CLOSE WINDOW

N1411: rjes chags kyi sbyor bas de kho na nyid rnal 'byor la 'jug pa'i man ngag ces bya ba
Wyliee-texts based on the ACIP/ALL Input

སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ། སློབ་དཔོན་བིར་བ་པས་མཛད་པ་ལས་བཏུས་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་མཛད་པའོ།། །།དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཁྲུལ་པ་མྱ་ང་མ་ཐང་ཆེན་ལ། །ཉོན ་མོངས་ཉི་མས་རབ་གདུངས་པའི། །འགྲོ་བ་འཚོ་བའི་ཀླུང་གྱུར་པ། །སྲོག་འཛིན་མགོན་ལེ་ཉེར་བཏུང་ནས། །གང་གིས་ཉོན་མོངས་ཞི་བྱེད་པ། །རྟོགས་དཀའ་ཐབས་མང་རྒྱ་མཚོ་ལས། །མཆོག་གྱུར་མགོན་པོས་གསུངས་པའི་དོན། །བླ་མའི་གསུང་ལས་བླངས ་པ་བརྗོད། །འདི་ན་གང་དག་ཉོན་མོངས་སྤོང་གཉོན་མོངས་འགྱུར། །ཇི་ལྟར་བཀྲེས་པས་ཁ་ཟས་དང། །སྒོམ་པ་ཆུ་ལ་རྒྱབ་ཕྱོགས་བཞིན། །དཔེར་ན་མེ་ཡི་བུད་ཤིང་དང། །མ་ཕྲང་སྡུད་ཅིང་མི་གསལ་ཞིང། །འཆི་འགྱུར་དེ་ལྟར་འགྲོ་བའི་སེམས། །འདོད་པ ་སྤངས་ན་མ་དུད་འགྱུར། །ཡུལ་ལ་ཤིན་ཏུ་ཆགས་པའི་སེམས། །འོད་པ་སྤངས་པས་ཟློག་བྱེད་པ། །དེ་ལྟར་མི་འགྱུར་ཐབས་དམན་ཕྱིར། །ཉོན་མོངས་འཕེལ་བ་ཁོ་ནར་ཟང། །གང་དག་ཤིན་ཏུ་བཅིངས་པའི་མི། །འདུག་ནང་གཞན་དུ་འགྲོ་བ་ཡི། །བསམ ་པ་རྟག་ཏུ་བསྟེན་བྱེད་ཅིང། །ལུས་སེམས་བདེ་བར་མི་འགྱུར་བཞིན། །སེམས་མི་བདེ་བ་དོན་གཉེར་བས། །དེ་རྙེད་པར་ནི་མ་གྱུར་པར། །ཀུན་ཏུ་རྟོག་པ་རྒྱས་འགྱུར་ཞིང། །གཉུག་མའི་ཡིད་གནས་མི་འགྱུར་བ། །དཔེར་ན་གླང་ཆེན་མ་རུངས་པ། །གང་ཚེ་ཆར ་གིས་རབ་མྱོས་པ། །དད་ཀྱིས་དུལ་འགྱུར་དེ་ཡི་ཚེ། །མཁས་པ་རྣམས་ཀྱི་ལོངས་སྤྱོད་འགྱུར། །དེ་ལྟར་སེམས་ཀྱི་གླང་པོ་ཡང། །ཡུལ་གྱི་ཆང་གི་རབ་མྱོས་ན། །དམུ་རྒོང་རྟོག་པ་དུལ་འགྱུར་ཞིང། །གཉུག་མ་རྣལ་འབྱོར་པ་ཡིས་ལེན། །གང་དག་སྤྲོས་པས་མ ་སྤྲོས་པའི། །གཉུག་མའི་སེམས་ཡིད་མ་རྙེད་ན། །རྟོག་པའི་དྲ་བས་འཆད་མིན་ཏེ། །རྟོག་ལས་འཁོར་བ་སྣ་ཚོགས་འབྱུང། །དེ་ཕྱིར་ཡང་དག་གཞུག་པའི་ཡིད། །མཐོང་བར་འདོང་པས་ལུས་དང་སེམས། ཀུན་རྟོག་རླུང་རྣམས་ཞི་བྱའི་ཕྱིར། །ནམ་ཡང་གདུང་བར་མི ་བྱའོ། །དེ་ལྟར་གདུང་བ་སྤངས་པ་ལས། །སེམས་ནི་བདེ་བའི་ངོ་བོར་འགྱུར། །འཁྲུལ་པའི་སྤྲིན་སྡུག་འགག་འགྱུར་ཞིང། །འོང་གསལ་དྲི་མེད་ནམ་མཁའ་མཐོང། །བདེ་དེ་འདོད་པ་ཀུན་ལས་འབྱུང། །ཡང་དག་བླ་མའི་མན་ངག་བཞིན། །ཐབས་དང་བཅས་པའི་རྣལ ་འབྱོར་པས། །རྟག་ཏུ་འདོད་པའི་ཡོན་ཏན་བསྟེན། །གཏི་མུག་འཁྲུལ་པ་ལས་ཀྱི་སྤྲུལ། །སྡུག་བསྔལ་རྦ་ཀློང་ཆེར་འཁྲུགས་པའི། །འཁོར་བའི་ཆུ་བོར་བྱིང་བ་ཡི། །འགྲོ་ལ་བརྩེ་བ་ཆེན་པོ་བསྐྱེད། །འདིར་ནི་འདི་དོན་འདིས་མི་ནུས། །ཡང་དག་ཡེ་ཤེས་སྣང་ལྡན ་པའི། ཡི་དམ་རྒྱལ་པོའི་གཟུགས་ཀྱིས་ནི། །སེམས་ཅན་སྐྱབས་ལ་བརྩོན་པར་བྱ། །རང་གི་བསྐྱེད་པ་ཡི་གེའི་གཟུགས། །དེ་ཉིད་སྙིང་གི་དཀྱིལ་དུ་གཞོག། །འོད་ཀྱི་སྡིག་པ་ཟང་བྱས་ཏེ། འགྲོ་མང་སྡུག་བསྔལ་ཞི་པར་བྱ། །བཏུས་པའི་སྦྱོར་བས་ལྷ་གང་གི་། ་གནས་ལ་དང་པས་དེ་ཉིད་བསམ། །བྱིན་གྱིས་བརླབ་དང་དབང་བསྐུར་བ། །གཞུག་དང་མཆོད་སོགས་ཐམས་ཅད་བྱ། །དེ་ནས་བཞིན་བཟངས་མིག་ཡངས་མ། །ལང་ཚོ་རྒྱགས་ཤིང་སྐྱེ་གནས་དང། །ནུ་མ་མཁྲང་ཞིང་ཤ་རྒྱས་པའི། །བུ་མོ་ཡིད་འོང་མདུན་དུ ་གཞག་།གཙུག་ཏུ་མངས་དང་རོང་ལྡན་དང། །བུ་ག་འཕེན་དང་བསྐྱོད་པ་དང། །མཚམས་སུ་མཛེས་པར་གྱུར་པ་ཡིས། །མཛད་པ་མཛེས་པར་བྱ་བ་དང། །རྣལ་འབྱོར་ལ་ནི་རྟག་གུས་ཤིང། །ལྷག་པར་ཟབ་མོའི་ཚེས་ལ་དང། །ཁྲོ་མེད་རྣམ་རྟོག་སྤངས་པའི ་བདག་།ཡོངས་སུ་སྨིན་བྱས་བྱིན་གྱིས་བརླབ། །གཙོ་ཉིད་གང་གི་རིག་མ་རུང། །ཆོ་ག་མཁས་པས་བསྒོམས་ནས་ཀྱང། །དེ་རུ་ཡེ་ཤེས་འཁོར་ལོ་གཞུག་།མཚན་མ་གཉིས་ཀྱང་སྔགས་ཀྱིས་སྦྱང། །ལིང་ཁ་བརྟན་པོར་གྱུར་པ་ནི། །སྐྱེ ་གནས་དབུས་སུ་གཞག་པར་བྱ། །དམ་པོར་འཁྱུད་པས་གནས་ནས་ནི། །ཡང་དང་ཡང་དུ་ཙུམ་པ་བྱ། །སེན་མོས་ཅུང་ཟད་དྲུད་པ་དང། །མ་མཆུ་སོ་ཡི་གཙིར་བར་བྱ། །མིག་ནི་རབ་ཏུ་བསྒྱུར་བྱ་ཞིང། །ལྕེ་ཡེང་ལྕེ་ཡིས་བསྐྱོད་པར་བྱ། །མགྲིན་པར་དངོས་དགང ་བ་དང། །གཤུབ་པ་འམ་ཡང་ན་གསལ་པ་རུ། །ཆགས་པའི་ཚིག་གིས་སྦྱོར་བ་ཡིས། །ཁ་སྦྱོར་བདེ་བ་དང་པོ་བསྒོམ། །སུམ་ཅུ་རྩ་གཉིས་འདབ་ལྡན་པའི། །རླུང་གི་རང་བཞིན་པདྨ་ལས། །མགྲིན་པར་འབར་བའི་ཡེ་ཤེས་ནི། །བྱ་བ་གྲུབ་པ་ཉོན་མོངས ་འཇོམས། །དེ་རུ་རྡོ་རྗེ་ནུབ་གྱུར་ནས། །རྐང་པ་སྐྱོད་པ་སྤངས་ནས་ནི། །ལུས་ངག་སྦྱོར་དང་ལྡན་པ་ཡིས། །དགམ་ཞིང་བསྡུ་བ་དག་ཏུ་བྱ། །མིག་ནི་སྣ་རྩེར་ཕབ་ནས་སུ། །གཟུགས་སོགས་ཡུལ་ལ་མ་ཞེན་པར། །དེ་དག་ལས་སྐྱེས་བདེ་བ་མཆོག་།ཡང་དག་ཡེ ་ཤེས་གཉིས་པ་བསྒོམ། །བརྒྱད་གཉིས་འདབ་མར་བཅས་པ་ཡི། །ཆུ་ཡི་ངོ་བོ་པདྨ་ལས། །སྙིང་གར་འབབ་པའི་ཡེ་ཤེས་ནི། །སོ་སོར་ཀུན་ཏུ་རྟོག་པར་བརྗོད། །སྒྱུ་རྩ་ལ་མཁས་པས་བསྐྱོད་བྱ་ཞིང། །བུ་མོས་ཀྱང་ནི་རྐེད་པ་བསྐོར། །དབུགས་ཀྱང་ཅུང་ཟད་ཅུང ་ཟད་བསྡམ། །ངལ་གྱིས་སྒྱུ་རྩལ་ཐམས་ཅད་སྤྱད། །མིག་ནི་མི་འཛུམས་པར་གྱུར་པས། །རེག་ལ་རྟོག་ཅིང་མ་ཞེན་པར། །བདེ་བའི་ཡེ་ཤེས་གསུམ་པ་ནི། །རྣལ་འབྱོར་མཁས་པས་རྟོག་པར་བྱ། །བཅུ་དྲུག་ཕྱེ་ཀྱི་འདབ་མར་བཅས། །ཆུ་ཡི་རང་བཞིན་པདྨ ་ལས། །ལྟེ་བར་འབབ་པའི་ཡེ་ཤེས་ནི། །མེ་ལོང་ལྟ་བུར་ལང་དག་བརྗོད། །རིགས་ཀྱི་མཚན་མས་ས་བོན་བཅས། །ནོར་བུར་ཆུད་པར་བསམ་བྱ་ཞིང། །རླུང་དང་ཡིད་ནི་མི་རྒྱུ་བར། །བྱས་ཏེ་མཁས་པས་འདོད་པ་གཟུང། །གོས་མེད་རྟོག་པ་ཉེར་ཞི་བ། ། ་མིག་གཉིས་རབ་ཏུ་གདངས་པ་ཡིས། །རང་བྱུང་གཞོམ་མེད་མཁའ་མཉམ་པའི། །ཡེ་ཤེས་བཞི་པ་གསལ་པོར་བསྒོམ། །དྲུག་ཅུ་རྩ་བཞིའི་འདབ་ལྡན་པའི། །འདབ་སྐྱེས་ས་ཡི་རང་བཞིན་ལས། །དེ་འདབ་དེ་རུ་ཟིན་གྱུར་པའི། །ཡེ་ཤེས་མཉམ་པ་ཉིད་དུ ་བརྗོད། །གལ་ཏེ་ངེར་ནི་མ་ཟིན་ན། །བདེ་བ་ཆེན་པོ་མི་གསལ་ཞིང། །ཕུང་པོ་སྐྱེ་མཆེད་ཉམས་པ་དང། །གཉིས་མེད་ཡེ་ཤེས་རྟོགས་མི་འགྱུར། །དར་བས་ལས་བྱས་སྐུད་པ་དྲུག་།སོར་བཅུ་དྲུག་གིས་རྐེད་པ་བསྡམས། །བུ་མོའི་ཁྲག་གིས་བསྒོས་པ་དང། ། ་སྒྲུལ་གྱིས་ཤུན་པར་ཡང་དག་ལྡན། །སོར་བཅུ་གཉིས་ལྡན་ཤིང་བུ་ལ། །མཛའ་རུ་སོང་གཉིས་དོར་བ་དང། །དཀྱིལ་དུ་སྲང་བུས་བཅིངས་ནས་ནི། །སོར་དྲུག་རྡོ་རྗེའི་མདུད་པ་བྱས། །སོར་གཉིས་མཐར་དུ་སྦྲེལ་བྱས་ནས། །མཁས་པས་རང་གི་རྐེད་པར ་བཅིང། །མདུན་གྱི་ཤིང་བུས་འཕྲ་བཀོད་དེ། །ལྟེ་བའི་ཕྱོགས་སུ་གཞག་པར་བྱ། །བུ་མོའི་བྱིན་པ་གཡོན་པ་ནི། །སྐྱེས་བུའི་དྲུག་ཁུག་གཡས་པས་བླང། །དབུགས་བསྡམས་པ་དང་ལྡན་པ་ཡིས། །རྟག་ཐུར་སེལ་བརྐྱེད་པར་བྱ། །གླང་པོའི་སྣ་ཡི་སྦྱོར་བ་ནི། ་ལག་པ་གླང་པོའི་སྣ་ལྟ་བུ། །སྣ་ལྔ་སྦྱར་བར་བྱས་པ་ཡིས། །དེ་རུ་སེམས་འགག་ཐེ་ཚོམ་མེད། །སྤྲུ་ཡི་རྩ་བ་བརྡུངས་པ་ནི། །ལྕགས་ཀྱི་སྣོད་དུ་ཡུན་རིངས་བཙོས། །རྩིགས་མ་ཕུད་དེ་ཀར་དང། །ཏིལ་དང་སྦྱར་བ་མཁས་པས་གཟའ། །འདི་ནི་ཟོས་པ་ཙམ ་གྱིས་ཀྱང། །སྟོབས་འཕེལ་མདངས་དང་ལྡན་པ་དང། །ཐིག་ལ་འཛིན་པའི་ཐབས་ཀྱི་མཆོག་།སྨན་གྱི་སྦྱོར་བ་དམ་པའོ། བ་འམ་རི་ཡི་འོ་མ་རུ། །ཀ་ར་ཧ་ས་དེ་བར་སྦྱར། །འདི་ནི་བཅུད་ལེན་མཆོག་ཏུ་བཤད། །ཐིག་ལེ་འཛིན་པ་ཉིད་ཡིན་ནོ། ། ་བྱ་ཡི་བྲུན་དང་མི་ཁྱི་ཡི། །རུས་པ་བཞིབས་པའི་ལྡེ་གུ་ཡིས། །རྡོ་རྗེ་རྟག་པར་བསྐུ་བྱེད་པའི། །ས་བོན་འབྱུང་བར་མི་འགྱུར་རོ། །ཁྱིམ་བྱའི་ཚིལ་བུ་ཏིལ་མར་དང། །བྱིའུ་ཡི་ཤ་རྣམས་ཡང་དག་སྤྱང། །དེ་ཡིས་པདྨ་ལ་བསྐུས་ན། །ཆེ་བའང་ཟུམ་ནས་ཐིག ་ལེ་འཛིན། །ལྕུམ་གྱི་རྩ་བ་བརྡུངས་པ་ཡིས། །པདྨར་བསྐུས་ན་དེ་འཛིན་ཏོ། །ས་བོན་མི་འབྱུང་ཐབས་ཀྱི་མཆོག་།ཁྱད་པར་རྫས་ཀྱི་སྦྱོར་བའོ། །སྣ་ཚོགས་ཐབས་ལམ་རྨོངས་པས། །ནན་ཏན་བྱས་ཏེ་བཟུང་བ་དེ། །མྱུར་དུ་འབད་པས ་ལུས་ངག་དང། །སེམས་ཀྱི་རྩལ་གྱིས་བཟློག་པར་བྱ། །ལུས་ཀྱིས་རྩལ་གྱིས་ལྟོ་བ་བརྡེབས། །དེ་ཚེ་ངག་སྟོབས་ཡི་གེ་ཧཱུཾ། །ལམ་ཡིག་ཕྲེང་པར་རྒྱུད་མར་ནི། །དྲངས་པར་བསམས་པ་སེམས་ཀྱི་སྟོབས། །མཉམ་གནས་བསྐྱོད་པའི་སྦྱོར་བ་ནི། །དགུ་པོ་ལུས་སྟོབས ་ཧཱུཾ་ཡིག་གི་།ང་རོ་དྲག་པོས་མགྲིན་པར་དགང། །མཾ་ཡིག་ཕྲེང་བ་སེམས་ཀྱི་རྩལ། །སྙིང་གནས་ལུས་སྟོབས་སྤྲུག་པ་དང། །དག་གི་འདྲེན་པ་ཡི་གེ་ཨཱ། པཾ་ཡིག་ཕྲེང་བར་བསམས་པ་ཡིན། །གསུང་གི་དབང་ཕྱུག་གནས་སུ་དྲང། །ལུས་ཀྱི་རྩལ་གྱིས་མགྲིན ་པར་དགུག་།ངག་ནི་ཨོཾ་ཡིག་འདོད་ལ་བརྩོན། །ཏཾ་ཡིག་ཕྲེང་བར་བསམས་པ་ཡིས། །ཕྱག་རྒྱ་ཆེན་པོའི་གནས་སུ་དྲད། །སྒོ་དགུ་དགག་པའི་སྦྱོར་བ་ཡིས། །རླུང་དང་དེ་བསྲེས་རྩ་མིག་དགང། །སྡིགས་མཛུབ་འཕེན་པའི་རྩལ་གྱིས་ཀྱང། །ཡང་དང་ཡང་དུ་སྤྲོ ་བར་བྱ། །དེ་ལྟར་སྦྱོར་བ་དེ་དག་གིས། །སྤུ་ཡི་ཁུང་བུའི་གནས་སུ་ཡང། །བདེ་བའི་ཡེ་ཤེས་གཡོས་གྱུར་ཏེ། །ཀུན་རྟོག་རྡུལ་དང་བྲལ་བར་འགྱུར། །དེ་ནས་རྣལ་འབྱོར་མཁས་པ་ཡིས། །དྷཱུ་ཏྭཱི་དཀར་པོ་སྟོང་པ་རུ། །སྙིང་གི་ལམ་ནས་སེམས་བཅུག་པས། ། ་སྣ་ཚོགས་རྟོག་པ་ནུབ་པར་བསྒོམ། །དྷཱུ་ཏཱིའི་ནང་དུ་རང་གི་སེམས། །ཐིག་ལེའི་གཟུགས་ཀྱིས་གནས་པ་ནི། །ཐུར་དུ་ཕབ་སྟེ་ནོར་བུ་ཡི། །ནང་དུ་ཡང་དག་གནས་པར་བསྒོམ། །ཐམས་ཅད་སྟོང་པ་བདེ་བ་ཆེ། །བརྗོད་མེད་རང་བཞིན་ཤེས་དཀའ་ཞིང། །རྣམ ་རྟོག་རྦ་རླབས་ཉེར་ཞི་བ། །གསལ་བའི་རོ་ལྡན་ཉམས་སུ་མྱོང། །བ་སྤུ་གྱེན་དུ་ལོག་པ་དང། །ལུས་ནི་དྲག་ཏུ་འབར་པ?་དང། །འདར་དང་གཡོ་འགྱུར་མཆི་མ་འཛག་།རྡུལ་བར་འགྱུར་བ་དེ་དག་རྟགས། །ཡང་ན་རྟག་པར་རྒོད་པ་དང། །དུ་བ་འམ་བརྒྱལ ་ཞིང་འགྱེལ་བར་འགྱུར། །རེག་པ་ལ་སོགས་རྐྱེན་དག་ལས། །བདེ་བ་བཟོད་དཀའ་སྐྱེ་བར་འགྱུར། །རྟོག་མེད་ཉམ་ང་རྣམ་པར་སྦངས། །དགའ་བ་རྒྱས་ཤིང་ངོ་ཚ་མེད། །གླུ་ལེན་སྒྲ་འབྱིན་འདོད་པའི་སེམས། །རང་འབྱུང་བདེ་བའི་རོས་མྱོས་རྟགས། །དེ་ལྟར་ཡང་དག ་གོམས་པ་ལས། །སྣང་བ་ཡེ་ཤེས་ཆེན་པོར་འཆར། །ཕྱག་རྒྱ་མ་ལ་བལྟོས་མེད་པར། །སྒྲིབ་བྲལ་བདེ་བ་རྒྱས་པར་འགྱུར། །བཟང་ངན་བདག་དང་གཞན་ལ་སོགས། །ཡོད་དང་མེད་པའི་སྦྱོར་ཉིད་དང། །འདིར་ནི་སྐྱོན་དང་ཡོན་ཏན་སོགས། །བདེ་བ་ཆེ་ལ་མི་མཉམ ་མེད། །བསྟོད་གྲགས་རྙེད་ལྡན་བདེན་གྱུར་པ། །འདིར་ནི་སྨད་ཅིང་མ་གྲགས་དང། །དབུལ་པོ་སྡུག་འཕོངས་གང་གྱུར་པ། །བྱེ་བྲག་མེད་བརྟོགས་པའི་གདེངས། །མདོར་ན་གང་ཚེ་རྣལ་འབྱོར་པས། །རྩོལ་དང་མི་རྩོལ་ཉེར་ཞི་ཞིང། །བླང་དོར་མེད་པར་གང་སྤྱོད་པ། ། ་བྱང་ཆུབ་སྤྱོད་པ་རླབས་ཆེན་པོ། །དེ་ལྟར་མ་ཉིད་བདེ་བ་ཆེ། །མཛའ་བྲལ་རྒྱུན་མི་འཆད་པ་ཡི། །ཉམས་སུ་མྱོང་བ་མ་བསྟན་པར། །སྒྱུ་འཕྲུལ་ཕྱག་རྒྱ་བཟང་མོ་བརྟེན། །མི་མོ་མཚན་ཉིད་རབ་ལྡན་ཞིང། །རིགས་ཀྱི་དབྱེ་བས་ཕྱེད་པ་ནི། །རྒྱུད་ལས་གསུངས་བཞིན ་རྣལ་འབྱོར་པས། །ཁ་དོག་མཚན་མ་ཀུན་ཤེས་བྱ། །འགྲོ་ཚོགས་ཆགས་སོགས་ཉོན་མོངས་དང། །སྡུག་བསྔལ་གདུང་བ་བསིལ་བྱེད་པ། །རྣལ་འབྱོར་མཆོག་གི་རྒྱུད་རྣམས་ལས། །རྒྱལ་བས་གཅིག་ཏུ་བཀའ་སྩལ་པའོ། །དམ་པའི་མན་ངག་ལ ་བརྟེན་ཏེ། གསང་ཆེན་ཐེག་པའི་ལམ་གྱི་ཚུལ། །ཡང་དག་སྤྱར་བ་བྱས་པ་ལས། །འཇིག་རྟེན་འཁོར་བ་ནུབ་པར་ཤོག་།པཎྜི་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་མཛད་པ། །རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ནའི་རྣལ་འབྱོར་ལ་འཇུག་པའི་མན་ངག ་ཅེས་བྱ་བ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཀརྨ་མུ་དྲ་པ་རི་ཀཱུ་ཨུ་པ་དེ་ཤཱ་ནཱ་མ། བོད་སྐད་དུ། ལས་ཀྱི་ཕྱག་རྒྱ་བརྟག་པའི་མན་ངག་ཅེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་མོ་དུང་གི་རྣམ་བཀོད་དང། ། ་