ་འམ། ནང་གི་གྲཝ་ཉིད་གཟུང་བར་རིགས་སོ། །རྒྱུད་ཀྱི་གླེང་གཞི་ནི་ཟབ་པ་དབྱིབས་ལྟར ་བཤད་པའོ། །ོ་བཾ་ལོངས་སྤྱོད་རྫོགས་པ་སྐུ། །བདག་གིས་ཕྱག་བཅས་སེམས་ཀྱིས་ཏེ། །ཐོས་པ་སྟོན་ཏེ་དུས་གཅིག་ན། །གཉིས་མེད་ཆོས་ཏེ་བཅོམ་ལྡན་འདས། །རང་རྫས་ཐིགས་པ་དེ་ཡིས་ནི། །དེ་བཞིན་གཤེགས་པ ་ཀུན་ཉིད་དང། །སྐུ་དང་གསུང་ཐུགས་རྡོ་རྗེ་ཞེས། །བཙུན་མོ་པདྨ་བྷ་ག་ལ། །བཞུགས་ཏེ་ཆོས་སྐུའི་ངོ་བོ་ཉིད། །རྡོ་རྗེ་གཤིན་རྗེའི་དགྲ་རྨོངས་སོགས། །སྤྲུལ་པའི་སྐུ་ཡིས་ཉན་པར་གཞོལ། །དེར་ནི་ལོངས་སྤྱོད་རྫོགས་སྐུ་ལས། །ཆོས་ཚིག་སྤྲུལ ་པའི་སྐུ་ཡིས་ཐོས། །འདི་ནི་གླེང་གཞི་ཟབ་པ་སྔགས་ལྟར་བཤད་པའོ། །དེ་ལྟར་གླེང་གཞི་བཤད་ནས། ད་ནི་གླེང་བསླང་བ་སྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ནས་ཞེས་བྱ་བ་ནི། བཀྲ་ཤིས་པར་གྱུར་ཅིག ་ཅེས་བྱ་བ་འམ། བདུད་བཏུལ་མ་ཐག་ཏུ་འམ། གླེང་གཞི་བཀོད་མ་ཐག་ཏུའོ། །ཁ་ཅིག་ན་རེ་རྒྱུད་འདི་ནི་རྩ་བའི་རྒྱུད་འབུམ་ཉི་ཁྲི་ལྔ་སྟོང་པའི་དོན་མདོར་བསྡུས་པ་ཡིན་པའི་ཕྱིར་དེ་ནས་ཞེས་བྱ་བ་ནི་མདོར་བསྡུས་པའི་དབང་དུ་བྱས ་པའོ། ཞེས་སྟོན་པའོ་ཞེས་ཟེར་ཏེ། འདི་ནི་མི་འཐད་དེ། དང་པོ་ཉིད་དུ་དེ་ནས་ཞེས་བྱ་བའི་སྒྲ་འདི་ལ་དབང་དུ་བྱ་བ་སྟོན་པའི་ཉི་ཚེ་བ་ཉེ་བའི་གྲོགས་སྨོས་པར་བྱ་བ་ཡིན་ན། དེ་ཡང་འདི་ལ་མེད་པས་དེ་མཐུ་ཡང་མེད་ཅིང། རྒྱུད་འབུམ ་ཉི་ཁྲི་ལྔ་སྟོང་པ་ནི་འདི་ཉིད་ཀྱི་གཞུང་ཡིན་ཡང་འདིས་དེ་ལས་བསྡུས་པར་སྟོན་པ་མ་ཡིན་ཏེ། འདིར་གླེང་གཞི་དང་པོར་སྨོས་པའི་ཕྱིར་ཡང་དེ་མི་རུང་ངོ། །དེ་བས་ན་དེ་ནས་ཞེས་བྱ་བའི་སྒྲ་ནི་ངེས་པར་སྔ་མ་ལྟར་དྲང་བར་བྱའོ། །ཁ་ཅིག་ན་རེ ་དེ་ནས་ཤེས་བྱ་བ་ནི་དོན་གྱིས་ན་བཞུགས་མ་ཐག་ཏུའོ་ཞེས་ཟེར་ཏེ། དེ་ལྟ་ན་བོད་པ་དང་སྒོ་བ་དང། དེའི་སྔོན་དུ་བདུད་ཚར་བཅད་པ་ཇི་ལྟར་དང། དེ་བས་ན་དེ་ནི་མི་རུང་ངོ། །ཁ་ཅིག་ན་རེ་དེ་ནས་ཞེས་བྱ་བ་ནི་སྨོན་ལམ་ཡང་མ་ཡིན་ཏེ་དང ་པོར་མ་སྨོས་པས་སོ། །གླེང་གཞི་བཀོད་མ་ཐག་ཏུ་ཡང་མ་ཡིན་ཏེ། འདིར་དོན་ལ་བརྟེན་པས་སོ། །མདོར་བསྡུས་པའི་དབང་དུ་བྱས་པ་ཡང་མ་ཡིན་ཏེ། ནུས་པ་མེད་པས་སོ། །དེའི་ཕྱིར་འདི་ནི་ཕྱག་ན་རྡོ་རྗེའི་དབང་དུ་བྱས་ཏེ་གསུངས་པར་སྟོན་པའོ་ཞེས ་ཟེར་རོ། །ཕྱག་ན་རྡོ་རྗེ་ལ་ཞེས་བྱ་བ་ནི་འདི་གནོད་སྦྱིན་ལག་ན་རྡོ་རྗེའི་རིགས་སུ་བྱུང་བས་ན་འམ། འདི་ལ་ལག་ཏུ་རྡོ་རྗེ་བྱིན་ཏེ་མིང་གིས་དབང་བསྐུར་བས་རྡོ་རྗེ་ཕྱག་ན་སྟེ། མ་འོངས་པའི་དུས་ན་བཅོམ་ལྡན་འདས་རྡོ་རྗེ་རབ་ཏུ་འཇོམས་པ་ཞེས་བྱ་བར ་ལུང་བསྟན་པས། ས་བཅུ་པའི་དབང་ཕྱུག་ཏུ་བསྟན་པའོ། །དེ་ཉིད་རྣལ་འབྱོར་གྱི་རྒྱུད་འདིར་ན་རྣམ་པར་སྣང་མཛད་ཆེན་པོའི་རྣམ་པར་འཕྲུལ་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་སྟེ། འདིར་རྡོ་རྗེ་ཡེ་ཤེས་ཆེན་པོའོ། །དེ་ལྟར་ཡང་གསུངས ་པ། བསྐལ་པ་དུ་མར་རབ་ཏུ་བསླབས་པ་ཡི། །རྒྱུད་དང་རིགས་པའི་ཚུལ་དང་ས་ལ་མཁས། །གང་གིས་འདུས་བྱས་གྲོང་ཁྱེར་རྣམ་འཇིག་པ། །ཡེ་ཤེས་རྡོ་རྗེ་བརྟན་ཏེ་འཕགས་དག་སྩོལ་ཞེས་སོ། །དེ་ལྟར་ན་རྡོ་རྗེ་ཡེ་ཤེས་དེའི་རང ་བཞིན་གྱི་ཕྱག་ལ་སོགས་པའི་སྐུ་མངའ་བ་དེ་ནི་ཕྱག་ན་རྡོ་རྗེ་སྟེ། སྤྲུལ་པའི་སངས་རྒྱས་ཞེས་བྱའོ། །དེ་བས་ན་བཅོམ་ལྡན་འདས་འདི་ཉིད་ཀྱིས་གཞན་དུ་ཨེ་མའོ་བདག་ནི་རང་བྱུང་བ། །ཀུན་ཏུ་བཟང་པོ་སེམས་དཔའ་བརྟན། །དེ་ནི་བསྟན ་ཕྱིར་ལུས་མེད་ཀྱང། །སེམས་དཔའ་ཨི་ལུས་སུ་གྱུར་པ་ཡིན་ཞེས་ཆེད་དུ་བརྗོད་དོ། །དེ་བས་ན་སྤྲུལ་པའི་སྐུ་ཡིས་སྤྲུལ་པའི་སྐུ་གསུངས་པའོ། །བཅོམ་ལྡན་འདས་ནི་ཤཱཀྱ་ཐུབ་པ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བདག་པོ་ཡང་ཡིན་ཏེ། སངས་རྒྱས་རྣམས་གཅིག་ཉིད་སྣ་ཚོགས་སུ་སྣང་བ་བསྐྱེད་པར་སྤྱོད་པས་སོ། །དེ་ལྟར་ཡང་གསུངས་པ། ཡང་དག་སངས་རྒྱས་སྐུ་གཅིག་སྟེ། །འདྲེན་པ་ཐམས་ཅད་དོན་གཅིག་ཀྱང། །ཚད་མེད་གཞན་དང་གཞན ་དག་ཏུ། །ཕྱོགས་བཅུ་ཀུན་ནས་རབ་ཏུ་སྣང་ཞེས་སོ། །དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་ཐམས་ཅད་ཀྱང་བདག་པོ་ཉིད་ཡིན་ཏེ། གཅིག་ལ་གཅིག་གི་དབང་གིས་སོ། །དེ་བས་ན་སྔར་བཙུན་མོའི་བྷ ་ག་རྣམས་ལ་ཞེས་བདུན་པ་མང་པོའི་ཚིག་ཅན་དུ་བསྟན་ཏོ། །རྡོ་རྗེ་སེམས་དཔས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་སྟེ། དེ་ཉིད་མི་འགྱུར་བར་རབ་ཏུ་གྲུབ་པས་ན། །སེམས་དཔའ་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། ་བརྟན་པའི་ཕྱིར་ན་སེམས་དཔར་བརྗོད་ཅེས་སོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དོ། །དེས་བོས་ནས་ཞེས་བྱ་བ་ནི་ཀྱེ་ཕྱག་ན་རྡོ་རྗེ་སྟོབས ་པོ་ཆེ། ཞེས་ངག་གི་བརྡས་གོ་བར་མཛད་པའོ། །བོས་ནས་དེ་ལ་ཅི་ཞིག་གསུངས་ཤེ་ན། དེའི་ཕྱིར་ལེའུ་བཅོ་བརྒྱད་པ། དེ་ནས་གཏམ་གྱི་མན་ངག་བཤད་པ་ཞེས་བྱ་བ་འདིར་དྲང་སྟེ། བླ་མ་རྒྱུད་པ་ལས་ཤེས་པར་བྱ་བའི་བདག་ཉིད་ཀྱི་གཞུང ་གིས་ལུགས་ངེས་པ་ནི་མན་ངག་སྟེ། དེ་ཉིད་ནི་གཏམ་མོ། །ཅིའི་འདི་ཉིད་ག་ལས་ཤེས་ཤེ་ན། རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་པ་ལས་སོ། །དེ་ཉིད་གང་ན་གནས་ཤེ་ན། སའི་འོག་ན་ཀླུ་རྣམས་ཀྱིས་བདག་གིར་བྱས་ནས་གནས་ཏེ། བསྟན ་པ་རབ་ཏུ་རྒྱས་པ་རྣམས་ནི་མི་རྣམས་རབ་ཏུ་སྣོད་དུ་མ་གྱུར་པས་རབ་ཏུ་བསྡུས་པ་ཙམ་ཞིག་འཛམ་བུའི་གླིང་ན་སྤྱོད་ཀྱི། ཕལ་ཆེར་ནི་དེ་ན་གནས་པ་ནི། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་ཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན ་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །སའི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད་ཅེས་གསུངས་སོ། །འོ་ན་མི་རྣམས་ཇི་ལྟར་རབ་ཏུ་སྣོད་དུ་མ་གྱུར་ཅེ་ན། ཇི་སྐད་དུ་གསུངས་པ། བཅོམ་ལྡན ་འདས་ཇི་ལྟར་ན་སྤྲོས་པ་ལས་བསྡུས་པ་ལགས། བཀའ་སྩལ་པ། བསྐལ་པ་བཟང་པོ་དཱི་ལ་བྱང་ཆུབ་སེམས་དཔའ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཚེ་ཐུང་བར་འགྱུར་ཏེ། ཇི་ལྟར་དེ་རྣམས་ཀྱིས་འཛིན་ནུས་པར་འགྱུར། ཇི་ལྟར་ན་དེ་རྣམས ་ཐོས་པ་བྱེད་པར་འགྱུར། ཇི་ལྟར་ན་ཀུན་ཆུབ་པར་བྱེད་པར་འགྱུར། གསོལ་པ། བཅོམ་ལྡན་འདས་ཅིའི་ཕྱིར་སྐྱེ་དགུ་རྣམས་ཚེ་ཐུང་བར་གྱུར་པ་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། གང་རྣམས་སློབ་དཔོན་དུ་གྱུར་པ་དེ་སྲིད་དུ། དེ ་རྣམས་རྩ་བའི་ལྟུང་བ་དང་ལྡན་པར་འགྱུར་བ་དང། གང་རྣམས་འཇུག་པར་འགྱུར་བ་སློབ་མ་དེ་རྣམས་ནི། མི་དགེ་བཅུའི་ལས་ཀྱི་ལམ་ལ་འཇུག་པར་འགྱུར་བ་དང། གང་རྣམས་སོ་སོ་སྐྱེ་བོ་དེ་རྣམས་ཀྱང་སྲོག་གཅོད་པ་ཅན་དུ་འགྱུར་ཏེ། ་ཇི་ལྟར་འཛིན་ནུས་པར་འགྱུར། དེ་ལྟ་བུར་གང་དག་བུད་མེད་ཀྱི་ཚོགས་རྣམས་འདོད་པ་ལ་གཅིག་ཏུ་མངོན་པར་ཞེན་ཅིང། ཀུན་ཏུ་ཞེན་པར་འགྱུར་ཏེ། དེའི་ཕྱིར་རྒྱུད་རྣམས་ཐམས་ཅད་ཀྱིས་རྒྱ་ཆེར་བསྟན་པ་མ་ཡིན་ནོ་ཞེས་ཏེ། དེ་བས་ན ་བསམ་གཏན་གྱི་བདུད་རྩིའི་རོ་མ་མྱངས་པས། ཐོས་པ་དང་བསམ་པའི་ཤེས་རབ་ཙམ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པར་མ་གྱུར་ཅིག་སྙམ་དུ་དགོངས་པས། ཆེད་དུ་གཞུང་རྒྱས་མི་སྣང་བར་བྱིན་གྱིས་བརླབས་པ། ཁ་ཅིག་ན་རེ ་གཞུང་རབ་ཏུ་རྒྱས་པ་ནི་རིག་པ་འཛིན་པའི་གནས་ན་ནམ་མཁའ་འགྲོ་མ་རྣམས་ཀྱིས་གུས་པར་བཟུང་ནས་གནས་སོ།། འདི་ཞེས་ཟེར་ཏེ་བདག་གིས་ནི་འདི་ལྟ་བུའི་ལུང་མ་མཐོང་ངོ། །གལ་ཏེ་འདི་ལྟ་བུའི་གཟུངས་རྒྱས་པ་ཡོད་པ་ནི་བདག ་ཅག་གིས་ཇི་ལྟར་ཡང་མི་ཤེས་པས་སུ་ཞིག་ཡིད་ཅེས། འདི་ལ་ཡོད་པར་བསྒྲུབ་པའི་ཚད་མ་ཡང་གང་ཞིག་ཡོད་ཅེ་ན། འདི་ལ་ཇི་ལྟར་བསྟན་པའི་བླ་མའི་མན་ངག་ལ་ཡིད་ཆེས་པ་ནི་དོན་རབ་ཏུ་འཐོབ་པ་ཡིན་ཏེ། ཇི་སྐད་དུ་བྱང ་ཆུབ་སེམས་དཔའ་གང་ཞིག་རྗེས་སུ་བསྟན་དང་མཐུན་བྱེད་ཅིང། །དྲན་པ་ཉེ་བར་གཞག་སྟེ་བླ་མའི་ངག་བཅོག་མི་བྱེད་ན། །དེའི་ཕྱིར་དེའི་དོན་རྣམས་ཐམས་ཅད་མཐུན་པར་འགྲུབ་པར་འགྱུར། །མཐུན་པའི་སངས་རྒྱས་ཡེ ་ཤེས་བྱང་ཆུབ་དྲུང་དུ་འཚང་ཡང་རྒྱ་ཞེས་གསུངས་ཏེ། རྒྱ་ཆེར་ནི་བྲམ་ཟེར་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་གཏམ་ལ་སྦྱར་རོ། །དེ་ལྟ་ན་སྒྲུབ་པའི་ཚད་མ་ཡང་དེ་ཉིད་ཡིན་ཏེ། ཇི་ལྟར་འཕགས་པ་ནོར་བཟངས་མེའི་ནང་དུ་ཞུགས་པས ་དོན་རབ་ཏུ་གྲུབ་པ་ཡིན་ནོ། །དེ་བས་ན་མངོན་སུམ་ལ་སོགས་པའི་རྟོག་གེས་ཅི་ཞིག་བྱ། དཔལ་འཁོར་ལོ་བདེ་མཆོག་ལས་ཀྱང། སྔགས་རྣམས་ཀུན་ལ་ཐུན་མོང་དུ། །གཏན་ཚིགས་བདག་གིས་གཞོམ་མི་བྱ། །མིག་དང་ལག་པས་མ ་ཡིན་ཏེ། །དང་བ་ཉིད་ཀྱི་བླང་བར་བྱ་ཞེས་གསུངས་སོ། །དེ་ལྟར་ན་དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་པའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནའི་ད་ཡི་བཀའ་། །བླང་བར་བྱ་ཡིས་གུས་ཕྱིར་མིན། ཞེས་གསུངས ་པ་ཇི་ལྟར་དྲང་ཞེ་ན། ཡང་དག་པའི་བཤེས་གཉེན་དང་མ་ཕྲད་པ། འཇིག་རྟེན་རྒྱད་པན་ལ་སོགས་པའི་ལུང་ལ་ཡང་ཡང་དག་པར་འཛིན་པ་སྲིད་པ་དགག་པའི་ཕྱིར། འདི་ཡང་རིགས་ལ་ཡང་དག་པའི་བཤེས་གཉེན་དང་མ་ཕྲད་པ་ན་། ་དེས་ཇི་ལྟར་བསྟན་པ་ཉིད་ཚད་མ་ཡིན་ཏེ། དེ་བས་ན་འདི་ལ་གནོད་པ་མེད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཤཱཀྱའི་སྐྱེས་མཆོག་གོ་།མངོན་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པ་ན་སྟེ། ་དེའི་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བཞེད་པ་ན་ཞེས་རྣམ་པར་སྦྱར་རོ། །བདུད་ནི་འདོད་པའི་ལྷ་སྡིག་ཅན་ཏེ། དེའི་དཔུང་ནི་དཔུང་གི་ཚོགས་ཡན་ལག་བཞི་པོ་རྟ་པ་དང་རྐང་ཐང་པ་དང། ཤིང་རྟ་པ་དང། གླིང་པོ ་ཆེ་ཞོན་པ་རྣམས་སོ། །ཆེར་འཇིགས་སུ་རུང་ཞིང་ཞེས་བྱ་བ་ནི་བདེན་པ་མ་མཐོང་བ་དག་སྙིང་འགས་པ་སྲིད་དེ། དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། གལ་ཏེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་མ་བརླབས་ན་བདུད་ཀྱི་དམག་དིས་ཛམྦུའི་གླིང ་པ་རྣམས་སྙིང་འགས་པར་འགྱུར་བར་གསུངས་ཏེ། བདུད་ཀྱི་དཔུང་བཀོད་པ་ཡང་དེ་ལས་རྒྱ་ཆེར་བསྟན་ཏོ། །འཇིགས་པར་བྱེད་པ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བསྐྲག་པ་བསྐྱེད་པ་ཉེ་བར་གནས་པའོ། །དུ་མ་འདུས་ཏེ་ཞེས་བྱ་བ་ནི། ་འཛམྦུའི་གླིང་འདིར་སྟོང་གསུམ་གྱི་སྟོང་ཆེན་པོ་བྱ་བ་ཕྲག་བརྒྱའི་བདུད་མ་ལུས་པ་དམག་གི་ཕྱིར་འདུས་སོ་ཞེས་འཕགས་པ་རྒྱ་ཆེ་རོལ་པ་ལས་གསུངས་པ་དེ་སྙེད་དུ་མང་བའོ། །ལོག་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་རི་འཕེན་པ་ལ་སོགས་པ ་བྱིས་པའི་སྤྱོད་པས་རྩལ་དུ་ལོག་པའི་ང་རྒྱལ་བྱེད་པས་སོ། །བཅོམ་ལྡན་འདས་ནི་སྔོན་བཞིན་ནོ། །བདུད་ཀྱི་དཔུང་ཆེན་པོ་ཐུབ་པས་ན་ཐུབ་པ་ཆེན་པོ་སྟེ། དེའི་བྱང་ཆུབ་རང་གི་སེམས་སོ་སོར་རྟོག་པ་འཇིགས་པར་བྱེད་དོ་ཞེས་བྱ་བ་སྐུ་ལ ་གནོད་པར་བྱས་པས་དེའི་བགེགས་བྱེད་པར་གནས་པའོ། །དེའི་ཚེ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བའི་དུས་ནའོ། །བདུད་ཆེན་པོ་ཞེས་བྱ་བ་ནི་ལྷའི་བུའི་བདུད་དམག་གི་དཔུང་རབ་ཏུ་རྒྱ་ཆེན་པོའོ། །དེ་ལས་རྒྱལ་བ་ཞེས་བྱ་བ་ནི་རྒྱལ་བར་བྱེད་པའི ་རྒྱུར་གྱུར་པས་སོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། ཇི་སྐད་དུ། ཤཱཀྱའི་སྲས་པོ་ཆོས་རྣམས་རྟེན་འབྱུང་བ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། ། ་དཔུང་བཅས་གཡོ་རྒྱུ་མཐོང་ཡང་འཇིགས་པ་མེད། ཅེས་གསུངས་པའོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་པ་སྟེ། རྒྱུད་ལ་བསྐྱེད་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤཱཀྱའི་མགོན་པོ ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རང་བཞིན་གཅིག་ཏུ་གྱུར་ཅིང་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟར་གྱུར་པ་ནི་གཅིག་ཡིན་ཡང། བྱིས་པ་རྣམས་ལ་གྲགས་པ་དང་རྗེས་སུ་མི་མཐུན་པར་དྲུག་པ་མང་པོའི་ཚིགས་ཅན་དུ་རྣམས་ཞེས ་གསུངས་ལ། དེ་རྣམས་ལས་ཀྱང་ལུས་ལས་བྱུང་བའི་འོད་ཟེར་ལྟར་ཁྲོ་བོ་ཆེན་པོ་གཤིན་རྗེའི་དགྲ་ངེས་པར་ཕྱུང་ངོ། །ཁ་ཅིག་ན་རེ་འདིར་སྐུ་དང་གསུང་དང་ཐུགས་རྣམས་ལ་ཞེས་མང་པོའི་ཚིག་ཅན་དུ་བྱས་པ་ནི། སྐུ་ལས་ནི་ཁྲོ་བོའི ་སྐུ་ཕྱུང་ལ། གསུང་ལས་ཀྱང་རབ་ཏུ་མ་རུངས་པའི་ང་རོ་དྲག་པོར་སྒྲོགས་པར་ཕྱུང་ཞིང། ཐུགས་ལས་ཀྱང་དངོས་པོས་རབ་ཏུ་དབེན་ཞིང་རྣམ་པར་རྟོག་པ་མེད་པར་བྱུང་སྟེ། དེ་བས་ན་མང་པོའི་ཚིག་ཅན་འདི་ནི་འདོད་པའོ་ཞེས་ཟེར་རོ།། ་ཁ་ཅིག་ན་དེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་གསུངས་པས། རྡོ་རྗེ་ནི་ཟུང་དུ་འཇུག་པ་ཉིད་ཡིན་པས་ན་ཡང་དག་པར་ན་མངོན་པར་བྱང་ཆུབ་པ་བརྙེས་པ་ལས། གདུལ་བྱའི་དབང་དུ་བདུད་གཏུལ་བ་སྟོན་ཅིང་ཁྲོ་བོ་ཆེན་པོ་ཡང ་ཟུང་དུ་འཇུག་པ་ལས་སྤྲུལ་པས་ན་མང་པོའི་ཆིག་ཅན་ནི་དོན་དང་མི་མཐུན་ནོ་ཞེས་ཟེར་རོ། །དེ་ལ་ཁྲོ་བོ་ཞེས་ཟེར་རོ། །དེ་ལ་ཁྲོ་བོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་རྣམ་པར་རྩེན་པས་གདུལ་བྱ་འདུལ་བའི་ཐབས་ཀྱིས་ནོར་ཡོད་པས་ན་རྣམ་པར ་རྩེན་པའི་ནོར་ཅན་ནི་ཁྲོ་བོའོ། །དེ་ཉིད་བདུད་ཀྱི་རིས་ཀྱི་ཁྲོ་བོ་རྣམས་ལས་རྣམ་པར་གནོན་པ་ཆེ་བས་ན་ཆེན་པོ་སྟེ། ཡང་ན་ལུས་ཀྱི་བོང་ཚོད་ཆེ་བའོ། །གཤིན་རྗེའི་སྒྲ་ཞེས་བྱ་བ་ལ་གཤིན་རྗེ་རྣམས་ཀྱི་སྒྲ་ནི་གཤིན་རྗེའི་སྒྲ་སྟེ། ་གཤིན་རྗེ་རབ་ཏུ་འཇོམས་པའོ། །དེ་ནི་དེ་ལྟར་ན་གཤིན་རྗེ་ཞེས་བྱ་བ་འདི་ཉིད་ཅི་ཞིག་ཅེ་ན། ལུས་ཅན་རྣམས་ལ་ལྷན་ཅིག་སྐྱེས་པའི་ལྷ་ལྟར་རྗེས་སུ་འགྲང་ཞིང་གསོད་པར་བརྩོན་པ་ནི་གཤིན་རྗེ་སྟེ། མིང་གི་རྣམས་གྲངས་འཆི ་བདག་ཅེས་བྱའོ། །དེ་ལྟར་ན་ནི་འདི་ནི་དེང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རུ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བ་ཡིས། །མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས་ཤེས་བརྗོད་ལ། ། ་འཕགས་པ་མཚན་མོ་བཟང་པོའི་མདོ་ལས་ཀྱང། །སང་ཙམ་འཆི་ཡང་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བཏུན་ཏེ་བྱ། །འཆི་བདག་བདེ་ཆེན་འདི་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་ནི་ཡི་དགས་ཀྱི་འགྲོ་བ་མཐུ ་རབ་ཏུ་ཆེ་བས་ཁྱད་ཞུགས་པ་སྡིག་སྤྱོད་པ་རྣམས་དུས་མ་ཡིན་པར་གསོད་པ་སྟེ། ཇི་སྐད་དུ། གནས་ཀྱི་གཤིས་སུ་འཇེབས་པས་གཟིར་ན་ནི། །ཤིན་ཏུ་མི་བཟད་མུན་རུམ་འཇུག་པ་ལྟར། །ཡིད་འོངས་འདྲིས་པ་རྣམ་པར་འདོར་བར་འགྱུར། ་གཤིན་རྗེའི་ཞགས་པས་དམ་དུ་བཙངས་པ་ལ། །ཅོ་ཏོ་འབལ་ཞིང་ཆོ་དེས་འདེབས་བྱེད་ཀྱང། །དེ་ཡིས་ཀློངས་པ་ཉེ་དུའི་སྐྱེ་བོ་ཡིས། །རང་གི་བདུད་དགྲས་གཟིར་བ་བཞིན་མི་ཐོས། །ཞེས་བཤད་པས་སོ། །དེ་བཞིན་དུ་དེ་དག་ནི་སྲིད་པ ་བར་མའི་དུས་ན་ཡང། །དྲི་ཟའི་སེམས་ཅན་དེ་རབ་ཏུ་གཟིར་བར་བྱེད་དེ། འགྲོ་དཀའ་ཆུ་དང་ཕ་བོང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོས་འཛིངས་པ་ཉམ་ང་བའི་ལམ་དག་ཏུ། །དུས་ཀྱི་ཞགས་པས་སྐྱེ་ནས་བཏགས་ཏེ་གཤིན ་རྗེའི་མི། །གཏུམ་པོ་རྣམས་ཀྱིས་དབྱུག་པས་བཏགས་ཤིང་ཁྲིད་པར་འགྱུར། ཞེས་བཤད་པས་སོ། །དེ་བཞིན་དུ་དེ་དག་ནི་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་རབ་ཏུ་ཡང་འཇོམས་པ་སྟེ། དམྱལ་བའི་བསྲུང་མས་དབྱུག་པས་བརྡེག ་ཅིང་མཆི་མ་ཆོག?་བཞིན་དུ། ལྕགས་ཞུན་ཁུ་བ་མེ་སྟག་འབར་བའི་ཕྲེང་བ་འཁྲིགས་པ་ལུད་ཅེས་བཤད་དེ། དམྱལ་བའི་བསྲུང་མ་ནི་གཤིན་རྗེའི་སྐྱེས་བུ་ཡིན་ཏེ། དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་ལ་གཤིན་རྗེའི་སྐྱེས་བུ་དེ་དག་གིས་སྨྲས་ ་པ། ཁྱེད་ཅི་འདོད་ཅེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པས་སོ། །འདི་ལྟར་རབ་ཏུ་མི་བཟད་པའི་འགྲོ་བར་སྐྱེ་བའི་རྒྱུ་ཡང། ཇི་སྐད་དུ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་དང། །གཡོ་མེད་རྫུན་དུ་སྨྲ་བ་དང། །གཞན་ལ ་གནོད་བྱེད་དགའ་བ་ནི། །གཤིན་རྗེ་སྲིན་པོར་སྐྱེ་བར་འགྱུར། ཞེས་གསུངས་པའོ། །དེའི་ཕྱིར་འདི་དག་ནི་གསོད་ཅིང་ཁྲིད་པ་དང་ཆེར་གཟིར་བས་ན། གཤིན་རྗེ་ཞེས་བྱའོ། །དེ་ལྟར་ན་སྔར་ལྷ་རྣམས་རྣམ་པར་བཤད་པའི་དུས་སུ་གཤིན་རྗེ་ཞེས ་བྱ་བའི་མིང་གི་དོན་འདི་ལྟར་མ་བརྗོད་པ་ཇི་ལྟ་བུ་ཞེ་ན། ཡུ་གམ་ཞེས་མ་དྲངས་པས་ན་གཉིས་སུ་གྱུར་པའི་དོན་འདི་གྱུར་པས་ན། དོན་མཆོག་སྟོན་པ་ན་དེ་ལྟར་གནོད་པ་མེད་ཅིང་བཤད་པ་འདི་ཡང་དོན་གྱི་གླེང་གཞིར་ཡང་ཤེས ་པར་འདིར་བཤད་པ་ཉིད་ཀྱིས་འགྱུར་བས་དེར་མ་བཀོད་པའོ། །སྔར་བཤད་པའི་ལུགས་ཀྱིས་ཞི་བས་མི་འདུལ་བ་དེ་དག་མཐོང་བ་ཙམ་གྱིས་ཚར་གཅོད་པའི་ཁྲོ་བོ་དེ་ནི་དགྲའོ། །ངེས་པར་ཕྱུང་ངོ་ཞེས་བྱ་བ་ལ་ངེས་པར་ཞེས་པ ་ནི་ཚར་བཅད་པའི་ཕྱིར་རོ། །ཕྱུང་ངོ་ཞེས་བྱ་བ་ནི་མངོན་པར་འཐོན་པའོ། །དེ་ལྟར་ན་འདི་རབ་ཏུ་ཡང་དམན་ཏེ། རྣམ་པར་སྣང་མཛད་ཆེན་པོའི་སྤྲུལ་པ་ནི་རྣམ་པར་སྣང་མཛད་ཡིན་ལ། དེའི་ཡང་རྣམ་པར་འཕྲུལ་པ་ནི ་སངས་རྒྱས་རྗེ་བཙུན་ཤཱཀྱ་ཐུབ་པ་ཡིན་ཏེ། འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་དུ་ནི། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་རྣམས་ནི་འདིར་འཚང་རྒྱ། ཞེས་གསུངས་པས་སོ། །སྤྲུལ ་པ་དེ་ཡིས་ཡང་སྤྲུལ་པ་ནི་འདི་ཡིན་པས་སོ་ཞེ་ན། འདི་ནི་མ་ཡིན་ཏེ། ཇི་སྙེད་དུ་བརྒྱུད་པ་འདྲ་བའི་སྤྲུལ་པ་དག་ཀྱང་རྣམ་པར་སྣང་མཛད་ཆེན་པོ་ཁོ་ན་སྣང་བ་སྐྱེས་པའི་ཕྱིར་རོ། །སྔར་སངས་རྒྱས་རྣམས་གཅིག་ཉིད་དུ་བསྟན ་ཅིང། གཞན་ཡང་སྤྲུལ་པ་ཞེས་བྱ་བ་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་དབེན་པ་ཡང་མ་ཡིན་ཏེ། ཡེ་ཤེས་ཉིད་སྣང་བ་ཐོབ་པའོ། །དེ་བས་ནི་སློབ་དཔོན་སངས་རྒྱས་དཔལ་གྱི་ཞལ་སྔ་ནས་ཀྱིས་ཀྱང། ཇི་སྐད་བཤད་པའི་རིམ་པས་ཤེས་རབ་དང་ཐབས ་ཀྱི་བདག་ཉིད་ཅན་གྱི་རང་གི་ངོ་བོ་མངོན་སུམ་དུ་བྱས་ནས། ཇི་སྲིད་དུ་སྤྲུལ་པ་རྣམས་ལ་དེ་དབང་དུ་གྱུར་པ་དེ་སྲིད་དུ། བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པའི་ངོ་བོ་མངོན་དུ་བྱ་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་རང་གི་ངོ་བོ་བསྐྱེད་པར་རུང་བ་ཉིད ་དང། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་མཚན་ཉིད་གཅིག་པའི་ཕྱིར་དང། རྒྱུ་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཀུན་ཏུ་རྟོག་པ་སྔ་མ་སྔ་མ་ལས་བྱུང་བའི་རྣམ་པར་རྟོག་པའི་རྒྱུན་ནི་རྒྱུད་ཡིན་ཏེ། སྤྲུལ་པ་ཞེས་བྱ་བ་གཞན ་ཉིད་ཀྱང་མ་ཡིན་ཏེ། གཞན་དུ་དེ་ནི་ཀུན་ཏུ་རྟོག་པ་ཙམ་ཡིན་པའི་ཕྱིར་རོ། །རིགས་པ་ཐ་དད་པས་སྣ་ཚོགས་པའི་རང་བཞིན་ཉིད་ཡིན་པས་ཅི་ལྟར་གཅིག་ཅེས་བྱ་ཞེ་ན། དེ་ལྟར་ན་ནི་འགའ་ཞིག་ཀྱང་གཅིག་ཉིད་དུ་མི་འགྱུར་ཏེ། ལྷའི་སྐུ་གཅིག ་ཉིད་ལ་ཡང་ཆ་ཤས་དུ་མའི་རང་བཞིན་ཉིད་ཀྱིས་སྣ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་ལ། ཆ་ཤས་མེད་པ་ཡང་དམིགས་པར་མ་གྱུར་པའི་ཕྱིར་རོ། །ཇི་ལྟར་གཅིག་པ་ཉིད་དུ་རྣམ་པར་གཞག་པ་ནི་ཀུན་རྫོབ་ཏུ་གཅིག་ཉིད་ཡིན་པ་དེ་ལྟར་ཚུལ ་གཞན་པའི་སྣ་ཚོགས་པའི་རང་བཞིན་ཉིད་པ་ཡང་དེའི་ངོ་བོར་ཞེན་པ་ལ་ལྟོས་ནས་ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་ཐ་མི་དད་པའི་ཞེན་པས་ཡིད་ལ་བྱེད་པ་ལ་འཇུག་པའི་ཕྱིར་རོ། །དེ་དག་གིས་ནི་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར ་མོས་པར་བཤད་པ་ཡིན་ཏེ། འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བར་ཐམས་ཅད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་དེའི་སྣང་བའི་ཡུལ་ལས་ཐ་སྙད་ཀྱི་གཞིར་གྱུར་པའི་ཐམས་ཅད་ཅེས་བྱ་བ་གཞན་ལ་ཡང་ཡོད་པ་མ་ཡིན་ཏེ། དེ ་རྣམས་ཀྱང་ཅིག་ཅར་རྟོགས་པའི་རང་བཞིན་ཡིན་པས་ཐ་དད་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར། གཅིག་གིས་མཚན་ཉིད་གཞན་ཡོད་པ་ཡང་མ་བསྟན་ཞེས་པ་ཡིན་ཏེ། དེ་བས་ན་ཡང་དག་པ་ཇི་ལྟ་བ་རང་གི་ངོ་བོ་སོ་སོར ་རྟོགས་པ་ལ་གཞོལ་བ་ནི་ཀུན་རྫོབ་འབའ་ཞིག་པ་འདི་ལ་ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་ཤེས་པ་འཇུག་པར་འགྱུར་གྱིས། དངོས་པོ་གང་ཞིག་ལ་ཅུང་ཟད་ཀྱང་ཐ་དད་པ་མ་ཡིན་པར་ཡུལ་དུ་བྱེད་པར་མི་ནུས་ཏེ། ཤེས་པ་ཐམས་ཅད་ནི་རང ་གི་ངོ་བོ་ཙམ་ལ་སོན་པ་ཉིད་ཀྱིས་གཞན་གྱི་ངོ་བོ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །རྣལ་འབྱོར་པའི་རང་གི་སེམས་ལས་བྱུང་བ་རེ་རེ་ཡང་མི་མཐུན་པའི་ཕྱོགས་མ་ལུས་པ་ལྡོག་པའི་ངོ་བོ་ཉིད་ཀྱིས་དཀྱིལ་འཁོར་བའི་ལྷ་མ་ལུས་པ་ཉིད ་ཀྱི་རང་བཞིན་དུ་སོ་སོར་བརྟགས་པར་བྱ་བ་ཡིན་ཏེ། འདི་ལྟར་རང་གི་ཏིང་ངེ་འཛིན་རྣམས་ནི་ཕྱིན་ཅི་ལོག་དེ་དང་དེ་མི་དམིགས་པར་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །དེའི་ཕྱིར་ཡང་དག་སངས་རྒྱས་དེར་སངས་རྒྱས། ་ཞེས་བྱ་བ་ལ་སོགས་པ་ནི་བྱིས་པ་གང་དག་སེམས་ཁྱད་པར་དུ་སྦྱོར་བ་ལ་གཞུག་པར་བྱ་བ་དེ་དག་གི་ངོ་བོར་གསུངས་ཀྱི། རིགས་པར་ན་རྣམ་པར་སྣང་མཛད་དང་ཤཱཀྱ་ཐུབ་པ་ལ་སོགས་པ་ནི་ཡེ་ཤེས་གཅིག་ཉིད་ལ་ཐ་དད་པར་མཐོང ་ཞིང་མིང་དུ་མར་བཏགས་པ་སྟེ། དེ་བས་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། རྒྱལ་བ་རྣམས་ཀྱི་མཚན་གྱི་རྣམ་གྲངས་ནི། །རྟག་དང་རྡོ་རྗེ་གཏི་མུག་དང། །སྣ་ཚོགས་གྱུར་དང་རྣམ་སྣང་མཛད། །ོཾ་ཡིག་སྒྱུ་འཕྲུལ་དྲ་བ་དང། །སྐུ་ཡི ་རྡོ་རྗེ་རབ་ཏུ་གྲགས། །ས་སྙིང་དང་ནི་གཏི་མུག་ཆེ། །ཐོ་བའི་དབང་ཕྱུག་གཤིན་རྗེ་གཤེད། །དེ་བཞིན་གཤེགས་དང་ཤཱཀྱ་ཐུབ། །སངས་རྒྱས་ཞེས་བྱས་མཚན་དུ་གྲགས། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཚན་གྱི་རྣམ་གྲངས ་བསྟན་ཏེ། དེའི་ཕྱིར་ན་མཚན་མི་འདྲ་བ་འམ་སྤྲུལ་པར་སྣང་བ་ཐ་དད་པས་ནི་འདི་དམན་པར་ག་ལ་འགྱུར། དེ་ནི་དེ་ལྟར་བདེན་མོད་ཀྱི་དྲི་བ་གཞན་གནས་ཏེ། སྒྱུ་འཕྲུལ་དྲ་བ་ལས། ཧཱུཾ་གིས་ཡེ་ཤེས་ལས་གྲུབ་པ། །གཟེ་བརྗིད་ལྡན་པ་འཇམ་དབྱངས ་ཀྱིས། །གཤིན་རྗེའི་དགྲ་ཞེས་རྣམ་གྲགས་པ། །བསྐལ་པ་མེ་ལྟར་འབར་བ་སྟེ། ཞེས་གསུངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ལས་ཀྱང། དེ་ནས་འཇམ་པའི་དབྱངས་ཀྱི་ནི། །ཁྲོ་བོའི་མིང་ནི་གཤིན་རྗེ་བཤེད། ། ་དྲག་ལ་མཐུ་རྩལ་དྲག་ལྡན་པ། །མཚོན་ཆ་མེ་ལྕེ་འབར་བས་འཁྲིགས། ཞེས་གསུངས་པས། གཤིན་རྗེའི་དགྲ་འདི་ནི་འཇམ་པའི་དབྱངས་ཀྱི་ཁྲོ་བོར་གསུངས་ན། རྒྱུད་འདི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཁྲོ་བོར་འདི་བསྲུངས་ཤེ་ན། ་རྒྱུད་དེ་དག་ལས་འཇམ་དཔལ་མ་ཡིན་པ་ལ་ནི་གཤིན་རྗེ་གཤེད་ཅེས་བྱ་བའི་ཁྲོ་བོ་མེད་དོ་ཞེས་བཀག་པ་ནི་མེད་ལ་དེ་ཉིད་ཀྱིས་ན་བཅོམ་ལྡན་འདི་ལ་གཤིན་རྗེའི་གཤེད་དུ་རྣམ་པར་བཞག་པ་ལ་སུ་ཞིག་འགོག་པར་བྱེད་ན་རྩོད་པ་འདི ་སྨྲ་པ་དེ་བས་ན། དེ་དག་གིས་འདི་ལ་གནོད་པ་ཅི་ཡོད། གཞན་ཡང་འཇམ་དཔལ་ཞེས་བྱ་བ་ཉིད་དཔྱད་དེ་བསྐལ་པ་མཛའ་ཡས་པའི་གོང་དུ་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་ལས་འཁོར་ལོ་སྒྱུར་བའི་རྒྱལ་པོ ་ནམ་མཁའ་ཞེས་བྱ་བར་གྱུར་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བྱ་བར་གྱུར་པ་ན། ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བས་བསྐུལ་བས་བློ་གྲོས་མཆོག་ཐོབ་པ། དེ་ཡང་ས་བཅུའི་དབང་ཕྱུག་ཏུ་གྱུར་ཅིང། ་བསྐལ་པ་བརྗོད་ཀྱིས་མི་ལང་བ་ལ། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ཞེས་བྱ་བར་ལུང་བསྟན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་འཇམ་དཔལ་གཞོན་ནུར་གྱུར་པའོ། །གསང་སྔགས་ཀྱི་ཚུལ་ཆེན་པོར་འདི་ནི། རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི ་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་རྒྱ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣོན་པོ་ནི་འཇམ་པའི་དབྱངས་ཏེ་དེ་ཁོ་ན་འདུས་པ་ལས་ཀྱང། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་ཆེན་པོ་འཇམ་དཔལ་གྱི་དམ་ཚིག་ལས་བྱུང་བ་ཆོས་ཀྱི་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ཆེན་པོའི་དམ་ཚིག་ཅེས་བྱ་བ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་ངོ། །བཛྲ་ཏཱིཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ལས་བྱུང་མ་ཐག་པ་འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཤེས་རབ་ཀྱི་རལ་གྲིར་གྱུར་ཏེ་བྱུང ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་རལ་གྲིའི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་རལ་གྲིའི་དབྱིབས་དེ་ལས་འཇིག་རྟེན་གྱི ་ཁམས་ཐམས་ཅད་རྡུལ་གྱི་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ལ་སོགས་པ་དང། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ ་རྣམས་བྱས་ཏེ། རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ནི་ཤིན་ཏུ་འཇམ་པའི་དཔལ་ཡིན་པ་དང། ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུའི་སྐུར་གྱུར་ཏེ། བཅོམ་ལྡན ་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་བདག་ནི་ཡིན་པར་དགོངས། །གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང། །དབྱངས་ཉིད་དུ་ནི་དམིགས ་པ་ཡིན། ཞེས་གསུངས་ཏེ། དེ་ཕྱིར་འཇམ་དཔལ་ནི་བཅོམ་ལྡན་འདས་ཤཱཀྱའི་ཏོག་ཉིད་དེ། རྣམ་པར་སྣང་མཛད་ཆེན་པོ་ཉིད་འཇམ་དཔལ་དུ་སྣང་བའི་ཕྱིར་རོ། །དེ་བས་ན་འཇམ་དཔལ་གྱི་ཁྲོ་བོ་གཤིན་རྗེ་གཤེད་དུ་གསུངས་པས་རྒྱུད་འདིར་རྩོད་པ ་ནི། རྩོད་པ་ལ་རབ་ཏུ་མི་བཟོ་བར་ཟད་དོ། །ད་ནི་མཚམས་སྦྱར་བ་དྲན་པར་བྱ་སྟེ། དེ་ལྟར་ཕྱུང་བའི་གཤིན་རྗེ་གཤེད་པོ་དེས་བདུད་ཀྱི་དཔུང་ཚར་བཅད་ནས་བཅོམ་ལྡན་འདས་ཀྱི་ཟུང་དུ་འཇུག་པའི་གནས་བརྙེས་ཏེ། ཁྲོ་བོ་ཆེན་པོ་དེ་གདུལ ་བྱ་འབྱུང་བར་འགྱུར་བའི་དོན་དུ་ཕྱག་ན་རྡོ་རྗེ་རྟག་ཏུ་ཕྱི་བཞིན་འགྲང་བ་ལ་གཏད་པར་དགོངས་པས་ཕྱུང་ནས་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་བོས་ནས། བཅོམ་ལྡན་འདས ་ཐུབ་པ་ཆེན་པོས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཀྱེ་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོའི་སྐུ་ནི་ཟུང་ལ། བདུད་དང་ཀླུ་དང་གནོད་སྦྱིན་དང་ལྷ་རྣམས་སྐྲག་པར་གྱིས་ཤིག་།འཇིགས་པར་གྱིས་ཤིག་།སོད་ཅིག་ཅེས་གསུངས་སོ། ། ་དེའི་ཚེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཇི་ལྟར་ཐོས་པ་ལྟར་དེ་མ་ཐག་ཏུ་བཟུང་ངོ། །བཅིངས་སོ། །ཀུན་ཆུབ་པར་བྱས་སོ། །བསྟི་སྟང་དུ་བྱས་སོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་སྐུ་འདི་ཟུང་ལ་ཞེས་བྱ་བ་ནི་ཇི་ལྟར་ང་ལ་ཁྱོད་གུས་ཤིང་རྟག་ཏུ་འབྲང ་བ་ལྟར་ཁྲོ་བོ་ཆེན་པོ་འདི་ལ་ཡང་ཁྱོད་ཀྱིས་གུས་པ་དེ་ལྟར་བྱོས་ཤིག་ཅེས་པའོ། །ཡང་ན་སྐུ་འདི་ཟུང་ལ་ཞེས་བྱ་བ་ནི་ཁྱོད་འདིའི་ལུས་སུ་བྱོས་ལ། འདི་དང་གཉིས་སུ་མེད་པར་བྱོས་ཤིག་ཅེས་པ་སྟེ། དེ་བས་ན་འདི་འཆད་པ་པོ་ཡང་ལག་ན་རྡོ་རྗེ ་ཡིན་པར་འཆད་ཅིང་འཁོར་ཕུན་སུམ་ཚོགས་པའི་དུས་སུ་ཡང་ཞེ་སྡང་གཤིན་རྗེའི་དགྲ་དང་ཞེས་རྗེ་བཙུན་ཤཱཀྱ་ཐུབ་པ་ལས་ལྟོས་ཏེ་འཁོར་དུ་བསྟན་པ་ཡང་ཡིན་ལ། ཕྱག་ན་རྡོ་རྗེ་དང། ཁྲོ་བོ་ཆེན་པོ་འདི་གཉིས་སུ་མེད་པའི་ཉིད་སྟོན་པ ་ཡང་ཡིན་ཏེ་།རྒྱུད་འདིའི་འཆད་པ་པོ་ནི་འདི་ཉིད་ཡིན་ལ། སྟོན་པ་བཟང་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཏོག་ཉིད་དོ། །གདུང་དང་ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ནག་པོའི་རྩ་ལག་རྣམས་སོ། །ཀླུ་དང་ཞེས་བྱ་བ ་ནི་གང་དག་ལྷ་མ་ཡིན་དང་བདུད་ལ་དགའ་བའི་ཀླུའི་རིགས་རྣམ་པ་ལྔ་དག་གོ་།གནོད་སྦྱིན་དང་ཞེས་བྱ་བ་ནི་ལག་ན་རྡོ་རྗེ་དང། གོས་སྔོན་པོ་འཛིན་པ་དང། གསང་བ་པ་བདུད་ཀྱི་རིས་པ་རྣམས་སོ། །ལྷ་རྣམས་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི ་ལ་སོགས་པ་གང་དང་གང་བདུད་ལ་མངོན་པར་དགའ་བ་རྣམས་སོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ལ་བསྐོར་བའི་དུས་ན་ནི། ལྷ་ལ་སོགས་ཕལ་ཆེར་གཞན་ལ་འཚེ་བ་མ་བཏང་ཞིང་བདུད་ཀྱིས་རིས་པ་ཉིད ་དུ་བགྲང་བ་ཡིན་ཏེ། དེ་ལྟར་ནི་གསང་བ་ཟླ་བའི་ཐིག་ལེ་ལས། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོས་དཔལ་རྡོ་རྗེ་འཆང་བདེ་བ་ཆེན་པོས་བརྒྱན་པའི་དཔལ་ཡང་དག་པར་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ། བཞེངས་ནས་ཕྱོགས་བཅུའི་མཛའ་ཡས་འབྱམ་ཀླས་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གཟིགས་ནས་ངོ་མཚར་དུ་གྱུར་ཏོ། །ཀྱི་ཧུད་འཇིག་རྟེན་གྱི་ཁམས་འདི་ནི་སྟོངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ ་ཆེན་པོ་རྣམས་དང་བྲལ་པས་གདུག་པ་ཐམས་ཅད་ཀྱིས་འདི་ཉེ་བར་གཙོས་ཏེ། གནོད་སྦྱིན་དང། སྲིན་པོ་ཐམས་ཅད་དང། ནད་དང། འཚེ་བ་དང། གདོན་ཆེན་པོ་དང། ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཡང ་དག་པར་གྲོས་ཤེས་དགོངས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ལ་ཡང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུ་བ་མཛད་ནས། ཡང་ནས་ཡང་བཅོམ་ལྡན་འདས་ལ་གཟིགས་ཏེ། བདེ་བ ་ཆེན་པ་ཤིན་ཏུ་དགྱེས་པ་གཉིས་སུ་བྱེད་པ་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བསྐུལ་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ནས། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ཡང་དག་པར་ཐིམ་པར་གྱུར་པ་ན། ་ཁམས་གསུམ་འདིར་དམ་པའི་ཆོས་སྟོན་པ་དང། འཇུག་པར་བྱེད་པ་དང། བསྟན་པ་ལ་གནས་པར་བྱེད་པ་འགའ་ཡང་མེད་ཅིང། སངས་རྒྱས་དང། ཆོས་དང་དགེ་འདུན་འཇུག་པར་བྱེད་པ་ཡང་མེད། ཁྲོས་པ་དང། གཏུམ་པོ་དང། རྔམ ་པ་ཆེན་པོ་དང། རབ་ཏུ་གདུག་པ་ཆེན་པོས་སེམས་དཔའ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་མུན་པས་བསྒྲིབས་པ་དང། གཏུམ་འཁྲུགས་ཆེན་པོ་དང། གཞན་གྱི་སྲོག་འཕྲོག་པ་དང། གཞན་གྱི་སེམས་འཕྲོག་པ་དང། ་གཞན་གྱི་བུད་མེད་ཀྱིས་མཚུངས་པ་དང། བརྫུན་དང། ཕྲ་མ་དང། ཚིག་རྩུབ་མོ་ལ་སོགས་པའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པས་གཞན་ལ་གཙོས་པ་དང། གཅིག་གིས་ཤ་གཅིག་གིས་ཟ་བ་དང། ཐབས་མེད་པའི་ལས་ལ ་གནས་པ་རྣམས་ཀྱིས་ཀྱི་ཧུད་འཇིག་རྟེན་གསུམ་པོ་འདི་རླག་ཞེས་སྔོན་གྱི་སྨོན་ལམ་གྱི་སྟོབས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་སོ་ཞེས་གསུངས་ཏེ། དེ་བས་ན་སངས་རྒྱས་འབྱུང་བ་འཇིག་རྟེན་དང། འཇིག་རྟེན་ལས ་འདས་པའི་བདེན་པ་མ་ལུས་པ་བརྟེན་བས་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། ཞེས་ཚིགས་སུ་བཅད་དོ། །ད་ནི་རབ་ཏུ་མ་རུངས་པ་དེ་དག་གདུལ་བའི་ཐབས་གཞན་མེད་པ་སྐྲག་པ་གྱིས་ཤིག ་ཅེས་གསུངས་ཏེ། གདུལ་སླ་བ་རྣམས་སོ། །གདུལ་བ་བར་མ་རྣམས་ནི་ཆེར་འཇིགས་པར་གྱིས་ཤིག་ཅེས་གསུངས་སོ། །རབ་ཏུ་གདུལ་དཀའ་བ་དག་ནི་སོད་ཅིག་ཅེས་གསུངས་སོ། །དེ་ཡང་ཇི་ལྟར་འཕགས་པ་དེ་ཁོ་ན་འདུས་པ་ལས་བཅོམ་ལྡན་། ་འདས་ཕྱག་ན་རྡོ་རྗེས་འཇིག་རྟེན་གསུམ་གྱི་འཁོར་ལོ་བཏུལ་བ་ལྟ་བུ་སྟེ། འདིར་ནི་གཞུང་རབ་ཏུ་བསྡུས་པས་མ་གསུངས་པར་ཟད་དོ། ཁ་ཅིག་ན་རེ་ཚིག་འདི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་ཁྲོ་བ་ཕྱུང་སྟེ། ་བཏད་པ་མཛད་ནས་དེ་ནས་བདུད་ཆར་བཅད་དེ་སྲུང་བའི་འཁོར་ལོ་འཆད་པ་ལྟར་བསྒྲུབས་ནས། དེའི་འབྲས་བུ་ཟླ་བ་རྡོ་རྗེ་རབ་སྦྱོར་བས། །གཤིན་རྗེ་གཤེད་པོ་བསམ་པར་བྱ། ཞེས་བྱ་བ་ལ་སོགས་པའི་རིམ་པས་བཅོམ་ལྡན ་འདས་འདི་གཤིན་རྗེ་གཤེད་ཀྱི་སྐུར་མངོན་པར་སངས་རྒྱས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྐུ་ཡང་དག་པར་གཏང་བའི་དོན་མེད་པའི་ཕྱིར་དང། ཡང་དག་པར་ཐ་མི་དད་དུ་ཟིན་ཡང། བཅོམ་ལྡན་འདས་འདིའི་བྱང་ཆུབ ་གཞན་ལ་རག་ལས་པ་ནི་བྱིས་པ་དག་མི་འདོད་པའི་ཕྱིར་རོ། །གཤིན་རྗེ་ཞེས་བྱ་བ་ནི་འཆི་བདག་གི་བདུད་དོ། །ཞེས་སྔར་སྨྲས་པ་མ་ཡིན་ནམ། འདིར་ནི་ལྷའི་བུའི་བདུད་བཏུལ་བར་གྱུར་བས་འདི་ནི་ལྷའི་བུའི་བདུད་ཀྱི་དགྲ ་ཡིན་གྱི་གཤིན་རྗེའི་དགྲ་མ་ཡིན་ནོ། །ཞེན་དེ་ནི་བདེན་མོད་ཀྱི་འོན་ཀྱང་ལྷའི་བུའི་བདུད་ནི་ཉེ་བར་ན་མེ་ཏོག་གི་མངའ་འཕེན་པ་འམ། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་ལམ་གྱི་བར་ཆད་བྱེད་པ་ལ་བརྗོད་ལ། འདིར་ནི་མཚོན་ཆའི་ཆར་རབ ་ཏུ་བབ་པ་དང། མེའི་ཆར་འབེབས་པ་ལ་སོགས་པའི་ཐུབ་པ་ཆེན་པོ་འགྲོངས་པར་སྦྱོར་བས་འཆི་བདག་ཉིད་ཡིན་ཏེ། ཇི་སྐད་དུ། བདུད་ཀྱི་དབང་ཕྱུག་གིས་སྨྲས་པ་ཡང། དགེ་སྦྱོང་མྱུར་ལོངས་བའི་བསམས་པ་བཞིན་དུ ་སོང། འོད་མའི་མྱུ་གུ་ལྡོན་ལྟར་ངོ་བོང་བཏུབས་ས་རེ་ཞེས་སོ། །གཞན་ཡང་རགས་པའི་གཟུགས་རྣམས་ཐོ་བ་ལ་སོག་པས་བཅོམ་པ་ན། འཇིགས་པ་རགས་པ་ཐོ་བ་པ་ལ་སོགས་པས་བུམ་པ་ལ་སོགས་པ་བཅོམ་པར་སྣང ་ཡང་ངེས་པར་ནི་འཇིག་པར་རབ་ཏུ་ཕྲ་བ་སྐད་ཅིག་རེ་རེ་ལ་འཇིག་པ་ཉིད་ཀྱིས་དེ་ཞིག་པ་ཡིན་པ་ལྟར། གང་དག་འཆི་བར་བྱེད་པ་རགས་པ་དེ་དག་མ་ལུས་པ་ལ་ཡང་དངོས་སུ་ནི་བསོད་པ་པོ་གཤིན་རྗེ་ཡིན་ལ། ཐོ་བ་ལ་སོགས་པ་རགས་པ་འཇིག་པར ་བྱེད་པ་མེད་ན་སྐད་ཅིག་རེ་རེ་ལ་འཇིག་པའི་འཇིག་པ་ནི་མ་ཞིག་པ་དང་ཁྱད་མེད་པ་ལྟར་འཆི་བར་བྱེད་པ་རགས་པ་དག་བཟློག་ན་རྟག་ཏུ་གླགས་ལྟ་བའི་འཆི་བདག་གིས་གནས་མི་ཐོབ་པ་ན། འདིར་བཅོམ་ལྡན་འདས་དེས་གཤིན་རྗེ་རྒྱུ་དང་བཅས་རྐྱེན ་དང་བཅས་པར་བཅོམ་པ་ཡིན་ནོ། །གཞན་ཡང་རིགས་པར་ན་བདུད་བཞི་ཆར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ཉིད་དུ་བཅོམ་པར་ཤེས་པར་བྱའོ། །དེའི་ཚེ་ཞེས་བྱ་བ་ཡང་བཀའ་ལུང་བསྩལ་བའི་ཆེའོ། །བཅོམ་ལྡན ་འདས་ཀྱི་དྲུང་དུ་ཇི་ལྟར་ཐོས་པ་ལྟར་ཞེས་བྱ་བ་ནི་སྟོན་པ་ལ་གུས་པ་དང་ཡིད་ཆེས་པས་བསྒོ་བ་སྣ་ལ་གསན་པའི་ཕྱིར་རོ། །དེ་མ་ཐག་ཏུ་བཟུང་ངོ་ཞེས་བྱ་བ་ནི་བཀའ་ཨི་ལུང་སྩལ་མ་ཐག་ཏུ་བདག་ཉིད་གཤིན་རྗེ་དགྲ་དང་གཉིས་སུ་མེད་པར་གྱུར ་ནས། དེའི་རང་བཞིན་བཟུང་ངོ་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ནི་གཅིག་ཏུ་མ་གྱུར་ཞིང། དུ་ཡང་གཅིག་ཏུ་འགྱུར་བ་ལ་ཐོགས་པ་མེད་དེ། བསྐལ་པ་དུ་མར་ཚད་མེད་པའི་ཐབས་མཁས་པ་ལ་བསླབས་པས་སོ། །ཅིའི་ཕྱིར་འདིར་འདྲ་བར་བྱེད་ཅེ ་ན། རབ་ཏུ་མཐུ་དང་ལྡན་པའི་ལྷ་གཉིས་གཅིག་ཏུ་གྱུར་པ་ནི་མཐུའི་ཁྱད་པར་རབ་ཏུ་ཕུལ་དུ་བྱུང་བ་སྟོན་པ་སྟེ། དེ་བས་ན་རྒྱུད་འདི་ནི་རབ་ཏུ་འགྲུབ་པ་འབྲས་བུ་ཕྲལ་དུ་འབྱིན་པའོ། །ཞེས་དེང་སང་བླ་མ་རྣམས་བཀུར་ནས་གསུང་ངོ། །གཞན ་ཡང་སངས་རྒྱས་ཀྱི་རོལ་མོ་བསྟན་པ་རྒྱ་ཆེན་པོ་ལ་འཇུག་འདོད་པའི་ཕྱིར་ཏེ། ཇི་ལྟར་འཕགས་པ་དེ་ཁོ་ན་འདུས་པའི་རྒྱུད་དུ། དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་པ་དང། བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱང་ངའི་ཐུགས་སུ་ཞུགས་ཤིག་ཅེས་གསུངས་པ་ལྟ་བུའོ། །བཅང་སོ་ཞེས་བྱ་བ་ལ། དེའི་བདག་ཉིད་བཟུང་བ་དེ་ཉིད་མ་བཏད་པར་གནས་པའོ།། ་ཀུན་ཆུབ་པར་བྱས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་འཛིན་པ་ལ་རྗེས་སུ་དགའ་བ་བསྐྱེད་པའོ། །བསྟི་སྟང་དུ་བྱས་སོ་ཞེས་བྱ་བ་ནི་རྒྱུད་འདིའི་དོན་ཡང་བཅོམ་ལྡན་འདས་དེ་ལ་གུས་པའི་ཕྱིར་བཤད་དོ་ཞེས་བྱ་བའོ། །ཁ་ཅིག་ནི་འདིར་སྐུ་ཡང་དག་པར་བཏང་བའི་བཤད་པ ་དང་པོ་ལ་གུས་པས་ཚིག་འདི་དག་ཀྱང་གཞུང་ཡང་དག་པར་གནོས་པས་འཆད་ལ། རྒྱུད་ཡོངས་སུ་རྫོགས་པ་ན་བྱེད་དོ། །གླེང་བསླད་བ་རྒྱ་ཆེར་བཤད་པ་རྫོགས་སོ།། །།ད་ནི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་གཞུང་ཉིད་བསྟན་ཏེ། དེ་ནས ་ཞེས་བྱ་བ་ནི་སྐུ་ཡང་དག་བར་གཏད་པ་དག་ཏུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་དགྲ་སྟེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་འདུས་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ ་བཞིན་གཤེགས་པས་འདི་སྐད་ཅེས་བཀའ་སྩལ་ཏེ། ཀྱེ་མ་ལྷ་རྣམས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སས་ཐུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྟེ། སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱ་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་ཆེན་པོ་དབང་བསྐུར་རུ་ཞེས་གསུངས་པས་སོ། །བདུད་ཐམས་ཅད་ཅེས་བྱ་བ་ནི་ལྷའི ་བུའི་དང་འདྲི་བདག་གི་བདུད་དོ། །སེལ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྤོང་ཞིང་དེ་དག་ལས་བསྲུང་བའོ་ཞེས་བྱ་བ་ནི་ཚིག་གིས་མཚམས་སྦྱར་བ་དང། མིང་གི་མཛའ་ཨི་ཕྲད་དོ། །ཏིང་ངེ་འཛིན་ཅེས་བྱ་བ་ནི་སེམས་རྩེ་གཅིག་པའོ། །འདིས་ཞེས་བྱ་བ་ནི་འོད ་ཟེར་ལྔ་པོ་ནི་འཁྲུག་པའི་རྡོ་རྗེ་སྒོམ་བྱས་ཏེ། ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་དོན་གྱི་དབང་གིས་ན་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། ཞེས་གསུངས་ཏེ ་ཉིད་ཀྱི་ཞེས་བྱ་བ་ནི་གཤིན་རྗེའི་དགྲའོ། །སྐུ་དང་གསུང་དང་ཐུགས་རྣམས་ཆོས་ཀྱི་དབྱིངས་སུ་བསྒོམས་བས་དེ་ཉིད་བདག་ཉིད་ལས་མི་ཕྱེད་པས་གྱུར་པ་ནི་རྡོ་རྗེའོ། །དེ་ཉིད་ལས་བསྲུང་བ་ལ་སོག་པའི་མན་ངག་རྣམས་ཕྱུང་ངོ། །དེ་བས་ན་འདི་ནི་ཆོས་ཀྱི་དབྱིངས ་ལས་བྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་སྔོན་ཆད་མེད་པ་ཞིག་སྦྱར་བ་ནི་མ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་འདས་པའི་སྣགས་རྣམས་གྱི་ཐོག་མའི་བྱེད་པ་མེད་པའོ་ཞེས་གསུངས་པ། ཡང་གསུངས་པ། གསང་བའི་བདག་པོ་གཞན་ཡང་གསང ་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག། རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་རྣམས་ནི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་མོས་རྣམས་ཀྱི ་ཆོས་ཉིད་དེ་ནི་ཡེ་ཤེས་གནས་བ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྣགས་ཀྱི་ཆོས་ཉིད་དོ། །གསང་བའི་བདག་པོ་དེ་ལ་གང་གི་ཚེ་ཡང་དག་པར་རྫོགས་པའི་སང་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིག ་རྟེན་དུ་བྱུང་བ་དེའི་ཚེ་ཆོས་ཉིད་ཚུལ་སྣ་ཚོགས་དང། དགོངས་པ་སྣ་ཚོགས་ཀྱིས་སེམས་ཅན་བསྡམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་ཡིག་འཁྲུ་སྣ་ཚོགས་དང། ཡུལ་གྱི་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང། དབྱངས་སྣ་ཚོགས་སུ ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ། གསང་སྔགས་ཀྱི་ཚུལ་འཆང་ངོ་ཞེས་གསུངས་སོ། །དེ་ལས་བྱུང་བ་དེ་ཉིད་གང་ཞེ་ན། ཟླ་བ་རྡོ་རྗེ་རབ་སྦྱོར་བས། །གཤིན་རྗེ་གཤེད་པོ་བསམ་པར་བྱ་ཞེས་བྱ་བ་གསུངས་ཏེ་དང་པོར་སྟོང་པ་ཉིད་དུ་གྱུར་པ་ལས་ཨ ་ལས་བྱུང་བའི་ཟླ་བ་ལ་ཧཱུཾ་གི་ཡི་གེ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་བསམ་པའི་འོད་ཟེར་འཕྲོ་བ་དང་འདུ་བའི་བར་དུ་སྦྱོར་བས་དེ་དག་ཡོངས་སུ་གྱུར་པའི་འོད་ཀྱི་གོང་བུ་ལས་ཞེ་སྡང་གཤིན་རྗེ་གཤེད་པོར་བདག་ཉིད་བསམ་པར་བྱའོ། ་འདིའི་དོན་ཡང་ཞིབ་ཏུ་ནི་ཀུ་མུ་ཏ་ཁ་ཕྱེ་བར་བསལ་བར་བྱས་པས་དེར་ལྟའོ། །ཅི་བསྲུང་བ་མ་བསྒོམས་པར་རམ་ཞེ་ན། མ་ཡིན་ཏེ། བདུད་རྣམས་མེད་པའི་དོན་དུ་ནི། །ཕྱོགས་བཅིང་དོན་ནི་རབ་བསྟན་པ། །བསྒོམ་ཞེས་བྱ་བ་ནི་ཚིག་ལྷག ་མའོ། ཇི་ལྟ་བུ་ཞིག་བསྒོམ་ཞེ་ན། བསྲུང་བའི་དོན་ལ་པདྨའི་ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། དཀར་པོའི་འོད་ཟེར་ཁ་དོག་ལྔ་པོ་རབ་ཏུ་འཁྲུག་པར་རོ། །དེས་ཇི ་ཞིག་བྱེད་ཅེ་ན། འོད་ཟེར་ཁ་དོག་ལྔ་པོ་འཁྲུག་པ་དེ་དག་རྡོ་རྗེ་རབ་ཏུ་ཕྲ་བ་ནས་འབྲས་ཙམ་དུ་གྱུར་ཅིང་དེ་དག་འོག་ཏུ་རབ་ཏུ་འཐབས་པ་ནི་འོག་མ་ལུས་པའམ། བཅུད་གྱི་ངོས་ལ་ཐུག་པར་རྡོ་རྗེའི་རང་བཞིན་གྱི་ས་གཞིར་གྱུར་ཅིང། སྟོང་གསུམ ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཀུན་ནས་གྲུ་བཞི་ལྷམ་པར་མཁོར་ཡུག་ཆེན་པོར་རོ། །ཕྱོགས་སུ་ནི་འོད་ཟེར་དེ་དག་རྡོ་རྗེའི་རང་བཞིན་གྱི་ལྕགས་རིའི་ར་བར་གྱུར་ཏོ། །ཡང་འོད་ཟེར་དེ་དག་ཕྱོགས་སུ་ཁོར་ཡུག་ཆུང་ངུའི་རྣམ་བ་ལྟར་ཀུན་ནས་ཟླུམ་པོའི་རྡོ་རྗེའི ་བརྩིག་པ་ཉིད་དུ་གྱུར་ཏོ། །ཡང་འོད་ཟེར་དེ་དག་སྟེང་གི་ཕྱོགས་སུ་རྡོ་རྗེའི་རང་བཞིན་གྱི་གར་དག་ཏུ་གྱུར་བར་ཇི་ལྟར་གསུངས་པ་དེ་བཞིན་དུ་བསམ་པར་བྱ་སྟེ། དེ་བས་ན་གང་ཞིག་དཔལ་གཤིན་རྗེའི་དགྲའི་གོ་འཕང་འདོད་ན་དེས་དང་པོར་བསྲུང་བར ་བགྱིས་ལ། །དེ་ནས་དེར་བདག་ཉིད་སྒོམས་ཤིག་ཅེས་གསུངས་པའོ། །དེ་ལ་ཁ་ཅིག་ན་རེ་བསྲུང་བ་ལ་སོགས་པ་ནི་རྣལ་འབྱོར་ཡང་བདག་ཉིད་ལྷའི་སྐུར་གནས་བར་བྱ་བར་རིགས་ལ། རྒྱུད་ལས་ཀྱང་དང་པོར་ལྷའི་རྣལ་འབྱོར་གསུངས་པས་རེ་ཤིག་དང ་པོ་ཟླ་བ་དང། རྡོ་རྗེ་ཙམ་ལས་ལྷའི་སྐུ་མངོན་དུ་བྱས་ལ་དེས་བསྲུང་བར་བྱ་སྟེ། དེའི་དབུས་སུ་མཆོད་པ་ལ་སོགས་པ་ལྷའི་རྣལ་འབྱོར་རྒྱས་པ། ཡན་ལག་དང་བཅས་པར་བྱའོ་ཞེས་ཟེར་རོ། །དེ་ནས་ཞེས་བྱ་བ་ནི་བསྲུང་བ་བསྟན་པ་ཐག་ཏུའོ། །བཅོམ ་ལྡན་འདས་ཞེས་བྱ་བ་ནི་ཞེ་སྡང་གཤིན་རྗེ་གཤེད་ཉིད་དུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དཀྱིལ་འཁོར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའོ་ཞེས་བྱ་བའོ། །དེ་བདུད་ཐམས་ཅད་སྐྲག་བར་བྱེད ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས་ཞེས་བྱ་བ་ནི་འབྲས་བུའི་གཤིན་རྗེ་གཤེད་དུ་གྱུར་ནས་སོ། །གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་བྱ་བ་ལ་སོགས་པ་ནི་གོ་སླའོ། །ནམ་མཁའ་ཨི་རྡོ་རྗེ་དབུས་སུ་ནི་ཞེས་བྱ་བ་ལས་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང ་ཡོངས་སུ་གྱུར་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ནམ་མཁའ་ཐམས་ཅད་ཁྱབ་པའི་ཚད་ལ་ཆོས་འབྱུང་གི་རྡོ་རྗེ་དང་དབྱེར་མེད་པར་གློ་བུར་གྱི་སྒྲིབ་པ་དང་བྲལ་བས་ཁ་དོག་དཀར་བ་འདོད་པའི་ཁམས་སུ་ཁྱབ་པས་རྩེ་མོ་གཅིག་ཐུར་དུ ་བལྟས་པ་ཁམས་གོང་མ་གཉིས་ལ་ཁྱབ་པར་རྩེ་མོ་གཉིས་སྟེང་ན་གནས་པའོ། །དེའི་དབུས་སུ་ཞེས་བྱ་བ་ནང་དུ་པོཾ་ལས་བྱུང་བའི་པདྨ་སྣ་ཚོགས་འདབ་ཀྱི་ལྟེ་བ་ལ་ཧཱུཾ་ལས་བྱུང་བའི་ཉི་མར་ཡི་གེ་ཁཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འོད་ཟེར ་བསྐལ་པའི་མེ་འབར་བ་ལྟ་བུས་བདུད་ཀྱི་དཔུང་ཆེན་པོ་སྲེགས་པས་འཇིགས་པ་བསམ་པར་བྱ་ཞིང་དེའི་དབུས་སུ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་སྦྱོར་བས་གཞལ་ཡས་ཁང་པ་བརྩེགས་མ་བསམ་སྟེ། ཁང་པ་རྩེགས ་མ་དེའི་དབུས་སུ་ཇི་ལྟར་གསུངས་པའི་གདན་ལ་བསམ་པར་བྱ་བ་ནི་དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གོ་སླའོ། །སྣ་ཚོགས་མ་རྡོ་རྗེའི་གླ་གཞི་ལ། །མིའི་མགོ་བོ་དེ་བཞིན་བཞི་ཞེས་བྱ་བ་ལ། སྣ་ཚོགས་རྡོ་རྗེའི་གྲཝ་ཞེས་བྱ་བ ་ནི། སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་ཁང་པ་བརྩེགས་མའི་གྲཝའི་རེའུ་ཆ་བཞི་པ་པདྨའི་ཟླ་བ་བདུད་རྩིས་བཀང་བའི་མིའི་མགོ་བོ་བཞི་དེ་བཞིན་དུ་བསྒོམ་པར་བྱའོ། །ཞེས་ཚིག་རྣམ་པར་སྦྱར་རོ། །ཁ་ཅིག་ན་རེ་ནི་དབུས་སུ་པདྨ་འདབ ་བརྒྱད་བསྒོམ་ཞིང་དེའི་མཚམས་ཀྱི་འདབ་མ་བཞི་ལའོ་ཞེས་ཟེར་བ་ནི་མི་འཐད་དོ། །འདིར་གྲཝ་ཞེས་བྱ་བ་ཡང། ནང་གི་རྡོ་རྗེ་ར་བ་འམ། ལྷའི་སྣམ་བུའི་གྲཝ་གང་ལ་ཡང་རུང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་དབྱུང་བའི་སྔགས ་ཏེ་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་སྟེ། འདིར་དོན་ནི་སྔོན་དུ་བྱ་བའི་ཡན་ལག་རྣམས་བྱས་ལ། དེ་ནས་རེ་ཤིག་རང་གི་ཚོགས་མར་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི ་སྟེང་དུ། ཡི་གེ་ཨོཾ་ཁ་དོག་དཀར་པོ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དཀར་པོ། རྩ་བའི་ཞལ་དཀར་པོ། ཞལ་གཡས་གཡོན་གནག་པ་དང་དམར་བ། ཕྱག་གཡས་པ་གཉིས ་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་པ་གཉིས་ན་ནོར་བུ་དང་པདྨ་འཛིན་པ། གཡས་གཡོན་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་བཙུན་མོ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་བསམས་ཏེ། ཡང་དེའི་ཐུགས་ཀ ་ན་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་ཨི་གཏོས་ཁྱབ་པའི་སངས་རྒྱས་དཔག་ཏུ་མེད་པ་བསྡུས་ཏེ། མཁའ་ལ་གནས་པ་ལ་ཡང་དག་པར་མཆོད་དེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང ་བདག་བྱིན་གྱིས་བརླབས་ནས་སུ་རྡོ་རྗེ་སྐུས་ནི་མཛད་དུ་གསོལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས་ལ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་བས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། སངས་རྒྱས་ཀུན་གྱི་སྐུ་གང ་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་སྐུའི་ངོ་བོ་ཉིད། །བདག་ཀྱང་དེ་དང་འདྲ་བར་ཤོག་།ཅེས་གསོལ་བ་བཏབ་པས། སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ་ཞེས་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་ཡང་མགྲིན་པའི་ཕྱོགས་སུ་ཨའི་ཡི་གེ་ལས་བྱུང་བའི་ཟླ་བ་ལ། ཡི་གེ་ཨ་དམར་པོ་བསམས་ཏེ་དེ་ལས་བྱུང་བའི་པདྨ་དམར་པོ་དང། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཚེ་མཛའ་ཡས་པ་སྐུ་མདོག་པདྨ་རཱ་ག ་འདྲ་བ། ཞལ་གསུམ་ལ་རྩ་བའི་ཞལ་དམར་བ། ཞལ་གཡས་དང་གཡོན་གནག་པ་དང་དཀར་བ། ཕྱག་དྲུག་ལ། གཡས་ན་པདྨ་དམར་པོ་དང་ནོར་བུ་མརྒད་འཛིན་པ། གཡོན་ན་ནོར་བུ་བཻ་ཌཱུརྱ་དང་འཁོར་ལོ་འཛིན་པ། གཡས་གཡོན་དང་པོ་གཉིས་ན ་གྲི་གུག་དང་ཐོད་པས་བྲེལ་བས་རང་སྣང་བའི་བཙུན་མོ་ལ་འཁྱུད་པར་བསམས་ཏེ། དེའི་ཐུགས་ཀའི་ཡི་གེ་ཨའི་འོད་ཟེར་གྱིས་སངས་རྒྱས་ནམ་མཁའ་ཁྱབ་པ་བཀུག་ལ་ཡང་དག་པར་མཆོད་དེ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་ ་གསུམ་བསྒོམས་པས། དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སོ། །རྡོ་རྗེ་གསུང་གིས ་མཛད་དུ་གསོལ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང། ཆོས་འཛིན་པ་དང་འདྲ་བར་ཤོག། ཅེས་གསོལ་བ་བཏབ་པས། སངས་རྒྱས་ཐམས་ཅད་གསུང་རྡོ་རྗེ་ལ་རབ་ཏུ་བཞུགས་བར་བསམ་མོ ་དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བཟླས་པས་བྱིན་གྱིས་བརླབ་བོ། །དེའི་འོག་ཏུ་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལས་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་ནག་པོ་ཞལ་གསུམ་པ་ལ་ཕྱག ་དྲུག་པ། ཞལ་དང་པོ་གནག་པ་གཡས་དང་གཡོན་དཀར་བ་དང་དམར་བ། ཕྱག་གཡས་པ་ན་རྡོ་རྗེ་དང་རལ་གྲི། གཡོན་པ་དག་ན་ནོར་བུ་དང་པདྨ། ཕྱག་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཆང་བས་རང་ལྟ་བུའི་ཤེས་རབ ་མ་ལ་འཁྱུད་པར་བསམས་ཏེ། དེའི་ཐུགས་ཀ་ན་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་ནམ་མཁའ་གང་བ་ལ་ཡང་དག་པར་མཆོད་དེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེར་བདག་བྱིན་གྱིས་བརླབས ་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། ། ་གསང་བའི་བདག་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་གྱུར་ཅིག་།རྡོ་རྗེ་འཛིན་དང་མཚུངས་པར་ཤོག་།ཅེས་གསོལ་བ་བཏབ་པས། སངས་རྒྱས་ཐམས་ཅད་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་བཟླས ་པས་བྱིན་གྱིས་བརླབས་ཏེ། འདི་དག་ལ་སོགས་པ་བྱིན་གྱིས་བརླབས་པའི་སྔགས་ནི། གང་དུ་ཡང་ལན་གསུམ་མམ། བདུན་ནམ། ཡང་ན་དེའི་དོན་ལ་མོས་པ་ངེས་པར་གྱུར་གྱི་བར་དུ་བཟླས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་གཙོ ་བོ་རང་བཞིན་བཤད་པ་དེ། དེའི་ལྷག་མ་ནི་ལེའུ་བཅུ་པ་ལས་འཆད་པར་བྱེད། །ཚིག་གི་དོན་འདི་གོ་སླ་བསམ་ཕྱེའོ། །མངོན་པར་རྟོག་པ་ཞེས་བྱ་བ་ནི་རང་གི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་ལམ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ཞེས་བྱའོ། །ལེའུ ་དང་པོའི་བཤད་པ་རྫོགས་སོ།། །།དེ་ལྟར་མངོན་པར་རྟོགས་པ་བསྒོམ་པའི་དུས་སུ་བསྟོད་པ་ལ་སོགས་པ་བྱ་དགོས་པས་ན། དེ་ནས་བསྟོད་པ་ལ་སོགས་པ་བའི་ལེའུ་གཉིས་པ་བསྟན་ཏོ། །དཀྱིལ་འཁོར་ཆེན་པོ་བྲི་བ་ཡང། །སློབ་མས ་གསོལ་བ་གདབ་དགོས་པས། གསོལ་བ་གདབ་པ་ལ་སོགས་པ་ལེའུ་གསུམ་པ་བསྟན་ཏོ། །བདག་གི་དོན་དུ་དངོས་གྲུབ་ཐོབ་ནས་གཞན་རྗེས་སུ་གཟུང་བ་དང། ཕན་གདགས་པར་རིགས་ཏེ། དེ་ལྟར་ནི་འཕགས་པ་དཔུང་བཟང་གིས་ཞུས་པ་ལས་ཀྱང། ་འདི་ན་ཡུལ་རྣམས་སྤངས་ཤིང་ཆོས་བསྒྲུབ་པས། །ཚེ་རིང་བ་ཉིད་ལེགས་པར་ཐོབ་གྱུར་ན། །སྐྱོ་བ་མེད་པའི་སེམས་ཀྱིས་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གྱི་དོན་ལེའུ་བཞི་པ་གསུངས་སོ། །དེ་ནས ་ཁ་ཅིག་ནི་ཞི་བ་ལ་སོགས་པའི་ལས་ཀྱིས་མི་འདུལ་གྱི། དབྱེ་བ་དང་བསྐྲད་པས་འདུལ་བར་བྱེད་པས་ན་ལེའུ་ལྔ་པ་གསུངས་སོ། །དེ་ལྟར་རབ་འབྱམས་བྱེད་པ་ན་རང་གི་ལྷ་རྗེས་སུ་དྲན་ཞིང་བྱེད་ལ། ལས་དེ་ཡང་ལྷ་ལ་དབུལ་བར་རིགས་ཏེ། ཇི་སྐད་དུ་འཕགས་པ་དེ ་ཁོ་ན་འདུས་པ་ལས། དགེ་བ་འམ་ཡང་ན་མི་དགེ་བ། །གང་གི་ལས་རྣམས་བྱས་པ་ནི། །རྒྱལ་བ་ལ་ནི་ཕུལ་གྱུར་ན། །སྐད་ཅིག་གིས་ནི་གཟི་ཅན་འགྱུར་ཞེས་གསུངས་སོ། །དེ་བས་ན་ལས་དབུལ་བའི་ཡུལ་དུ་གྱུར་པ་སྤྱི་གཙུག་ཏུ་བཞག་པའི་ལྷ་རྒྱས་གདབ་པ་ལ ་སོགས་པ་སྟོན་པའི་ལེའུ་དྲུག་པ་གསུངས་སོ། །དེ་ལྟར་འཁྲུལ་འཁོར་བསྟན་ཀྱང་ཏིང་ངེ་འཛིན་ཐོབ་པ་རྣམས་ནི་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་ཀྱི། དགོས་པ་ཐམས་ཅད་ནང་གི་རྣལ་འབྱོར་གྱིས་བྱེད་བས་ན། ལྷ་མོ་བཞི་ནང་གི་རྣལ་འབྱོར་སྟོན་པ་ལ་སོགས་པ་ལེའུ ་བདུན་པ་གསུངས་སོ། །དེ་ལྟར་དབང་བསྐུར་བ་ནི་དཀྱིལ་འཁོར་ལ་རག་ལས་ལ། དཀྱིལ་འཁོར་བྲི་བ་ན་ཡང་བཀའ་ཨི་བསྲུང་བའི་འཁོར་ལོ་བཀྲག་པར་རིག་པས་ན། བཀའ་ཨི་བསྲུང་བའི་འཁོར་ལོ་ལ་སོགས་པ་བསྟན་པ། ལེའུ་བརྒྱད་པ་གསུངས་སོ། །དེ་ལྟར་སྦྱིན་སྲེག ་བསྟན་ནས་ཀྱང་གནས་སྐབས་འགའ་ཞིག་ཏུ་ལས་གཞན་ངེས་པར་དགོས་པས་ན། སྦྱིན་སྲེག་ལས་ལས་གཞན་པ་ཆར་དབབ་པ་ལ་སོགས་པའི་ལས་སྟོན་པའི་ལེའུ་དགུ་པ་བསྟན་ཏོ། །ལས་དེ་དག་ནི་ཕྲ་བ་ཡིན་པས་སྒྲུབ་པ་པོ་སྟོབས་ཆེ་བ་དག་ལ་ནི། དེས་ཡིད་མགུ ་བར་བྱེད་མི་ནུས་པས་ན་དངོས་གྲུབ་ཆེན་པོ་རོ་ལངས་ཀྱི་བསྒྲུབ་པ་ལ་སོགས་པའི་ལེའུ་བཅུ་པ་བསྟན་ཏོ། །དེ་ལྟར་བསྟན་པའི་ལྷ་དེ་རྣམ་པར་དག་པ་གང་ཞེ་ན། ཞེས་སྟོན་པ་དག་གི་ཕྱིར་ནི། ལྷའི་རྣམ་པར ་དག་པ་ལ་སོགས་པའི་ལེའུ་བཅུ་གཅིག་པ་བསྟན་ཏོ། །ཇི་ལྟར་ལྷ་ཚིམ་པར་བྱ་བའི་ཕྱིར་བདུད་རྩི་ཟ་བ་དེ་བཞིན་དུ་ལྷ་རྣམས་དགྱེས་པར་བྱ་བའི་ཕྱིར་གླུའི་མཆོད་པ་ཡང་བྱ་སྟེ། ཇི་སྐད་དུ། གསང་བ་ཟླ་བའི་ཐིག་ལེ་ལས། པི་ཝང་གླིང་བུ་ཡ་མཚན་སྒྲ ་བརྙན་གྱི། །གླུ་དབྱངས་དངོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད། །ཇི་སྙེད་ཡིད་དུ་འོང་བའི་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེ་བ་བདེ་བ་དག་།བདེ་བའི་སྒྲ་ཡིས་བསྐྱེད་པ་རྣམ་བསྒྱུར་བ། །དེ་དང་མཐུན་པའི་དབྱངས་འདིས་འགྲུབ་པར་བྱེད། །ཅེས་གསུངས་ཏེ། ་གླུའི་མཆོད་པ་བསྟན་པ་ལ་སོགས་པ་ལེའུ་བཅུ་གཉིས་པ་བསྟན་ཏོ། །དེ་ལྟར་ཡོན་ཆེན་པོ་ཕུལ་བས་བླ་མ་མཉེས་པར་བྱས་པའི་སྔགས་པ་ནི། དངོས་གྲུབ་མ་ལུས་པའི་ཞིང་ཡིན་པས། ནམ་མཁའ་ལ་སྤྱོད་པའི་སྔགས་ཀྱི་མཐུས། ལྷའི་རྣ་བ་ལ་སོགས ་པའི་དངོས་གྲུབ་བསྒྲུབ་པ་བསྟན་པའི་ལེའུ་བཅུ་གསུམ་པ་བསྟན་ཏོ། །ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་དེ་དག་ཀྱང་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་རག་ལུས་ལ་དཀྱིལ་འཁོར་ཡང་ཐིག་གིས་བསྒྲུབ་པར་རིགས་ཏེ། དཀྱིལ་འཁོར་ཀུན ་ལ་མཁས་པ་ཡིས། །ཐིག་ནི་ཆོ་གས་བྲི་བར་བྱ། །ཞེས་གསུངས་པས་སོ། །དེ་བས་ན་ཐིག་གདབ་པ་ལ་སོགས་པའི་བྱ་བ་བསྟན་པ་ལེའུ་བཅུ་བཞི་པ་བསྟན་ཏོ། །ཁ་ཅིག་མི་སྣང་བའི་དངོས་གྲུབ་མི་འདོད་ཀྱི། ཆུ་ལ་མི་བྱིད་བ་ལ་སོགས་པའི་དངོས་གྲུབ ་འདོད་པ་སྲིད་པའི་ཕྱིར། འཕགས་པ་དུག་སེལ་ལ་སོགས་པའི་བསྒྲུབ་པའི་ཐབས་བསྟོན་པའི་ལེའུ་བཅོ་ལྔ་པ་གསུངས་སོ། །ཁ་ཅིག་དངོས་གྲུབ་དེ་དག་མི་འདོད་ཀྱི། དཔལ་ཧེ་རུ་ཀ་མཉེས་པ་ཡིས་མཆོག་གྲུབ་པ་འདོད་པ་ཡོད་པས། དེ་དག་གི་ཕྱིར་ནི་དེ་ནས་དེ་བསྒྲུབ ་པའི་ཐབས་ལེའུ་བཅུ་དྲུག་པ་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་མང་པོར་བསྟན་པ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་མངོན་པར་བྱང་ཆུབ་པའི་རིམ་པ་ཆོ་ག་ལྔས་བདག་པོ་རྣམས་བསྐྱེད་པར་བྱ་བ་ཡིན་པས་ན། ཆོ་ག་ལྔ་ལ་སོགས་པ་སྟོན་པའི་ལེའུ་བཅུ ་བདུན་པ་གསུངས་སོ། །དེ་ལྟར་བསྟན་པ་ལ་ཁ་ཅིག་འདི་སྙམ་དུ་རྒྱུད་འདི་དང་པོ་ནི་ཅིའི་ཕྱིར་གསུངས། སུས་གསུངས་ཞེས་རྟོག་པའི་ཕྱིར་གླེང་གཞི་དང་འདྲ་བའི་ལེའུ་བཅོ་བརྒྱད་པ་གསུངས་སོ། །རེ་ཞིག་རྒྱུད་འདིའི་ལེའུ་རྣམས་ཀྱི་རིམ་པ་ངེས་པ་དང། མཚམས་སྦྱར་བ ་ནི་རེ་ཞིག་ནི་འདི་ཙམ་དུ་ཤེས་པར་བྱའོ། །ཁ་ཅིག་ན་རེ་རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་ལས། ཅུང་ཟད་ཅུང་ཟད་ཕྱུང་བ་ཡིན་པས་མཚམས་སྦྱར་བ་དང། གོ་རིམས་ངེས་པར་བྱ་བ་མི་ནུས་སོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས ་ནི་བསྟོད་པ་སྟོན་ཏེ་ཚིག་གི་དོན་ནི་དེ་ནས་བྱ་བའི་ལེའུ་དང་པོ་བསྟན་མ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་རྣམས་ཏེ། ཚིག་གི་དོན་སྔོན་བཞིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད ་ཅེས་བྱ་བ་མ་ལུས་པ་རྣམས་ཀྱིས་གཤིན་རྗེ་མཐར་བྱེད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འཆད་པར་འགྱུར་བའི་ཚིག་འདི་དག་གིས་བསྟོད་པ་སྟེ། གཅམ་བུའི་དག་མིན་གྱི། ཡང་དག་པའི་ཡོན་ཏན་ཇི་ལྟ་བར་བསྙད་པའོ། །ཇི་སྐད་ཅེ་ན། གཏི ་མུག་རྡོ་རྗེའི་རང་བཞིན་ཁྱོད་ཅེས་བྱ་བ་ལ་སོགས་པ་སྟེ། གཏི་མུག་ཅེས་བྱ་བ་ནི་སྔར་བསྟན་པ་དེ་བཞིན་ཏེ་དེ་ཉིད་མི་ཕྱེད་པས་རྡོ་རྗེའི་རང་བཞིན་ཏེ་དེ་ཡང་ཞེ་སྡང་གཤིན་རྗེའི་དགྲ་ཁྱོད་དེར་སྣང་བའོ། །ཤིན་ཏུ་མི་ཟད་ཅེས་བྱ་བ་ནི་རབ་ཏུ་དྲག་པོས་གདུལ་བའོ།། ་གཤིན་རྗེའི་དགྲ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །སྟོན་པ་ཞེས་བྱ་བ་ནི་གཤིན་རྗེ་རབ་ཏུ་ཞི་བར་བྱེད་པས་ན་འམ། ཆོས་ཀྱི་ངོ་བོ་ཉིད་ལས་མི་གཡོ་བས་སོ། །སངས་རྒྱས་ཀུན་གྱི་དངོས་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །རྡོ་རྗེ་ཞེས་བྱ་བ་ནི་སྐུ་བྱིན་གྱིས་བརླབ? ་པས་རྡོ་རྗེ་ལྟར་མི་ཕྱེད་པའོ། །ཕྱག་འཚལ་བསྟོད་ཅེས་བྱ་བ་ནི་ལུས་དང་ངག་གིས་སོ། །ཕྲ་མ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཚོགས་ལས་དྲང་བར་བྱའོ། །ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པ་ཐུགས་བྱིན ་གྱིས་རློབ་ཅིང་རྡོ་རྗེ་ལྟར་མི་ཕྱེད་པའོ། །རབ་སྣང་བ་ཞེས་བྱ་བ་ལ་རབ་ཏུ་སྣང་བ་ནི་མཆོག་ཏུ་འདྲ་བའོ། །ཇི་ལྟར་ཞེ་ན་རིགས་འདི་ནི་རྡོ་རྗེའི་རིགས་ཐ་དད་པར་སྣང་བ་ཙམ་ཡིན་པས་ན་རིགས་ཀྱི་བཙུན་མོ་ཡང་བདག་ཉིད་མ་འམ། རྡོ་རྗེ་ཕག་མོ་གང་ཡང་རུང ་བས་གཉིས་ཀའི་བྱ་སྟེ། རིགས་གཅིག་ལས་གསུམ་དང། གསུམ་ལས་ལྔར་འགྱུར་ཏེ། འདི་ནི་ཐུགས་ལས་རིན་པོ་ཆེར་འགྱུར་ཏེ། སེམས་དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་འབྱུང་བས་རིན་པོ་ཆེར་བཞག་གི་།ལུས་དང་ངག་ནི ་དེ་ལྟ་མ་ཡིན་ཏེ། དེའི་ཁྱད་པར་ཙམ་སྣང་བར་ཟད་པས་སོ། །རིན་ཆེན་ཞེས་བྱ་བ་ནི་ཉིད་ཀྱི་ཐུགས་རིན་པོ་ཆེ་ལྟར་འདོད་པ་འབྱིན་པའི་ཕྱག་རྒྱ་ནོར་བུ་མར་ཀ་ཏ་ཆ་དགུ་པས་མཚན་པ་ནི། འདིར་རྟགས་ལ་བྱ་སྟེ། ར་ཅིའི་ཕྱག་རྒྱ་ཞེས་བྱ་བ་ལྟ་བུའོ། །རྡོ་རྗེ་ལྟར་མི ་ཕྱེད་པ་ལ་སྔ་མ་ལྟར་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །མངའ་བདག་ཅེས་བྱ་བ་ནི་བདག་པོའོ། །འདོད་ཆགས་ནི་སེམས་ཅན་ལ་ཆགས་པ་སྟེ། དེ་ཉིད་ཐེག་པ་ཆེན་པོ་འདིར་ཆོས་ཏེ། མཁས་པ་དག་གིས ་གཟུང་བར་བྱ་བས་ནའོ། །དེ་ཡང་ཁྱོད་ལས་བྱུང་བ་སྟེ་འདི་ནི་འདོད་ཆགས་ཉིད་མཆོག་ཏུ་སྟོན་པ། སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི། །དེ་ཉིད་ཁོ་ན་རྟོགས་པ་འདི། །བདག་སྟེ་བདག་གི་ལག་ཏུ་སྦྱིན། །ཆོས་ལ་ཆོས་ནི་གནས་པར་འགྱུར། །ཅེས་ཇི་ལྟར་གསུངས ་པ་ལྟ་བུའོ། །དེ་བས་ན་གསུང་རྣམས་ཏེ་སྨྲ་བའི་ཕྱི་རོལ་བསྟན་པ་ཀུན་གྱི་མཆོག་དང། ཉན་ཐོས་དང། སངས་རྒྱས་ཀྱི་སྨྲ་བ་དག་གི་ཡང་དམ་པ་དང། གང་དུ་འདོད་ཆགས་ཀྱི་ཚུལ་སྨད་པ་དག་གིས་དག་པས་ཀྱང་འདི་མཆོག་གོ་།དེ་ཉིད་ཀྱི་དག་རྡོ་རྗེ་གྲུབ་བར་འདོད ་པས་གསུང་གི་གནས་སུ་རྡོ་རྗེ་འདོད་ཆགས་བསྒོམ་པར་བྱ་བ་ཁྱོད་ལ་སྔོན་བཞིན་དུ་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །ཕྲག་དོག་ཅེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། ཚིག་གི་དོན་ནི་སྔོན་བཞིན་ནོ། །རབ་ཏུ་སྣང ་བའི་མཆོག་ཏུ་འདྲ་བ་སྟེ། ཇི་ལྟ་ཞེ་ན། འདི་ནི་ལས་ཐམས་ཅད་པ་ཡིན་ལ། ལས་རབ་འབྱམས་ཡང་ལུས་ཀྱིས་བྱེད་པར་ཚུ་རོལ་མཐོང་བ་དག་ལ་མངོན་སུམ་དུ་གྲུབ་པས་དེའི་ཕྱིར་སྐུའི་རིགས་ཉིད་ལས་འཕྲིན་ལས་ཀྱི་རིགས་འདི་ཕྱེ་བས་ན། ལས་ཀུན ་མཛད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱག་བརྒྱར་ནི་ཕྱག་ན་རལ་གྲི་འཛིན་པ་སྟེ། དེ་ལ་སྔོན་བཞིན་དུ་ཕྱག་བཙལ་བསྟོད་ཅེས་གསུངས་སོ། །སངས་རྒྱས་རྣམས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །?་སྡུད་པ་ཞེས་བྱ་བ་ནི་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སུའོ། །དེ་དག་འབྱིན ་པ་པོ་ཡང་ཡིན་ཏེ། དེ་བས་ན་སངས་རྒྱས་ཀུན་ཅེས་བྱ་བ་ནི། དཀྱིལ་འཁོར་གཞན་པའི་ལྷ་སྟེ། དེ་དག་པས་མཆོག་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་དག་གི་ཡང་དམ་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུ་སྟེ། འབྱིན་པ་དང་སྡུད ་པ་པོའི་ཕྱིར་རོ། །དེ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་སྣང་བའི་ཕྱིར་དེ་ནི་མཆོག་གོ་།དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་དཀྱིལ་འཁོར་གྱི་རྗེ་སྟེ། དབང་ཕྱུག་གོ་།དེ་ལ་ཕྱག་འཚལ་བསྟོད་ཅེས་སྔོན་བཞིན་སྦྱར་བ་གསུངས་སོ། །དེ་བས་ན་བདག་པོ་ཁོ་ན་ལ་བསྟོད ་པས་ལྷ་ཐམས་ཅད་ལ་བསྟོད་པ་ཁོ་ནའོ། །རྡོ་རྗེ་མིག་ཅེས་བྱ་བ་ལ་སོགས་པས་ནི་ཡན་ལག་དྲུག་བསྒོམ་པའི་ཆོ་ག་སྟོན་ཏེ། འདིར་དོན་ནི་སྔར་བྱ་བ་རྣམས་བྱས་ཏེ། དེ་ནས་མིག་རྣམས་སུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡི་གེ་ཀྵིཾ་དཀར་པོ་ལས ་བྱུང་བའི་འཁོར་ལོ་ཡོངས་སུ་གྱུར་པ་ལས་བྱུང་བའི་སའི་སྙིང་པོ་སྐུ་མདོག་དཀར་བ། ཞལ་གསུམ་ཕྱག་དྲུག་པ། །རྩ་བའི་ཞལ་དཀར་བ། ཞལ་གཡས་གཡོན་གནག་པ་དང་དམར་བ། ཕྱག་གཡས་གཉིས་ན་འཁོར་ལོ་དང་རས་གྲི་འཛིན་པ། གཡོན་པ་དག་ན་ནོར་བུ་དང ་པདྨ་འཛིན་པ། ཕྱག་དང་པོ་གཉིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་རལ་གྲི་དང་ཐོད་པ་དང། རྡོ་རྗེ་དང་དྲིལ་བུ་གཡས་དང་གཡོན་ན་འཛིན་པ་བསམ་མོ། །འདིར་ཟླ་བ་དང་ཕྱག་དང་པོ་གཉིས་དང། རང་སྣང་བའི་བཙུན་མི ་དང། ཐམས་ཅད་ལ་པདྨའི་གདན་དང་ལྡན་པར་ཤེས་པར་བྱ་བ་ནི་ཐུན་མོང་བར་ཤེས་པར་བྱའོ། །དེ་བཞིན་རྣ་བ་རྣམས་སུ་ཡི་གེ་ཛི་ནག་པོ་ལས་བྱུང་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་གནག་ཅིང་སྐུ ་མདོག་གནག་པ། ཞལ་གཡས་པ་དང་གཡོན་པ་དཀར་བ་དང་དམར་བ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ། །སྣའི་བུ་ག་རྣམས་སུ་ཡི་གེ་ཁཾ་སེར་པོ་ལས་བྱུང་བའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས ་བྱུང་བའི་ནམ་མཁའ་ཨི་སྙིང་པོ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་པའི་ཞལ་སེར་བ། ཞལ་གཡས་གཡོན་སྔོ་བ་དང་དཀར་བ། ཕྱག་གཡས་པ་དག་ན་ནོར་བུ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་འཁོར་ལོ་དང་པདྨ་འཛིན་པའོ། །ལྕེའི་དབུས་སུ་ནི་ཡི ་གེ་རཾ་དམར་པོ་ལས་བྱུང་བའི་པདྨ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ། རྩེ་བའི་ཞལ་བྱུ་རུའི་མདོག་འདྲ་བ། ཞལ་གཡས་དང་གཡོན་གནག་པ་དང་དཀར་བ་ཕྱག་དྲུག་པ་གཡས་དག་ན་པདྨ་དང་ནོར་བུ་འཛིན་གི་གཡོན ་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །དཔྲལ་བར་ནི་ཡི་གེ་གི་ལྗང་གུ་ལས་བྱུང་བའི་རལ་གྲི་ཡོངས་སུ་གྱུར་པ་ལས། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་ལྗང་གུ་ཞལ་གསུམ་པ། རྩ་བའི་ཞལ་ལྗང་གུ་།ཞལ་གཡས་གཡོན་སྔོ་བ་དང་དཀར་བ། ་ཕྱག་དྲུག་པ། གཡས་དག་ན་རལ་གྲི་དང་འཁོར་ལོ་འཛིན་པ། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ། །ལྟེ་བར་ཡི་གེ་སཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ་ཞལ་གསུམ་པ། རྩ་བའི་ཞལ་དཀར་པོ ་ཞལ་གཡས་གཡོན་གནག་པ་དང་དམར་བ་ཕྱག་དྲུག་པ་གཡས་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པའོ། །གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པའོ། །འདི་དག་ཀྱང་འོད་ཟེར་རབ་ཏུ་སྤྲོས་པ་བསྡུས་པའི་རིམ་པ་གཉིས་ལས་བྱུང་བའི་སེམས་དཔའ་ཨི་རྒྱན་གྱིས ་རབ་ཏུ་བརྒྱན་པ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་འཁོད་པའོ། །ཁ་ཅིག་ན་རེ་རྒྱུད་འདིར་བཙུན་མོ་རྣམས་མ་གསུངས་པས། ལྷ་ཅི་སྙེད་པ་ཇི་ལྟར་བསྟན་པ་ཙམ་མོ་ཞེས་ཟེར་ཏེ་གལ་ཏེ་བཙུན་མོ་མེད་ན་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ཅི ་ཞིག་ཡིན། རིགས་ཀྱི་བཙུན་མོ་མེད་ན་བྱང་ཆུབ་ཀྱི་སེམས་ཀྱི་དབང་ལ་སོགས་པ་ཡང་ཇི་ལྟར་སྦྱིན། དེ་བས་ན་རྒྱུད་འདི་ནི་དཔལ་གསང་བ་འདུས་པ་དང། རྗེས་སུ་མཐུན་པའི་རྒྱུད་ཡིན་པས། རྒྱུད་དེ་ནས་མཱ་མ་ཀཱི་རྡོ་རྗེ་དང་རིན་པོ་ཆེའི་རིགས་སུ་བཞག་པ་ལྟར ་འདིར་ཡང་རྡོ་རྗེ་ཕག་མོ་ནི་རིགས་ཏེ་གཉིས་ཀའི་བཙུན་མོར་བཞག་ཅིང། ལྷའི་ཚོགས་མ་ལུས་པར་ཡང་རང་སྣང་བའི་བཙུན་མོ་དང་བཅས་པའོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ཐིག་གི་བྱ་བསྟོན་ཏེ་གོ་སླའོ། །དེ་རུ་ལས་ཀྱི་རྡོ་རྗེ་བྲི་ཞེས་བྱ་བ་ནི་དཀྱིལ ་འཁོར་དེ་རུ་རྟ་བབས་ཀྱི་ཕྱོགས་གསུམ་དུ་རྩེ་མོ་གནས་པའི་རིགས་ཐམས་ཅད་ཀྱི་ལས་གྲུབ་པར་བྱེད་པའི་རྡོ་རྗེ་ཀུན་ཏུ་རྩེ་གནས་པར་བྲི་བར་བྱའོ། །འདི་ཡང་ཁ་ཅིག་ན་རེ་འཇིགས་ཚོགས་ལ་ལྟ་བ་འཇོམས་པས་རྩེ་མོ་ལྔ་པོའི་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྟེན ་ཅིང་འབྲེལ་པར་འཁྱུད་བ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟོན་པ། རྩེ་མོ་བཅུ་གཉིས་པར་བྲིའོ་ཞེས་ཟེར་རོ། །གཞན་ཡང་ཁ་ཅིག་ན་རེ་དཀྱིལ་འཁོར་འདིར་ནང་གི་རྡོ་རྗེའི་ཕྲེང་བའི་ནང་དུ་རྡོ་རྗེ་རྩེ་མོ་ཉི་ཤུ་པ་ཁ་ཕྱོགས་ཐམས་ཅད་དུ་ལྟས་པ་བྲི་བར་བྱའོ ་ཞེས་ཟེར་ཏེ། དེ་དག་གིས་ནི་འདིའི་དོན་ཅི་ཡིན་པ་བརྗོད་དགོས་ཏེ། བདག་གིས་ནི་འདིའི་དོན་ཤེས་པ་མེད་དོ། །ཁ་ཅིག་ན་རེ་ལས་ཀྱི་རྡོ་རྗེ་ཞེས་སྨོས་པ་ལས། ལྷའི་རེ་ཡང་རང་རང་གི་ལས་གྲུབ་པར་མཛད་པའི་མཚན་མ་ལྷ་ཐམས་ཅད་ཀྱི་གདན་དུ། སྣ་ཚོགས ་རྡོ་རྗེ་རེ་རེ་ཡོད་དོ་ཞེས་ཟེར་ཏེ། དེ་ལྟར་ན་དེར་མང་པོའི་ཚིག་ཅན་དུ་ཅིའི་ཕྱིར་མིང་བསྟན། གཞན་ཡང་ལུགས་འདི་ལྟ་བུ་ནི་རྒྱུད་འདི་འམ་གཞན་ལས་ཟུར་གྱིས་ཀྱང་མ་བསྟན་པའི་ཕྱིར་མི་རུང་ངོ། །ཀུན་ཏུ་རིགས་ནི་ལྔ་ཉིད་དེ། ་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་དགོང་པ་སྟེ་གོ་སླའོ། །དཀྱིལ་འཁོར་རྫོགས་པ་བསམས་ནས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་བསྟིམ་པའི་བར་དུ་བྱས་ནས་སོ། །མཆོད་པའི་བྱེ་ཕྲག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་གཉིས་པའི་བཤད ་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ས་ཡོངས་སུ་གཟུང་བའི་དུས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་འཛིན་པའི་སློབ་མ་བཞིས་ཕྱོགས་བཞི་ནས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་པ ་བསྟན་པ་སྟེ། དཀྱིལ་འཁོར་ཀུན་གྱི་རྩ་བ་སྟེ་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་དབང་བསྐུར་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གདུལ་བྱའི་དབང་ལས་བྱ་བའི་རྒྱུད་དག་ཏུ་ནི་ཡན་ལག་གི་སྨད་ལས་བྱུང ་བས་རྡོ་རྗེའི་རིགས་ནི་རིགས་རྣམས་ཀྱི་ཐ་མ་ཡིན་པས་ན། དེར་དབང་ཐོབ་པས་ནི་རིགས་གཞན་རྒྱལ་བ་གཙུག་ཏོར་ལས་བྱུང་བ་དང་པདྨ་རིགས་སུ་དབང་ཐོབ་པ་མ་ཡིན་ཞིང། དེ་དག་གི་དངོས་གྲུབ་མི་ཐོབ་པར་བསྟན་ལ་རྣལ་འབྱོར་གྱི་རྒྱུད་འདིར་ནི་རྣམ ་པར་སྣང་མཛད་ཆེན་པོ་ནི་མི་ཕྱེད་པས་རྡོ་རྗེ་ཡིན་ཞིང་ལྷ་ཐམས་ཅད་དེ་ལས་བྱུང་བས་ན། ལྷ་ཐམས་ཅད་ཀྱང་རྡོ་རྗེའི་རིགས་ཡིན་ལ་ཡན་ལག་གི་ཆ་ནི་གཙོ་བོར་མི་འདོད་པས་ན་རིགས་གཅིག་ཅེ་འམ། གཞན་ཡང་རྡོ་རྗེའི་རིགས་ནི་སེམས་ཡིན་ཏེ། ་རྡོ་རྗེ་ནི་གྲུབ་པའི་མཛའ་ལས་སེམས་ལ་འདོད་དེ། ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །རྡོ་རྗེ་ཞེས་ནི་བཤད་པ་ཡིན་ཞེས་གསུངས་པས་སོ། །སེམས་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་བསྐྱེད་པས་ཆོས ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཡིན་ལ་དེ་ཉིད་ཀྱིས་ན་དེའི་བདག་ཉིད་ཀྱི་རིགས་དེ་ཡང་རིགས་ཐམས་ཅད་ཀྱི་མཆོག་ཏུ་འདོད་དེ། དེ་བས་ན་རིགས་མཆོག་དེའི་མཚན་མ་རྡོ་རྗེ་ཡང་མཚན་མ་གཞན་པས་མཆོག་ཏུ་བསྟན་ཏོ། །དེའི་ཕྱིར་རྡོ་རྗེའི་རིགས་ཀྱི ་དཀྱིལ་འཁོར་འདིར་དབང་བསྐུར་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །འོ་ན་ནི་དེ་ལྟར་འཕགས་པ་ལྷའི་ཞལ་སྔ་ནས་བདག་གི་གཙུག་ལག་ལུང་གི་མཚན་གྱིས། སློབ་མ་བཀྲ་ཤིས་ཐོག་མར་འདིར་བརྟགས་ནས། དེ་ནས་རིག་པ ་འཛིན་པས་བདག་རྒྱུད་ལ། །དེ་དག་ཡོངས་སུ་བཟུང་བར་རབ་ཏུ་བྱ། །གྲུབ་ཕྱིར་ཡོངས་སུ་གཟུང་ཕྱིར་དེ་བཤད་པ། །སྔགས་གྲུབ་ཆོ་ག་ཤེས་པས་བྱས་པའོ། །ཡང་ན་དེ་བཞིན་བདག་རིགས་དབང་བསྐུར་གཞན། །སློབ་དཔོན་དག་ཏུ་ཚུལ་བཞིན་བྱས་པའོ། །འདི་ནི་སྤྱིའི ་ཡིན་པར་གཞན་གྱིས་བཤད། །དངོས་གྲུབ་འབྲས་བུ་ཐོབ་པར་དེ་མི་རུང། །ཁྱད་པར་ཅན་དུ་དེ་ལྟར་བསྟན་པ་ཉིད། །དེ་ལ་དབང་བསྐུར་རབ་ཏུ་ཤིས་པར་བཤད། །ཁྱད་པར་ཅན་ཡང་འདིར་ནི་ཆོ་ག་བཞིན། བདག་གི་དཀྱིལ་འཁོར་སྙིང་པོ་དབང་བསྐུར་བའོ་ཞེས ་གསུངས་པའི་བཀའ་ལུང་འདི་ཇི་ལྟར་ཞེ་ན། ཅི་ཙམ་དུ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་དབྱེར་མེད་པར་མ་ཤེས་པས་རིགས་ཐ་དད་པ་ལ་སྤྱོད་པའི་བར་དུ་ནི། རང་གི་རྟོག་པ་ཉིད་ཀྱིས་དེ་ལྟར་བདེན་པར་ངེས་སོ། །དེ་བས་ན་དེས་འདིར་མི་གནོད་དོ། །ལྷག་མ་ནི་གོ་སླའོ། ། ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་མྱང་བ་བསྟན་ཏེ། འདིར་ནི་ཐོད་པ་དུམ་བུ་གཅིག་པ་རབ་ཏུ་དགའ་བའི་ནང་དུ་བི་མུ་མ་ར་ཤུ་ཞེས་བྱ་བ་རྣམས་ཤར་དང་དབུས་དང་བྱང་དང་ལྷོ་དང་ནུབ་ཏུ་བཀོད་ལ་དེ་བཞིན་དུ་གོ་ཀུ་ཏ་ཧ་ན་རྣམས ་རེ་རེ་དང་བཞག་སྟེ། རེ་རེ་ལ་ཡང་བྷྲུཾ་ཧཱུཾ་ཁཾ་ཨཾ་ཧཱི་ཞེས་བཀོད་པ་བྱས་ལ། འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་མཆོག་མ་གཉིས་རྒྱལ་མཚན་ཏོག་དང་བཅས་པས་མཚན་པའི་དབུས་སུ། ཡི་གེ་རཾ་ལས་བྱུང་བའི་མེ་འབར་བའི་ཕུང་པོ་གྲུ ་གསུམ་སུམ་མདོའི་རིས་ཀྱི་མཚན་པ་ཅན་བསམས་ལ། དེའི་སྟེང་དུ་ཐོད་པ་གནས་པར་བསམས་ཏེ། མེ་རབ་ཏུ་འབར་བས་བདུད་རྩི་རྫས་རྣམས་ཡི་གེ་དང་བཅས་པར་གཅིག་ཏུ་གཞུ་ཞིང། དེའི་རླངས་པའི་ཡི་གེ་ཨོཾ་དུ་གྱུར་པ ་ལས་དེ་དག་ཀྱང་ལྕགས་ཀྱུའི་རྣམ་པ་སྤུ་གུ་ཅན་དུ་གྱུར་ཏེ། ཕྱོགས་བཅུ་ན་གནས་པའི་བདུད་རྩི་བདུས་ཏེ་ཐོད་པར་བཞག་ཅིང། སྟེང་གི་ཡི་གེ་ཨ་ལས་བྱུང་བ་ཟླ་བ་ལྷུང་བས་ཞུ་སྟེ། རབ་ཏུ་བསིལ་ཞིང་དངས་པར་བྱས་ལ། དེ་ཨོཾ་ཨཱ(རྒྱུད་འགྲེལ་ལན་དུ་མར་བསྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཚིམ་པར་གྱུར་ཅིག་ཅེས་མོས་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རྡོ་རྗེ་འཛིན་ཀུན་དགྱེས་པར་བྱ་བའི་ཕྱིར་སྤྱན་དྲངས་ལ། རང་གི་སྙིང་གའི་ཡེ་ཤེས ་སེམས་དཔའ་ཨི་སྐུ་ལ་རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག་ཅིང། དེ་ནས་རང་གི་ལྕེའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་གྱིས་གང་བའི་བར་དུ་སྦྱོར་བས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ག་ཏཱ་མྲི་ཏཱ་སཱ་ཏ་ན་བཛྲཱ་ཏྨ་ཀོཉརཧཾ་ཞེས་བརྗོད་དེ། མཐེ་བོ་དང ་སྲིན་ལག་གིས་ཞི་བའི་བཏུང་བ་གཞིན་མྱངས་ན་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་བཟའ་བར་བྱའོ། །ཡེ་ཤེས་རྣམ་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་སེམས་དཔའ་གཞུག་པའི་ཆོ་ག་བསྟན་ཏེ། འདིར་དོན་ནི་སྔར་བྱ་བ་རྣམས་བྱས་ལ། ཨོཾ་མུདྒ?་རཱ? ་ཛ་ཞེས་བསྐུལ་བས་ཤར་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུའོ། །བདག་གི་ས་བོན་ལས་འཐོན་པས་ལྷ་རྣམས་ཁང་པ་བརྩེགས་མའི་ནང་དུ་གཤེགས་པར་བསྐུལ་ཏེ། དེར་སླར་བསྡུའོ། །དེ་ནས་ཨོཾ་དནྟ་ཧཱུཾ་ཞེས་བརྗོད་པས་རང་གི་གནས་སྔ་མ་ནས་ལྷོ་ཕྱོགས་ཀྱི་སྒོ་བསྲུང ་བལྟ་བུ་བྱུང་བས། ལྷ་རྣམས་རང་དང་འདྲ་བའི་གྲོགས་པོ་ལ་ཞུགས་པས་གསོལ་བ་བཏབ་སྟེ། དེ་ནི་སླར་བསྡུའོ། །དེ་ནས་ཡང། ཨོཾ་པདྨ་བཾ་ཞེས་བརྗོད་པས་གནས་སྔ་མ་ཉིད་ནས་ནུབ་ཕྱོགས་ཀྱི་སྒོ་བསྲུངས་ལྟ་བུ་འཐོན་ཏེ། ལྷ་རྣམས་ཇི་སྲིད་དུ་བྱ་བ་མ་རྫོགས ་པར་དེ་སྲིད་དུ་ཁྱེད་རྣམས་པདྨའི་དམ་ཚིག་གིས་བཅིང་བར་བགྱི་པས་ཉེ་བར་གནས་པར་མཛོད་ཅིག་ཅེས་བསྒྲགས་ཏེ། སྔར་རང་གི་གནས་སུ་ཐིམ་པར་གྱུར་ཏོ། །དེ་ནས་ཨོཾ་ཁཌག་ཧོ་ཞེས་བརྗོད་པས་སྙིང་གའི་ས་བོན་ལས་བྱང་ཕྱོགས་ཀྱི་སྒོ་བསྲུང་བ་ལྟ་བུའི་རྡོ ་རྗེ་རལ་གྲི་བྱུང་སྟེ། ལྷ་རྣམས་ལ་ཇི་སྲིད་དུ་ཁྱེད་ཕྲིན་ལས་རབ་འབྱམ་ལ་བདག་བརྩོན་པ་ཁྱེད་ཐུགས་ལས་ཕྱུང་བས་གནོས་ཤིག་ཅེས་དགྱེས་པར་བྱས་ནས་སླར་རང་གི་གནས་སུ་གཞུག་གོ་།གཞན་དག་ནི་གཞུག་པ་ལ་སོགས་པ་འདི་དག་སྒོ་སྐྱོང་བ་རྣམས ་ཀྱིས་བྱ་བར་འདོད་དོ། །ཆོ་ག་སྤྱད་པ་དེ་ཉིད་ཡེ་ཤེས་སེམས་དཔའ་ཡང་དག་པར་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །མ་ཧེ་རྡོ་རྗེ་ཞེས་བྱ་བ་ནི་ཡི་གེ་ཡ་ལས་བྱུང་བ་འམ། དེ་ལྟར་མོས་པ་ཡིས་སོ། །ལྷག་མ་ནི་གོ་སླའོ། །ཞི་བ་རྡོ་རྗེ་གཏི་མུག་སྟེ་ཞེས་བྱ ་བ་ལ་སོགས་པ་ནི་ལས་བཞིའི་ལྷའི་རྣལ་འབྱོར་བ་སྟན་པའོ། །མིའི་མར་ཁུ་ཞེས་བྱ་བ་ལ་སོགས་པས་ནི་ལས་རབ་འབྱམ་སྟོན་ཏེ། འདིར་ཅུང་ཟད་ཙམ་སྟོན་པས་རྒྱས་པར་ཤེས་འདོད་པ་དག་གིས་ནི་རྒྱུད་གང་ལས་རབ་འབྱམ་མང་དུ་སྟོན་པ་དེར་ཤེས་པར ་གྱིས་ཤིག་མིའི་སྐྲ་ཞེས་པ་ནི། ཤིང་ཨརྒའི་ཤིང་བལ་དང་བསྲེས་པ་དང། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་དོ། །ལས་ཀྱི་ཟླས་པ་ཞེས་བྱ། ཨོཾ་ཧྲི(རྒྱུད་འགྲེལ་ན་རེ་ར་ཛ་སྭ་ལའི་ར་ཛའོ་ཞེས་ཟེར་རོ། །ཁྲག་ཅེས་བྱ་བ་ནི་རང་གི་སྲིན་ལག་གཏར་བའི་ཁྲག་གོ་།རྐང་པ་བྱུག་ཅེས་བྱ་བ་ནི་རྐང་མཐིལ་ལམ་ལོང་བུའི་བར་དུའོ། །ལྕགས་གསུམ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་སོ། །ལེའུ་གསུམ་པའི་འགྲེལ་པའོ།། །། ་དེ་ནས་ཞེས་བྱ་བ་ནི་གོ་སླའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་གཤིན་རྗེའི་དགྲ་ནག་པོ་སྟེ་ཀྱེ་ཞེས་བོད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསུང་པར་འགྱུར་བ་ལ་དགོངས་པས་སོ། །ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་རབ་ཏུ་བསྒོམ་པ ་ཉིད་མཆོད་པ་བྱས་པའོ། །དབང་གི་སྔགས་ནི་རིམ་པ་མ་ཡིན་པས་མཚོན་པའོ། །ཁཾ་ཕོར་ཞེས་བྱ་བ་ནི་ཐོད་པ་འམ་ཁཾ་ཕོར་ཉིད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ནན་ཏུར་གྱིས་བསྒྲུབ་པའོ། །ལྷག་མའི་ཚིག་གི་དོན་གོ་སླའོ། ་ལེའུ་བཞི་པར་བཤད་པའོ།། །།དེ་ནས་འཁོར་ལོ་གཉིས་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླའོ། །ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བསྟན་པར་འགྱུར་ཏེ་གལ་ཏེ་བསྙེན་ཉེ་བར་གྱུར་པའི་རྣལ་འབྱོར་པས། སློབ་མ་ལ་བསྟེན་པ་ལ ་སོགས་པའི་ཆེད་དུ་འཁྲུལ་འཁོར་ས་ལ་སོགས་པ་ལས་བྲིས་པ་ལས་དོན་མ་གྲུབ་པས་རེ་ཞིག་ཉིན་ཞག་འགའ་ཞིག་སླར་མི་མཆི་བར་ལྟ་ན། འཁྲུལ་འཁོར་གྱི་རེའུ་མིག་གི་མཛའ་ཨི་ཡི་གེ་ཡ་གཉིས་དབྱི་ཞིང། ཡི་གེ་ནི་གཉིས་ཀྱང་དབྱི་ལ། དབུས་ཀྱི་ཡ་ཡང ་དབྱི་སྟེ། ཡི་གེ་ལྷག་མ་རྣམས་གཞག་གོ་།དགོས་པ་གྲུབ་མ་ཐག་ཏུ་མ་ལུས་པར་དབྱི་སྟེ། འདི་ནི་གཞན་དུ་བྱས་ན་ནི། །འཁོར་ལོ་འདི་ནི་འཇིག་པ་ཆེ། །བྲིས་པ་གང་དུ་བསྟན་གནས་པའི། །ཁྱིམ་དུ་རྟག་ཏུ་འཐབ་མོ་ནི། །ཡི་གེ་བྲིས་པས་འབྱུང་ངོ་ཞེས་བྱ་བའི་ ་ཉེ་བར་གྱུར་པས་སོ། །ཁ་ཅིག་ན་རེ་ཡ་དང་ནིའི་ཡི་གེ་བྱི་བ་ནི་མཚོན་པ་སྟེ། ཡི་གེ་གང་ཡང་རུང་བས་དབྱེ་བས་ནུས་པ་སྨད་པའོ་ཞེས་ཟེར་ཏེ། འདི་ནི་རབ་ཏུ་ཡང་དཔའ་བོ་ཡིན་ཏེ། བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་གསུངས་པ་མ་ཡིན་ནམ ་འདིར་ཡི་གེ་ནི་དང་ཡ་དབྱི་བ་ཅིའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཁོ་ནས་མཁྱེན་དྲང་ན། ཇི་ལྟར་གཞན་དུ་བྱེད་ཇི་སྐད་དུ། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང ་ཆུང་གསོན་གཞན་ཆུང་གསོན། །ཞེས་ཀྱང་མ་གསུངས་སམ། དེ་བས་ན་རབ་ཏུ་ཟབ་པའི་ལུང་གི་ཚུལ་ཆེན་པོའི་རྒྱ་མཚོ་རབ་ཏུ་དང་བ། རང་གི་རྣམ་པར་རྟོག་པ་ངན་པའི་རུས་སྦལ་གྱི་སྟོབས་ཀྱིས་བརྙོག་པར་བྱས་ན། དེས་པར་བདག་ཉིད་འཕུད་པར་འགྱུར ་ཏ་རེ། འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྔ་ནས། ལེགས་སམ་ཉེས་པ་མ་སྤྱད་པར། །མུན་སྤྲུལ་བཏུན་པ་དཔའ་བོ་མིན། །དོན་མེད་དཔག་ཚད་བརྒྱ་བ་ཡི། །གཡང་སར་ལྷུང་བ་ཅི་ཆ་ཡོད། །ཅེས་གསུངས་ལ། རྟོག་གེ་ངན་པའི་འཇུག་པ་ལུང་གིས་བདག་གིས ་དང་པོར་བཀག་ཟིན་པས། བདག་ལ་ཕན་པར་འདོད་པ་དག་གིས། བླ་མ་དམ་པའི་བཀའ་ལ་གུས་པར་གྱིས་ཤིག་།ཁྲི་བཟླས་པས་ཞེས་བྱ་བ་ནི་སྔགས་པ་བསོད་ནམས་བྱས་པ་ལ་དགོངས་པ་སྟེ། རྣམ་པ་གཞན་དུ་བྱ་བ་ལ་སོགས་པར་འཆད་པར་? ་འཐབ་མོ་འབྱུང་བའི་ཞེས་བྱ་བ་ནི། ཁ་ཅིག་ན་རེ་རབ་ཏུ་བསྒྲུབ་པས་ཡི་གེ་བྲི་བ་ཙམ་གྱིས་སོ་ཞེས་ཟེར་ཏེ། དེ་ལྟ་ན། འཁོར་ལོ་འདི་ནི་འཇིགས་པ་ཆེ། །ཞེས་གསུངས་པ་མི་རིགས་སོ། །ལེའུ་ལྔ་པའི་བཤད་པའོ།། །།སྤྱི་བོར་གཤིན་རྗེ་ ་གཤེད་བསམ་ཡ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཞེ་སྡང་གཤིན་རྗེ་གཤེད་བསམ་ཞིང། དེ་ལ་ནི་རྡོ་རྗེ་སེམས་དཔའ་ཨི་འམ་མི་གཡོ་བའོ། །ཁ་ཅིག་ན་རེ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལ་ནི། ཞེ་སྡང་གཤིན་རྗེ་གཤེད་ཀྱིས་རྒྱས་གདབ ་ཅིང། ཐོ་བ་དད་ཙར་ཙྪི་ཀ་ལ་སོགས་པ་ནི། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པས་རྒྱས་གདབ་ལ། བདག་པོ་ལ་ནི་མི་གཡོ་བ་འམ། གཏི་མུག་གིས་སོ་ཞེས་ཟེར་རོ། །གང་བའི་སྦྱིན་སྲེག་ཅེས་བྱ་བ་ནི་ནང་གི་སྦྱིན་སྲེག་སྟེ། བདུད་རྩི་མྱང་བར་ཇི་སྐད་གསུངས ་པ་ལྟ་བུས་སོ། །དམ་ཚིག་ཅེས་བྱ་བ་ནི་འོག་ནས་འཆད་བ་རྣམས་སོ། །སྡོམ་པ་ཞེས་བྱ་བ་ནི་ཐུན་མོང་དང་ཁྱད་པར་རོ། །དང་པོ་དབུ་རྒྱན་དང་ཞེས་བྱ་བ་ནི། སློབ་དཔོན་དང་སློབ་མའི་སྡུག་པའི་ལྷའི་དབང་དང་གཞན་ཡང་ཆུ་དང། དབུ་རྒྱན་དང་རྡོ་རྗེ་དང། དྲིལ་བུ་དང་མིང་དག ་བསྡུས་པའོ། །གཉིས་པ་ལ་ནི་རལ་གྲི་ཞེས་བྱ་བ་ནི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པའོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནི་ལུང་བསྟན་པ་དང། སློབ་དཔོན་གྱི་དབང་བསྐུར་བའོ། །བཞི་པ་ཞེས་བྱ་བ་ནི་གསང་བའི་དབང་ངོ། །ཁ་ཅིག་ན་རེ་དབུ་རྒྱན་ལ་སོགས་པ་འདི་དག་ནི་ལྷག་པའི ་དབང་ཡིན་པས་ཆུ་ལ་སོགས་པ་བྱིན་ནས་དེའི་འོག་ཏུ་སྦྱིན་ཞིང། རྒྱུད་འདིར་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་མི་འདོད་དོ་ཞེས་ཟེར་རོ། །ཤེས་རབ་ཡེ་ཤེས་ནི་འདོད་དེ། ཞིབ་ཏུ་ནི་དབང་འདི་དག་དཀྱིལ་འཁོར་གྱི་ཆོ་གས? ་ལྟོས་ཤིག་།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གཏོར་མ་འཆད་དེ། འདིར་ལས་བྱང་དུ་གཞུག་པའི་གཏོར་མ་དང། མ་རུངས་པ་ཕུར་བུས་གདབ་པའི་གཏོར་མ་དག་ཚིམ་པར་བྱ་བའི་གཏོར་མ་དག་ལས་དང་པོ་གཉིས་ནི་སློབ་དཔོན་བ་སུ་ཛ་ན་བྷ་དྲའི་ཞལ ་སྔ་ནས་སྦྱར་བའི་བསྒྲུབ་པའི་ཐབས་སུ་ལྟོས་ཤིག་།ཚིམ་པར་བྱ་བའི་གཏོར་མ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨམ་སྭ་བྷཱ་བ་ཤུདྡྷོཉརཧཾ། ཞེས་པས་འདི་སྐད་ཅིག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བལྟའོ། །ོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཏྨ ་ཀོཉརཧཾ། འདིས་སྟོང་པ་ཉིད་དུ་ཡུད་ཙམ་བསམས་ཏེ། དེ་ནས་དེ་མ་ཐག་ཏུ་རང་གི་ལྷག་པའི་ལྷའི་གཟུགས་སུ་བྱས་ལ་གཏོར་མ་ཤ་དང་ཉ་དང་ཆང་དང་ཟན་དྲོན་ལ་སོགས་པ་དྲི་ཞིམ་པོ་དང། མེ་ཏོག་དང་མར་མེ་དང་ལྡན་པ་ལྷག་པར་གནས་པས ་རང་གི་སྙིང་གའི་ཡི་གེ་ཡཾ་གྱི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་པོ་ལ་སོགས་པ་འཇིག་རྟེན་གསུམ་ན་གནས་པ་མ་ལུས་པ་བཀུག་སྟེ་བསམས་ལ་དེ་དག་སྦྱངས་ཤིང་སྔོན་གྱི་བཟའ་བ་ཡང་བདུད་རྩི་སྦྱངས་པའི་རིམ་པས་སྦྱངས་ཏེ། ལན་བདུན ་སྔགས་འདི་བརྗོད་པས་སྦྱིན་ཏོ། ཨོཾ་ཨིནྡྲ་ཡ་ཧྲི། ས་མ་ཡཥྚཱི། བ་རུ་ན་ཡ་ཝི། ཀུ་བེ་ར་ཡ་ཀྲི། ཨའི་ཤ་ན་ཡ་ཏཱ། ཨ་ཀ་ནྱེ་ཨ། ནི་རི་ཏི་ན། བ་ཡ་བེ་ན། ཙནྡྲ་ཡ་ཧཱུཾ། ཨཱ་ཀ་ར་ཡ་ཧཱུཾ། བྷ་མ་ཧ་ནེ་ཕཊ། བ་སུ་ད་ར་ཡེ་ཕཊ། བེ་མ་ཙི ་ཏྲི་ནི་སྭ། སརྦ་བྷཱུ་ཏེ་བྷཡོ་ཧ། ཧི་ཧི་ཧི་ཧཱུཾ་ཧེ་ཧེ་ཧེ་སྭཱཧཱ། དེ་ནས་ཐམས་ཅད་ཚིམ་པར་བལྟས་ཏེ། ཨོཾ་བཛྲ་པུཥཔཾ་ཨཱ(རྒྱུད་འགྲེལ་དེ་རྗེས་སུ་སྣང་བ་བྱིན་ལ། རྡོ་རྗེ་སེམས་དཔའ་ཨི་སྙིང་པོ་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ོཾ་བཛྲ་སཏྭ་ཨ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། བྲི་ཌཧོ་མེ་བྷཱ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷཱ་བ། སུ་བོ་ཥྱོ་མེ་བྷཱ་བ། སརྦ་སིདྡྷི་མེ་པྲ་ཡཙྪ་སརྦབ་ཀརྨམ་སུ་ཙ་མེ། ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན་སརྦབ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷཱ་བ་མ་ཧཱ་ས་མ་ཡ་སཏྭ་ཨ། ཞེས་ཇི་ལྟར་དགའ་བས་བཟླས་པ་ཨོཾ་ཨཱ(རྒྱུད་འགྲེལ་ཙནདན་ཞེས་བྱ་བ་ལ་སོགས་པས་ནི་འཁྲུལ་འཁོར་བྲི་བའི་དམ་ཚིག་བསྟན་ཏེ། རབ་ཏུ་དབེན་པའི་གནས་སུ་ཇི་སྐད་གསུངས་པའི་དྲིའི་ཆུས་མཎྜལ་གྲུ་བཞི་པའི་དབུས་སུ་གྲུ་གསུམ་པས་མཚན་པ་བྱས་ལ། དེར་དཔའ་བོའི་བཟའ་སྟོན་བྱ་སྟེ། གཤིན་རྗེ་གཤེད་ཀྱི་བྲིས་སྐུ་ཡང་དག་པར ་མཆོད་ལ། ཧ་ཧ། ཧེ་ཧེ། ཧོ་ཧོ། ཧཱུཾ་ཧཱུཾ། ཞེས་བྱ་བས་རང་གི་ཁྲོ་བོའི་སྐུ་རབ་ཏུ་གསལ་བར་དམིགས་ཏེ། ལྷ་རྣམས་ཀྱི་སྤྱན་སྔར་ཟླུམ་པོར་བསྐོར་བ་གསུམ་བྱ་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འཁྲུལ་འཁོར་བྲི་བར་བྱའོ། །ཡ་མ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པའི ་སྔགས་ནི་འཁྲུལ་འཁོར་ལ་འགོད་པ་སྟེ། དང་པོ་བསྙན་པ་ཅི་རིགས་ཉིད་དུ་འདི་ལ་བྱ་སྟེ། དེའི་རྗེས་ལ་ལས་ཀྱི་བཟླས་པ་ལ་བསྙེན་པ་བྱའོ། །ཁ་ཅིག་ནི་འདི་གཉིས་ཕྲེང་བར་བྱས་ཏེ། ཨོམ་ཧྲཱི(རྒྱུད་འགྲེལ་དེ་འཁྲུལ་འཁོར་མ་ཡིན་པའི་ལས་ནི། ལས་ཀྱི་སྔགས་འབའ་ཞིག་གིས་བྱའོ། །འཁྲུལ་འཁོར་ནི་བསྙེན་པ་བྱས་པས་བྲིས་ཏེ། དེ་ནས་ལས་ཀྱི་བཟླས་པ་ཁ་ནས་བྱའོ། །ཚིག་གི་དོན་རྣམས་ནི་གོ་སླའོ། །ཁ་ཅིག་ནི་ཡ་མ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པའི་གསང ་སྔགས་ཀྱི་ཕྲེང་བ་འདི་ལ་སྔགས་ཀྱི་མིང་དང་དོན་ལས་དང་དབྱེ་བ་རྣམས་རྟོག་ཅིང། ཡ་ལ་སོགས་པ་བསྡུས་པ་དང། ཕྱེ་བའི་དོན་འཆད་དེ། རྒྱུད་འདི་ལ་ནི་བཤད་པའི་རྒྱུད་ཀྱང་མ་མཐོང་ལ་བདག་གི་བླ་མ་གློ་ཆེན་པོ་དག་ཀྱང་འདིའི་དོན་མི་འཆད་ཅིང་འགྲོ་བཟང ་སྙིང་པོ་ལ་སོགས་པའི་སློབ་དཔོན་རྒན་པོ་ལ་ལ་དག་གིས་ཀྱང་འདིའི་དོན་རྣམ་བར་མ་ཕྱེ་བས། བདག་ནི་འདིའི་དོན་བྱེད་པ་ལ་ཡིད་སྤྲོ་བ་མེད་ཅིང། གཞན་གྱིས་ཕྱེ་བ་ལ་བར་མངོན་པར་ཡིད་ཆེས་པ་དང། རྗེས་སུ་དགའ་བ་མེད་དེ ་སྔར་རྟོག་གེ་འགགས་པས་སོ། །གལ་ཏེ་རང་གི་རང་གི་རྟོག་གེའི་མཐུ་ལ་བརྟེན་པ་ན་ནི་སྔགས་འདིའི་དོན་ཡང་རབ་ཏུ་མང་པོ་ཞིག་ཏུ་དྲང་བར་ནུས་པར་འགྱུར་ན། སྐྱེས་བུ་དམ་པ་དག་ལ་ངོ་ཚ་བའི་གནས་ཡིན་པས་ག་ལ་ཞིག་དབྱེ། ཨོཾ་ཧྲཱི(རྒྱུད་འགྲེལ་སོགས་པའི་སྔགས་ཀྱི་དོན་ཏོ། །འཕགས་པ་ནཱ་གཱརྫུ་ནའི་ལུགས་ཀྱིས་ཉེ་བར་བསྟན་པ་ཅན་སློབ་དཔོན་ཟླ་གྲགས་ཀྱིས་མཛའ་དྲུག་བར་གསལ་བར་བྱ་བ་ཉིད་འདིར་ཡང་སྦྱར་ཞིང། གཏོར་མ་སྦྱིན་པ་ན་ཡི་གེ་རེ་རེ་ཞིག་ཕྱེ་བ་ནི་ཡི་གེ་དེ་དག་གི་རྒྱུད་ཚིམ ་པར་བྱེད་པའི་མཐུ་ཅན་དུ་བྱིན་གྱིས་བརླབས་པའོ། །ཁ་ཅིག་ནི་དེའི་འཇིག་རྟེན་པའི་སྙིང་པོར་བསྟན་ཅེས་ཟེར་རོ། །དེ་ནི་རྟོག་གེའི་ལུང་ངོ། །ལྷག་མ་ནི་གོ་སླའོ། །ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ ་བཞིའི་ཏིང་ངེ་འཛིན་གྱི་ལས་སྟོན་ཏེ། །བྲག་དགུག་པ་ལ་ནི་ལྕེ་ལས་འོད་སྦུ་གུའི་རྣམ་པ་བྱུང་བས་སྙིང་ག་ནས་ཁྲག་དྲང་བའི་ཏིང་ངེ་འཛིན་བྱའོ། །ཆང་དགུག་པ་ལ་ནི་དེ་བཞིན་ཏེ་ཅུང་ཟད་མདུན་གྱི་སྣོད་ཇི་སྐད་བསྟན་པར་རོ། །ཁུ་བ་དགུག་པ་ལ་ཡང་དེ་བཞིན ་ཏེ། སྐྱེས་པའི་རྡོ་རྗེའི་ལམ་དང། བུད་མེད་ཀྱི་བྱང་ཆུབ་ཀྱི་ལམ་ནས་ཨ་བ་དྷུ་ཏཱིའི་རྩའི་ཁུ་བ་དྲང་ངོ། །རིམ་པ་བཞིན་དུ་བྱས་པ་བློ་འཕེལ་བ་ལ་ནི། རང་གི་ལྟེ་བར་ཡི་གེ་ཨ་དཀར་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དབུས་སུ་པདྨ་རཱ་གའི་མདོག་འདྲ་བའི་ཡི ་གེ་ཨ་ལས་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་དམར་པོ་མང་པོ་བྱུང་སྟེ། འབྲོ་བ་རེ་རེའི་སྙིང་གར་ཐིམ་པས་ཤེས་རབ་རྒྱས་པར་བྱས་ཏེ་སླར་བསྡུའོ། །བསྙེན་པ་ཉེ་བར་གྱུར་ནས་བསྒྲུབ་བ་ཟླ་བ་ཕྱེད་དུ་བྱ་བའི་ཕྱིར། ཚེས་གཅིག་ནས་ནི་ཞེས་བྱ་བ་ལ་སོགས ་བ་གསུངས་སོ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་ཚུལ་ཏེ། དཀྱིལ་འཁོར་གྱི་ཆ་ལས་ཤེས་པར་བྱའོ། །ལེའུ་བདུན་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཀའ་སྲུང་བའི་འཁོར་ལོ་སྟོན་ཏེ། ལུས་གསུམ ་ལས་ནི་བྱུང་བ་ཞེས་བྱ་བ་ནི་འཇིགས་པ་དང་འདོད་པ་དང་ནོར་གྱི་ལུས་ལས་བྱུང་བའི་བགེགས་སོ། །ཡང་ན་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་ལུས་གསུམ་དུ་དབྱེར་མེད་པར་བྱུང་བས་ཤེས་ཚིག་རྣམ་པར་སྦྱར་རོ། །གཞན་དག་ནི་བགེགས་ནི་ལུས་ལས་བྱུང ་བ་སྟེ། བགེགས་ནི་དེ་བཞིན་དག་ལས་བྱུང། །བགེགས་ནི་དེ་བཞིན་སེམས་ལས་བྱུང། ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ན་ལུས་ལ་སོགས་པ་གསུམ་ལས་ནི་བྱུང་བ་བཅད་ཅེས་མཆད་དོ། །ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ནི་སའི་ལྷ་ལ་སོགས་གསོལ་བ ་གདབ་པ་སྟོན་ཏེ། ལྷ་མོ་འདི་ནི་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་མངོན་པར་བྱང་ཆུབ་པའི་དཔང་པོ་ཡིན་པས་བདག་གི་ཡང་དཔང་པོར་བཞག་གོ་།དཀྱིལ་འཁོར་ཕོ་བྲང་ཞེས་བྱ་བ་ལ་སོགས་པ་ནི། སློབ་མ་འཇུག་པའི་ཆོ་ག་སྟེ། དཀྱིལ་འཁོར ་གྱི་ཆོ་གར་བལྟའོ། །དེ་ནས་ཞེ་བྱ་བ་ལ་སོགས་པའི་དོན་ནི་ཀུ་མུ་ཏ་ཕྱེ་བར་གྱིས་ཤིག་།དེ་ནས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་དོན་ནི་དཀྱིལ་འཁོར་གྱི་ཆོ་གར་ཤེས་པར་སླའོ། །ལེའུ་བརྒྱད་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ ་སོགས་པས་ནི་ཆར་དབབ་པ་སྟོན་ཏེ། རྒྱ་མཚོ་ཆེན་པོ་བཞི་འམ། ཕྱིའི་རྒྱ་མཚོ་ཆེན་པོའི་ས་བླངས་ལ། དེ་ན་ལྟེ་བ་ཡན་ཆད་སྐྱེས་པའི་ཆ་བྱད་རྒྱན་མ་ལུས་པས་བརྒྱན་པ། གདེངས་ཀ་བདུན་པ་མདོག་དཀར་བ་ལྟེ་བ་མན་ཆད་སྤྲུལ་དུ་འདུག་པ་།ལག་པ ་གཡས་པ་མཆོག་སྦྱིན་པ། གཡོན་པ་ཨུཏཔལ་འཛིན་པ་འམ། ཡང་ན་ལག་པ་བཞི་པ། གཡོན་པ་བདུད་རྩི་ལྔ་པོ་འོ་མ་དང། ཞོ་དང། མར་དང། སྦྲང་རྩི་དང། ཁ་རས་བཀང་བའི་ཐོད་པ་དང་པདྨ་འཛིན་པ། གཡས་པས་ཤིང་འབྲས་དང་རིན་པོ་ཆེ་འཛིན་པ ་ཞིག་བྱས་ལ་དེའི་སྙིང་གར་གུར་གུམ་གྱིས། ཨོཾ་ཕུ(རྒྱུད་འགྲེལ་ལ་ཛ་ནཾ་ཛ་ཞེས་བྱ་བའི་སྔགས་ཀྱིས། སྙིང་གའི་ས་བོན་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་པས་ཀླུའི་རྒྱལ་པོ་མཛའ་ཡས་བཀུག་སྟེ། གཟུགས་དེ་ལ་བསྟིམ་སྟེ་ཀླུའི་དགའ་བའི་གཏོར་མ་དང། མཆོད་པ་ཨོཾ་ཕུ(རྒྱུད་འགྲེལ་རཱ་ཛཱ་བ་རི་ཤ་ཡ་ཕུ(རྒྱུད་འགྲེལ་པར་བྱ་བའི་སྦྱིན་སྲེག་གིས་སོ། །ལྷ་རྣམས་མཐོང་ཞེས་བྱ་བ་ནི་གཤིན་རྗེ་གཤེད་པོ་ལ་སོགས་པ་གང་འདོད་པ་སྟེ། སྦྱིན་སྲེག་གིས་ལྷ་རྣམས་རབ་ཏུ་ཚིམ་ན། གང་འདོད་པའི་མཆོག་སྦྱིན་པའི་ཕྱིར་མའི་དབུས་ལ་སོགས་པར་མངོན་སུམ་དུ་མཐོང ་བར་འགྱུར་རོ། །འདི་ནི་ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་ལས་ཡང་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་མི་སྦྱར་རོ། །མིག་སྨན་ཞེས་བྱ་བ་ནི་སྲོ་ཙ་ཨཉྫ་ནའོ། །ཉལ་བ་ཞེས་བྱ་བ་ནི་སྤྲུལ་གྱིས་ཟིན་ཏེ་བརྒྱལ་བའོ། །བཟླས་པའི་ཞེས་བྱ་བ་ནི ་བཟླས་ཏེ་བྲབ་ཅེས་བྱའོ། །ལག་པ་ཡི་ནི་ཞེས་བྱ་བ་ནི་ཡང་ན་ཞེས་བྱའོ། །གཏོར་མ་ཉི་མ་གཅིག་བཞིན་དབུལ། ཞེས་བྱ་བ་ནི་དེ་ལ་རབ་གནས་བྱས་པའོ། །ཤིང་རྩེར་གདངས་ཞེས་བྱ་བ་ནི་མིའི་རུས་པ་དེ་སྟེ་ཁ་ཅིག་ན་རེ་འཁྲུལ་འཁོར་ཡང་བྲིས་ཏེ ་དེ་དང་ལྷན་ཅིག་གདགས་ཤེས་ཟེར་རོ། །འཁྱམ་པར་འགྱུར་ཞེས་བྱ་བ་ནི་སྨོས་པར་འགྱུར་བས་སོ། །སླར་ཕོག་སྟེ་ཆུར་བསྐྱུས་པས་ནི་བདེ་བར་གནས་པར་འགྱུར་རོ། །ལེའུ་དགུ་པའི་བཤད་པའོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ལ ་སོགས་པས་ནི་རོ་ལངས་ཀྱི་སྒྲུབ་པའི་ཐབས་རབ་ཏུ་ཡང་བསྡུས་པ་སྟོན་ཏེ། འདིར་འདིའི་ཆ་དང་མཐུན་པའི་ལུང་ནི། རང་གི་སེམས་སྟོབས་མཆོག་དང་ལྡན་པ་དེས་འདི་ནི་ཤིན་ཏུ་འཇིགས་པའི་ལས་ཀྱང་བྱ། སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས། །གླགས་མཐོང ་ནས་ནི་ཕུང་བར་བྱེད་པར་འགྱུར། དཔའ་བོའི་གོ་བགོས་མཚོན་ཆའི་ཐབས་མཁས་པས། ཆས་པའི་གླང་ཆེན་མཆོག་བཞོན་གཞུ་ཐོགས་ནས། །མདའའཕེན་མཐུ་དང་ལྡན་པ་གཅིག་པོས་ཀྱང། །དགྲ་བོའི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས། །དེ་བཞིན་སེམས ་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱིས། །གོ་བགོས་ལེགས་བསྲུངས་གླང་ཆེན་ཞོན་ནས་སུ། །གསང་སྔགས་གཞུ་ཐོགས་བཟླས་བརྗོད་མདའའཕེན་པས། །འབྱུང་པོ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ། །སྒུར་པོ་ཡན་ལག་ལྷག་ཆད་ཐུང་ངུ་དང། །དེ་བཞིན་རིང་པོ་འམ ་ཡང་ན་སྒོམ་པོ་འམ། སྨད་པའི་མངལ་ནས་སྐྱེས་པ་འམ་མ་ནིང་ངམ། རྣམ་པ་དེ་འདྲའི་རོ་ནི་སྤང་བར་བྱ། །མ་ཞུ་བ་དང་རིམས་དྲག་ཚད་པ་དང། །འཁྲུ་སྐྱུག་བཅིངས་དང་ཆུ་དང་གསོལ་ཤིང་དང། །སྤྲུལ་གྱིས་བསང་དང་དུག་གིས་ཤི་པ་འམ། །བད་ཀན་རླུང ་སོགས་ཐོད་མིས་བསད་པ་ལ། ཡན་ལག་ཚང་ཞིང་ཁ་བཞིན་མ་སྨད་པ། །ལུས་ལ་སྨད་མེད་སྐྱེས་པའི་རོ་མཐོང་ནས། །རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས། །ཉིན་པར་ཐོག་ཐག་ཏུ་ནི་བསྲུང་བར་བྱ། །དུར་ཁྲོད་ཁང་སྟོང་དང་ནི་ཤིང་གཅིག་དང། བཞི་མོད ་འབབ་ཆུ་དར་ནི་ཆུ་ཀླུང་ངམ། །མཚོ་འམ་རྒྱ་མཚོ་འམ་ནི་རི་བོ་ལས། །སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར། །གང་ཡང་རུང་བའི་གནས་གཅིག་བརྟགས་ནས་ནི། །ས་དང་ལྕི་བ་བསྲེས་པས་བྱུག་པར་བྱ། །གཙང་མ་དེར་ནི་དཀར་ནག་དམར་པོ་འམ། །མཚོན་རྩི་སྣ ་ཚོགས་རྣམས་ཀྱིས་དམ་ཚིག་བྲི། །གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལ། །བསམས་ནས་འདོད་པ་གང་ཡང་རུང་བ་གཅིག་།དད་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག། བཟློག་ཅིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །འཇིགས་པ་མེད་པའི་གཡོག་གིས་དེ་? ་ནས། ཁྱེར་ཏེ་འོངས་ནས་ཀུ་ཤའི་སྟེང་བཞག་སྟེ། །སྐྲ་དང་ཁ་སྤུ་རྣམས་ཀྱང་བྲེགས་ནས་སུ། །དེ་ཡི་མོད་ལ་འབྲུ་མར་དག་གིས་སྐུ། །དེ་ནས་བུམ་པ་ཞབས་མི་གནས་པ་བཞི། གཙང་མའི་ཆུས་བ་གང་?་རྩི་བ ་སྦྱར་བས་བཀྲུ། །དེ་ནས་གོས་དཀར་ཕྲུག་ཅིག་བསྐོན་ནས་སུ། །དེ་ནས་དཀྱིལ་འཁོར་དབུས་སུ་རྩཝ་སྟན་དང། །མ་ཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང། །རོ་ནི་མགོ་བོ་ཤར་རམ་བྱང་དུ་བསྟན། །དྲི་ལིས་བྱུག་ཅིང་བདུག་པས་བདུག་པར་བྱ། །ཕྲེང་བ་གདགས ་ཤིང་མེ་ཏོག་སིལ་མས་གཏོར། ཤ་དང་ཉ་ཤ་བལ་ཁུར་ཏིལ་བསྲེས་པའི། །བུར་བལ་སོགས་ཇི་སྙེད་བུངས་བསྐྱེད་དེ། །འབྱུང་པོ་ཀླུ་དང་ཤ་ཟ་གནོད་སྦྱིན་དང། །འདྲེ་ལ་བླ་འོག་ཕྱོགས་སུ་བྱིན་པར་བྱ། །གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱས་ཏེ། ་རྩེ་གཅིག་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ། །རོ་ནི་ལྡང་དུ་ཉེ་བའི་ཚེ་ན་ནི། །འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང། །གཙུག་ཏོར་རྒྱལ་པོའི་སྔགས་ཀྱིས་ཐལ་བ་འམ། །མ་གྲུགས་ཡུངས་ཀར་ལ་སོགས་བསྔགས་ནས་ནི།། ་གཏོར་ནས་ཕྱོགས་བཅུ་དག་ནས་འོངས་པའི་བགེགས། །གསང་སྔགས་མཐུ་ཡིས་དེ་དག་འཇིགས་པར་འགྱུར། །དེ་དག་ཞི་བར་བྱ་ཕྱིར་ཁྲོ་བ་ནི། །བདུད་རྩི་འཁྱིལ་པ་དྲག་ཤུལ་ལས་ཅན་སྦྱར། །བགེགས་རྣམས་བཅོམ་ནས་དེ་ནས་རོ་དེ་ཡང། །བསང ་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར། །གང་ཞིག་སྔགས་ཀྱི་ཆོ་ག་ཞིབ་མོ་ལས། །མཐོང་བ་དེ་ནི་བགེགས་མེད་ངེས་པར་འབྲུབ། །གལ་ཏེ་རོ་དེ་ལྡང་བར་འགྱུར་བ་ལས། །དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ན། །སྔགས་གཞན་དག་ཏུ་ཆོ་ག་བསྟན་པ་ཡིས ་ལངས་པ་དེ་ལ་རང་གི་དངོས་གྲུབ་བླང། །གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང། །རལ་གྲི་ཨཉྫན་བཞོན་པ་མདག་བཞུག་དང། འབྱུང་ཁུངས་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་གཏེར། །བསྲུང་བའི་སྟོབས ་མེད་སྔགས་ཀྱི་སྟོབས་མེད་དང། །དཀའ་ཐུབ་སྟོབས་མེད་སམས་སྟོབས་མེད་པ་ཡི། །བློ་གཞན་གང་ཞིག་རོ་ལངས་དངོས་གྲུབ་ཚོལ། །དེ་ནས་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད་ཅེས་གསུངས་ཏེ། །ཅུང་ཟད་དུ་ན་རོའི་མགོ་ནི་འདིར་ལྷོར་བསྟན་ཏོ། །ཁ་ཅིག་ན་རེ་འདིར ་ལྷོར་བསྟན་ནོ། །ཁ་ཅིག་ན་རེ་འདིར་རོ་ལ་ནག་པོ་བསྟིམ་མོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་དང་པོ་གནས་ཉིད་དེའི་གནས་སྨོས་པའི་རིགས་སོ། །འདིར་ནི་ལྷ་འམ་གཤིན་རྗེ་ལ་སོགས་པ་རོ་ལངས་ཀྱི་དངོས་གྲུབ་སྦྱིན་པར་ནུས་པ་གང་སུ་ཡང་རུང་བ་ཞིག་།བཅོམ ་ལྡན་འདས་གཤིན་རྗེ་རབ་ཏུ་འཇོམས་པའི་མཐུས། འདི་ལ་ཞུགས་ནས་དངོས་གྲུབ་སྦྱིན་པར་ཟད་པས། འདི་ལ་ངེས་པའི་ལྷ་ཅི་ཡང་མི་དགུག་གོ་།ཡང་གཞན་ལས་ཤར་ཕྱོགས་སྒོར་ནི་ནན་ཏན་དུ། །རྨ་མེད་པ་ཡི་རོ་བཞག་སྟེ། །སྙིང་གར་རོ་ལངས་ཕྱག་རྒྱ ་བཞག་།དེ་ལ་རབ་ཏུ་བསྐོར་བ་བྱ། །དེ་ནས་ཁྲོས་པ་ཆེན་པོ་ཡིས། །ཤིན་ཏུ་གུས་ཤིང་ལེགས་པ་རྒྱན། །དྲི་དང་མེ་ཏོག་མར་སྔོན་གྱིས། །ལེགས་པ་དག་ཏུ་མཆོད་ནས་ཀྱང། །མཁས་པས་རོ་ལངས་ཕྱག་རྒྱ་ཡིས། །ཐོག་མར་བདག་ཉིད་བསྲུང་བར་བྱ། །གཤིན ་རྗེ་གཤེད་བྱེད་ཡན་ལག་ལྔ། །དེ་བཞིན་ལུས་ལ་སྦྱར་བ་བྱ། །དཔའ་བོ་མཐུ་ཆེན་བདག་ཉིད་ཀྱིས། །རལ་གྲི་ལག་པས་བླངས་ནས་ནི། །དཔའ་བོའི་རྐང་པ་གཡོན་པ་ཡིས། །དེའི་སྙིང་གར་མནན་ནས་ནི། །ཁྲོ་བོ་ཡི་ནི་གཙོ་བོ་ཡིས། །ཡི་གེ་བཅུ་བདུན་སྔགས་བཟླས་སོ། ་ཞེས་པ་དང། དེའི་སྔགས་དག་པོས་སྐུལ་བ་དང། །ཡི་དགས་དེ་ནི་གཡོ་བར་འགྱུར། །ཧ་ཧར་གྱུར་པའི་འཁྲུགས་པ་དང། །དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན། །དེ་ལས་ལངས་ནས་བདག་གིས་ནི། །དེ་ལ་མཆོད་ཡོན་དབུལ་བྱ་བ། །མཚོན་ནི་རྣོན་པོ་འབར་བ་ཡིས། །བསད ་པའི་ཤ་དང་ཁྲག་བཅས་པའོ། །རིག་པ་འཛིན་པ་དེ་ཡི་ནི། །སེམས་ཀྱི་དྲོད་ནི་ངེས་ཤེས་ནས། །མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི། །ཧ་ཧར་གྱུར་པས་འཇིགས་པར་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེའི། །འཇིགས་རུང་བ་ཡི་གཟུགས་མཐོང་ནས། །གཤིན་རྗེ ་གཤེད་པོ་དཔའ་བོ་ཡི། །རོ་ལངས་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་གཤིན་རྗེ་གཤེད་པོ་དཔའ་བོ་ཡི། །རོ་ལངས་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་གཤིན་རྗེ་གཤེད་བོ་ནི། །ཡི་དགས་ལུས་ལ་གནས་པ་དེས། །རོ་ལངས་ཕྱག་ན་མཐོང་ནས་ ་སུ། རིག་པ་འཛིན་པ་དེ་ཡི་ནི། །སེམས་དྲོད་རིག་ནས་འདོད་པའི་མཆོག་།སྦྱིན་པར་བྱེད་པར་གདོན་མི་ཟ། །ཁྲོ་བོའི་རྒྱལ་བོ་སླར་གཤེགས་ནས། །མི་རོ་ས་ལ་འགྱེལ་བར་འགྱུར། །དེ་ཡི་ལུས་ནི་དེ་ཉིད་ཀྱང། །གསེར་དུ་འགྱུར་བར་གདོན་མི་ཟ། །ངོ་ཚ་གྲོགས ་པོ་རྣམས་དང་ཡང། །སེམས་ཅན་རྣམས་ལ་ཅི་བདེར་སྦྱིན། །བདག་ཉིད་ཆེན་པོ་དཔའ་བོ་ཡི། །བསྒྲུབ་པ་བཤད་པ་འདི་ཡིན་ཏེ། །སེམས་དཔའ་རབ་ཏུ་དཔའ་བས་བྱའོ། །ངན་སོང་རྣམས་ཀྱིས་ཡོངས་མི་བྱ། །སེམས་ཞན་པ་ཡི་བསྒྲུབ་པ་པོས། །ཁྲོ་བོའི ་རྒྱལ་པོ་དེ་བསྒྲུབ་ན། །དེ་ནི་ལངས་ན་ས་མྱུར་བར་ནི། །གྲོགས་དང་བཅས་ནས་གསོད་པར་འགྱུར། །རོ་ལངས་ཕྱག་རྒྱ་མི་ཤེས་ན། །སེམས་ནི་ཇི་ལྟར་དྲག་གྱུར་ཀྱང། །ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི། །སྒྲུབ་པ་པོ་དེ་བསད་པར་འགྱུར། །རིགས་འཛིན་མཆོག་གིས།། ་གང་དག་ཏུ། །དེ་བཞིན་གཤེགས་པའི་དམ་ཚིག་གིས། །བརྒྱན་ཅིང་འཁོར་ལོ་བསྐོར་བ་ཡིས། །རོ་ལངས་ཕྱག་རྒྱ་བཅིངས་པ་དེར། །གདོན་མི་ཟ་བར་ཁྲོ་བོས་ནི། །ལེགས་པར་བྱིན་གྱིས་རློབས་པར་འགྱུར། །མྱུར་དུ་མཆོག་ཀྱང་སྩོལ་བར་མཛད་དེ། །འགྲོ་བར་འགྱུར ་བའང་གདོན་མི་ཟ། །ོཾ་ན་མོ་བུདྡྷ་དྷརྨམ་སཾ་གི་བྱ་ཀྲོ་དྷ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བཉྫ་ཧཱུཾ་བེ་དྷ་ལི་རཀྵ་རཀྵ་མཾ། ཏ་ཐཱ་ག་ཏ་བཛྙཱ་པ་ཡ་ཏི་སྭཱཧཱ། དེ་བཞིན་གཤེགས་པའི་བཀས་བརྒྱན་པ། །རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགས་སོ་ཞེས་པ་དང། དེ་ནས་ལག་པ ་གཉི་ག་ཡི། །སོར་མོ་ཕན་ཚུན་བསྣོལ་ཝ་ཡི། །མཛུབ་མོ་གཉིས་ཀྱིས་ཨེསྲིན་ལག་གཉིས། །ལེགས་པར་བཟུང་ནས་དགུག་པར་བྱ། །གུང་མོའི་སོར་མོ་བསྒྲེངས་ཏེ་ཕྱར། །མཐེ་ཆུང་གཉིས་ཀྱང་ནང་དུ་གཞུག་།དེ་བཞིན་དུ་ནི་མཐེ་བོ་གཉིས། །ཕན་ཚུན་བསྣོས་པར ་བརྐྱང་སྟེ་སྦྱར། །ཤེས་རབ་ཅན་གྱིས་རོ་ལངས་འདི། །རྟག་ཏུ་ཚུལ་བཞིན་ཁྲོ་བོར་བསྟན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལས་འདིར་ཇི་ལྟར་རིགས་པར་སྦྱར་བ་ནི། །གང་ཞིག་ཏུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམས་མེད་པས། །དེར་ནི་སྤྱི ་གཙུག་ལས་གྲགས་པའི། །ཆོ་ག་མཁས་པས་ཤེས་པར་བྱ། །ཞེས་གསུངས་པས་སོ། །གཤིན་རྗེའི་དགྲ་ཞེས་བྱ་བ་ནི། །བསད་པའི་འཁྲུལ་འཁོར་གྱི་སྐབས་སུ་གསུངས་པ་ལྟ་བུས་བྱས་ཏེ་དེ་སྤྱན་ཕྱེ་ལའོ། །ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྷ་གར་ལིང ་ཞེས་བྱ་བ་ལ་སོགས་པས་ནི་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ལས་གསང་བའི་དཀྱིལ་འཁོར་སྔགས་མངོན་དུ་བསྟན་པས་འབྱིན་པ་ན། འགྲོ་བའི་དོན་ལ་ཉེ་བར་དམིགས་པའི་ཏིང་འཛིན་ཏེ་ལྷ་ལྷག་མ་རྣམས་ཀྱང་དེ་དག་གི་ཆར་ཇི་ལྟར་རིགས་བར ་བསྡུ་བའམ་སྔར་གླེང་གཞི་བཤད་པ་ལྟར་དྲང་བར་བྱ་ཞིང། ཐོད་པ་བཞིས་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་ནས་དབང་བསྐུར་རོ། །བ་སྤུ་རྩེ་ལས་ཞེས་བྱ་བ་ནི་བཙུན་མོའི་བ་སྤུའི་རྩེ་ལས་ཏེ། དེ་ཡང་དཔག་ཏུ་མེད་པར་འཕྲོ་བས་ན་སྤྲིན་ཞེས ་གསུངས་སོ། །ཉི་མའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་བཅུ་པའི་བཤད་པའོ།། །།འགྲོ་བ་ཁོང་ཁྲོས་ནོན་གཟིགས་ནས་ཞེས་བྱ་བ་ལ་སོགས་པ་ནི། ཁ་ཅིག་བདག་པོ་གཅིག་པུས་ཆོག་པ་མ་ཡིན་ནམ། ཇི་ལྟར་ན་ལྷ་འདི་སྙེད ་ཅིག་བསྟན་ཅེས་རྟོག་པ་བཟློག་པའི་ཕྱིར། ལྷ་སོ་སོའི་རྣམ་པར་དག་པ་གསུངས་པའོ། །རང་སྙིང་ས་བོན་ཞེས་བྱ་བ་ལ་སོགས་པས་ནི་གསང་བའི་དཀྱིལ་འཁོར་བསྐྱེད་པའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རང་གི་སྙིང་གའི་ས་བོན་གྱི་ཡི་གེ་འབྲུ ་ལས་བྱུང་བའི་འོད་ཟེར་གྱིས་བཀུག་ལ། བདག་གི་ལུས་ལ་བསྟིམ་སྟེ། དེ་དག་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པར་བྱས་ནས། སྔོན་བཞིན་དུ་ཏིང་ངེ་འཛིན་དང་སྔགས་ཀྱིས་སྤྲོས་ཏེ་བསླར་བསྡུས་ནས། ་ཕྱི་རོལ་གྱི་དཀྱིལ་འཁོར་བསྒྲུབ་པའི་རྣལ་འབྱོར་འགྲུབ་པར་ཐེ་ཚོམ་མེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པ་སྟོན་ཏེ། དྲོད་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་ཡེ་ཤེས་ཅུང་ཟད་བབ་པ་སྟེ། ཆར་དང་རླུང་དང་འཕྲང?་བ ་དང། གནས་དང་ཟས་ལ་སོགས་པ་ལ། །ཅི་མི་སྙན་པར་ནམ་གྱུར་པ། །དེ་ཚེ་ལས་ཀྱི་འབྲས་བུ་དེས་ཞེས་གསུངས་པའོ། །གར་ཞེས་བྱ་བ་ནི་ལྷ་ཉིད་ཀྱི་རྣལ་འབྱོར་ཏེ། གར་ནི་བསྒོམ་པར་བྱའོ་ཞེས་གསུངས་པས་སོ། །གླུ་ཞེས་བྱ་བ་ནི་སྔགས་ཀྱི་ཟླས་པ་སྟེ། ་སྔགས་དག་པར་ནི་གླུག་ནས་ཏེ་ཞེས་གསུངས་སོ། །རྒྱལ་མཚན་ཞེས་བྱ་བ་ནི་རྡོ་རྗེ་སྟེ་སྦས་པ་ཞེས་བྱ་བ་པདྨའོ། །དེ་ནས་ཞེས་བ་བ་ནི་ཐབས་དང་ཤེས་རབ་འདུ་བའི་ཚེ་དབང་དུ་བྱས་པའོ། །ལྷ་ཞེས་བྱ་བ་ནི་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པའོ། །དེ་ལ་ཞེས་བྱ་བ་དེའི ་ཚེའོ། །འོ་མ་ཞེས་བྱ་བ་ནི་མེ་ཏོག་ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདེ་བ་དང་བཅས་པ་སྟེ། བདེ་བ་མེད་ན་དེ་མེད་ཅིང། དེ་མེད་ན་ཡང་བདེ་བ་མེད་ཅེས་གསུངས་པས་སོ། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་རྙེད་པའི་རིག་པ་འཛིན་པ་སངས་རྒྱས་ཀྱི་གཟུགས ་འཛིན་པའོ། །དེ་ནི་འདོད་པ་འབྱོར་ཅིང་འཇིགས་པ་སྤངས་པ་ཡིན་པས་ན། །ཕག་མོའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་གང་ལ་བརྟེན་ནས་འོ་མ་གྲུབ་ཅེ་ན། ཕག་མོའི་གཟུགས་ནི་བཟུང་ནས་ནི། །བཙུན་མོ་ཐམས་ཅད་བླང་བར་བྱ་ཞེས་གསུངས་ཏེ། ་རིགས་ཀྱི་ཕྱག་རྒྱ་འདི་ཡིན་པས་སོ། །ཇི་ལྟར་ན་ཕག་མོའི་གཟུགས་བཟུང་བ་ཡིན་ཞེ་ན། ཇི་སྐད་དུ་གསུངས་པ། གང་གིས་ལག་པ་འམ་དཔྲལ་བ་ནི། །འཁོར་ལོ་སྣང་འགྱུར་སྤྲལ་ལྟགས་འཆང། །སྤྲིན་སྔོན་གྱི་ནི་མདོག་འདྲ་བ། །བསྐལ་བཟང་ཆེན་མོའི་ཕུན ་སུམ་ཚོགས། །མཆོག་ཏུ་བདེ་བ་གང་ཡིན་དང། །ཁྱིམ་དུ་འཁོར་ལོ་བྲི་བྱེད་ཅིང། །རྟག་ཏུ་དེ་ལ་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བའི། །སྟོབས་ཀྱི་དྲེགས་པའི་མཁའ་འགྲོ་མའོ། །གང་ཞིག་མིག་སྨན་གནག་འདྲ་ཞིང། །སོ་ནི་དཀར་ཞིང་ལྟོ་བ་དང། །རྟག་ཏུ ་སྡུག་པར་གྱུར་པ་དང། །སེམས་སྟོབས་ལྡན་པར་གྱུར་པ་དང། །ཁྲུས་ལ་རྟག་པར་དགའ་བ་དང། །མང་དུ་སྨྲ་བར་མི་བྱེད་ཅིང། །ཁྱིམ་དུ་རྡོ་རྗེ་བྲི་བ་དང། །རྟག་ཏུ་དགེ་བས་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བ། །སྟོང་ཕྲག་བཅོ་ལྔ་ལྡན་ཡིན་ཞེས ་པས་ཏེ། །དེ་ཡི་བུ་མོ་གྲུབ་པ་པོ། །གལ་ཏེ་དེ་མ་རྙེད་ན་ནི། །ཡི་དམ་ལྷ་ཡི་རིགས་ཀྱིས་བྱ། །ཡང་ན་གཞན་གྱི་རིགས་ཀྱང་རུང། ཞེས་གསུངས་པ་སྦྱར་རོ། །འདི་ནི་མྱུར་དུ་ཕྱག་རྒྱ་ཆེན་པོ་འགྲུབ་པར་བྱེད་པའི་བུད་མེད་སྔོན་དུ་བསྟན་པའི་མཐུ་ཅན་ནོ། །དཔའ་བོ?་སེང ་གེ་ལྟ་བུར་སྤྱོད་ཅེས་བྱ་བ་ནི་འདུ་འཛི་སྤངས་ཏེ་གནས་པས་ན། །སེང་གེ་ལྟ་བུར་སྤྱོད་པ་སྟེ། །ཇི་སྐད་དུ། ས་ལ་སེང་གེ་ཁྱུས་འཁོར་སྔོན་མ་བྱུང། །ལྟ་བའི་གདུག་པ་དག་ཀྱང་འཁྱུས་མི་འཁོད། །གཟི་ལྡན་བདེ་བ་ཕ་རོལ་གནོན་པའོ། །སྐྱེས་བུ་ཁྱུ་མཆོག་རྣམས ་ཀྱང་ཁྱུས་མི་འཁོད་ཅེས་གསུངས་ལ། ཡང་འཇིག་རྟེན་དག་ན་ཉི་ཟླ་དཔུང་མ་མཆིས། །འཁོར་ལོས་སྒྱུར་དང་སེང་གེ་དཔུང་མ་མཆིས། །བྱང་ཆུབ་སེམས་དཔའ་འདི་ནི་དཔུང་མ་མཆིས། །འོན་ཀྱང་གཅིག་པུས་བདུད་ནི་གཞོམ་པར་སྤྱོད། །ཅེས་གསུངས ་ལ། ཡང་འཇིག་རྟེན་དག་ན་ད་ལྟར་གཅིག་པུས་ན་དཔའ་བའ་ཨོ། །གཞན་དག་ན་རེ། འདི་ན་འདྲེས་པར་སྤྱོད་པར་མ་བཀག་སྟེ། སྔར་རོལ་དང་བཅས་པས་གྲོང་ཁྱེར་འཇུག་ཅེས་གསུངས་པས་སོ། །འོན་ཀྱང་ལྷའི་བུའི་བདུད་དང་བདུད་ཀྱི་རིས་སུ་གཏོགས ་པའི་འཆི་བས་མི་ཚུགས་པས་ན། དཔའ་བོ་སེང་གེ་ལྟ་བུར་སྤྱོད་ཅེས་གསུངས་ཏེ། ཇི་སྐད་དུ། བརྟུལ་ཞུགས་དྲག་པོ་འཛིན་པ་ཡི། །སྒྲུབ་པ་པོ་ལས་བདུད་ཀྱི་རིས། །ལྷ་མོ་འདོད་གཟུགས་ཅན་དག་དང། །གཞན་གྱི་ལུས་ཀྱིས་དེ་བཞིན་དུ། །དབང་པོ་བསྡམས ་ལ་འཚེ་བྱེད་བ། །རྣམ་པ་སྣ་ཚོགས་གཟུགས་ཀྱིས་ཏེ། །དེ་དང་ལྷན་ཅིག་སྨྲ་མི་བྱ། །ཅུང་ཟད་ཀྱང་ན་ཚིགས་མི་བྱ། །བྱང་ཆུབ་སེམས་དཔའ་རབ་ལྡན་ཞིང། །ཁྲོ་བོའི་བཟླས་པ་གཞོལ་བྱེད་པ། །གལ་ཏེ་དེ་ལྟར་འགོ་བ་ན། །མི་ཟད་འཇིགས་པའི ་གཟུགས་དག་གམ། །ཤིན་ཏུ་ངོ་མཚར་གཞན་མ་རྣམས། །བདེ་གཤེགས་བསམས་པས་མཐོང་བ་ན། །དེ་དག་གིས་ནི་འཇིགས་མི་བྱ། །གནོད་ཅིང་སྐྲག་པར་བྱེད་པ་ནི། །ཁོ་བདག་ཉིད་ནི་རྣམ་འཇིགས་ཏེ། །བདེ ་གཤེགས་བཀའ་ནི་བསྒོམས་ཕྱིར་རོ། །བདེ་གཤེགས་བསམ་པས་བསྒོམས་པ་ཡི། །རྟུལ་ཕོད་པ་ཡིས་དཔའ་བོ་ཡིས། །བརྟུལ་ཞུགས་འདི་ནི་བརྟེན་པར་བྱ། །དཔའ་བོས་བྱ་ཡིས་གཞན་གྱིས་མིན། །དངོས་གྲུབ་མཆོག་ནི་འདོད་པ་ཡིས། །ལྷ་ཡི་བརྟུལ ་ཞུགས་གསུངས་པ་འདི། །ཇི་སྐད་གསུངས་པའི་ཚུལ་བཞིན་དུ། །རབ་ཏུ་འབད་པས་བསྙེན་པས་བྱ་ཞེས་གསུངས་ལ། གཞན་ལས་ཀྱང་བརྒྱ་བྱིན་ལྟ་བུའི་ལྷ་མིན་གང། །མདུན་དུ་ངེས་པར་འོངས་གྱུར་ཀྱང། །དེ་ལ་འཇིགས་པར་མི་བྱ་སྟེ། །དཔའ་བོ ་སེང་གེ་ལྟ་བུར་སྤྱོད། ཅེས་གསུངས་སོ། །ཞེས་ཟེར་ཏེ་ལེགས་པར་སྨྲས་སོ། །འདིར་ནི་ཡང་དག་པར་བསྡམས་པས་ན་བརྟུལ་ཞུགས་ཤེས་དྲང་བར་བྱ་བས་ན། །དབང་པོ་བསྡམས་པ་དང། རབ་ཏུ་བརྩོན་འགྲུས་སུ་བྱུར?་བ་སྟེ། །བརྩོན་འགྲུས་འབའ་ཞིག་གྲོགས ་གྱུར་པས། གོ་འཕང་བླ་ན་མེད་པ་རྙེད་གསུངས་པ་ལྟ་བུ་དང། གྲུབ་པའི་ཕྱག་རྒྱའི་སྟོབས་དག་གིས་འདི་འགྲུབ་ཀྱི། །ཚོགས་ངན་པར་སྤྱོད་ཅིང་བུད་མེད་ཐ་མལ་པའི་ཡུལ་ལ་ལྷག་པར་ཆགས་པས་ནི་འགྲུབ་མི་སྲིད་པར་ཤེས་པར་བྱའོ། །དེ་ནས་ཞེས ་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་རབ་ཏུ་གསལ་བའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསྟན་པའི་ཕྱིར། ཕྱག་རབ་ཏུ་མང་པོ་སྟོན་པ་སྟེ། སྔགས་ནི་གཅིག་པོ་ཉིད་གསུམ་གྱིའོ། །དེ་ནས་དམ་རྫས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རམས་དང ་ཞེས་བྱ་བ་ལ་སོགས་པ་ནི། བཟླས་པ་གྲུབ་པའི་བྱུག་པའི་བྱ་བ་བསྟན་ཏེ་གོ་སླའོ། །ཆུ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེའི་ཆུའོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་རང་གི་རྫས་སོ། །རང་བྱུང་མེ་ཏོག་ཅེས་བྱ་བ་ནི་བུད་མེད་ཀྱི་ཉི་མའོ། །འདི་དག་སྣ་བུག་གཡོན་པ་ལས་འཐུངས ་པས་འཆི་བ་འཇོམས་པས་ན་སྦྱོར་བས་འདི་དག་མཆོག་གི་མཆོག་སྟེ། མཆོག་གི་ཚེ་རིང་པོ་སྦྱིན་པས་སོ། །དེའི་ཡང་མཆོག་ནི་རྒས་པ་དང་རྒུད་པ་རབ་ཏུ་འཇིགས་པས་སོ། །ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་ཡང་བཅོམ་ལྡན ་འདས་ཞེས་བྱ་བ་ལ་སོགས་པ་དག་གིས་ནི་མཆོད་པའི་གླུ་གསུངས་ཏེ། ཙར་ཙྪི་ཀ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བར་འགྱུར་བའི་རྣལ་འབྱོར་པ་རྣམས་ཀྱིས། བདག་ཉིད་ལྷ་མོ་བཞིའི་ཏིང་ངེ་འཛིན་དུ་བྱོས་ལ་གླུའི་བསྟོད་པ་གྱིས་ཤིག་ཅེས་བསྟན་པའི ་ཕྱིར་རོ། ཨ་ཀྱེ་ཀྱེ་ཀྱེ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་སྐད་དུ་བསྟོད་པ་སྟེ་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་བྱ་བ་ཕྲེང་བ་དང་བཅས་པའི་བྱ་བ་སྟོན་ཏེ། ཀུ་མུ་ཏ་ཁ་ཕྱེ་བར་ཅུང་ཟད་བསྟན་པས་ཁོང་དུ་ཆུད་པར་ནུས་སོ། ཡི་དགས་ཚོགས་སྟོང ་བསད་པར་བྱ་ཞེས་བྱ་བ་ནི་འགྲོ་བ་ཆོས་ཅན་ལ་འཚེ་བའི་བགེགས་དྲག་པོ་ནི་ཞི་བར་ཇི་ལྟར་མི་ནུས་ན། སྔགས་པས་སྙིང་རྗེ་བསྐྱེད་ལ་འཁྲུལ་འཁོར་རམ་སྦྱིན་སྲེག་གིས་བསད་པར་བྱ་སྟེ། ཇི་སྐད་གསུངས་པ་ཡང་ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར་བགེགས ་རྣམས་ལ་ནི་གནོད་མི་བྱ། ཤིན་ཏུ་སྡང་བར་རིགས་ནས་སུ། །གལ་ཏེ་བགེགས་ལ་གནོད་བྱ་ན། །ཤིན་ཏུ་སྡང་ཞིང་དྲག་རྣམས་ལ། །འཇམ་དེས་ཉིད་ཀྱིས་མི་བྱའོ། །གལ་ཏེ་འཇམ་དེས་ཉིད་བྱ་ན། །དེ་ནི་མོད་ལ་གནོད་པ་བྱེད། །ཐོག་མར་འཇམ་པོར་སྦྱར་བར ་བྱ། ལན་གཉིས་ཚེ་ནི་དབྱེ་བར་བརྩོན། །གསུམ་ཚེ་མཆོད་ཡོན་ཐོགས་ནས་སུ། །མེ་ཏོག་བསྙིམ་པར་གནས་བྱས་ལ། །དེ་ནས་བགེགས་རྣམས་མཆོད་པར་བྱ། །འབྱུང་ཀུན་ཕན་གཏོར་བྱིན་ནས་སུ། །འདི་སྐད་གྱི་ནི་ཚིག་བརྗོད་དེ། །བདག་གིས་ད་ནི་ཁྱེད ་མཆོད་ཀྱིས། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་།ཁྱེད་ཀྱིས་སྟོབས་དང་རྩལ་མཐོང་ན། །ཁྱེད་ནི་བདག་ལ་བགེགས་བྱེད་ནུས། །ཁྱེད་ནི་ལྷའི་སྤྲུལ་པ་སྟེ། །ཁྱེད་ནི་བགེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་པ་མ་ཐོབ་པ། ། ་དེ་ནི་བདག་གིས་མཆོད་བྱས་ཏེ། །མཆོད་གྱིས་ད་ནི་མཆོད་ཁྱེར་ལ། །བགེགས་ཀྱི་རྒྱལ་པོ་སོང་ཞེས་བརྗོད། །གལ་ཏེ་འདུག་ཀྱང་བགེགས་མེད་ན། །དེ་ལ་ལེགས་པར་སྤྱད་པར་བྱ། །སྔགས་པས་མཆོད་པ་བྱས་ནས་ཀྱང ་ཅི་སྟེ་བགེགས་ནི་ཡང་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་དཔང་གྱུར་པ། །མི་མཆོག་རྣམས་ལ་མཁྱེན་པར་གསོལ། །བགེགས་ལ་ཆད་པས་བཅད་པ་ཡི། །སྦྱོར་བགྱིད་བདག་ལ་ནོངས་མ་མཆིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ནི། །བཀའ་དང་འགལ་བ་བདག་མི་བགྱིད། །ལྷ་དང་ལྷ་ནི་གནོད་སྦྱིན་བཅས། །གང་དག་ཀླུ་དང་དྲི་ཟ་དང། །གཟའ་དང་མི་འམ་ཅི་དག་ལ། །བགེགས་ཀྱིས་གཙེས་པར་གྱུར་པ་དག་།ཕྱོགས་རྣམས་ཀུན་ཏུ་བསྒྲགས་པར་བྱ།། ་གལ་ཏེ་ཅུང་ཞིག་སྐྱོབ་ཚེ་ན། །མྱུར་དུ་ཡོངས་སུ་སྐྱོབས་ཤིག་ཅེས། སྔགས་པའི་གལ་ཏེ་མཉན་བྱས་ནས། །བགེགས་བྱེད་ཞི་བར་གྱུར་ན་ནི། །དེ་ནས་ཕྱོགས་མཚམས་ཐམས་ཅད་དུ། །ལྷ་རྣམས་ལ་ནི་མཆོད་པ་བྱ། །གལ་ཏེ་དེ་ལྟར་མི་བཏུབ་ན། །མེ་ཏོག ་ཐལ་མོ་མཆོད་ཡོན་གྱིས། །སངས་རྒྱས་སོགས་ལ་རབ་བསྐུལ་ཏེ། །དེ་ལ་ཆད་པས་བཅད་བར་བྱ། །དྲག་པོ་ཤིན་ཏུ་ལྡན་སེམས་དཔའ་། །བཀའ་ལུང་ལས་ནི་འགལ་བྱེད་ཅིང། །མི་ལ་གནོད་ཅིང་སྲོག་འཕྲོག་པ། །སངས་རྒྱས་རྣམས་ཀྱང་མི་གཡེལ་བར། །དེ་ལ ་ཕན་པར་ཤེས་ནས་སུ། །བསྐལ་པ་བྱེ་བ་དུ་མར་ནི། །སེམས་དམྱལ་གནས་སུ་སྐྱེ་བ་ཡི། །སྡུག་བསྔལ་མང་པོར་འདིར་འགྱུར་ཞེས། །ཇི་ལྟར་སྨན་པས་སེམས་ཅན་གྱིས། །ནད་རྣམས་གསོ་བར་བྱེད་པ་བཞིན། །གཟིར་བས་བདག་ལ་ཉེས་པ་མེད། །མཁས ་པ་རྣམ་པར་སྤངས་པ་ཡིན། །དེ་ལས་སེམས་ནི་མཉམ་བཞག་ཅིང། །སྙིང་རྗེའི་ཡིད་དང་ལྡན་པ་ཡིས། །བྱང་ཆུབ་སེམས་ནི་བརྟན་བྱས་ཏེ། །དེ་ལྟར་ཆད་པས་བཅད་པ་ཙམ། །ཇི་ལྟར་སྨན་པ་མཁས་པ་དག་།ཉེས་ཏེ་ཡལ་བར་མི་འདོར་ཞིང། །ཐབས་དང ་ཤེས་རབ་ལྡན་པ་ཡང། །མཁས་ནའང་མི་བྱེད་ཉེས་དང་བཅས། །ཇི་ལྟར་སྨན་པ་མི་མཁས་པ། །ཐབས་དང་ཤེས་རབ་བྲལ་བ་ཡིས། །ནད་པ་ཡལ་བར་མི་འདོར་ཞིང། །གསོ་བའི་ཆོ་ག་བྱེད་གྱུར་པ། །དེ་བཞིན་གཤེགས་དང་བྲལ་བ་ཡིས། །གལ་ཏེ ་གསོ་བར་བརྩོན་ན་ཡང། །ཐབས་དང་ཤེས་རབ་བྲལ་བ་ལ། །སངས་རྒྱས་རྣམས་ནི་སྔགས་མི་མཛད། །ནད་པ་དང་ནི་ནད་པ་ལ། །སྨན་པ་ཇི་ལྟར་སྨན་སྦྱིན་པ། །ཁ་དང་ཚ་དང་བསྐལ་བ་ཡང། །འཇིག་རྟེན་སྨོད་པར་མི་བྱེད་པ། །དེ་བཞིན་འདུལ་བའི་བྱེ་བྲག་གིས། ་ཅི་རིགས་པར་ནི་གསོལ་བར་བྱ། །སྡང་བའི་སེམས་ཅན་རྣམས་ལ་ནི། །བྱ་སྟེ་སངས་རྒྱས་རྣམས་མི་སྨོད། །འོ་ན་སྔགས་པོ་ཆེ་ཁྲོས་ལ། །བསྐལ་པའི་མེའི་འོད་ལྟ་བུས། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅད་པར་བྱ། ཞེས ་གསུངས་སོ། །གལ་ཏེ་བློ་བུར་དུ་བགེགས་བསད་པའི་བྱ་བ་ཉེ་བར་གནས་ན། ཡུངས་ཀར་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བར་བྱས་པས་བསྣུན་ཏེ། ལུས་ཐལ་བྱུང་དུ་སོང་བར་བསམ་པ་འམ། ཡང་མི་སྲོག་ལ་མི་གནོད་པར་རལ་གྲི་ལ་སོགས་པར་བསམས་པའི ་དབྱིག་པ་དང། ཐག་པ་ལ་སོགས་པས་རབ་ཏུ་དྲགས་པར་བསྣུན་པ་འམ། མེ་ལ་གདུང་བ་འམ། ཆུ་ལ་སྦྱིར་བར་བྱའོ། །འདི་ཡང་ལྷའི་རྣལ་འབྱོར་གྱི་བྱའི། གཞན་དུ་མ་ཡིན་ནོ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན་ཞེས་བྱ་བ་ནི། འབྱོར་པ་མཆོད་ལ་སོགས་པའི་བྱེ་བྲག་གིས ་ཉིན་རེ་ལ་སོགས་པར་རོ། །གཤིན་རྗེའི་དགྲ་ལ་དབུལ་ཞེས་བྱ་བ་ནི། །ལྷ་བཤོས་ཀྱི་བྱ་བ་ངེས་པ་སྟེ། །རབ་ཏུ་འབད་པས་དབུལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་བཅུ་གཉིས་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་སྟོན་ཏེ། འདི་ནས་བརྩམས་ཏེ་དཀྱིལ་འཁོར་འབྱུང་བར་འགྱུར་བ་དག་ཏུ་གང་ཡང་ངེས་པར་གསུངས་པའི་ལྷ་དང། དེའི་སྐུ་མདོག་དང་ཕྱག་མཚན་དང། དབྱིབས་ནི་ལེའུ་དང་པོའི་དཀྱིལ་འཁོར་གྱི ་ལྷ་རྣམས་ཀྱི་རྩ་བའི་ཕྱག་མཚན་དང་སྐུ་མདོག་ལ་སོགས་པ་ལྟར་ཤེས་པར་བྱའོ་ཞེས་བྱ་བ་ནི་བླ་མ་བགྲེས་པོ་དག་གི་ལུང་ངོ། །ཁ་ཅིག་ནི་གཟུགས་ནི་གཉིས་སུ་ཞེས་བྱ་བ་ནི། བུད་མེད་དང་ནི་སྐྱེས་པ་ཉིད། །ཡང་ན་ཀུན ་ཏུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །བསམ་ཡས་ཡེ་ཤེས་ལས་བྱུང་བས། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཡེ་ཤེས་མཁྱེན་གྱི་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་གྱུར་ཅེས་གསུངས་པས། གང་དུ་ཁ་དོག་ལ ་སོགས་པ་ངེས་པ་མ་བརྗོད་པ་དེར། རང་གི་བློ་ལ་ཅི་དགའ་བར་སོམས་ཤིག་ཅེས་ཟེར་ཏེ། དེ་དག་གིས་ཀྱང་ལེགས་པར་སྨྲས་པ་ཉིད་དོ། །སྡིག་པའི་ལས་གཅོད་པའི་གྲི་གུག་སྟེ་ཞེས་བྱ་བ་ནི་སྡིག་པ་གཅོད་པའི་རྟགས་ཏེ། ཁར་སིལ་གྱི་དོན་བཞིན་ནོ།། ་ཐོས་པ་ཞེས་བྱ་བ་ནི་ལྷའི་རྣ་བའོ། །མཁའ་དབྱིངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་ཕྱག་རྒྱའོ། །རྩེ་མོ་ལྔ་པ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་སྟེ། ཉི་མའི་དཀྱིལ་འཁོར་པདྨ་ལ་གནས་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་སྟེ། །དེའི་དབུས་སུ་གནས་ཞེས་བྱ་བ་ཁང་པ ་བརྩེགས་མ་དགོང་པ་བྱ་སྟེ། བྷྲུཾ་ལས་བྱུང་བའོ་གཞན་དག་ནི་གནས་ཞེས་བྱ་བ་ས་བོན་གྱི་ཡི་གེར་འདོད་དོ། །ཌི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཅུང་ཟད་དུ་ན་བླ་མ་དགྱེས་པས་དབང་བསྐུར་བ་དམ་ཚིག་དང་ལྡན་པས། བསྐྱེད་པའི་རིམ་པ་ལ་གུས་པས། ་ལྷའི་རྣ་བའི་ཆེད་དུ་བསྙེན་པ་བྱེ་བ་ཕྲག་བཞི་དང། འབུམ་ཕྲག་བཞི་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲིས་པའི་དབུས་སུ་བདག་པོའི་གནས་གསལ་བར་བདག་འདུག་ནས་བདེན་པའི་བྱིན་གྱིས་བརླབས་དམིགས་ནས་མཚན་ཐོག་ཐག་ཏུ་བཟླས་ན། ཐོ་རངས་དེའི་རྣ་བ ་རྣམ་པར་དག་པས་སྒྲ་རབ་ཏུ་ཕྲ་བ་དང། རིང་པོ་ན་གྲགས་པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ་།ོཾ་བཛྲ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ནི། ལྷའི་ལུས་བསྐྱེད་པར་བྱའོ། །ོཾ་ཨཱ་ཀ་ཤ་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་སྔགས་སོ།། ་རྡོ་རྗེ་ས་འོག་ཅེས་བྱ་བ་ནི་གནོད་མཛེས་རྒྱལ་པོའོ། །ས་འོག་བུག་པ་ཅེས་བྱ་བ་ནི་ལྷ་མ་ཡིན་གྱི་ཡུལ་དུ་འགྲོ་བའི་དཔལ་གྱི་སྒོ་ཞེས་བྱ་བ་ནི་བུ་ག་སྟེ། ཇི་ལྟར་སྒྲུབ་པ་པོ་མ་ཧེ་སྟོར་བའི་གཏམ་ལྟར་ཏེ། ཛམྦུའི་གླིང་ཕལ་ན་ཡོད་ཅིང། ཕལ་ཆེར་ནི་གསེར་གྱི ་བྲག་རི་བྱ་སྐྱིབས་ལྷ་མ་ཡིན་གྱི་སྟེང་ན་ཡོད་དོ། །གནོད་མཛེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྨི་ལམ་གྱིས་ནི་བུག་པ་ཞེས་བྱ་བ་ནི། ཚུལ་སྔ་མ་ལྟར་བསྙེན་པ་བྱ་སྟེ། མཚན་མོ་མཆོད་པ་རབ་ཏུ་རྒྱས་པར་བྱས་ནས་ལྷ་ལ་གསོལ་བ་གདབ་སྟེ། ་མི་སྨྲ་བར་བློ་གཡས་པ་ཕབ་ནས་ཡིད་ལ་བྱེད་པ་གཞན་སྤངས་ཏེ་ཉལ་ན། རྨི་ལམ་ན་གང་ན་ས་འོག་གི་སྒོ་ཡོད་པ་ངེས་པར་སྟོན་ཏེ། དེ་ནས་ནང་པར་མཆོད་པ་ཆེན་པོ་བྱས་ལ། གནས་དེར་རྡོ་རྗེ་འམ་གཏུན་ཤིང་ཁྱེར་ལ་སོང་བ་དང། འགའ་ཡང་མེད་ན་དེར ་དཀྱིལ་འཁོར་ཇི་ལྟ་བ་བྲི་བར་བྱའོ། །དེ་ལྟ་ན་ཡང་སུ་ཡང་མེད་པ་ལྟ་ན། རབ་ཏུ་ཁྲོས་ཏེ་རྡོ་རྗེ་འམ་གཏུན་ཤིང་གིས་དེར་དྲག་ཏུ་བསྣུན་ན་ངེས་པར་ས་འོག་ན་གནས་པ་རྣམས་སྐྲག་པས་འཐོན་ཏེ། ཀྱེ་བསྒྲུབ་པ་པོ་བདག་ཉིད་ཆེན་པོ་ཁྱེད་ཅི་བཞེད་གནས ་འདིར་གཤེགས་ཤིག་ཅེས་སྨྲ་བར་འགྱུར་རོ། །དེས་གང་འདོད་པ་སྨྲ་སྟེ་དེ་ཕན་ཆད་ས་འོག་གི་རིག་པ་འཛིན་པ་ཚེ་དཔག་ཏུ་མེད་པ་ལྷའི་ལུས་དང་ལོངས་སྤྱོད་ཅན་དུ་འགྱུར་ཏེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་བཞིན་དུ་བྱང་ཆུབ་ཐོབ་པར་འགྱུར་རོ། །མཁའ་སྤྱོད ་རབ་བསྒྲུབ་ཅེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བའི་རིགས་འཛིན་ཏེ། སྔ་མ་ལྔར་བྱ་བ་བྱས་ཏེ། བསྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་མཚན་ཐོག་ཐག་བཟླས་ནས། ཐོ་རངས་ནམ་མཁའ་ལ་བྱ་ཁྱུང་ལྟར་འགྲོ་བར་འགྱུར་རོ། །ནམ་མཁའ་ཨི་རྡོ་རྗེ་ཞེས་བྱ་བ་ནི། ་གནམ་ལྕགས་མེའི་འོད་འཕྲོ་བ་སྟེ། གླེགས་བམ་ཁ་ཅིག་ལས་ནི། ནས་ཀྱི་སོག་མ་ཞེས་འདོད་དོ། །ཁམས་གསུམ་ནམ་མཁར་འགྲོ་བའོ། །ཞེས་བྱ་བ་ནི་ས་འོག་དང་ས་སྟེང་དང་མཐོ་རིས་སུ་གང་དགའ་བར་འགྲོ་བའོ། །ལེའུ་བཅུ་གསུམ་པའི་བཤད་པའོ།། །། ་དེ་ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ཐིག་སྐུར་བསྒྲིལ་བའི་བྱ་བ་སྟེ་གོ་སླའོ། །གཞུག་པ་ཞེས་བྱ་བ་ནི་ཡོལ་བ་བསལ་བའོ། །ཉིས་འགྱུར་ཞེས་བྱ་བ་ནི་སོགས་པའི་གོ་སླའོ། །དཀྱིལ་འཁོར་མ་ཞུགས་རྣམས ་དང་ནི་ཞེས་བྱ་བ་ལ་སོགས་པས་ནི་གདུལ་བྱ་མ་རུངས་པ་ཡང་ཐུགས་བརྩེ་བས། སྔར་བྱས་པ་མི་ལྟ་བར་གཞུག་སྟེ་ཞེས་སྟོན་པ་ནི་ཇི་ལྟར་འཕགས་པ་དེ་ཁོ་ན་བསྡུས་པ་ལས། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་རྡོ་རྗེ་སློབ་མ་དཀྱིལ ་འཁོར་དུ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་མཆིས་སོ། །དེ་ལ་དང་པོ་ནི་གཞུག་པ་ལགས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང། བདེ་བའི་མཆོག་འགྲུབ ་པར་བགྱི་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་རྟག་ནི་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་སྡིག་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན། ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང་བཟའ་བ་དང་བཏུང་བ་དང་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་དམ་ཚིག་ལ་མི་དགའ་བ་དང། སྔར་བཅད་པ ་ལ་སོགས་པ་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག ་ནི་གར་དང། གླུ་དང་གད་མོ་དང། །ཁ་ཟས་དང། སྤྱོད་པ་ལ་དགའ་བ་རྣམས་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག་གོ་།དེ་བཞིན ་བཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་བླ་ན་མེད་པའི་དགའ་བ་དང་མགུ་བ་དང། རངས་པ་རྣམས་འབྱུང་བ་དེར་ནི་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག ་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་ལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་མགུ་བའི་དམ་པ་ཐམས་ཅད་འགྲུབ་ཅིང་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་བ་དང་ངན་སོང་གི་རྒྱུད་དུ་འཇུག་པར་ཁ་ལྟས་པའི་ལམ་ལས་བཟློག་པར་བགྱི ་བའི་སླད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཏུ་རུང་ངོ། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དམ་པ་གྲུབ་པའི་ཐབས་ཀྱིས། ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཚོལ་བ་ནི་བསམ་གཏན་དང་རྣམ་པར་ཐར་བ་དང། ས་རྣམས་ཀྱི་འབད་ཅིང་ཉོན་མོངས་པར་གྱུར་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ ་ཐམས་ཅད་དུ་འགྲུབ་པར་ཡང་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསུངས་ཏེ། དེ་བས་ན་སྔགས་པས་གང་དག་སྲོག་གཅོད་པ་ལ་རྒྱབ་ཀྱིས་ཕྱོགས་པ་དེ་ནི་ཡོན་ཏན་གཞན་བྲལ་ཡང་གཞུག་ཅིང། གལ་ཏེ ་སྙིང་བརྩེ་བ་མེད་པས་སྲོག་གཅོད་པ་ལས་མ་ལོག་པ་ལྟ་ན། དེ་ནི་བཏང་སྙོམས་སམ་ནན་ཏུར་གྱིས་གཞུག་པ་མ་ཡིན་པ། ཐབས་གཞན་མ་མཐོང་བ་སྟེ། གདུལ་དཀའ་བ་དང་མཚུངས་འདྲ་བ། །སངས་རྒྱས་བྱང་ཆུབ་བསྣོད་མ་ཡིན། དེ་དག་རྟོགས་པར ་བྱ་བའི་ཕྱིར། བཏང་སྙོམས་ཆེན་པོ་གོམས་པར་བྱ་ཞེས་པ་དང། སྡིག་པའི་སེམས་ཅན་ཕན་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་དག་ཡང་དག་བཤད་བྱ་བ་ཞེས་བྱ་བ་ནི་གལ་ཏེ་རྣལ ་འབྱོར་པ་རལ་པ་གཅིག་མའི་མཐུས་གནོད་སྦྱིན་མོ་བསྒྲུབ་པར་འདོད་ན། སྔར་བསྟན་པ་ལྟར་དང་པོར་བྱ་བ་རྣམས་བྱས་ནས་བསྙེན་པ་རྫོགས་པ་དང། བ་རུ་རའི་ཤིང་དྲུང་ལ་སོགས་པར་སོང་སྟེ་གང་འདོད་པའི་གནོད་སྦྱིན ་མོ་དེའི་མིང་སྨོས་པའི་སྔགས། ཨོཾ་ཨེ་ཀ་ཛ་ཊི་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། དེ་ནས་ཕྱི་ནས་སྔགས་ནི་སྤྲོ་ཞིང་བཟླས་ཤེས་གསུངས་པས་སྙིང་ག་ནས་ས་བོན་གྱི་ཡི་གེ་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་ཏེ་དེའི་སྙིང་ག་ནས་དྲང་བར་བསམས ་ཤིང་བཟླས་པ་བྱ་སྟེ། དེར་གཏོར་མ་དང་མཆོད་པ་ལྔ་ཡང་དེ་ལ་བསྔོ་བར་བྱའོ། །གང་གི་ཚེ་འཚོ་བ་ན་བསྟན་པར་བྱ་ཞིང། བཀའ་གུས་པས་ནོད་པ་ན་བཀའ་སྩལ་ཏེ། དེ་ནས་བཟུང་སྟེ་གྲུབ་པའོ། །འདིར་ལུང་ནི། གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི། ། ་གསང་སྔགས་མཉེས་བྱས་གྲུབ་པ་འདི་དག་སྟེར། །མ་དང་སྒྱུག་མོ་སྲིང་མོ་གྲོགས་མོ་དང། །བུ་མོ་ཆུང་མ་མནའ་མར་རབ་འགྲུབ་པར། །མ་དང་སྲིང་མོ་སྒྱུག་མ་དེ་དག་རྣམས། །ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག་།ཡིད་འོང་གྲོགས་མོ་བུ་མོ ་གྲུབ་པ་འབྲིང། །ཆུང་མ་མནའ་མ་གྲུབ་པ་མཛའ་མར་གྲགས། །དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི། །མར་རམ་འབྲུའི་མར་མེ་ཙན་དན་དང། ཨ་ཀར་དྲི་ཞིམ་བདུག་པ་མཆོད་པ་དང། །གཏོར་མ་སྣ་ཚོགས་ནུབ་མོ་སྦྱིན་པར་བྱ། །གནོད་སྦྱིན་མོ་ནི་དགའ་ནས ་མངོན་ཕྱོགས་ནས། །རྙེད་པ་རྙེད་ཅིང་ཁུ་བར་འབྱུང་བར་བྱེད། །འདོད་ཆགས་ཟིལ་གྱིས་གནོན་པའི་བུད་མེད་དག་།གནོད་པ་བྱེད་པ་ངེས་པར་གནས་པར་འགྱུར། །གནོད་པ་བྱེད་ཚེ་འགྲོ་བར་མི་བྱ་ཞིང། །རྙེད་པ་མང་ཉུང་ལ་ཡང་འདོད་མི་བསྐྱེད། །སྔགས ་པས་མཚན་མོ་ཁུ་བ་དག་བྱས་ནས། །བརྩོན་འགྲུས་རབ་ཏུ་འབད་དེ་བསྒྲུབ་པར་བྱ། །སྔགས་པ་སེམས་རྨོངས་པས་ནི་གཞན་དུ་ཡང། །བརྩམས་ནས་ཕུང་བར་ཡང་ནི་འགྱུར་བ་ཉིད་ཅེས་པ་སྦྱར་རོ། །ཡང་ན་ཁུ་བ་དགག་པར་བྱ་སྟེ། བུ་མོས་བཀལ་བའི ་སྐུད་པ་ནི། །ལེབ་རྒན་རྩི་འམ་གུར་ཀུམ་བཙོས། །དེ་ནི་བཟླས་བརྗོད་སྟོང་བྱས་ཤིང། །མདུད་པ་དག་ནི་བདུན་པོར་བ། །སྲོད་ལ་རིག་སྔགས་འདི་ཡིས་ནི། །བདག་གི་རྐེད་པར་གདགས་པར་བྱ། །ོཾ་ཧ་ར་ཧ་ར་བ་ན་དྷ་ནི་ཤཱུ་ཀྲ་དྷ་རི་ནི་སིདྡྷཱ་སྭཱ་ཧཱ། ཟློས་པ་པོ་ལ། ་འདི་ཡིས་ནི། །རྟག་ཏུ་ཁུ་བ་འགག་པར་འགྱུར། །ཞེས་འཕགས་པ་ལེགས་པར་འགྲུབ་ཅེས་བྱ་བ་ལས་གསུངས་སོ། །པུ་ཀ་སི་ནི་རབ་བསྒྲུབ་པ་ཞེས་བྱ་བ་ནི་དེའི་བསྒྲུབ་པའི་ཐབས་ལ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མ་སྣང་བ་བསྒྲུབ ་པ་སྟེ། སྔར་བསྟན་པ་ལྟར་དང་པོར་བྱ་བ་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་བཟླས་ན་དེའི་ཐོ་རངས་དེ་མི་སྣང་བར་འགྱུར་ཏེ། ལྷས་ཀྱང་མི་མཐོང་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ལེའུ་བཅུ་བཞི་པའི་བཤད་པའོ།། །། ་དེ་ནས་ཡང་དག་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་ལ། །འདིར་ཡང་སྔ་མ་ལྟར་བྱ་བ་བྱས་ཏེ། དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་ཆུའི་སྣོད་ལ་རྡོ་ལ་སོགས་པ་བོར་བ་མི་འབྱིང་བ་ཐོ་རངས་གྲུབ་པ་ན་དེས་དེ་གྲུབ་པོ། །གཞན་དག་ནི་ནམ་མཁའ་ལ་འགྲོ་བ་ལ ་ནི། ལུས་ཡང་བ་ཡང་བསམས་ཏེ། བདག་ཟླ་བའི་སྟན་དང་བཅས་པ། སོར་གཅིག་ནས་བརྩམས་ཏེ། ཅུང་ཟད་འཕགས་པར་བསྒོམ་ཞིང་སྔགས་བཟླའོ། །མི་སྣང་བ་ལ་ནི་རང་གི་ལུས་ཕྲ་རབ་ཀྱི་མཐར་བཤིག་ཅིང། དེ་ཡང་མི་སྣང་བར་བྱ་བ་སྔགས ་བཟླས་པ་བྱའོ། །ཆུ་ལ་མི་འབྱིང་བར་བྱ་བ་ལ་ནི་མདུན་དུ་གནས་པའི་ཆུ་རྡུལ་ཕྲ་རབ་ཇི་སྙེད་པ་ཡི་གེ་ལམ་སེར་པོར་གྱུར་པ་ལས་དེ་དག་གཅིག་ཏུ་བསྡུས་ཏེ། དབང་ཆེན་དུ་གྱུར་པར་བསམ་ཞིང་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །ཞེས་འཆད་ལ་གཞན་དག་ནི། འདི་དག ་ནི་རྫུ་འཕྲུལ་གྱི་རིགས་པ་འཛིན་པའི་དངོས་གྲུབ་ཡིན་པས་ན། མདོ་ལས་ཆོས་བཞི་པོ་འདི་དག་ནི་རྫུ་འཕྲུལ་ཐོབ་པའི་རྒྱུ་རྣམ་པ་སྟེ། བཞི་གང་ཞེ་ན། ལུས་ཡང་བ་དང། སེམས་ཡང་བ་དང། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་བ་དང། ཁམས་བཞི་པོ་ནམ་མཁའ་ཨི་ཁམས་སུ ་བྱིན་གྱིས་རློབ་པའོ། །ཞེས་གསུངས་པས་ཡན་ལག་བཞི་པོ་འདི་དང་ལྡན་པས་སྔགས་བཟླའོ་ཞེས་འཆད་དོ། །ཡན་ལག་དེ་དག་མེད་ཀྱང་འདིར་སྔགས་ཀྱི་མཐུས་དེ་ལྟར་འགྱུར་ཞིང་ཡན་ལག་དེ་དག་ནི་གང་འདིར་བསླུ་བ་མེད་དོ། །ཚིག ་གི་དོན་ནི་གོ་སླའོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་ཐབས་སུ་ཤེས་པར་བྱའོ། །མཁའ་སྤྱོད་འགུགས་པར་བྱེད་པའོ་ཞེས་བྱ་བ་ལ་མཁའ་སྤྱོད་ནི་ལྷའི་བུ་མོའོ། །ནམ་མཁའ་ཨི་གནས་ལ་ཞེས་བྱ་བ་ནི་པདྨའི་སྙིང་པོའི་ནང་དུའོ། །རྡོ་རྗེ་ཡན་ལག ་མེད་བསམ་པ། །ཞེས་བྱ་བ་ནི་དེའི་སྔགས་ཨོཾ་ཨ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཁ་དོག་དམར་པོ་འོད་རབ་ཏུ་འཕྲོ་བ་བསམས་ལ། དེ་ལ་འོད་ཟེར་གྱིས་ལུས་གང་བས་ཆགས་པ་ཆེན་པོས་ལུས་འཇུ་པའི་ཚད་ཙམ་དུ་བསྐུལ་ཏེ། བདག་ལ་ལྷག་པར་ཆགས ་པས་དྲུང་དུ་འགྱེལ་བར་བསམ་མོ། །ལེའུ་བཅོ་ལྔ་པའི་བཤད་པའོ།། །།ཁྲག་འཐུང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདིའི་ལས་སྔགས་མ་བསྟན་པ་ལ། ཁ་ཅིག་ན་རེ་འདིའི་ལས་ནི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ཡིན་ཏེ། ་བཟླས་པའི་སྔགས་ནི་དཔལ་དགྱེས་པའི་རྡོ་རྗེའི་རབ་ཏུ་བསྡུས་པའི་ལྷ་དང་མདོག་དང་ལག་ཆ་མཐུན་པས་དེའི་སྔགས། ཨོཾ་ཏྲཻ་ལོཀྱཱཀྵེ་པ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་དཔལ་བདེ་མཆོག་ལས་གསུངས་པའི་ཡི་གེ་བདུན་པའི་སྔགས་སོ་ཞེས ་ཟེར། འདི་དག་ནི་ཅིར་ཡང་མི་སྔགས་པས་སྤངས་ཏེ། འབྲེལ་པ་ཅི་ཡོད། ཨོཾ་ཨཱ་ཧེ་རུ་ཀ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བ་ནི་བཟླས་སྔགས་ཏེ། འདིར་ལྷག་པར་ནི་མཚན་ཡིད་ལ་བྱེད་པ་ཡིན་ལ། དེའི་རྗེས་སུ་ནི་མཚན་གྱི་བཟླས་པ་བྱ་སྟེ། དེ་ནས་རབ ་འབྱམས་རྒྱུད་འདི་ལས་གསུངས་པ་འམ། རྒྱུད་གཞན་དུ་གསུངས་པའི་ལས་གང་རུང་བ་བསྒྲུབ་པར་བྱའོ་ཞེས་དགོངས་པ་ཡིན་པ་ལས་ངེས་པ་མ་གསུངས་སོ། །ཚིག་གི་དོན་ནི་གོ་སླའོ། །ལེའུ་བཅུ་དྲུག་པའི་བཤད་པའོ།། །། ་དེ་ལྟར་ལེའུ་བཅུ་དྲུག་པ་བསྟན་ནས། ད་ནི་ལེའུ་བཅུ་བདུན་པའི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གྱིས་ན་བསྲུང་བ་བསྒོམས་མ་ཐག་ཏུའོ། །བསྒོམ་པ་རྣམ་ལྔ་ཡིས་ཞེས་བྱ་བ་ནི་ཟླ་བ་ཉིད་དང། ས་བོན་ལས་བྱུང་བའི་མཚན་མ་དང། ་དེ་དག་འོད་ཀྱི་གོང་བུར་གྱུར་པ་དང་དེ་ལས་བྱུང་བའི་སྐུ་འམ། ཡང་འདིར་རང་གི་སེམས་སོ་སོར་རྟོག་པ་དང། ཟླ་བ་དང། ཟླ་བ་གཉིས་དང། རྡོ་རྗེ་དང། དེ་ལ་ང་རྒྱལ་བྱ་བ་དང། དེ་ལས་བྱུང་བའི་སྐུ་ཡོངས་སུ་རྫོགས་བ་སྟེ། འཕགས་པ་དེ་ཁོ་ན་འདུས ་པ་ལས་ཇི་སྐད་གསུངས་པའི་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པའོ། །སངས་རྒྱས་སྐུ་ནི་རྣམ་པར་བསྒོམ། ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་སེམས་དཔའ་ཨོ། །དེ་ནས་མཁས་པས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་བསྒོམ ་པར་བྱ་བ་འམ། གསང་བའི་དཀྱིལ་འཁོར་དབྱུང་བའོ། །དེ་ནས་ཇི་ལྟར་སྐར་མ་འཕོ་བ་ལྟར། །བྱང་ཆུབ་སེམས་ནི་བལྟ་བྱ་སྟེ། །ཆགས་པའི་སེམས་ཀྱིས་ནི་ཞེས་འཆད་པ་སྦྱར་རོ། །དེ་ལྟར་ཞུ་བ་ལས་འབྲས་བུའི་རྡོ་རྗེ་སེམས་དཔའ་བསྐུལ་བའི་ཕྱིར ་ཙར་ཏསྩི་ཀ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་བསྐུལ་བས་སྙིང་རྗེས་ཞུ་བ་ལས་རྡོ་རྗེ་འཛིན་གྱི་དངོས་སུ་གྱུར་ཞེས་ཚིག་ལྷག་མའོ། །ད་ནི་རྣལ་འབྱོར་བསྒོམ་པའི་ས་མཚམས་གོ་སླ་བར་བྱ་བའི་ཕྱིར་དང་པོར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ནི་རྣལ་འབྱོར་རོ། །དེ་དང་རྗེས་སུ་མཐུན་པའི་ལྷའི་སྐུ་ལྟ་བུ་ནི་རྗེས་སུ་རྣལ་འབྱོར་ཏེ། ཇི་ལྟར་ཞལ་དང་ཕྱག་མཚན་ལ་སོགས་སྲས་ཇི་བཞིན། །ཞེས་གསུངས་པ་ལྟ་བུའོ། །ལྷའི་འཁོར་ལོ་ཤིན་ཏུ་རྒྱ་ཆེར ་གྱུར་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །བྱིན་གྱིས་བརླབ་པའི་བདག་ཉིད་ཆེན་པོ་ནི་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །དེ་ཡང་ལས་དང་པོའི་རྣལ་འབྱོར་པས་ཇི་སྲིད་ལྷའི་རྣལ་འབྱོར་རགས་པ་སྣང་བ་ཙམ་མངོན་སུམ་དུ་གྱུར་གྱི་བར་དུ་ནི་ཐུན་མཚམས་གསུམ་དུ ་རྣལ་འབྱོར་བཞི་ཆར་བསྒོམ་སྟེ། སྔ་དྲོའི་ཐུན་ལ་ནི་སྤྱན་དྲང་ཞིང་ཕྱེ་འཕྲེད་ཀྱི་ཐུན་ལ་ནི་སླར་གཤེགས་ཤིང། གུང་གི་ཐུན་ལ་ནི་དཀྱིལ་འཁོར་དབྱུང་བ་དང། བསྡུ་བ་ཙམ་སྙིང་གར་བྱའོ། །གང་གི་ཚེ་རགས་པའི་ཡན ་ལག་མཐོང་ནས་སྐུ་རྡོ་རྗེ་ལ་སོགས་པ་ཕྲ་བ་མངོན་སུམ་བུ་གྱུར་གྱི་བར་དུ་ནི་དེ་ཡེ་ཤེས་ལ་ཅུང་ཟད་དབང་བ་དེ། དེས་ནི་ཐུན་མཚམས་བཞིན་བསྲུང་བ་ནས་བརྩམས་ཏེ་ཤིན་ཏུ་སྦྱོར་བའི་བར་དུ་ཡུད་ཙམ་གྱིས་བསམས་ལ་རྣལ་འབྱོར་ཆེན་པོ་ལ་ནི་གུས ་པས་བསྒོམ་པར་བྱའོ། །དེས་སྐུ་རྡོ་རྗེ་ལ་སོགས་པ་ལག་མཐིལ་གྱི་ཤིང་ཏོག་ལྟར་རང་དབང་དུ་མཐོང་བ་ན། དེ་ཡེ་ཤེས་ལ་དབང་ཐོབ་པ་ཡིན་པས་ཐུན་མཚམས་ངེས་པ་མེད་པར་བྱས་ལ། འཆད་པར་བྱེད་པའི་རྫོགས་པའི་རིམ་པ་བསྒོམ་པར་བྱའོ།། ་དེ་ནས་དེས་སྟོང་པ་ཉིད་ལ་ངེས་པར་གནས་ཤིང་ལངས་པ་ན་ཇི་ལྟར་འདོད་པར་སྣང་བ་བྱིན་གྱིས་བརླབས་པར་ནུས་པ་ན། དེ་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱ་སྟེ། བྱ་བ་ངེས་པས་སྒྲོལ་བ་རང་དབང་དུ་གྱུར་པ་གྲུབ་པའི་སྐྱེས་བུ་ཞེས་བྱ ་བར་གནས་པའོ། །ཚིག་གི་དོན་ནི་གོ་སླའོ། །ད་ནི་དེ་ལྟར་སྒོམ་པའི་རྣལ་འབྱོར་པ་བཞི་ཅར་གྱིས་དམ་ཚིག་བསྲུང་བར་བྱ་བ་ཡིན་པས་ན། སློབ་དཔོན་ལ་ནི་བརྙས་མི་བྱ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་བསྟན་ཏེ། ཇི་སྐད་དུ་རྡོ་རྗེ་སློབ་དཔོན་ནི ་གང་གིས་དབང་བསྐུར་བའོ། །དེ་ལ་བསྟི་སྟང་མེད་པ་ནི་དྲོད་འཛིན་ཅིང་བརྙས་ཐབས་བྱེད་པའོ། །ཞེས་བཤད་པ་ལྟ་བུ་དེ་སྤང་ངོ། འདིར་དེ་མ་སྤངས་ན་རྩ་བའི་ལྟུང་བ་ཡིན་ཏེ། ཇི་སྐད་དུ་སྙིང་ནས་སློབ་དཔོན་སྨོད་པ་དག་།སྒྲུབས་ཀྱང་འགྲུབ་པར་ཡོང ་མི་འགྱུར་ཞེས་བྱ་བ་ལ་གང་གིས་ཐད་ནས་གདམས་ངག་ལ་སོགས་བླངས་ནས་ད་ནི་གདམས་ངག་ལ་སོགས་པ་ཐོབ་པས་འདིས་ཅི་ཞིག་དགོས་ཞེས་སྙིང་རིང་པ་ནི། སྙིང་ནས་སློབ་དཔོན་སྨོད་པའོ་ཞེས་བཤད་པ་ལྟ་བུའོ། །དེ་བས་ན་བླ་མ་དཀྱིལ་འཁོར ་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང། །ལུས་སམ་ཡང་ན་ཡིད་ཀྱིས་ཀྱང། །ཤེས་པས་ནམ་ཡང་སྨད་མི་བྱ་ཞེས་གསུངས་སོ། །ཅི་དབང་བསྐུར་བ་འབའ་ཞིག་སློབ་དཔོན་ཡིན་ནམ་ཞེ་ན། སློབ་དཔོན་གང་གིས་དབང་བསྐུར་བ་དང། རྒྱུད་བསྟན་པ་དང ་གང་གིས་ཐད་ནས་ལས་ཀྱི་མན་ངག་མནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་དག་ཀྱང་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ། ཞེས་བཤད་པ་བཟུང་ངོ། །དེ་བས་ན་གང་ཞིག་དམ་ཆོས་ཀློག་པ་དང། འཆད་དང་མན་ངག་སྟོན ་པ་དང། དབང་བསྐུར་བ་དང་ལས་བྱེད་པ། །སློབ་དཔོན་ཞེས་ནི་བྱ་བ་ཡིན། །ཞེས་ཚིགས་སུ་བཅར་ཅིང། ཡང་ཚིགས་བཅད་གཅིག་ཙམ་མཉན་པ་ལའང། །གང་གིས་བླ་མར་མི་འཛིན་པ། །བྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དཱུང་སྐྱེ་བར་འགྱུར། ་ཞེས་གསུངས་སོ། །དེ་བས་ན་གསང་བ་ཟླ་བའི་ཐིག་ལེ་ལས། །མྱུར་དུ་རྡོ་རྗེ་སློབ་དཔོན་ལས། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །གུས་ཤིང་ཞེ་སར་བཅས་པ་ཡིས། །ཤིན་ཏུ་ལྷག་པར་ཕྱོགས་པར་བྱ། །ནམ་ཡང་རྡོ་རྗེ་སློབ་དཔོན་གྱི། །ཐུགས་ནི་དཀྲུག ་པར་མི་བྱ་སྟེ། །ཅི་སྟེ་ཤེས་རབ་འཆལ་པར་བྱེད། །མྱུར་དུ་དམྱལ་བར་ལྟུང་བར་འགྱུར། །ནང་དང་འཚེ་བ་དགྲ་དག་དང། །གདོན་དང་ཉེར་འཚེ་དུག་རྣམས་ཀྱི། །སློབ་དཔོན་ཞབས་ལ་སྨོད་བྱེད་པ། །གཏི་མུག་ཆེན་པོར་འཆིའོ། །བླ་མ་ལས་ནི་དངོས་གྲུབ ་ཐོབ། བླ་མ་མཐོ་རིས་བླ་མ་བདེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ་ཞེས་སོ། །ཤེས་བཞིན་དུ་དེ་མི་དགྱེས་པས་མི་འཇིགས་པ་ནི་འདིར་རྫོགས་པའོ། །བདེ་གཤེགས་བཀའ་ལས་འདའ་བ་མིན་ཞེས་བྱ་བ་ནི་སྔར་ཡི ་གེ་དབྱི་བའི་དུས་སུ་བསྟན་པ་ལྟ་བུ་སྟེ། བཀའ་ཁྱད་དུ་གསོད་པའོ། །སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལས་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་པ་སྟེ་དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྟོན་རྣམས་བརྗོད་པར་མི་བྱའོ། །བྱམས་པའི་སེམས ་ནི་བླ་མེད་པའི་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པ་སྟེ། དེ་ནམ་ཡང་དོར་རེ་བར་མི་བྱའོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་གཞན་དུ་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པ་ཡུལ་སྙིང་རྗེ་སྟེ། དེ་ནམ་ཡང ་དོར་བར་མི་བྱ་ཞེས་བྱ་བ་སྐད་ཅིག་ཙམ་ཡང་མི་སྤང་ངོ། །བདག་གཞན་ཆོས་ཞེས་བྱ་བ་ནི། །རང་དང་གཞན་གྱི་གྲུབ་པའི་མཛའ་ཨི་ཆོས་ལ་སྟེ། །སྨད་མི་བྱ་ཞེས་བྱ་བ་ནི་རྩོད་པས་སུན་དབྱུང་བར་མི་བྱ་སྟེ། འགྲོ་བ་དག་ནི་རང་རང་གི་འདུན་བའི་ཐེག་པ ་ཙམ་ལས་རིམ་གྱིས་འཇུག་ཅིང་བྱང་ཆུབ་པར་འགྱུར་གྱི་བཙན་ཐབས་སུ་འདུན་པ་བཟློག་པ་ནི་སྡང་བ་འཕེལ་བའི་རྒྱུ་ཙམ་ཡིན་པས་བཞག་སྟེ། །དེ་བས་ན་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང། ཆོས་ལ་བརྩོད་པར་མི་བྱ། ཆོས་ལ ་བརྩོད་པར་དགའ་བར་མི་བྱའོ། །ཞེས་གསུངས་སོ། །མ་སྦྱངས་པ་ནི་ཤེས་རབ་མ་སྦྱངས་པ་སྟེ། དེ་ལས་གསང་ཞེས་བྱ་བ་སྟོང་པ་ཉིད་དང་ལྡན་པའི་ཚིག་རྣམས་སྨྲ་བར་མི་བྱའོ། །རང་གི་ཕུང་པོ་ནི་གཟུགས་ལ་སོགས་པ་སྟེ་དེ་དག་ལ་བརྙས་པར་མི་བྱ་བ ་ནི། འདི་ཁུར་གྱི་ཕྱིར་ཕུང་པོའོ། །ཞེས་བྱ་བ་ལ་སོགས་པས་མི་སྨད་དེ། །བདག་སྨོད་རོ་ཡིན་སྐྱེས་བུའི་སྐྱིད་པ་འཇིག་པར་བྱེད་ཅེས་བཤད་པའི་ཕྱིར་དང། གསང་སྔགས་ཀྱི་ཚུལ་འདིར་ནི་ཕུང་པོ་ལྔ་པོ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ ་བརྩོན་འགྲུས་ཀྱིས་ངེས་པར་གནས་པའོ། །དངོས་མེད་ཆོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནམ་ཡང་མི་སྨད་དེ། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། ཞེས ་གསུངས་པས་སོ། །སྡད་བཞེས་བྱ་བ་ནི་བསྟན་པ་འཇིག་པ་སྟེ། དེ་ལ་བྱམས་པ་ནི་བཟོད་ཅིང་ཕན་འདོགས་པ་སྟེ། དེ་སྤང་བ་ནི་བསད་པ་ལ་སོགས་པར་སྦྱར་བས་སོ། །ཆོས་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་གསུངས་པའོ། །དེ་ལ་ཚད་མས? ་གཞལ་མི་བྱ་ཞེས་བྱ་བའི་དོན་ནི་སྔོན་དུ་དཔྱད་ཟིན་ཏོ། །དད་ལྡན་སེམས་ཅན་ཞེས་བྱ་བ་ནི། བདག་གི་ཕའི་བགོ་སྐལ་གྱི་ཡུལ་ལ་རབ་ཏུ་དང་བ་སྟེ། དེའི་སེམས་བཟློག་པ་མིན་ཞེས་བྱ་བ་སུན་མི་དབྱུང་བའོ། །དམ་རྫས་ཞེས་བྱ་བ་ནི་བདུད་རྩི་ལྔའོ།། ་བསྟན་པར་བྱ་པ་ནི་བྱིན་གྱིས་བརླབས་པས་ཏེ། དེ་ཡང་རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུའོ། །ཁ་ཅིག་ན་རེ་སྤྱོད་པ་བྱེད་པ་ནའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ནི། །རྣམ་དག་ཆོས་ཉིད་ཤུཀྲ་སྟེ་ཞེས་བྱ་བ་ལ་སོགས་པའི་རིམ་པས་བསྟེན་པ་ཡིན་གྱི ་གཞན་དུ་མ་ཡིན་ནོ། །ཞེས་ཟེར་ཏེ་ལེགས་པར་བཤད་དོ། །བུད་མེད་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་མོ་འཇིག་རྟེན་ལས་འདས་པའི། །དེ་དག་ཉིད་སྲིད་པ་སྐྱེས་པས་ན་ཤེས་རབ་ཀྱི་རང་བཞིན་ཏེ། རྒྱལ་བ་སྐྱེད་མ་ལས། སྲས་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་དབྱུང་བ་དང་ཆོས་མཐུན་ཏེ། ཇི་སྐད་དུ། གཞན་དོན་ལ་དགའ་བདག་ཉིད་ཅན། །དཔའ་བོ་དག་ནི་ཀུན་གྱི་ཡང། །གསོ་མཛད་སྐྱེད་པར་མཛད་མ་དེ། །བྱམས་པ་ཡི་ནི་ཡུམ་ལགས་སོ། །ཞེས་གསུངས་པ་དང་སྦྱར་རོ། །བུད ་མེད་ཤེས་རབ་རང་བཞིན་པས་ཞེས་བྱ་བ་ནི་བུད་མེད་རྣམས་ནི་ཤེས་རབ་སོར་གཉིས་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། རྩོད་པའི་དུས་འདིར་ནི་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་ཅིང་འཛིན་དེ། བུད་མེད་འདོད་པས་འགྲོ་འོང་མེད་ཅེས་གསུངས་པ་ཡིན་ནོ།། ་དེ་བས་ན་དེ་རྣམས་རབ་ཏུ་གདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ནས་པར་ག་ལ་སྨད་དོ། །དགེ་སྤྱོང་གིས་རབ་ཏུ་དབྱེ་བ་ལས། །བུད་མེད་རྣམས་ལ་སྨད་མི་བྱ། །བསྟོད་པར་ཡང་ནི་དེ་མི་བྱ། །ཞེས་བཤད་ཅིང་འདིར་འགྱུར་བའི་ལུང་གཞན་ཡང ་འཕགས་པ་འདུས་པ་ཆེན་པོ་རིན་ཆེན་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། ཡང་དེ་ཚེ་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅེས་བྱ་བ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ལྷའི་ལས་འདས་པའི་གོས་དང་སྤུད་པ་དང་རྒྱན ་དང། མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་རྒྱ་ཆེན་པོ་མཆོག་རྣམས་ཀྱིས་ལུས་བརྒྱན་ནས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ། ཚངས་པ་ཆེན་པོའི་སྟོབས་ཀྱིས་ཡུལ་བཀོད་པའི་བྱིན་གྱིས་བརླབས་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྤྱན་སྔ་ན་འདུག་གོ། དེ་ནས་ཚངས་པ་ཆེན་པོ་ཕུན་སུམ་ཚོགས་པའི་དབང་ཕྱུག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང། ་བདག་གིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་དབྱངས་ཀྱི་གོ་བར་བགྱི་བ་ལ་དེར་བདག་ལ་བགེགས་ཅུང་ཟད་ཀྱང་མི་འབྱུང་བར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་རྣམ་པར་གདོན་མི་འཚལ་བར་བསྟན་པར་བདག་ལ་བྱིན་གྱིས་རློབ་དུ་གསོལ ་བདག་གིས་པ་ལྟར་ཆོས་སྨྲ་བ་རྣམས་དང། ཆོས་ཉན་པ་རྣམས་ཀྱི་སླད་དུ་འདི་འདྲ་བའི་གསང་སྔགས་ཀྱི་ཚིག་བསྲུང་བ་བཤད་པར་བགྱི་སྟེ། ཅི་ནས་སླད་མའི་དུས་ན་བདུད་དང་བདུད་ཀྱི་འཁོར་རམ། ལྷ་འམ་ཀླཱུམ། ཀླུ་མོ་འམ། ཀླུ་རྒན་པོ་འམ། ་ཀླུའི་འཁོར་ཕོ་འམ། ཀླུའི་འཁོར་མོ་འམ། ཀླུའི་བུ་ཕོ་འམ། ཀླུའི་བུ་མོ་འམ། དེ་བཞིན་དུ་རྒྱས་པར་བགྱི་སྟེ། ཤ་ཟ་འམ་ཤ་ཟ་མོ་འམ་ཤ་ཟ་རྒན་པོ་འམ་ཤ་ཟ་རྒན་མོ་འམ། ཤ་ཟའི་འཁོར་ཕོ་འམ། ཤ་ཟའི་འཁོར་མོ་འམ། ཤ་ཟའི་འཁོར་བུ་འམ ་ཤ་ཟའི་འཁོར་བུ་མོ་འམ། མི་འམ་མི་མ་ལགས་པའི་བར་གང་ལ་ལ་ཆོས་སྨྲ་བ་དང་ཆོས་ཉན་པ་རྣམས་ལ་གླགས་ལྟ་འམ། སྐབས་ཚོལ་བའི་དགྲ་ཕྱིར་རྒོལ་བཞིག་མཆིས་ཏེ་ཐ་ན་ཆོས་སྨྲ་བ་འམ་ཆོས་ཉན་པ་རྣམས་ཀྱིས་སྦུའི་ཁུང་བུ་གཅིག ་ཙམ་ལ་ཡང་འཚེ་བ་དམ་གནོད་པར་བགྱིད་དམ་འཇིགས་པ་བགྱིད་དམ། མདངས་འཕྲོག་གམ། ལུས་ལ་དབུགས་ཆེན་པོ་གཏོར་དམ། ཐ་ན་སྐད་ཅིག་གཅིག་ཀྱང་སྔར་བའི་སེམས་ཀྱིས་ལྟ་ན། བདག་གིས་བདུད་ནས་མི་དང་མི་མ་ལགས་པའི་བར་དེ ་དག་བཟློག་པ་དང། ཆད་པ་བཅད་པ་དང། ཚར་བཅད་པ་དང། རྨུགས་པ་དང། རེངས་པ་དང་རྨོངས་པར་བགྱི། བྲོ་ན་བ་སྩོལ་བར་བགྱི་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། གང་བདག་གིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་དབྱངས ་ཀྱིས་གང་བར་བགྱི་བའི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བྱིན་གྱིས་བརླབ་ཏུ་གསོལ། འདི་ལ་སུ་ཞིག་བདག་གི་གྲོགས་སུ་འགྱུར། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཅང་མི་གསུང་བར་གྱུར་པར་སྣང་བ་མཛད་དོ། །དེ་ནས་བརྒྱ་བྱིན ་གཙུག་པུད་འཛིན་ཅེས་བྱ་བ་ཛམྦུ་ཆུ་བོའི་གསེར་གྱིས་བརྒྱན་གྱིས་ལུས་ལ་བརྒྱན་ནས་ཧ་ཅང་ཡང་མ་རིང་བ་ཞིག་ན་འདུག་གོ་།དེ་ནས་བརྒྱ་བྱིན་གཙུག་པུད་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དེ་བཞིན ་གཤེགས་པ་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་མ་འདུག་ཅིག། སྲིང་མོ་འདིར་བག་མེད་པར་མ་བྱེད་ཅིང། བཅོམ་ལྡན་འདས་ལ་མ་འཆེ་ཞིག་།དེ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ནི་སྤྲོས་ལ་དགའ་། །དེ་བཞིན་གཤེགས་པ་སྤྲོས་མ་མིང་ལ། །དེ་དག་སྐྱེ་འཇིག ་མཚན་ཉིད་ཀྱི། །འདུས་བྱས་དག་ཀྱང་སྟོན་པར་མཛད། །དེ་བཞིན་གཤེགས་པ་ནི་གཟུགས་དང། ཡི་གེ་དང། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚུལ་བརྙེས་པ་སྟེ། སྲིང་མོ་དེ་བཞིན་གཤེགས་པ་ནི་འདི་ལྟ་སྟེ། ནམ་མཁའ་དང་མཉམ་པ ་ཉིད་དུ་གཅིག་པས་དེ་བཞིན་ཉིད་ལ་འགལ་བར་མི་མཛད་དོ། །ནམ་མཁའ་ལ་ནི་འདུ་བྱེད་གསུམ་གྱིས་འཇིག་པའི་མཚན་ཉིད་སྒྲོ་བཏགས་པ་མེད་དོ། །ཇི་ལྟར་འདུ་བྱེད་རྣམས་ལ་ནམ་མཁའ་མི་རྟོག་ཅིང། རྣམ་པར་མི་རྟོག་པ་དེ་བཞིན་དུ། དེ་བཞིན ་གཤེགས་པ་ཡང་འདོད་པའི་ཡོན་ཏན་ལ་སྤྲོས་པར་མི་མཛད་དོ། །མི་རྟོག་རྣམ་པར་མི་རྟོག་།མི་གནས་མངོན་པར་མི་ཞེན་ཏེ། དེ་བཞིན་དུ་སྲོག་ལ་མ་ཡིན། སྐྱེ་བ་པོ?་ལ་མ་ཡིན་གསོ་བ་ལ་མ་ཡིན། སྐྱེས་བུ་ལ་མ་ཡིན། གང་ཟག་ལ་མ་ཡིན། ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་སྤྲོ་བར་མི་མཛད་མངོན་པར་མི་ཞེན་ན། སྲིང་མོ་ཁྱོད་ཀྱིས་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ལ་སྤྲོ་བར་བྱེད། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བཀའ་སྩལ ་པ། ལྷའི་དབང་པོ་རྟོག་སྟེ། ཚིག་སྨོས་ཤིག་ཁྱོད་ལ་དེས་མི་སྡུག་པའི་འབྲས་བུར་གྱུར་ལྟ་རེ། སྐྱེས་བུ་དམ་པ་ཆེན་པོ་འདི་ནི་སངས་རྒྱས་མང་པོ་ལ་ལྷག་པར་བྱ་བ་བྱས་ཤིང། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའོ། ་སྐྱེས་བུ་དམ་པ་འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར། ལེགས་པར་བརྒྱན་ནས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་པ་ཡིན་གྱིས། །འདི་ལ་བུད་མེད་ཅེས་ཚིག་ཏུ་མ་བརྗོད་ཅིག་།དེ་ནས་བརྒྱ་བྱིན་གཙུག་པུད་འཛིན་གྱིས་ཚངས་པ ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ལ་ཐུགས་བརྩེ་དགོངས་ཏེ་བཟོད་པར་གསོལ་ལོ། །འདི་སྐད་སྨྲས་པས་བདག་འབྲས་བུ་མི་སྡུག་པ་ཐོབ་པར་མ་གྱུར་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན ་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྒྱ་བྱིན་གྱིས་ཚིག་དེ་སླར་མ་བཤགས་ན་དེའི་འབྲས་བུ་རྣམ་པར་སྨིན་པ་ཇི་ཙམ་ཞིག་ཏུ་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བཀའ་སྩལ་།རིགས་ཀྱི་བུ་གལ་ཏེ་སླར་མ་བཤེགས ་སུ་ཟིན་ན་ཚེ་རབས་བརྒྱད་ཁྲི་བཞི་སྟོང་དུ་འདོད་པའི་མངལ་སྨད་པ་བུད་མེད་ཀྱི་དངོས་པོ་ཡོངས་སུ་བླངས་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་ཅི་ནས་ཀྱང་དག་གི་ལས་བསྲུང་བར་བྱའོ། །ཞེས་གསུངས་སོ། །དེའི་ཕྱིར་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི ་དག་ནི། སྔགས་རྣམས་ཀྱི་གནད་ཀྱི་གནས་ལྟ་བུར་མི་ཟད་པའི་གནས་ཡིན་པས་རབ་ཏུ་ཡང་འབད་པས་བསྲུང་ངོ། །གལ་ཏེ་ཉམས་པ་ལྟ་ན་འཆད་པར་བྱེད་པ་ལྟར་གསོ་བར་བྱའོ། །གཞན་དུ་ན་ཇི་ལྟར་ཤིང་ཏ་ལ་ཡ་ཏོག་སྐམ་པ་ལྟར་ལྷག ་མའི་རྣལ་འབྱོར་ལ་སོགས་པས་འབྲས་བུ་འབྱིན་པར་མི་ནུས་སོ། །འོ་ན་ཤིན་ཏུ་ཚུལ་ཁྲིམས་འཆོལ་དུ་ཟིན་ཀྱང། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བསྒྲུབས་ན་འགྲུབ་པར་འགྱུར་བས་ཡི་ཆད་པ་མེད་པར་བསྒྲུབ་པར་བྱའོ། །ཞེས་གསུངས་པ ་ཇི་ལྟར་དྲང་ཞེ་ན། བསྒྲུབ་པ་ཉིད་ལྟུང་བ་ལས་བསླང་བ་དང། དུས་དང་པོའི་དབང་ངམ། ཡིད་ལ་རེ་པ་ཆད་པ་དག་ཐུགས་རྗེས་བཟུང་བ་ཉིད་ཀྱི་ཕྱིར། དེ་སྐད་ཅེས་གསུངས་པར་གསལ་ལོ། །དེ་ལྟར་རྩ་བའི་ལྟུང་བ་རྣམ་པར་དབྱེ་བའི་གནས་སྐབས ་འདིའི། བདག་གིས་གཞུང་ཉེ་བར་དབྱེ་བ་ཙམ་ལས་མ་བརྗོད་ཀྱིས། བདག་ལ་ལེགས་པར་འདོད་པ་དག་ཞལ་ནས་ཞལ་དུ་འོངས་པའི་བླ་མའི་མན་ངག་བཟང་པོ་བར་འདིར་གུས་པར་བླ་མ་མཉེས་པར་གྱིས་ལ་ཞུགས་ཤིག། དེ་བཞིན་དུ་རྒྱུད་འདི ་དང་གཞན་དུ་བླ་མ་ལ་གུས་པའི་སློབ་མས་རང་གི་བློའི་འཇུག་པས་མི་སྤོགས་པས་བླ་མ་ལ་རག་ལས་པ་ཡོད་དེ། གསང་སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས་ཞེས་བྱ་བ་ལ་སོགས་པས་སྨད་པ་དེ་དག་གིས་མི་ཤེས་པར་བྱས་སོ།། །། ་ད་ནི་ཡན་ལག་གི་ལྟུང་བ་བསྟན་ཏེ། སློང་ཞིང་འཁྱམ་པར་མི་བྱ་སྟེ་ཞེས་བྱ་བ་ནི། ཟས་ལ་ཆགས་པས་ནི་སློངས་མོ་མི་བྱའོ། །རྣལ་འབྱོར་སྦྱོར་བ་ནི་ལྷའི་རྣལ་འབྱོར་པའི་ཏིང་ངེ་འཛིན་ཏོ། །གསང་སྔགས་ཞེས་བྱ་བ་ནི། ཧྲཱི(རྒྱུད་འགྲེལ་རྫས་ལ་སོགས་ཞེས་བྱ་བ་ནི། ཤ་ལྔ་དང་གཏོར་མ་དང་ལྷ་བཤོས་ལ་སོགས་པའོ། །བླ་མ་བརྙས་པར་གྱུར་པ་འམ། ཞེས་བྱ་བ་ལ་སོགས་པས་ནི་རྩ་བའི་ལྟུང་བ་བྱུང་ན་སླར་དཀྱིལ་འཁོར་དུ་ཞུགས་ལ་དཔང་བླང་བ་སྟེ། ཇི་སྐད་དུ། རྩ་བའི་ལྟུང་བ་བྱུང ་བ་ན། སྦྱར་ཕྱིར་དཀྱིལ་འཁོར་ཞུགས་ནས་ནི། །བཀའ་ཐོབ་བྱས་ན་ཐུ་བོ་ཡང། །ཆུང་ངུ་དག་ཏུ་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །དད་ལྡན་ཞེས་བྱ་བ་ནི་དད་པ་དང་ལྡན་པར་བྱ་བ་སྟེ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་སྐྱེ ་སྟེ། ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་ཤལོ་ཀ་གསུངས་པས་སོ། །བླ་མ་ཞེས་བྱ་བ་ནི། དེ་ལ་གུས་པར་བྱ་བ་སྟེ། ཇི་སྐད་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔེར་ན་ཉི ་མ་ཟླ་བ་གཉིས། །འཇིག་རྟེན་མིག་ཏུ་མཁས་པ་འདོད། །དེ་བཞིན་སྐྱེ་བོ་འདི་ལ་ཡང། །སློབ་དཔོན་འདི་ནི་མིག་འདྲར་འདོད། །དཔེར་ན་མེ་ཡི་ཁམས་དེ་ནི། །བུད་ཤིང་ཐམས་ཅད་སྲེག་པར་བྱེད། །དེ་བཞིན་སློབ་དཔོན་ཞེས་བྱ་བ། མི་ཤེས ་བུད་ཤིང་སྲེག་པར་བྱེད། །དཔེར་ན་ཆུ་ཡི་ཁམས་དེ་ནི། །འཇིག་རྟེན་གདུང་བ་ཐམས་ཅད་གཅོད། །དེ་བཞིན་དུ་ནི་སློབ་དཔོན་ཡང། །གདུང་བ་ཀུན་གཅོད་ཤེས་པར་བྱ། །དཔེར་ན་རླུང་གི་ཁམས་དེ་ཡང། །འཇིག་རྟེན་ཐམས་ཅད་རྟག་ཏུ་སྒྲུབ ་དེ་བཞིན་སློབ་དཔོན་སློབ་མ་ལ། །དགེ་བ་རྣམ་པར་སྒྲུབ་པར་བྱེད། །དཔེར་ན་ལུས་ཅན་ཐམས་ཅད་ཀྱི། །གནས་ནི་ས་གཞིར་གྲགས་པ་ལྟར། །དེ་བཞིན་དུ་ནི་ཆོས་རྣམས་ཀྱི། །གནས་སུ་སློབ་དཔོན་གྲགས་པ་ཡིན། །ཇི་ལྟར་བཅོམ་ལྡན་རྣམ ་སྣང་མཛད། །ཆོས་རྣམས་ཐམས་ཅད་རྟོགས་འགྱུར་བ། །དེ་བཞིན་སློབ་དཔོན་ཞེས་བྱ་བ། །ཆོས་རྣམས་ཐམས་ཅད་རྟོགས་གྱུར་པ། །ཇི་ལྟར་དཔལ་ལྡན་རྡོ་རྗེ་འཛིན། །གསང་བ་ཐམས་ཅད་འཛིན་པའོ། །དེ་བཞིན་འདིར་ཡང་སློབ་དཔོན་ནི། ། ་གསང་སྔགས་རྣམས་ཀྱི་གསང་བ་འཛིན། །དཀོན་མཆོག་གསུམ་གྱི་བསྔགས་པ་དག་།དེ་ནི་རྟག་ཏུ་སྨྲ་བར་བྱེད། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྔགས་པ་ཆེན་པོའང་དེ་ཉིད་སྨྲ། །དཔེར་ན་སངས་རྒྱས་བཅོམ་ལྡན་འདས། །ཡང ་དག་ལམ་སྟོན་མིག་མཛད་པ། །དེ་བཞིན་སྔགས་པ་འཇིག་མེད་པའང། །ཐེག་ཆེན་འདི་ལ་ལམ་སྟོན་མིག་།ང་དང་འདྲ་བར་སྔགས་པ་ལྟ། །ང་དང་སྔགས་པ་གཞན་མི་ལྟ། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། ། ་ཡོན་ཏན་བཟུང་ན་དངོས་གྲུབ་ཐོ། །སྐྱོན་རྣམས་བཟུང་ན་དངོས་གྲུབ་མིན། །དེ་བཞིན་ཚེ་ཡང་ཐུང་པ་དང། །ངན་འགྲོ་དག་ཏུ་ལྟུང་བར་འགྱུར། །སློབ་དཔོན་སྨོད་པར་བྱེད་པ་ནི། །ཉ་པ་ལ་སོགས་རིགས་སུ་སྐྱེ། །ཉེས་པ་ཐམས་ཅད་བྱེད་འགྱུར་ཡང། །མཁས ་པས་བླ་མ་སྨད་མི་བྱ། །ཆོས་འདོད་པས་ནི་རྟག་པ་རུ། །སློབ་དཔོན་རབ་ཏུ་མགུ་བར་བྱ། །ས་གཞི་གང་ན་རྒྱལ་སྲས་དེ། །བཞུགས་པའི་ས་དེ་མཆོད་རྟེན་འགྱུར། །དེར་ནི་ང་དང་རྒྱལ་སྲས་ཀུན། །གསལ་ཞིང་དབྱེ་བ་ཅུང་ཟད་མེད། ཅེས་གསུངས་སོ།། ་ཁ་ཅིག་ནི་བླ་མ་ལ་དད་པ་དང་ལྡན་པར་བྱ་ཞེས་འདོན་ཏོ། །འདིར་བླ་མའི་བཀུར་བ་གསུམ་བསྟན་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་དབང་དུ་བྱས་པ་འམ། རབ་ཏུ་ཡང་གུས་པར་བྱ་བའི་ཕྱིར་བཟླས་པ་སྟེ། འདི་གསུམ་གྱིས་དང་པོ་སྤངས་པ་ལ་དགོངས ་སོ། དམ་ཚིག་བསྲུབ་ཞེས་བྱ་བ་ནི། དམ་ཚིག་རབ་ཏུ་མི་སྤང་བ་སྟེ། །ཇི་སྐད་དུ་གསང་བ་ཟླ་བའི་ཐིག་ལེ་ལས། སྔགས་ཀྱི་དམ་ཚིག་དོན་འདོད་པས། །དམ་ཚིག་བསྲུང་བ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས ་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་ཉམས། །གསོལ་ཡང་བཞེས་སུ་མི་གནང་སྟེ། །འཇིག་རྟེན་འདིར་ནི་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་པ་འདོད་པའོ། །རྨོངས་པའི་བདག་ཉིད་དེས་འཐོབ་བོ། ། ་སློབ་མ་དེ་ཡང་དེ་བཞིན་དུ། །བློ་གཞན་སྡུག་བསྔལ་ཐོབ་འགྱུར་ཏེ། །དེ་ནི་སྔགས་ཀྱི་དོན་མི་སྨིན། །ལྷ་རྣམས་ཀྱི་ནི་བདེ་བ་མམཆོག་།དམ་ཚིག་མེད་བའི་སློབ་མ་ལ། །ནམ་ཡང་སྦྱིན་པར་མི་འགྱུར་རོ། །དེ་བས་དམ་ཚིག་གཙོ་ཡིན་ཏེ། །ཐོག་མར་བྱས ་ནས་སྦྱིན་པར་བྱ་ཞེས་གསུངས་སོ། །བརྟན་བར་སྙིང་རྗེ་བསྐྱེད་ཅེས་བྱ་བ་སྟེ། བརྟན་པའི་རིམ་པ་སྙིང་རྗེས་ཕྱེ་བའི་ཕྱིར་ཏེ། སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང། །དེ་ཉིད་བསྒོམ་དང་མཆོད་པ་དང། །སྙིང་རྗེས་སྔགས་ནི་གྲུབ་འགྱུར་ཏེ། །གཞན་དུ་མཆོག ་ཏུ་ཉོན་མོངས་འགྱུར་ཞེས་གསུངས་པའོ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི། འཇིག་རྟེན་དང་བསྟན་བཅོས་ལས་སྨད་པའི་བྱ་བ་མི་བྱ་བ་སྟེ། ཇི་སྐད་དུ། སྟངས་དང་མཆོད་པ་དང་ནི་གར ་བྱེད་དང། གླུ་ལེན་རྔ་བརྡུང་སྐྱེ་བོས་དཔྱ་འགྱུར་དང། །ལྷག་པའི་ང་རྒྱལ་འདྲི་དང་འདོད་ཆེན་དང། །རྒྱན་པོ་དག་ནི་འདུས་པ་ལྟ་འདོད་དང། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང། །བསྟན་བཅོས་ངན་དང་སྙན་དངགས་ཀློག་འདོན་དང། །ཆགས ་དང་འཆིག་དང་དྲེགས་དང་རྒྱགས་པ་དང། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང། །ཤ་ཆང་ཀེའུ་དང། བཙོང་དང་སྒོང་རྡོག་དང། འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང། །གུ་ལང་མཆོད་བྱས་གཏོར ་མ་མི་ཟའོ། །ངས་ནི་སྔགས་པའི་ཁ་ཟས་དཀར་གསུམ་དང། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང། །ཞོ་དང་ནས་ངར་འོ་མ་མར་དང་ནི། །འབྲུ་མར་ཚིགས་མ་དང་བ་འོལ་ཀོན་དང། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས ་བཤད་ལ། ཡང་གཞན་དུ། དེ་ནས་གཞན་ཡང་བཤད་པ་ནི། །གསང་སྔགས་ཟློས་པའི་འདུལ་བ་སྟེ། །གང་ལ་གནས་ན་དངོས་གྲུབ་རྣམས། །ཟློས་པས་མྱུར་དུ་ཐོབ་འགྱུར་བ། །གསང་སྔགས་ཀུན་དང་ལྷ་ཀུན་དང། །ཟློས་པ་མཐུ་ཆེན་རྣམས ་ལ་ཡང། །སྒྲུབ་པོས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང། །གསང་སྔགས་རང་བཟོར་མི་བྱའོ། །བདག་ཉིད་ངན་པའི་མི་རྣམས་ལའང། །བརྙས་པ་དག་ནི་ཡོད་མི་བྱ། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན ་ཡང། ལུས་སེམས་ཡང་ན་ཡིད་ཀྱིས་ཀྱང། །ཤེས་པས་ནམ་ཡང་མི་སྨད་དོ། །རིགས་སྔགས་དག་ལ་ཁྲོས་ནས་ནི། །དགུག་དང་བཅིང་དང་བཅད་པ་དང། །ཚེར་བཅད་མཁས་པས་མི་བྱའོ། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང ་བར། གསང་སྔགས་དག་ནི་མི་བཟུང་ངོ། །བསྙེན་བཀུར་མ་བྱས་པར་ཡང་ནི། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །གསང་སྔགས་ཆོ་ག་ཕྱག་རྒྱ་དང། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག་།དཀྱིལ་འཁོར་མ་ཞུགས་པ་ལ་ནི། །རྒྱུད་ཤེས་མཁས་པས ་མི་སྦྱིན་ནོ། །མཚོན་ཆའི་དྲ་བ་ཐམས་ཅད་དང། །སེམས་ཅན་གཟུགས་བརྙན་དེ་བཞིན་ཏེ། །ཕྱག་རྒྱའི་གཟུགས་ནི་སྣ་ཚོགས་པའང། །བཟའ་བར་མི་བྱ་མི་འགོད་དོ། །སྨན་རྣམས་སྨད་པར་མི་བྱ་ཞིང། །མི་གཙང་བས་ཀྱང་རག་མི་བྱ། །སྒྲུབ་པ་པོ་ནི་བློ་ཅན ་གྱིས། རྐང་པ་དག་གི་མི་འགོང་ངོ། །ཐེག་པ་ཆེན་པོ་པ་དག་དང། །ཤེས་རབ་ཅན་གྱི་རྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག་།ཐོས་ནས་སུན་ཡང་མི་དབྱུང་ངོ། །སྒྲུབ་པ་པོ་དང་འགྲན་བ་དང། །སྔགས་ཀྱིས་ནམ་ཡང་མི་བྱའོ། །ཁྲོས་པས་ཉེས་པ ་ཆུང་ངུ་ལ། །དྲག་ཤུལ་སྤྱད་པར་མི་བྱའོ། །ཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱའོ། །ཕྲེང་བ་ཁ་དོག་བྱུག་པ་དག་།མཛེས་པའི་ཕྱིར་ནི་མི་བྱའོ། །འགོང་བ་དང་ནི་མཆོད་མི་བྱ། །རྒྱུག་དང་དྲག་ཤུལ་མི་བྱའོ། །ལུས་ལས་བྱུང་བ་ཐམས་ཅད་ཀྱི། ། ་ཉེས་པ་དངོས་པོ་སྤོང་བར་བྱ། །ལོག་པ་གཏུམ་པོ་འགྱུར་དང་རྩུབ། །དབྱེན་གྱི་ཚིག་རྣམས་སྨྲ་མི་བྱ། །བདེན་པའི་ཆོས་ལ་གནས་པས་ནི། །དོན་མེད་གཏམ་ཡང་མི་བྱ་ཞིང། །མུ་སྟེགས་ཅན་དང་གནས་པ་དང། །རྩོད་པ་དག་ཀྱང་མི་བྱའོ། །གདོལ ་པ་ལ་སོགས་མ་རབས་དང། །གསང་སྔགས་བཟློས་པས་སྨྲ་མི་བྱ། །སྔགས་གཡོག་གཅིག་པུས་མ་གཏོགས་པར། །གཞན་དང་ལྷན་ཅིག་མི་དགོས་བར། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སུ་དང་ཡང་ནི་མི་སྨྲའོ། །འབྲུ་མར་དག་གིས་ལུས་མི་བསྐུ། ་ཏིལ་མང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་བཙོང་དག་དང། །བཅའ་སྒྱུར་རྣམ་པ་ཐ་དད་དང། །ཅུང་བེད་དང་ནི་སྲིན་རིལ་དང། །མ་ཤའི་སྲན་ཅན་དེ་བཞིན་ཏེ། །ཏིལ་གྱི་ཅུང་བེད་ལ་དུ་དག་།དངོས་གྲུབ་འདོད་པས་རྣམ་པར་སྣང། །ལོག་འདྲེན་གྱི་ནི་ཟས ་ཀུན་དང། །གཏོར་མའི་ཁ་ཟས་ཐམས་ཅད་དང། །ཀྲིས་ར་དང་འོ་ཐུག་ཀྱང། །གསང་སྔགས་བཟླས་པས་རྣམ་པར་སྤང། །ཤིང་རྟ་ལ་སོགས་བཞོན་པ་དང། །པདྨ་ལ་སོགས་དེ་བཞིན་ཏེ། །ཁ་ཟས་ལྷག་མ་བོར་བ ་ལའང། །རྐང་པ་དག་གིས་རེག་མི་བྱ། །སྒེགས་པའི་ཆོ་ག་ཐམས་ཅད་དང། །ལྷམ་དང་གདུགས་དག་འཛིན་པ་དང། །ལུས་ཀྱི་བྱི་དོར་ཐམས་ཅད་ནི། །གསང་སྔགས་ཟློས་པས་རྣམ་པར་སྤང། །རྐང་པས་རྐང་པ་མི་གཉེ་ཞིང། །ལག་པས་ལག་བའང ་མི་མཉེའོ། །བཤང་གཅི་དག་ནི་ཆུར་མི་འདོར། །དེ་དང་ཉེ་བར་ཡང་མི་དོར། །སྙིམ་བ་འབའ་ཞིག་ཏུ་མི་བཟའ་། །ཁར་བའི་གནོད་དུ་མི་བཟའ་ཨོ། །ལོ་མའི་རྒྱབ་ཏུ་འང་མི་བཟའ་ཞིང། །མཁས་པས་ཆགས་པའི་ཟས་མི་བཟའ་། །ཁྲི་དང་བཏགས་པའི ་ཁྲི་དག་དང། །གཞན་ཡང་ལྷན་ཅིག་མི་གཙང་བ། །སྒྲུབ་པོ་བློ་ཅན་མི་ཉལ་ལོ། །གན་རྒྱལ་ཁ་སྦུབ་མི་ཉལ་ཞིང། །ཡང་དང་ཡང་དུ་མི་བཟའ་སྟེ། ཧ་ཅང་ཆུང་ཆེ་བར་མི་བཟའ་། །མི་བཟའ་བར་ཡང་མི་བྱ་ཞིང། །གང་དག་དོགས་པའང་མི་བཟའ་ཨོ ་ངོ་མཚར་དག་ལ་དགའ་མི་བྱ། །ལྟར་མོ་ཀུན་ལ་མི་ལྟའོ། །བུད་མེད་ཡུལ་ནི་ལྷུག་པ་ལ། །ཞེན་པའི་སེམས་ཀྱི་ཆགས་མི་བྱ། །ལུས་དང་ངག་དང་སེམས་ཀྱིས་ཀྱང། །དེ་བཞིན་ཟས་དང་སྤྱོད་པ་ལ། །སྔགས་ཟློས་ཆོ་ག་ལ་གནས་པར། །མ་བསྡམས ་པར་ནི་ཡོད་མི་བྱ། །སྔགས་ཟློས་ཆོ་ག་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ་།དེ་བཞིན་རྙིངས་དང་དྲི་ཅན་དང། །གོས་གཅིག་པར་ཡང་ཡོད་མི་བྱ། །བདག་ཉིད་སྨད་པར་ཡོད་མི་བྱ། །བདག་ལ་མི་དགར་མི་བྱ་སྟེ། །ཡིད་འབྱུང་བ ་ཡང་མ་གྱུར་ཅིང། །ནད་རྣམས་ཀྱིས་ཀྱང་ཞུང་མི་བྱ། །བཀའ་ལན་གྱིལ་བ་མ་གཏོགས་པར། །བདག་གིས་གསང་སྔགས་མི་གཏོང་ངོ། །གཏི་མུག་བློས་ནི་མི་སྨད་ཅིང། །སྒྲིབ་པ་ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་ཅིང། །བསམ་པ་མང་པོ་མི ་བྱའོ། །མི་གཙང་ཆགས་པའི་སེམས་མེད་པ། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང། །བསྲུང་དང་སླར་བཟློག་མི་བྱའོ། །རང་གི་སྔགས་སམ་གཞན་དག་གིས། །ཟློས་པས་དུག་གི་ལས་མི་བྱ། །བསྒྲུབ་པ་དགོས་པ ་མ་གཏོགས་པར། །སྔགས་ཀྱི་གཞན་དག་མི་སྤྱད་དོ། །བདག་གི་སྔགས་ཀྱིས་མགྲིན་པར་ནི། །བསད་པའི་ཕྱིར་ཡང་མི་བྱའོ། །བློ་གྲོས་ཅན་གྱིས་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་ཀྱང་བྱ། །ཞེས་པ་དང། ཟློས་པ་ཆོ་ག་ཤེས་པ་ཡིས། ་སྡོམ་པ་དག་ནི་བཟུང་བ་དང། །དམ་ཚིག་བསྲུང་བ་ནན་ཏན་བྱ། །བཟླས་བརྗོད་སྤྱོད་ལ་བརྩོན་པར་བྱ། །དཀྱིལ་འཁོར་ཡང་ནི་རྟག་ཏུ་བྱ། །གླེགས་བམ་ཡང་ནི་རྟག་ཏུ་བཀླག་།མཁས་པས་མཆོད་རྟེན་རྟག་ཏུ་བྱ། །དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ། །དུས ་གསུམ་དག་ཏུ་སྐྱབས་སུ་འགྲོ། །དུས་གསུམ་དག་ཏུ་སྡིག་པ་བཤགས། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ནི་བྱང་ཆུབ་སེམས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །ཆོ་ག་བཤད་པ་དེ་དང་དེ། །ཇི་ལྟར་འདོད ་པ་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པར་བྱ། །སྙིང་རྗེར་ལྡན་ཞིང་འཇུངས་དང་བྲལ། །རྟག་ཏུ་བརྗོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང། །བསམ་པ་དེ་བས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་ཐོས ་ནས། མོས་པ་རྣམས་པར་སྤྱད་པར་བྱ། །གསང་སྔགས་ཆོ་ག་བཀླག་པར་བྱ། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་འབྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །བྱང་ཆུབ་སེམས་ནི་བརྟན་ནས་སུ། །ཡང་དག་ལྷ་ལ་ངེས་བྱས་རྣམས ་དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི། །མཁས་པས་དགེ་སློང་ལ་སོགས་པ། །འཁོར་བཞི་པོ་དེ་དག་བཟུང་བར་བྱ། །བདག་རང་གིས་ནི་རྒྱུད་ཀྱང་བསྟན། །མཁས་པས་གསང་སྔགས་ལུང་རྣམས་ཀུན། །ཡང་དག་རྒྱས་པར་ཤེས་པར་བྱ། །ཚེས་བརྒྱད་དང་ནི་བཅུ་བཞི་དང ་བཅོ་ལྔ་དག་ལ་སྒྲུབ་པ་པོས། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །བྱེ་བྲག་དུ་ནི་མཆོད་པ་བྱ། །བཟླས་པ་སྦྱིན་སྲེག་མཆོད་པ་དང། །དེ་བཞིན་སྡོམ་པ་བཟུང་བ་དང། །བསོད་ནམས་དག་ལས་ཁྱད་པར་དུ། །གུས་ཤིང ་མངོན་པར་བརྩོན་འགྲུས་བྱ་ཞེས་པ་དང། །ཡང་བཟླས་དང་སྦྱིན་སྲེག་མཆོད་པ་ལ། །རྟག་ཏུ་སྟོད་གཡོགས་ཡོད་པ་བྱ། །ཉལ་དང་ཁྲུས་ལ་ཉེས་པ་མེད། །དེ་ཡང་མངོན་པར་སྔགས་པར་བྱ། །ཕྱི་རོལ་སར་ནི་ཤིང་གི་ལྷམ། །རྟག་པ་ཉིད་དུ་བགོ་བར་བྱ། ་ལྷ་དང་བླ་མ་མཆོད་ནས་ནི། །གནས་རྣམས་སུ་ནི་སྤང་བར་བྱ། །ལུས་དང་ངག་ཡིད་འཇུག་པའི་ས། །རྟག་ཏུ་མཆོད་གནས་མཆོད་པ་བྱ། །གང་དག་རྟག་ཏུ་བརྩོན་པ་ཡི། །ཟློས་པ་དངོས་གྲུབ་འདོད་པའི་ས། །མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང། ། ་དགེ་སློང་མཐོང་ནའང་ཕྱག་བྱའོ། །ལྷ་དག་མཐོང་ན་རིམ་གྲོ་བྱ། །བླ་མ་མཐོང་ན་མཆོད་པར་བྱ། །ཟབ་མོའི་ཆོས་ནི་བཤད་པ་དག། ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གིས། །མཐུ་ལ་རབ་ཏུ་དགའ་བར་བྱ། །སྔགས་ཀྱི་ལས ་རྣམས་སྣ་ཚོགས་པ། །ཐོས་ནས་ཡིད་ནི་སྤྲོ་བར་བྱ། །སྒྲུབ་པོ་དངོས་གྲུབ་འདོད་པས་ནི། །བློ་གྲོས་ལྡན་པས་བརྩོན་འགྲུས་བསྐྱེད། །འདི་བྱ་འདི་ནི་མི་བྱ་འོ་ཞེས། །རིགས་སྔགས་འདུལ་བ་ལ་སྨོད་དང། །བསླབ་པའི་སྡོམ་པ་ཉིད་ལ་ཡང། །ཟློས་པས ་རྟག་ཏུ་རྣམ་པར་བསམ། །རང་གི་བདེ་ལ་ཆགས་པ་དང། །ཉིན་མཚན་དུ་ནི་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱ་ཞེས། །མི་གཡེལ་བར་མི་འགྱུར་བར་བྱ། །ཉིན་པར་བག་མེད་ཉེས་བྱས་པ། །སྲོག་ལ་སོ་སོར་བཤགས་པར་བྱ། །ལེགས་པར ་བྱས་ལའང་མངོན་པར་དགའ་། །ནུབ་མོ་བྱས་པའང་ནང་པར་བཤགས། །བཟླས་བརྗོད་སྦྱིན་སྲེག་གཙང་སྤྲ་དང། །རིགས་སྣགས་མཆོད་དང་སྡོམ་པ་དང། །རིགས་སྔགས་འདུལ་བ་དག་ལ་ཡང། །སྒྲུབ་པ་པོས་ནི་ནན་ཏན་གནས་ཤེས་པ་དང། །ཡང ་དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིགས་སྣགས་གསང་སྔགས་ཚོགས་ལ་ཡང། །དད་པ་རབ་ཏུ་བསྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། ། ་དམ་ཚིག་ཅན་དང་མཛད་པ་དང། །བླ་མ་ལ་ཡང་གུས་པ་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པའང་བྱ། །སྟོན་པ་གཞན་ཀྱི་གཞུང་མི་བསྟོད། །གློ་བུར་བ་ལ་འགྲོན་ཡང་བྱ་སྲོག་ཆགས་རྣམས་ལ་བྱམས་པའི་སེམས། ། ་རབ་ཏུ་བསྟན་པ་ཉེ་བར་བཞག། ཐེག་ཆེན་འདི་ལ་དགའ་རྣམས་ཀྱི། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་མངོན་པར་བྱ། །གསང་སྔགས་རྒྱུད་ལ་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང ་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །གསང་སྔགས་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་པར་བསྲུང། །དེ་ཡང་བདག་གིས་རྟོགས་པར་བྱ་ཞེས་གསུངས་ཏེ། འདི་ལྟ་བུའི་བྱ་བ་ལ་སློབ་བོ། །དམ་ཚིག་དེ་དག་ནི་བདག་གིས་བྱ་བའི ་རྒྱུད་དག་ལས་བཏུས་པ་ཡིན་གྱིས། །རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་དག་གིས་ཀྱང། །ཡུལ་དང་དུས་ཀྱི་དབང་དང་བསམ་པའི་དབང་གིས་ཇི་ལྟར་རིགས་པར་སྲུངས་ཤིག་།གང་དག་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་ཡིན་པར་སྨྲ་བ། །གཙང་སྦྲ་དང ་གདམས་པ་མེད་པར་འདོད་པ་དག་ནི་མ་རུངས་པར་འགྱུར་ཏེ། བསམ་པ་ལ་སོགས་པའི་དབང་ལས་ནི་བྱ་བའི་རྒྱུད་དག་ཏུ་ཡང། །གཙང་རུང་དེ་ནི་མི་གཙང་རུང། །ཟླས་ནི་ཟོས་རུང་མ་ཟོས་རུང། །ཁྲུས་བྱས་དེ་ནི་མ་བྱས་རུང། །བདག་གིས་བདག་ཉིད ་ངན་པར་འགྲུབ། །ཅེས་བྱ་བ་ལ་སོགས་པ་བག་ཡངས་སུ་བྱ་བ་གསུངས་ལ། །ཕལ་ཆེར་ནི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པས་ཀྱང། ཇི་སྐད་གསུངས་པའི་དམ་ཚིག་ལས་འདའ་བར་མི་བྱ་བས་སོ། །གཞན་ཡང་རྣལ་འབྱོར་གཙོར་བྱེད་པའི་རྣལ་འབྱོར ་པ་རྣམས་ལ་ནི། །ལུས་རྟག་པར་བྱེད་པའི་ཁ་ཟས་ལ་སོགས་པ་འཕགས་པ་ཉན་ཐོས་འདོད་པ་ཆུང་ཞིང་ཆོ་ག་ཤེས་པ། སྦྱངས་པའི་ཡོན་ཏན་ལྷུར་ལེན་པས་གྲོལ་བར་འདོད་པ། གནས་དཔེན་པ་བཞི་ལ་གནས ་པར་དམ་བཅས་བདག་ལ་ཡང་གནང་སྟེ། ཇི་སྐད་དུ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་གཽནདི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཁྱོད་དང་བས་མཐར་གནས་ཤིང་ཏིང་ངེ་འཛིན་བསྒོམ་པའི་དགེ་སློང་དག་གནས་ཁང ་མཆོག་དག་ན་གནས་ཤིང། ལམ་མཆོག་དང་ཁ་ཟས་མཆོག་ལ་སྤྱོད། །དགེ་འདུན་གྱི་ལས་ཐམས་ཅད་མི་བྱེད་པར་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བར་གྱུར་ན། སེམས་ཅན་སེམས ་ལས་བྱུང་བའི་ཆོས་ངན་པ་སྐྱེ་ཞིང། ཏིང་ངེ་འཛིན་ཐམས་ཅད་མི་འགྲུབ་པས་ན། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྷུང་ཞིང་མི་བཟད་པའི་སྡུག་བསྔལ་ཆེན་པོ་རྣམས་ཚད་མེད་པ་ཇི་སྙེད་མྱོང་བར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་དང་ལྡན་ན། ཏིང་ངེ་འཛིན་མང་པོ་མ་གྲུབ་པ་ཡང་གྲུབ་པ་དང། སྔར་གྲུབ་བ་དག་ཀྱང་མི་ཉམས་སོ། །དེའི་དབང་གིས་མི་དགེ་བའི་ཆོས་ཐམས་ཅད་མི་སྐྱེས་བས་ན། །གཞུང་དེ་བཞིན་དུ་རྒྱས་པར་མི་དགེ་བའི་རྟོག་པ་དང ་སྦྱོར་བའི་བར་དུ་མི་སྐྱེ་ལ། མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་རོ། །ཞེས་གསུངས་ན། འོན་ཀྱང་གང་དག་བཅོམ་ལྡན་འདས་ཀྱིས་བཀའ་མདོ་སྡེ་རིན་པོ་ཆེའི་ཚོགས་ལ་སོགས་པ་སྡེ་སྣོད་དུ་གཏོགས ་པའི་གསུང་རབ་རྒྱ་ཆེན་པོ་མ་མཐོང་ཞིང་མ་ཐོས་ལ། དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ལ་སོགས་པའི་རྒྱུད། རྩ་བ་དང། ཕྱི་མ་དང། ཕྱི་མའི་ཕྱི་མ་དང་བཅས་པ་རབ་ཏུ་རྒྱས་པ། འཁྲུལ་པའི་གནས་གཏན་ལ་འབེབས་བ་མ་ཐོས་ཤིང་མ་མཐོང ་བར་རྒྱུད་མདོར་བསྡུས་པ་འགའ་ཞིག་གི་ཚིག་ལ་ཇི་བཞིན་པར་འཛིན་པས། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང། བྱ་བའི་རྒྱུད་ལ་སོག་པ་ལས་དང་བྱ་བ་རབ་ཏུ་སྟོན་པ་དེ་དག་ནི། ལམ་སྡུག་བསྔལ་བ་ཁ་ཟས་ལ་སོགས་པ་བྱེ་བྲག་ཅན། བཟའ་བ་ཡིད ་ལ་གང་འདོད་པ་ལོངས་སྤྱོད་དུ་མ་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྒྱ་མཚོ་ལྟ་བུ་འདི་ལས་ནི་ཇི་ལྟར་དགའ་བས་ལོངས་སྤྱོད་ཀྱང་འགའ་ཡང་གང་དུ་ཡང་མི་ཉམས་ཏེ་ཇི་ལྟར་དགའ་བ་སྤྱོད་ལ་རག་གོ། བུད་མེད་དང་ཆང་དང་ཤ་ལ་སོགས་པ་? ་དག་ནི་མཆོད་པ་ཆེན་པོ། མཆོད་པ་བཟང་པོ་མྱུར་དུ་འགྲུབ་པར་བྱེད་པའོ་ཞེས་སྨྲ་བ་དེ་དག་རབ་ཏུ་མ་རུངས་པ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་དུས་གསུམ་སྒྲིབ་པ་མེད་པར་མཁྱེན་པའི་ཞལ་སྔ་ནས། ཚུལ་འདི་འདྲ་བ་འབྱུང་བར་གཟིགས་ཏེ། ད་ཡོང་སུ་མྱ་ངན ་ལས་འདས་ནས་ལོ་བདུན་བརྒྱ་ལོན་ནས་བདུད་སྡིག་ཅན་གྱིས་ངའི་བསྟན་པ་ཕྱེ་ཞིང་འཆད་པར་འགྱུར་རོ་ཞེས་གསུངས་ཤིང། དེ་ཉིད་དོ་ཤེས་པར་བྱ་བའི་ཕྱིར་ནི། ཆོས་རྟགས་ཀྱི་ཕྱག་རྒྱ་རྣམ་པ་གསུམ་གྱིས་ཉིད་ཀྱི་རྒྱས་བཏབ་ཅིང། འདིར་མི་རུང་བར་མཛད ་ལ། ནག་པོར་བསྟན་པ་དང། ཆེན་པོར་བསྟན་པ་རྣམ་པར་དབྱེ་བ་མཛད་པས། ཉིད་ཀྱི་བསྟན་པ་བརྟག་པ་རྡོ་ཀ་ཤི་ལྟ་བུ་བཞག་པ་མཛད་དོ། །དེའི་ཕྱིར་དེང་སང་བསྟན་པ་ལ་གཞུག་པ་དག་གིས་ཞིབ་པའི་བློས་བརྟག་པར་བྱ་བའི་རིགས་ཀྱི་མ་རྟགས ་པར་བཞག་གི་ཚིག་སྡིག་པ་ཅན་ལ་འཇུག་པར་མི་བྱའོ། །དེ་ལྟར་ན་སྔར་རྟོག་གེ་བཀག་པ་ཞེ་ན། འདིར་ནི་གང་ལུང་འབོགས་པ་དེ་བླ་མར་རུང་བ་ཡིན་ནམ་མ་ཡིན་པ་ནི་ངེས་པར་དཔྱད་པ་མ་ཡིན་ལ། གང་རང་བཞིན་ལ་སོགས་པའི་ཁ་ན་མ་ཐོ་བ་སྤོང?་བར་སྟོན ་པའོ། །?་ལ་སོགས་པའི་ཕྱག་རྒྱ་གང་ཡང་རུང་བས་ཐོབས་ཤིང་ཆེན་པོ་བསྟན་པས་ཁྱབ་ན་ངེས་བར་དེས་བསྟན་པ་བླང་ངོ། །སེམས་ཀྱི་བསམ་གཏན་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟའི་ཞེས་བྱ་བ་ལ་སོགས་པས་ནི། སློབ་མ་དམ་པ་འབའ་ཞིག་གཟུང་བར་བསྟན ་ཏོ། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ངེས་པས་དེ་ལྟར་བདེན་པས་འདི་ལ་བདག་ཅག་གིས་རྩད་ཅིང་ཞུར་མེད་དོ། །ཞེས་ཡིད་ཆེས་པས་ཅང་མི་གསུང་བར་གྱུར་པའོ། །རྒྱུད་ལ་གཞན་དང?་བྱ་བའི ་དགོས་པ་གཟིགས་པས། མ་དྲིས་པ་ཆེད་དུ་གསུངས་པ་ནི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་ནི་གཞན་གྱིས་དྲི་བ་སྐབས་མེད་པར་ཉེ་བར་བརྗོད་པའོ། །ཇི་སྐད་དུ་ཞེ་ན་གཤིན་རྗེ་མཐར་བྱེད་འཁྲུལ་འཁོར་དང་ཞེས་བྱ་བ་ལ་སོགས་པ་སྟེ། ་རྒྱུད་ཐམས་ཅད་ཀྱི་རྩེ་མོ་དཔལ་གསང་བ་འདུས་པ་ཡིན་ན། དེར་ཡང་རྒྱུད་འདིར་གསུངས་པའི་ཐབས་མི་འབྱུང་སྟེ། དེ་བས་རྒྱུད་འདི་ནི་རྒྱུད་དེའི་ཡང་བླ་མ་ཡིན་ན། གཞན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ལྟ་ཅི་སྨོས་ཞེས་གསུངས་པའོ། །ད་ནི་ཨེ་མའོ ་མཆོག་ཏུ་མྱ་ངན་ལས་འདས་བྱ་བ་ལ་སོགས་པས། དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོན་ཏེ། དང་པོ་ནི་རིགས་ལྔའི་རྒྱལ་བ་རྣམས་ཀྱིས་གསུངས་པའོ། །ེ་མའོ་ཞེས་བྱ་བ་ནི་སྤྲོ་བར་སྟོན་པའོ། །མཆོག་ཏུ་མྱ་ངན་འདས་ཤེས་བྱ་བ་ནི་མི་གནས་པའི ་མྱ་ངན་ལས་འདས་པ་ནི། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་བས་མཆོག་ཏུ་གྱུར་པ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མི་ཟད་པའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་དེ་ཡང་གང་ཞེ་ན། ཨེ་མའོ་ཁྲོ་བོ ་འཇིགས་པར་བྱེད་ཅེས་གསུངས་ཏེ། དཔལ་གཤིན་རྗེའི་གཤེད་འདིའི་སྐུ་ཉིད་སྣང་ཞིང་མ་གོས་ལས་ན། མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། དེ་བས་ན་ངོ་མཚར་ཆེའོ། །དེ་བས་ན་འཁོར་བའི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རྒྱུན་ཆད་པ ་མེད་ཅིང། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་མཛད་པ་མེད་པས་ན། ཨེ་མའོ་འཁོར་བ་དག་གི་རྒྱུན་ཞེས་གསུངས་ཏེ། མངོན་པར་བྱང་ཆུབ་བ་དེ་བཞིན་ཉིད་ལ་དམིགས་པ་ལ་སོགས་པའི་ཡེ་ཤེས་གནས་ཡོངས་སུ་དག་པར་གྱུར་པ་རྒྱུན་མི་ཆད་པ ་ཉིད་འཁོར་བ་ཞེས་བྱའོ། །དེ་ལྟར་ཡང། འཁོར་བ་དང་ནི་མྱ་ངན་འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་ལས་འདས་པ་ཞེས་བཤད་དོ་ཞེས་གསུངས་སོ། །དོན་དེའི་ངོར་བྱས་ན་ཆོས་ཐམས་ཅད་ནི ་གི་ངོ་བོ་ཇི་ལྟ་བ་བཞིན་བརྩན་པར་ན། གདོད་མ་ནས་མྱ་ངན་མ་འདས་ཕྲ་བ་ཡང་མེད་པས། ཨེ་མའོ། ཆོས་ཐམས་ཅད་གདོད་ནས་ཤིན་ཏུ་མྱ་ངན་ལས་འདས་པ་ཉིད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་ན་ཆོས་འདི་དག་ནི་རབ་ཏུ་སྐྱེ ་ཞིང་འཇིག་ཀྱང་རྒྱུན་ཆད་པ་ནམ་ཡང་མེད། །བརྟགས་ཞེས་བྱ་བ་བརྟགས་པ་ཙམ། །འཁོར་བ་ལ་ནི་མཛའ་མི་དམིགས་ཞེས་གསུངས་པ་དང། མྱ་ངན་ལས་འདས་པ་ཡིན་དུ་ཟིན་ཀྱང། འཁོར་བར་འགྱུར་ལ། འཁོར་བའི་རྒྱུར་གྱུར ་ཀྱང་མྱ་ངན་ལས་འདས་པ་མ་བཏང་བའི་ཕྱིར། ཕན་ཚུན་འགལ་བ་བྱིས་པའི་ཡུལ་མ་ཡིན་པའི་བདེན་པ་གཉིས་པོ་འདི་ནི། ཨེ་མའོ་ཤིན་ཏུ་ངོ་མཚར་འདི་ཞེས་གསུངས་སོ། །དོན་འགལ་བ་འདི་མི་འགལ་བར་ཤེས་པས་ཅི་ལ་ཕན་ཞེ་ན། ་གང་ཞིག་གིས་ཤེས་ན་བྱིས་པ་དག་འཆིང་བའི་ཉེས་པའི་སྐྱོན་འདི་དག་།རྣལ་འབྱོར་པ་དེ་ལ་ཡོན་ཏན་དུ་ནི་འགྱུར་བའོ། །ཞེས་ཚིག་རྣམ་བར་སྦྱར་ཏེ་ཇི་སྐད་དུ། ཆོས་གང་གིས་ནི་བྱིས་པ་དག་།འཁོར་བའི་གནས་སུ་འཆིང་འགྱུར་བ། །ཆོས ་དེ་ཉིད་ནི་རྣལ་འབྱོར་པ། །འཁོར་བའི་མཐར་ནི་འགྲོ་བ་ཡིན་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་འཆིང་བའི་ཆོས་དེ་ནི་འགའ་ཡང་མ་མཐོང་བའི་ཕྱིར། དངོས་མིན་དངོས་པོ་མེད་པ་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི ་དག་རིགས་པས་བལྟས་ན་གནས་པའི་མཐུ་མེད་པས་ན་དངོས་པོ་མིན་ཏེ། འོན་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་མངོན་སུམ་གོ་ན་ར་གསལ་བར་སྣང་བས་ན། དངོས་པོ་མེད་པའང་མིན་ཏེ། དེ་ལྟར་ན་རྟག་པ་དང་ཆད་པའི་ཐབས་ལས ་རྒལ་བ་སྒྱུ་མ་ཙམ་དུ་གནས་ཏེ། དེ་ཤེས་པ་ལ་ནི་གནོད་པ་གང་ཡང་མི་འབྱུང་སྟེ། དེ་ནི་ཉེས་པའི་ཚོགས་ཀྱི་གཉེན་པོ་ཡིན་པས་ན། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམས་བྱས་པས ་ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་ཞེས་གསུངས་པས་སོ། །རང་བཞིན་ཕྲ་རབ་རྟོགས་པ་དེ་ཡང་མེད་དེ། ཁམས་མིན་ཞེས་བྱ་བ་མིག་ལ་སོགས་པ་འམ། དུས་ནི་གཉིད་ལོག་སད་པར་བྱེད། །ཅེས་བྱ་བ་ལ ་སེམས་པས་དུས་ལ་སོགས་པའི་ཁམས་འདོད་པ་ཡང། ཀུན་ཏུ་བརྟགས་པ་ཙམ་སྙིང་པོར་གྱུར་གྱི་རང་བཞིན་མེད་དོ། །བྱེ་བྲག་ཏུ་སྨྲ་བས་བཞག་པ་བསྟན་དུ་མེད་པའི་རྫས་རབ་ཏུ་དགེ་བ་ཡང་མི་མཐད་དེ། འཕགས་པ་ལང་ཀར་གཤེགས ་པ་ལ་སོགས་པའི་ནང་དུ་བསལ་བས་ན། མྱ་ངན་འདས་པ་མིན་ཞེས་གསུངས་སོ། །འོ་ན་ཅི་ཞེ་ན། རེ་ཞིག་ཀུན་གཞི་རྣམ་པར་ཤེས་པ་རྒྱ་ཡོངས་སུ་ཆད་པ་མེད་པ་འདི་ཙམ་ཞིག་སྣ་ཚོགས་ཀྱི་བདག་ཉིད་ཡིན་པར་ཟད་དེ། །ས་ལ་གཟུགས་རྣམས ་གང་ཡོད་དང། །ལྷ་ཡུལ་གནས་པའི་ཁྱིམ་རྣམས་ཀྱང། །རྣམ་པ་སྣ་ཚོགས་གང་སྣང་བ། །དེ་དག་ཀུན་གཞི་སྣང་བ་ཡིན། །ཀུན་གཞི་ཀུན་ཏུ་ལག་པ་སྟེ། །ཀུན་ཏུ་ཁ་མིག་མགོ་བོ་ཡང། །ཅིག་ཅར་རམ་ནི་རིམ་གྱིས་ཀྱང། །ས་རྣམས་ཡོག ་པར་རབ་ཏུ་གནས། ཞེས་གསུངས་པས་ན། རྣམ་ཤེས་ནམ་མཁའ་ཨི་གཞི་མཉམ་སྟེ། ཞེས་གསུངས་སོ། །དེ་ལྟ་ན་དེ་ཉིད་གནོད་པར་འགྱུར་རོ་སྙམ་ན། ནམ་མཁའ་འདི་ལྟར་བདག་ཉིད་མེད་ཅེས་གསུངས་ཏེ། དེ་གནས་ཡོངས་སུ་གྱུར་པ་ན་རང་བཞིན ་གྱིས་འོད་གསལ་བའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་གྱི་ཡང་དག་པའི་ཡེ་ཤེས་ལ་བཟུང་བ་དང་འཛིན་པའི་བདག་ནི་ཅི་ཡང་མེད་པས་འདི་ལ་གནོད་པ་མེད་དོ། ཞེས་བསྟན་པའོ། །དེ་ཉིད་ནི་ཆོས་འདི་བདེ་བ་ཆེན་པོ་ཡིན་ཞེས་གསུངས་ཏེ། ཇི་སྐད་དུ། ་བདེ་བ་གང་ཞེ་ན། གང་ལ་ཀུན་ཏུ་རྟོག་པ་མེད་པ་དེ་བདེ་བའོ་ཞེས་གསུངས་སོ། །འདི་དོན་དམ་པར་ཡོད་པ་ཉིད་དེ། འདི་ཙམ་ཡང་སུན་འབྱིན་པ་ནི་བྱ་རབ་ཏུ་གནོན་པ་དང། སྟག་གི་དཔེས་མདོ་ལས་བསལ་ཏོ། །འདི་ནི་རག་ལས་པ་དང་བྲལ་བའི་ཆོས་རབ་ ་དབང་དུ་གྱུར་པ་ཡིན་པས་ན། ས་མིན་མེ་དང་ཆུ་མ་ཡིན། །རླུང་མིན་དེ་བཞིན་ནམ་མཁའ་མིན་ཞེས་གསུངས་ཏེ། ཚུལ་ཁྲིམས་དང་ཡེ་ཤེས་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕངས་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་བཤད་པ་ལྟ་བུའོ། །གོ་འཕང་དེ་ཡང་ཆོས་ཀྱི་དབྱིངས་རྟོག་པ་འབྱུང་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡི། །སྐྱེ་བ་འདི་ནི་རབ་ཏུ་གནས་ཤེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་ཕྱེད་པ་དང ་སངས་རྒྱས་ཀྱི་ཆོས་སྣ་ཚོགས་པའི་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས་ཏེ། དེ་ལ་རབ་ཏུ་སྦྱར་བ་ཡིས་ཤེས་བྱ་བ་ནི། རབ་ཏུ་ཡང་གསལ་བས་ཟུང་དུ་འཇུག་པས། སྔར་བསྟན་པའི་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པ་བྱུང་བས ་ན། སྐྱེ་བ་འདི་ནི་རབ་ཏུ་གནས་ཞེས་གསུངས་ཏེ། ཇི་སྐད་དུ། རྒྱལ་བས་ཆོས་ཉིད་ལུང་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀའ་བཞིན་སྟོན་པར་མཛད ་ཅེས་གསུངས་པས་སོ། །དེ་ཙམ་ཞིག་བདེན་གྱི་གཞན་དུ་གྱུར་པ་ནི། །དངོས་ཀུན་དངོས་པོ་ཞེས་བྱ་བ། །དེ་ནི་དངོས་པོ་མེད་པར་གྲགས་ཞེས་པ་གསུངས་ཏེ། རིགས་པས་འཇལ་བ་རྣམས་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་ཞེ་ན། རྣལ་འབྱོར་པའི ་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བ་རྣལ་འབྱོར་ཟུང་དུ་འཇུག་པ་དང་བྲལ་བར་གྱུར་པའི་ཚེ་དེའི་ཤེས་པ་དོན་ཁྱད་པར་ཅན་འཛིན་པ་དེ་ལ་རྟག་པ་སྣང་བ་མ་ཡིན་ཞིང། དེ་བཞིན་དུ་ཆད་པ་ཡང་མ་ཡིན་ལ། ཕྱག་དང་ཞལ་དང་ཁ་དོག་ཀྱང་སྣང་བ་མ་ཡིན་པས ་དེའི་ཕྱིར་གྲགས་ཞེས་བྱ་བ་ནི། དོན་ཇི་ལྟར་ཉམས་སུ་མྱོང་བ་གཅིག་ནས་གཅིག་ཏུ་མཆོད་པ་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེའི་ཡུལ་དུ་སྔར་བསྟན་པའི་དམ་པའི་དགའ་བའི་མཚན་ཉིད་དེ་ཁོ་ན་ཉིད་ཙམ་ཞིག ་གནས་པར་ཟད་དོ། །དེ་མཚན་ཉིད་གཞན་ཡང་སྲིད་པ་ཀུན་དང་ཕྱག་བྲལ་བ། །ཐོག་མ་བར་དག་སྤང་བའོ་ཞེས་གསུངས་ཏེ། སྲིད་པ་ནི་འཁོར་བ་རྒྱན་དུ་འཇུག་པའི་སེམས་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ ་ཡིན་པར་ཀུན་ཏུ་བརྗོད། །ཅེས་གསུངས་པ་ལྟ་བུ་སྟེ། དེ་རབ་ཏུ་སྤངས་པ། ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། ཞེས་གསུངས་པའི་བདག་ཉིད་དོ། །དེ་བས་ན་ཀུན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི ་པར་གྱི་སེམས་ལས་ནི་མ་གཏོགས་པར་གྱུར་པའོ། །ཆགས་བྲལ་དང་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་གང་དག་སྲིད་པས་རབ་ཏུ་སྐྲག་པས་ཞི་བའི་བདག་ཉིད་རྣམ་པར་ཤེས་པ་མར་མེ་རྒྱུན་ཆད་པ་ལྟར་གྱུར་པའི་བདེ་བ་མེད་པ་ལ་བདེ་བར་འདུ་ཤེས ་པ། སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རྒྱབ་ཀྱིས་ཕྱོགས་པ། ཞུམ་པ་མེད་པའི་ལུས་ཀྱིས་ནི། ཚོར་བ་སྟ་གོན་གནས་པར་བྱ། །མར་མེ་འདྲ་བའི་རྣམ་པར་ཐར། །དེ་ཡི་སེམས་ནི་མྱ་ངན་འདས་ཞེས་བྱ་བ་གང་ཡིན་པ་འདི་ནི་ཁམས་ ་གསུམ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཡང་ཆགས་པ་དང་བྲལ་བའོ། །འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་རྒྱུད་ལ་ནན་ཏན་བྱས་པས་འཁོར་བའི་མཛའ་མེད་པ་ལྟར། འདིའི་སྐུ་ཚེ་ཡི་མཛའ་མེད་པ་སྟེ། ་ནམ་མཁའ་ཨི་མཛའ་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཛའ་ཡས་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཛའ་ཡང་དེ་ཙམ་མོ་ཞེས་གསུངས་ལ། སྨོན་ལམ་ཡང་ཇི་ལྟར་སྨོན་པའི་འབྲས་བུ་འབྱིན་པ ་སྟེ་ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། འདུན་པའི་རྩལ་ལ་རབ་ཏུ་རྟེན། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དང་འདྲ་བའི་འབྲས་བུ་ཐོབ་ཅེས་གསུངས་པས་སོ། །ཐོག་མ་བར་དག་སྤངས་པའོ། །ཞེས་བྱ་བ་ནི་སྔར་འཁོར་བའི་ཐོག་མ་མེད་པར་བསྟན ་པ་འདི་ཡིས་ཐོག་མ་སྤངས་པ་ཡིན་ལ། གང་ལ་ཐོག་མ་མེད་པ་དེ་ལ་བར་ཡོད་མི་སྲིད་དེ། བར་ནི་ཐོག་མ་དང་ཐ་མའི་ཆ་ལས་ལྟོས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་བར་སྤངས་པའོ། །དེ་ཉིད་ཀྱིས་ན་འདི་ལ་ཐ་མ་མེད་པར་ནི་རབ་ཏུ་ཡང ་གསལ་བས་མ་གསུངས་སོ། །གལ་ཏེ་བསྟན་དུ་མེད་པ་དགེ་བའི་རྫས་མྱ་ངན་ལས་འདས་པ་ཡང་འདི་མིན་ལ། མར་མེ་ཆད་པ་ལྟ་བུའི་མྱ་ངན་ལས་འདས་པ་ཡང་འདི་མིན་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དོན་གྱི་དབང་བཅུས་རྒྱུན་ཆད་པ་མེད་ཅིང་སྐུ་གཞན་དུ་སྣང་བ་བསྐྱེད་པ་ཙམ་ལ་མྱ་ངན་ལས་འདས་པར་བཞག་སྟེ། ཇི་སྐད་དུ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས ་དག་སངས་རྒྱས་ཀྱི་འཕྲིན་ལས་རྫོགས་པར་མཛད་ཟིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དོན་བཅུའི་དབང་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ཏེ། བཅུ་གང་ཞེ་ན། ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་མི་རྟག་པ་ཡོངས་སུ་བསྟན་པ་དང། འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བར་བསྟན་པ་དང། མྱ་ངན་ལས་འདས་པའི་ཕྱོགས་བདེ་བར་འགྲོ་པས་འཇིགས་པ་དང། བག་ཚ་བ་ཐམས་ཅད ་དང་བྲལ་བར་ཡང་དག་པར་བསྟན་པ་དང། གཟུགས་ཀྱི་ལུས་ལ་ཞེན་པའི་ལྷ་དང་མི་རྣམས་ལ་གཟུགས་ཀྱི་ལུས་མི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ་དང། ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང། རྣམ་པར་འགྱུར་པའི་མཐུ་ཕྱིར་མི་བཟློག ་པར་ཡོངས་སུ་བསྟེན་པ་དང། འདུ་བྱེད་ཐམས་ཅད་མདོར་རྒྱུར་མི་རུང་ཞིང་དབང་སྒྱུར་དུ་མེད་པ་ཡོངས་སུ་བསྟན་པ་དང། མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ ་དང། ཀུན་འབྱུང་ཞིང་འཇིགས་པས་བྲལ་བར་འགྱུར་བ་ཡོངས་སུ་བསྟན་པ་དང། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་རྫོགས་པར་མཛད། དགོས ་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། གདུལ་བྱ་ཐམས་ཅད་ཤིན་ཏུ་དུལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་གྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའ་ཨོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་ཡང་དག་པར་གཟིགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན ་པོ་ཡོངས་སུ་སྟོན་ཏོ། ཞེས་གསུངས་སོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཇི་སྐད་དུ་གསུངས་པ་དེ་ཉིད་དང་རྗེས་སུ་མཐུན་པར་རྣལ་འབྱོར་པས་མོས་པ་ཡིད་ལ་བྱེད་པ་འམ། དེ་ཁོ་ན་ཡིད་ལ་བྱེད་པས་གནས་པར་བྱ་སྟེ། དེ་བས་ན་འདི་ནི་ལམ་དང ་དེའི་འབྲས་བུ་གཉིས་ཀར་རྣམ་པར་བཞག་གོ་།དོན་དེ་ཉིད་བཙུན་མོ་རྣམས་ཀྱིས་ཀྱང་གསལ་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་བར་བླ་ཞིང་སྔར་ཇི་སྐད་བཤད་པ་ཙམ་ཞིག་འདིས་ཀྱང་བརྗོད་པར་བྱེད་དོ། །མྱ ་ངན་ལས་འདས་པ་ཆེན་པོ་འདིའི་མཚན་ཉིད་ནི། གཞན་ལས་ཇི་ལྟ་མཁའ་ཕྱོགས་རྣམས། །ཀུན་ལ་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང ་རྟག་ཏུ་རྣམ་སྣང་ཡང། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་ལ་སོགས་དང། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང། །དུས་གསུམ་མེད་ཀྱང་རྣམ་པར་སྣང ་མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པོ་ལ་སོགས་དང་བྲལ་ནི། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་པ་ཅུང་ཟད་ཀྱང། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང ་ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་དང་ནི་མཚན་མོའང་མིན། །སྐྱེ་བ་དང་ནི་འགག་པའང་མིན། །འཆི་བ་དང་ནི་རྒུད་པ་མིན། །སྐད་ཅིག་མ་ཡིན་ཡུད་ཙམ ་མིན། ལོ་ལ་སོགས་པའང་མ་ཡིན་ཞིང། །འཇིག་པ་དང་ནི་འཆག་པའང་མིན། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །དབུས་སུ་འང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕངས་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ ་ཚོགས་པ། །དེ་ཀུན་གང་ལའང་མེད་འགྱུར་བ། །དེ་ལ་བརྟག་ཏུ་བརྩོན་པར་བྱ་ཞེས་གསུངས་སོ། །བྱང་ཆུབ་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་རང་བཞིན་གྱིས་འོད་གསལ་བ་སྟེ། །བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཞེས ་གསུངས་སོ། དེའི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ཡང་ཤཱ་རིའི་བུ་སེམས་དེ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་གསུངས་པས་སོ། །གླེང་གཞི་ཞེས་བྱ་བ་ནི་མ་ལུས་པའི་མན་ངག་འདིར་བྱིན་པས་སོ། །ལེའུ ་ཞེས་བྱ་བ་ནི་སྔོན་བཞིན་པ་ལ་ལེའུ་བཅུ་བདུན་པའི་བཤད་དའོ།། །།ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། གསང་བའི་བདག་པོ་ཆེན་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་སྔགས་དྲག་པོ་འཆད་བ་རྣམས་ནི་གསང་བ་སྟེ། ་དེ་དག་གདུལ་བའི་ཕྱིར་དེ་དག་གི་དབང་ཕྱུག་ཏུ་སྐྱེས་པས་ན་བདག་པོའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་འཛིན་པར་དབང་བསྐུར་བས་ན། གསང་བའི་བདག་པོའོ། །དེ་ཉིད་མཐུན་ཁྱད་པར ་རབ་ཏུ་ཆེ་བས་ན་ཆེན་པོའོ། །རྡོ་རྗེའི་མཚན་མ་ལས་བྱུང་བས་ན་རྡོ་རྗེའི་རིགས་སོ། །ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེ་དག་གི་རིགས་སུ་སྐྱེས་པ་ནི་རྡོ་རྗེའི་རིགས་སོ། །སྔར་བསྟན་པའི་ཡོན་ཏན་དང་བཅས་པས་ན་ཁྱེད་པར་ཅན་ནོ། །དེས་དེ་སྐད་ཅེས་གསུངས་སོ། །དེ་ཅིའི ་ཕྱིར་གསུངས་ཤེ་ན། ན་ཊ་ཀུ་བེ་ར་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་ལྷ་མོའི་བུད་མེད་ཀྱི་སྒྱུ་མ་རབ་ཏུ་མང་པོ་དང། རབ་ཏུ་འཇིགས་སུ་རུང་བའི་གར་བྱེད་པས་ན། གང་མཁན་ན་ཊ་སྟེ་བདུད་ཀྱི་སྡེའོ། །དེས་ནི་འགྲོ་བ་མ་ལུས་པ་ལམ་ལས་བཟློག་ཅིང ་ཆུད་གསོན་པས་ན་ངན་པ་སྟེ་ཀུའོ། །བདུད་ཀྱི་ལས་ནི་ངན་པ་ཡིན་པས་སོ། །དེ་བཟློག་པའི་ཕྱིར་བེ་ར་ཏེ། དེ་སྐད་ཅེས་གསུངས་སོ་ཞེས་སྦྱར་རོ། །བདུད་ཀྱི་སྡེ་ལྡོག་པ་ཉིད་ཅི་ལ་དགོངས་ཤེ་ན། བརྒྱ་བྱིན་ལོག་པར་རྣམ་པར་སྣང་བྱེད་དུ་གྱུར་པའི ་ལས་ཀྱི་འབྲས་བུ་ཆུང་མི་བཟའ་བར་བསྟན་པ་དང་དགོས་པ་བཅུའི་ཆེད་དུ་སྟེ། དེ་ནི་ཇི་སྐད་དུ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དོན་རྣམ་པ་བཅུ་པོ་འདི་དག་གི་དབང་ཡང་དག་པར་མཐོང་ནས་སྙིང་པོ་བྱང་ཆུབ་ལ་མཆོག ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ན། འཐབ་མོ་དང་གཡུལ་ལ་མོས་པའི་སེམས་རྣམས་ལ། བྱང་ཆུབ་སེམས་དཔའ་ཨི་སྟོབས ་ཀྱི་ཆེ་བ་ཉིད་ཡང་དག་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཡིད་གཉིས་དང་ཐེ་ཙོམ་དུ་གྱུར་པའི་མི་དང། ལྷ་རྣམས་ཀྱི་ཡིད་གཉིས་དང། ཐེ་ཙོམ་བཅད་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བདུད་ཀྱི་སྡེ་ཡོངས་སུ་སྨིན ་བར་བྱ་བའི་ཕྱིར། བདུད་འདུལ་བ་སྟོན་ཏོ། །འཐབ་མོ་དང་གཡུལ་ལ་མོས་པའི་མི་དང། ལྷ་རྣམས་ཀུན་ནས་བསྡུ་བ་དང། ཀུན་ནས་འདུས་པའི་ལྷ་དང། མི་རྣམས་འདུལ་བའི་དབང་གི་ཕྱིར། བདུད་འདུལ་བ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་མཐུ་ལ་ཐུབ་པ་མེད་པར ་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སེམས་ཅན་གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར། བདུད་འདུལ་བ་སྟོན་ཏོ། །ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར། བདུད་འདུལ་བ་སྟོན་ཏོ། །སྙིང་པོ་བྱང་ཆུབ་ཀྱི་སྙིང་པོར་བདུད་ཀྱི་ལས་ཡོངས་སུ་བསྟན་པ་དང། ་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ཐམས་ཅད་ལས་འདས་པར་ཡོངས་སུ་བསྟན་པའི་ཕྱིར། བདུད་འདུལ་བ་སྟོན་ཏོ། །ཉོན་མོངས་པའི་སྟོབས་ཀྱི་ཉམས་སྨད་ཅིང་སྟོབས་མེད་པར་བྱས་པ་ཡོངས་སུ་བསྟན་པ་དང། དགེ་བའི་རྩ་བ་བརྗོད་པ་དང། བྱམས་པའི ་སྟོབས་ཡང་དག་པར་བསྟན་པའི་ཕྱིར། བདུད་འདུལ་བ་སྟོན་ཏོ། །ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཀླས་པ་དག་ཏུ་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ ་དེ་དག་གི་དབང་མཐོང་བས་ན། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། ཞེས་གསུངས་སོ། །གཞན་དག་འདི་འགྲོ་བ་ཆགས་པར་བྱེད་པའི་གར་གྱི་ཉམས་དགུའོ། །སྒེག་དང་དབའ་དང་འཇིགས་སུ་རུང། །དགོད་དང་ཁྲོ་དང་འཇིགས་པར་བྱེད། །སྙིང་རྗེ་ངོ་མཚར་ཞི ་བ་སྟེ། འབར་བའི་གར་དགུའི་ཉམས་དང་ལྡན། །ཞེས་པས་གར་མཛད་པས་ན། ཎ་ཊ་སྐུ་སྟེ་སྐུ་ཞེས་བྱ་བ་ནི་ཀུརྦནྟི་སྟེ། བྱེད་པ་འམ་མཁན་པོའོ། །དེ་ཉིད་འགྲོ་བ་ལམ་དམ་པ་ལ་འགོད་བས་གར་ཏེ། མཆོག་དམ་བའོ། །དེ་བས་ན་འདི་ནི་གར་མཁན ་མཆོག་ཡིན་པས་ན། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ། ཚུར་ཤོག་ཎ་ཊ་ཀུ་བེ་ར་ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས། འདི་ལ་ཉན་པར་བོས་པའོ། །ཞེས་འཆད་དེ་མི་མཐད་པ་མེད་དོ། །དེས་ན་རྒྱུད་འདིར་ཡང་གང་དག་དོན་གྱི་དབང་བཅུ་པོ་འདི ་མཐོང་བ་དང། གསང་སྔགས་ཀྱི་མཐུ་རབ་ཏུ་བསྟན་བའི་ཕྱིར། བདུད་བཏུལ་བ་མཉམ་པ་མེད་པ་བསྟན་ཞིང། འགྲོ་བ་འབྱུང་བར་འགྱུར་བ་རྣམས་ལ་ཡང། གོ་འཕང་འདི་ལྟ་བུ་བསྒྲུབ་ཤིག། ཅེས་སྟོན་པའོ།། །། ་རྩོད་པའི་དུས་སུ་སྙིགས་མ་ལྔས་གཟིར་བས། བློ་དམན་བདག་འདྲས་འདིར་བསྡུས་རྣམ་ཕྱེ་བས། བདག་ནི་དཔལ་ལྡན་གཤིན་རྗེ་ལ་སྡང་བ། གཅིག་པུ་བདེ་མཆོག་གོ་འཕངས་ཐོབ་པར་ཤོག། །།དཔལ་གཤིན་རྗེ་དགྲ་ནག་པོ་ཞེས་བྱ་བའི་རྒྱུད ་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ། རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་རཏནཱ་ཀ་ར་ཤནྟིས། ཉུང་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།ཱ་ཅརྱ་བི་ན་ཨ་ཙནྡྲ་དང། ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས ་རབ་ཀྱིས་དད་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །!། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་བཤད་པ་མངོན་པར་མཐོང་བ་ལམ་གྱི་སྒྲོན་མ་ནག་པོ་པས་མཛད་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་ཏནྟ་རཱ་ཛ་བྲ ་