| Wylie | e-texts based on the ACIP/ALL Input |
ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ་བཞུགས་སོ། ། *། །རྒྱ་གར་སྐད་དུ། མརྨ་ཀི་ལི་ཀཱ་ནཱ་མ་ཧྭ་ཛྙཱ་ན་སཾ་སིདྡྷི་པཉྫི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ ་ཞེས་བྱ་བ། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །གཏུམ་མོའི་བྱེད་བ་རོལ་བསྐྱེད་གནས་ལས་རྟོགས་གྱེན་དུ་རོལ་བ་རང་འབྱུང་གི་།གཟུགས་བརྙན་འབྱུང་བ་བདེ་བ་ཆེན་པོར་འཕྲོ་བ་རང་གི་ཁོང་དུ་ཆུད་ཕྱིར་རོལ། །ཆུ་སྐྱེས་མཆོག་ཏུ་གཤེགས་ཤིང་མྱང་འདས་རྟོགས་པ ་ཐོབ་པའང་མྱུར་ཞིང་མྱུར་བར་སྟེ། །རྟོགས་པ་གཉིས་མེད་མཆོག་ཏུ་ལྷན་ཅིག་སྐྱེས་བ་ཀུན་ཏུ་དགའ་བ་ལ་བདག་ཅག་འདུད། །ཆུ་གཏེར་གྲུབ་པའི་གྲུ་ལྟར་མི་འཁྲུགས་འདིར་ནི་མངའ་བདག་མཁའ་ཙམ་རྙེད་ལ་ཚོགས། །འགྲོ་ལྟར་དེས་བཅིངས་ཐུན་གཉིས་རོལ ་ཏེ་རྡོ་རྗེ་རོལ་མའི་རྟོགས་པའི་ཡན་ལག་ལས། །དེ་རྣམས་སློབ་ལ་ཀུན་ཏུ་དང་པོ་ཐབས་ཀྱི་རིག་པ་མཆོད། །རྡོ་རྗེ་ལྷ་མོ་ཟབ་དོན་ཟབ་པ་ཀུན་ཏུ་དགའ་བ་འཁྱིལ། །རྒྱ་ཆེར་འགྲེལ་པའི་ཚིག་ཙམ་བཤེས་གཉེན་གྱིས་ནི་རྟོགས་པས་བྱ། །མི་ཤེས་པ་ཤེས ་གཉེན་ཉིད་ཀྱིས་རབ་ཏུ་གསལ་བར་བྱེད། །དོན་དམ་ཟབ་མོའི་རྣམ་བཤད་མི་མཚུངས་བླ་ན་མེད་པ་འདི། །གལ་ཏེ་འདི་ནི་དགྲོལ་བར་བྱ་ཡི་གུས་པ་ཙམ་ཡང་མཛོད། །དེ་ལ་བདེ་མཆོག་སྡོམ་པ་རྒྱ་མཚོ་མངོན་པར་མི་སྣང་བ་ལས་བྱུང་བའི་བཅོམ་ལྡན ་འདས་མ་རྡོ་རྗེ་དགྱེས་པའི་རོལ་མས་སློབ་དཔོན་ཏིང་ངེ་འཛིན་རྡོ་རྗེ་རྗེས་སུ་བཟུང་ནས་དེ་ཀྱང་བླ་མ་དམ་པའི་པདྨ་ལས་གདམས་པ་བླངས་པ། རྒྱུ་འབྲས་གཉིས་ཀྱི་རང་གཟུགས་གཏུམ་མོའི་གཟུགས་ཅན་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་རང ་བཞིན་གྱི་དཔལ་ལྡན་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་མཆོག་ཏུ་གྱུར་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྒྱན་ཅིང་མཛེས་པའི་མཛད་དོ།། །།དེ་ནས་རྡོ་རྗེ་ཕག་མོ་ལ་ཤིས་པའི་དབྱངས་ཀྱི་སྒོ་ནས་གསུངས་པ་ནི། །དང་པོའི ་ཚིགས་སུ་བཅད་པ་དང་འོག་གི་ཚིགས་སུ་བཅད་པ་གཉིས་སུ་ཕན་ཚུན་བཅིངས་ནས་དོན་སོ་སོར་སྟོར་པ་ལ་ཁྱད་པར་བཅུ་བཅུས་ཁྱད་པར་དུ་བྱས་ནས་སྐད་ཅིག་མ་བཞིའི་མཚན་ཉིད་ཅན་གྱི་དགའ་བའི་རང་བཞིན་དེའི་གཟུགས་ཀྱི་རང་བཞིན་ལ་སྐྱེས ་པས་འགྲོ་བ་ཐམས་ཅད་ཀྱི་མ་རིག་པའི་མུན་པ་གསལ་ནས་ལམ་མཆོག་ཏུ་གྱུར་པ་སྐྱེས་པ་དང། དེ་ལས་སྐྱེས་པའི་སྲས་རྣམས་བརྩེ་བས་སྐྱོང་བའི་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་སྟེ། དེའི་དོན་བརྗོད་པར་བྱའོ། །དང་པོ་རླུང་གིས་བསྐྱོད་པས་ཞེས་པ ་ལ་སོགས་པ་ཕག་མོ?། ཡིས་ནི་ཁྱོད་ལ་བསྲུངས་ཞེས་པའི་འབྲེལ་ལ། བཱ་རཱ་ཧཱི་ཞེས་པ་སྣ་ཚོགས་འདོད་པའི་བདེ་བ་ཉིད་ལ་བཱ་རཱ་བྱང་ཆུབ་ཀྱི་སེམས་ཤེས་བྱ་སྟེ། བཱ་ཉིད་ལ་མིག་གི་ཡི་གེ་དང་པོ་བྱིན་པའོ། །ཡང་ནི་བཱ་རཱ་ཞེས་པ་བྱང་ཆུབ་སེམས་ཀྱིས་ལུས ་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྱབ་བ་ལ་བྱ་སྟེ། སྒྲའི་ཁམས་ལས་བྱུང་བའོ། །དེ་ཡང་ཐིག་ལེ་ཉིད་ཧེ་རུ་ཀའི་རྣམ་པ་བདེ་བ་ཆེན་པོའི་འཁོར་ལོ་ན་གནས་པ་ལ་ཨ་ཏིའི་རྣམ་པར་སྤྲུལ་པའི་འཁོར་ལོ་ནས་ཡར་ལ་རྗེས་སུ་འགྲོ་ཞེས་པས ་ན་བཱ་རཱི་ཧཱི་སྟེ་དེ་ཡང་རེག་པས་གཅིག་ཏུ་གྱུར་བ་ལས་ཧཱི་གྲུབ་པས་བཱ་རཱ་ཧཱི་ཞེས་བྱའོ། །ཡང་ན་བཱ་རཱ་ཞེས་པ་བདེ་བ་སྟེ། འཁོར་ལོའི་བདག་པོ་སྟེ། དེ་ལ་བཀའ་ནོད་པར་བྱེད་པས་བཱ་རཱ་ལ་རང་གི་རྐྱེན་བྱིན་པས་རིང་པོ་གྲུབ་པས་བཱ་རཱ་ཧི་ཞེས ་བྱའོ། །དེ་ལ་མན་ངག་གི་རིམ་པ་བྲིས་བར་བྱ་སྟེ། འདིར་ནི་རླུང་གི་ཁམས་ཀྱིས་ནི། །འགྲོ་བ་དོན་ལ་གྲུབ་པས་ནི། །བསྐུལ་ནས་བཞེངས་པ་ལྷ་མོ་ལ། །བཱ་རཱ་ཧཱི་ཞེས་བརྗོད་པར་བྱ། །དེ་བཞིན་ཨ་བ་དྷུ་ཏཱི་ཞབས། །སྒྲུབས་ཐབས ་གསལ་བར་གསུངས་པ་ལས། །སྲིན་པོའི་ཞལ་ནི་ཅུང་ཟད་བསྡམ། །རབ་ཏུ་འབར་བ་རྣམ་པར་བསྒོམ། །བཱ་ཡི་སྒྲ་ནི་རླུང་ཉིད་དེ། ། ནི་འོག་གི་འཁོར་ལོར་གནས། །དེ་ལ་བསྐྱོད་པས་ར་ཉིད་དེ། །རང་ཉིད་མེ་ཡི་གཟུགས་ཅན་ནི། །ཆོས་ཀུན་གྱི་ནི་རང ་བཞིན་ཉིད། །དྷུ་ཏཱི་ཨཱ་ཡི་རྣམ་པ་ལ། །མེ་ཡི་རང་བཞིན་ར་ཉིད་ལས། །གཉིས་སུ་མེད་པར་བསྐྱོད་པ་ལས། །ཡང་ནི་ཨ་ཡི་རྣམ་པར་བལྟ། །བདེ་བའི་དབང་ཕྱུག་འཕྲོས་པ་ལས། །ཱ་གཉིས་སྦྱར་བས་ར་ལ་སྦྱིན ་བར་གྱི་ཡི་གེ་རིང་པོ་འགྲུབ། །ཧ་ནི་?་བདེ་བའི་འཁོར་ལོ་གནས། ། ཡི་ཚ་ཟེར་འཁྱུད་པ་ཉིད། །དེ་ནས་ཀུན་ཏུ་ཁྱབ་པ་ལ། །སྣ་ཚོགས་ཐིག་ལེ་ཨི་ཉིད་དོ། །དེ་ལས་འཇིག་རྟེན་འདས་པའི་སེམས། །འཇིག་རྟེན་འདས་པའི་བདེ་བ ་ཉིད། །ཟད་པར་མི་བྱེད་དཔལ་གྱི་གཞི། །ི་ཡི་རྣམ་པའི་གཟུགས་ཅན་ནོ། །ལྷ་མོ་ཡི་གེ་བདུན་ཉིད་དོ། །དུས་གསུམ་ཡེ་ཤེས་དག་པའོ། །ཁྲག་འཐུང་མ་ནི་བཱ་རཱ་ཧཱི། །དཔའ་ཨོ་ཧེ་རུ་ཀ་ཡིས་གསུངས། །དེ་ལ་འདིར་ནི་བཅོམ་ལྡན་མ།། ་འདིས་ནི་སྣ་ཚོགས་རབ་ཏུ་གསལ། །རྣོ་ཞིང་བརྫུན་པར་སྣང་བའི་ཕྱིར། །ཁྲག་འཐུང་གཏུམ་མོ་ཞེས་བྱའོ། །དེ་ནས་རྩ་བའི་རྒྱུད་ཀྱི་ཚིག་ལེའུར་བྱས་པ་ལས། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་ཞུགས ་ཞེས་པས་རྡོ་རྗེ་ཕག་མོའི་རང་བཞིན་ཨའི་རྣམ་པར་ཞུགས་པའི་འཁོར་ལོར་གནས་པ་ལས་མེའི་རབ་རང་བཞིན་ཉི་མའི་འོད་ཟེར་གྱི་རྩེ་མོ་ལྟ་བུ་འཕྲོས་པས། །བདེ་ཆེན་འཁོར་ལོར་གནས་པའི་ཐིག་ལེ་སྡོམ་པའི་གཟུགས་རེག་ནས་སླར་སྤྱན ་དྲང་སྟེ། བདུད་རྩིའི་རྒྱུན་འབབ་པར་བསྒོམ་པ་ནི་བཅོམ་ལྡན་འདས་མའི་གཏུམ་མོའི་རྣལ་འབྱོར་དུ་བླ་མས་བཤད་དོ། །འདི་ནི་ན་ནིང་པའི་ཞབས་ནས་རང་གི་བླ་མ་དམ་པའི་བར་དུ་རྣ་བ་ནས་རྣ་བར་བརྒྱུད་པས་གསལ་ལོ། །འདི་ནི་བདག་ཉིད་ཆེན་པོ ་རྣམས་ཀྱི་རིམ་པ་ལས་བྱུང་བ་སྟེ། །སྐྱེས་བུ་དམ་པ་དག་གིས་ཤིན་ཏུ་གུས་པར་གྱིས་ཤིག་དང་དེ་ལྟ་བུ་གང་ཞེ་ན། རླུང་གིས་བསྐྱོད་པ་ཞེས་པ་ལ་སོགས་པ་སྐྱེ། དང་པོར་བསྐྱོད་པ་ནི་གྱེན་དུའོ། །གང་ནས་བསྐྱོད་ན་འོག་གི་འཁོར་ལོ་ནས ་བཞེངས་ཞེས་པས། དེ་ཡིད་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོའི་འོག་ན་གནས་པ་དེ་ཉིད་ལ་སྤྲུལ་པའི་འཁོར་ལོ་ཞེ་འམ། འོག་གི་འཁོར་ལོ་ཞེས་བྱའོ། །གཉིས་པ་རླུང་གིས་ཞེས་པ་ཐུར?་སེལ་གྱི་རླུང་གྱེན་དུ་སོང་བས་སོ།། ་གློག་གི་ཟེར་ལྟར་ཞེས་པས་དེ་ལ་འདིར་འོད་ཀྱི་རྣམ་པ་འམ། ཡེ་ཤེས་ཀྱི་མེའི་གཟུགས་སམ། འོད་གསལ་གྱི་རང་བཞིན་ནམ། ཆགས་པའི་གཟུགས་ཀྱིས་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་བུད་ཤིང་བསྲེགས་པར་བྱེད་པར་བྱེད་པས་ན་བཅོམ་ལྡན ་འདས་མའོ། །དེ་ལྟ་བུ་གང་དུ་མཐོང་ན་དཔྱིད་ཀྱི་ཐིག་ལེའི་འགྲེལ་བ་ལས་།སྤྲིན་ནག་འཐིབས་པའི་མུན་པ་འཐུག་པོར་གྱུར་པ་ལས། བཞེངས་པའི་གློག་ཆེན་འཁྱུགས་པས་ལྷག་པར་གྱུར་པ་ཡི། །སྣོད་བཅུད་གཉིས་པོ་རབ་ཏུ་བསྲེགས་པའི་ཁྲག ་འཐུང་མ། །སྣ་ཚོགས་འགྲོ་བའི་མ་ཁྱོད་ལ་ནི་ཕྱག་འཚལ་ལོ། །ཆུ་ཡི་?་པོ་ལྟེ་བའི་འཁོར་ལོར་རབ་ཏུ་འཁྲུགས་པ་ལས། །རྡོ་རྗེ་པདྨ་མཉམ་པར་སྦྱོར་བས་བཞེངས་པ་ཉིད། །རྟ་མཆོག་མེས་པས་ལྷག་པར་གྱུར་པའི་བཅུད་འཐུང་མ། །བདུད་རྩིའི ་རྒྱུན་ནི་རབ་འབབ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་སོ། །རྩིབས་ཅན་གསུམ་པོ་བསྲེགས་ནས་ཞེས་བྱ་བ་ནི། །རྩིབས་ཡོད་པ་ལ་ཅན་ཞེས་པས་དེ་དང་ལྡན་པས་ལ་འཁོར་ལོར་ཡོངས་སུ་གྲུབ་པའོ། །བསྲེགས་ནས་ཞེས་པ་གང་བསྲེགས་ན་ཆོས་དང་ལོངས ་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོ་གསུམ་པོ་བསྲེགས་ནས་རང་བཞིན་མེད་པར་རོ་གཅིག་ཏུ་གྱུར་པའོ། །འཇིག་རྟེན་གསུམ་གྱིས་མཆོད་གྱུར་ཞེས་པ། ས་བླ་ས་སྟེངས་འོག་མཆོད་པའོ། །ཡང་ན་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཡོངས་སུ ་རྫོགས་པའི་རྣམ་པའོ། །བདུད་རྩིའི་རྒྱུན་འབབ་ཅེས་པ་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་ཧཾ་གི་རྣམ་པ་ལ་བདུད་རྩིའི་རྒྱུན་འབབ་པས་ཁྱབ་པར་མཛད་པའོ། །དེས་ནི་དུས་དང་དུས་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་རྩ་བ་ནས་སྤངས་ཏེ། ་རྒྱུན་ཆད་མེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ལས་སྐྱེས་པ་རོ་གཅིག་པར་གྱུར་པའི་དེ་ཉིད་ལ་དགའ་བའི་མཆོད་ཅེས་བྱའོ། །དེ་ལ་འདི་སྐད་སྟོན་ཏོ། །བཅོམ་ལྡན་འདས་མ་ཡེ་ཤེས་ཀྱི་སྐུ་ཅན་གྱིས་ཉོན་མོངས་པ ་དང་ཤེས་བྱའི་སྒྲིབས་པ་སྤངས་ནས་བསམ་གྱིས་མི་ཁྱབ་པའི་གཟུགས་ཡོངས་སུ་རྫོགས་པ་ན་རྣལ་འབྱོར་པས་དེ་ལ་རབ་ཅེས་བྱའོ། །སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་ཞེས་པ་ནི། སངས་རྒྱས་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར ་བ་ལས་ནོར་བུའི་རྩ་བ་དང་རྐེད་པ་རྩེ་མོར་བྱང་སེམས་མཆོག་གི་ཐིག་ལེ་སླེབ་པ་དེ་ལས་བྱུང་བའི་ཡེ་ཤེས་ནི་གང་གིས་ཀྱང། སྐྱོབ་པ་མེད་པ་ལས་སངས་རྒྱས་ཡེ་ཤེས་ཞེས་བྱའོ། །བཅུད་དང་ཞེས་པ་དེ་ཡང་གཞོན་ནུ་མས་དང་པའི་བདེ ་བ་མྱོང་བ་ལྟ་བུ་འམ། སྔར་མ་མྱོང་བའི་རོ་ལ་ལོངས་སྤྱོད་པ་ལྟ་བུ་འམ། རྨི་ལམ་གྱི་བདེ་བ་ཁྱད་པར་མྱོང་ནས་སྨྲ་མི་ཤེས་པ་ལྟ་བུ་སྟེ། ཐེ་ཚོམ་དང་བྲལ་བའི་དེ་ཁོ་ན་ཉིད་གསལ་བའི་དོན་མཆོག་ཏུ་གྱུར་བའི་དོན་ཏོ། །འདྲེས ་ཞེས་པ་ནི་དེ་ལ་ངེས་པར་བསྟན་པས་རྒྱུན་མ་ཆད་བར་གནས་པའོ། །དེ་ལ་འདིར་སྐྱོན་བྲལ་ཞེས་པ་ནི། སྐྱོན་གང་ཞེ་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཉེས་པའོ། །བྲལ་ཞེས་པ་ནི་འདིས་བདེ་བ་ཆེན་པོའི་དལ?་དུ ་ཉེས་པ་ཐམས་ཅད་ཐིམ་པའོ། །དེ་ཡང་གང་གང་སེམས་ནི་གོམས་པ་ཡི། །དེ་ལྟར་ཤེས་བྱ་ལ་འཇུག་པས། །ཉེས་པ་དག་གིས་གཡོ་མི་བྱེད། །འདི་ལྟར་ཐམས་ཅད་བལྟ་བར་བྱ་ཅེས་སོ། །དེ་བཞིན་དུ་ཡང་། དེ་ལྟ་དེ་ལྟར ་བསྒོམས་པ་ན། །སེམས་ནི་ཟུང་དུ་འཇུག་པར་བྱེད། །སྣ་ཚོགས་གཟུགས་ཅན་ནོར་བུ་ལྟར། །དེས་ན་དེ་ཡི་རང་བཞིན་འགྱུར་ཞེས་སོ། །ཡང་ན་སྐྱོན་ནི་ཆགས་བྲལ་ཏེ་བདེ་བ་ཉམས་པའོ། །ཡང་ན་སྐྱོན་ནི་སྡིག་པ་སྟེ་ཆགས་བྲལ ་ཀྱི་མཚན་ཉིད་སྡིག་པའོ། །སྡིག་པའི་རང་བཞིན་ཡང་འདིར?་ཆགས་བྲལ་ལོ། །བྲལ་བ་ནི་དེ་དག་སྤངས་པའོ། །དེ་བཞིན་དུ་འཕགས་པ་ལྷས་ཀྱང། །ཆགས་དང་བྲལ་བས་སྡིག་པ་སྟེ། །བདེ་བ་འདོད་པས་དེ་ཉིད་བསྲུང་ཞེས་པ་དང། །དེ་བཞིན ་དུ་ཡང། །དང་ས་མ་སྤངས་པས་བདེ་བ་ཉམས། །བདེ་བ་ཉམས་པས་སྡུག་བསྔལ་འབྱུང། །སྡུག་བསྔལ་གྱིས་ནི་ཁམས་ཟད་བྱེད། །ཟད་པས་འཆི་བར་འགྱུར་བའོ་ཞེས་སོ། །ཀུན་དགའ་ཨི་ཚོགས་སྟེར་ཞེས་པ་ནི། །དེ་ལ་ཀུན་དགའ་ནི་དགའ་ ་བ་དང་དགའ་བྲལ་ལ་སོགས་པ་ནས་ཁྱུད་པར་དུ་གྱུར་པའི་ཡང་དག་པའི་བདེ་བ་མ་ལུས་པ་བཀུག་ནས་དེ་ཡང་རང་བཞིན་མེད་པར་བྱེད་པའོ། །ཚོགས་ཞེས་པ་ནི་དེ་ལ་དགའ་བ་ལ་སོགས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་དགའ་བར ་རོ་གཅིག་པར་ཚོགས་ན་ཚོགས་ཞེས་སོ། །དེ་ཐོབ་པ་ནི་སྟེར་བའོ། །ཡང་ན་དབང་པོ་དང་ཡུལ་དང་རྣམ་ཤེས་ཀྱི་ཚོགས་ཐམས་ཅད་དགའ་བ་དེ་ཐུན་མོང་མ་ཡིན་པར་འཆར་བས་ན་ཀུན་དགའ་ཨོ། །དགའ་བ་དང་དགའ་བྲལ་སོགས་པ་གོང ་གི་ཚོགས་པ་ཐམས་ཅད་བདེ་བར་རོ་གཅིག་པས་ན་ཚོགས་པའོ། །དེ་ཉིད་ཐོབ་པས་སྟེར་བའོ། །ཡང་ན་ཀུན་ཞེས་པ་ཕག་མོའི་བྱེ་བྲག་སྟེ་།དགའ་ཞེས་པ་འཇིག་རྟེན་ལས་འདས་པའི་བདེ་བའོ། །ཚོགས་ཞེས་པ་དེ་དག་གཉིས་ཀྱིས ་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །སྟེར་ཞེས་པ་བཅོམ་ལྡན་འདས་མ་བསྒོམས་པས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས་ཏེ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་དེ་དག་ཀྱང་ཉེ་བར་ཐོབ་པའོ། །དེའི་དོན་ཡང་སྒྲུབ་ཐབS ་འདིར་བཤད་པ་དེ་དག་བསྒྲུབས་པ་འདི་ནི་ནོར་སྟེར་ཙམ་འགྱུར་ཏེ། འདིས་ནི་བདེ་དང་བཅས་པའི་ནོར་ནི་སྟེར་བར་བྱེད་ཅེས་སོ། །གཞུང་འདི་ལ་ལེགས་པར་དགའ་བའི་ཚོགས་སྟེར་ཞེས་པ་ཡང་ཡོད་དོ། །དེ་དག་གི་དང་པོར་བསྲུང་བ་དང་། ་ནོར་བུ་རྩ་བ་དང། རྐེད་པ་དང། རྩེ་མོར་བྱང་ཆུབ་ཀྱི་སེམས་ཕྱིན་པ་ནི་རིམ་པ་ལྟར་རྣམ་པ་སྣ་ཚོགས་པའི་དང། རྣམ་པར་སྨིན་པའི་དང། རྣམ་པར་ཉེད་པའི་དང། མཚན་ཉིད་དང་བྲལ་བའི་སྐད་ཅིག་མས ་བདག་རྐྱེན་བྱས་ནས་དགའ་བ་རྣམས་འབྱུང་བ་ནི་ལེགས་པར་དགའ་བའོ། །དེ་ལྟར་དགའ་བ་ཐམས་ཅད་ལེགས་པར་ཚོགས་པས་ན་ཚོགས་ཞེས་བྱའོ། །འདི་དག་ནི་བཅོམ་ལྡན་འདས་མ་བསྒོམས་པ་ལས་འབྱུང་བས་ན་སྟེར་བའོ། །། ་འདིར་དེ་ལྟར་དུ་བཅོམ་ལྡན་འདས་མའི་དྲིན་གྱིས་ཡོངས་སུ་སྨིན་པར་བྱས་པ་ལས་ཤིན་ཏུ་དཀོན་པའི་སྐད་ཅིག་མའི་ཤེས་པ་རྒྱུད་ལ་སྐྱེ་བའོ། །གཞན་དུ་ན་ཅི་མི་བརྟན་པས་ཉམས་པར་གྱུར་པའི་ཐིག་ལེ་ནི་པདྨའི་ཟེ་འབྲུ་ལ་གནས ་ཀྱི་རང་གནས་སུ་མ་ཡིན་ནོ། །དེ་ལྟར་གྱུར་པ་སྤངས་ནས་རང་ལ་སྨིན་པར་བྱས་པས་རང་གི་དགའ་བའི་ཚོགས་སྟེར་བ་ཞེས་པར་ཡང་འགྱུར་རོ། །དངོས་དང་དངོས་མེད་རྣམ་པར་དཔྱོད་དང་བྲལ་པའི་ཞེས་པ་ནི། དངོས་དང་ཞེས་པས་རྟག ་པའི་མཛའ་དང། དངོས་མེད་ཅེས་པས་ཆད་པའི་མཛའ་དང་ཡང་ན་དངོས་དང་ཞེས་ཀུན་རྫོབ་དང། དངོས་མེད་ཅེས་པས་དོན་དམ་པའོ། །རྣམ་པར་དཔྱོད་དང་བྲལ་ཞེས་པ་ཇི་ལྟར་བྲལ་ན་དེ་དག་ལ་བདེན་བརྫུན་འཛིན་པ་དང་བྲལ་བའོ།། ་དེ་ཡང་གྲུབ་བའི་སྔགས་ཀྱིས་བཏབ་པ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་སྐད་ཅིག་མ་དེ་ཉིད་ལ་ཆོས་ཐམས་ཅད་རོ་གཅིག་པར་གྱུར་པའི་གཟུགས་སོ། །དེས་ནི་རྟག་ཆད་ཀྱི་གདོན་སྒྲག་པར་བྱེད་པའོ། །འགའ་ཞིག་ཏུ་ཡང་རྣམ་པར ་དཔྱོད་བྲལ་ཞེས་པ་ནི། རྣལ་འབྱོར་པས་བདེ་བ་དེའི་རྗེས་སུ་ཞུགས་བཅོམ་ལྡན་འདས་མའི་རང་བཞིན་དུ་རྣམ་པར་དཔྱོད་པའོ། །བྲལ་ཞེས་པ་ནི་གཞན་པའི་འདོད་པ་དང་བྲལ་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱི་དབང་དུ་བྱས་ནས ་ལྷན་ཅིག་སྐྱེས་པའི་ལྷ་མོའི་གཟུགས་ཀྱི་བྱེ་བྲག་གཞན་བཤད་པ་ནི། །རླུང་གིས་བསྐྱོད་པའི་འོག་གི་འཁོར་ལོ་ནས་ཞེས་པ་ལ་སོགས་པ་ནི་འབྲེལ་པའི་སྟོབས་ཀྱིས་དང་པོར་ཕག་མོ་ཡིས་ནི་ཁྱོད་ལ་བསྲུངས་ཞེས་པ་བཤད་པར་བྱའོ། །ཕག་མོ ་ཡིས་ནི་བཱ་རཱ་ཧཱི་ཞེས་པ། དེ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབས་པ་ལ་སོགས་ནི་བཱ་རཱའོ། །དེ་དག་འཇོམས་པར་བྱེད་པས་ཧཱིའོ། །དེ་ལ་འདིའི་ཕྱོགས་ཀྱི་གདམས་དག་ཀྱང་བ་འ་རཱ་ཧཱིའི་སྒྲ་ལས་དྲངས་ནས་བཤད་པར་བྱ་སྟེ། བཱ་ནི་དག་གི་སྤྱོད་ཡུལ ་མིན། །ཆོས་རྣམས་ཀྱིས་ནི་རང་བཞིན་རཱ། །རྟག་ཏུ་གནས་པ་ཨ་ཉིད་དེ། །བདེ་བར་བྱེད་པ་ཧ་ལ་གནས། །ཤེས་རབ་འདོད་པ་ཨི་ཡིན་ཏེ། །ཧ་ནི་ཨི་ཡིན་མཛའ་ཅན་མཐོང། །ཁོག་པ་འདི་ཡི་བྱེད་པའི་དོན། །བཱ་རཱ་ཧཱི་ཞེས་བརྗོད་པའོ། །གྲུབ ་པའི་སློབ་དཔོན་ནག་པོ་ཞབས་ཀྱིས་དཔལ་སྡོམ་པའི་མིང་ཅན་ལས་གསུང་བ། །བཱ་ནི་དག་གི་ཡུལ་མིན་ཞིང། །རཱ་ནི་དབྱིབས་ཀྱི་རྣམ་པ་སྤངས། །རྒྱུ་ཡི་རྗེས་ལས་ཐོབ་པ་ཧཱི། །བཱ་རཱ་ཧཱི་ཡི་སྒྲ་ཞེས་གྲགས་ཞེས་སོ། །དེ་ནི་འོག་གི་འཁོར་ལོ་ནས ་བཞེངས་ཞེས་པ་ལ་སྒྲའི་བྱེད་པ་ཏཱ་ལ་ཞེས་པས་འོག་དང་གཤིས་ཤེས་བྱ་བར་ཡང་འགྱུར་ཏེ། གཉིས་པ་ལྟར་ན་ཏཱ་ལ་ཞེས་པས་གཤིས་ཀྱིས་རང་གཟུགས་སམ། འོད་གསལ་ལམ་།སྟོད་པ་ཉིད་ཅེས་བྱའོ། །དེ་ཉིད་འཁོར་ལོ་སྟེ། རྣམ་པར ་རྟོག་པ་ཐམས་ཅད་གཅོད་པར་བྱེད་པས་སོ། །དེ་ཉིད་ལས་རྒྱ་མཚོ་ལས་རླབས་བྱུང་བ་ལྟར་སྨོན་ལམ་གྱི་ནུས་པའི་ཤུགས་ཀྱིས་བཞེངས་ནས་བྱུང་བ་དེ་བསྒོམ་པའོ། །རླུང་གི་སྒྲས་དེ་ལ་རྣལ་འབྱོར་པའི་རྣམ་ཤེས་བཞོན་པར་བརྗོད་དེ། །མི་ཡིས ་རྟ་ཞོན་ནས་འོངས་པ་ལས་རྟབ་ཅིག་བྱུང་ཞེས་པ་ལྟ་བུའོ། །རླུང་གི་ཤེས་པ་རྣམ་ཤེས་ཀྱི་བཞོན་པའི་སྲོག་རླུང་ངོ། །དེ་ཡང་རྟ་བཟུང་བས་མི་སྣོད་པ་ལྟ་བུའོ། །བསྐྱོད་པས་ཞེས་པ་དེ་བཞེས་པ་དེ་བཞིན་དུ་སྲོག་རླུང་ལ་ཞོན་པའི་རྣམ་ཤེས་ཡོངས ་སུ་ཟིན་པས་གང་ཡང་འཛིན་པ་མེད་པའི་གཟུགས་ཡོངས་སུ་འཕྲོས་པའོ། །གང་ཞིག་གིས་དེ་ལྟར་རླུང་དང་རྣམ་པར་ཤེས་པ་དང་དུ་ཐིམ་པ་ལས་ཤེས་པ་སྣ་ཚོགས་ལ་འཇུག་པ་མེད་དོ། །དེས་ན་འདི་ཉིད་ལ་རྒྱན་ཏུ ་འགྲུབ?་པར་བྱའོ། །དོན་དེ་ལ་འདིར་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་ལྷ་མོ་ལ་སྐུ་མདོག་དང་ཕྱག་མཚན་མ་གྲུབ་ཀྱང། །ལྷན་སྐྱེས་དེ་གོམས་པར་བྱེད་པ་ལ་སེམས་ཉིད་རིན་པོ་ཆེ་ལ་སྔོན་གྱི་སྨོན་ལམ་གྱི་སྟོབས་གྱིས་སྐུ་ཡི་རྣམ་པར་བསྒོམས ་པ་ནི། །པཉྫུ་ཀའི་མེ་ཏོག་ལྟ་བུ་ལ་ཐོད་པ་དཀར་པོ། །རེ་སེར་པོ། །གྲི་གུག་ནག་པོ། །བ་དན་ལྗང་གུ་ལ་སོགས་པ་སྣ་ཚོགས་པས་མཛེས་པར་བྱས་པར་རིན་པོ་ཆེ་ལྔ་དང། ཁ་དོག་ལྔ་ལས་འོད་ཟེར་ལྔ་འཕྲོ་བ་དང་བཅས་པ་དེ་བཞིན་གཤེགས ་པ་ལྔའི་བདག་ཉིད་ཅན་རྣལ་འབྱོར་པ་དང། རྣལ་འབྱོར་མའི་དབུས་ན་གར་གྱིས་རྣམ་པས་བྱུང་བ་ནི་ནམ་མཁའ་ཨི་དཀྱིལ་ལྟར་དྲི་མ་མེད་པའི་བདག་ཉིད་ལས་སྤྲུལ་པའི་བཅོམ་ལྡན་འདས་མ་ནི་དབང་པོའི་གཞུ་འམ་།དྲི་ཟའི་གྲོང་ཁྱེར་རམ་ནམ་མཁའ་ཨི ་རི་མོ་ལྟར་ཤེས་པར་བྱའོ། །དེའི་ཕྱིར་འདི་ལ་ཨཾ་གི་རྣམ་པའི་གཟུགས་ཀྱི་ལྷ་མོ་དང། ཨུའི་རྣམ་པའི་དོན་ཡོད་གྲུབ་པའི་གཟུགས་ནི་རླུང་ངོ། །དེ་གཉིས་ལྷན་ཅིག་འདྲེས་པ་ལས་རྫོགས་པ་ནི་བཾ་གི་ཡི་གེའི་གཟུགས་སུ་སྤྲུལ་ནས་ལྟེ་བའི་འཁོར ་ལོ་ལའོ?། །འདི་ནི་ནན་ཏན་དུ་བྱས་ནས་གཡོ་བ་མེད་པའི་སེམས་ཀྱིས་རླུང་གཉིས་འགོག་པར་བྱས་པས་ཐོབ་པར་བྱེད་པའོ། །དེ་དག་དགྱེས་པ་རྡོ་རྗེ་ལས་བཤད་པ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང། །དངོས་ཉིད ་ཀྱིས་རྣམ་གྲོལ་ཞི་བ། །དངོས་པོའི་འཆིངས་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པ་གྲོལ་བ་ཡིན་ཞེས་སོ། །དེ་བཞིན་ཡང་དངོས་པོའི་དེ་ཉིད་ཤེས་པ་གཉེན། །དངོས་པོ་དེ་ཉིད་མ་ཤེས་དགྲ། །མ་དག་པས་ནི་དུག་ཡིན་ཏེ། །དག་པས་བདུད ་རྩིའི་མེ་ཏོག་ཉིད་དོ་ཅེས་སོ། །གློག་གི་ཟེར་ལྟར་བསལ་ཞིང་ཞེས་པ་ནི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པས་ན་འོད་ཀྱི་ཕུང་པོས་མུན་པ་བསལ་བ་ལྟར་གློག་གི་ཟེར་རམ་འོད་ལྟ་བུའོ། །རྩིབས་ཅན་གསུམ་པོ་བསྲེགས་ཞེས་པ་ནི། རྩིབས་ཅན ་གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དམིགས་པར་བྱེད་པའོ། །བསྲེགས་ཞེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དེའི་དམིགས་པའི་དགྲ་གསུམ་བཅོམ་བའོ། །ཡང་ན་རྩིབས་ཅན་གསུམ་པ་ཞེས་པ་འདོད་ཆགས་ཞེ་སྡང་གཏི་མུག ་གིའོ། །བསྲེགས་ཞེས་པ་དེ་དག་ས་བོན་དང་བཅས་སྤངས་པའོ། །འཇིག་རྟེན་གསུམ་གྱིས་མཆོད་གྱུར་ཞེས་པ་ནི། འཇིག་རྟེན་ནི་རྣལ་འབྱོར་པའི་ལུས་དང། དག་དང་ཡིད་གསུམ་མོ། །མཆོད་གྱུར་ཞེས་པ་ནི་བདག་ཉིད་དེ་ལྟར་ཡོངས་སུ་རྫོགས་པས ་མཆོད་པའི་གནས་སུ་གྱུར་པའོ། །ལྷ་མོའི་གཟུགས་སུ་བདག་ཉིད་ཡོངས་སུ་རྫོགས་པར་གྱུར་བ་འདི་ནི་ལྷ་མོའི་མཆོད་པ་ཡང་ཡིན་ནོ། །བདུད་རྩིའི་རྒྱུན་རབ་འབབ་ཅེས་པ་ནི། བདུད་རྩི་ནི་བདེ་བ་ཆེན་པོ་ཡིན་ལ། རྒྱུན་རབ་འབབ་ཅེས་པ་ནི་བདེ ་བ་དེ་རྒྱུན་མི་འཆད་པའོ། །སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་ཞེས་པ་ནི། སངས་རྒྱས་ནི་དེ་ལྟར་དངོས་པོ་དོན་གྱི་རང་བཞིན་ཉིད་དོ། །དེ་བཞིན་དགྱེས་པ་རྡོ་རྗེ་ལས་དངོས་པོའི་རང་བཞིན་ཤེས་པ་ལ། སངས་རྒྱས་ཞེས་ནི་བརྗོད་པ་ཡིན་ཞེས་སོ།། ་དེ་ཉིད་ཁོ་ན་ཉིད་དུ་ཤེས་པ་ལས་ཡེ་ཤེས་པ་ལས་ཡེ་ཤེས་ཏེ་དེའི་བཅུད་དང་འདྲེས་ནས་འབད་པ་མེད་པར་ལོངས་སྤྱོད་པའོ། །སྐྱོན་བྲལ་ཞེས་པ་ལ་སྐྱོན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འམ། རྣམ་པར་རྟོག་པའོ། །བྲལ་ཞེས་པ་དེ་དག ་སྤངས་པའོ། །ཀུན་དགའ་ཨི་ཚོགས་སྟེར་ཞེས་པ་ནི། ཀུན་གྱི་སྒྲ་ནི་གོང་དུ་བཤད་དོ། །དགའ་ཨི་ཚོགས་སྟེར་ཞེས་པ། སྟེར་བའི་ནི་དེའི་སྒྲ་ལས་དྲངས་པ་སྟེ་།དེ་ལ་གསུམ་སྟེ་།སྦྱིན་པ་དང། དག་པ་དང། བཅོད་པའོ། །སྦྱིན་པའི་སྒྲ་ནི་བཤད་ཟིན?་ཏོ། ་དག་པ་ནི་དང་པོ་དགའ་བ་ལ་སོགས་པ་གསུམ་པོ་ལྷན་ཅིག་སྐྱེས་པའི་དང་དུ་རོ་གཅིག་པར་དག་པའོ། །གཅོད་པའི་སྒྲ་ནི་རང་གི་དགའ་བའི་ཚོགས་སྟེར་བ་ཅེས་པའི་ཕྱོགས་ལ། དེ་ཡང་སྭ་ཞེས་པ་རང་ལ་འགྲོ་སྟེ། བདག ་ཏུ་ལྟ་བའི་འཛིན་པའི་ཡུལ་ལ་མངོན་པར་ཞེན་པའོ། །ཆོ་ག་ཤེས་པས་རྒྱུན་མི་འཆད་པར་འཁོར་བའོ། །དེ་དག་མ་ལུས་པར་གཅོད་པས་ན་གཅོད་པའི་སྒྲ་ལ་འཇུག་པའོ། །དེ་ལ་འདིར་དངོས་མེད་རྣམ་པར་གཅོད་དང་བྲལ་བའི་ཞེས་པས་དངོས ་དང་ཞེས་པས་དམིགས་པ་གསུམ་དང། དངོས་མེད་ཅེས་པས་མེད་པས་འཛིན་པ་དང། རྣམ་པར་གཅོད་པ་ཞེས་པ་དེ་དག་ལ་འཛིན་པའི་སེམས་སོ། །དེ་དག་སྤངས་པ་ནི་བྲལ་བའོ། །དེ་ལ་བཅོམ་ལྡན་འདས་མ་ཞེས་བརྗོད་པར་བྱའོ། །སེམས ་ནི་ཡོད་པ་འམ་མེད་པའི་དངོས་པོ་གང་དུ་ཡང་གྲུབ་པ་མེད་པའོ་ཞེས་རྒྱལ་བའི་ཡུམ་ལས་གསུངས་སོ། །ཚིགས་སུ་བཅད་པ་འདིས་ནི་དོན་གྱི་ཁྱད་པར་གཞན་ཡང་གསུངས་པ། ཀ་སོགས་ཡི་གེ་ཤེས་པ་ལ་སོགས་པ་ལ་འབྲེལ་པའི་དབང་གིས ་ཕག་མོ་ཁྱོད་ཀྱིས་སེམས་ལ་གསལ་གྱུར་ཅིག་ཅེས་པ་དྲངས་ལ་བཤད་དོ། །དེ་ཡང་བྱ་བ་ནི་གསལ་བ་དང། བྱེད་པ་ནི་ཕག་མོ་ལས་ནི་སེམས་ལ་།འབྲེལ་པ་ནི་ཁྱོད་ཀྱི་ཞེས་པའོ། །བཱ་རཱ་ཧཱིའི་དོན་ནི་སྔར་བཤད་པར་ཤེས་པར་བྱའོ། །ཅིའི ་ཕྱིར་ལྷ་མོ་ཞེ་ན་གསལ་གྱུར་ཅིག་ཅེས་པ་དེ་ལས་སྐྱེས་པའོ། །སྤྲུལ་པའི་རྩིབས་ཅན་ཉིན་དབང་དཀྱིལ་འཁོར་ལ་བཞུགས་ཤིང་ཞེས་པ་ནི། དང་པོར་སྤྲུལ་པའི་འཁོར་ལོའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་བཾ་གི་རྣམ་པར་གནས་པའོ། ། ་དེ་ནས་འོག་གི་འཁོར་ལོ་ནས་བཞེངས་ཞེས་པ་ནི་སེམས་ཀྱིས་བསྒོམས་པ་པོའི་དབང་པོ་རྣོ་བའི་སྟོབས་ཀྱིས་དེ་ཉིད་ནས་གྱེན་དུ་བསྐྱོད་པའོ། །ཀ་སོགས་ཡི་གེས་བཀོར་ནས་ཞེས་པ་ནི། ཀ་དང་པོར་བྱས་པའི་ཀཱ་ལ་སོགས་པའི་ཀཱ་ལིའི་རྣམ་པ ་དང། ཨ་ཡིས་དང་པོར་བྱས་པའི་ཨཱ་ལི་རྣམས་སོ། །དེ་ལ་འདིར་ཥ་དང་ཀ་སྡོམ་པས་ཀྵ་ཡོངས་སུ་གྲུབ་པས་དེའི་ཕྱིར་ཀྵ་སྤངས་པའི་ཡི་གེ་བཞི་བཅུ་ཞེ་དགུ་ཡིན་ལ། དེས་ནི་འཇིག་རྟེན་ཏུ་གྲགས་པའི་རླུང་བཞི་བཅུ་ཞེ་དགུའི་རང་བཞིན་རྣམས་དག ་པའོ། །དེ་ལ་ཨཱ་ལི་དང་ཀཱ་ལིའི་སྒྲས་གཡོན་པ་དང་གཡས་པར་རྒྱུ་བའི་རླུང་གཉིས་འདིར་གཟུང་བར་གོ་བར་བྱའོ། །དང་པོ་རླུང་གཉིས་རྒྱུ་བ་དེ་དང་པོའི་ལམ་སྤངས་ནས་གནས་སུ་བསྐོར་བའོ། །དེ་བས་འདིར་བརྗོད་པས་བསྒོམ་པར་གདམས ་པའོ། །རླུང་གིས་བསྐྱོད་པས་ཤེས་པ་ནི་ཐུར་སེལ་གྱི་རླུང་གིས་བསྐྱོད་ནས་དབུ་མར་འཇུག་པའོ། །དེ་ཡང་ཀུན་རྫོབ་ཅིང?་དུ་ཨཱ་ལི་ཀཱ་ལིའི་ཕྲེང་བ་གཉིས་གཡོན་དང་གཡས་སུ་བསྐོར་ནས་མགོ་གྱེན་ལ་བསྟན་ཏེ། ཉིན་པར་གྱི་དབང་ཕྱུག་གི་དཀྱིལ་འཁོར ་ལ་གནས་པའོ། །འབར་བའི་མེ་ལྟར་རབ་ཏུ་འབར་ཞེས་པ་ནི། དང་པོར་སྤྲུལ་པའི་འཁོར་ལོ་བཾ་གི་གཟུགས་ཅན་དུ་ཡོད་པ་དེ་བཅོམ་ལྡན་འདས་མའི་རྣམ་པ་མེའི་ཕུང་པོ་འབར་བ་ལྟ་བུ་ལས་ཆེས་འབར་པའོ། །དེ་ནས་གོང་གི་གློག་གི་ཟེར་ལྟར་ཞེས ་པ་ནི་དེ་ལྟར་འབར་བ་དེ་ལྟས་གློག་གི་ཟེར་ལྟ་བུ་གྱེན་དུ་སོང་བའོ། །བདུད་རྩི་རབ་འཛག་ཅེས་པ་ནི། གང་ལས་ཟེར་ཕོག་ཅིང་བསྐྱེད་པ་དེ་ལ་བདུད་རྩིའི་རྒྱུན་ཏུ་འཛག་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ནས་བཅོམ་ལྡན་འདས་མ་བསྒོམ་པའི་དབང་གིS ་སོ། །དེ་ལ་འདིར་རྩིབས་ཅན་གསུམ་པོ་བསྲེགས་ནས་ཞེས་པས་བདེ་བ་ཆེན་པོ་ནས་བབས་ཏེ། འཁོར་ལོ་གསུམ་ཡང་རང་བཞིན་མེད་པར་བྱས་པའོ། །པདམོའི་སྐུད་པ་ལྟར་ཕྲ་ཞེས་པ་ནི། ཨ་བ་དྷུ་ཏཱིའི་རང་བཞིན་ཡང་མི་དམིགས་པའི་བཞིན་བྱས་ནས། ་ཤིན་ཏུ་ཕྲ་བ་ལས་འབབ་པའོ། །འཇིག་རྟེན་གསུམ་གྱིས་མཆོད་གྱུར་ཞེས་པ་ནི། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་པོ་ལྷ་མོའི་སྐུའི་བདག་ཉིད་དུ་ཡོངས་སུ་རྫོགས་ནས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ནཱ་ད་ཙམ་ལ། དམིགས་པ་ཡང་ཞི་ནས་ཟུང ་དུ་འཇུག་པ་བསྒོམས་པ་འམ། ཐོག་པ་ན་མཆོད་པ་སྟེ་འདི་ཉིད་ལ་མཆོད་པ་ཞེས་བྱའོ། །རིག་པ་ཞེས་པ་འདི་ལ་བིདྱ་ཞེས་པའི་སྒྲ་ཡང་ཞེས་པ་ནི་གང་བ་སྟེ་ལྷ་མི་འདི་བིདྱ་ཅེས་པས་ཡེ་ཤེས་ཀྱི་ལུས་ཅན་ནོ། །བདུད་རྩིའི་རྒྱུན ་རབ་འབབ་ཅེས་པ་ནི། ཡེ་ཤེས་ཀྱི་སྐུ་ཅན་གྱི་ལྷ་མོ་ཐམས་ཅད་ལ་ཁྲུས་བྱས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདུད་རྩིའི་རྒྱུན་ནི་བདེ་བ་ཆེན་པོའི་རང་བཞིན་ལ་རྒྱུན་མ་ཆད་པའོ། །སངས་རྒྱས་ཚོགས་རྣམས་བསྲེགས་ཅིང་ཞེས་པ་ནི། སངས་རྒྱས་ཚོགས ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་གཞན་དུ་སོ་སོར་གོ་བ་འམ། སྣང་བ་ཙམ་བསྲེགས་ནས་རང་བཞིན་མེད་པར་བྱེད་པའོ། །སངས་རྒྱས་ལྔའི་རང་བཞིན་མ་གཏོགས་པ་དམིགས་པ་རྣམ་པ་གཞན་མེད་པ་ཉིད་དོ། །བཅོམ་ལྡན ་འདས་ཀྱིས་ཀྱང་ཟླ་བ་གསང་བར་གསུངས་པ། འགྲོ་བ་འདི་དག་ཐམས་ཅད་ནི། །དེ་བཞིན་གཤེགས་པ་ལྔའི་བདག་ཅེས་པ་དང། སྒྲའི་འཇུག་པ་ལས། ཕུང་པོ་ལྔ་པོ་འདི་ཉིད་ནི་རྫོགས་པའི་སངས་རྒྱས་ཉིད་དེ་འདིའི་དམིགས་པའི་དོན་ལས་སྣ་ཚོགS ་པའི་དམིགས་པ་མེད་པའོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་པས་དེ་བཞིན་དུ་ལྷ་མོ་སྤྱན་མ་ལ་སོགས་པ་ཡང་འཛིན་པའོ། །སངས་རྒྱས་ཡེ་ཤེས་ཤེས་པའི་སྒྲ་སངས་རྒྱས་མ་ཡིན་པའི་སེམས་ཅན་དུ་འདོད་ཅིང་འཛིན་པ ་མེད་པའོ། །དེ་ནས་འདིར་སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་ཞེས་པས། ཇི་ལྟར་ན་ཐམས་ཅད་ཀྱི་རང་བཞིན་ནི་རྣམ་པར་དག་པའོ། །རིག་མ་སངས་རྒྱས་ཚོགས་རྣམས་བསྲེག་ཅིང་ཞེས་པ་ཡོད་དེ་དེ་ལ་སྒྲ་ལས་བདེ་ཞེས་པས་ཡེ་ཤེས་སོ། །དེ ་ལ་ཡའི་རྐྱེན་བྱིན་པས་ཡའི་འགྲོ་བའི་དོན་ཐོབ་པའོ། །དེས་ན་རིག་པ་ཞེས་པས་སྤྱན་མ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་ལ་ཕྱོགས་གཅིག་ལྟར་ན་པདྨའི་སྐུད་པ་ལྟར་དང། ཕྲ་བའི་དམིགས་པ་ཞེས་པ་གཉིས་སུ་བརྗོད་པར་བྱ་སྟེ། དེ་ལས ་ཕྲ་བ་ནི་མི་དམིགས་པའི་ཡེ་ཤེས་སོ། །པདྨའི་སྐུད་པ་ལྟར་ནི་འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་བ་ཅེས་པས། དེབཞིན་དུ་པདྨའི་སྐུད་པ་ལྟ་བུ་དེས་འཁོར་ལོ་གསུམ་གྱི་རང་བཞིན་འབིགས་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ནོར་བུའི་རྩེ་མོ་ནས་བཅོམ ་ལྡན་འདས་མའི་པདྨའི་སྙིང་པོ་ལ་གནས་པའི་བྱང་སེམས་བཀུག་ནས་སླར་འཁོར་ལོ་གསུམ་པོ་བརྟོལ་ནས་འགྲོ་ལ། ཡང་བདེ་ཆེན་ནས་རྒྱུན་ཕྲ་བ་བབས་ནས་བསྐུལ་བའོ། །དེ་ལ་འདི་ནི་སྐྱོན་བྲལ་ཞེས་པས་ཉོན་མོངས་པ་ལ་སོགས་པ་དང་བྲལ་ནས་བདེ ་བ་ཆེན་པོ་ཁོ་ནར་འཆར་བ་ཉིད་དོ། །དེ་བཞིན་དུ་ཀུན་དགའ་དང་བཅས་ཞེས་པས། དགའ་བ་ནི་ཐིག་ལེ་ཉིད་ལ་རྒྱུ་དང་འབྲས་བུར་བརྗོད་པའོ། །ཀུན་ནི་མ་ལུས་པའོ། །དགའ་བ་ནི་ཐོབ་པའོ། །བཅས་པ་ནི་དེ་དག་སྟེ་རྒྱུ་དང་འབྲས་བུའོ། །ཡང་ན་དེ་ལྟ ་བུའི་བདེ་བ་དང་ལྡན་པ་ལ་རང་གི་དགའ་བའི་ཚོགས་སམ་ལེགས་པར་དགའ་བའི་ཚོགས་ཞེས་བྱའོ། །སྟེར་ཞེས་པས་རང་ལ་ནུས་པ་དེ་ལྡན་པས་གཞན་རྗེས་སུ་འཛིན་པའི་མཐུ་ཡང་པས་སྟེར་བའོ། །རོལ་པ་གྱེན?་གཤེགས་ཞེས་པས་རོལ་པ་ཉིད་ནི ་ཆགས་པ་ཆེན་པོ་རྫས་སུ་བཅིངས་ནས་བཟུང་བའོ། །དབུ་མ་ལ་བསྐྱོད་ནས་གཤེགས་པས་གྱེན་གཤེགས་སོ། །ཡང་ན་རོལ་པ་ཞེས་བྱ་བ་གཉིས་སུ་མེད་པའི་ཆགས་པ་ཆེན་པོ་ལས་བྱུང་བ་སྟེ། གྱེན་གཤེགས་པ་གང་དུ་གཤེགས་ན་བདེ ་ཆེན་འཁོར་ལོར་གཤེགས་སོ། །དེ་ལ་འདི་ཉིད་དུ་དངོས་དང་དངོས་མེད་རྣམ་པར་དཔྱོད་དང་བྲལ་བའི་ཞེས་པས་བཤད་དོ། །ཆགས་པ་ཆེན་པོའི་རང་བཞིན་གྱི་རྗེས་སུ་བཅིངས་པ་ལ་རྣམ་པར་དཔྱོད་པ་གཞན་མེད་དོ། །རྣམ་པར་དཔྱོད་པ་ནི་རྣམ་པར་གཡང ་བའོ། །ཅིའི་ཕྱིར་ཞེ་ན། རྣམ་པར་དཔྱོད་པ་དང་ཆགས་པ་ཆེན་པོ་ལ་འབྲེལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བ་དེའི་རྒྱ་མཚོ་གཡོ་བ་མེད་པ་ལ་རྣམ་པར་རྟོག་པའི་ཆུ་བུར་མི་འབྱུང་བའོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། ་སྤྲུལ་པའི་རྩིབས་ཅན་ཞེས་པས་སྤྲུལ་པའི་ཞེས་པ་ནི་འདིར་སྐྱེད་པར་བྱེད་པ་ཡིན་ལ་།རྩིབས་ཞེས་པ་ལ་ཨ་རའི་སྒྲས་འཁོར་ལོ་ཞེས་པ་དང་དགྲ་ལ་ཡང་འགྲོ་བ་སྟེ། དགྲ་ནི་གསུམ་སྟེ། དེ་སྤངས་པ་འམ་དེ་འཇོམས ་པས་དེ་འདི་གསལ་བ་ནི་དེའི་གདན་ནི་བདག་མེད་པའི་རྣམ་པར་དག་པའོ། །དེའི་སྟེང་ན་གནས་པའི་ཉིན་པར་གྱི་དབང་ཕྱུག་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་འདི་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་ཤེས་ནས་གཤེགས་པའོ། །ག་ཏ་ཞེས ་པ་གཤེགས་པ་འམ། སོང་བ་ལ་འགྲོ་བའོ། །ཀ་སོགས་ཡི་གེས་བསྐོར་ནས་ཞེས་པས། ཨཱ་ལི་ཀཱ་ལི་ནི་ཤེས་རབ་ཀྱི་གཟུགས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་ནོ། །ཡང་ན་ཀ་དང་ཨ་ནི་ཀརྱ་དི་ཞེས་པའི་སྒྲས་ཀཱ་ལི་དང་ཨཱ ་ལི་སྟེ། དེ་དག་གི་དང་པོའི་ཡི་གེ་ནི་ཀ་དང་ཨ་ལ་སོགས་པ་གྲུབ་པའོ། །ཡང་ན་ཀ་ལ་སོགས་པ་སྡེ་ཚན་བདུན་གྱི་དང་པོ་ལ་ཀ་ཙ་ཌ་ཏ་པ་ཡ་ཤའི་རང་བཞིན་ལས་དྲངས་སོ། །ཐོག་མར་ཨ་བཞག་པའི་ཡི་གེ་བཅུ་དྲུག་ནི་ཨ་ཡིས་གྲུབ ་ལ་དེ་ཉིད་ཁོ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཨ་ཡིན་པའོ། །དགྱེས་པ་རྡོ་རྗེ་ལས་ཀྱང། །ལུས་ཀྱི་དཀྱིལ་འཁོར་གནས་རྣལ་འབྱོར་མ། ། ནི་སྡོམ་པའི་ཚུལ་གྱིས་ཞུགས། །དེ་བཞིན་ཕྱི་རོལ་ནང་དེ་བཞིན། །འདི་ཉིད་སྡོམ་པས ་གསལ་བ་ཉིད་ཅེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་གཟུགས་དེ་ཉིད་ཡི་གེ་གཅིག་གིས་ཐོབ་པར་བྱེད་དོ། །འབར་བའི་མེ་ལྟར་རབ་འབར་ཞེས་པས་སྣ་ཚོགས་པའི་འོད་འབར་བས་ཁྱབ ་པའི་ལུས་སོ། །བདུད་རྩི་ཞེས་པ་ནི་ཐར་བའོ། །རབ་འཛག་ཅེས་པ་ནི་འདི་ཉིད་ཁོ་ན་གཞན་ལ་སྟེར་པ་འམ་བསྐྱེད་པའོ། །པདྨའི་སྐུད་པ་ལྟར་ཕྲ་བ་ཅེས་པ་ནི། །གཟུགས་མི་དམིགས་པ་ཤིན་ཏུ་ཕྲ་བའོ། །རིག་པ་ཞེས་པ་ནི་ཤེས་རབ ་ཀྱི་དོན་ལྷན་ཅིག་སྐྱེས་པའི་གཟུགས་ཅན་ནོ། །ཡང་ན་རིག་མ་ནི་ལྷ་མོ་སྟེ། འདུས་མ་བྱས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དོན་ཏོ། །སངས་རྒྱས་ཚོགས་རྣམས་བསྲེགས་ཞེས་པ་ནི་བུདྡྷ་ཀ་དམ་པ་ཞེས་པའི་སྒྲས། བུདྡྷ་ཞེས་པས་སངས་རྒྱས་ཏེ་ཉན་ཐོས ་དང་རང་སངས་རྒྱས་ཀྱི་སངས་རྒྱས་སོ། །ཀ་དམཀུ?་དྲི་ཥྚི་ཞེས་པ་ལྟེ་བ་ངན་པ་ལ་འགྲོ་སྟེ། བདག་ཉིད་གཅིག་པུ་གྲོལ་བ་དང་ཐར་པར་བྱེད་པ་ལ་སོགས་པའོ། །བསྲེགས་པ་ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་ལ་བརྩོན་པས་དེ་དག་མེད་པར་བྱས་པ། ་འམ་ཉམས་པར་བྱས་པའི་དོན་ཏོ། །ཡང་ན་སངས་རྒྱས་ཚོགས་རྣམས་ཤེས་པ་ཡུལ་དང་ཡུལ་ཅན་དུ་འཛིན་པའོ། །བསྲེགས་པ་ནི་མི་དམིགས་པའི་རང་བཞིན་དུ་བྱས་པའོ། །འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་པ་ཞེས་པས་འཁོར་ལོ་གསུམ ་ནི་ལུས་དག་ཡིད་གསུམ་གྱི་རང་བཞིན་ནོ། །དེ་གསུམ་སོ་སོར་གྱུར་ནས་ཡང་དག་པའི་ལྟ་བ་གཅོད་པར་བྱེད་པ་སྟེ། དེའི་རང་བཞིན་ནི་ཉམས་པ་འམ་གཅོད་པའི་དོན་ནོ། །ཀུན་དགའ་དང་བཅས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་རང་བཞིན་ནོ། ། ་རོལ་པ་ཞེས་པ་ཆགས་པ་ཆེན་པོ་སྟེ། གོང་ན་མེད་པའི་དོན་གྱི་སྤྱོད་ཡུལ་ལོ། །གྱེན་གཤེགས་ཞེས་པས་དེ་དག་གི་རང་དོན་ཐོབ་པར་བྱེད་པའི་དོན་ནོ། །ཕག་མོ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་ནི་བཤད་པར་ཟད་དོ། །ཕྱག་འཚལ་པའི་སྒོ་ནས་བརྗོད་བྱའི ་དོན་བཤད་པར་བྱ་སྟེ་།རྡོ་རྗེ་ཡིས་ནི་རྣལ་འབྱོར་མས་ཞེས་པ་ལ་སོགས་པ་ལ་འབྲེལ་པའི་སྟོབས་ཀྱི་བདག་གིས་དེ་ཉིད་ཤེས་སྒྲུབ་རྗོད་ཅེས་པ་དང་པོར་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་རྒྱུ་ལ་འབྲས་བུའི་མིང་ཉེ་བར ་བཏགས་པའི་ཕྱིར་རོ། །མ་གོས་ཞེས་པ་སྤྱི་བོས་སོ། །བདག་ནི་རྩོམ་པ་པོ་ཡིན་པའོ། །དེ་ཁོ་ན་ཉིད་ཅེས་པ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་མ་ལུས་པར་སྤངས་པ་དག་གི་ཡུལ་མ་ཡིན་པའི་བདེ་བ་དམ་པའི་རང་བཞིན་ནོ། །ཡེ་ཤེས་ཞེས་པས ་དེ་ཉིད་ལ་བྱ་སྟེ། རང་གི་རིག་པའི་ཡེ་ཤེས་སོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས་གསུངས་པ་།དེ་བཞིན་བདེ་བ་དམ་པ་ཉིད་ཅེས་སོ། །སྒྲུབ་ཅེས་པ་དེའི་ཐབས་སོ། །བརྗོད་ཅེས་པ་དགོངས་པའོ། །རྡོ་རྗེ་ཡིས་ནི་རྣལ་འབྱོར་མ ་ཞེས་པ་ནི། རྡོ་རྗེ་ཞེས་པས་མི་ཟད་པའི་ཐིག་ལེ་འམ་བདེ་བ་ཆེན་བོའོ། །རྣལ་འབྱོར་ཞེས་པས་བདེ་བ་ཆེན་པོ་དང་ཟུང་དུ་ཆུད་པའོ། །རྡོ་རྗེ་སྔོན་སོང་ཞེས་པ་ནི་མི་ཕྱེད་པའོ། །སྔོན་སོང་ནི་ཡེ་ཤེས་སོ། །ཕག་མོ་ནི་བཤད་ཟིན་པའོ། །དེ་ལ་ཅི་བྱ་ཞེ ་ན་མགོས་ཞེས་པ་སྤྱི་བོས་སོ། །ཕྱག་འཚལ་ནས་ཞེས་པ་ནི་དེ་ལྟར་བཞེངས་པའི་གཏུམ་མོའི་གཟུགས་དང་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་གཟུགས་ཕྱག་བྱེད་པའོ། །རང་དྲན་ཕྱིར་ཞེས་པ་ནི་བདག་ཉིད་ཁེངས་བསྐྱུངས་བར་བྱ་བའོ། །བསྒོཾ ་པའི་གནས་གསུངས་པ། ཡིད་དང་རྗེས་སུ་ཞེས་པ་ལ་སོགས་པ་ལ་འགྲེལ་པའི་དབང་གིས་ཀུན་ནས་དག་པ་རྣམ་པར་བསྒོམ་ཞེས་པ་སྟོན་ཏེ་།ཀུན་ནས་དག་པ་ཞེས་པ་སྟོང་པ་ཉིད་དོ། །དེ་བསྒོམས་པས་རློམ་པ་ལ་སོགས་པའི་ང་རྒྱལ་སེལ ་བའོ། །ཡང་ན་བློ་མཆོག་ཏུ་གྱུར་པས་སྟོང་པ་ཉིད་ཀྱིས་གཞན་བསྲུང་བར་གསུངས་པས། དབང་པོར་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་གསུངས་པ། བགེགས་ནི་སེམས་ཀྱི་སྤྲུལ་པ་སྟེ་།ཆོས་རྣམས་ཀུན་གྱི་རང་བཞིན་དུ། །དེ་ཉིད་རྣམ་པར་དག་བ ་ཤེས། །དོན་དམ་པ་ཡི་གསུངས་པ་ཡི། །ཡིད་དང་རྗེས་སུ་མཐུན་པའི་དབེན་གནས་སུ་ཞེས་པ་ནི། །ཡིད་ལ་རྗེས་སུ་མཐུན་པ་ཞེས་པས་།ཡིད་ལ་དགའ་བའི་དྲིན་སྟེར་བའོ། །དབེན་གནས་ཞེས་པས་སྐྱེ་བོས་དབེན་པའོ། །མགོན་པོས་མགོ་མཚན་ཞེས་པས ་མགོན་པོ་ནི་རྡོ་རྗེ་བླ་མའོ། །མགོ་མཚན་ནི་དེའི་རྣམ་པས་སྤྱི་བོར་བསྒོམ་པའོ། །བློ་ལྡན་ཞུགས་ནས་ནི། བློ་ལྡན་ནི་སུདྡྷཱི་ཞེས་པའི་སྒྲས་ལེགས་པའི་བློ་ལྡན་དུ་ཡང་འགྱུར་ཏེ། སྐྱོན་གྱི་དྲི་མ་མེད་པའི་བློ་ཅན་ནོ། །དེ་ལ་དབང་པོ་རྣོན་པོའི་སྤྱོད་ཡུལ་གྱིས་ཤེས ་རབ་ཀྱི་ཤིག་པ་བཅོམ་ལྡན་འདས་མགོ་བར་ཟད་དོ། །དེ་ལ་བླ་མ་ཇི་ལྟར་གསུང་བའི་ཁྱད་པར་རྣམས་བྲི་བར་བྱའོ། །ལེགས་པའི་བློ་ནི་སེམས་ཉིད་དྲི་མ་མེད་པ་བསྒོམ་པའི་དོན་བསྐྱེད་པ་སྟེ་། དགེ་པ་རྣམ་པར་བསྒོམ ་ཞེས་བཀའ་འབྲེལ་ལོ། །ཡང་ན་ལེགས་པའི་བློ་ནི་ཕྱིའི་ཤེས་རབ་དང་ནང་གི་ཤེས་རབ་ཡོངས་སུ་དག་པ་ནི་ལེགས་པའི་ཤེས་རབ་ཀྱི་དོན་ཏོ། །དེར་ནི་ཞེས་པ་དབེན་པ་དེར?་རོ། །ཤིན་ཏུ་འཇམ་པ་ནི་རེག་ན་བདེ་བ་སྐྱེ་བའོ། །སྟན་ཞེས་པས་དེའི་སྟེང་དུའོ། །དེ་ཉིད་དུ ་བཅོམ་ལྡན་འདས་མ་ནི་རབ་ཏུ་རྟོགས་པས་ཤེས་རབ་ཀྱི་བློའི་སངས་རྒྱས་ཉིད་ཞེས་དབྱེས་པ་རྡོ་རྗེར་གསུངས་སོ། །གང་དུ་སྡོད་ཅེ་ན་སྟན་ལ་ཞུགས་ཏེ་གང་ན་གྱི་སྒྲས་རྡོ་རྗེ་འམ། །སྤྲུལ་པའི་དཀྱིལ་འཁོར་ཉིད་དོ། །དེའི་བསྟན་ནི་ཆོས་འབྱུང་ངོ། །དེ་ལྟར་དགྱེས་པ་རྡོ་རྗེ་ལS ་གསུངས་པ། ། ཡི་ཆ་བྱད་བཟང་པོ་གང། །དབུས་སུ་བཾ་གིས་རྣམ་པར་བརྒྱན། །སངས་རྒྱས་རིན་ཆེན་ཟ་མ་ཏོག་། ཡི་དཀྱིལ་འཁོར་ཉིད་དུ་གནས་ཞེས་སོ། །དེ་དག་ཡང་གསུངས་པ། དེ་ནས་འཇམ་པའི་ཞེས་པ་གསུངས་པས་ཡིད་འཕྲོག་ཅིང་རེག ་ན་བདེ་བའི་རང་བཞིན་ཇི་སྙེད་པའོ། །དེ་དག་ལ་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །ཇི་ལྟར་རྣམ་པར་དག་པ་བསྒོམས་ཞེས་ན་།དབེན་པའི་གནས་སུ་ཞུགས་ནས་ཞེས་པས། དེ་ཡང་སྠ?་ཞེས་པའི་སྒྲས་གནས་ཏེ་།འདི་ནི་ཆོས་ཐམས་ཅད་ཀྱི་གནས་བདེ་བ ་ཆེན་པོའི་དོན་ལ་ཡིད་བརྟན་པར་བྱེད་པའི་དོན་ཏོ། །དབེན་པ་ནི་དུས་ཐམས་ཅད་དུ་སྐྱེ་བའི་རྣམ་པར་རྟོག་པ་དེ་མེད་པའོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ། དབེན་པ་ནི་བདག་དང་སེམས་ཅན་གྱི་རྣམ་པར་རྟོག་པ་སྤངས་པའོ་ཞེས་པའོ། །ཡང་ན་རྡོ་རྗེའི ་རིགས་ལ་སོགས་པའི་བུ་མོ་ལས་སྐྱེས་པ་དེ་དབེན་པའོ། །དེ་བཞིན་དུ་ཡང་གསུངས་པ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྡགས་པའི་བུ་མོ་མཆོག་ལས་སྐྱེས་པའི་བདེ་བ་ནི་དབེན་པ་སྟེ། དེ་ལ་འདི་ནི་ཡིད་དང་རྗེས་སུ་མཐུན་པའི་གནས་ཞེས་བྱའོ། །འདི་ལྟར་དུ ་བྱས་པ་དང་མ་བྱས་པ་ལ་སོགས་པའི་རྣམ་པར་རྟོག་པས་བསྒོས་པའི་སེམས་ལ་དུས་ཐམས་ཅད་སྡུག་བསྔལ་དང་བཅས་པ་སྟེ། སྣ་ཚོགས་པའི་དངོས་པོ་འདི་ནི་དུག་ཡིན་པའོ། །རྣམ་པར་རྟོག་པ་མེད་པའི་སེམས་ནི་དུས་ཐཾས་ཅད་དུ་བདེ་བ་ཐོབ ་པར་བྱེད་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡིད་བདེ་བ་ལས་ཏིང་འཛིན་སྐྱེ། །དེ་ལྟར་སྐྱེས་པས་རབ་མཆོག་ཐོབ་ཅེས་སོ། །ཇི་ལྟར་འབྱུང་ཞེ་ན་གསུངས་པ། མགོན་པོས་མགོ་མཚན་ཞེས་པས། ནཱ་ཐ་ཞེས་པའི་སྒྲས་མགོན་པ་ལ་དེ་ནི་ཐིག་ལེ་ཡིན་ཏེ། ་དེ་ཡང་ནཱ་ཐཾ?་ཀ་ཞེས་པའི་སྒྲས། ཨཾ་ཞེས་པར་འགྲོ་བས་ངེས་མཚོན་པའོ། །ཀ་ཞེས་པས་མགོ་འམ་བདེ་བ་ལ་འགྲོ་སྟེ་།དེ་ལ་ཐིག་ལེས་མཚན་པའི་བདེ་བ་དང་གཉིས་སུ་མེད་པར་ཤེས་པའོ་དོན་ཏོ། །དེའི་ཕྱིར་ཐིག་ལེས་སྤངས་པས་བདེ་བ་སྤངས་པ་ལ་དེ་སྤངས་པ་ནི་སྡུག་བསྔལ ་གྱི་རང་བཞིན་ནོ། །ཡང་མགོན་པོ་ཞེས་བ་རྡོ་རྗེ་སློབ་དཔོན་ཏེ། དེས་རང་གི་མགོ་ལ་མཚན་པས་ན་ཀའི་དོན་བདེ་བར་ཐོབ་པར་བྱེད་པའི་དོན་ཏོ། །དེ་ཅིས་ཏེ་ཞེ་ན། བླ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པ་བསྐུར་ནས་བདེ་བ་ངོ་སྤྲད་ནས་བསྟན་པའོ། །དེ་ལྟར་རྡོ་རྗེ་དང ་པདྨ་སྙོམས་པར་ཞུགས་ནས་ཆགས་པ་ཆེན་པོ་ལས་སྐྱེས་པའི་དག་པས་སྟོང་པ་ཉིད་ཀྱི་དོན་ལ་ངེས་པར་བྱེད་པའི་གནས་སོ། །དེ་ལྟར་དགྱེས་པ་རྡོ་རྗེས་ལས་གསུངས་པ། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ ་མེད་ལ་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་དང་གཅི་བ་མེད། །སྐུ་བྲཱོ?་རྨོངས་བྱེད་གཙང་སྤྲ་མཆོད་ཕྱིར་ཐོགས་མེད་དང་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ལས་གསུངས་པ། རྡོ་རྗེ་པདྨར་ཞུགས་པ་ལས་རྣམ་པར་གསལ་བར་སྐྱེའོ།། ་དེ་ལྟར་སེམས་གནས་པར་བྱས་པ་ལས་རྣམ་པར་རྟོག་པའི་གཟུགས་ཀྱི་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ལ་སྔགས་འདི་བརྗོད་པར་བྱ་སྟེ་།ཡེ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱཏྨ་ཀོ་ཧཾ། དེ་ལ་འདིར་ཆགས་པ་ཆེན་པོའི་རང་བཞིན་དུ་བཞེད་པ་ལས་སྟོང་པ་ཉིད་དུ ་སྒོམ་པར་བྱའོ་ཞེས་མརྨ?་ངག་གི་དོན་ཏོ། །བརྗོད་པར་བྱ་བ་གཞན་ཡང་གསུངས་པ་།དེ་རྗེས་ཡི་གེ་ཞེས་པ་ལ་སོགས་པས། །རྒྱལ་བ་རྡོར་འཛིན་སྙིང་པོ་མིང་མེད་ཀྱིས། །བྲིས་ནས་མེ་ཏོག་དམར་པོས་མཆོད་པར་བྱ་ཞེས་པ་དང་འབྲེལ་ལོ། །རྡོ་རྗེ་ནི་མི་ཕྱེད་པའི་དེ་ཉིད་ལ་ལྷན་ཅིག་སྐྱེས ་པའི་དགའ་བའོ། །དེ་འཛིན་པ་ནི་རྡོ་རྗེ་ཞེས་པ་སྟེ་གང་འཛིན་ན་ཐིག་ལེ་སྟེ། དེ་བཞིན་དུ་ཐིག་ལེ་དང་བདེ་བ་འདྲེས་པ་ལ་མཐོང་བ་ཉིད་དོ། །དེ་ལྟར་དགྱེས་པ་རྡོ་རྗེ་ལས་གསུངས་པ། །ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར?་བརྗོད་ཅེས་སོ། །དེའི་རྡོ་རྗེ་འཛིན་པའི ་སྙིང་པོ་ནི་ངེས་པར་ཆོས་བརྒྱུད་དུ་བཞུགས་པས་སོ། །དེ་ལ་མེ་ཏོག་དམམར་པོས་མཆོད་པར་བྱ་བ་ནི། །མ་ལ་ན་དང་ཀ་ར་བཱི་ར་དང་པཉྫུཀ་ལ་སོགས་པས་དང་པོར་མཆོད་པར་བྱའོ། །ལེགས་པར་སྦྱར་བ་ལས། །ཏ་ཏ་ནུ་ཙ་ཞེས་པས་དེའི་རྗེས་ལ་ཞེས་པ་འམ། དེའི་རྗེས་དང ་ཞེས་པར་ཡང་འགྱུར་ཏེ། ཙའི་སྒྲས་ལའམ་དང་བརྗོད་པ་ནི་ཁྱད་པར་གཞན་ཡང་སྟོན་པ་སྟེ། མཆོད་པར་འགྱུར་བའི་ཚིགས་སུ་བཅད་པ་གཉིས་ལ་དང་པོར་ཁྲུས་བྱས་ནས་ཉེ་བར་རེག་པར་བྱ་སྟེ། དེ་ནས་ཆོས་འབྱུང་ལ་མཆོད་པར་བྱའོ་ཞེས་པ་འམ་ཡང་ན་གདམS ་ངག་ཏུ་ཤེས་པར་བྱས་ནས་གཉིས་སུ་གསུངས་པ་དེ་ཡང་གོ་བར་བྱའོ། །དེའི་ཕྱོགས་ཀྱིས་ཙའི་སྒྲ་ལ་འམ་དང་ལ་འདིར་དེ་ལྟར་འབྲེལ་བའོ། །དེ་ཇི་ལྟར་བྱས་ནས་ཤེ་ན་།བྲིས་ནས་ཞེས་པས་ཡང་དག་པར་བྲིས་པ་དེ་གསལ་ཞིང་མ་འདྲེས་པར་སོར་གསུམ་པའི་ཆོས ་འབྱུང་གི་ནང་དུའོ། །གང་འཕྲིན་རྒྱལ་བ་དྲུག་པ་ཞེས་པ་སྟེ་མི་བསྐྱོད་པའོ། །མི་བསྐྱོད་པ་གང་ཞེ་ན་།ཁུ་བའི་རང་བཞིན་ནམ་ནག་པོའི་རང་བཞིན་ཏེ། དེ་ལྟར་འཁོར་ལོ་སྡོམ་པ་ལས་མི་བསྐྱོད་པ་ནི་དེ་བཞིན་གཤེགས་པ་དྲུག་པ་རྣམ་པར་བཞག་པའོ། །དེ་བཞིན་དུ ་ལཱུ་ཡི་པའི་མངོན་པར་རྟོགས་པ་ལས་ཀྱང་རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་དཔལ་ཧེ་རུ་ཀའོ་ཞེས་སོ། །ཡི་གེ་གསུམ་གྱི་སྔགས་བཟླས་ཞེས་པ་ནི་ཨོཾ་ཨཱ:ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ ་པར་བྱའོ་གང་གིས་འབྲིན་མིང་མེད་ཀྱིས་ཏེ། གང་གི་མིང་མེད་ན་གཡོན་གྱི་ལག་པའི་མིང་མེད་དོ། །དེ་ཡང་བདེ་མཆོག་གི་རྣལ་འབྱོར་ལ་ནི་གཡོན་པས་བྱ་བ་ཐམས་ཅད་བྱེད་པའོ། །དེ་བཞིན་དུ་དཔལ་སྡོམ་པ་ལས་གསུངས་པ། དུས ་ཀུན་རྣལ་འབྱོར་གཡོན་པས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་བསྐྱོད་ཅེས་སོ། །བཤད་པར་བྱ་བ་བཞིན་ནི་རྡོར་འཛིན་སྙིང་པོ་ཞེས་པ་ནི་ཆོས་འབྱུང་ལ་མེ་ཏོག་དམར་པོ་ཞེས་པ་ནི་རང་འབྱུང་གི་ཁྲག་སྟེ་།མཆོད་ཅེས་པ་ནི། དེ་གཉིས་འདྲེས་པས་འཚོ་ཞིང་གསལ ་བའམ་འཕེན་ཞིང་སྐྱོད་པར་བྱེད་པའོ། །དེ་ལ་མཆོད་པ་ཞེས་ཅིའི་ཕྱིར་ཞེན། འདི་ནི་ཆགས་པ་ཆེན་པོའི་ཐེག་པ་བྱ་སྟེ། དེ་ལ་འདིར་འཇིག་རྟེན་པའི་སྣ་ཚོགས་པའི་ཆགས་པས་ནི་དེར་གནས་པ་དང་སྐྱེད་པར་བྱེད་དུ་ཟད་དོ། །འདི་ཉིད་ཀྱིས་ནི་གྲུབ་པ་ཆེན ་པོའི་དོན་ཐོབ་སྟེ། དེ་ཡང་ཤིན་ཏུ་རྣམ་པར་དག་པའི་ཆགས་པ་ལ་དམིགས་ནས་མཆོག་གི་འབྲས་བུ་ཐོབ་པར་བྱེད་པ་འདི་ནི་བྱང་སེམས་ཀྱི་ཕྱག་རྒྱ་ལ་སེམས་བརྟན་པར་བྱས་པའི་རྒྱུས་ངེས་སོ་སོར་ཐོབ་པ་ཞེས་སློབ་དཔོན་གསུང་ངོ། །དེ་བཞིན་དུ་དགྱེས་པ་རྡོ ་ལས་།ཇི་ལྟར་འཚེད་པས་འཆིག་པ་ཡང། །མེ་ཉིད་ཀྱིས་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བ་ཐམས་ཅད་འཆི་འགྱུར་བ། །དུག་གི་དེ་ཉིད་ཤེས་པ་དེས།། ་དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་པ་ལ། །མོན་སྲན་གྲེའུ་ཡི་བཟའ་བ་སྦྱིན། །བཟློག་པའི་སྨན་ནི་བཏགས་པ་ལས། །རླུང་གིས་རླུང་ལ་བསྣུན་པར་བྱེད་ཅེས་སོ། །ཡང་ན་རྡོར་འཛིན་སྙིང་པོ་ཞེས་པ་ནི་།ནང་གི་བདག་ཉིད་ཀྱི་ཆོས་འབྱུང ་ཡིན་ལ། མེ་ཏོག་དམར་པོ་ནི་ཆགས་པ་དང་བཅས་པའོ། །མཆོད་པ་ནི་རང་གིས་བདེ་བ་ནི་རང་གི་བདེ་བའི་སེམས་ལ་རྟོགས་པའི་ཁྱད་པར་དུ་ནི་དབུལ་པའོ། །ལས་ཀྱི་ཕྱག་རྒྱ་མེད་པའི་རྣལ་འབྱོར་པས་ཀྱང་བླ་མ་དམ་པའི་ཞབས་ཀྱི་དྲིན་གྱིས་དེ་བཞིན་དུ་མཆོག ་ཏུ་གྱུར་པའི་སེམས་སྐྱེའོ། །དེ་བཞིན་དུ་ཌ་ཨུ་རི་པའི་ཞབས་ཀྱིས་ཀྱང། རྣལ་འབྱོར་རྡོ་རྗེའི་གོ་འཕང་སྐད་ཅིག་ཉིད་དུ་བྱེད་པ་ཤེས་རབ་མེད་ཀྱང་ནི། །བྱང་སེམས་ཟིལ་པ་དེ་ཉིད་འབྱོར་པས་དམ་པའི་དོན་ལ་མངོན་བྱང་བྱེད་པ་ཉིད། །མ་རུངས་པ་ལྟར་མྱུར ་བར་ཡིད་ནི་འོད་ཀྱིས་འཕྲོག་པར་བྱེད་པ་སྟེ། །བྱིན་གྱིས་བརླབས་ཞེས་དེ་ནི་བླ་མ་དམ་པའི་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་དུ་བདེ་བའི་སེམས་རྒྱུན་ཏུ་ཡོད་པ་དེ་ནི་གྲུབ་པ་ཐོབ་པར་ངེས་པ་ཡིན་ནོ། །རྡོ་རྗེ་མཁའ་འགྲོ་ལས། སྡུག་བསྔལ་གྱིས ་གདུངས་དཀའ་ཐུབ་ཀྱིས་།ལུས་ནི་ངལ་བས་བསྐམ་པ་སྟེ། །སྡུག་བསྔལ་གྱི་ནི་རྣམ་གཡེང་སེམས། །གཡེང་བས་དངོས་གྲུབ་གཞན་དུ་འགྱུར་ཞེས་སོ། །ཡང་ན་འདི་ཉིད་བཅུད་ལེན་ཆེན་པོ་སྟེ། ལེགས་པར་སྤྱོད་པ་སྣར་བླུགས་པ་འམ། ཟོས་པས ་ཀྱང་གང་འདོད་སྐྱེད་པར་བྱེད་དོ། །དེ་བཞིན་དུ་གསུངས་པ་།ཁྲག་ཆེན་པོ་དང་ག་པུར་བཅས། །བཅུད་ལེན་ཀུན་གྱི་མཆོག་ཏུ་གྱུར། །དུས་ལ་བབ་པས་བསྐྱེད་པ་སྟེ། །ཁྲག་ཆེན་མེ་ཏོག་དངོས་པོ་ཉིད་ཅེས་སོ། །བྲིས་ཏེ་ཞེས་པ་ནི་ལི་ཁ་ཞེས་པའི་སྒྲས ་ཡི་གེ་འབྲི་འམ་།མི་འགྱུར་བ་ལ་འགྲོ་སྟེ། དེ་ནི་མི་འགྱུར་བའི་གཟུགས་ཀྱིས་འདུལ་བར་བྱེད་པའི་དོན་ནོ། །ཇི་ལྟར་ཞེ་ན། མིང་མེད་ཀྱིས་ཞེས་པས་དེ་ཡང་ཨ་ནཱ་མི་ཀ་ཞེས་པའི་སྒྲས་མིང་མེད་ཅེས་པ་འམ་འཆི་མེད་ཅེས་པར་ཡང་འགྱུར་ཏེ། དེའི་ཕྱིར ་ལངས་པ་འམ་བསྒྲེང་བའི་གྱི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་ཅིས་མཚོན་ཞེན་རྒྱལ་བ་དྲུག་པ་ཞེས་པས། ནག་པོའི་མྱོས་བྱེད་ཀྱི་མཚན་མ་ཉིད་དེ། དེ་ཡང་དེ་ཉིད་བཏུང་བའི་དངོས་པོའོ། །ཡི་གེ་གསུམ་བཟླས་ཞེས་པས་གསུམ་ནི་ལུས་ངག་ཡིད་གསུམ ་མི་འགྱུར་བ་སྟེ། མི་གཡོ་བའི་རང་བཞིན་ནོ། །བཟླས་པ་ནི་འཛིན་པ་སྟེ་དེ་བཞིན་ཉིད་དུ་རོ་གཅིག་ཏུ་ངེས་པའོ། །དེ་བཞིན་དུ་གསུངས་པ། ནགས་ནས་ནགས་སུ་གནས་པ་ཡི། །ལམ་ནས་ལམ་དུ་ཞུགས་ནས་ནི། །འཁོར་དུ་ལ་དུ་རོ་ཡིས་གྲངས། །ཇི་ལྟར་བརྟུལ ་པའི་གླང་པོ་ལྟར། །དེ་བཞིན་སེམས་ཉིད་གླང་པོ་ཡང། །ལེན་འདོད་ལྷན་སྐྱེས་རབ་གནས། །རྣལ་འབྱོར་ཡོ་བྱད་མྱོས་བྱེད་སྟོབས། །སྟོབས་མེད་མ་ཡང་དེ་ལྟར་བསྟེན། །བུ་རམ་འབྲས་ལ་སོགས་པས་ནི། །སེམས་ཀྱི་གླང་པོ་བཏགས་པ་ན།། ་འཇིག་པ་རྣམས་ནི་ཉམས་པར་བྱེད། །མཆོག་གི་རྩེ་མོ་རྙེད་ལ་གནས། །བསྒྲུབ་བྱ་དེ་ཉིད་བསྒྲུབ་པའི་དོན། །བསྒྲུབ་བྱ་མིན་ཡང་བསྒྲུབ་པར་བྱ། །དེ་ཡི་སྒོ་ནས་དེ་བཞིན་སེམས། །བྱ་མིན་བསྒྲུབ་པ་འང་བསྒྲུབ་པ་ཉིད་ཅེས་སོ། །རྡོ་དགྱེས་པ་གསང་པའི་སྒྲུབས་ཐབས་ལས ་ཀྱང། །ནག་དང་མྱོས་བྱེད་བྱུང་བ་ན། །དེ་ནི་རིགས་པས་བཟླ་བར་བྱ། །དེ་བཞིན་ཉིད་ནི་མ་མཉམས་པར། །ངན་པ་ཙམ་དུ་བྱ་བ་ཉིད། །ཇི་ལྟར་སྨན་ཆེན་གང་ཞིག་གིས། །ལེགས་པའི་རོ་དང་ནད་སེལ་ལྟར། །ཐབས་དང་ཤེས་རབ་བདེ་བ་ཉིད། །འབད་པ་མེད་པར་ཉཽང?་སེལ ་ཀུན་ཏུ་མཛེས་པའི་བུ་མོ་ལ། །ཆགས་དང་ཆགས་པ་དག་པ་ཡིས། །གཅིག་ནི་ཞཌ?་ལྭ་སྐེ་ནས་འཆིང། །གཞན་ནི་འཆིང་བ་གཅོད་པཱི་མཚན་ཞེས་སོ། །ཡང་ན་ཅིའི་ཕྱིར་མིང་མེད་ཅེ་ན་གསུངས་པ་།དེ་ནི་རྒྱལ་བ་དྲུག་པ་ཞེས་པ་སྟེ་།དེའི་དོན་ནི་བཅས་པའོ། །གང་ན ་བཅས་ན་རྒྱལ་བ་དྲུག་པ་ནི་བྱང་སེམས་དང་འདྲེས་པའོ། །དེ་ཉིད་ལ་གནས་པའི་དོན་ནི་བཞེངས་པ་སྟེ། །ཡང་དག་པར་ཡོངས་སུ་གང་བའི་བྱང་ཆུབ་ཀྱི་སེམས་དང་འདྲེས་པའི་དོན་ཏོ། །ཡི་གེ་གསུམ་བཟླས་ཞེས་པ་ནི་།ཡི་གེ་གསུམ་ནི་ལུས་ངག་ཡིད་གསུཾ ་གྱི་བཟླས་པ་སྟེ་།གཅིག་ཏུ་ཐིམ་པས་དེ་ལྟར་རབ་ཏུ་གོམས་པས་བྱང་སེམས་མི་འཕོ་བའོ། །དེ་ཡང་དགྱེས་པ་རྡོ་རྗེ་ལས་གསུངས་པ། ཨཱ་ལི་ཀཱ་ལིའི་རབ་བཏགས་པས། བརྗོད་པ་བཟླས་པར་ཡང་དག་བཅད་ཅེས་སོ། །བྱེད་པ་གཞན་ཡང་གསུངས་པ། དེ་ནས ་དང་པོ?་མཆོག་གི་སྣོད་དུ་ནི་ཞེས་པ་ལ་སོགས་པས། །རྡོ་རྗེ་དང་པོ་ནས་ཞེས་པ་ནས་རྡོ་རྗེའི་ཁྲུས་བྱའོ། །ཞེས་པར་འབྲེལ་ལོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ། །དེ་ལ་མངོན་པར་ཕྱོགས་པར་བྱེད་པའི་རྒྱུས། །རྡོ་རྗེའི་སྒྲ་ལ་ནག་པོའི་བཏུད་བ་འམ་རྣལ་འབྱོར་པའི་རྫས་ཞེས ་བརྗོད་པ་སྟེ། དེ་ན་རྒྱུ་ལ་འབྲས་བུ་ཉེ་བར་བཏོགས་པ། ཉིད་དེ་ཉིད་དེ་དེས་ཁྲུས་བྱའོ། །ཇི་ལྟར་བྱེད་ཅེ་ན། པདྨའི་ལག་པ་བཅུག་ནས་ནི་ཞེས་པས། དེ་ཡང་གཡས་པ་ལས་གཞན་ཞེས་པས་གཡོན་པའི་ལག་པའོ། །གང་དུ་གཞུག་ན་དང་པོ་མཆོག་གི་སྣོད་དུའོ།། ་དེའི་རྒྱུས་མྱོས་བྱེད་ནི་དང་པོར་སྤྲད་ཆང་ལ་སོགས་པ་ལ་བརྗོད་པའོ། །དེ་ལ་སྣོད་ནི་ཇི་ལྟར་གདམས་དག་གི་རིམ་པ་ལྟར་ཏེ། ལག་པ་གཉིས་ལུས་ལ་རེས་པས་སོ། །དེ་ལ་གདམས་ངག་ནི་དང་པོར་མྱོས་བྱེད་ཀྱི་ཐིགས་པ་ཙམ་བཟུང་ནས་ལྷ་མོའི་སྔགས ་སམ་།ཡི་གེ་གསུམ་བཟླས་ནས་དེ་ནས་ལག་པ་གཡོན་པ་དང་གཡས་པ་གཉིས་མངོན་པར་ཁྱུད་པའི་སྟངས་ཀྱིས་མགོ་བོ་ནས་བརྩམས་ཏེ་།རྐང་པའི་སོར་མོའི་བར་དུ་མྱོས་བྱེད་ཀྱི་ཁུ་བས་ལག་པ་ལ་བསྒོས་ཤིང་དེ་ཉིད་ཀྱིས་ལུས་ལ་རིག་ནས ་ཁྲུས་བྱའོ། །ཡང་ན་ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པ་ལ་གནས་པའི་རྣལ་འབྱོར་མ་དྲུག་གི་སྔགས་ནི་རྣལ་འབྱོར་མ་དྲུག་རང་བཞིན་ཡིན་ལ། དེ་ལ་ལག་པ་གཡས་པའི་རྒན་པོ་དང་མི་མེད་ཀྱིས་རྫས་ཀྱི་ཁུ་བ་ལ་རེག་ནS ་ཡང་ལུས་ལ་རེག་པ་ཡང་མན་ངག་གོ་།བཤད་པར་བྱ་བ་ཡང་གསུངས་པ། རྡོ་རྗེ་ཞེས་པ་ནི་བདེ་བ་ཆེན་པོ་སྟེ། བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་བརྗོད་པས་དེའི་ཁྲུས་ཀྱི་བློ་དག་པར་བྱེད་པའི་དོན་ཏོ། །ཡང་ན་རྡོ་རྗེ་ནི་པོ་ལ་ཡིན་ལ་དེ་ཁྲུས་བྱེད ་པ་སྟེ་།གོམས་པས་བྱང་ཆུབ་ཀྱི་སེམས་གཟུངས་ལ་གལ་ཏེ་ལྟུང་ན་ཡང་དེས་ཁྲུས་བྱའོ། །གང་དུ་འཁྲུ་ཞེན་དང་པོ་མཆོག་གི་སྣོད་དུ་སྟེ་། མཆོག་ནི་བརྗོད་བུ་མེད་པའི་གཟུགས་ཡིན་ལ་དེའི་ཕྱིར་དང་པོའི་སྣོད་དོ། །དེ་བཞིན་གཤེགས་པ་ཐཾས་ཅད་ཀྱི ་གནས་སུ་གྱུར་པའི་ཆོས་ཀི་འབྱུང་གནས་སུ་བདེ་བ་ཆེན་པོ་འཛིན་པ་དང། དེར་ལྷན་ཅིག་སྐྱེས་པའོ་།བདེ་བ་བསྐྱེད་ཅིང་གནས་པའི་དོན་ཏོ། །དེའི་ཐབས་ཤེས་པས་འཁོར་བའི་འཆིང་བ་གཅོད་པ་སྟེ། དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། གང་དང་གང་གིས་ ་འཇིག་རྟེན་འཆིང་གྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར་ཞེས་སོ། །གལ་ཏེ་དེ་ལྟར་ན་ལྷན་ཅིག་སྐྱེས་པའི་བདེ་བ་དང་དེ་ལྟར་སྐྱེ་བ་གཉིས་འབྲེལ་པ་མེད་པ་ཉིད་དེ། སྐྱེས་པ་ལ་རྟགས་པའི་དངོས་པོར་གྲུབ་པ་? ་པའོ་ཞེན་དེ་ཉིད་མི་མཉམ་ཀྱང་དེ་ཉིད་ལ་འཇིག་རྟེན་པའི་བདེ་བར་འཇིག་ལ། དངོས་པོའི་མིང་ཙམ་ལ་བརྟེན་ཏེ། དེ་བཞིན་དུ་དཔེ་བདེ་བ་ཙམ་བསྟན་པ་ལ་སྐྱོན?་མེད་དོ། །ཇི་ལྟར་མེད་ཅེ་ན་དཀར་པོ་ཙམ་དུ་གཅིག་པར་གྱུར་པ་ལ། དང་པ་ལྟ་བུའི་དཔེར་ནི་བརྗོད་པ ་ལྟར། །དེ་བཞིན་འཇིག་རྟེན་བདེ་བར་སྟེང་བ་ཡང། །དཔེ་ལས་ལྷན་ཅིག་སྐྱེས་པའི་ཡིད་ཆེས་བཞིན་།གང་ཞིག་མཆོ་སྐྱེས་ལས་ནི་སྤྱོད་པའི་དཔལ། །བདེ་བ་ཆེན་པོ་བླ་མ་གསུངས་པ་ནི། །འགྲོ་བས་མི་གཏོགས་འགྲོ་བར་འདོད་པ་དེ། །དེ་ལ་དཔེ་ཙམ་གྱིས་ནི་བརྗོད་པའོ། ་ལེཌ་པར་སྦྱར་བའི་གསུང་ནི་མིག་གོ་དང། །སྐད་གཞན་མཆོག་ནི་མི་ཤེས་རྒོད་པ་སྟེ། །རི་ལ་གནས་པའི་གྲོང་གི་སྐྱེས་བུ་ལྟར། །བཏཌ་པའི་རང་གི་ངག་གི་སྒྲུབ་བྱེད་གོ་ཞེས་སོ། །དེ་བཞིན་དུ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། ཇི་ལྟར་ཀླ་ཀློས་གཞན་གྱི་སྐད།། ་འཛིན་དང་བདེན་པར་མི་བྱེད་ལྟར། །འཇིག་རྟེན་པ་ནི་འཇིག་རྟེན་འདས། །དེ་བཞིན་འཛིན་དང་བདེན་མི་བྱེད་ཅེས་སོ། །བུད་མེད་གང་ཞིག་ལ་རྨི་ལམ་དུ་བུ་སྐྱེས་པ་དང། གནས་པ་དང། ཤི་བའི་བདེ་སྡུག་གི་རྒྱུ་རྗེས་སུ་སྐྱེ་བར་འགྱུར་བ་ལ། གཉིད་སད་པ་དང་ཐཾས་ཅད་ཀྱང་བརྫུན་པ་ལྟར། དེ ་བཞིན་དུ་རིག་པ་འདིས་ཐཾས་ཅད་ལ་གོམས་པའི་དུས་སུ་ལྷན་ཅིག་སྐྱེས་པ་དང་པོར་ཤེས་ནས་ཐཾས་ཅད་དུ་འདི་ཉིད་དུ་འཇུག་པའོ། །དེ་ཡང་དཔེར་ན་བཤོག?་པ་མ་རྒྱས་པའི་བྱ་ནི་ས་ལ་ལྟུང་བར་མི་འདོད་པར་ནམ་མཁའ་ལ་འགྲོ་བར་སེམས་ཀྱང་ལྟུང་བ་སྟེ། བཤོག་པའི་རྩལ་གཅིག ་ནས་གཅིག་ཏུ་རིམ་པ་ལྟར་རྫོགས་ནས་ནམ་མཁའ་ལ་ལོང་སྤྱོད་པའོ། །དེ་བཞིན་དུ་བདག་ཉིད་རྣལ་འབྱོར་པ་ཡང་དེ་དང་རྗེས་སུ་སྤྱོད་པར་རང་གི་ས་ནས་ལྟུང་བར་མི་བྱ་བར་ཕན་པའི་སེམས་ཀྱིས་གཟུང་བར་བྱའོ། །དེ་ཡང་དགྱེས་པ་རྡོ་རྗེ་ལས། །ཇི་ལྟར་དབྱེ་བར་མི་འགྱུར ་བར་གོམས་པ་ཡིས་ནི་འབད་པར་བྱ་ཞེས་སོ། །དེ་ལ་དབྱེ་བ་གང་ཞེན་།ལུས་ངག་ཡིད་སོ་སོར་གྱུར་པ་ལ་ཐིག་ལེ་གཅིག་ཏུ་གོམས་པར་བྱའོ། །ཅེ་ཡིས་བྱ་ཞེན་པདྨའི་ལག་པ་བཅུག་ནས་ཞས་པས་།ལག་པ་གཡོན་པའི་རྒན་མོ་དང་མཛུབ་མོ་གཉིས་པདྨའི་ཕྱོགས་གཉིས་ནས ་ཕྱེ་དང་བཙུམས་པར་བྱ་བརྩོམ་པའོ། །དེ་ལྟར་དུ་རྡོ་རྗེ་དགྱེས་པར་རོལ་པ་གསུམ་བའི་སྒྲུབ་ཐབས་ལས། ལག་པའི་སོར་མོ་གཉིས་ཀྱིས་ནི། །པདྨའི?་ཕྱོགས་གཉིས་གཟུང་བ་ཡས། །ཕྱེ་དང་བཙུམ་པར་བྱེད་པ་སྟེ། །རྟ་ཡི་མཆན་མ་ལྟར་གསལ་ཞིང་ཞེས་སོ། །ཡང་ན་མཆོག ་?་སྣོད་ནི། མཚན་ཉིད་དང་གྲལ་བའི་སྐད་ཅིག་མའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ནི་མཆོག་གོ་།དེས་ན་དང་པོའི་སྣོད་ནི་ནོར་བུ་སྟེ། །པདྨའི་ལག་པར་བཅུག་པའོ། །ཅིའི་ཕྱིར་པདྨའི་ལག་པ་ཞེན། །ལག་པའི་མཐིལ་ལྟར་?་མེད་པ་ལ་སོགས་པའི་ཡོན་ཏན ་གྱིས་ཡོངས་སུ་རྫོགས་པའི་ཤེས་རབ་མའི་པདྨ་ལ་སྤྱོད་པར་གྱིས་ཤིག་པའི་དོན་ཏོ། །དཔལ་སྡོམ་པ་ལས་ལག་པའི་མཐིལ་ལྟར་པདྨ་ལ་ཞེས་སོ། །རྡོ་རྗེ་རོལ་མང?་དགྱེས་མ་གསང་པའི་སྒྲུབ་ཐབས་ལས་།པདྨའི་ལག་པའི་མཐིལ་ལྟར་བྱ། །ལག་གཉིས ་རྩ་བའི་སྤུ་ཡང་བྲེགས། །རང་ཉིད་པདྨའི་གདན་ལ་བཞུགས། །བདག་མོས་པར་ནས་འཁྱུད་པ་བསྒོམ་ཞེས་སོ། །ཕྱིའི་ཕྱག་རྒྱ་མེད་པ་ལ་ལག་པ་དང་པདྨའི་རྣམ་པ་ཡིས་ལག་པས་གསོ་བར་བྱའོ། །དེ་ཙམ་དུ་མ་ཟད་གཡས་པ་ལས་གཞན་ཞེས་པ་གཡས་པ་དང། ་གཡོན་པ་རྒྱུ་བའི་རླུང་གཉིས་ནང་དུ་བཅུག་ནས་ཐིམ་པར་བྱེད་པའོ། །གང་དུ་ཐ་མིན་བདེ་བ་ཆེན་པོའི་དང་དུའོ། །གལ་ཏེ་བསྐྱོད་པའི་བདེ་བ་ཆེན་པོ་ནི་སྨན་ཆེན་པོས་བསྡམས་པའི་ཐིག་ལེ་དང་མ་དག་པའི་ཆགས་པ་ལ་ཡང་སྲིད་པས། དེས་ན་རྒྱུན་ཆད་མེད་པའི ་བདེ་བ་ཆེན་པོའི་རང་བཞིན་གསུངས་པ་ནི་ཅི་ལས་ཀྱི་ཕྱག་རྒྱ་ལ་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། གང་གང་བ་གསུམ་གནས་པའི་བདེ་བ་ནི། །སྐྱེས་པ་ཕྱོགས་ཅིག་ཏུ་ནི་བཞག་པ་དང། །ལྷན་ཅིག་སྐྱེས་ལས་དུས་གཅིག་རྙེད་པ་ཡི། །བདེ་བ་ཕྱེ་བའི་ཆར་ཡང ་མི་ཡོད་དོ། །དེ་ཡང་རྒྱུ་ལས་བྱུང་དང་ཆུབ་བ་ཉིད། །སྐད་ཅིག་གིས་ཟད་སྡུག་བསྔལ་བྱེད། །གང་ན་ཡོད་པ་དེ་བསྒྲུབ་པ། །དམ་པའི་བདེ་བ་ཇི་ལྟར་འགྱུར་ཞེས་སོ། །འདིར་དེར་ཡང་མི་མཚུངས་པར་འགྱུར་བ་སྟེ། དེ་ཡང་མན་ངག་བཞིན ་བུ་ལག་རེག་པར་བྱ་ཞེས་པ་སྟེ། ཤ་ཡམ་ཞེས་པའི་སྒྲས་ལག་པའམ་ལུས་སམ་གཉིད་ལ་ཡང་འགྲོ་སྟེ། གཉིད་ནི་རྣམ་པར་ཤེས་པ་དང་དབང་པོ་འགོག་པའོ། །འགོག་པའི་དོན་ནི་གཞན་དུ་འགྲོ་བ་མེད་པར་གཅིག་ཏུ་ངེས་པར་འགྱུར་བས་ན་དེའི་རེག ་བྱ་ལ་མངོན་པར་ཕྱོགས་པར་བྱེད་པའོ། ཡང་ན་ཤ་ཡཾ་ཞེས་པས་གཉིད་དེ། གཉིད་དང་མཚུངས་པའི་དོན་གྱིས་ཤི་བཅེས་བརྗོད་དོ། །ཤི་བ་ནི་རླུང་དང་རྣམ་པར་ཤེས་པ་དང་དབང་པོ་འགོག་པ་སྟེ། བསམ་གཏན་གྱི་རང་གཟུགས་སོ། །དེའི་རེག ་པ་ལ་མངོན་བར་ཕྱོགས་པའོ། །དགྱེས་པ་རྡོ་རྗེ་ལས་གསུངས་པ། གང་དུ་འཆི་བ་བདེ་བ་སྟེ། །བདེ་བ་དམ་པ་བསམ་གཏན་བརྗོད་ཅེས་སོ། །གཞན་དུ་འཆི་བ་ནི་བརྫུན་པ་སྟེ། དེ་བཞིན་དུ་དཔལ་སྡོམ་པ་ལས་འཆ་བ་ཅས་པ་རྣམ་རྟོག་སྟེ། མཁའ་ ་སྤྱོད་གནས་སུ་ཁྲིད་པར་བྱེད་ཅེས་སོ། །དེའི་གདམས་ངག་བརྗོད་པར་བྱ་སྟེ། རླུང་གཡོ་ཞིང་བསྐྱོད་པས་བདེ་བ་ཆེན་པོ་འདས་ནས་འཇོམས་པས་ན། དེ་ཉིད་ཀྱི་སྒོ་ནས་མཆོག་གི་བདེ་བས་སླར་འཇོམས་པ་ལ་རབ་ཏུ་འབད་པར་བྱའོ། །སྔོན་དུ་གོམ ་དབང?་ལྟ་བའོ། །མངོན་པར་བདེ་བ་ཕུན་སུམ་ཚོགས། །ཡིད་ནི་ནང་དུ་བཞུགས་པས་ན། །འདོད་པ་བསྒྲུབ་པར་བསྒོམ་པར་གྱིས་ཞེས་སོ། །དཔལ་དགྱེས་པ་རྡོ་རྗེ་ལས་ཀྱང། །གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། འགྲོ་བ་ཐམས་ཅད་བསྒོམ ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །བསྒོམ་པ་ཉིད་ནི་བསྒོམ་པ་ཡིན། །དེ་རྣམས་དམ་པ་གཅིག་ཡོད་མིན། །རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ནི་བསྒོམ་པ་ཉིད་ཅེས་སོ། །དེ་བཞིན་དུ ་ཡང། ཟབ་བདེ་ཆེན་ཉལ་པ་ཡང། །རྣམ་ཤེས་དང་ནི་དབང་པོ་འགོག། བསྟོད་སྨད་གྲགས་དང་རྙེད་པ་དང། །རྟོག་པ་འང་འཆག་པའི་རྫས་ལྟར་གྱིས། །བྷུས?་སུ་?་བའི་སྤྱོད་པ་བཞིན། །གང་གི་སེམས་ཀྱིས་བྱེད་པ་ནི། །དེ་ལ་ཡིད་ཀྱི?་མྱ་བ་ན། །དེ་བས་རབ་ཏུ ་ཞི་བར་བྱེད། །འདུ་ཤེས་གསུམ་པའི་ཞབས་ཀྱིས་ནི། །བརྩེ་བས་རབ་ཏུ་གསུངས་པ་ལ། །ཉལ་དང་འདུག་དང་གང་དུ་ཡང། །འགྲུབ་པར་འགྱུར་བར་རབ་ཏུ་རྟོགས་ཞེས་སོ། །བྱ་བ་གཞན་ཡང་གསུངས་པ། །མཐེ་བོས་ཞེས་པ་ལ་སོགས་པ་སྟེ། །དེས་ན་ཡང ་དུ་ལྡན་པར་བཤད་བཀོད་བྱེད་ཞེས་པར་འབྲེལ་བས་།ཇི་ལྟར་ཞེན་དཔའ་མོ་ཡིས་ནི་དབང་ཕྱུག་དྲུག་པོ་ཞེས་པ་ལ་དཔའ་མོའི་དབང་ཕྱུག་ནི་ཕག་མོ་དང་གཤིན་རྗེ་མ་དང། རྨོངས་བྱེད་མ་དང། སྐྱེད་བྱེད་མ་དང། སྐྲག་བྱེད་མ་དང། གཡུང་མོ་ཞེས་བརྗོད ་པའོ། །རྣལ་འབྱོར་མ་དྲུག་གི་སྔགས་དྲུག་དེ་ལ་བཀོད་པ་ནི། ཨོཾ་བཾ་ལྟེ་བར། ཧཾ་ཡོཾ་སྙིང་གར་།ཧྲིཾ?་མོཾ་མགྲིན་པར། ཧྲེཾ་ཧྲིཾ་ཁ་ལ། ཧཱུཾ་ཧཱུཾ་མགོ་ལ། ཕཊ་ཕཊ་ཡན་ལག་ཐམས་ཅད་བླ་ཀོད་པར་བྱའོ། །ལག་པར་བཀོད་བྱས་ནས་ཞེས་པས་དེ་དང་པོར་ལག ་པ་ལ་བཀོད་པ་སྟེ། མཐེ་བོ་ཆེན་པོ་དང་ནི་སོར་མོ་རྣམས་ཞེས་པ་ལ། ལག་པ་གཡོན་པའི་མཐེ་བོ་ལས་མཐེ་ཆུང་གི་བར་དུ་དགོད་པར་བྱ་བའི་དོན་ཏེ་།དེའི་རིམ་པ་ནི་ཨོཾ་བཾ་མཐེ་བོད་ལ། ཧཾ་ཡཾ་མཛུབ་མོ་གུད་མོ་ལ། ཧྲིཾ་མོཾ་གུང་མོ་ལ། ཧེཾ་ཧྲིཾ་སྲིན ་ལག་ལ། ཧཱུཾ་ཧཱུཾ་མཐེ་ཆུང་ལ། ཕཊ་ཕཊ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ལ་སྟེ་གཞན་ནི་སོར་མོའི་རྩེ་མོ་ལ་དགོད་པ་མན་ངག་གོ་།བཤད་པར་བྱ་བ་གཞན་ནི་མན་ངག་ལ་དགོད་པར་བྱ་བ་ཞེས་པ་དང་འབྲེལ་པས། དེའི་ཡན་ལག་ནི་ཐུར་དུ་སེལ་བའི ་རླུང་སྟེ། ཅིའི་ཕྱིར་ཞེ་ན། དཔའ་བོའི་དབང་ཕྱུག་གམ་སྔགས་ལ་དཔའ་བོ་ནི་བདེ་བ་ཆེན་པོའི་འཁཽར?་གནས་པའི་དཔལ་ཧེ་རུ་ཀའི་ངོ་བོ་ཧའི་རྣམ་པ་ལ། དེའི་དབང་ཕྱུག་མ་ནི་སྤུལ་པའི་འཁོར་ལོར་གནས་པའི་བཅོམ་ལྡན་འདས་མ་གཏུམ་མོའི ་གཟུགས་སོ། །སྔགས་རྣམས་ཀྱིས་ཞེས་པ་ནི། དེ་ལ་མན་ཏྲ་མས་པའི་སྒྲས། མ་མ་ན་ན་ཡིད་ཏྲ་ཏྲ་ཡ་སྐྱོབ་པར་བྱེད་པ་སྟེ། དེའི་གཟུགས་སོ། །དྲུག་པོ་ཞེས་པ་ནི་སྦྱོར་བ་དྲུག་སྟེ། སོ་སོ་སྡུད་པ་ལ་སོགས་པ་དྲུག་བོ། །དེ ་བཞིན་དུ་ཡང་གསུངས་པ། སོ་སོར་སྡུད་དང་བས་མ་གཏན་དང། སྲོག་རྩོལ་བ་དང་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་ངེ་འཛིན།། སྦྱོར་བའི་ཡན་ལག་དྲུག་ཏུ་འདོད་ཅེས་སོ། །དེ་བཞིན་ཅུ་དུས་ཀྱི་འཁོར་ལོ་ལས་སོ་སོར་སྡུད་པ་ལ་སོགས ་རྒྱལ་དབང་རྣམ་བཅུར་འགྱུར་ཞིང་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་ལ་ཡང་རལ་གྲི་སླར་ཡང་རྣམ་པ་བཅུ་གཉིས་འཛིན་པ་ཕྱག་ན་རིན་པོ་ཆེ། །གདོལ་པ་པདྨ་འཛིན་ནི་རྗེས་སུ་དྲན་ཡིན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་ལྔ ་པོའི་དབྱེ་བས་སླར་ཡང་དེ་ནས་ཨ་དང་ཀ་ལ་སོགས་པས་འབྱེད་པར་བྱེད། སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་ལོག་པས་ལུས་ལའོ། །ཤེས་རབ་རྟོག་དང་དཔྱོད་པ་དགའ་བ་དང་མི་གཡོའི་བདེ་བ་གཅིག་པའི་སེམས ་ནི་བསམ་གཏན་ནོ། །སྲོག་རྩོལ་བ་ནི་ལམ་གཉིས་མི་འབབ་འགྱུར་ཏེ་དབུ་མ་མེ་རུ་ཞུགས་པའོ། །ཐིག་ལེར་སྲོག་ཞུགས་པ་ནི་གཉིས་འགྲོ་བཅོམ་ཞིང་སེམས་ནི་གཅིག་ཏུ་འཛིན་པ་སྟེ། ལུས་ལ་གཏུམ་མོ་སྣང་བ་གང་ཞིག་འགྱུར ་བ་ནམ་མཁའ་ཨི་རྗེས་སུ་དྲན་པ་ཡིས། །ཤེས་རབ་ཐབས་ཀྱི་བདག་ཉིད་མི་འགྱུར་བ་ཡི་བདེ་བའི་དབང་གིས་ཡེ་ཤེས་གཟུགས་བརྙན་ཏིང་ངེ་འཛིན། །དེ་དག་དབང་པོ་རྟུལ་པོའི་དབྱེ་བས་སྣ་ཚོགས་གཙོ་བོར་སྒྲུབ་པ་རྣམ་པ་གསུམ་དུ ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་པོ་རྣམ་གསུམ་འགྲོ་བའི་དབང་གིས་ཀུན་རྟོག་ལྷ་ཞེས་སོ། །དེ་ཡང་ཇི་ལྟར་ཞེ་ན། ལག་པར་བཀོད་བྱས་ནས་ཞེས་པས། དེ་ཡང་ཀར་ཞེས་པའི་སྒྲས། །ཀ་ནི་བདེ་བ་ཆེན་པོའི ་འཁོར་ལོ་ཡང་ཞེས་པ་ལེན་པར་བྱེད་པ་སྟེ། དེ་ལྟར་ཀར་ཞེས་པས་སྲོག་རླུང་ངོ། །བཀོད་ཅེས་པ་ནི་རྩོལ་པས་དབུ་མ་རབ་ཏུ་འཇུག་པར་བྱེད་པའི་དོན་ཏོ། །དེ་ལྟར་དུ་ཡང་དུས་འཁོར་ལས། ནུས་པ་གང་ཞིག་ལྟེ་བ་ནས་འགགས་དྲི་མེད་གློག་འདྲ་དབྱུག ་པའི་ཚུལ་གྱིས་ལངས་ནས་ནི། །འཁོར་ལོའི་ལས་ནི་འཁོར་ལོའི་ལས་ཀྱི་མཛའ་རུ་མནན་པའི་རོལ་ལས་བགྲོད་ཅིང་དབུ་མའི་རྩ་ནས་གཡོ། །ཇི་སྲིད་གཙུག་ཏོར་ཕུག་པའི་སྟོབས་ཀྱིས་ཕྱི་ཡི་ཕུགས་པར་ཁཾ་གྱི་ཚུལ་དུ་རེག་།དེ་དུག་འཇུག ་གའི་རླུང་ནི་མཆོག་གི་སྟོབས་ཀྱི་སྟོང་པའི་ལམ་དུ་འཇུག་པར་བྱ། །གཙུག་ཏོར་ཕུག་ནས་ཕོ་བྲང་གཞན་དུ་ཟུང་གི་རླུང་ནི་བཀག་ནས་འགྲོ་བར་བྱེད། །དེ་ལྟར་རྡོ་རྗེའི་མཐུ་ཡིས་ཡུལ་དང་ལྡན་པའི་ཡིད་ནི་མཁའ་སྤྱོད་ཉིད་དུ་འགྲོ། །གཞན ་ཡང་མངོན་ཤེས་ལྔ་ཡི་རང་བཞིན་རྣལ་འབྱོར་པས་ནི་སྣ་ཚོགས་པ་ཡི་ཡུལ་འདིར་འགྱུར་ཞེས་སོ། །ཇི་ལྟར་གང་དུ་བྱེད་ཅེ་ན་མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམ་ཤེས་པས་མཐེ་བོང་ཆེན་པོ་ནི་རྡོ་རྗེ་ལོངས་པ་ཡིན་ལ་དེ་ཡང་ཨོཾ་? ་པའི་སྒྲས་ཨཾ་ག་ན་ཁམས་ཏེ་གུ་ལི་ན་དེ་ལ་ཐིམ་བར་བྱེད་པའི་དངས་མའོ། །དེ་གཉིས་སྦྱོར་བས་གཏན་ནས་མི་འཕོ་བའོ། །དེ་ལ་དཔའ་བོའི་དབང་ཕྱུག་གི་གདམས་ངག་བརྗོད་པར་བྱ་སྟེ། དེ་ལ་བི་རེ་ཤྭ་ར་ཞེས་པའི་སྒྲས། །དབུ་ཡི་རྣམ་པ ་སྟེང་དུ་བགྲོད་པར་བྱེད། །ི་ཡི་རྣམ་པ་རླུང་གིས་བསྐྱོད་པ་སྟེ། །རེ་ཕ་དག་ནི་མེ་ཡི་བསྣུན་པ་ལ། །འི་ཤྭ་ར་ནི་བདེ་བ་ཀུན་དངོས་སོ། །འདི་ཉིད་ལ་དམིགས་པ་ནི་རྒྱུའི་གཏུམ་མོའི་གཟུགས་ཀྱིས་ཡེ་ཤེས་ཀྱི་སྐུ་ཅན་གྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ ་བ་སྟེར་བའོ། །ཐིག་ལེ་ལས་བཞེངས་ནས་བྱུང་བར་མཚོན་པ་ནི་བདག་གི་བླ་མ་གསུངས་སོ། །དེ་དག་བལྟ་བར་འདོད་ནས་དཔེའི་སྒོ་ནས་བརྗོད་པར་བྱ་སྟེ། མཉམ་པའི་སྣོད་དུ་བཏུང་བ་བཞག། དབུས་སུ་སྒྲོན་མེ་སྦར་བར་བྱ། །བུམ་པས་སྟེང ་ནས་སྤུབས་པས་ནི། །འོག་གི་ཆུ་རྣམས་འདྲེན་པར་བྱེད་ཅེས་སོ། །དེའི་རང་བཞིན་ལ་འབད་པར་བྱས་པས་མི་འགྱུར་བའི་བདེ་བ་སྟེར་བས་ལྷན་ཅིག་སྐྱེས་པའི་རང་བཞིན་ལ་རྣལ་འབྱོར་པས་གོམས་པར་བྱའོ། །དེ་གང་དུ ་གསུངས་ན། སྦྱོར་དྲུག་ལས་བྱང་སེམས་འགྱུར་ནས་འགྲོ་བ་ནི་དམན་པའོ། །མི་ཉམས་པར་འབབ་ཅིང་འགྲོ་བ་འབྲིང། །སིན་ཏུ་མི་ཉམས་པར་འགྲོ་བར་བ་སྟེ་།འདིར་ལམ་གྱི་ཕྱག་རྒྱས་འགྱུར་བའི་བདེ་བ་སྟེར་བ་དང། ཡེ་ཤེས་ཀི་ཕྱག ་རྒྱས་མི་འགྱུར་བའི་བདེ་བ་སྟེར་པ་དང། ཕྱག་རྒྱ་ཆེན་པོས་ཤིན་ཏུ་དག་པའི་བདེ་བ་སྟེར་པའོ། །དེ་ལྟར་གསུངས་པ། ཇི་ལྟར་སྡིག་པའི་ཕྲུ་གུ་དང། །ཆུ་ཤིང་སྡོང་པོའི་འབྲས་བུ་ལྟར་།འབྲས་བུ་ལས་བྱུང་ནུས་པ་ཡིག། །རྒྱུ་ཡི་གཟུགS ་ཉིད་འཇོམས་པར་བྱེད། །བདེ་བ་ཆེན་པོས་དགྱེས་མ་དང་ཀ་གཏུམ་མོ་ཡི་ནི་གདམས་ངག་གིས། །དེ་ནི་བདག་མེད་ལྷ་མོ་སྟེ། །རྡོ་རྗེ་རྣམ་སྣང་མ་ཞེས་བརྗོད་ཅེས་སོ། །དེ་ནས་གཏུམ་མོ་མ་ཡིན་པའི་སྒྲས་གཞན་ཡང་བརྗོད་པར་བྱ་སྟེ། སྔགས ་རྣམས་ཀྱིས་ནི་ལུས་ལ་དགོད་པར་བྱ་ཞེས་པའི་འགྲེལ་གྱིས། དེ་ལ་ཨཾ་ག་ཅེས་པའི་སྒྲས་ལུས་སམ་ཡན་ལག་ལ་འགྲོ་བ་སྟེ་།ཾ་ཞེས་པ་ནི་ཨཾ་གི་རྣམ་པ་སྤྲུལ་པའི་འཁོར་ལོ་གནས་པའི་ལྷ་མོའི་གཟུགས་སོ། །ཞེས་པ་ནི་འགྲོ་བ ་སྟེ། ཐུང་དུ་སེལ་བའི་རླུང་ངོ། །དགོད་ཅེས་པ་ནི་དེ་སྟེང་དུ་སྐྱོད་པར་བྱེད་པའོ། །དེ་ཡང་ཅི་བྱེད་ཅེ་ན། ལག་པ་བཀོད་བྱས་ནས་ཞེས་པས་ལག་པ་ནི་གཉིས་ཏེ་ལག་པ་གཉིས་སྒྲས་རྒྱུ་བའི་རླུང་གཉིས་སོ། །དགོད་པ་ནི་དེ་གཉིས་འགོག་པར ་བྱེད?་པའི་དོན་ཏོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉིད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་བསྒྱུར་བ་ཕྱག་རྒྱ་སྟེ། །སོར་མོ་ཉེས་པའང་དེ་ཉིད་ཅེས་སོ། །གཞན་དུ་ཐུར་སེལ་གྱི་རླུང་གློད་པ་ལས་སྐྱེ ་གཡང་ཡོད་དོ། །གཞུང་འདིར་སྔོན་དུ་བཤད་པ་རྣམས་འདིར་རྒྱུད་གི་རྒྱ་བ་སྤངས་ནས་བདེ་བ་ཆེན་པོ་ལ་འཇུག་པར་བྱེད་པ་སྟེ། རླུང་བསྟན་པས་ནི་དོན་ཐམས་ཅད་གྲུབ་པའོ་ཞེས་བརྗོད་དོ། །དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོ་ལས། དབུས་སུ་སྲོག ་ཞུགས་ཉི་མ་དང་བཅས་རི་བོང་ལ་གནས་གཡས་དང་གཡོན་པ་བཅིངས་ཏེ་གནས། །སེམས་ལ་ཕྱག་རྒྱ་རབ་སྦྱར་མཆོག་གི་བདེར་གནས་རྡོ་རྗེ་སླང་བ་དག་དང་ནི། །པདྨར་རྡོ་རྗེའི་སྒྲ་འམ་ཆུ་སྐྱེས་དག་ཏུ་རང་ལག་གིས་གསོར་ཏེ་དོན་ཏེ། །ས་བོན་གཏོང ་བདེ་བས་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ་ཉིད་དོ། །དེ་བཞིན་དུ་ཡང། རླུང་གི་ཆེ་ལ་ཐིག་ལེས་ལུས། །ངེས་པར་མི་བསྐྱོད་སེམས་ཀྱིས་གྲོལ། །གསུམ་པོ་གཅིག་ཏུ་སྦྱོར་བ་ན། །གསུམ་གྱིས་གདན་ས་པར་རབ་ཏུ་གྲགས ་ཞེས་སོ། །གང་དུ་བྱེད་པར་འགྱུར་ཞེན། མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམས་ཞེས་པས་མཐེ་བོང་ཨ་བུཥཐ་ཞེས་པ་སྟེ། མ་གཅེས་པས་ལུས་།ཥ་ཐ་ན་དེ་ལ་གནས་པ་སྟེ་ལུས་ལ་གནས་པའི་རྡོ་རྗེའོ། །ཆེན་པོ་ཞེས་པ་ནི་དེ་ལངས་པའོ། །སེར ་མོ་རྣམས་དང་ཞེས་པ་ནི་དངས་མའི་རྣམ་པའོ། །ལྡན་པ་ཞེས་པ་ནི་དེ་གཉིས་སྦྱོར་བས་མི་འགྱུར་བར་བརྟན་པའི་དོན་ཏོ། །དེ་ཡང་གསུངས་པ། གང་ཞིག་ཤེས་རབ་ལ་སྤྱོད་པ། །བསིལ་ཟེར་ལྷུང་ལ་བདེ་བ་མེད། །དཔྱིད་དུས་མེ་ཏོག་ལྷུང་བ?་ལ། །དུས་ཀྱི ་འབྲས་བུག་ལ་སྲིད་ཅེས་པ་དང། དེ་བཞིན་དུས་ལས་རྒྱལ་བ་ལས་སྦྱོར་ཀུན་དང་ནི། །གང་གི་པདྨར་ལྷུང་བ་དེ། །ཕན་འདོད་མེ་ཏོག་བཅག་ནས་ནི། །རྨོངས་པས་འབྲས་བུ་འདོད་པ་བཞིན་ཞེས་སོ། །རྡོ་རྗེ་དགྱེས་པར་རོལ་མ་གསང་བའི་སྒྲུབ ་ཐབས་ལས། །པདྨའི་རྒྱ་མཚོ་བསྲུབ་པ་ལས། །ལྷན་ཅེས་བདུད་རྩི་འདོད་པ་ཡིས། །བྲལ་བའི་དུས་ཀྱི་དུག་ནག་པོ། །གང་ཞིག་མ་བྱུང་དེ་བཞིན་བྱ་ཞེས་སོ། །དྲུག་ཅེས་པ་ནི་མིག་ལ་སོགས་དྲུག་གི་ཤེས་པ་ཡང་ནང་དུ་ཞུགས་? ་ལྡན་པའོ། །ཇི་ལྟར་ལྡན་པ་དཔའ་མོ་ཡི་ནི་དབང་ཕྱུག་གི་སྔགས་ཀྱིས་ཏེ། དཔའ་བོ་ནི་བཅོམ་ལྡན་འདས་ཡིན་ལ། དེའི་དབང་ཕྱུག་མ་ནི་སྟོང་པ་ཉིད་དོ། །དེ་གཉིས་ཀྱི་སྔགས་ནི་ཡིད་སྐྱོ་བའི་ཐབས་སུ་བྱས་པའོ། ། ་ཡང་ན་དཔའ་བོའི་དབང་ཕྱུག་ནི་སྟོང་པ་ཉིད་ལ་དེའི་ཐབས་ནི་སྔགས་སོ། །དེའི་ཐབས་སུ་གྱུར་པ་ལ་སྟོང་པ་ཉིད་སྐྱེ་བའི་དོན་ཏོ། །བརྗོད་བྱས་གཞན་ཡང་གསུངས་པ། དེ་རྗེས་ལ་ཡང་ཞེས་པ་དང། སྣོད་སྙོམས་པ་ཞེས་པར་འབྲེལ ་པས་།དེ་ལྟར་ཚོན་བཟང་ལས་སྐྱེས་ཞེས་པས། དེ་ཡང་ཚེན་ཞེས་པ་ནི་བཤའ་རྩེ་སྟེ། བཟང་ཞེས་པ་ནི་ཟངས་ཡིན་ལ། །སྦྱར་ཞེས་པ་ནི་དེ་གཉིས་གཅིག་ཏུ་བསྲེས་པའོ། །ལས་སྐྱེས་ཞེས་པ་ནི་དེ་ལས་བྱུང་བའི་འཁོར་བའོ། ། ་སྣོད་ནི་མེ་ལོང་གི་དངོས་པོ་ཡིན་པ་ལ་སྙོམས་ཤེས་བས་ནག་ཙོག་དང་འབར་འབུར་སྤངས་པའོ། །དེ་ལ་ཅིས་བྱུག་ཅེ་ན། ཞ་ཉེ་ལས་སྐྱེས་ཕྱེ་མ་སོ་མ་དག་ཅེས་པས། ཞ་ཉེ་ལས་སྐྱེས་པ་ནི་སིནདྷུ་རའོ། །ཕྱེ་མ་ནི་དངོས་པོ་དེའོ། །སོ་མ ་དག་ནི་གཞན་དང་མ་འདྲེས་པའོ། །དེ་ཡང་སེང་རས་ཞེས་པ་ནི་རས་ཕྲ་ཞིང་ཐགས་ངན་པར་བཏགས་པའོ། །ངལ་བུས་གཙགས་ལ་དགྲམ་ཞེས་པ་ནི་མྱུར་བ་མ་ཡིན་པའོ། །དེ་ཡང་རས་དམར་པོ་ལ་རྡོ་རྗེ་ལི་ཡི་རྣམ་པ་བྱས་ལ་དེ་ཉིད་དུ ་སིན་དྷུ་ར་བླུག་ཏེ་དེ་ལ་སེར་མོ་ཅུང་ཟད་བསྐྱོད་པའི་རིམ་པ་ཞེས་སོ་དེ་གང་དུ་བྱ་ཞེ་ན་།རྡོ་རྗེ་འཆང་སྟེངས་སུ་ཞེས་པས། རྡོ་རྗེ་ནི་མྱོས་བྱེད་ལ་དེ་འཛིན་པ་ནི་རྡོ་རྗེ་འཆང་ཞེས་སོ། །སྟེང་དུ་ཞེས་པ་ནི་གང་ན་མྱོས་བྱེད་ཡོད་པ་དེའི་སྟེང་དུའོ། ། ་བཤད་པར་བྱ་བ་གཞན་ཡང་གསུངས་པ། དེ་རྗེས་ལ་ཡང་ཞེས་པ་ནས་སྣོད?་སྙོམས་ལ་ཞེས་བར་འབྲེལ་པས་དེ་ལ་སྣོད་ཅེས་པ་ནི་ཨ་མ་ཏྲ་ཞེས་པའི་སྒྲ་སྟེ། དེ་ལྟར་ཨ་ནི་ནད་དེ་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱིས་སྡུག་བསྔལ ་བའོ། །ཏྲ་ཡ་ཞེས་པ་དེ་ལས་སྐྱོབ་པ་སྟེ། ཨ་མ་ཏྲ་བདེ་བ་ཆེན་པོའོ། །ཡང་ན་ཁྱད་པར་གྱི་གནས་སུ་གྱུར་པ་ཉིད་དེ། ཨ་མ་ཏྲ་ཞེས་པས་བདེ་བ་ཆེན་པོའི་རང་བཞིན་གྱིས་སྣོད་དེ་དེ་རྗེས་ལ་སྦྱོར་བའོ། །སྙོམས་པ་ཞེས་པ་ནི་ཐམས་ཅད་ཀྱི་རང ་བཞིན་ཉིད་དེ། །ཚོན་བཟང་སྦྱོར་བ་ལས་ཞེས་པ་ནི་ལེགས་པར་སྦྱར་བའི་སྒྲ་ལས་རཾ་ག་ཨ་རུ་ཎ་ཞེས་པ་སྟེ་།དེ་ལ་རཾ་ག་ཞེས་པ་ཞ་ཉེ་དཀར་པོ་ཉིད་ལ། ཡང་ན་རཾ་ག་ཞེས་པ་འདོད་ཆགས་དང་བཅས་པའི་བྱང་ཆུབ་ཀྱི་སེམས་སོ། ། རུ་ན་ཞེས་པ ་དང་བཟང་ཞེས་པ་ནི་དམར་པོ་འོད་དཔག་མེད་ཀྱི་རང་བཞིན་གྱི་ཁྲག་གི་གཟུགས་སོ། །དེ་གཉིས་ལས་སྐྱེས་པའི་དོན་ནི་བདེ་བ་ཆེན་པོའོ། །གང་དུ་དེ་བརྗོད་པ་ཡིན་ཞེ་ན། རྡོ་རྗེ་འཆང་སྟེངས་སུ་ཞེས་པས། དེ་ལ་བཛྲ་དྷ་?་ཨུ་པ་རི་ཞེས་པའི་སྒྲས་ཏེ། ་བཛྲ་ནི་རྡོ་རྗེ་ཡིན་ལ་དྷ་ར་ནི་འཛིན་པ་འམ་རི་བོ་སྟེ། དེར་ཀུན་གྱིས་བགྲོད་བྱ་མ་ཡིན་པ་དང། དེ་ཉིད་ཐོབ་པར་བྱེད་པའི་གནས་ཡིན་ཏེ། ཨུ་པ་རི་ཞེས་པ་སྟེང་དུ་སྟེ་རྩེ་མོར་བདེ་ཆེན་པོ་འཆར་པའོ། །ཕྱེ་མ་ཞེས་པ་ལ་གང་གི་ཕྱི་མ་ཞེ་ན། ཞ་ཉེ ་ལས་སྐྱེས་ཞེས་པས་དེ་ཡང་བྷུ་ཛ་ག་བྷ་བ་ཞེས་པའི་སྒྲ་སྟེ། བྷུ་ཛ་ག་ནི་ཀླུ་སྟེ་དེ་ལས་སྐྱེས་པའི་དུག་གོ། དེས་ན་ཡུལ་ནི་དུག་ཡིན་ལ་དེའི་རྒྱུ་མནར་བའོ། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེ་ལས། དེ་ལྟར་འཁོར་བར་འདོད་པ་ཡིས། །ཡོན ་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྲོ་།དག་པས་བདུད་རྩི་ལྟ་བུར་འགྱུར་ཞེས་པ་དང། དེ་ཉིད་ལས་ཀྱང་དག་པས་དུག་མེད་བྱས་ནས་ནི། །བརྟེན་བྱ་འདི་དག་བརྟེན་པ་ཉིད་ཅེས་སོ། །དེ་ཇི་ལྟར་ཡིན་ཞེ་ན། དག་པ ་ཞེས་པ་ལེགས་པར་དག་པ་སྟེ། འདི་ནི་ཡུལ་གྱི་རང་བཞིན་བདེ་བ་ཆེན་པོའི་གཟུགས་ཅན་ཉིད་དོ། འོན་ཀྱང་མ་རིག་པས་དུག་ལྟར་གྱུར་པ་དེ་ལྟར་གྱུར་པ་དེ་ལྷན་ཅིག་སྐྱེས་པའི་གཟུགས་ཀྱིས་སྦྱོང་བའོ། །སེང་རས་ཞེས་པ་ནི་དོན་ལ་ ་རས་ཀྱི་བླུགས་པ་སྟེ། ལེགས་པར་མི་གཡོ་བའི་དོན་ལ་དལ་བུས་ཞེས་པ་ནི་མཁས་པའི་ངང་དུ་བསྟན་པའོ། །ཡང་ན་བྷུ་ཛཝ་ག་ཞེས་པ་སྒེག?་པ་སྟེ། དེ་ལས་སྐྱེས་པའི་འདོད་ཆགས་ཡན་ལ་དེ་དང་ལྷན་ཅིག་སྐྱེས་པའི་དོན ་ཏོ་འཇིག་རྟེན་པའི་ཆགས་པ་སྤངས་པ་བདེ་བ་ཆེན་པོར་སྦྱོར་བར་བྱེད་པའོ། །ཡང་ན་ཞ་ཉི་ལས་སྐྱེས་ཞེས་པས་སིནདྷུ་ར་ལྟ་བུ་སྟེ་འདོད་ཆགས་དང་བཅས་པའི་ཆགས་པ་ཆེན་པོའི་རོལ་ཕྱེ་མ་ཞེས་པའི་དོན་ཏོ། །བྱ་བ་གཞན་གསུངས་པ། ་དོར་ནི་ཞེས་པ་ལ་སོགས་པ་ནས་སྔགས་ཀྱི་ཕྲེང་བ་བྲི་ཞེས་པའི་བར་ཏེ་བཅོམ་ལྡན་འདས་མའི་སྔགས་ཀྱི་ཕྲེང་བ་བྲི་བར་དོན་གྱིས་འབྲེལ་བའོ། །ཇི་ལྟར་བྱ་སྟེ་འབྲི་ཞེ་ན། འཁོར་ལོ་བྲིས་ནས་ཞེས་པས། དེ་ཡང་རྒྱལ་བའི་སྙིང་པོའི ་ཡང་སྙིང་པོ་ཞེས་པ་སྟེ་།རྒྱལ་བ་ཅེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་སྙིང་པོར་གྱུར་པ་ནི་མི་བསྐྱོད་པའི་གཟུགས་ཉིད་དེ་དེ་ཉིད་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །དེའི་ཡང་སྙིང་པོར་གྱུར་པའི ་ཆོས་འབྱུང་ལ་དེའི་རང་བཞིན་ནི་འཁོར་ལོའོ། །གཙུག་ཕུང་ཅན་གྱི་ནི་ཟུང་ལྡན་ཞེས་པ་ནི་གཙུག་ཕུང?་ནི་མེ་འབར་བའོ། །དེ་ཡོད་པ་ནི་ཅན་ཏེ་མེ་ཡིན་ལ་མེ་ནི་གསུམ་སྟེ་ངེས་ན་ཟུར་གསུམ་པའི་འཁོར་ལོའོ། །གཙུག་པུར་ཅན་ནི་ཟུར ་ལྡན་ལ་ནི་ཤི་ཁི་གོ་ཊི་ཞེས་པའི་སྒྲས་ཏེ། ཤི་ཁིཾ་ན་འབར་བ་ཅན་ཏེ། མེ་ཡིན་ལ་དེ་ཉིད་གསུམ་སྟེ། འདི་ཀོ་ཊི་ནི་ཟུར་རམ་རྩེ་མོ་སྟེ་དོན་ལ་འཁོར་ལོ་ཟུར་གསུམ་པའོ། །དེར་ནི་ཞེས་པས་མེ་ལོང་ལ་སིན་དྷུ་རའི་ཕྱེ་མ་བཀྲམ་ལ་སྔགས ་ཀྱི་ཕྲེང་བ་པྲི་བར་བྱའོ། །དེའི་སྙིང་པོར་ཞེས་པས་མེ་ལོང་གི་མཐིལ་ལ་བྲིས་པའི་ཆོས་འབྱུང་གི་སྙིང་པོ་དེ་ཉིད་ལའོ། །ཅིས་འབྲི་ཞེ་ན། གསེར་ལས་བྱས་པའི་ཐུར་མ་ཡིས་ཞེས་པས་གསེར་གྱི་ཐུར་མ་ལག་པ་གཡོན་པས་གཟུང ་?་འབྲི་བར་བྱ་བ་སྟེ། གོང་གི་ཚིགས་སུ་བཅད་པས་སམ་ཡང་ན་གང་བས་ངག་ཏུ་གོ་བར་བྱའོ། །དེའི་མན་ངག་བརྗོད་པས་བྱ་སྟེ། དང་པོ་ཆོས་འབྱུང་གི་?་བ་ལ་ཟླ་ཚེས་དང་ཐིག?་ལེ?་དང་ནཱ་དར་བཅས་པའི་བཅོམ་ལྡན་འདས་མའི་གཟུགས་བ་གི་རྣམ་པར ་བྲེ་བར་བྱའོ། །དེ་ནས་ཆོས་འབྱུང་གི་དབུས་སུ་སྐུ་གསུང་ཐུགས་ཀྱི་རྣམ་པར་དུག?་པ་ལ་འདོད་པ་དང་དྲག་པོ་རང་ཐུབ་པའི་གྲངས་ཀྱིས་ཕྲེང?་བ་གསུམ་ལ་སྔགས་བཏུ་བ་ལས་བྱུང་བ་ལྟར་བཅོམ་ལྡན་འདས་མའི་སྔགས་གྱི་རྒྱལ་པོ་བྲི་པར་བྱའོ། །དེ ་ཡང་བཞེངས་པའི་འཁོར་ལོར་གསུངས་པ་སྟེ། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་རང་བཞིན་གྱི་ཧ་དང། ཨ་གཉིས་པོ་ཡོངས་སུ་གྱུར་པ་ནས་གཉིས་སུ་མེད་པའི་རྣམ་པར་དག་པའི་ཕྲེང་གི་འོག་པ་གི་སྟེང་དུ་མཛའ་མའི་ཡི་གེ ་ཧ་ཡི་གཟུགས་བྲི་བར་བྱའོ། །ཡང་ན་ཆོས་འབྱུང་གི་རེ་ཥའི?་རིམ་པ་ལྟར་དེའི་རྩ་བ་ན་ཕར་སྔགས་ཕྲེང་གསུམ་བྲིས་ལ་དབུས་སུ་པཾ་བྲི་བ་ཡང་མན་ངག་གི་ལུགས་སོ། །བཤད་པར་བྱ་བ་གཞན་ནི་དེའི་སྙིང་པོར་སྔགས་ཀྱི་ཕྲེང་བ་དྲི་ཞེས་པས ་དེ་ལ་ཆོས་འབྱུང་གི་གནས་སུ་སྔགས་ཀྱི་ཕྲེང་བ་དབུ་མས་བྲི་བ་སྟེ། མི་འགྱུར་བའི་གཟུགས་ཀྱི་ཁྱབ་པར་བྱེད་པའི་དོན་ཏེ། །དེ་ཡང་ཐིག་ལེ་དང་རླུང་གཉིས་ལྷན་ཅིག་ཏུ་གྱུར་པས་ཡིད་སྐྱོབས་པར་བྱེད་པས་ན་སྔགས་སོ། །དེའི་བདེ་བ་ཆེན་པོར་འགྲོ ་བའི་སྔགས་ཀྱི་དོན་ལ་ཕྲང?་ཞེས་པ་འམ་ལམ་ཞེས་པ་སྟེ། སྔགས་ཀྱི་ཕྲེང་བའི་སྒྲས་དབུ་མ་ཞེས་བརྗོད་པའོ། །དེ་ལ་ཅིས་འབྲི་ཞེ་ན། གསེར་ལས་བྱས་པའི་ཐུར་མ་ཡིས་ཞེས་པས་དེ་ཡང་གི?་གེ་ཡ་ཤ་ལ་ཀོཾ་ཞེས་པའི་སྒྲས། ག་ཞེས་པས་གཞི་སྟེ། ་ཆོས་འབྱུང་ཡིན་ལ་གཱ་ཅེས་པ་དེར་འགྲོ་བར་བྱེད་པ་སྟེ། གཾ་གཱ་ནི་རབ་ཀྱི་རྩེ་ནས་བབ་པས་ན་བདུད་རྩིའི་རྒྱུན་ནོ། །དེ་ལྟར་གཾ་གཱ་ཞེས་པས་དེ་ལས་བྱུང་བའི་ཐིག་ལེའོ། །དེ་ལ་བབས་པས་ན་ནོར་བུའི་རྩེར་དེ་བསྐྱེད་པ་སྟེ། དེ་ལ་འདིར་ཐིག་ལེ་ནི་དབུ ་མའི་ལམ་ནས་འགྲོ་བས་ཐུར་མ་ལྟ་བུ་སྟེ། ཐུར་མ་ཞེས་པས་དབུ་མའི་བུག་པ་ནས་ཁྱབ་པར་འགྲོ་བ་ཉིད་དོ། །དེ་ལ་ཇི་ལྟར་བྱས་རྟེ་འབྲི་ཞེ་ན། འཁོར་ལོ་ཞེས་པས་དེ་ཡང་རྒྱལ་བའི་སྙིང་པོ་ཞེས་པ་སྟེ། རྒྱལ་བ་ནི་དཔལ ་ཧེ་རུ་ཀ་དེའི་སྙིང་པོ་ནི་ཧའི་རྣམ་པ་དེའི་སྙིང་པོ་ནི་བདེ་བ་ཆེན་པོ་འཁོར་ལོའི་མིང་སྟེ། དེ་ཉིད་ནི་དུས་ཐམས་ཅད་དུ་གནས་པའོ། དེ་ལ་འབྲི་བར་བྱ་ཞེས་པ་ནི་དེར་དེས་ཁྱབ་པར་བྱེད་པའི་དོན་ཏོ། །གཙུག་ཕུང་ཅན་གྱི་ཟུར་ལྡན་ཞེས་པས་དེ་ཡང ་ཤི་ལི་ཀོ་ཊི་ཀི?་ཞེས་པའི་སྒྲ་སྟེ། དེ་ལ་ཤི་ཁི་ནི་གཏུམ་མོའི་མེ་ལ་ཀོ་ཊི་ནི་དེའི་རྩེ་མོ་སྟེ། ཀཾ་ཞེས་པ་མགོ་བོ་ཡིན་ལ་དེ་ནི་ཧའི་མགོ་བླཽ?། །ཧའི་རྣམ་པ་མགོ་ཐུར་དུ་བསྟན་པ་བསྒོམ་པའོ། །དེའི་སྙིང་པོ་ནི་བདེ་བ་ཆེན་པོའི་འཁོར་ལོའི ་དབུས་ན་དེ་ཡོད་པའི་དོན་ཏོ?། །ཡང་ན་སྔགས་ཀྱི་ཕྲེང་བ་བྲི་ཞེས་པ་ནི་ཐིག་ལེའི་རྒྱུན་དེ་བདེ་བ་ཆེན་པོར་སྐྱེལ་བའོ། །ཅིས་སྐྱེས་ཞེ་ན་གསེར་གྱི་ཐུར་མ་ཞེས་པས་དེ་ཡང་གཾ་གེ་ཡ་ཤ་ལ་ཀཾ་ཞེས་པའི་སྒྲས་དེ་ལ་གཾ་གཱ་ཞེས་པས་ཐིག་ལེ ་སྟེ་དེ་རུ་འགྲོ་བར་བྱེད་པའི་དོན་གྱིས་ན་ཐུར་མ་ལྟ་བུ་སྟེ། སྐྱེལ་བས་ན་དབུ་མར་བྲི་བའོ། །ཇི་ལྟར་བྱ་ཞེ་ན་རྒྱལ་བའི་སྙིང་པོའི་ཡང་སྙིང་པོ་བྲིས་ནས་ཞེས་པས་རྒྱལ་བ་ནི་དཔལ་ཧེ་རུ་ཀ་ལ་དེའི་སྙིང་པོ་ནི་མི་འགྱུར་བའི་བྱང་ཆུབ ་ཀྱི་སེམས་སོ། །དེའི་ཡང་སྙིང་པོ་ནི་བདེ་བ་ཆེན་པོའི་སེམས་ཀྱིས་ཡང་དག་པར་བྱེད་པའི་དོན། འཁོར་ལོ་ཞེས་པ་རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པ་ཉིད་དོ། །གཙུག་ཕུང་ཅན་གྱི་ཟུར་ལྡན་ཞེས་པ་ནི་གཙུག་ཕུང་ཅན ་ནི་མེ་ཡིན་ལ། དེ་བཞིན་དུ་ཟུར་ལྡན་ནི་མེའི་རྩེ་མོ་ལྟ་བུའི་མེའོ། །དེས་མི་ཤེས་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པའོ། །ཡང་ན་ཤིན་ཏུ་རྣོ་བ་སྟེ་འབུགས་པའོ། །ཁྱད་པར་གཞན་ཡང་གསུངས་པ། འཁོར་ལོའི་ཞེས་པ ་ལ་སོགས་པ་ནས་བཀྲ་ཤིས་དམ་པའི་ཞེས་པ་སྟེ། བཀྲ་ཤིས་དམ་པ་ནི་བཟང་པོའི་གཡུང་དྲུང་འཁྱིལ་བ་འབྲི་བ་སྟེ། གང་དུ་འབྲི་ཞེ་ན། འཁོར་ལོའི་ཕྱི་རོལ་ཞེས་པས་ཆོས་འབྱུང་གི་ཕྱི་རོལ་གྱི་ཆ་ལའོ། །དེ་ནས་ཡང་གནས་མང་དུ ་ཡོད་པས་ངེས་པར་གང་དུ་བྲི་ཞེ་ན། ཤར་གྱི་ཆ་དང་བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ་ཞེས་པས། དེ་ཡང་གཟི་ལྡན་ནི་ཉི་མ་ཡིན་ལ་དེའི་སྲས་ནི་གཤིན་རྗེ་སྟེ། དེའི་ཕྱོགས་ནི་ལྷོ་འོ?། །རིམ་པ་བཞིན་ཞེས་པ་ནི་ཤར་ནས་བྱང ་ལ་སོགས་པའི་རིམ་པའོ། །ལག་པ་གཡོན་པ་ཡིས་ནི་མངོན་པར་བྲི་ཞེས་པ་ནི་གོ་བར་ཟད་དོ། །བཤད་པར་བྱ་བ་གཞན་ནི་བཀྲ་ཤིས་དམ་པ་རྣམས་དང་ཞེས་པས་དེ་ཡང་སཏྭ་སྭ་ཏི་གཾ་ཞེས་པའི་སྒྲས། དེ་ལ་སཏ་ཞེས་པ་དམ་པའམ་ཡོད ་པ་སྟེ། སྭསྟི་ཀཾ་ཞེས་པས་གཡུང་དྲུང་ངཾ་བདེ་བ་ལ་འགྲོ་བས་བ་སུ་ནི་ལེགས་པ་སྟེ། ཨསྟི་ནི་ཡོད་པ་ཡིན་ལ། ཀཾ་ནི་བདེ་པའོ། །དེ་ལྟར་ལེགས་པའི་བདེ་བ་ཡོད་པས་ནི་ཐེག་ལེའོ། །བྲི་ཞེས་པ་ནི་ངོས་བཀོད་པ་འམ་འདི་ཁྱབ་པར་བྱེད་པར ་འབྲེལ་བའོ། །གང་དུ་དགོད་ཅེས་ན་འཁོར་ལོའི་ཕྱི་རོལ་ཏུ་ཞེས་པས་བདེ་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གྱི་ཆ་ལའོ། །དེ་ཡང་གང་དུ་ཞེ་ན། ཤར་དང་བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ་ཞེས་པས་བ་སྤུའི་བུ་ག་རྣམས་ཏེ། ལུས ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དོན་ཏོ། །དེ་གང་གིས་མཚོན་ཞེ་ན། ལག་པ་སྟེ། དེ་ཉིད་རླུང་ལ་བྱའོ། །སོར་མོ་ལྔ་ཡོད་པ་ཉིད་ལ་ལག་པ་སྟེ་ལྔ་པོ་དེས་མཚོན་ནས་ལུས་ལ་གནས་པའི་རླུང་ལྔ་བཟུང་བའོ། །ཇི་ལྟར་ཞེན་གཡོན ་པ་སྟེ། བཱ་མ་ཞེས་པའི་སྒྲས་གཡོན་པ་འམ་ཡིད་འཕྲོག་པ་སྟེ། གཞན་གྱིས་བསྐྱོད་པའི་དོན་ཏོ། །ཇི་ལྟར་བྲི་ཞེ་ན་རིམ་པ་བཞིན་ཞེས་པས་རིམ་གྱིས་བརྟན་པ་འམ་མི་འཕོ་བར་བ་སྤུའི་ཁུང་བུ་ཐམས་ཅད་ཁྱབ་པའོ། །བརྗོད་པར་བྱ་བ ་གཞན་ཡང་གསུངས་པ་ཛ:ཧཱུཾ་བཾ་ཧོ:ཞེས་པ་ལ་སོགས་པ་དེས་རྡོ་རྗེ་ལྷ་མོ་བཀུག་ནས་ཤེས་པར་འབྲེལ་པའོ། །དེ་ཡང་ཇི་ལྟར་ཞེ་ན། བཀུག་ནས་ཞེས་བས་མྱོས་བྱེད་ཀྱིས་བྲིས་པའི་ལྷ་མོའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར ་ལྕགས་ཀྱུའི་རྣམ་པས་འོག་མིན་གྱི་གནས་ནས་ཛ(རྒྱུད་འགྲེལ་པ་སྔགས་ཀྱི་ཡི་གེ་རྣམས་ལ་བཾ་གིས་རབ་ཏུ་བསྡམ་པར་བྱ་བ་ཉིད་དོ། །ཇི་ལྟར་བཀུག་པ་ལ་སོགས་པ་ཞེ་ན། ཛ:ཧཱུཾ་བཾ་ཧོ:ཞེས་ནི་རབ་བརྗོད་པས་ཞེས་པས། འདིས་ནི་དགུག་པ་དང་གཞུག་པ་དང་བཅིང་པ་དང་དགྱེས་པར་བྱེད་པའི ་སྔགས་ཏེ། དེ་རེ་རེ་ལ་ཡང་སོ་སོར་བསྒོམ་པ་སྔོན་དུ་འགྲོ་བས་བྱ་བ་ཉིད་ཀྱི་དོན་ཏོ། །རབ་བརྗོད་ནས་ཞེས་པ་ལ་སོགས་པ་ནི། འབར་བའི་ཕྱག་རྒྱ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་ཡང་རྐང་པ་མནན་ཅིང་གྱེན་དུ་བལྟ། སྟེང ་དུ་ཕེཾ་གི་སྒྲ་སྒྲོགས་པས་ཞེས་པ་ཡང་མན་ངག་གི་ལུགས་སོ། །བཤད་པར་བྱ་བ་གཞན་ནི་རྡོ་རྗེ་ལྷ་མོའོ་ཞེས་པ་ནི། གཏུམ་མོས་ལུས་གང་བར་བྱས་པས་མཉེས་པའི་དོན་ཏོ། །བཀུག་ནས་ཞེས་པས་སྟེང་དུ་སོང་ནས་ལྷུང་བར ་གྱུར་བའི་བདུད་རྩིའི་རྒྱུན་འབེབས་པར་བྱེད་པའི་དོན་ཏེ། །སྔགས་ཀྱི་ཡི་གེ་ལ་ནི་རབ་བཅུག་ནས་ཞེས་པས། སྔགས་ནི་བྱང་སེམས་ཡིན་ལ། དེ་ལ་བདེ་བ་ཆེན་པོའི་ཡེ་ཤེས་རྣམས་མི་འགྱུར་བར་ཐིམ་པར་བྱས་ནས། དེའི་གཟུགས ་སུ་བསྐྱོད་པའི་དོན་ཏོ། །དེས་ན་ཡོངས་སུ་རྫོགས་པའི་འབྲས་བུ་རྙེད་ནས། དེ་ལ་རྒྱུའི་གཟུགས་སུ་གནས་པ་མི་རིགས་པ་ཉིད་དེ། འདི་ནི་ལྷན་ཅིག་སྐྱེས་པའི་གཏུམ་མོ་ཉིད་དེ། དེ་ལྟར་རིགས་པར་ཤེས་པར་བྱའོ། །བསྔམས ་པ་དང་ཞེས་པ་ནི་བདེ་བ་ཆེན་པོར་ལེགས་པར་རབ་ཏུ་བསྡམས་པར་བྱས་པའོ། །ཆོ་ག་ཞེས་པ་ནི་ཇི་ལྟར་མན་ངག་བཞིན་དུ་སྟེ། དེས་གོ་བར་བྱ་བའོ། །དེ་ལྟར་ཛ(རྒྱུད་འགྲེལ་ལས་དྲན་པར་བྱ་བའི་དོན་ཏོ། །མཆོད་པ་གསུངས་པ་དེ་རྗེས་སྔགས་ཀྱིས་ཞེས་པ་ལ་སོགས་པས་དེའི་རྗེས་སུ་དེ་ལ་མཆོད་པར་བྱའོ་ཞེས་པ་དང་འབྲེལ་ལོ། །གང་ལ་ཞེ་ན་སྔགས་ཀྱི་རང་བཞིན་དེ་ལ་ཞེས་པས་ཡེ་ཤེས་པ་དང་གཉིས་སུ ་མེད་པའི་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་སྔགས་ཀྱི་རང་བཞིན་དེ་ལའོ། །མཆོད་པ་སྣ་ཚོགས་པ་དག་ཅེས་པས། དེས་ན་བཟའ་བ་དང་ཞེས་པས་།ཁུ་བ་ལ་སོགས་པའོ། །བཅའ་བ་དང་ཞེས་པས་འབྲས་ཆན་ལ་སོགས་པའོ། །བལྡག ་དང་ཞེས་པས་སྦྲང་རྩི་ལ་སོགས་པའོ། །བཏུང་དང་ཞེས་པས། དཔའ་བྱེད་ལ་སོགས་པའོ། །བཞི་པ་བྱ་ཞེས་བས་ཨ་འབྲས་ལ་སོགས་པའོ། །འདོད་ཡོན་ལྔ་དང་བཅས་པ་རྣམས་ཀྱི་ཞེས་པས། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དོ། ། ་བཤད་པར་བྱ་བ་གཞན་ཡང་གསུངས་པ་སྔགས་ཀྱི་རང་བཞིན་དེ་ལ་ཞེས་པས་བདེ་བ་ཆེན་པོའི་རང་བཞིན་ཏེ། ལྷ་མོའི་མཆོད་པ་དེ་ལ་ཡིད་རྒྱུན་ཏུ་གོམས་པའི་སེམས་རྩེ་གཅིག་ཏུ་བྱ་བའོ། །རྒྱུ་ཅིས་བྱ་ཞེ་ན། བཟའ་དང་ཞེས་པ་ལ་སོགས ་པས། དེ་ལ་སྟོབས་འཕེལ་བའི་ཕྱིར་འདིར་བརྟེན་པས་སྟོབས་ལས་བདེ་བ་སྐྱེ་བ་ཉིད་དོ། །འདོད་ཡོན་ལྔ་དང་བཅས་རྣམས་ཞེས་པས་འདོད་པའི་ཡོན་ཏན་ལྔ་ངེས་པར་སྦྱར་ནས་ལོངས་སྤྱོད་པའི་དོན་ཏོ། ཡང་ན་འདོད་པ་ནི་བཅུ་གསུམ་ཉིད ་ཡིན་ལ་ཡོན་ཏན་གསུམ་སྟེ། འདོད་པ་ཡོན་ཏན་གྱི་སྒྲ་རླུང་གི་འཕོ་བཅུ་དྲུག་ཏུ་བརྗོད་དོ། །དུས་རྟག་པར་འདིར་བསྒོམས་པས་རླུང་གི་རིམ་པ་ལས་རྙེད་པ་འདིའི་དངོས་པོ་བདེ་བ་ཆེན་པོ་ལ་ཐིམ་པར་བྱེད་པའོ། །འོ་ན་དེ་ཉིད་རྐྱང་བར་རམ་ཞེ ་ན། སྣ་ཚོགས་སྟོབས་ནི་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་ཞེས་པ་རྣམ་པ་མང་པོའོ། །སྟོབས་ཞེས་པ་ཤའོ། །ཡང་ན་སྣ་ཚོགས་ཞེས་པས་བ་ལང་དང་ཁྱི་དང་གླང་ཆེན་དང་རྟ་དང་མིའི་ཤའི་དོན་ཏོ། །མྱོས་བྱེད ་དང་བཅས་ཞེས་པས་བཏུང་བ་དང་ལྡན་པའོ། །ཤིན་ཏུ་ཁྱད་འཕགས་ཞེས་པས་མཆོག་ཏུ་གྱུར་པའི་རྫས་སོ། །མཆོད་པ་ཞེས་པ་ནི་བསྙེན་བཀུར་རོ། །རྣམ་ལྔ་ཞེས་པས་གཟུགས་ལ་སོགས་པའོ། །གླུ་དང་ཞེས་པས། རྡོ་རྗེ ་གླུ་དང་གཞན་ཡང་ལེགས་པར་རོལ་པར་དགྱེས་པའི་གླུའོ། །རོལ་མོ་དང་ཞེས་པས་པི་ཝང་དང་ཞེས་པས་པི་ཝང་དང་གླིང་བུ་ལ་སོགས་པ་ལས་བྱུང་བའི་གླུའོ། །གར་དང་ཞེས་པས་རྡོ་རྗེ་རྐང་པའི་གར་རོ། །བསྐོར་བ་བརྟེན་དེ་ལ ་བསྐོར་བྱའོ། །ཕྱག་དང་བསྟོད་པ་ཡང་དེ་བཞིན་ནོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། སྣ་ཚོགས་སྟོབས་དང་ཞེས་པས། བ་ལང་དང། ཁྱི་དང་གླང་པོ་ཆེ་དང། རྟ་དང་མིའི་ཤའི་རང་བཞིན་གྱི་ཕུང་པོ་རྣམ་པ་ལྔའི ་བདག་ཉིད་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང། དོན་ཡོངས་སུ་གྲུབ་པ་དང། མི་བསྐྱོད་པ་སྟེ། དེ་དག་ཀྱང་བདེ་ཆེན་དུ་ཐིམ་པར་བྱེད་པའོ། །མྱོས་བྱེད་དང་བཅས་ཞེས་པས། མྱོས་བྱེད ་ནི་ང་རྒྱལ་གྱི་རྣམ་པ་སྟེ། དེའི་རང་བཞིན་ཅན་ནོ། །ཤིན་ཏུ་ཁྱད་འཕགས་ཞེས་པ་ནི། འདོད་ཆགས་ལ་སོགས་པའོ། །མཆོད་པ་ཞེས་པ་ནི་སྒྲའི་གནས་ལ་བསྙེན་བཀུར་དུ་འགྲོ་བ་སྟེ། ཡུལ་སྣ་ཚོགས་ཀྱི་བསྙེན་བཀུར ་གྱིས་བདེ་བ་ཆེན་པོར་རོ་གཅིག་བྱེད་པའོ། །རྣམ་པ་ལྔ་དང་ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔའོ། །གླུ་དང་ཞེས་པས། བདེ་བ་ཆེན་པོ་ལས་བྱུང་བའི་རང་བྱུང་གི་སྒྲའོ། །རོལ་མོ་དང་ཞེས་པས་རྡོ་རྗེའི ་སྒྲའོ། །གར་དང་ཞེས་པས་སྙོམས་འཇུག་གི་རྣལ་འབྱོར་རོ། །བསྐོར་བ་ཅེས་པ་རྡོ་རྗེ་ལ་པདྨས་བསྐྱོད་ཅིང་རྣམ་འགྱུར་གྱིས་བསྐོར་བའོ། །ཕྱག་འཚལ་ཞེས་པས་ཏིང་ངེ་འཛིན་ཉིད་དུ་ངས་པར་བལྟ་བའོ། །བསྟོད་པ་ཞེས་པས་ཧ་དང་ཧི་ལ་སོགས ་པས་རྒོད་པའོ། །ཡང་ན་དེའི་ཕྱོགས་སུ་ཐམས་ཅད་ཀྱང་མཉམ་པའི་རང་བཞིན་ཉིད་དུ་ཤེས་ནས་འདིར་ཐམས་ཅད་ཀྱིས་བདེ་བ་ཆེན་པོའི་དོན་ལ་གོམས་པར་བྱེད་པའི་དོན་ཏེ། དེ་ལྟར་ནམ་བྱེད་ཅེ་ན། ཉིན་རེ་བཞིན་ནམ་ཞེས་པ་ལ་སོགས ་པ་ནས་ཇི་སྐད་བཤད་བཞིན་མཆོད་པའི་ཆོ་ག་བྱ་ཞེས་པར་འབྲེལ་བས་འདི་ལ་བྱ་ཞེས་པས་སྔགས་ཀྱི་རང་བཞིན་གྱི་ལྷ་མོ་དེ་ལའོ། །ཉིན་རེ་བཞིན་ནམ་ཞེས་པས་རྟག་ཏུའོ། །ཟླ་ཕྱེད་སོ་སོ་ལ་ཞེས་པར་མར་ངོ་དང་པར་ངོའི་ཚེས་བཅུའོ། །ཟླ་རེ ་བཞིན་ནམ་ཞེས་པས་ནི་ནག་པོའི་ཚེས་བཅུ་ལའོ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་རྣལ་འབྱོར་མ་རྣམས་འདུ་བར་འགྱུར་བས་སོ། །ཚེས་ནི་བཅུ་པ་ལ་ཞེས་པས་བཅུ་ནི་ལྷ་མོའི་ཆོས་ཡིན་པའི་དོན་ཏོ། །དངོས་གྲུབ་འདོད་པས་ཞེས་པས ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མངོན་པར་འདོད་པས་སོ། །དམ་པ་ཞེས་པས་མཁས་པའི་དང་ཚུལ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། དེ་ནས་བདེ་བ་ཆེན་པོའི་རང་བཞིན་གྱིས་ལྷ་མོའི་གཟུགས་དེ་ལ་ཇི་ལྟར ་བཤད་པ་ལྟར་མཆོད་པའི་ཆོ་ག་བྱ་བ་སྟེ། དེ་ཡང་ཉིན་རེ་བཞིན་ནམ་ཞེས་པས་ཉིན་རེ་ལ་དམིགས་པའི་རང་བཞིན་ཉིད་དུ་དམིགས་པ་དེ་ལ་ཇི་ལྟ་ཇི་ལྟར་དམིགས་པ་དེ་ལྟར་དེ་ལྟར་བདེ་བ་ཆེན་པོ་གཞུག་པར་བྱ་བའི་དོན་ཏོ། །ཟླ་ཕྱེད་སོ་སོ་འམ ་ཞེས་པ་ནི། དངོས་བོའི་ཕྱོགས་དངོས་མེད་ཀྱི་ཕྱོགས་སོ། །ཟླ་རེ་བཞིན་ནམ་ཞེས་པས། ཕྱོགས་གཉིས་ཀྱང་གཅིག་ཏུ་གྱུར་པ་སྟེ། དེ་གཉིས་ལས་བྱུང་བ་ཉིད་ཀྱང་བདེ་བ་ཆེན་པོའི་དང་དུ་སྦྱོར་བར་བྱེད་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་གསུངS ་པ། དོན་ལ་རྟོག་པར་བྱ་ཡིས་སྒྲ་ལ་རྟོན་པར་མི་བྱའོ་ཞེས་སོ་དངོས་གྲུབ་འདོད་པས་ཞེས་པ་ནི། གང་འདོད་ན་བཅུ་པ་ལ་ཞེས་པས། ཚོས་བཅུས་མཚོན་ནས་བཅུ་པའི་དབང་ཕྱུག་འདོད་པའི་དོན་ནོ། །ཆོས་ཞེས་པ་མོས?་པ་ནུ?་སྟེ་འདི ་ནི་ལྷ་མོའི་ཚེས་ཏེ་དུས་ཐམ་ཅད་དུ་ཉེ་བ་ཉིད་དོ། །དཔལ་ལྡན་བི་ཀྲ་མ་དེ་བ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོའི་དགེ་སློང་པཎྜི་ཏ་བཱིརྱ་ཤྲཱི་མི་ཏྲས་རྣམ་པར་ཕྱེ་བ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བའི་འགྲེལ་པ་ལས་ཕྱི་རོལ་མཆོད་པའི་ཆོ་གའོ། །དེ་ནས ་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པ་ནས་སྔར་བརྗོད་ལྷ་མོ་ཞེས་པར་འབྲེལ་བས། དེ་ཡང་སྔར་བརྗོད་ལྷ་མོ་ཞེས་པ་ནི། སྔོན་དུ་བརྗོད་པ་ལར་གྱིས་ལུས་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ལྷ་མོ་འམ། ཡང་ན་དཔལ་སྡོམ་པ་རྒྱ་མཚོ་ལས ་སྔོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གྱི་ལྷ་མོའོ། །བརྩེ་ཆེན་ཞེས་པས་སེམས་ཅན་ལ་སྙིང་རྩེ་བ་ཆེན་པོ་དང་ལྡན་པའོ། །ཕྱི་རོལ་བཤད་པའི་ཚུལ་བྱས་ནས་ཞེས་པས། ཕྱི་རོལ་ཏུ་མེ་ལོང་གི་མཐིལ་ལ་བྲིས་ནས་ཇི་ལྟར་མཆོད་པ་བཞིན ་དུའོ། ལྷ་མོ་གང་དུ་བསམ་ཞེ་ན། སྤྲུལ་པའི་རྩིབས་ཅན་མ་དང་དབུས་སུ་ཞེས་པས། སྤྲུལ་པའི་འཁོར་ལོ་ལ་པདྨའི་དབུས་སུའོ། །དབུགས་བྲལ་སྙིང་གའི་ཚེ་ཟེར་ཅན་གཟུགས་ལ་ཞེས་པས། དབུགས་བྲལ་ནི་སྲོག་མེད་པ་སྟེ་རྣམ་ཤེས་དང་བྲལ། ་བའོ། སྙིང་གའི་ཞེས་པ། རོ་དེའི་སྙིང་གའོ། །ཚ་ཟེར་ཞེས་པས་དྲོད་ཀྱི་ཡོན་ཏན་དང་ལྡན་པ་སྟེ་ཉི་མའོ། །ཅན་གཟུགས་ཞེས་པ་ནི་དེའི་དཀྱིལ་འཁོར་རོ། །རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་བསྒོམ་པའི་དོན་ནོ། །བཤད་བར་བྱ་བ་གཞན་ཡང ་གསུངས་པ། ལྷ་མོ་ཞེས་པས་དེ་བི་ཞེས་པའི་སྒྲས་ཆགས་པ་ཆེན་པོའི་རོལ་ལོངས་སྤྱོད་ཅིང་རོལ་པས་དེ་བི་ཞེས་བྱའོ། །དེ་ནི་སྔར་བཤད་པས་འདིར་བཤད་པར་མི་བྱའོ། །བརྩེ་ཆེན་ཞེས་པ་ནི་ཨུ་རུ་ཀཱ་རུ་ཎའི་སྒྲ་སྟེ། ཀཱ་མ་བོད་པ་ཡིན་ལ་རུ ་དེ་འཛིན་པ་སྟེ། ཀཱ་རུ་ཎ་བྱང་ཆུབ་ཀྱི་སེམས་སོ། །ུ་རུ་ནི་ཆེན་པོ་སྟེ། མི་འགྱུར་བའི་བྱང་ཆུབ་ཀྱི་སེམས་ཆེན་པོའོ། །ཕྱི་རོལ་གཅོད?་པའི་ཚུལ་བྱས་ནས་ཞེས་པ་ནི། དེ་ལ་བཱ་ཧཡ་ཞེས་པའི་སྒྲས། ཁཱ་ཧཡ་ན་འཇིག་པར་བྱེད་པ་སྟེ་ཨུ་ཆའོ། །ཡང་ན་ཕྱི་རོལ ་ཞེས་པས་ཤེས་རབ་མ་ཉིད་དེ་ལས་ཀྱི་ཕྱག་རྒྱའོ། །ཚུལ་བྱས་ནས་ཞེས་པས་དེ་བཞིན་དུ་དབུ་མའི་སྒོའམ་ཕྱག་རྒྱའི་སྒོ་ནས་བདེ་བ་སྐྱེད་པར་བྱེད་པའི་ཚུལ་ལོ། །དེ་གང་དུ་བསམ་ཞེ་ན། སྤྲུལ་པའི་རྩིབས་ཅན་པདྨ་དབུས་སུ་ཞེས་པས། འོད་གསལ ་གྱི་ངང་ལས་ཡིད་ཀྱིས་སྤྲུལ་པའི་རྩིབས་གསུམ་པའི་འཁོར་ལོ་ནི་སྤྲུལ་པའི་རྩིབས་ཏེ། ཆོས་འབྱུང་ལ་དེའི་དབུས་ཀྱི་པདྨ་ལའོ། །དབུགས་བྲལ་སྙིང་གར་?་?་ཅན་གཟུགས་ལ་ཞེས་པས་ངོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཤིན་རུ་རྣམ་པར ་དག་པས་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཡེ་ཤེས་ཀྱིས་གསལ་བར་བྱེད་པའི་དོན་ནོ། །རྣམ་པར་དག་པས་ངེས་པར་སེམས་ནི་ཆོས་ཀྱི་དབྱིངས། ཉལ་བའི་རོ་ནི་བདག་མེད་རྣམ་དག་གཞལ་མེད་ཁང། །མཛའ་བཞི་དང་བྲལ་ཤིན་ཏུ་དག་པའི ་རང་བཞིན་ལ། །ཆོས་ཀྱི་སྙིང་པོར་ཡིད་ཆེས་ངེས་ན་རོ་སྙིང་གར། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དམ་པ་ཉིད། །ཤེས་རབ་སྣང་བས་ཉི་མའི་དཀྱིལ་འཁོར་གཟི་བརྗིད་རྩེ?། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ། །དེ་ལས ་བཞེས་བྱ་བ་གཅིག་ཏུ་འགྲོ་བའི་གཟུགས་ཅན་ཉིད་ཅེས་སོ། །བསྒོམས་པ་གསུངས་པ། ལྷ་མོ་བསྒོམ་ཞེས་བྱ་བའི་ཚིག་དང་འབྲེལ་བས། རྒོད?་ཐུན་དམར་ཐག་མདོག་ཅན་ཞེས་པ་རྒོང?་ཐུན་ནི་ནུབ་ཀའི་ཉི་མའི་སྟེ་སིནདྷ་བའི་མདོག་ལ་དམར ་?་ཏུ་གོ་?་བྱ་སྟོ། ?་ཏུ་རྣམ་པར་དག་པའི་འདོད་ཆགས་ཀྱི་དང་བཞིན་ཉིད་དོ། །འོད་སྦུབས་ཚོགས་ཞེས་པ་ལ། འོད་ནི་འོད་ཟེར་ཏེ་གཞན་གྱི་འོད་ཐམས་ཅད་མིག་མོག་པོར་བྱེད་པའོ། །སྦུབས་ཞེས་པ་ཨཤིན་ཏུ་རྣོ་བའི་བྱེ་བྲག་གོ། ཚོགས? ་ནི་མང་བ་སྟེ་ཀུན་ཏུ་ཁྱབ་པའོ། །བདུན་གྱི་གཟི་བཅོམ་ཞིང་ཞེས་པ་ནི། ལྷ་མོས་ཉི་མ་བདུན་གྱི་གཟི་བརྗིད་ཐམས་ཅད་བཅོམ་པའོ། །དེ་ཅི་ལྟ་བུ་ཞེ་ན། ཉམ་ཐག་ཀུན་གཅོད་པས་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པར ་གཅོད་པའོ། །གང་གིས་ཤེ་ན་གྲི་གུག་གཡས་ཀྱིས་འཛིན་ཞེས་པས་གྲི་གུག་གི་བྱེ་བྲག་གསུངས་པ། དཔག་མེད་འོད་འཕྲོ་ཞེས་པས་དེ་ལས་དཔག་ཏུ་མེད་པ་མཛའ་ཡས་མུ་མེད་པའི་འོད་ཆེན་པོ་བྱུང་བས་སེམས་ཅན་གྱི་ཉོན་མོངས་པ་མ ་ལུས་པ་གཅོད་པའོ། །གཡས་ཀྱིས་འཛིན་ཞེས་པ་ནི་ཕྱག་གཡས་པས་སོ། །གཞན་ཇི་ལྟར་ཞེ་ན། རྒྱལ་མཚན་དང་བཅས་ཞེས་པས་གཡོན་པའི་ཕྱོགས་སུ་འཛིན་པའི་ཁ་ཊཝཱཾ་གའོ། །དང་བཅས་ཞེས་པས་གཞན་ཡང་འཛིན་པ་སྟེ། གཡོན ་པས་ཞེས་པས་ཕྱག་གཡོན་པའོ། །པད་སྣོད་ཅེས་པས་ཐོད་པའི་སྣོད་ཡིན་ནོ། །ཤིན་ཏུ་དཀར་བ་ཞེས་པས་དྲི་མ་མེད་པའོ། །ཁྲག་གིས་བཀང་འཛིན་ཞེས་པས། བདུད་བཞིའི་ཁྲག་གིས་བཀང་ནས་གཡོན་པས་འཛིན་པའོ། །དབུག ་བཅིངས་ཞེས་པ་སྟེ། གང་གིས་བཅིངས་ཤེ་ན་རྡོ་རྗེ་ལ་སོགས་པའི་ཕྲེང་བས་བཅིངས་པ་སྟེ་།དེ་ཡང་ཀ་ལྱ་ཞེས་པའི་སྒྲས་ནག་པོ་ཡང་ཡིན་ལ། ཡང་ན་ཀཾ་ནི་མགོ་བོ་ཡིན་ལ་ཨཱ་ལི་ནི་ཕྲེང་བ་སྟེ། བྱེ་བྲག་ཏུ་རྡོ་རྗེའི་ཕྲེང་བ་ནག་པས ་བཅིངས་པའོ། །དེར་གདམས་ངག་གི་ཐོད་པ་ལྔའི་ཕྲེང་བ་ཡང་གོ་བར་བྱེད་པའོ། །ཡང་ན་ཀ་ནི་མགོ་ལ་ཨཱ་ལི་ནི་ཕྲེང་བ་སྟེ་དེ་ལན་མགོ་བོའི་ཕྲེང་བས་བཅིངས་མུགྷ?་མུགཐ?་ཧ་སྟ་ཞེས་སྒྲས། མུཀྟ་ཞེས་པ་གྲོལ་བ་མུརྡྷ་ནི་གྱེན་དུ་ཧ་སྟ་ནི་ལག ་པའོ། ཇི་ལྟར་གྲོལ་བའི་ལག་པ་གྱེན་དུ་སོང་བ་ཉིད་དོ། །ཡང་ན་མུཀྟ་གྲོལ་བ་ཡིན་ལ། མུརྡྷ་ཞེས་མགོ་སྐྱེས་ཧསྟ་ལ་ལག་པ་སྟེ་སྐྲ་གྲོལ་བ་དང་ཉེ་བར་ལག་པ་གྲོལ་བ་ཡང་ཡོད་པའོ། །ཁྱད་པར་གཞན་ཡང་གསུངས་པ། མགོ་བོའི ་ཕྲེང་བས་སྐུ་བརྒྱན་ཞེས་པ་ནི་སྐུ་ལ་མི་མགོའི་ཕྲེང་བརྒྱན་པའོ། །ཁྲག་གིས་ཞལ་བཀང་ཞེས་པ་ནི་ཞལ་ནི་པདྨའི་ཞལ་ཏེ། དེ་བཞིན་དུ་དེ་ལ་ཁྲག་འཛག་པའི་རྒྱུན་དང་ལྡན་པའོ། །ཡང་ན་བདུད་བཞིའི་ཁྲག་ཞལ་དུ་གསོལ་ནས་དེའི་རྒྱུན་པདྨར ་ཟགས་པའོ། །རེའི་སྤྱན་ལྡན་ཞེས་པས་བྲོ་ཞེས་པར་བྲོ་བ་སྟེ། ཟས་ཀྱི་རོ་དྲུག་གོ། འདིར་དྲུག་གིས་མཚོན་ནས། །སྤྱན་ལྡན་ཞེས་སྤྱན་ཡང་རྣམ་པ་དྲུག་གོ། དེ་ནི་ཞལ་རྣམ་པ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་ཉིད་དུ་བརྗོད་དོ། །གྲོལ་བའི ་གདངས་ཞེས་པ་ནི་གྲོལ་བ་བདེ་བ་ཆེན་པོ་ཡིན་ལ། གདངས་ནི་དེ་དང་ལྡན་པའོ། །ས་རློག་ཅེས་པ་ཕག་པའི་ཞལ། །གྱེན་དུ་བལྟ་ཞིང་ཞེས་པས་ཅུང་ཟད་གྱེན་དུ་བསྐྱོད་པའི་ཁྱད་པར་རོ། །རྩ་བའི་ཞལ་ནི་ཞེས་པ་སྤྲུལ་པ་མ་ཡིན་པ་དེའོ། ། ་ཅུང་ཟད་ཁྲོ་ནི་རོལ་པའི་ཁྲོ་མོའོ། །སྐལ་ལྡན་ཞེས་པ་ལ་བར་སུ་བྷ་གཾ་མ་ནཱ་ཀྲོ་དྷ་མཱུ་ལ་ཨཱ་ནནྟཾ་ཞེས་པའི་སྐྲས། ངར་ན་མཆོག་ཏུ་གྱུར་པ་འམ་བཟང་པོ་ལ། སུ་བྷ་གཾ་ཞེས་པ་ཡིད་འཕྲོག་པར་བྱེད་པ་སྟེ་མ་ནཱ་ཀྲོ་ད་ནི་ཅུང་ཟད་ཁྲོ་བའོ། །ཱ་ན་ཞེས ་པས་ཞལ་གཞན་ཏེ། ཕག་པའི་ཞལ་ལ། ན་ན་ཞེས་པ་ཞལ་ཉིད་དོ། །དེ་བཞིན་དུ་ཞལ་གཉིས་པོ་ལ་ཡང་དེ་ལྟར་སྐལ་ལྡན་གྱི་སྒྲ་དང་ལྡན་པའོ། །ཏམ་ཞེས་པས་དེ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཀུན་དགའ་དང་བཅས་ཞེས་པས་ལྷན ་ཅིག་སྐྱེས་པའི་དགའ་བ་ཆེན་པོའི་རང་བཞིན་ནོ། །རྗེས་སུ་ཆགས་ཤིང་ཞེས་པས་ཆགས་པ་ཆེན་པོའི་རང་བཞིན་ཉིད་དོ། །སྣ་ཚོགས་ཉམས་ཅན་ཞེས་པས་ཐམས་ཅད་གྱི་ཉོན་མོངས་པ་མ་ལུས་པར་འབྱིན་པ། བྱེད་པས་སྒེག་པ་ལ་སོགས་པའི ་གང་ཀྱི་ཉམས་དགུ་དང་ལྡན་པའོ། །སྤྱི་ཀླུད་ཕྱེད་པའི་གར་ཞེས་པས་དེས་ནི་སངས་རྒྱས་ཀྱིས་ཕྲིན་ལས་མ་ལུས་པ་བྱེད་པས་གར་གྱི་རྣམ་པ་ཉིད་དོ། །ཕྱག་རྒྱ་ཡིས་ནི་རྒྱས་བཏབ་ཅེས་པ་ནི། དེ་ལ་ཕྱག་རྒྱ་ནི་མགུལ་རྒྱན་དང་ཕྱག་གདུབ་དང ་རྣ་རྒྱན་དང། སྤྱི་གཙུག་ནོར་བུ་དང། ཚངས་སྐུད་དེ་རང་གི་ལུས་ལ་ཕྱག་རྒྱ་ལྔས་བཏབ་པ་ཞེས་དཔལ་སྡོམ་པ་ལས་བཤད་དོ། །དེ་བཞིན་དུ་རང་གི་ལུས་དང་ཡན་ལག་ལ་རྒྱས་བཏབ་པ་སྟེ། ཕྱག་རྒྱ་ཉིད་ཀྱིས་སོ། །དེ་བཞིན་དུ་དཔལ ་སྡོམ་པ་ལས། མགུལ་རྒྱན་ལག་གདུབ་རྣ་ཆ་དང། སྤྱི་གཙུག་ནོར་བུས་བརྒྱན་པ་སྟེ། །མཆོད་ཕྱིར་ཐོགས་དང་ཐལ་བ་ཉིད། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས་ཞེས་སོ། །འདིར་ནི་ལྷ་མོ་ལ་ཐལ་བ་མེད་པས་ཕྱག་རྒྱ་ལྔས་བརྒྱན་པའོ། །དེ་བཞིན་དུ་དཔལ ་ཤ་བ་རིས་མཛད་པའི་སྒྲུབ་ཐབས་ལས། ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ་ཞེས་སོ། །འཁོར་ལོ་དང་རྐེད་རྒྱན་ལ་སོགས་པ་ནི་ཉེ་བའི་ཕྱག་རྒྱ་ཡིན་ཏེ། དེས་ཀྱང་རྒྱན་པའོ། །ན་བཟའ་དང་བྲལ་ཞེས་པ་ནི་སྒྲིབ་པ་གཉིས་སྤངས་པ་ཉིད་ཀྱི་ཕྱིར་གཅེར ་བུའོ། བཅུ་དྲུག་ལོ་ཆོད་ཅེས་པས་བཅུ་དྲུག་གི་དུས་ཀྱིས་ཡོངས་སུ་གང་བའི་ཟླ་བའི་རང་བཞིན་ཉིད་ཀྱིའོ། །ཡང་ན་དགའ་བ་བཅུ་དྲུག་གིས་ཡོངས་སུ་གང་བའི་དུས་སོ། །དེ་ལྟར་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ་།གང་ཞིག་སྤྱི་བོར ་འཁོར་ལོ་འཆང་བ་ཤེས་རབ་འཛིན་པ་འདི་ནི་ཁུ་བ་བདེ་བྲལ་བ། གཙུག་ཏོར་ཚངས་པའི་བུག་པར་མི་འགྱུར་བ་བདེ་བའི་མཆོག་ནི་བཅུ་དྲུག་དགའ་བས་ཡོངས་སུ་གང་ཞེས་སོ། །སྐུ་མཆོག་ཅན་ཞེས་ནི་ཐམས་ཅད་འཇམ་ཞིང་བདེ་བ་ལ་སོགས ་པའི་དགྱེས་པའི་སྦྱོར་བའི་ཡོན་ཏན་དང་ལྡན་པ་ཉིད་དོ། །བྱ་བ་གཞན་ཡང་གསུངས་པ། ཡེ་ཤེས་བཀུག་སོགས་ཞེས་པ་ལ་སོགས་པ་སྟེ། སྔགས་པས་ཡེ་ཤེས་བཀུག་ནས་གཡུང་དྲུང་འཁྱིལ་བ་བསྒོམ་ཞེས་པར་འབྲེལ་ལོ། །ཡེ་ཤེས་པ ་བཀུག་སོགས་ནི་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་སྟེ། དེ་ཡང་སྔ་མ་བཞིན་དུ་ཞེས་པས་སིན་དྷུ་ར་ལ་མཆོད་པའི་དུས་སུ་ཇི་ལྟར་བྱས་པ་ལྟར་བྱེད་བའི་དོན་ནོ། །གཞན་ཡང་བཤད་པ། འགྲོ་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི ་རང་བཞིན་དུ་བྱེད་པ་ནི་ཡེ་ཤེས་སེམས་དཔའ་དགུག་པའི་དོན་ནོ། །ཆོ་གའི་རིམ་པ་ཞེས་པ་ནི་མན་ངག་གིས་གོ་བར་བྱའོ་།སྔགས་པས་བྱས་ནས་ཞེས་པས་བྱེད་པ་པོའི་ཚིག་སྟེ། གོང་དུ་འབྲེལ་བཤད་དོ། །བཀྲ་ཤིས་ཞེས་པ་ནི་གཡུང་དྲུང་ངོ། །དེ་ལ ་སྭ་སྟི་ཀ་ཞེས་པའི་སྒྲས། སུ་ན་ལེགས་པ་ཨ་སྟི་ན་ཡོད་པ་ཀ་ན་བདེ་བ་སྟེ། དེས་ནས་ལེགས་པའི་བདེ་བ་ཡོད་པ་སྟེ། དེ་ནི་ཐིག་ལེའོ། །དེ་ཉིད་ཀྱང་གཏུམ་མོའི་སྦྱོར་བས་འཁོར་བ་འམ་གཡོས་པ་སྟེ། ཐིག་ལེའི་རྣམ་པར་དག་པ་འདོད་པ་གདམས་ངག ་གོ་དེ་བཞིན་དུ་ཨ་བ་དྷུ་ཏཱི་བས་མཛད་པའི་སྒྲུབ་ཐབས་ལས་ཕག་གདོང་གྱེན་དུ་རྣམ་པར་ལྟ། གཡུང་དྲུང་འཁྱིལ་བ་མྱུར་དུ་འཁོར་ཞེས་སོ། །གཡུང་དྲུང་ནི་ནན་ཏི་བརྟ་ཞེས་པའི་སྒྲས། ནནྟི་ཞེས་པ་ཐིག་ལ་ལ་བརྟ་ཡ་ཞེས་པ་འཁོར་བའོ། །བདེ ་བའི་རང་བཞིན་གྱིས་ལྷ་མིས་ལྷན་ཅིག་སྐྱེས་པའི་དགའ་བ་ལ་དགྱེས་པར་རོལ་པས་ན་ཐིག་ལེ་ཡིན་ཏེ། དེ་ལ་གཏུམ་མོའི་སྦྱོར་བས་གཡས་པ་ནི་འཁོར་བའི་དོན་ཉིད་དོ། །དཔྲལ་བ་ཡི་ནི་མངོན་ཕྱོགས་ལ་ཞེས་པས་ཕག་ཞལ་གྱི་དཔྲལ་བའི ་མངོན་ཕྱོགས་ལའོ། །མྱུར་བར་ཞེས་པ་ནི་ཤིན་ཏུ་མགྱོགས་པར་ཏེ་འཁོར་བའི་སྦྱོར་བའོ། །འཁོར་བ་ཞེས་པ་ནི་རྒྱུན་ཆད་མེད་པ་སྟེ། རྫ་མཁན་གྱི་འཁོར་ལོ་ལྟ་བུར་འཁོར་བའོ། །གཅིག་ནི་ཞེས་པ་གཉིས་མེད་པའི་སྟེ། གཅིག་བུ་ངེས་པར ་བྱས་པའོ། །ཇི་ལྟར་ཞེ་ན། བསྒོམ་པར་བྱ་ཞེས་པ། གོང་དུ་འབྲེལ་པའི་ཚིག་གིས་བསྟན་པ་དེ་བྱ་བའོ། །ཁྱད་པར་དུ་བྱ་བ་གསུངས་པ། དེའི་རྗེས་ལ་ཞེས་པ་ལ་སོགས་པའོ། །དེའི་རྗེས་སུ་འཁོར་ལོ་བསྒོམ་པར་བྱ་ཞེས་པ་དང་འབྲེལ་ལོ། །གང་དུ་བསྒོམ ་པར་བྱ་ཞེ་ན་ལམ་ཁམས་སུ་ནི་ཞེས་པས། བྱ་ལམ་ནི་ནམ་མཁའ་ཡིན་ལ་དེ་ནི་སྟོང་པ་སྟེ། དེ་ལྟར་ལྷ་མོའི་པདྨའི་བུག་པ་ལ་བྱ་ལམ་མོ། །ཁམས་ཞེས་པ་དེའི་རང་བཞིན་ཏོ། །ནམ་མཁའ་ཨི་ཁམས་སམ་སའི་ཁམས་ལྟ་བུའོ། །དེས་ནི་ལྷ་མོའི་པདྨའི་སྙིང ་པོ་ལ་བསྒོམ་པའི་དོན་ནོ། །གྲུ་གསུམ་རི་བོ་ཡི་ནི་སུལ་ནང་དུ་ཞེས་པས། ཟུར་གསུམ་ཡོད་པས་ན་གྲུ་གསུམ་མོ། །རི་བོ་ཞེས་པ་ནི་ཕལ་གྱིས་མི་བགྲོད་པ་དང། འགའ་ཞིག་གིས་བགྲོད་ཀྱང་ལྟུང་བའི་ཕྱིར་རོ་ཞེས་བརྗོད་པའོ། །སུ་ལ་ནང ་དུ་ནི་དེ་ནང་དུ་སྟེ། ལྷ་མོའི་པདྨའི་སྙིང་པོ་ལ་ཡང་ཆོས་འབྱུང་བསྒོམ་པའོ། འཁོར་ལོ་ཞེས་པ་ནི་ཇི་ལྟར་སིནདྷུ་རའི་དབུས་སུ་གཙུག་ཕུད་ཅན་གྱི་ཟུར་ལྡན་ཞེས་པའི་འཁོར་ལོ་བྲིས་པ་ལྟར་བྱེད་པའི་དོན་ཏེ། འོག་ནས་སྔར་བཤད་པའི་ཞེས་པས་ཀྱང་གོ ་བར་བྱའོ། །དམར་པོ་ཞེས་པ་བནདུ་ཀའི་མེ་ཏོག་ལྟ་བུའོ། །རབ་ཏུ་འབར་བ་ནི་ཞེས་པ་མེ་འབར་བ་ལྟ་བུའོ། །མྱུར་བར་ཤེས་པས་ལེགས་པར་དཔེ་མེད་པའི་བདེ་བ་ལ་སྦྱོར་བར་བྱེད་པའོ། །སྔར་བཤད་པ་ལྟ་བུའི་འཁོར་བར་བསྒོམ་ཞེས་པ་འདི ་ཡང་གོང་གི་གཡུང་དྲུང་ལྟ་བུར་བྱེད་པའོ། །དེའི་ཁྱད་པར་གསུངས་པ་ལྷག་པའི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་འཁོར་ལོ་ནི་ལྷག་པའི་ཤུགས་ཀྱིས་ཞེས་པས་དྲག་པོའི་ཤུགས་ཀྱིས། །བརྟན་པ་ལྟར་གནས་ཤིང་ཞེས་པས་བརྟན་པའི་ཆེད ་མི་གཡོ་བར་འདུག་པ་ལྟར་བསྒོམ་པའོ། །དེ་ལ་གདམས་ངག་ནི་འོག་ཚིགས་སུ་བཅད་པ་ཡོད་པ་དེ་ལ། ཕྱི་ནས་ཤེས་པ་དང་བལྟ་བར་བྱ་བའི་ཚིག?་སྟེ། འཁོར་ལོ་བསྒོམ་པའི་རྗེས་ལ་གཏུམ་མོ་བསྒོམ་པའི་རང་བཞིན་ཏེ། དེ་ལྟར་དུ་ཡང་རླུང་མེད་མི ་གཡོ་མར་མེ་ལྟར་གསལ་ཏེ་ཞེས་པས་དེ་ལྟར་གཏུམ་མོ་བསྒོམ་པའོ། །བལྟ་བར་བྱ་ཞེས་པ་དེས་དེ་ལྟར་གོ་བར་བྱའོ། །འདིར་རླུང་མེད་པར་མེ་མི་གཡོ་ལྟར་གསལ་ཏེ་ཞེས་པ་ལ་སོགས་པ་ནི་བྱེ་བྲག་ཏུ་མ་རྟོགས་པའི་སྒོ་ནས་འཁོར་ལོ་བསྒོཾ ་པའི་མན་ངག་ཡིན་ནོ་ཞེ་ན་རབ་ཏུ་འབར་བ་དང་མར་མེ་ལྟར་གསལ་བ་གཉིས་དོན་གཅིག་ལ་སྒྲ་གཉིས་ཟློས་པའི་སྐྱོན་དུ་གྱུར་པས། དེས་ནི་འདིས་ནི་གཏུམ་མོ་བསྒོམ་པར་བཤད་པ་ཉིད་དོ། །ཡང་བཤད་པ་གཉིས་པ་འདི་ནི་བཅོམ་ལྡན་འདས ་མའི་གཏུམ་མོ་བསྒོམ་པའི་ཁྱད་པར་ཏེ། འདི་ནི་མན་ངག་གི་ལུགས་སོ། །འདི་གཉིས་ནི་མན་ངག་དམན་པའི་སྟེ་།བཤད་པར་བྱ་བའི་སྤང་བར་བྱ་བ་ཉིད་དོ། །གཞན་དུ་ཀུན་སྡོབ?་ཙམ་གྱི་ཕྱོགས་ནས་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་འདིར་མ་བཤད ་པ་ཉིད་དོ། །ཡང་ན་འདི་ལ་འཁོར་ལོ་ཉིད་གཏུམ་མོའི་རང་བཞིན་དུ་བཤད་པའང་ཡོད་དོ། །དེ་ལྟར་ཐམས་ཅད་འཁོར་ལོར་སོང་ནས་གཞན་དུ་འདིའི་ཕྱོགས་ནས་གཏུམ་རྣལ་འབྱོར་མེད་པས་དེས་ན་འདི་སྤངས་ན་གཏུམ་མོ་འཆད་དོ། །གཏུམ་མོའི་རང ་བཞིན་གང་ཡིན་ཞེ་ན། གཞུ་བྱས་ནས་ཞེས་པ་དང། རླུང་མེད་མི་གཡོ་ཞེས་པས། གཏུམ་མོ་ཉིད་ཀྱིས། །གང་གཞུ་ཞེ་ན་བདེ་བ་ཆེན་པོ་ཞེས་པས་བདེ་ཆེན་འཁོར་ལོ་ནས་ཞུ་བར་བྱས་པའོ། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱ་ཞིང་ཞེས་པས ་བདེ་བ་ཆེན་པོའི་འཁོར་ལོ་ནས་བདུད་རྩིའི་རྒྱུན་དུ་བྱུང་བས་ཁྱབ་པའི་ཁྲུས་བྱའོ། །སྐུ་གསུང་ཞེས་པས་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །ངོ་བོ་ཞེས་པས་དེ་དག་ཀྱང་རང་བཞིན་གཅིག་པ་ཉིད་དོ། །མཆོག་ཏུ་ཞེས་པ་ཐུན་མོད་མ ་ཡིན་པའི་བདག་ཉིད་དོ། །ལྷན་ཅིག་ཏུ་སྐྱེས་པའི་བདག་ཉིད་ཅེས་པ་བདེ་བ་ཆེན་པོས་ཡོངས་སུ་གང་བ་ཉིད་དོ། །འགྲེ་བ་ཁྱབ་བྱེད་ཅིང་ཞེས་པ་མཚན་ཉིད་བྲལ་བ་སྟེ། དེ་ལས་གཞན་མ་ཡིན་པས་ཁྱབ་པའོ། །ཡང་ན་འགྲོ་བ་ནི་བདེ་བ་ཡིན་ལ་ཁྱབ ་པ་ནི་དེས་ཁྱབ་པ་སྟེ། འགྲོ་བ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་ཁྱབ་པར་བྱས་པའོ། །བདེ་བ་དཔག་ཏུ་མེད་པའི་རྒྱུར་འཕྲོ་བ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དཔག་མེད་ནི་མུ་མཛའ་མེད་པ། རྒྱུར་ཞེས་པ་ནི་རྒྱུན་མི་འཆད་འཕྲོ་བ་ནི ་གཞན་པ་?་པའི། རྫུ་?་?་ནས་ཞེས་པས་ལྷ་མོ་བསྒོམ་པའི་དུས་སུ་ནུབ་ཏུ་མངོན་པར་བལྟ་བ་ནི་བྱ་བའི་ལུགས་སོ། །ཕྱིན་ནས་ཞེས་པ་སྤྲུལ་པའི་འཁོར་ལོར་རྒྱུར་འཁོར་ལོར་བཾ་གི་རྣམ་པའི་གཟུགས་ཅན་ལ་ཟླ་ཚེས་ཐིག་ལ་ནཱ་དའི་ཚུལ་གྱིས ་ལྷ་མོར་གནས་པ་ལས་ནཱ་དའི་གཟུགས་སུ་ཆད་པའི་རི་མོའི་སྟེང་དུ་འགྲོ་བ་སྟེ། ཇི་ལྟར་གོང་དུ་གསུངས་པའི་ཁྱད་པར་རྣམས། འདིར་བསྒོམ་པར་བཤད་པའི་མན་ངག་གི་ལུགས་སོ། །དེ་ཡང་ན་དའི་གཟུགས་གྱིས་བཅོམ་ལྡན་འདས་མ་སྟེང ་གི་འཁོར་ལོ་གཉིས་ཕུག་ནས། དེ་གཉིས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པས་ངེས་ནི་བདེ་བ་ཆེན་པོའི་རང་བཞིན་གྱི་བཀྲ་ཤིས་ལ་ཕོག་ནས་སླར་ལོག་དེ་ཡང་བདེ་ཆེན་འཁོར་ལོར་སོང་ནས་དེའི་འབར་བ་ཆེན་པོ་དེས་དཔེར་ན་བུག་པ་ཅན་གྱིས་བུམ་པ ་མར་གྱིས་བཀང་བ་བཞུ་བ་ལྟར། །ཞུ་བའི་བྱང་སེམས་ཀྱི་རྒྱུན་གྱིས་ནཱ་དའི་བདག་ཉིད་ལ་ཡང་ཁྲུས་བྱས་པས་གསལ་བར་གྱུར་པའི་དུས་སུ་ལྷ་མོ་ཡང་བསམ་དུ་མེད་པའི་བདེ་བར་བསྒོམ་པ་ནི་ཁྱད་པར་རོ། །བཤད་པ་གཞན་ནི་གཏུམ་མོ་དང་པོར ་བཤད་པ་ཉིད་དོ། །འཁོར་ལོའི་ཁྱད་པར་ཡིན་ཏེ། དང་པོར་འཁོར་ལོའི་ཁྱད་པར་བཤད་པ་རྣམས་ནེ་མཆོག་ཏུ་བསམ་པར་བྱའོ། །དེས་ན་འཁོར་ལོ་ཉིད་བདེ་བ་ཆེན་པོ་སྟེ། དེ་ཞུ་བའི་བདེ་བ་དེའི་རང་བཞིན་ལ་གཞུག་པའོ། །འདིར་ད་རེས་སྤྱི་བོ་བདེ་བ ་ཆེན་པོའི་འཁོར་ལོ་ལས་ནི་མ་ཡིན་ནོ། །བདུད་རྩི་ཐིག་ལེ་ཟགས་པ་ཞེས་པ་གང་དུ་སྦྱོར་ཞེ་ན། དེ་ལས་དེས་འོག་ཏུ་གནས་པའི་གཏུམ་མོ་འབར་བ་ཉིད་ལ་ཁྲུས་བྱས་པ་ཉིད་དོ། །གཏུམ་མོའི་རྣལ་འབྱོར་གྱི་ནུས་པ་ལས་སྐྱེས་པའི་སྦྱོར་བས་མཆོག་ཏུ་གྱུར ་པའི་ཆགས་པ་སྐྱེས་པ་སྟེ། དེ་ཡང་དཔེར་ན་གོ་ལ་ལ་སོགས་པའི་ནུས་པ་བསྡུས་པ་ལས་དམར་བའི་མདོག་ལྟ་བུ་དང་བུར་ཤིད་ལ་སོགས་པ་རྣམས་བཙིར་བའི་ནུས་པ་ཕུལ་དུ་ཕྱིན་པའི་རོ་བྲོ་བ་འབྱུང་བ་དང། ཤིང་ལ་སོགས་པ་རྣམས་བསྲུབས་པ་ལས ་སྐྱེས་པའི་ནུས་པས་ནི་མི་འབྱུང་བ་དང། གཉིས་མཐུན་གྱི་སྦྱོར་བ་ལས་སྐྱེས་པའི་ནུས་པས་ནི་བུ་ལ་སོགས་པ་འབྱུང་བ་དང། འོ་མ་ལ་སོགས་པ་རྣམས་དྲག་?་ཞེས་པ་ལས་སྐྱེས་པའི་ནུས་པས་མང་འབྱུང་བ་དང། མར་ལ་སོགས་པ་རྣམས་ནི་འབར ་བས་བསྐྱེད་པ་ལས་སྐྱེས་པའི་ནུས་པ་ནི། དངས་མ་དང་སྙིགས་མ་སྟེ། འོག་ཏུ་གྱུར་པ་དང། ས་ལ་སོགས་པ་རྣམས་བསྐོར་ཞིང་བརྡུངས་པ་ལས་སྐྱེས་པའི་ནུས་པས་ནི་དེ་ལ་འོད་འབྱུང་བ་དང། རྒུན་འབྲུམ་ལ་སོགས་པ་སྨན་གྱིས་བསྒྱུར་བའི་ནུས་པ་ལས་སྐྱེས ་པས་མྱོས་བྱེད་དུ་འགྱུར་བ་དང། སྔགས་ལ་སོགས་པ་རྣམས་ལས་སྐྱེས་པའི་ནུས་པས་ནི་དགུག་པ་དང་བཅིང་བ་ལ་སོགས་པ་བྱེད་པ་ལྟར་དུ། དེ་ལྟར་བསྒོམས་པས་ནི་ཐམས་ཅད་ཀྱི་དཔེ་དོན་རྒྱུད་ལ་སྐྱེ་ལ། མ་བསྒོམས་ན་ནི་ཉིན་ཐོས་ཀྱི་ཐེག་པ་དང། ཐེག ་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་དེ། འདིར་གདམས་ངག་གི་རྩ་བ་དང་བཅས་པ་ཡང་ཐམས་ཅད་རྩ་བ་མེད་པ་ལྟར་འགྱུར་རོ། །དེ་བཞིན་དུ་གསུངས་པ། རྡོ་རྗེ་པདྨ་ཡང་དག་སྦྱོར། །དེ་ཡི་པདྨ་བརྩིར་བར་བྱ། །རིམ་གྱིས་བསྲུབས་པར་གྱུར་པ་ལས། །མཐུན་པར ་བདེ་བ་བསྐྱེད་པ་ཉིད། །རྒྱུན་ཏུ་འབབ་པ་རི་བོ་སྟེ། །འབར་བའི་ནུས་པ་པཾ་ལས་བྱུང། །བསྐོལ་བའི་ནུས་པ་འབར་བ་སྟེ། །བུད་མེད་ཆགས་པ་ཆེན་པོའི་སྨན། །འགུག་པའི་ནུས་པ་རླུང་གིས་ནི། ཅི་ཕྱིར་བདེ་བ་ཆེ་མི་སྐྱེ། །མ་བསྒོམས་པ་ཡི་སྐྱོན་གྱིས་ནི། རྒྱུ་ནི ་ཉམས་པར་འགྱུར་པའོ། །དེ་ནས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་བདག་ཉིད་ཀྱི་རྣམ་པར་དག་པ་འདི་གསུངས་སོ། །དེ་བཞིན་དུ་མི་ཕམ་པ་ཞེས་བྱ་བའི་སྒྲུབ་ཐབས་ལས་བདག་གི་བླ་མས་སིན་དྷུ་ར་ལ་སོགས་པའི ་དག་པ་གསུངས་པ། མེ་ལོང་སིནདྷུ་ར་ཡིས་ནི། །ཕག་པའི་ཞལ་ནི་མཉེས་པར་བྱེད། །ནང་གི་ལྷ་མོའི་གཟུགས་ལ་ནི། །དེ་བཞིན་མཆོད་པ་གཙོ་བོ་སྟེ། མྱོས་བྱེད་འཛིན་པ་ཆུ་སྐྱེས་ལ། །རྡོ་རྗེ་མི་ཕྱེད་ཡེ་ཤེས་སོ། །དེ་ལ་རྡོར་འཛིན་སྒྲ་ཞེས་བརྗོད། །སྟེང་གི་སྒྲས་ནི་དེ ་ཉིད་བརྟེན། མེ་ལོང་མཐིལ་ནི་དྲི་མེད་སེམས། །ཆགས་པའི་རྣམ་དག་ཞ་ཉེ་སྐྱེས། །བཀོད་ཅིང་བྱུག་པ་ཕྱི་རོལ་ལ། །ཡང་ན་ནང་གི་ཆོས་འབྱུང་ལའོ་།ས་བོན་མི་འགྱུར་སྔགས་བྲི་བ། །སྔགས་ཕྲེང་ཡིད་ནི་སྐྱོབ་པའོ། ། གསེར་གྱི་ཐུར་པས་བྲི་བ་ནི། །གསལ ་བའི་དབུ་མ་ལེགས་པར་རྒྱས། །སྐྱོན་བྲལ་དེ་ལས་སྐྱེས་པའི་ཡེ་ཤེས་ནི། །ཤིན་ཏུ་རྣམ་པར་དག་པའི་གཟུགས་ཅན་མའོ། །བག་ཆགས་ཐམས་ཅད་སྤངས་པའི་བདག་ཉིད་ལ། །དེ་ཡིས་དགྱེས་པར་བྱའོ་རྣལ་འབྱོར་ལ། །?་ལག་མི ་དགོས་བརྒྱན་པ་འདི་ཡིས་ནི། །ཱ་ལི་ཀཱ་ལི་རྣམ་པར་དག་འགོག་པའོ། །བདེ་བ་ཆེན་པོའི་རང་བཞིན་གྱིས། །ཁྲག་དང་ལྡན་པ་ཉིད་དུ་བརྗོད། །ཡང་ན་ཞལ་གྱི་ཁྲག་འཛག་པ། །བདུད་རྩི་ཁྲག་ནི་འཐུང་བ་ཉིད། །རྩ་བའི་ཞལ་ནི་དོན་དམ་སྟེ། །ཕག་པའི་ཞལ་ནི་ཀུན ་རྫོབ་བོ། །རྩ་བའི་ཞལ་གྱི་ལྡན་གསུམ་པོ། །དུས་གསུམ་མི་འགྱུར་རྣམ་པར་དག། ཕག་ཞལ་གྱི་ཡང་སྤྱན་གསུམ་མོ། །བདེན་གཉིས་རྣམ་པར་མཁྱེན་པ་ཉིད། །ཐིག་ལེ་སྟེང་དུ་དགྲོད་པ་ཡིས། །འདི་ནི་གྱེན་དུ་གྲོལ་བའི་སྒྲ། །སིལ་བུ་ལུས་ཁྱབ་བདེ?་བ་དང་སྟེ། །ནག ་བོ་ནམ་མཁའ་ཨི་ཁམས་ཉིད་དག?་།གདམས་པ་གྲོལ་ནས་གྲོལ་བ་ལྟར། །བག་ཆགས་སྤངས་པས་དེ་བཞིན་དུ། །ལྷ་མོ་ཅུང་ཟད་ཁྲོ་བའི་ཞལ། །སྐལ་ལྡན་ཞེས་པ་བདེ་བ་བསྟན། །དངོས་དང་དངོས་མེད་རྣམ་རྟོག་རྣམས། །གཅོད་པར་བྱེད་པས་གྲི་གུག་གོ། ཤིན ་ཏུ་རྣོ་བས་གཡས་ཀྱིས་འཛིན། །མཆོག་གི་འོང་ནི་རྣོ་བ་ཉིད། །རྣམ་པར་དག་པའི་བྱང་ཆུབ་སེམས། །ཐོད་པ་ཁྲག་གི་གང་པ་ནི། །ཤིན་ཏུ་རྣམ་དག་ཆགས་པ་ཡིས། །ཡོངས་སུ་སྦྱོར་བ་རབ་ཏུ་སྦྱོར། །ཡང་ན་བདེ་བ་ཆེན་པོ་དང། །བརྩེ་ཆེན་པོ་གཅིག་མེ་ཡི་ཐོད། །ཁྲག ་གིས་གང་བ་གཡོན་པས་འཛིན། །ཐིག་ལེ་གཡོན་ནས་འབབ་པ་ཉིད། །ཁ་ནི་རྩལ་ཊཝཱཾ་གི་ནི་ཐིག་ལེར་བརྗོད། །དེ་ལ་གསུངས་པའི་རྒྱལ་མཚན་ནི། །རྣལ་འབྱོར་མ་ཡི་མཚན་མའོ། །བཅོམ་ལྡན་འདས་ནི་ལྔ་ཡི་བདག། ཐིག་ལེ་ལྔ་ཉིད་རྒྱས་པ་ཡིས། །བདེ་ཆེན ་འཁོར་ལོ་དཀྲིས་པ་སྟེ། །དབུ་ལ་གནས་པའི་ཐོད་པའོ། །བདེ་བ་མི་ཕྱེད་བྱེད་པའི་ཕྱིར། །བདེ་བའི་འཁོར་ལོར་དེ་བཞིན་གཤེགས། །རྡོ་རྗེ་ཕྲེང་བ་འདི་ཡིས་ནི། །རྒྱན་གྱིས་སྤྱི་བོར་གནས་པའོ། །དྲི་མེད་ཐིག་ལེ་སྟེང་བསྐྱོད་པས། །མ་རིག་རྩ་བ་འབྱིན་པའི་ཕྱིར། །ཀུན ་རྫོབ་ཐིག་ལེའི་རང་བཞིན་གྱིས། །ཀུན་རྫོབ་ཏུ་ནི་ཕག་པའི་ཞལ། །དེ་ལས་བྱུང་བའི་ཆགས་ཆེན་གྱིས། །བདེ་ཆེན་རོ་དང་འདྲེས་པ་ན། །དེ་ནི་དོན་དམ་པ་ཉིད་དེ། །རྩ་བའི་ཞལ་ནིདམར་བའོ། །མིག་བཙུམ་ནས་ནིབལྟས་པ་ན། །ནམ་མཁའ་དག་ནི་དམར་པོར་སྣང། །དེ་ལྟར་ལྟ ་མོ་དམར་མོ་ཡིན། །དེ་བཞིན་བླ་མ་གཞན་གསུངས་སོ། །ཆོས་འབྱུང་ལས་ནི་བྱུང་བའི་གཟུགས། །ཉོན་མོངས་མི་མངའ་ས་བོན་གནས། །དེ་ཉིད་འཁོར་ལོར་གསུངས་པ་ན། །རྟོག་པའི་ཚོགས་ནི་ཉམས་པར་བྱེད། །དེ་དག་ཀྱང་ནམ་བསྒོམ་ཞེ་ན། ཉི་མ་རེ་རེ་ཞེས་པ་ལ ་སོགས་པ་སྟེ། ཉིན་རེ་ནི་རྒྱུན་མ་ཆད་པར་བསྒོམ་པའོ། །ཐུན་རེ་ཞེས་པ་ནི་ཐུན་བཞི་རུ་བྱས་ནས་བསྒོམ་པའོ། །ཇི་ལྟར་ཁོམ་ཞིང་ཞེས་པས་སྐབས་དང་ལྡན་པའོ། །ཇི་སྲིད་དངོས་གྲུབ་མ་མཐོང་བ་དེ་སྲིད་དུ་ཞེས་པས། མཚན་མ་རྣམས་མ་སྐྱེས་ཀྱི་བར་དུ་ནན་ཏན་དུ ་གསུངས་པའོ། །བསྒོམ་བྱ་དེ་ཡང་གསལ་པོར་བརྗོད་པར་བྱ་ཞེས་པས་རྣལ་འབྱོར་པས་བསྐྱེད་རིམ་གྱི་རྟགས་གང་ཞིག་ཡོད་པ་རྣམ་བརྗོད་པའོ། །རྟགས་རྣམས་གང་ཞེ་ན། འབད་མེད་ཅེས་པ་ནས་དེ་ཚེ་གྲུབ་པར་ཉེ་བར་གནས་པ་ཡིན་ཞེས་པ་དང་འབྲེལ་བས། ་དེས་ན་གྲུབ་པ་ཉེ་བར་གནས་པ་ནི་རིང་པོར་མི་ཐོགས་པར་མྱུར་བར་ཐོབ་པའོ། །ངེས་པར་ནམ་ཡིན་ཞེ་ན། གང་ཚེ་རྣམ་པར་བསྒོམ་པ་འདི་ནི་གསལ་འགྱུར་ཞིང་ཞེས་པས་གང་ཚེན་དུས་སོ། །རྣམ་པར་བསྒོམ་པས་ཤེས་པ་བྱེད་པ་པོས་སོ། །གསལ་འགྱུར་ཞིང་ཞེས་པས ་རང་རྒྱུད་པའོ། །ཇི་ཙམ་ན་འབད་མེད་ཅེས་པས་རྩོལ་བ་མེད་པར་རང་གི་དང་གིས་འཇུག་པའོ། །དེ་ཡང་ཇི་ལྟར་ཞེ་ན་སྐྱེས་པས་དགའ་བ་ཞེས་པས་དེ་དང་མཐུན་པའི་བདེ་བ་ཆེན་པོས་སོ། །ཤུག་ནི་དེ་ལ་དགའ་བའི་ཤུགས་ཀྱིས་རྗེས་སུ་བཅིངས་བའོ། །རྗེས་འབྲེལ་ཞེས་དུས ་མཚུངས་པའོ། །དེ་ཙམ་ན་འབྱུང་ཞེ་ན། ལྕག་གིས་བཞུ་བ་ལ་སོགས་ཞེས་པས་ལྕགས་འབྲས་སམ་ཐལ་མོས་བརྒྱབ་པས་སོ། །སོགས་པའི་སྒྲས་རྐང་པ་ལ་སོགས་པས་ཀྱང་བསྣུན་པའོ། །གནོད་མི་ཚོར་བ་དེ་ཙམ་ལུས་ལ་བསྣུན་ཡང་རང་ལུས་ལ་ཟུག་?་མི་ཚེར ་བའོ། །དེ་ཚོ་གྲུབ་པར་ཉེ་བར་གནས་པ་སྟེ། །དངོས་གྲུབ་ཐོབ་པ་ལ་བའི་དོན་ཏོ། །རྟགས་གཉིས་པ་གསུངས་པ་རྔ་བོ་ཆེ་སོགས་ཞེས་པ་ནས་བྱང་ཆུབ་མཆོག་ཐོབ་པའི་འབྲེལ་པས། དེ་དག་ནམ་འབྱུང་ཞེས་ན། རྔ་པོ་ཆེ་ལ ་སོགས་ཞེས་པས་རྔ་བོ་ཆེ་ཉིད་དང། རྔ་ཟླུམ་དང། རྫ་རྔ་དང། རོལ་མོའི་རྣམ་པའོ། །རབ་ཏུ་བརྡུངས་པའི་སྒྲ་གྲག་པར་བསྒྲགས་པའོ། །རྣམ་ཀྱི་སྒྲ་ཞེས་པ་ནི་དེ་དག་ལས་བྱུང་བའི་སྒྲའོ། །གསལ་པོ་ཉན་པའི་སྤྱོད་ཡུལ་དུ་ནི་མི་འགྱུར་ཞིང་ཞེས་པས ་རྣ་བའི་དབང་པོའི་ཡུལ་དུ་མ་གྱུར་པའོ། །གང་ཚེ་ཞེས་པ་དུས་དེ་ཙམ་ནའོ། །རྨི་ལམ་དུ་ནི་ཞེས་པས་སྒྲ་གཞན་ཡང་དེ་ལྟར་རྨི་ལམ་དུ་བྱུང་བ་དང། དེ་ལྟར་བསྒོམས་པས་རྣལ་འབྱོར་པ་ལ་གཉིད་ཀྱིས་ལོག་པའི་རྨི་ལམ་ན་ཡང་ལྷ་མོའི ་རྗེས་སུ་གཟུང་པའི་དངོས་གྲུབ་འབྱུང་བ་དང། གཞན་ཡང་རྣལ་འབྱོར་པས་བཅོམ་ལྡན་འདས་མ་བསྒོམས་པས་རྡོ་རྗེ་དགྱེས་མ་རོལ་མས་ཡིད་འཕྲོག་པར་བྱེད་ཅིང། གཉིད་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དུ་ཐིམ་པའི་དུས་སོ། །ཡང་ན་རྨི་ལམ ་མི་གསལ་བའི་རྟགས་འཆར་བ་དང། དངོས་གྲུབ་དེ་ཉིད་འབྱུང་བའི་དོན་ཏོ། །བླ་མེད་ཅེས་བ་ནི་གོང་ན་མེད་པའི་དོན་ཏོ། །བྱང་ཆུབ་མཆོག་ཅེས་བྱ་བ་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་ཐམས་ཅད་ཀྱི་གོང་མར་གྱུར་པ་ཉིད་དོ། །ཐོབ་ནས་ཞེས ་བ་ནི་མཚན་མ་རྣམས་སོ། །རིང་པོ་མི་ཐོགས་བསམ་གཏན་པས་མཆོག་ཅེས་པ་ནི། གང་ཟག་དེས་སོ། །གྲུབ་པའི་མཚན་མ་མཐོང་ནས་ནི་བཤད་ཟིན་ཏོ། །གནས་ཀྱི་ཁྱད་པར་བསྲུངས་པ། འདྲེ་གནས་ཞེས་པ་ལ་སོགས་པ་སྟེ། འདིར་བློ་བཟང ་གི་གནས་ནས་རྒྱུན་མི་འཆད་བར་བྱའོ་ཞེས་པ་དང་འབྲེལ་བས། བློ་བཟང་ཞེས་པ་ནི་མཁས་པའི་དང་ཚུལ་ཅན་ནོ། །གནས་ནས་ཞེས་པ་མཉམ་གཞག་གི་སེམས་ཀྱིས་གནས་པ་སྟེ། ཤེས་རབ་དང་བཅས་པས་བསྐྱེད་པའི་རིམ་པའི་སྦྱོར ་བ་བྱས་ནས་རྫོགས་པའི་རིམ་པའི་རྣལ་འབྱོར་བྱའོ་ཞེས་པས་ནང་གི་རྣལ་འབྱོར་ལ་གོམས་པར་བྱེད་ཅེས་པ་དང་འབྲེལ་བའོ། །ཇི་ལྟར་བྱ་ཞེས་ན་གྲུབ་བའི་མཚན་མ་མཐོང་ནས་ཞེས་པོས། །གྲུབ་པའི་མཚན་མ་རྣམས་ཞེས་ནས་བྱ་བ་ཉིད་དོ། །གནས་གང ་དུ་ཞེས་ན། འདྲེ་གནས་ལ་སོགས་པ་སྟེ། འདྲེ་གནས་ནི་དུར་ཁྲོད་དོ། །རི་ལྗོངས་ཞེས་པས་ནི་རའི?་ནགས་སམ་རི་བོའི་ཁྲོད་དོ། །ལྗོན་པའི་རྩ་བ་ཞེས་བས་ཤིང་གཅིག་པའོ། །སོགས་པའི་སྒྲས་རི་སུལ་དང་བས་མཛའ་ལ་སོགས་པ་ཡང་ཤེས་པར ་བྱའོ་དང?་ཕྱོགས་གཞན་ཡང་འདྲེ་གནས་ཞེས་པ་ལ། །པ་དྱི་བཱ་ན་ཞེས་པའི་སྒྲས། པི་ཏ་ཞེས་རྡོ་རྗེ་འཛིན་པ་སྟེ། ཐིག་ལེ་ལ་བཱ་ན་ཞེས་པ་སྐྱེ་བོ་མེད་པའི་སྟེ་འདོད་ཆགས་ཀྱི་ནགས་ཚལ་ཏེ། བདེ་བ་ཆེན་པོའི་རང་བཞིན་ནོ། །ཡང་པ་དྱའི?་བཱ་ཡན་ཞེས་པའི ་སྒྲས་དུར་ཁྲོད་དུ་ཡང་འགྲོ་སྟེ། རྣམ་པར་ཤེས་པའི་ཚོགས་བརྒྱང?་ཀྱིས་མཚན་ཉིད་སྟོང་ཞིང་བདག་མེད་པར་གནས་པའི་དོན་ཏོ། །རིང་ཞེས་པས་བགྲོད་བྱ་མ་ཡིན་པའི་གནས་ཏེ། པདྨའི་ལྟེ་བའོ། །ལྗོང་ཞེས་པ་ལྤགས་པས་གཡོགས་པ ་དེའི་སྙིང་པོ་དེ་ལའོ། །ལྗོན་པ་ཞེས་པས་ལྗོན་པ་ནི་ཆུ་འབེབས་བ་འམ། འབབ་སྟེ། དེ་ཡང་བྱང་སེམས་འབབ་བ་འམ། འབེབས་པས་ན་དེ་འཛིན་པ་རྡོ་རྗེའོ། །ཡང་ན་དབུ་མའི་རྡོ་རྗེའོ། །ཡང་ན་དབུ་མའི་དོན་ཏོ། །རྩ་བ་ཞེས་པས་དེའི་རྩེ་བས་སེམས་རྩེ་གཅིག ་ཏུ་བྱས?་ནས་སྒོམ་པའོ། །སོགས་པའི་སྨྲས་ནོར་བུའི་རྐེད་པ་དང། རྩེ་མོར་ཡང་འཛིན་པའོ། །རྒྱུན་མི་འཆད་པར་བྱ་ཞེས་པ་བར་སྐབས་མེད་པར་བྱེད་པ་སྟེ། བསྒོམ་པའི་དོན་ཡིན་ནོ། །དེ་སྐད་དུ་བསྟན་པའི་ཡོན་ཏན་གསུངས་པ་གྲུབ་ནས་ཞེས་པ་ལ ་སོགས་བས། འདིའི་སྦྱོར་བ་གྲུབ་ནས་སོ། །ནོར་འཛིན་ལ་སོགས་ཞེས་པས་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ཡང་གཅིག་ལ་གཅིག་ཐིམ་པར་འབྱུང་སྟེ། རིམ་པ་ཡིས་ཞེས་པ་དང་གོང་ནས་གོང་དུ་རབ་ཏུ་ཐིམ་གྱུར་ཞིང་ཞེས་པ་ནི། འབྱུང་བ ་ལྔ་པོ་ཡང་གོང་ནས་གོང་དུ་རིམ་པ་ལྟར་ཐིམ་ནས་འགྲོ་བའི་དོན་ཏོ། །དེ་བཞིན་དུ་གསུངས་པ། ས་ཡི་ཁམས་ནི་ཆུ་ལ་ཞུགས། །ཆུ་ཡང་མེ་ལ་ཐིམ་པ་སྟེ། །མེ་ནི་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་རབ་ཏུ་ཐིམ། །སེམས་ཀྱང་སེ? ་པ་ཉིད་ལ་ཞུཌ། །སེམས་འབྱུང་མ་རིག་པ་ལ་སྟེ། །དེ་ཡང་འོད་གསལ་དག་ལ་འགྲོ། འགོག་པ་འདི་ནིS་གསུམ་ལའོ། །དེ་ལྟར་དུ་ཡང། ས་ཡི་ཕྲ་བ་ཆུ་ཡི་གཤེར་བ་སྟེ། །མེ་ཡི་དྲོ་བ་དག་ནི་འདོར་བ་ཉིད། །རླུང་གིས་བསྐྱོད་པ་དག་ཀྱང་སྤངས་ནས་སུ། །བྱང་ཆུབ ་ནས་ནི་བྱང་ཆུབ་དག་ཏུ་འགྱུར། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེ་ལས་གསུངས་པ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ནམ་མཁའ་ཉིད་དག་ཀྱང། །བཞིན་རིག་པའི་ཚོར་བ་ཡིས། །ཀུན་གྱིས་སྐད་ཅིག་མི་གནོད་དོ། །ཅེས་སོ། །ཡང་ན་གཡོན་པ་དང། །གཡས ་བའི་རྒྱུ་བའི་རླུང་གི་རང་བཞིན་ནི་ལས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་ལའོ། །སའི་དཀྱོར?་ཀྱང་ཆུ་དཀྱོར་ལ་ཞུགས་ནས་འདི་དག་གི་རིམ་པས་ནི་ཇི་ལྟར་མི་འགྱུར་བའི་བདེ་བའི་རང་བཞིན་གྱི་ཡེ་ཤེས་ཀྱིས་འཁོར་གྱི་བར་དུ་ཞུགས་པའོ། །དེ་ལྟར་དཔལ ་དུས་ཀྱི་འཁོར་ལོ་ལས་གསུངས་པ། ས་ནི་ཆུར་འཇུག་ཆུ་ཡང་མེ་སྟེ་མེ་ནི་རླུང་རྣམས་དག་ལ་འཇུག་བར་འགྱུར། །རླུང་ནི་སྟོང་པ་ལས་ཏེ་སྟོང་པའི་རྟགས་ནི་མཚན་མ་རྣམ་པ་བཅུ་རུ་འགྱུར། །མི་འགྱུར་མཆོག་གི་བདེ་བ་དུས་ཀུན་ཡེ་ཤེས་སྐུལ་རྣམ ་ཀུན་རབ་ཏུ་འགྲོ། །མི་རྣམས་སྐྱེ་བ་འདི་ལ་ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་ཏེ་མི་ཡི་བདག་པོ་ཀྱེ་ཞེས་བྱའོ། །དེ་ལ་རྣལ་འབྱོར་པའི་རབ་གསལ་ལ་ཇི་ལྟར་འགྱུར་ཞེ་ན། དེ་ཚེ་ནམ་མཁའ་ཨི་ལྟ་བུར་སྣང་བ་ཅེས་པས་སྟོན་ཀའི་ནམ་མཁའ་ཨི་སྤྲིན་མེད་པ ་ལྟ་བུ་རབ?་ཏུ་བསལ་བའོ། །འོད་གསལ་བའི་ཞེས་པས་སྐྱོན་གྱི་དྲི་མ་གོས་པའི་སེམས་སོ། །དེ་ཡང་མེ་ལོང་གི་ངོས་ལ་ཧས་བཏབ་པ་ཡལ་བ་ལྟར། དྲི་མ་མེད་པའི་སེམས་ཀྱིས་རང་བཞིན་དུ་སྣ་ཚོགས་པའི་སྣང་བ་རྣམས་རིམ་པ་ལྟར་ཐིམ་ནས་འགྲོ་བའི་དོན་ཏོ།། ་ཡེ་ཤེས་ཙམ་དུ་འགྱུར་ཞེས་པས། རྨི་ལམ་གྱི་ཤེས་པ་ལྟ་བུར་ཤེས་བྱའི་བྱ་བ་མེད་པར་རང་གསལ་བ་ཙམ་མོ། །འགྱུར་ཞེས་རྒྱུན་ཆད་མེད་པའི་རང་བཞིན་ནོ། །ཡེ་ཤེས་ཀྱི་རྣམ་པ་གསུངས་པ། དེ་དག་ཅེས་པ་ལ་སོགས་པ་མཚན་མ་ཡང་ཞེས་པ་དང། རྟོགས ་པར་བྱ་ཞེས་པ་དང་འབྲེལ་པས། མཚན་མར་ཤེས་བྱ་ཞེས་པ་ནི་འབྱུང་བའི་རྟགས་རྣམས་སོ། །མཚན་མ་ཡང་ཞེས་བྱ་བ་ནི་དངོས་སུ་གསུངས་པའོ། །རྣམ་པ་ལྔར་ནི་ཞེས་པས་རབ་ཏུ་བྱེད་པ་ལྔའོ། །དེས་ཞེས་པས་རྣལ་འབྱོར་པ་དེས་ཤེས་པར་བྱའོ། །རིག་བྱ ་ཞེས་པ་དེས་ན་མཚན་མ་སྐྱེས་པ་དེ་དག་གོ་།དེ་ཉིད་ཀྱི་ཕྱིར་ན་ཞེས་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་སོ། །དེ་དག་ཅེས་པས་དེ་ལས་སྐྱེས་པས་སོ། །རྣལ་འབྱོར་པས་ཤེས་པ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཤེས་པས་སོ། །མཉམ་པར་བཞག ་པའི་ཞེས་པས་མི་གཡོ་བའི་སེམས་སོ། །སེམས་ཀྱིས་རྟོག་པར་བྱ་བ་ཞེས་པས་མཆོག་གི་སེམས་ཏེ། གཞན་དུ་རྣམ་པར་ཤེས་པའི་ཡུལ་མེད་པའི་བསམ་གཏན་ནོ། །རྟགས་གང་ཞིག་ཅེས་ན་དང་པོ་ཞེས་པ་ལ་སོགས ་པ་ལ་སྟེ་།དེ་ཡང་རི་དགས་སྲེད་བཞིན་ཞེས་པ་དང་པོའི་མཚན་མ་ལ་སྨིག་རྒྱུའི་སྣང་བའོ། །དེ་ལྟར་བཤད་གདམས་ངག་གི་དུ་བའི་རྣམ་པ་དང་པོའི་མཚན་མ་ལ་གོ་བར་བྱའོ། །སྨིག་རྒྱུ་གཉིས་ཤེས་པར་བྱའོ། །དང་པོར་ནམ་མཁའ་ལྟ་བུ་ལ་ངེས་པར་ ་སེམས་ཞེན་པས། རྣལ་འབྱོར་པའི་སེམས་ཀྱི་སྣང་བ་ལ་དང་པོར་དུ་བའོ། །དེ་ནས་སྨིག་རྒྱུ་ལ་སོགས་པ་སྣང་བའོ། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པ། ནམ་མཁར་ཀུན་ཏུ་ཞེན་པའི་སེམས་ཀྱིས་མིག་མི་འཛུགས་པས་རྡོ་རྗེ་ལམ་ནས་ཞུགས ་རྣམས་ཀྱིས། །སྟོང་པ་ལས་ནི་དུ་བ?་སྨིག་རྒྱུ་མཁའ་གསལ་དྲི་མེད་དང་མེ་ཁྱེར་མར་མེ་ཉིད། །འབར་བ་དང་ནི་ཉི་ཟླ་རྡོ་རྗེ་ཡིན་ཏེ་མཆོག་གི་ཆ་དང་གང་ཞིག་གཟུགས་བརྙན་བལྟ། །དེ་དབུས་སངས་རྒྱས་གཟུགས་བརྙན་ཡུལ་དང་དུ་མ་ལོངས་སྤྱོད ་རྫོགས་པའི་སྐུ་ཞེས་སོ། །སྦྱོར་བའི་ཡན་ལག་དྲུག་ལས་ཀྱང། དེ་ལ་རྣལ་འབྱོར་པ་བླ་མའི་མན་ངག་གིས་ནི་ནམ་མཁའ་ལ་སེམས་ཞེན་པས་དང་པོ་དུ་བ་ལྟ་བུ་འབྱུང་ངོ། །དང་པོར་སྨིག་རྒྱུ་མི་མཐོང་སྟེ་རང་གིས་ཤེས་པར་འགྱུར ་རོ། །གཉིས་པ་ལ་དེ་ནས་སྨིག་རྒྱུ་མཐོང་བར་འགྱུར་རོ། །དེ་ནས་དེ་ལ་ཡང་དུ་བ་ལ་སོགས་པའི་རྟོགས་པ་སྤངས་ནས་རབ་ཏུ་བསྙེན་པ་ཉིད་དོ། །དེ་ལྟར་དཔལ་རྡོ་རྗེ་གུར་ལས་གསུངས་པ། རྨི་ལམ་སྐད་ཅིག་སྐད་ཅིག་འགྱུར། །དེ་ནས་སྒྱུ ་མ་ལྟ་བུ་སྟེ། །འདི་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་རབ་ཏུ་འཁོར་ཞེས་སོ། །ཡང་ན་རི་དགས་སྲེད་བཞིན་ཞེས་པས་སྣ་ཚོགས་པར་སྣང་བ་འདི་དག་རྣལ་འབྱོར་པ་ལ་སྨིག་རྒྱུའི་རྣམ་པར་སྣང་སྟེ། བརྫུན་པ་ལྟ་བུར་གོ ་པའི་དོན་ཏོ། །དེ་ཉིད་འཁྲུལ་པའི་ཤེས་པ་དེ་ནི་མ་ཡིན་ཏེ། དེ་ལྟར་སྣང་བའི་རྣམ་པར་གོ་བའོ། །མཚན་མ་གཉིས་པ་རུད?་ཀའི་རྣམ་པ་ཅན་ཞེས་པ་ནི། ནམ་མཁའ་ལ་ངེས་པར་ཞེན་པའི་ཤེས་པས་དུ་བའི་ཉམས་སྐྱེའོ། །ཡང་ན་གནས ་སྐབས་སུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མཐར་ཐུག་རང་བཞིན་མེད་པ་ནི། སྐྱེས་བུའི་ལག་པའི་རྩོལ་བས་གཙུབ་ཤིང་ལས་མེ་བསྐྱེད་ནས། དེ་ལ་ཡང་ཤིང་རློན་པ་དང་ལྡན་པ་ལ་དུ་བ་བསྐྱེད་པ་དང། མེ་ལོང་གི་ནང་གི ་གཟུགས་བརྙན་འཆར་བ་ལྟ་བུར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་རང་བཞིན་མེད་དེ། འདི་ནི་སྣ་ཚོགས་སྣང་བ་རྟེན་འབྲེལ་ཙམ་དུ་ཤེས་པས་དུ་བ་ལྟ་བུ་ལ་སོགས་པར་བརྗོད་པའི་དོན་ཏོ། །གསུམ་པ་ཞེས་པ་རྟགས་གསུམ་པའི་མཚན ་མའོ། །མེ་ཁྱེར་ཞེས་པས་ཇི་ལྟར་མེ་ཁྱེར་ནི་ནམ་མཁའ་ལ་ཡུད་ཙམ་ཡུད་ཙམ་གསལ་བ་སྟ་དེ་ལྟར་དུ་སྟོང་པ་ཉིད་ལས་གསལ་ཞིང་གསལ་བས་ཡེ་ཤེས་ཀྱི་སྣང་བ་སྐྱེ་བའོ། །བཞི་པ་ཞེས་པ་ནི་རྟགས་ཀྱི་རིམ་པའོ། །སྒྲོན་མེ་འབར་བ་ལྟ ་བུར་གསལ་བ་ཡིན་ཞེས་པས་།དེ་ལྟ་བུའི་མཚན་མ་འབྱུང་བའོ། །ཡང་ན་སྒྲོན་མེ་འབར་བ་ལྟ་བུ་ནི་གཟུགས་ལ་སོགས་པ་རབ་ཏུ་གསལ་བ་སྟེ་། ཡུན་རིང་དུ་གནས་པ་ཉིད་ལ། དེའི་རྐྱེན་ཚོགས་པ་སྤངས་ན་ནི་དེ་ཡང་མེད་ནས་འགྲོ་བ་ཉིད་དེ། དེ་ནི་མི ་དགེ་བའི་བཤེས་གཉེན་གྱིས་ཟིན་པས་རབ་ཏུ་ཉམས་པའོ། །མཚན་མ་ལྔ་པ་གསུངས་པ། །མཚན་མ་ལྔ་པ་ཞེས་པ་ལ་སོགས་པ་སྟེ། སྟོན་ཀའི་ནམ་མཁའ་ཨི་སྤྲིན་མེད་པའི་དཀྱིལ་ལྟ་བུར་གསལ་བར་སྣང་བ་ཡིན་ཏེ། ཡེ་ཤེས་ཀྱི་རང་བཞིན་ཉིད་དོ། ། ་རྣམ་པར་མ་བརྟགས་པར་ཤེས་པ་རྟོགས་པ་གཉིས་པ་སྤངས་བ་སྟེ། རྟོག་པ་ལྔ་པ་སྐྱེ་བའོ། །དེ་ལྟ་བུའི་ཞེས་པ་རིམ་པ་དེའོ། །མཚན་མ་ཐོབ་ནས་ནི་ཞེས་པས་རྟགས་ལྔ་པོ་རྣམས་སོ། །ཕྱག་རྒྱ་ཆེན་པོ་ཞེས་པས་མཧཱ་མུ་དྲ་ཞེས་པ་སྟེ། མུ ་ཞེས་པ་དགའ་བ་ཡིན་ལ་།དྲ་ཞེས་པ་དེ་འཛིན་པ་སྟེ། མཧཱ་ཞེས་པ་ཆེན་པོ་སྟེ་། ཐོབ་པར་བྱ་བའི་གནས་སོ། །ཐོབ་པར་འགྱུར་བ་ཡིན་ཞེས་པ་ཡིན་ཞེས་པ་ནི་ཚེ་འདི་ཉིད་ལ་འབྱུང་བའོ། བྱ་བ་གཞན་གསུངས་པ། ལྡང་བར་འདོད་ན་ཞེས་པ ་ལ་སོགས་པ་སྟེ། ལྡང་བར་འདོད་ན་དང། བྱ་བ་བསྒྲུབ་བྱ་དང། གནས་ཞེས་པ་དང་འབྲེལ་བའོ། །ལྡང་བར་འདོད་ན་ཞེས་པ་ནི། རྣལ་འབྱོར་པ་དེ་ཉིད་དོ། །རྣལ་འབྱོར་མ་དང་ཞེས་པས་ལྷ་མོ་ལ་ཕྱག་བྱེད་པའོ། །མགོར་གནས་པའི་ཞེས་པ་ནི་སྤྱི ་བོར་གནས་པ་སྟེ། བླ་མའོ། །མགོན་ལ་བཏུད་ནས་ཞེས་པས་བླ་མ་དང་ལྷ་ལ་ཕྱག་འཚལ་ལོ། །ཡི་གེ་མུ:ནི་རབ་བརྗོད་པས་མུ:ཱི་རྣམ་པའི་སྔགས་བརྗོད་ནས་གཤེགས་ཏེ། གཤེགས་གསོལ་མ་བྱས་པར་བྱ་བ་གཞན་མི་བྱེད? ་པའི་དོན་ཏོ། །བྱ་བ་བྱེད་པའི་དུས་སུ་ཇི་ལྟར་བསྒོམ་ཞེ་ན། ལངས་ནས་ཞེས་པ་མཉམ་པ་དེ་ལས་སོ། །དེ་ཉིད་བློ་ཡིས་ཞེས་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཤེས་རབ་ཀྱིས་ངེས་པར་འབྱེད་པའི་དོན་ནོ། །བྱ་བ་བསྒྲུབ་བྱ་ཞིང་ཞེས་ཐུན་མཚམས ་ཀུན་ཏུ་སྤྱོད་པའོ། །རྣལ་འབྱོར་རིག་པས་ཤེས་དེའི་སྦྱོར་བ་ཤེས་པས་སོ། །རྟག་ཏུ་ཞེས་པས་དུས་ཐམས་ཅད་དུའོ། །རྣལ་འབྱོར་ལྡན་པས་གནས་བཤད་པ་ལ་གང་ཞིག་བཅོམ་ལྡན་འདས་མའི་ཆོས་འབྱུང་གི་ནང་དུ ་ཆོས་འབྱུང་གི་འཁོར་ལོ་ལ་བཾ?་ཡི་གེ་ལ་ཨཱ་ལི་དང་ཀཱ་ལིས་བསྐོར་བ་དེ་ཡང་འབར་བའི་གཟུགས་ཅན་དང་པོ་བལྟས་ནས་དེ་ནས་བཾ་གི་ནཱ་དེའི་འོད་པདྨའི་སྐུད་པ་ལྟར་ཕྲ་བས་སྤྲུལ་པ་དང། ཆོས་དང་ལོངས་སྤྱོད་ཀྱི་རང་བཞིན་གྱིས་འཁོར་ལོ་གསུམ་ཕུག་ནས ་འགྲོ་བ་ཡིས་བསིལ་བའི་རྒྱུན་གྱིས་སྒོ་ལ་བདེ་བ་ཆེན་པོ་མངོན་དུ་ཕྱོགས་པར་བྱས་ནས་དེའི་རྣལ་འབྱོར་ལ་དམིགས་པར་བརྗོད་པའོ། །རྣལ་འབྱོར་ལྡན་པས་ཞེས་པ་ལ་ཡོ་ག་ཡུ་ག་ཞེས་པའི་སྒྲ་སྟེ། དེ་ནི་རྣལ་འབྱོར་ལྡན་པ་འམ་གཉིས་པ ་ལ་འགྲོ་བའོ། །དེ་ལྟར་ལྡན་ནི་བཤད་པ་སྟེ། དེ་ལ་རྣལ་འབྱོར་གཅིག་ཏུ་བརྗོད་པས་སོ། །བདག་གི་བླ་མ་དམ་བའི་ལུགས་ནི་དེ་ལྟར་མ་ཡིན་ནོ། ། བ་དྷཱུ་ཏི་པའི་སྒྲུབ་ཐབས། དང་ཡང་འགལ་ཏེ། ཕྱག་རྒྱ་གཉིས་པའི་རྣལ་འབྱོར་གྱིས། ཁམས ་གསུམ་ཀུན་ཡང་འགྲུབ་པར་འགྱུར་ཞེས་སོ། །དེས་ན་རྣལ་འབྱོར་ལྡན་པས་གནས་ཞེས་པ་ནི། ཕྱག་རྒྱ་གཉིས་རབ་ཏུ་སྦྱོར་བ་དེ་ལྟར་དུས་ཀུན་ཏུ་གནས་ཤིང་རྟེན་པའོ། །དེ་ལྟར་འཁོར་ལོ་དང་བཅས་པའི་ལྷ་མོ་དང། གཏུམ་མོ ་བསྒོམ་པར་བྱ་བའི་དོན་ནོ། །ཡང་ན་རྒྱུ་འབྲས་ཀྱི་རྣམ་པར་དག་པས་འདིར་གཏུམ་མོའི་རྣལ་འབྱོར་གཉིས་བྱ་བ་ཉིད་དེ་དེ་ལྟར་དེ་མཐོང་བ་ལས་བསྒོམ་པར་བྱའོ། །དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པའི་འགྲུབ་པའི ་འགྲེལ་པ་ལས་བསྒོམ་པའི་ཆོ་གའོ།། །།སློབ་མ་རྗེས་སུ་གཟུང་བ་གསུངས་པ། སློབ་མས་ཞེས་པ་ལ་སོགས་པ་ནས། །སྔགས་པས་རྗེས་སུ་བཟུང་བར་བྱ་ཞེས་པ་དང། འབྲེལ་པས་སློབ་མས་མཎྜལ་ཞེས་པས ་བྱེད་པ་པོས་མཎྜལ་བྱས་ནས་བླ་མ་ལ་དབུལ་ལོ། །ཞབས་པད་ལ་ཞེས་པས་ཞབས་འོག་ན་ཡོད་པའི་པདྨ་ལ་གཏུགས་པའོ། །འདོད་པས་ཞེས་པས་དད་པ་དང་ལྡན་པ་དེའོ། །གསོལ་བ་བཏབ་ཅེས་པས་བླ་མ་ལ་ཞུས་པའོ། །མང་དུ་བཏབ ་གྱུར་པའི་ཞེས་པས་ལན་གསུམ་ལ་སོགས་པའོ། །སྔགས་པ་ཡིས་ནི་ཞེས་པས་བླ་མའོ། །དུས་ནི་ཚེས་བཅུ་པ་དག་ལས་ཞེས་པས་ནག་པོའི་ཕྱོགས་ཀྱི་བཅུ?་བ་སྟེ། གཞན་དུ་དེའི་དུས་མ་ཡིན་པའི་དབང་དུ་བྱས་པའོ། །རྣལ་འབྱོར་མ་ལ ་དམིགས་པའི་རང་བཞིན་བྱས་ནག་པོའི་ཕྱོགས་འདིར་བསྔགས་པར་གསུངས་པའོ། །དེ་དག་རྣམས་ནི་སློབ་མ་རྣམས་སོ། །གཟུང་བ་ནི་བླ་མས་སོ། །བླ་མས་ཅི་བྱ་ཞེ་ན། རྣལ་འབྱོར་བྱས་ནས་ཞེས་པ་ལ་སོགས་པ་ནས་ཀུན་ཏུ་བླངས་ཏེ་ཞེས་པ་དང ་འབྲེལ་པས་རྣལ་འབྱོར་བྱས་པས་ཞེས་པས། ཕྱི་འམ་ནང་གི་བདག་ཉིད་ཀྱི་ཤེས་རབ་མའི་སྦྱོར་བ་དང་ལྡན་པའི། དང་པོར་མྱོས་བྱེད་ཅུང་ཟད་བཏུང་བར་བྱས་ཏེ། དེས་སེམས་པ་དཔའ་བར་བྱས་ནས་རྣལ་འབྱོར་རྟོག་པའི་ཐམས་ཅད་རིང་དུ་སོང ་བའི་སྟོང་པ་ཉིད་ཀྱི་དོན་གསལ་པའི་ཤེས་རབ་དང་སྦྱོར་བ་ལས་སྐྱེས་དགའ་པའི་མཆོག་ཏུ་བྱས་པ་ནི་མན་ངག་གི་ལུགས་སོ། །སྔགས་ཀྱི་རང་བཞིན་ཞེས་པས་སྔགས་བཏུབ་ལས་འབྱུང་བའི་རང་བཞིན་དེའོ། །ལྷ་མོའི་འཁོར་ལོ་ཞེས་པ་སན་དྷུ་ར་དང ་བཅས་བའི་མེ་ལོང་གི་མཐིལ་ལ་བྲིས་པའི་ཟུར་གསུམ་པའི་འཁོར་ལོར་གནས་པ་དེའོ། །དེ་བཞིན་དུ་གསུངས་པ། པདྨ་འདབ་མ་གསུམ་པའི་དབུས་སུ་ནི་རྡུལ་བྲལ་ཕྱེ་མ་སིན་དྷུ་ར་བྱུགས་ཏེ། སྔགས་ཀྱི་རང་བཞིན་མངོན་དུ་ཕྱོགས་པ་ལ། མཆོད་བཅས ་དེ་ཡང་བླ་མ་བྱོན་ནས་ནི། །འདི་ནི་བདག་གི་བླ་མ་དམ?་པའི་གསུངས། །སྒྲུབ་པའི་ཐབས་ནི་མི་འཇོམ་པ་ལས་སོ། །བདག་ཉིད་ཅེས་པ་སྔགས་དེ་ཉིད་ལའོ། །མཆོད་ཅིང་ཞེས་པ་ལྷ་མོ་ལ་མཆོད་པའོ། །བཟླས་པ་བྱས་པ་ཞེས་པས་ཡི་གེ་གསུམ་གྱིས ་བྱིན་གྱིས་བརླབ་པའོ། །དང་པོ་མཆོག་ཅེས་པ་མྱོས་བྱེད་ཀྱིས་སློབ་མ་མཉེས་པར་བྱ་བའི་དོན་དུ་རང་གི་སྣོད་དེ་ཉིད་བཟུང་ནས་ཕྱི་རོལ་ཏུ་བྱུང་ནས་བྱེད་པའི་དོན་ཏོ། །ཀུན་ཏུ་བླངས་ཏེ་ཞེས་པ་ལག་པ་བཟུང་ནས་སོ། །དེ་ནས་ཞེས་པ་མཎྜལ་ལྔ ་བྱེད་པ་མན་ངག་གི་ལུགས་སོ། །གཞན་དུ་བརྒྱུད་པ་འགའ་ཞིག་ན་མཎྜལ་ལྔ་དེ་བཞིན་གཤེགས་པ་ལྔར་བལྟ་ཞིང་དེ་ལ་མཆོད་པ་བྱས་ནས་སློབ་མ་གཞན་དུ་འཇོག་པའོ། །ཡོན་ཕུལ་ནས་ནི་འབྲུ་དང་གསེར་དང་བྲན་པོ་དང་བྲན་མོ་དང། རང་གི་ལུས་ཀྱང ་དབུལ་བ་སྟེ། དེ་ནས་བདག་ཏུ་མི་འཛིན་པའོ། །མདུན་དུ་འགྲེང་འགྱུར་ཞེས་པ་སློབ་མ་ལ་སོགས་པའོ། །མེ་ཏོག་ཕྲེང་འཛིན་ཞེས་པ་ལག་པ་གཉིས་ཐལ་མོ་སྦྱར་ནས་ཅུང་ཟད་ཁ་ཕྱེ་བས་མེ་ཏོག་གི་ཕྲེང་བ་འཛིན་པའོ། །སློབ་མའི་མགོ་བོ་ནི་གོ་བར་ཟད་དོ།། ་མགོན་པོ་བསྒོམས་ནས་ཞེས་པས་དེ་བཞིན་བསམ་པའི་སློབ་མའི་སྤྱི་བོར་བླ་མ་བསྒོམ་པའོ། །བླ་མས་བལྟས་པར་བྱ་ཞེས་པ་ཡེ་ཤེས་འབེབས་པ་ལ་སོགས་པ་བྱ་བའི་དོན་དུའོ། །བྱ་བ་གཞན་ཡང་གསུངས་པ། དེའི་རྗེས་ལ་ཞེས་པ་ནས་མྱོས་བྱེད་སློབ ་མ་ལ་བླ་མས་སྦྱོར་བར་བྱ་ཞེས་པས་འབྲེལ་བས། ཇི་སྐད་བརྗོད་པའི་ལྷ་མོ་དང་ཞེས་པས་སྔར་བསྟན་པ་ལྟར་རོ། །འོད་ཟེར་འབར་བ་ཞེས་པ་བསྒོམ་པར་བྱ་བ་ཉིད་དོ། །འཁོར་ལོ་ཞེས་པས་སིན་དྷུ་རའི་དུས་ཀྱི་འཁོར་ལོ་ཟུར་གསུམ་པ་དེའོ། །ཤུགས་ལྡན་པ་ཞེས ་པས་དྲག་ཏུ་འཁོར་བའོ། །ཉེ་བར་གནས་པའི་ལུས་ལ་ཞེས་པ་སློབ་མའི་ལུས་སོ། །བསམ་ནས་ནི་ཞེས་པས་བསྒོམ་པར་བྱ་བ་ཉིད་དོ། །སློབ་མའི་ལྟེ་བའི་འོག་གི་ཆོས་འབྱུང་ལ་བསམ་པ་གདམས་ངག་ཏུ་ཤེས་པར་བྱའོ། །ལྷ་མོ་དང་ཞེས་པ་དང ་འཁོར་ལོ་ཞེས་པའི་ཚིགས་བཅད་ནི་བླ་མ་མི་གསུངས་བས་མི་བི་ལ་འཁོར་ལོ་ལ་སོགས་པའི་གདམ་ངག་བྲི་བར་བྱ་སྟེ། དང་པོ་མེ་ཏོག་དམར་པོས་མཆོད་པར་བྱ་བ་ནི། །འཁོར་ལོ་མིང་མེད་ཀྱིས་ནི་བྲི་བར་གསུངས་པ་སྟེ། དེ་ལྟར་ཟུར་གསུམ་དུ་ནི ་བརྗོད་པར་བྱ་བ་ཉིད། །བཾ་བཅས་སོར་གསུམ་ཚད་དུ་འབར་བའི་རྣམ་པའོ། །སིན་དྷུ་ར་ཡི་དུས་སུ་པར་འདབ་གསུམ་པ་སྟེ། སྔགས་ཀྱིས་གང་བའི་གྲངས་ནི་མདའ་དང་མེ་ཉིད་དོ། །ལྟེ་བར་བམ་གི་རྣམ་པ་ལྡན་པ་དེ་ཡིན་ནོ། །ཕྱོགས་བཞི་རྣམས་སུ་བཀྲ་ཤིས ་བྲི་བར་བྱ། །དཔལ་ལྡན་རྡོ་རྗེ་ལྷ་མོའི་པདྨའི་ནང་ཉིད་དུ། ཆོས་ཀྱི་འབྱུང་གནས་ནང་དུ་སྔགས་ཀྱི་འཁོར་ལོ་ནི། ཇི་ལྟར་གསུངས་པ་དེ་ཡང་ཟུར་གསུམ་ཉིད་ཡིན་ཏེ། །རབ་ཏུ་འཁོར་བས་མི་ཤེས་པ་རྣམས་འཛེམས། །འབེབས་པའི་ཆོ་ག་སློབ ་མའི་པདྨ་ཡང། །དེ་ནི་བླ་མས་ལྟེ་བའི་འོག་ཏུ་བསྒོམ། །གང་ཞིག་སྔགས་ཀྱིས་གང་བ་དེ་ཡང་ཟུར་གསུམ་ལ། ཟུར་དྲུག་ལ་སྒོམ་པའི་ལུགས་འདི་ཤིན་ཏུ་དམན་པའོ། །གང་དུ་ལྷ་མོ་གཅིག་ཏུ་ཡོད་པ་འབྲིན?་ཡང། ཐང་སྐུ་མཚོ་སྐྱེས་འདབ་མ་གསུམ ་པའི་དབུས་སུ་བྱ། ཡང་ན་ལྷ་མོ་དྲུག་གིས་བརྒྱན་པར་གྱུར་པ་ན། །ཟུར་གསུམ་འདི་ཡང་ཡིན་ཏེ་གཉིས་པ་མཐོང་བས་སོ། །ཡང་ནས་ལ་དཀྱིལ་འཁོར་བྱེད་པའི་དུས་སུ་ཡང། །བརྒྱུད་པ་གསུངས་པས་ཟུར་དྲུག་ཆུ་སྐྱེས་ལ། །ཟུར་དྲུག ་ཏུ་ནི་ལྷ་མོ་རྣམས་ལ་མཆོད་པའོ། །ཤར་ལ་སོགས་པའི་ཕྱོགས་སུ་བཀྲ་ཤིས་དཀྱིལ་དགོད་ཅེས་སོ། །ཡེ་ཤེས་འབེབས་པའི་མཚན་ཉིད་གསུངས་པ། མཐར་གྱིས་ཞེས་པ་ལ་སོགས་པ་ནས་སློབ་མ་དེ་ལྟར་བབས་པ་དེ་ལ་ནི། ལྷ ་མོའི་བྱིན་བརླབས་འབྱུང་བར་འགྱུར་ཞེས་པ་དང་འབྲེལ་ལོ། །མཐར་གྱིས་ནི་ཞེས་པ་ནི་ཟིན་པའི་དེ་མ་ཐག་ཏུའོ། །དེ་ལྟར་བབས་པ་དེ་ལ་ཞེས་པས་སློབ་མ་དེ་ལའོ། །མཚན་ཉིད་རང་གང་ཞེ་ན། སྤུ་ལྡང་བ་དང་ཞེས་པ་ལ་སོགས་པ་སྟེ། ་སྤུ་ལྡང་བ་ནི་བ་སྤུ་གྱེན་ལ་ལངས་པའོ། །རབ་ཏུ་འདར་ཞེས་པ་ལུས་ལ་རང་དབང་མེད་པས་འདར་བའོ། །མཆི་མ་འབྱུང་བ་དང་ནི་ཞེས་པས་རང་བབས་སུ་བྱུང་བའོ། །དགྱེལ་བ་ཞེས་པས་གཡས་གཡོན་ལ་སོགས་པའོ། །ཡེ་ཤེས ་སྐྱེས་པའི་རང་བཞིན་ཞེས་པས་འདིས་མ་འོངས་ད་ལྟར་ཤེས་པ་ཐོབ་པའོ། །འབྱུང་བར་འགྱུར་བ་ཞེས་པས་སློབ་མའོ། །ཐམས་ཅད་ཀྱི་གཏམ་དྲི་མ་པ་ལ་སོགས་པ་བཏུབ་པ་འབྱུང་བའོ། །ཡང་མཐར་གྱིས་ཞེས་པས་དེ་ལྟར ་ཕེབས་པར་སློབ་མ་ལ་བྱང་ཆུབ་ཀྱི་རང་བཞིན་འབྱུང་བས་ཕེབས་པས་དེ་ལ་ཡེ་ཤེས་སྐྱེ་བའི་དོན་ཏོ། །སློབ་མ་རྗེས་སུ་བཟུང་བ་ཡེ་ཤེས་མ་ཕེབས་པར་མི་བྱ་བའོ། །བྱ་བ་གཞན་གསུངས་པས། དེ་རྗེས་ཞེས་ལ་སོགས་པས་སློབ་མ་བརྟག ་པ་དང། བླ་མའི་ཏིང་ངེ་འཛིན་དང་འདྲེལ་ལོ། །དང་ལྡན་ཞེས་པས་དཀོན་མཆོག་གསུམ་དང། ལས་རྒྱུ་འབྲས་ལ་ཡིད་ཆེས་པས་སངས་རྒྱས་ལ་སོགས་པ་དང། སྡིག་པ་དང་བསོད་ནམས་ལ་སོགས་བ་བདེན་པར་འདོད་པའི་བག་ཆགས ་མཆོག་ཏུ་གྱུར་པའི་དོན་ཏོ། །ཡོན་ཏན་དང་བཅས་ཞེས་པས་གཞན་ཡང་ཡོན་ཏན་དུ་མ་དང་ལྡན་པའོ། །བླ་མ་སངས་རྒྱས་གཉིས་མེད་གུས་པ་ལས་ཞེས་ཡང་དག་པར་བླ་མ་དང་སངས་རྒྱས་གཉིས་སུ་མེད་པར་གུས་པར་བྱེད་པའོ། །དེ་བཞིན ་དུ་གསུངས་པ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱིས་བྱེད་པ་བླ་མ་ཏེ། །བླ་མ་རྡོ་རྗེ་འཆང་དབྱེར་མེད་།ཅེས་སོ། །འདིར་ཡང་མགོན་པོས་མགོ་མཚན་ཞེས་གསུངས་པས། །རྣམ་པར་སྣང་མཛད་ཀྱི ་གནས་སུ་བླ་མ་སྒོམ་པའོ། །རྡོ་རྗེ་ཡིས་ནི་རྣལ་འབྱོར་མ་རྣམས་ཀྱི་ཞེས་པས་འདིའི་སྒོར་ཞུགས་ནས་སོ། །ཏིང་ངེ་འཛིན་མཆོད་དང་སྔགས་རྣམས་བརྗོད་པར་བྱ་ཞེས་པས། །བསྒོམ་བྱ་དང་མཆོད་པའི་རིམ་པ་སྔགས་ཀྱང་མཉས་པར་བྱེད ་པའི་ཕྱིར་སློབ་དཔོན་གྱིས་བརྗོད་པར་བྱའོ། །དགག་པར་བྱ་བ་གསུངས་པ། དད་པ་དང་ནི་ཞེས་པ་ལ་སོགས་པ་ནས་འདི་ནི་བརྗོད་པར་མི་བྱའོ་ཞེས་པ་དང་འབྲེལ་ལོ། །དེ་དག་གསལ་བར་མི་བརྗོད་པའི་དོན་ཏོ། །གང་མི་བརྗོད་ཅེས་ན། དད་པ་དང ་ནི་རྣམ་པར་བྲལ་བའི་ཞེས་པས་བླ་མ་ལ་སོགས་པ་ལ་མ་དད་པའོ། །གུས་པ་རྣམ་པར་ཉམས་པའི་སློབ་མ་ལ་ཞེས་པས་།བླ་མ་དང་སངས་རྒྱས་ལ་གུས་པར་མི་བྱེད་པའི་མི་དེ་ལའོ། །ཡིད་ཆེས་འཕྲལ་བསྐྱེད་པ་ད་ལྟ་ཉིད་དུ་ཡོན་ཏན་འབྱུང་བའོ། ། ་ཤིན་ཏུ་རྣམ་དག་ཅེས་པས་ཡང་དག་པའི་དོན་ཏོ། །རྣལ་འབྱོར་འདི་ནི་ཞེས་པ་རིམ་པ་འདི་ཉིད་དོ། །བརྗོད་པར་མི་བྱ་སྟེ་གོང་མ་དང་འབྲེལ་པའོ། །ཕན་ཡོན་གསུངས་པ། གང་ཞིག་ཅེས་པ་ནས་འཇིགས་པ་རྣམས་དང་ཞེས་པ་དང། འཇིག་པར ་འགྱུར་ཞེས་པ་དང་འབྲེལ་ལོ། །དང་པོར་འཇིགས་རྣམས་ཉམས་པའི་རྒྱུ་གསུངས་པ་ནི། གང་ཞིག་སྔགས་དང་བཅས་བར་གྱུར་པའི་ཞེས་པས་ལྷའི་སྔགས་རྣལ་འབྱོར་མ་དྲུག་གི་སྔགས་དང་བཅས་པའོ། །ཡང་ན་སྔོན་དུ་གསུངས་པའི་སིན ་རྒྱུར?་དང་བཅས་པའི་སྔགས་ཀྱིས་ཡོངས་སུ་གང་བའི་འཁོར་ལོ་ཟུར་གསུམ་པ་ལ་མཆོད་པའོ། །ལྷ་མོའི་འཁོར་ལོ་ཡང་དེ་ཉིད་དོ། །རྣལ་འབྱོར་པ་གང་ཞིག་གིས་བཅོམ་ལྡན་འདས་མའི་ལྷ་མོ་དྲུག་གི་འཁོར་ལོ་ལ་མཆེད་པ་བྱེད་པའི་དོན་ནོ།། ་འཇིགས་པ་གང་ཞེ་ན། དེ་ལ་ཞེས་པས་རྣལ་འབྱོར་དེ་ལའོ། འཇིགས་པ་ཆེན་པོ་བརྒྱད་པོ་རྣམས་དང་ནི་ཞེས་པས། སེངྒེ་དང་གླང་པོ་ཆེ་དང། མེ་ལ་སོགས་པའི་འཇིགས་པ་རྣམས་སོ། །སྡིགས་པ་ཆེན་པོ་རྣམས་དང་ཞེས་པས་མཚམས ་མེད་པ་ལྔ་ཡང་སྤོང་བའོ། །སྐལ་ངན་དང་ཞེས་པས་འཇིག་རྟེན་པ་རྣམས་དང་མི་མཐུན་པའོ། །ཕན་ཡོན་གཞན་ཡང་གསུངས་པ། དབུལ་བ་དང་ཞེས་པ་ནོར་མེད་པའོ། །ནད་དང་ཞེས་པས་མཛེ་ལ་སོགས་པའོ། །རྒས་པ་དང་ཞས་པ་སྐྲ་དང ་གཉེར་མས་གཏུགས་པའོ། །སྡུག་བསྔལ་ཞས་པས་ལུས་ལ་གནོད་པའོ། །ཡིད་མི་བདེ་བ་རྣམས་དང་ཞེས་པས་སེམས་ལས་བྱུང་བའི་སྡུག་བསྔལ་རྣམས་སོ། །འཁྲུལ་པ་དང་ཞེས་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པའི་བློའོ། །ཇི་ལྟར་མུ ་སྟེགས་པས་སེམས་ཅན་བསད་པས་མཐོ་རིས་ཐོབ་ཅེས་པའོ། །འཐབ་རྩོད་ཅེས་པ་ཕན་ཚུན་འགྱེད་པའོ། །ཉེས་སྐྱོན་ཞེས་པ་སྡིག་པའི་དྲི་མའོ། །ཡང་ན་སྙིགས་མའི་དུས་ཀྱི་སྐྱོན་རྣམས་སོ། །ཉོན་མོངས་ཞེས་པའི་འདོད་ཆགས ་ལ་སོགས་པའོ། །གདུང་བ་སྣ་ཚོགས་ཞེས་པའི་སྣ་ཚོགས་པའི་འབྱུང་པོ་དང། ཡི་དགས་ལ་སོགས་པའི་གནོད་པའོ། །འཇིག་པར་འགྱུར་ཞེས་པ་སྔོན་པོ་གསུངས་པའི་ཚིགས་བཅད་ཡང་འབྲེལ་བ་སྟེ། དེ་དག་མི་འབྱུང་བའོ། །ཕན་ཡོན་གཞན ་ཡང་གསུངས་པ། གང་ཞིག་ཅེས་པ་ནས་དངོས་གྲུབ་བརྒྱད་པའོ་ཞེས་པ་དང་ཐོབ་པར་འགྱུར་ཞེས་པ་དང་འབྲེལ་ལོ། །གང་ཞིག་ནི་རྣལ་འབྱོར་པས་སོ། །ཡིད་ལ་ཞེས་པ་སྙིང་པོའི་ཡིད་ཀྱིས་བྱེད་པའོ། །འཁོར་ལོའི་གསང་སྔགས་ཞེས་པ ་གོང་དུ་བསྟན་པ་ལྟ་བུའོ། །བསྒོམས་ནས་ཞེས་པ་རིམ་པ་ལྟར་རོ། །འགོག་པའི་ཆིག་ཅེས་པས་ངག་ཏུ་བརྗོད་པ་སྤངས་པས་སོ། །ཟློས་བྱེད་ཅེས་པས་སྙིང་པོ་ཡིད་ལ་བཟླས་པ་སྟེ། འཁོར་ལོ་དང་བཅས་པར་བསྒོམས་ནས་སོ། །དངོས ་གྲུབ་བརྒྱད་པོ་རྣམས་དང་ཞེས་པས་མིག་སྨན་དང་རིལ་བུ་ལ་སོགས་པའོ། །མངོན་ཤེས་ལྔ་ཞེས་པས་ལྷའི་མིག་དང། ལྷའི་རྣ་བ་དང། ནམ་མཁའ་ཨི་རྫུ་འཕྲུལ་དང་གཞན་གྱིས་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའོ། །དེ་བཞིན ་ཡོན་ཏན་ཞེས་པས་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །ཡང་ན་ཆོས་འཕྲུལ་ཏེ་མུ་སྟེགས་ཀྱི་ཡོན་ཏན་བརྒྱད་པོ་ལྟ་བུའོ། །འཐོབ་པར་འགྱུར་བ་སྟེ། སྒྲུབ་པ་པོས་སོ། །གཞན་ཡང་ཕན་ཡོན་གསུངས་པ། ཉིན་རེ ་བཞིན་ཞེས་པ་ལ་སོགས་པས་སློབ་བྱེད་པའི་ཞལ་ནི་བསྒོམ་པ་ཞེས་པ་དང་འཆི་བ་ལས་རྒྱལ་བར་འགྱུར་ཞེས་པས་སོ། །དེ་ལ་ཉིན་རེ་ཞེས་པས་དུས་རྟག་ཏུ་བྱེད་པའོ། །ཐུན་རེར་ཞེས་པས་སྔ་དྲོ་ཉིན་ཕྱེད་ན་ཡང་བྱེད་པའོ།། ་འབད་ནས་ཞེས་པས་མཆོད་པ་ལ་སོགས་པ་རྒྱུན་མ་ཆད་པར་རོ། །སེང་གེ་ནི་ཁྱབ་འཇུག་གོ། འཕྲོག་བྱེད་ནི་དབང་ཕྱུག་ཆེན་པོའོ། །དབྱིག་གི་སྙིང་པོ་ནི་ཚངས་པའོ། །འཆི་བ་ཞེས་པ་ནི་ཁྱབ་འཇུག་ལ་སོགས་པས་ཀྱང་ཐུབ་པར་དཀའ་བའི ་འཆི་བ་ལས་རྒྱལ་བར་འགྱུར་བའོ། །ཐུབ་པར་དཀའ་པའི་ཞེས་པ་གོ་བར་ཟད་དོ། །གཞན་ཡང་གསུངས་པ། འཁོར་ལོ་དང་བཅས་པ་ཞེས་པ་ལ་སོགས་པ་ནས་རྡོ་རྗེ་ཕག་ཞལ་ཅན་འདི་གང་ཞིག་སྒོམ་བྱེད་པ་དེ་ལ ་བུད་མེད་རྣམས་དང་ཞེས་པ་དང། བསྒྲུབ་བྱ་རྣམས་ཀྱང་འབྱུང་ཞེས་པར་འབྲེལ་བའོ། །འཁོར་ལོ་དང་བཅས་ཞེས་པས་ཆོས་འབྱུང་གི་དབུས་སུ་སྔགས་ཀྱིས་གང་བའི་འཁོར་ལོ་བསྒོམ་པ་དེ་ལའོ། །དེ་ལ་བུད ་མེད་རྣམས་དང་ཞེས་པས་ཡིད་དུ་འོངས་པའི་གཞོན་ནུ་མ་ལ་སོགས་པའོ། །རིག་པ་ཞེས་པས་ལྷའི་ཡང་འདོད་པའི་ཡུལ་ལྟ་བུའོ། །སྣ་ཚོགས་ཞེས་པས་སྒེག་པ་དང་གླུ་དང་རོལ་མོ་ལ་སོགས་པའི་འདུ་བྱེད ་ལ་མཁས་པ་རྣམས་སོ། །གོས་དང་ཞེས་པས་ཁྱད་པར་གྱི་ན་བཟའ་རྣམས་སོ། །བཟའ་ཞེས་པས་ཟན་ལ་སོགས་པའོ། །བཏུང་ཞེས་པས་སྦྱར་ཆང་ལ་སོགས་པའོ། །ནོར་ནི་རིན་པོ་ཆེ་ལ་སོགས་པའོ།། ་འབྲུ་ནི་འབྲས་སོ་བ་དང་ནས་ལ་སོགས་པའོ། །ས་གཞི་ནི་མཆོག་ཏུ་སྐྱེ་བའི་ནོར་གྱི་རྒྱུན་འབྱུང་བའི་སའོ། །ཁང་བཟང་ཞེས་པ་རིན་པོ་ཆེའི་གཞལ་ཡས་ཁང་ལ་སོགས་པའོ། །ལྷ་རྫས་ཞེས་པས་ལྷའི ་ཡང་འདོད་ཡོན་ལ་སོགས་པའོ། །མལ་ཆ་ཞེས་པ་མཆོག་ཏུ་གྱུར་པའི་རིན་པོ་ཆེས་སྤྲོས་པའི་ཁྲིའུ་ལ་སོགས་པའོ། །སྟན་ཞེས་པས་སེངྒེ་ལ་སོགས་པའི་གདན་ཡིན་པའོ། །སྒྲུབ་བྱེད་རྣམས་ཞེས ་པས་རྟ་དང་གླང་ལ་སོགས་པ་མཁོ་བའི་ཡོ་བྱེད?་རྣམས་སོ། །དེ་ཁོ་ན་བཤད་པ་ཞེས་བྱ་བ་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པའི་གྲུབ་པའི་འགྲེལ་པ་ལས་སློབ་མ་རྗེས་སུ་གཟུང་བའི་ཆོ་གའོ། །དེ་ནས ་སྔགས་བ་ཏུ?་བ་ལ་སོགས་པ་ནི་དེ་ནས་ཞེས་པ་ནས་སྔགས་བ་ཏུ་བ་འདི་བརྗོད་པར་བྱ་ཞེས་པ་དང་འབྲེལ་བས། དེ་ནས་ཡེ་ཤེས་ཕབ་པའི་རྗེས་ཐོགས་ལའོ། །རྡོ་རྗེ་རྣལ་འབྱོར་མའི་ཞེས་པ་ལྷ་མོ་ཡིའོ། །དེའི་སྔགས་དེ་ཕག་མོའི ་སྙིང་པོའི་སྔགས་མངོན་དུ་བྱས་པའི་དོན་ཏོ། །ཐུགས་ལྟ་བུ་ཡིན་པས་ནི་སྙིང་པོ་ཞེས་བྱའོ། །མཆོག་ཏུ་གྱུར་ཞེས་པ་གཙོ་བོའོ། །རིམ་པ་བཞིན་ཞེས་པ་མཐར་གྱིས་འབྱུང་པའི་དོན་ཏོ། །རྣ་ནས་རྣ་དང་ཞེས་པས་རྣ་བ ་གཅིག་ནས་རྣ་བ་གཅིག་ཏུ་འོངས་པའི་དོན་ཏོ། །དངོས་བོར་བྲིས་པ་ཡང་མེད་པའོ། །དེ་བཞིན་དུ་ཞེས་པས་ལུགས་མ་ཡིན་པ་ཞེས་གཞན་དུ་གྱུར་པ་བཀག་པའོ། །ཞལ་ནས་ཞལ་དུ་ཞེས་པས་མར་མེ་གཅིག་ནས་མར་མེ ་གཅིག་ཆད་བ་ལྟར། །བླ་མ་གཅིག་གི་ཞལ་དུ་བརྒྱུད་པའོ། །འཁོར་ལོ་གསུངས་པ་སྔར་བརྗོད་ལྟ་བུ་ཞེས་པ་ལ་སོགས་པ་ནས་ཨཱ་ལི་ཞེས་པས་ཨ་དང་པོར་བྱས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ་།ཀཱ་ལི་ཞེས་པ་ཀ་དང་པོར ་བྱས་པའི་ཧའི་བར་གསལ་བྱེད་སུམ་སུ་རྩ་གསུམ་མོ། །དེ་བྲི་བར་བྱ་ཞེས་པ་དང་འབྲེལ་ལོ། །ཇི་ལྟར་བྱས་ཏེ་ཞེ་ན། སྔར་བརྗོད་ལྟ་བུར་འཁོར་ལོ་ལྷའི་ཞེས་པས་སྔར་བརྗོད་པའི་འཁོར་ལོ་ནི་ཆོས་འབྱུང་གི་རྣམ་པ་བྲིས་པའི་དབུས་སུ་འདི་ཉིད་? ་ཉིད་ཀྱི་དོན་ཏོ། །ལྟ་བུ་ཞེས་པའི་སྒྲས་ཆོས་འབྱུང་གི་རྣམ་པ་ཙམ་དུ་གོ་བར་བྱས་པ་ལས་སྔར་གྱི་འཁོར་ལོ་ལྷ་མོའི་སྔགས་དང་བཅས་པ་ནི་མ་ཡིན་ནོ། །ལྷའི་ཞེས་པས་རླུང་གི་བདག་ཉིད་དོ། །ཚོགས་ཀྱི་ཞེན་པས་རླུང་བཞི ་བཅུ?་རྩ་དགུའོ། །གནས་ཞེས་པས་གྲངས་ཏེ་རེའུ་མིག་གོ་།ལྡན་པ་བྲི་ཞེས་པ་ནི་ཡི་གེ་དང་བཅས་པ་སྟེ། རེའུ་མིག་བཞི་བཅུ་རྩ་དགུ་ཡང་ཆོས་འབྱུང་གི་རྣམ་པར་བྲིའོ། །དེ་ལྟར་དཔལ་སྡོམ་པ་ལས་གསུངས་པ། །སྣ?་ཚོགས?་ཐམས་ཅད་ཆོས ་འབྱུང་ལ་ཞེས་པ་།གཅིག་མ་ཚང་ཞེས་པ་ཀྵ་མེད་པ་སྟེ་།དེ་ཡང་ཥ་དང་ཀ་ཡིག་གཉིས་ལོག་པ་ལས་འདི་གྲུབ་པས་དེས་འདི་ཉིད་མ་གསུངས་པའོ། །རིམ་བཞིན་དུ་ཞེས་པ་མཛའ་མ་ནས་རིམ་པ་ལྟར་རོ། །གདམས་ངག་ལས་བྱུང་བའི་འཁོར ་ལོའི་རིམ་པ་ཡང་བྲི་བར་བྱ་སྟེ། ཟླ་བ་མེ་དང་མདའ་དང་ཐུབ་པ་ཉིད། །བུག་པ་དྲག་པོ་འདོད་པའི་རིམ་པ་ཡིས། །རེའུ་མིག་རྣམས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི། །རྣམ་པར་བྱས་ལ་མན་ངག་གིས་དགོད་དོ། །ཆོས་འབྱུང་དག་ཀྱང་བྲི་བའི་རྣམ་པ་ཡང། །ཐོག་མར་རི་མོ་གསུམ ་གྱི་རང་བཞིན་ལ། །གང་ལྟར་ཡོད་བཞིན་རི་མོའི་དབུས་སུ་ནི། །དེ་བཞིན་དུ་ཡང་རི་མོ་དྲུག་དྲུག་གོ་།འདི་ནི་བདུན་གྱིས་བདུན་བསྒྱུར་ལས། །ཁྱིམ་ནི་གཡས་སྐོར་གྱིས་ནི་བྲི། དང་པོ་རྩ་བར་ཨ་ཡིག་སྟེ། །ཡི་གེ་ཧ་ནི་དབུས་སུ་འགྱུར། །འདི་གསུམ་རྣམ་དག་ཡོན ་ཏན་གསུམ། །རླུང་ནི་རྣམ་དག་ཡི་གེ་ལ། །མདོར་ན་ཆོས་ཀྱི་འབྱུང་གནས་སུ། །རླུང་ནི་ཐིམ་པར་འདོད་བས་སོ། ། ཡིག་རང་བཞིན་ལྷ་མོ་ལ། །རྩ་བའི་གནས་སུ་རྣམ་པར་བཞག་།ཧ་ཡི་རང་བཞིན་བཅོམ་ལྡན་འདས། །ཧེ་རུ་ཀ་ནི་དབུས་སུ་བཞུགས་ཞེས་སོ།། ་སྔགས་ཏུ་བ་གསུངས་པ། ཛཧཱ་འོག་ཅེས་པ་ལ་སོགས་པ་ནས་དང་པོར་ཉིད་དུ་གསུམ་བྲི་བྱ་ཅེས་པ་དང་འབྲེལ་བའོ། །ཅེས?་ཏེ་ཞེ་ན། ཛཧ་འོག་ཌ་འོག་གནས་སྦྱར་བ་ཞེས་པས་ཛཧའི་འོག་ན་གནས་པ་ཨའོ། །ཌའི་འོག་ན་ཨུ་ཡིག་གོ་།ཧ་འོག་བརྟེན་པས ་རྣམ་པར་བརྒྱན་ཞེས་པ་ཧའི་འོག་ན་གནས་པས་དེ་སྤྱི་བོར་བརྒྱན་པའོ། །དེ་ཉིད་གསལ་བྱེད་ཅེས་པས་ཨ་དང་ཨུ་གཉིས་སྦྱར་བས་ཨོ་ཡིག་གོ་།མའི་ཡི་གེ་ཐིག་ལེའི་གནས་སུ་བཞག་ལ། ཟླ་ཚེས་ནི་མན་ངག་གིས་གོ་བར་བྱ་།དང་པོ ་ཉིད་དུ་ཞེས་པ་ཨོཾ་གྱི་ཡི་གེ་བྲི་བའི་དོན་ཏོ། །གསུམ་གསུམ་ཞེས་པས་ཨོཾ་ཨོཾ་ཨོཾ་ཞེས་སོ། །ཡིག་མཆོག་ཅེས་པར་ཐུན་མོང་མ་ཡིན་པའི་དོན་གོ་བར་བྱེད་པའོ། །ཟླ་ཚེས་དང་ཐིག་ལེ་ཡང་དག་པར་སྦྱར་བས་ཨུའི་རྣམ་བ ་རླུང་གི་རང་བཞིན་ཡང་ཨ་སྟོང་པ་ཉིད་དུ་ཐིམ་པར་བྱེད་པའི་དོན་ཏོ། །འདི་ནི་ཨོཾ་གྱི་སྒྲ་དོན་ཏེ་མན་ངག་གི་ལུགས་སོ། །གསུམ་དུ་བརྗོད་པ་ཉིད་ནི་ལུས་ངག་ཡིད་གསུམ་གྱི་རང་བཞིན་གཅིག་ཏུ་བྱེད་པའི་དོན་ཏོ། །དེ་ལ་འདིར་གསལ་བྱེད་ཅེས ་པས་དེ་ཁོ་ན་ཉིད་དུ་རབ་ཏུ་གསལ་བར་བྱེད་པའི་དོན་ཏེ། །གཞན་གསུངས་པ་བྷ་སྟེང་བརྟེན་དང་ཚ་སྟེང་གནས་པ་ནི་ཞེས་པ་ལ་སོགས་པ་ལ་།བྷ་ཡི་སྟེང་ནས་ཡིག་སྟེ། ཚ་སྟེང་གནས་པ་ཊ་སྟེ། གནས་དང་སྦྲེལ་ཞེས་པས་ཚའི་སྟེང་ནས? ་པ་ཡིན་ཏེ་ཊའི་སངྷ?་ན་གནས་པར་ཡིག་ལ་སྤྲེལ་ཞེས་པས་དེ་ཉིད་སྤྲེལ་བཱོ། །དེ་རྗེས་བྲིས་ཞེས་པས་སའི་རྗེས་སུ་བྲི་བའོ། །ཥ་འོག་བརྟེན་པ་ཌ་འོག་མར་བཅས་པ་ཞེས་པ་།ཥའི་འོག་ན་བ་ཡིག་ལ་ཌའི་འོག་ན་ཨུ་ཡིག་སྟེ། བཅས་ཞེས་པ་དང་དེ ་དང་ལྡན་པའོ། །ཤ་སྟེ་བརྟེན་པ་ཤ་སྟེ་གནས་དང་བཅས་པ་ཞེས་པ་ཤའི་སྟེང་ན་ད་ཡིག་ལ་བཅས་པ་དེ་དང་ལྡན་པས་ཥའི་སྟེང་ན་ང་ཡིག་ལ་བཅས་པ་དེ་དང་ལྡན་པས་ཥའི་སྟེང་ན་དྷ་ཡིག་གོ། བྲི་བར་བྱ་ཞེས་པ་ཐམས་ཅད་གོ་བར ་བྱའོ། གཞན་ཡང་གསུངས་པ། ལ་འོག་གནས་པ་ཉ་འོག་དང། ལྡན་པ་ཞེས་པས་།ལའི་འོག་ན་གནས་པ་ཌ་ཡིག་ལ་དེ་དང་ལྡན་པའི་ཉའི་འོག་ན་ཨཱ་ཡིག་གོ་།པ་སྟེང་ཌ་འོག་ལྡན་པ་དེ་རྗེས་བྲི་ཞེས་པ། པའི་སྟེང་ན ་གནས་པ་ཀ?་ཡིག་ལ་དེ་ལ་དེ་དང་ལྡན་པ་ནི་ཊའི་འོག་ཨི་ཡིག་སྟེ་དེ་རྗེས་བྲི་ཞེས་པའོ། །ཕ་སྟེང་སོན་པ་ཐ་འོག་དང་ལྡན་པ་ཞེས་པས་ཕ་ཡི་སྟེང་དུ་ན་ཡིག་ལ་དེ་ཡིས་སོན་པས་ཋའི་འོག་ན་ཨའིའོ། །ཧ་ཊ་བར་གནས་ཨི་གཡོན་དང ་བཅས་པ་ཞེས་པས། ཧ་དང་ཊའི་པར་གནས་པ་ཡ་ཡིག་ལ་།ིའི་གཡོན་ན་གནས་པ་ཨེ་ཡིག་སྟེ་དེ་དང་ལྡན་པའོ། །ཡང་གསུངས་པ་ས་ཙའི་དབུས་གནས་པ་དང་བྷ་འོག་ན་གནས་ཞེས་པས་ཙ་དང་ས?་ཡི་བར་དུ་ནི་བ་ཡིག་གེ་།བྷ་ཡི་འོག་ན་ཛ་ཡིག་ཡོད ་བས། གནས་པ་དྲ?་གཡས་དང་ནི་འབྲེལ་ཞེས་པས་ན་ར་ཡིག་ཡོད་པས་དེ་འབྲེལ་པས་ཞེས་པས་བྷ་འོག་གི་ཛ་དང་སྦྲེལ་བས་དེ་རྗེས་ལ་ཞེས་པས་བྲི་བ་སྟེ་།ཧ་ཐ་དབུས་སོན་ཞེས་པས་ཧ་དང་ཐའི་བར་ན་ཝ་ཡི་གེ་ལ་ཏ་གཡོན་བརྟེན་ཞེས་པས། ཏའི ་གཡོན་ན་ཎ་ཡིག་ལ་ཐ་དད?་པའི་དབུས་ན་གནས་པ་ཕྱི་ནས་དྲི་ཞེས་པ། ཋ་དང་ལའི་དབུས་ན་ར་ཡིག་སྟེ་ཕྱི་ནས་བྲི་ཞེས་པས་མནན་པའོ། །ཡང་གསུངས་པ་ཆ་ཀུན་གྱི་ནི་མཛའ་དང་པ་བར་མ་ཞེས་པས། ཆ་ཀུན་གྱི་མཛའ་ནི་ཨཱ:ཡིག་ལ་ཕ? ་དང་ཨ:ཱི་དབུས་སུ་ན་ཡིག་སྟེ། སྡེ་གསུམ་པའི་དང་པོ་གཡོན་ནས་འབྲེལ་ཞེས་པས་སྡེ་གསུམ་པའི་དང་པོ་ནི་ཌ་ཡིག་ལ་དེའི་གཡོན་ན་ཨའི?་སྟེ་དེ་དང་ལྡན་པའོ། །ལའི་འོག་ན་ཎ་སྟེང་དག་དང་ལྡན་ཞེས་པས་ལའི་འོག་ན་གནས་པ་ཡང་ཡིན་ལ་དེ ་དང་ལྡན་པའི་ནི?་ཎ་སྟེང་ན་ཨི་ཡིག་དང་ལྡན་པའོ། །ཚ་སྟེང་གནས་དང་ཞེས་པས་ཚ་ཡི་སྟེང་ན་ཨེ?་ཡིག་ལ། བྷ་འོག་ཋ?་གཡས་ལྡན་ཞེས་པས་བྷའི་འོག་ན་ཛ་ཡིག་ལ་ཐའི་གཡས་ནར་ཡིག་སྟེ་བྲི་བར་བྱ་ཞེས་པའོ། །ཡང་གསུངས་པ་ཥ་འོག ་གནས་པ་ཏ་སྟེང་དང་ལྡན་ཞེས་པས། ཥའི་འོག་ན་བ་ཡིག་ལ་ཏའི་སྟེང་ན་ཨེ་ཡིག་སྟེ་དེ་དང་ལྡན་པའོ། །ཎ་འོག་ཐ་སྟེང་དང་ལྡན་ཞེས་པས་ཎའི་འོག་ན་ར་ཡིག་ལ་ཐའི་སྟེང་ན་ཨོ་ཡིག་སྟེང་ན་ཨོཾ་ཡིག་སྟེ། དེ་དང་ལྡན་པ་ནི་ཕྱི་ནས་ཡིན་ཞེས་པའོ། །ཕ་འོག་བརྟེན ་དང་ཞེས་པས་ཕའི་འོག་ན་ཙ་ཡིག་སྟེ། ཕ་སྟེང་ཋ་འོག་མར་ལྡན་ཞེས་པས་ཕའི་སྟེང་ན་གནས་པ་ན་ཡིན་ལ། ཋའི་འོག་མ་ཨིའི་ཡིག་སྟེ་དེ་དང་ལྡན་པའོ། །ལ་འོག་ཎ?་སྟེང་ཞེས་པས་ལའི་འོག་ནས་ཡ་ཡིག་ལ་ཎའི་སྟེང་ན་ཨི་ཡིག་སྟེ་།དེ་དང ་ལྡན་ཉིད་དོ། །ཡང་བརྗོད་པ་ཝ་འོག་གནས་པ་ཌ་འོག་སྟོང་པ་ཙན་ཞེས་པས་ཌའི་འོག་ན་གནས་པ་ཨུ་ཡིག་ལ་སྟོང་པ་ཞེས་པ་ཐིག་ལེ་སྟེ། ཟླ་ཚེས་དང་བཅས་པ་གདམས་ངག་གོ་།དེ་གཉིས་དང་ལྡན་པའི་གསུམ་པོ་ནི་ཝའི ་འོག་ན་གནས་པའི་ཧ་ལ་སྤྱིན་པས་ཧ་ཡིག་ནི་གསུམ་དུ་བྱའོ། །ུ་ཡིག་ཐུང་བ་གསུམ་ཐིག་ལེ་དང་བཅས་པ་ཧ་ཡིག་ལ་བྱིན་པ་གསུམ་མོ། །གང་དུ་དཔལ་ཨ་བ་དྷཱུ་ཏཱི་པས་མཛད་པའི་སྒྲུབས་ཐབས་ཧཱུཾ་རིང་པོའི་རབ་ཏུ་བྱེད་པ་བརྗོད ་པའོ། །དེ་བཞིན་དུ་འདི་ནི་སྒྲུབ་ཐབས་ལོགས་པ་ཉིད་ཡིན་པས་སྐྱོན་དུ་འགྱུར་བ་མེད་དོ། །ཙ་སྟེང་ར་འོག་གནས་བཅས་ཞེས་པས་ཙའི་སྟེང་ན་གནས་པ་ཕ་ཡིག་ལ་རའི་འོག་ན་ཊ་ཡོད་པས་ཊ་ཡིག་དང། སྟེང་བཅས་ཤེས་པའོ།། ་གསུམ་ཞེས་པས་ཕཊ་གཅིག་བཏུས་པ་ལ་མན་ངག་གི་གོ་བར་བྱའོ། །ཤ་འོག་གནས་པ་ཐ་འོག་དང་ལྡན་ཞིང་ཞེས་པས་ཤའི་འོག་ན་ས་ཡིག་ལ་ཐའི་འོག་ན་ཝ་ཡིག་སྟེ། ལྡན་པ་ནི་ཉའི་འོག་མ་དང་ཡང་ལྡན་པ་ཡིན་ཞེས་པས་ཉའི ་འོག་མ་ཨཱ་ཡོད་པས་དེ་དང་ལྡན་པའོ། །ཡང་བརྗོད་པས་ཡི་གནས་ཞེས་པས་ས་དང་ཡིག?་བར་ན་ཧ་ཡིག་ལ་ཛཧའི་གཡོན་བཅས་ཞེས་པས་ཛཧའི་གཡོན་ན་ཨཱ་ཡིག་ཡང་པ་སྟེ་དེ་དང་ལྡན་པ་ཉིད་དོ། །གསང་ཆེན་ཡི་གེའི་རྣམ་པ་བརྗོད་གྱུར ་པ་ཞེས་པས་དེ་ལ་གསང་ཆེ་ནི?་མི་སྟོན་པར་རབ་ཏུ་སྤང?་པའོ། །དེས་ནི་མཆོག་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་སོ། །ཡི་གེ་རྣམ་པ་བརྗོད་གྱུར་པ་ནི་ཨཱ་ལི་དང་ཀཱ་ལིའི་སྙིང་པོ་དེ་ལས་བྱུང་བ་བརྗོད་པའོ། །གང་གི་ཞེ་ན་རྡོ་རྗེ་ཕག་མོ་སྟེ་རབ ་བསྔགས་མ་ལ་སོགས་པའོ། །རྣམས་ཀྱི་སྔགས་འདི་ནི་ཞེས་པ་ལྷ་མོ་དེ་དག་གི་སྔགས་སོ། །ཇི་ལྟར་བྱ་ཞེ་ན་བྲི་ཞིང་ཞེས་པས་སིན?་དྷུ་རའི་སྣོད་དམ་རིག་པས་བྲིས་པའི་སྣོད་ལའོ། །བརྗོད་ཅེས་པས་བསྒོམས་པས་ངལ་བའི་རྗེས ་ལ་བཟླས་པའོ། །བསྒོམས་པར་ཞེས་པས་ལྷ་མོའི་པདྨར་འཁོར་ལོ་བསྒོམ་པའོ། །བྱ་བ་ཡིན་ཞེས་པས་དུས་ཐམས་ཅད་དུ་མཉམ་པར་བྱེད་པའོ། །ཕན་ཡོན་བརྗོད་པས་ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་ནས་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། སྒྲུབ་ཐབས ་ན་བདེ་བའི་མཆོག་སྟེང?་ཞེས་པ་དང་འབྲེལ་ལོ། །ཡིད་བཞིན་ནོར་བུ་ནི་རིན་པོ་ཆེའི་ཆར་འབེབས་པའི་ཁྱད་པར་རོ། །དཔག་བསམ་ཤིང་ནི་འབྲས་བུ་ལ་དགོས་འདོད་འབྱུང་བའོ། །བུམ་པ་མཆོག་ཅེས་པས་བུམ་པ་བཟང་པོ་སྟེ། ཟད་མི་ཤེས་པའོ། །དཔལ་ལྡན ་ཞེས་དཔལ་ནི་ཕུན་སུམ་ཚོགས་པའོ། །འདོད་པའི་འོ་མའི་བ་ཡང་ཞེས་པས་གང་འདོད་པ་ཐམས་ཅད་འབྱུང་བའོ། །དེ་དག་བསྒྲུབས་པས་ཞེས་པ་བཞི་པོ་བསྒྲུབས་པས་འགྲུབ་ན་ཚེ་འདི་ལ་ནོར་སྟེང་བ་ཙམ་དུ་འགྱུར་བའོ། །འདིས་ནི་བདེ་བ་དང་བཅས་པའི་ནོར་སྟེར་རྣམས ་སྟེང?་བར་བྱེད་ཅེས་པས་འཇིག་རྟེན་དང་འདིས་འཇིག་རྟེན་ལས་འདས་པ་གཉིས་ཀའི་དོན་ཐམས་ཅད་གྲུབ་པར་འགྱུར་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པ་གྲུབ་པའི་འགྲེལ་པ་ལ་སྔགས་བཏུ་བའི་ཆོ ་གའོ།། །།མཆོད་པ་ཞེས་པ་ལ་སོགས་པ་ནས་གང་ཞིག་སྔགས་ཀྱི་རྒྱལ་པོ་གང་གི་སྤྱི་བོར་བཏགས་པས་དེ་ལ་བསྲུང་བར་འགྱུར་ཞེས་པ་དང་འབྲེལ་ལོ། །མཆོད་པའི་རྒྱུ་ཞེས་པས་སིན་དྷུ?་རལ་མཆོད་པ་བྱེད་པའི་དོན་དུའོ། །ཆོ་ག་ཞེས ་པས་ཆོ་གའི་རིམ་པ་མཉམ་པའོ། །མཁས་པ་ཞེས་པས་ལྷ་མོ་དེ་ཁོ་ན་ཉིད་ཤེས་པའོ། །སྣོད་ལ་བརྟེན་ཞེས་པས་སྣོད་ནི་མེ་ལོང་ལ་སོགས་པའོ། །བརྟན་པ་ནི་སིན་དྷུ་ར་བཟང་པོའོ། །གང་ལ་ཞེས་པ་སིན་དྷུ་ར་ཉིད་བསྲུངས་པར་བརྗོད་པའོ། །ཡང ་ན་སྣོད་ནི་གྲོག་ལ་སོགས་པའོ། །བརྟེན་པ་ནི་བསྲུང་བའི་དོན་དུ་འཁོར་ལོ་བྲི་བའི་དོན་ཏོ། །དེས་ནི་ཞེས་པ་བྲིས་པ་དེས་སོ། །ཇི་ལྟར་བྱ་ཞེ་ན་བཏགས་ཞེས་པས་གང་བསྲུང་བ་དེའི་ལུས་ལའོ། །གང་དུ་གདགས་ཤེ་ན། མགོ་དང་མགུལ་པ་དཔུང་པ་ ་ལ་ཞེས་ཕ་མགོ་ལ་སོགས་བ་རྣམས་སུ་གདགས་པའོ། །བྱིས་པ་ཚུལ་ཞེས་པས་འཆང་བ་པོ་ལ་སོགས་པའོ། །ཚུལ་བཞིན་ཞེས་པས་མཆོད?་ལྟ་རམ་བྱས་པའི་རྗེས་ལ་བྱའོ། །བསྲུང་བར་བྱ་ཞེས་པ་རྗེས་སུ་སྦྱིན་པའོ། །ཕན་ཡོན་ཡང ་གསུངས་པ། བསྲུང་བཅས་བྱིས་པ་མཐོང་ནས་ཀླུ་ལ་སོགས་པ་ཡང་སྐྲག་ནས་འབྱེར་ཞེས་པ་དང་འབྲེལ་ལོ། །ལྟོ་འཕྱེ་ཙམ་དུ་འབྱུང་པོ་དང་ཞེས་པས་མཁའ་ལ་རྒྱུ་བས་འཛིན་པའོ། །གདོན་དང་ཞེས་པ་ཀླུ་ལ་སོགས་པའོ། །མཚན་མོ་རྒྱུ་དང་ཞེས ་པས་ཉིན་པར་མི་རྒྱུ་བའི་རིགས་སོ། །ཤ་ཟའི་ཚོགས་བཅས་ཞེས་པས་མང་དུ་འདུས་པ་སྟེ། དེ་དག་ཀྱང་བྱེར་ནས་འགྲོ་བའོ། །གཞན་ཡང་གང་ཞིག་མ་རུང་པའི་སེམས་ཅན་ཏེ། བྱིས་པ་འཇིགས་པ་ཞེས་པས་བྱིས་པ་ལ་འཇིགས་པ་སྐྱེ་ཞིང་དེ ་དག་ཉམ་ཐག་པར་བྱེད་པའི་རིགས་སོ། །རབ་འཇིགས་ཞེས་པ་དེས་བས་གཞན་འཇིགས་པར་སྟོན་པའོ། །དེ་དག་ཀྱང་འབྱེར་བ་སྟེ། སྟོབས་ལྡན་སེང་གེས་ནགས་སུ་སྒྲ་ལ་མནར་བཞིན་འབྱེར་ཞེས་པས་།སྟོབས་དང་ལྡན་པའི་སེང་གེ ་མཐོང་ན་ནགས་ཀྱི་སྟག་ལ་སོགས་པ་ཡང་སྐྲག་ནས་ནགས་སུ་བྲོས་ནས་འགྲོ་བ་ལྟར་དེ་དག་ཀྱང་བྱེར་ནས་འགྲོ་ཞེས་པའི་དོན་ཏོ། །རྣལ་འབྱོར་པས་ཞེས་བ་ནས་གྲུབ་པ་འདི་ནི་བྲིས་ཏེ་ཞེས་པར་འབྲེལ་ལོ། །རྣལ་འབྱོར་གྱིས་ནི་ཞེས་པས་རྒྱུ ་འབྲས་ཀྱི་རང་བཞིན་གྱི་ལྷ་མོའི་རྣལ་འབྱོར་རོ། །མན་ངག་དམ་པ་ཐོབ་ཅིང་ཞེས་པ་བླ་མ་དམ་པའི་ཞབས་ལ་གཏུགས་ནས་གདམས་ངག་བླངས་ཏེ་མངོན་སུམ་དུ་བྱས་པའོ། །གསལ་བ་ཞེས་པ་རབ་ཏུ་གསལ་བའི་ཡིད་དོ། །དྲི་མེད་ནི་རྣམ་པར་རྟོག་པའི་དྲི་མ་སྤངས ་བའོ། །ཡེ་ཤེས་ནི་རང་རིག་པའི་རང་བཞིན་ནོ། །ཡང་དག་གྲུབ་པ་ཞེས་པས་གདམས་ངག་མཆོག་ཏུ་གྱུར་པ་ཐོབ་ཅིང་རྙེད་པའོ། །འདི་བྲིས་ཏེ་ཞེས་པས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་ཐབས་འདིའོ། །ཇི་ལྟར་གདམས་ངག་རྙེད་པ་ཡང་བརྗོད ་པར་བྱ་སྟེ། དེ་ནས་ཞེས་པ་ལ་སོགས་པ་ནས་གདམས་ངག་རྙེད་པ་སྟེ་།ཞབས་ཀྱི་པདྨ་ལ་བརྟེན་པ་དང་ཞེས་པ་དང་འབྲེལ་བས་།དེ་ཐོབ་དོན་དུ་ཞེས་པས་གང་དུ་མཆོག་འགྲུབ་པར་བྱེད་པའོ། །གུས་ཞེས་སློབ་མའི་བྱེད་པའོ། །སྨྲ་ཤེས་པ་བླ་མའི་བྱ་བའོ། །རབ་ཏུ་སྦྱིན ་པའི་ཞེས་པས་མན་ངག་སྦྱིན་པའི་དོན་ཏོ། །ཚུལ་རྣམས་དང་ཞེས་པས་རྙེད་པའི་ཁྱད་པར་རོ། །ལུས་ངལ་བ་དང་ཞེས་པས་རྣམ་པ་སྣ་ཚོགས་པའི་སྒོ་ནས་བླ་མ་བསྟེན་པའོ། །རབ་བཏུད་རྣམས་ཀྱིས་ཞེས་པས་ཕྱག་འཚལ་བའོ། །བླ་མ་དམ་པའི་ཞེས ་པ་རང་གི་བླ་མའོ། །སློབ་དཔོན་གྱིས་སྨོན་ལམ་གསུམ་པ་།འཇིག་རྟེན་ཞེས་པ་ནས་དག་པའི་བྱང་ཆུབ་སྣོད་གྱུར་ཅིག་ཅེས་པ་དང་འབྲེལ་བས། འཇིག་རྟེན་དག་ན་མ་བཞིན་ཕན་པ་ཞེས་པས་རང་གི་མ་ལྟར་ཀུན་ལ་ཕན་པར་བྱེད་པའོ། །མང་པོ་སྐྱེད ་བྱེད་ཅེས་པས་དུ་མ་ལ་ཕན་པར་བྱེད་པ་སྟེ་དངོས་གྲུབ་གཉིས་སོ། །དེ་ཉིད་མཆོག་ཅེས་པས་གང་དུ་བྱང་ཆུབ་ཀྱི་རང་བཞིན་ནི་མཆོག་གི་དངོས་གྲུབ་སྟེ་།དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་སོ། །དེ་ནི་གང་ཡིན་པ་ཞེས་པ་མཆོག་ཐོབ་པའི་རྒྱུའོ། །དེ་བྱས་ཞེས ་པས་རང་གི་བྱས་པའི་དོན་ཏོ། །དགེ་བ་ཞེས་པས་རྒྱུད་ལ་བསྐྱེད་བྱའི་ཆོས་སོ། །ཇི་ལྟར་ཞེས་ན་སྐྱོན་བྲལ་ཞེས་པས་སྡིག་པ་མེད་པའོ། །དཔེ་ཡིས་བསྟན་པ་ཟླ་བའི་འོད་ཅེས་པ་ལ་སོགས་པ་སྟེ་།སྟོན་ཀའི་ཟླ་བ་ཉ་གང་བ་ལྟ་བུའི་འོད་དེ། ཡང ་དག་གང་མཐོང་ཞེས་པ་དྲི་མ་དང་བྲལ་བའི་དགེ་བ་རང་གིས་མཐོང་བའོ། །དེས་ནི་ཞེས་པ་དག་བ་དེས་སོ། །འཇིག་རྟེན་རྩོད་པའི་དྲི་བྲལ་ཞེས་པས་འཇིག་རྟེན་ནི་ས་གསུམ་ལ་རྩོད་པའི་དྲི་བྲལ་ཞེས་པས་རྩོད་པའི་དྲི་མས་རྣམ་པར་དཀྲུགས་པའི་ཞེས་པ ་ནི་འཇིག་རྟེན་པའོ། །རྩོད་པ་དང་ལྡན་པ་དེ་ལས་སྐྱེས་པའི་དྲི་མ་ནི་སྡིག་པ་སྟེ་དེས་རྣམ་པར་འཁྲུགས་པའོ། །ཡང་ན་རྩོད་པ་ནི་གཟུང་འཛིན་ཏེ། འཐབ་མོ་ལ་སོགས་པའོ། །དྲི་མ་ནི་ཉོན་མོངས་པ་ལ་སོགས་པ་སྟེ་།དེ་གཉིས་ཀྱིས་རྣམ་པར ་འཁྲུག་པ་ནི་འཇིག་རྟེན་ནོ། །བྲལ་བ་ཞེས་པ་དེ་དག་སྤངས་པའོ། །རྫོགས་པའི་བྱང་ཆུབ་དག་བ་ཡིས་ནི་སྣོད་གྱུར་ཅིག་ཅེས་པས་རྩོད་པ་ལ་སོགས་དང་བྲལ་ནས་སོ། །ཅི་བྱ་ཞེ་ན་དེའི་སྣོད་དུ་བྱེད་པ་སྟེ་།གང་གི་སྣོད་ཅེ་ན ་ཕྱག་རྒྱ་ཆེན་པོ་ཞེས་པ། ཕྱག་རྒྱ་ཞེས་དེ་ཐོབ་པར་བྱེད་པའོ། །ཆེན་པོ་ནི་གོང་ན་མེད་པ་སྟེ་།དེ་ཐོབ་པར་བྱེད་པའོ། །སྲིད་དང་ཞི་བ་མཉམ་གྱུར་ཞེས་པས་འཁོར་བའི་སྡུག་བསྔལ་མ་ལུས་པ་ཐམས་ཅད་བཅོམ་པའོ། །སེམས་ཅན་ཀུན་གྱི་དོན་བྱེད ་པ་ཐོབ་པར་ཤོག་ཅེས་པ་གོ་བར་ཟད་དོ། །རྒྱུད་ལས་བྱུང་བའི་མཆོད་པའི་ཆོ་ག་བྲི་བར་བྱ་སྟེ་།དང་པོ་བཅོམ་ལྡན་འདས་མའི་ང་རྒྱལ་དུ་དམིགས་ལ། ཨོཾ་སུམ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ ་ན་ཡ་ཧོ་བྷ་ག་པཱ་ན་བཛྲ་ཧུཾ་ཧཱུཾ་ཕཊ། ཞེས་པ་ཞལ་བཞི་པའི་སྔགས་འདིས་ཕྱོགས་བཅིང་བར་བྱ་སྟེ་།དེ་ནས་རབ་ཏུ་གཙང་བའི་མེ་ལོང་ལ་སོགས་པ་ལ་གུར་གུམ་མམ་ཙན་དན་ལ་སོགས་པ་དྲི་བཟང་ལ་དམར་བ་དང་བཅས་པའི་རྫས་ལ་ཡི་གེ་གསུམ ་བཟླས་ལ་བྱུག་གོ་།དེ་ནས་སྔོན་དུ་གསུངས་པའི་ཞལ་བཞི་པའི་སྔགས་ལ་ཤར་ལ་སོགས་པའི་ཕྱོགས་ལ་སྔགས་རེ་རེ་ཞིང་།བརྗོད་ཅིང་ལག་གཡོན་པས་གཡོན་སྐོར་དུ་མཎྜལ་གྲུ་བཞི་པར་བྱའོ། །མཆོད་པ་ལ་སོགས་པ་མིང་གི་ཡི་གེ་ཉི་ཤུ་རྩ་བཞི་དང། ་པཱི་ཐ་ཨུ་པ་པཱི་ཐ?་ཀྵེ་ཏྲ་ཨུ་པཀྵེ་ཏྲ་ཚནདོ་ཧ་ཨུ་པ་ཚནདོ་ཧ་མེ་ལ་པ་ཀ་མེ་ཨུ་པ་ལ་ཀ་པི་ལ་ཝ་ཨུ་པ་པི་ལ་ཝ་ཤམ་ཤཱ་ན་ཨུ་པ་ཤཱ་ན་ཞེས་བྱ་བར་བཤད་པའི་ལུགས་སོ། །དེ་ནས་ལག་པ་གཡོན་པའ་མིང་མེད་ཀྱི་རྩེ་མོས་ཟུར་དྲུག་པའི་དཀྱིལ་འཁོར་གྱི་དབུས་སུ་དགྱེས་པར་རོལ་པའི ་བ་མ་ཡིག་གོ། ཤར་ལ་སོགས་པའི་ཕྱི་རིམ་པ་ལྟར་བཀྲ་ཤིས་བཞི་ཡང་བྲི་བར་བྱའོ། །དེའི་སྔགས་ནི་།ོཾ་བཛྲ་རེ་ཁེ་ཧཱུཾ་སྭཱཧཱ། འདི་ནི་རི་མོ་བྱའོ། །ོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛ་སྭཱ་ཧཱ། འདིས་ནི་རི་མོ་དེ་བྱིན་གྱིས་བརླབ་པའོ། །དེ་ནས་རྐང་བ་མནན་ཞིང ་གྱེན་དུ་བལྟ་བས་སྟེང་དུ་ཕེམ་གྱི་སྒྲ་བརྗོད་པ་དང། འབར་པའི་ཕྱག་རྒྱ་བཅིངས་ལ་གཡོན་སྐོར་དུ་བསྐོར་ཞིང་།ཛ:ཧཱུཾ་བཾ་ཧོ:ཞེས་པས་དགུག་པ་ལ་སོགས་པའི་སྔགས་ཀྱིས་འོག་མིན་ནས་སྤྱན་དྲངས་པའི་ལྷ་མོ་དགུག་པ་དང་།གཞུག་པ་དང་།བཅིང་བ་དང་།རབ་ཏུ་དགྱེས་པར་བྱ་སྟེ་།དེ ་ལ་འདིར་སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པ། རྣལ་འབྱོར་མ་དྲུག་དང་།ཕྱོགས་ཀྱི་བདག་པོ་བརྒྱད་དང་བཅས་པ་སྣ་ཚོགས་པའི་རྣལ་འབྱོར་མ་དང། འབྱུང་པོ་དང་ཡི་དགས་དང། ཤ་ཟ་དང་།མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཏུ་ཤིན་ཏུ་རྣམ་པར་དག་པའི ་དམ་ཚིག་གི་དཀྱིལ་འཁོར་ལ་དུར་འཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་ན། གར་གྱི་རྣམ་པ་དང་ལྡན་པར་མངོན་དུ་ཕྱོགས་པ་ལ་སྔགས་བཏུབ་ནས་འབྱུང་བའི་སྙིང་པོའི་སྔགས་ཀྱིས་མེ་ཏོག་དམར་པོས་མཆོད་པར་བྱའོ། །དེ་ནས་ཨོཾ་བཾ་།ཧཾ་ཡོན་མོཾ་ཧྲེཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པ ་འདི་དང་ཡི་གེ་གསུམ་གྱི་སྔགས་འདྲེས་པས་སོ་སོར་ཟུར་དྲུག་ཏུ་ལྷ་མོ་དྲུག་ལ་ཡང་མཆོད་པར་བྱའོ། །ོཾ་ཨཱ:ནནད་ག་ཏ་ཧཱུཾ་ཕཊ་ཅེས་པ་འདི་གཡུང་དྲུང་འཁྱིལ་བའི་སྔགས་ཏེ་ཕྱོགས་བཞིར་རུ་མཆོད་པར་བྱའོ། །ལུགས་འགའ་ཞིག་ནི་མཁའ་འགྲོ་མ་ལ ་སོགས་པ་ལྷ་མོ་བཞིའི་དབུས་ན་སྔར་བཤད་པ་ལྟར་བཞུགས་པ་ལ་མཆོད་པར་བྱེད་དོ། །དེ་ནས་བསྟོད་པའི་མཆོག་པ་ལ་སོགས་པ་བྱས་ནས་མུ(རྒྱུད་འགྲེལ་པ་འདི་ནི་རབ་ཏུ་བརྗོད་པའོ། །མཆོད་པའི་ཆོ་གའོ།། །།གཏོར་མའི་ཆོ་ག་བརྗོད་པར་བྱའོ། །ཐོག་མར་པདྨའི་སྣོད་ལ་སོགས་པར་མཆོག་ཏུ་གྱུར་པའི་བཟའ་བ་དང་།བཏུང་བ་ལ་སོགས་པས་བཀང་ལ་།དེ་ལྟར་གནས་པའི་འོག་ཏུ་ཡམ་ལས ་རླུང་གི་དཀྱིལ་འཁོར་།དེའི་སྟེང་དུ་རམ་ལས་མེའི་དཀྱིལ་འཁོར་ལ་ཨ:དཀར་པོ་ཡོངས་སུ་གྱུར་ནས་མི་མགོ་གསུམ་སྒྱེད་བུའི་སྟེང་ན་གནས་པའི་པདྨའི་སྣོད་དུ་བསམས་ནས་དེ་ལྟར་དེའི་ནང་ན་གནས་པའི་བཟའ་བ་ལ་སོགས་པ་ལ་།ོཾ་?་ཁཾ། ཧཱུཾ་ལཱཾ་མཱཾ་པཱཾ ་ཏྲཱཾ་བཱཾ་ལས་སྐྱེས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་དུ་གྱུར་པ་ལ་རླུང་གི་དཀྱིལ་འཁོར་བསྐྱོད་པ་ལས་མེ་འབར་ནས་ས་བོན་བཅུས་བྱིན་གྱིས་བརླབས་པའི་རྫས་བཅུ་ཡང་ལྷན་ཅིག་ཏུ་ཞུ་ནས་ཉི་མ་སར་པའི་མདོག་ལྟ་བུའི་སྟེང་དུ་མཐོ ་གང་ཙམ་ལ་དངུལ་ཆུའི་མདོག་ལྟ་བུའི་ཧཱུཾ་ལས་།སྐྱེས་པའི་ཁ་ཏྭཱཾ་ག་ཐུར་དུ་བལྟ་བར་བསམ་པར་བྱའོ། །དེ་ནས་ཐོད་པའི་རྫས་ཁོལ་བའི་རླད་ཀྱིས་ཁ་ཊཝཱཾ་གཞུ་ནས་ལྷུང་བས་།རྫས་དེ་ཡང་དངུལ་ཆུའི་མདོག་ལྟ་བུ་ལ་བསིལ་བར་བསམས་པའོ། །དེའི་སྟེང་དུ་ཨཱ་ལི་ཀཱ་ལིའི ་རྣམ་པར་དག་པ་ཨོཾ་ཨཱ:ཧཱུཾ་གསུམ་བལྟས་ནས་དེ་ལས་འོད་ཕྱོགས་བཅུར་འཕྲོས་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ན་དེའི་ནང་དུ་རབ་ཏུ་ཞུགས་ནས་བསམས་པའོ། །དེ་ནས་ཨོཾ་ལ་སོགས་བ་ཡང་རིམ་པ་ལྟར་ཞུ་ནས ་ལྷུང་བས་ཡི་གེ་གསུམ་པ་དེ་ཡིས་ཇི་ལྟ་བར་བྱིན་གྱིས་བརླབ་བོ། །དེ་ནས་འབར་བའི་ཕྱག་རྒྱ་བཅིངས་ལ་ཕེམ་བྲོད་པ་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་མ་བཀུག་ནས་བྱོན་པ་ལ་ཨརྒྷཾ་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པར་བྱའོ། ། ་ལག་པ་གཉིས་གྱེན་དུ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཚུལ་དུ་བྱས་པ་ལ་པདྨའི་སྣོད་བཞག་པ་འམ་བསམས་ནས་གཏོར་མ་བདག་གིར་བྱ་བའི་ཕྱིར་འདི་བརྗོད་པར་བྱའོ། །ལྷ་མོ་རྣམས་ནི་ཚད་མ་དམ་ཚིག་ཚད་མ་སྟེ་། ཨོཾ་བཛྲ་ཨ ་ཚིག་ཀྱང་མཆོག་ཏུ་ཚད་མ་ལ། །བདེན་པ་འདི་དག་གིས་ཀྱང་ལྷ་མོ་འདི་རྣམས་ཀྱིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་ནི་འགྱུར་བར་ཤོག་ཅེས་སོ། །དེ་ནས་བདུད་རྩི་གཡོན་དུ་བསྐོར་ཞིང་།ོཾ་བཛྲ་ཨ ་རལླི་ཧོ:ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་མོ་།དེ་ནས་གོ་ལ་སོགས་པ་ཕུལ་ལ་།མཆོད་པ་དང་བསྟོད་པ་བྱས་ལ་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་ཞུ་བའོ། །དེ་ལ་སྲིད་དང་ཞི་བ་མཉམ་པར་སྦྱོར་གྱུར་ཀུན་རྟོག་རླབས་བཅོམ་པ། །ནམ་མཁའ་བཞིན་དུ་དངོས་པོ་མཛའ་དག་དེ་ཉིད་ཁོ་ནར་མཁྱེན ་པ་རྣམས་།ཤིན་ཏུ་ཕུལ་དུ་བྱུང་བའི་ཐུག་རྗེའི་རྒྱུན་རྒྱས་སེམས་ཀྱི་ཆུ་བོ་མགོན། །ལྷ་ཚོགས་རྣམས་ཀྱིས་བདག་ལ་རྗེས་སུ་འཛིན་པར་མཛོད་ཅེས་བརྗོད་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ལ་སོགས་པ་ན་གནས་པ་རྣམས ་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་ར་ཀཱ་སབྷ་ཏ་པྲེ་ཤཱ་ཙོ་ནཱ་དཱ་པསྨ་ར་ཌཱ་ཀི་ནྱ་ད་ཡ་ཨི་མམ་བ་ལིཾ་གྲིཧྞནྟུ་ས་མ་ཡ་རཀྵནྟུ?་མ་མ་སརྦབ་པྲ་ཡཙྪནྟུ?་ཡ་ཐཻ་བཾ་ཡ་ཐེཥྚ?་བྷཉྫ་ཐ་པེ་བ་ཐ་ཛི་གྷེ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦབ་ཀ་ར་ཏ་ཡ་? ་ཁ་བི་པྲདྷཧི་ཡེ་སཧཱ་ཡི་ཀཱི་བྷ་བནྟུ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་།ལན་གཉིས་ལ་སོགས་པ་བརྗོད་པས་དུ་མ་རྣམས་ལ། དེ་དག་གིས་བཟའ་བ་བདུད་རྩིའི་རྣམ་པ་ལྗགས་ཀྱིས་གསོལ་བར་བསམ་པའོ། །དེའི་རྗེས་ལ་གོ ་ལ་ལ་སོགས་ལ་ཕུལ་ནས་མཆོད་པ་བསྟོད་པ་ཡང་བྱས་ལ། བརྡའི་ལག་པས་སེ་གོལ་གཏོག་ཅིང་དེ་ནས་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད ་པ་ཞེས་བྱ་བ། དཔལ་ལྡན་བི་ཀ་མ་ཥཱི་ལྷའི་གཙུག་ལག་ཁང་ཆེན་པོའི་དགེ་སློང་པཎྜི་ཏ་ཆེན་པོ་བརྩོན་འགྲུས་དཔལ་བཤེས་གཉེན་ཞབས་ཀྱིས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་མཉྫ་ཤྲཱི་དང། ཇེ?་ཏ་ཀརྞའི?་ཞལ ་སྔ་ནས་ལེགས་པར་མཉན་ཏེ་།ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། གཙུག་ལག་ཁང་ཆེན་པོ་ཐར་པ་གླིང་དུ་བླ་མ་དམ་པའི་བཀས་ལེགས་པར་བསྒྱུར་བའོ།། །།སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག་།? ་