CLOSE WINDOW

N1060: rdo rje rnal 'byor ma mkha' spyod ma dmar mo'i sgrub thabs
Wyliee-texts based on the ACIP/ALL Input

རྣལ་འབྱོར་མ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་བཞུགས་སོ། །*། །རྒྱ་གར་སྐད་དུ། ཁེ་ཙར་རཀྟ་བཛྲ་ཡོ་གི་ནི་སྭཱདྷ་ན། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག ་འཚལ་ལོ། །རེ་ཞིག་དུར་ཁྲོད་ལ་སོགས་པ་རུ་། ཞལ་བཞི་པའི་སྔགས་ཀྱིས་བསྲུང་བ་བྱས་ནས། ཨེའི་ཆོས་འབྱུང་དབུས་སུ་པདྨ་དང་ཟླ་བ་ལ། མ་ནིང་གི་ས་བོན་སྦུམ་པ་མེད་པ་བལྟས་ཏེ། ས་བོན་དེ་ཡོངས་སུ་གྱུར་པ་ལས། ཞབས་སྟེང་དུ་བསྐྱོར་ཅིང་གྱེན་དུ་གཟིགས་བ། གཡས་ན་རྡོ་རྗེ་ཁ་ཅུང་ཟད་གྱིས་པ། གཡོན ་པའི་ཕྱག་གིས་བརླལ་མཁྱུད་ཅིང་ཐོད་པ་མེ་ཏོག་ཕྲེང་བ་དང་བཅས་པ་བསྐལ་པའི་མེ་ལྟར་དམར་བ། གཅེར་བུ་རྒྱན་མེད་པ། སྐྲ་གྲོལ་བ། རིག་མ་འཛིན་མ། སེངྒེའི་སྟང་སྟབས་ཀྱིས་བཞུད་ཅིང། རྡོ་རྗེ་མཉེས་བྱེད་མ་ནི་སྒོམ་པར་བྱ། མནད་ར་དང། མྱ་ངན་མེད་པ་རི་ཛ་ཏ་ག་ཡིས་ཡོངས་སུ ་འཕགས་པ། རིན་པོ་ཆེའི་ཁང་བ་བརྩེགས་པར་བཞུད་ཅིང་རབ་ཏུ་འཇུག་པ་ལྟ་བུ། རྡོ་རྗེ་རྣལ་འབྱོར་མ་དམར་པོ་ཞབས་སྟེང་དུ་བསྐྱོད་པ། རང་བཞིན་གྱིས་ཡེ་ཤེས་སེམས་དཔའ་ཨི་བདག་ཉིད་བསམ་པར་བྱ། ཨིནདྷུ་ར་དམར་པོའི་འོད་ཟེར་ཅན་སླར་ཡང་སྒྲོ་ཞིང་བསྡུ་བ་སྔོན་དུ་སོང ་བས། དེ་ནས་ལྟེ་བར་ཆོས་འགྱུར་ན། །ཡེ་ཤེས་ཀྱི་རང་བཞིན་ནཱ་ད་དང། རིམ་གྱིས་སྐྲ་རྩེ་བརྒྱ་དང་སྟོང་གི་ཆ་རུ་མ་དམིགས་ཏེ། རྣལ་འབྱོར་རླུང་ནི་བཅུ་གཉིས་འགག་།དོན་ཆེན་འགྲུབ་པར་ཐེ་ཚོམ་མེད། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀརཥ་ཡ། པྲ་བེ་ཤ་ཡ། པྲ་པེ་ཤ་ཡ། ་བན་དྷ་ཡ་བན་དྷ་ཡ། སརྦ་བུད་དྷ་ཌཱ་ཀི་ནཱི་ནཱི་ཧྲི་ད་ཡཾ་ཨོཾ་ཨཱ:ཧཱུཾ་ཕཊ། རྡོ་རྗེའི་བཟླས་པ་དང་ངག་གི་བཟླས་པའོ། །ོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་པྲ་ཏཱིཙྪ་མཾ་བ་ལིང་ཨོཾ་ཨཱ:ཧཱུཾ་ཧཱུཾ་ཧ་ཧ་ཧི(རྒྱུད་འགྲེལ་དེ་ལ་མཁའ་འགྲོ་མས་དགེ་བའི་མཚན་མ་སྟོན་ཅིང། དབུགས་འབྱིན་པར་འགྱུར་རོ། །རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་བདག་ཉིད་ཀྱང་གོ་ཆ་བགོ་ཞིང་རྣལ་འབྱོར་པས་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་གནས་པར་བྱའོ། །གྲུབ་ཐོབ་?་བའི་ཞལ་སྔ་ནས་ཀྱི་རིམ ་པ་མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་རྫོགས་སོ།། །།བླ་མ་རྡོ་རྗེ་བདག་པ་ནི་ཀ་ལིང་ཀའི་ཀའི་ཞལ་སྔ་ནས། དཔྱལ་ལོ་ཙ་བ་ཆོས་ཀྱི་བཟང་པོ་བསྒྱུར་བའོ། །མཁའ་སྦྱོང་མའི་སྒྲུབ་ཐབས་འདི་ལ་ནི་དོན་གསུམ་སྟེ། སྟོན་དུ་འགྲོ་བ་དང། དངོས ་གཞི་དང། རྗེས་སོ། །སྔོན་འགྲོ་ལ་གཉིས། གནས་ཀྱི་མཚན་ཉིད་དང། བྱ་བ་སྔོན་དུ་འགྲོ་བའི་བསྲུང་བ་བྱའོ། །དངོས་གཞི་ལ་གཉིས་ཏེ། ལྷ་བསྐྱེད་ཅིང་མཚན་ཉིད་བསྟན་པ་དང། ཕྲ་མོའི་རྣལ་འབྱོར་ལ་བརྟེན་ནས་སྤྲོ་བསྡུའི་བསྒོམ་པའོ། །དེ་ལ་གསུམ། བཟླས་པ ་དང། གཏོར་མ་དང། ཕན་ཡོན་ཐུན་མཚམས་ཀྱིས་རྣལ་འབྱོར་དང་བཅས་པའོ།། །ཐཱི?། སློབ་མ་རྗེས་སུ་བཟུང་བའི་ཆོག་བཞུགས། །*། །རྒྱ་གར་སྐད་དུ། ཤིཀྵྱ་ནུ་གྲ་ཧ་བི་དྷི་ནཱ་མ། བོད་སྐད་དུ། སློབ་མ་རྗེས་སུ་གཟུང་བའི་ཆོ་ག་ཞེས་བྱ་བ། རྡོ་རྗེ ་བག?་མོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་པར་བྱ། །བླ་མའི་བཀའ་ཡི་རྗེས་འབྲངས་ནས་།སྣ་ཚོགས་སྒྲུབས་ཐབས་རྟོགས་དོན་དུ། །སློབ་མ་འབེབས་པའི་ཆོ་ག་མཆོག་།དང་པོར་རེ་ཞིག་སློབ་དཔོན་གྱིས། །སློབ་མ་རྗེས་སུ་བཟུང་དོན་དུ། །ཤྲཱི་ཧེ་རུ ་ཀ་ཞེས་པའི་ཡི་གེ་བཞིའི་དོན་དང་ལྡན་པའི་རྣལ་འབྱོར་པས། རང་གི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འཇམ་པའི་སྟན་ལ་གནས་ལ། ལག་པའི་སེར་མོ་རྣམས་ལ་སྔགས་བཀོད་ལ། བདུད་རྩི་ལྔ་དང་ཡང་དག་པར་ལྡན་པའི་བཟའ་བཏུང་བཟང་པོ་པདྨའི་སྣོད ་དུ་བཞག་ལ་ཆོ་ག་ཇི་ལྟ་བ་བཞིན་སྦྱངས་ལ། ཞུ་བའི་རྫས་ཀྱི་བདག་ཉིད་ཁྲུས་བྱའོ། །དེའི་རྗེས་སུ་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས། སུམ་བྷ་ལ་སོགས་པ་ཞལ་བཞི་བའི་སྔགས་ཀྱི་སྒྲས་མཚམས ་བཅིང་བ་དང། གོ་ཆའི་སྔགས་དྲུག་དགོད་པ་དང། དག་པ་གསུམ་གྱི་སྔགས་བརྗོད་པ་དེ་ཉིད་ཀྱིས་སེམས་བསྲུང་བར་བྱའོ། །དེའི་རྗེས་སུ་ཡོངས་སུ་དག་པའི་ས་གཞི་ཁྲུ་གང་ཙམ་ལ་མཎྜལ་བྱུག་པར་བྱ་སྟེ། ཙན་དན་དམར་པོ་ལ་སོགས་པ་ཟུར་དྲུག་པའི ་