| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཏནྣ་ཏ་ཨུཌ་ཌྷེཾ་ཏྱ་ལོ་ཙ་ནཱ་ཡཱ་དུརྒ་ཏི་ཤོ་དྷ་ན་བི་དྷི། བོད་སྐད་དུ། དཔལ་ངན་སོང་ཐམས་ཅད་ཡོངསུ་སྦྱོང་བའི་རྒྱུད་ལས་ཕྱུང་བ་སྤྱན་མའི་ངན་སོང་སྦྱོང་བའི་ཆོ་ག ་བཅོམ་ལྡན་འདས་མ་འཕགས་པ་དཔལ་ལྡན་སྤྱན་མ་ལ་ཕྱག་འཚལ་ལོ།། ལྷ་མོ་སྤྱན་མེ་ཞེས་བྱ་གཞན་དོན་ལ།། དགྱེས་པ་ཤི་བ་སོས་བྱེད་ལ་བཏུད་ནས།། ཤི་བ་འཚོ་བར་བྱེད་པའི་སྦྱོར་བ་ལས།། ཤི་བ་མཐོ་རིས་སྦྱར་བ་བཤད་པར་བྱ།། ཤི ་བའི་བདག་ཉིད་རབ་དབེན་པར།། དལ་འབྱོར་ཉེར་སྤྱོད་ཀུན་ལྡན་པ།། མེ་ཏོག་དཀར་པོའི་དབུ་རྒྱན་འཆང་།། དྲི་ཡང་དཀར་པོས་བྱུགས་ཤིང་ཞི།། གོས་དང་རྒྱན་ཡང་དཀར་བ་དང་།། དང་པོར་ཡོད་ན་དེར་མོས་པས།། རྡོ་རྗེ་རྡོ་དྲིལ་བཟུང་སྟེ།། འཇོམ་ཞིང ་མཐོ་བའི་སྟན་འདུག་ལ།། ཙནྡན་དཀར་སོགས་དྲི་དང་ནི།། བདུད་རྩི་ལྔ་ནི་ཆུར་ལྡན་པས།། ཀུན་ཏུ་དཀྱིལ་འཁོར་ཉེར་བྱུགས་ལ།། མེ་ཏོག་དཀར་པོས་མཛེས་པར་བྱ།། ཡོན་ཆབ་སོགས་སྔགས་སྭཱ་ཧཱ་མཐའ།། ཡང་དག་སྐུལ་བྱེད་བཟླ་བར་བྱེད།། ་སྙིང་གཱའི་ཟླ་བར་ས་བོན་ནི།། གཉུག་མ་བལྟས་ནས་གནས་སོགས་བསྲུང་།། དེ་ལ་གནས་དང་བདག་དང་རྣལ་འབྱོར་སྲུང་བའི་སྔགས་ནི།། ཨོཾ་ཨཱཿབགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཞེས་པའོ།། ཡང་ན། ན་མཿས་མནྟ་ཞེས་བྱ་བ་ལ་སོགས་པའོ།། རྣལ་འབྱོར ་ཆོ་ག་རིགས་པས་ཆོ་ག་བཞིན།། སྤྱན་མའི་རྣལ་འབྱོར་རབ་ཏུ་བྱས་ནས་ནི།། སྙིང་གའི་ས་བོན་གཉུག་མ་དེ་ལས་ནི།། གྲུབ་པ་ཡང་ནི་ཡང་དག་སྤྱོ་བར་བྱ།། དེ་ཡིས་འཇིག་རྟེན་ཕ་རོལ་སོང་བ་ཡི།། ཤེས་པ་དང་ཞིང་ཆགས་པ་དགུག་པར་བྱ།། ་ཡང་ན་ཆོས་ཀྱི་སྒོ་ཡི་རྣམ་པ་ནི།། མར་མེ་རླུང་གིས་གཡོ་བ་མེད་པ་བཞིན།། བཀུག་ནས་དེ་ཡིས་ཤེས་པའི་རོ་ཡིས་ནི།། སྤྱི་བོ་ནས་ནི་སྙིང་གར་གཞུག་པར་བྱ།། དེ་རྗེས་འདུག་པ་ལངས་ནས་ནི།། དེ་ནི་ཤེས་པ་ལྡན ་པར་བལྟ།། དེ་ཡི་འོད་ཕྲེང་འབར་བ་ཡིས།། དེ་སྙིང་གཏི་མུག་དགའ་མ་གཞུག། དེ་ལུས་སྟོང་པར་བྱས་ནས་ནི།། རྣམ་པར་ཤེས་པ་ལྷག་མར་བལྟ།། དེ་རྗེས་མོ་ཧ་ར་ཏི་བརྗོད།། དེ་ནི་སྤྱན་མའི་རྣམ་པར་བསྒོམ།། དེ་ཡི་མིག་སོགས་ལུས་སོགས་ལ། ་རྣམ་པ་ཀུན་ཏུ་བྱིན་བརླབས་བྱ།། སྙིང་གའི་ཡེ་ཤེས་ལྷ་ཡི་ནི།། སྙིང་གར་ཟླ་གནས་རྩ་སྔགས་རྒྱལ།། ལྷ་སྤྲིན་བདུད་རྩིའི་འོད་ཟེར་གྱིས།། ལག་པ་དང་བཅས་བཀྲུ་བར་བྱ།། རང་གི་ལུས་ལས་སྤྲོས་པས་ན་མཁའི་དཀྱིལ་འཁོར་མ་ལུས་པ་ཁྱབ ་པའི་འོད་སྤྲོས་པས་སྡུས་ནས་འོད་ཀྱི་གོང་བུ་ལྟ་བུས་ལུས་སྤྱན་མའི་སྦྱིན་དང་དེའི་སྔགས་བཟླས་པའི་ཆུས་གང་བ་དང་དབང་སྐུར་བའི་ཚུལ་གྱིས་བཀྲུས་ནས་ཀྱང་དེ་བཞིན་དུ་དབང་བསྐུར་བ་བྱ་སྟེ།། མགོ་ལ་དགུ་རྒྱན་བྱིན།། ལག་པ་གཉིས་ལ་རྡོ་རྗེ་དང ་དྲིལ་བུའོ།། དེའི་རྗེས་ལ་སྔགས་པས་ཀུ་ཤའི་རྩེ་མོ་རྡོ་རྗེ་རྩེ་གཅིག་པ་རྣོན་པོར་བསྒོམས་ལ། ངོར་བཅུག་པ་ལྟ་བུར་རྡོ་རྗེའི་བུག་པར་བཅུག་ནས་དེའི་རྗེས་ལ་སེམས་མཉམ་པར་བཞག་པས་དེའི་སྙིང་གར་བཀོད་པའི་ཤེས་པ་རྣམ་པར་གསལ་བ་ཡང ་དག་པར་སྐུལ་ཞིང་རྡོ་རྗེའི་འོད་ཟེར་རླུང་གིས་ཕྱུང་བ་འབར་བ་འོད་ཟེར་སྙིང་ག་ནས་ཕྱུང་བས་རེག་པས་དངུལ་ཆུ་ལྟ་བུར་གྱུར་པར་བསམ་མོ།། སྟེང་གི་ལམ་ནས་བྱུང་སྟེ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་གྲོལ་བའོ།། གལ་ཏེ་ཤེས་པ་ལམ་གཞན་དུ ་འགྲོ་ན་འཁོར་བའི་རྒྱ་མཚོར་ལྟུང་ངོ་།། དེ་ཡི་ཕྱིར་སྟེང་གི་ལམ་དུ་དེ་འཕོ་བར་བྱའོ།། མགོ་བོ་ལས་ནི་གཟུགས་མེད་དུ་འགྲོའོ།། མཛོད་སྤུ་ནས་གཟུགས་ཁམས་ཤེས་བྱ་བར་རོ།། མིག་གཉིས་ལས་ནི་མི་ཉིད་དུའོ།། རྣ་བ་གཉིས་ལས་ནི་གྲུབ་པའི ་ལྷའི་འགྲོ་བར་རོ།། སྣ་བུག་གཉིས་ནས་ནི་གནོད་སྦྱིན་ཉིད་དུའོ།། ཁེ་ལས་ནི་དྲི་ཟར་འགྲོའོ།། ལྟེ་བ་ལས་ནི་འདོད་པའི་ལྟར་རོ།། ཁུ་བའི་རྩ་ལས་ནི་ཡི་དགས་ཀྱི་འགྲོ་བར་རོ།། གཅི་བ་ལས་ནི་ལྷ་མ་ཡིན་ནམ་བྱོལ་སོང་གི་སྐྱེས་གནས་སོ།། བཤད་ཡཾ ་ལས་ནི་དམྱལ་བའི་འགྲོ་བར་རོ།། ཡེས་དམན་པས་འགྲོ་བཱ་ན་ངའི་ཕྱིར་ལམ་ལ་དགའ་བས་སྤང་བར་བྱའོ།། དེའི་ཕྱིར་དྲི་ཐར་པའི་གྲོང་ཁྱེར་དུ་བཞག་པར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་གསུངས་པའི་ཆོ་ག་ཡོངསུ་རྫོགས་པས་སམ། རྫས་གཅིག ་བསྲེག་པའི་ཕྱོགས་སུ་གསུངས་པའི་ཆོ་གས་མཆོད་སྦྱིན་པས་སྦྱིན་པ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱིས་ཉེ་བར་འཁོ་བས་རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་ཀྱི་མེ་ལ་ཞི་བའི་སྦྱིན་སྲེག་བྱའོ།། ཡང་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ ་ཐེག་པ་ཆེན་པོའི་མང་ལྔ་ཀློག་པར་བྱའོ།། དེའི་རྗེས་ལ་ཐམས་ཅད་བསྡུས་ནས་མཆོད་སྦྱིན་བྱེད་པ་ལ་ཡོན་བསླང་ངོ་།། མཆོད་སྦྱིན་བྱེད་པས་ཀྱང་རང་གི་འབྱོར་པ་དང་རྗེ་སུ་འཚམས་པའི་གོས་དང་རྒྱན་དང་མལ་སྟེན་དང་ཁྱིམ་དང་ཞིང་དང ་ཁོལ་པོ་དང་ཁོལ་མོ་ལ་སོགས་པའི་ཡོན་སློབ་དཔོན་ལ་གུས་པ་དང་བཅས་པས་དབུལ་ལོ།། དེ་ནས་ཤི་བ་འདུ་བྱེད་པའི་སྐྱེ་བོ་རྣམས་ཀྱིས་ཡི་གེ་གསུམ་བརྗོད་ཅིང་མཆོད་ཕྱིར་ཐོགས་བཅིང་ངོ་།། དེ་ནས་རོ་ཁྱེར་བ་རྣམས་འཇིག་རྟེན་སྐྱོང ་རྣམས་སུ་མོས་ཏེ། གདུགས་འཛིན་པ་ནི་ལྷའི་རྒྱལ་པོ་དང་། རྟ་ཡབ་འཛིན་པ་ནི་ཚངས་པ་དང་། རལ་གྲི་འཛིན་པ་ནི་ཁྱབ་འཇུག་དང་། སྟོད་པ་འདོན་པ་བང་བྱེད་དང་། དབུ་རྒྱན་འཛིན་པར་བྱ་བ་བྱེད་པ་གཤིན་རྫ་དུ། ་བུམ་པ་འཛིན་ལ་ཆུ་ལྷ་དང་། དགང་གཟར་དང་བླུགས་གཟར་འཛིན་པ་མེ་ལྷ་དང་། བཟའ་བ་དང་སྟོན་མོ་འཛིན་པ་བདེན་བྲལ་དང་། བ་དན་འཛིན་པ་རླུང་ལྷ་དང་། གཞན་རྣམས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པར་མོས་པ་བྱའོ།། དེ་ནས་ཡི ་གི་བརྒྱ་པ་ལན་བདུན་བརྗོད་ནས་རང་གི་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ལ་ལྡང་བར་བྱའོ།། ལངས་ནས་ཀྱང་རྡོ་རྗེ་སློང་དཔོན་རྡོ་རྗེ་འཆང་གི་རང་བཞིན་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པས་སྤྱན་མའི་སྔགས ་སམ། ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ལས་གསུངས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྔགས་བཟླ་ཞིང་མདུན་ནས་འགྲོའོ།། རོ་ཡང་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་དྲང་པོར་ཁྱེར་བཞིན་པས་ཉེ་བར་དགའ་བས་བསྟོད་པ་བྱེང ་བཞིན་པ་དང་ལྷ་དང་མི་རྣམས་ཀྱིས་མཆོད་པར་བལྟའོ།། བརྡུང་དཀྲོལ་སྣ་ཚོགས་པའི་སྒྲ་དང་བཀྲ་ཤིས་ཀྱི་ཚིགསུ་བཅད་པ་རྣམས་དང་། རྡོ་རྗེའི་གླུ་ལ་སོགས་པ་དྲིལ་བུ་དང་འཁར་ཊ་དང་ཏིང་ཏིང་ཤག་དང་། གླིང་བུ་དང་པི་ཝང་གི་སྒྲ་རྗེ་སུཾ ་འབྲང་བས་ཉེ་བར་སྤྱོད་པ་ལྔའི་མཆོད་པ་དང་། བ་དན་གོས་ན་མཁར་ལྡིང་བ་དང་། ཀུན་ཏུ་བགོ་བ་མེང་ལྡན་པ།། དལ་གྱིས་པ་ཡི་གནས་ཐོབ་བྱ།། དེར་ནི་བུད་ཤིང་འོ་ཅན་སྐམ།། དགེ་བའི་སེམས་ཀྱིས་བཀོད་ནས་ནི།། དེ་སྟེང་ལེགས་པར་བཞག་ནས ་ནི་དབུམ་པ་འཛིན་པས་བཀྲུ་བར་བྱ།། དེ་ནས་ཆོ་ག་དང་ལྡན་པས།། མེ་ཡིས་ཡོངས་སུ་གསལ་བར་བྱ།། ཅི་སྲིད་ཐལ་བར་འགྱུར་བར་དུ།། དེ་སྦྱིན་བྱེད་པས་མཉམ་གཞག་པས།། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། མདོ་ནི་སྔོན་བཞིན་ལེགས་པར ་ཀླག། མཁར་བསིལ་ཌ་རུའི་རྗེས་འགྲོ་བའི།། རྡོ་རྗེའི་གླུ་ནི་ལེན་དུ་གཞུག། ཡང་ན་སྐྱེ་བོ་འགའ་ཞིག་གིས་གྲོ་བའི་ལམ་མ་ཡིན་པ་ལ་སྦྱར་བས་མི་དགེ་བ་ཕྱི་དང་ཅིག་ཤོས་སྟོབས་དང་ལྡན་པས་ལམ་ངན་པར་འགྲོ་བར་འགྱུར་རོ།། དེའི་ཕྱིར་རང་ཡང་ལམ ་ལོག་པར་འགྲོ་བ་སྤངས་ལ།། ཉི་མ་དེ་ནས་བརྩམས་ཏེ་ཉི་མ་བརྒྱད་ལ་ངན་སོང་ཡོངསུ་སྦྱོང་བའི་རྒྱུད་ལས་གསུངས་པའི་ཆོ་གས་ངན་སོང་སྦྱོང་བ་ལ་སོགས་པའི་བྱ་བའི་རིམ་པས་བྱའོ།། དར་ཇི་སྲིད་དེའི་རུས་པ་བླང་བ་དེ་སྲིདུ་དེའི་གོས་ལ་དེའི་མིང་བརྗོད་པ་སྔོན་དུ ་འགྲོ་བའི་བྱ་བས་བྱའོ།། བླངས་ནས་ཇི་སྲིད་ཉི་མ་བརྒྱད་ཀྱི་བར་དུ་གོས་དེར་རུས་པ་བྱའོ།། དེ་ཡང་ལྷོའི་ཆར་སྟེགས་གྲུ་བཞི་པ་ཁྲུ་གང་ཙི་ལ་བཱི་ལྕི་བ་ས་ལ་མ་ལྷུང་བས་བྱུག་པ་བྱས་པ་ལས་བྱུང་བས་བངས་པར་བྱའོ།། དེར་ཉེ་བར་བྱུགས་ནས་དཀྱིལ ་འཁོར་བྱུགས་པའི་དྲི་མ་མེ་ཏོག་ལ་གནས་པར་བྱའོ།། དེའི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པ་དགོད་དེ། སྨན་དང་ཡལ་ག་དང་ནོར་བུ་དང་དྲི་དང་འབྲུ་ལྔ་དང་ཡང་དག་པར་ལྡན་པ་གདུགས་དང་བ་དན་གྱིས་བརྒྱན་པ།། མགྲིན་པར་གོས་སྔོན ་པོ་དང་ལྡན་པ། ཉེ་བར་སྤྱོད་པ་ལྔ་དང་བཅས་པ། ལེགས་པར་གདུགས་པ། འབབ་སྟེགས་ཀྱི་ཆུ་དང་ལྡན་པ། ཀུ་ཤ་འཁྱིལ་པ་བྱས་པའི་གདན་ལ་གནས་པ། རིགས་ཀྱི་བདག་པོའི་རྟགས་ཀྱིས་མཚན་པ་རྒྱ་ཆེན་པོ་ལྷག་པར་གནས་པར ་པར་བྱས་ལ། ཡི་གེ་གསུམ་དང་ལྡན་པའི་རྩ་བའི་ས་བོན་གྱི་སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་བཀྲུའོ།། དེ་ནས་ཡང་མདུན་དུ་འབྲས་དཀར་བཏགས་པས་ལྟེ་བ་དང་བཅས་པ་མུ་ཁྱུད་ལེགས་པར་འབར་བ་དང་བཛྲ ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་མེ་ཏོག་དཀར་པོས་དགོད་པར་བྱས་ནས། དེའི་དབུས་སུ་བུམ་པ་སྟོང་པའི་སྟེང་དུ་ཁམ་ཕོར་བུམ་པ་ཅན་བཞག། དེའི་རྗེས་ལ་ཁམ་ཕོར་དེར་དེའི་རུས་པ་མ་ལུས་པ་བཞག་གོ། ཏིང་ངེ་འཛིན་གསུམ ་བསྒོམས་པས་ཕྱིར་བཟློག་ཀྱང་བྱའོ།། དོན་གྲུབ་མེ་ཏོག་དང་བཅས་པས་རིམ་པས་རིགས་རྣམས་ཤེས་པའི་ཚིགས་བརྗོད་པ་དང་བཅས་པས་དེའི་མིང་ངམ་རུས་པ་ལ་དེས་བརྡེག་པར་བྱའོ།། དེ་ནས་སྔགས་ཀྱི་ཚིག་རྣམས་འགྱུར་བ་ནི།། ཨོཾ་སརྦ ་པཱ་པ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་བཱི་ཤོ་དྷ་ན་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨཱ་བ་ར་ཎཱ་ནི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷུ་བྷྲཱུཾ་བི་ནཱ་ཤཱ་ཡ་ཨཱ་བ་ར་ཎཱ་ནཱི་ཛེ་ཧཱུཾ་ཕཊ། ཨོཾ་དྷཱུ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནཱི་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བཱ་རཱ་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་པ་རཱ་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སུཾ་ས་ར་ས་རེ་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧེ་ར་ཧ་ར་སནྣི་ཨཱི་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་སརྦ་ཨཱ་བཱ་ར་ཎཱི་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷཱི་ཏ་བྷཱི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏཱ་ཊ་ཏྲཱ་ཊ་སརྦ་ཨཱ ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནྡ་ཚིནྡ་སརྦ་ཨཱ་བ་རཱ་ཏཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་རི་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་བྲྀ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱག་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཞེས་པ་ནི་རུསཾ་པ་ལ་སོགས་པ་ལ་མེ་ཏོག ་བརྡེག་པའི་སྔགས་སོ།། དེ་ནས་ལྷག་པར་གནས་པར་བྱས་པའི་བུམ་པའི་ཆུས་དེའི་རུས་པ་སོགས་བརྗོད་ཅིང་བཀྲུའོ།། སྔགས་ནི། ཨོཾ་ན་མོ་བྷ་ག་བཱ་ཏེ་སརྦ་དུརྨཱ་ཏི་པ་རི་ཤོ་དྷ་ན་ར་ཛ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྵ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ ་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ། ཤུདྡྷེ་བེ་ཤུདྡྷེ། སརྦ་ཨཱ་བ་ར་ཎ་ནི་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་རུས་པ་ལ་སོགས་པ་བཀྲུ་བའི་སྔགས་སོ།། དེ་ནས་མེ་ཏོག་གཏོར་ཞིང་སྔགས་བཟླས་ལ་ལམ་བསྟན་པར་བྱའོ།། སྔགས་ནི། ཨོཾ་རཏྣེ་རཏྣེ་སཾ་བྷ་བེ། རཏྣ་ཀི ་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུཾ་ཏྭཱ་ཊ། ལམ་བསྟན་པའི་སྔགས་སོ།། དེ་ནས་མེ་ཏོག་དང་ཆུ་གཏོར་ཞིང་ལམ་རྣམ་པར་སྦྱང་བར་བྱའོ།། སྔགས་ནི། ཨོཾ་པདྨེ་པདྨ། པདྨོདྦྷ་བེ་སུ་ཁཱ་བ་ཏྱཾ། གཙྪ་ཏུ་སྭཱ་ཧཱ། ཞེས་བྱ་བ་ནི་ལམ་རྣམ ་པར་སྦྱང་བའི་སྔགས་སོ།། སྔགས་ཀྱི་ཚིག་དེ་དང་དེ་ལ་བསྐུལ་ཚིག་སྦྱར་བར་བྱའོ།། ལམ་སྦྱང་བའི་སྔགས་ཀྱིས་མེ་ཏོག་གི་ཆར་དབབ་པར་བྱའོ།། གླུ་མཁན་བཀྲ་ཤིས་ཚིགས་བཅང་ནི།། མཉམ་པར་བཞག་པས་གླུར་བླང་བྱ།། ཐུན་གསུམ ་མམ་ནི་ཐུན་གཅིག་ཏུ།། དེ་བཞིན་ཉིན་རེ་བཞིན་དུ་བྱ།། ཇི་སྐད་གསུངས་པའི་ཆོ་ག་བཞིན། མཆོད་ནས་ཐམས་ཅད་བསྡུ་བར་བྱ།། དེ་ལ་བཀྲ་ཤྲཱིས་ཀྱི་ཚིགས་སུ་བཅད་པ་ནི།། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་གཅིག་ཏུ་ཕན་མཛད་ཅིང ་སངས་རྒྱས་སྐྱོན་རྣམས་སྤངས་པ་རྣམ་པར་དག་པ་རྟོགས་གྱུར་པ།། ཤེས་རབ་ཡན་ལག་ལ་འཁྱུད་བདེ་བ་མཛེས་པའི་བདག་ཉིད་ཅན།། དེ་ཡིས་ཁྱོད་ལ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག། བཀྲ་ཤིས་གང་ཞིག་དེ་ཡིས ་གསུངས་པའི་དམ་པ་ཆོས་ཀྱི་མཆོག། བླ་ན་མེད་པ་ལྷ་དང་ལྷ་མིན་གྱིས་མཆོད་ཅིང་།། འཇིག་རྟེན་གསུམ་དུ་བདག་མེད་རབ་ཏུ་རྟོགས་པ་འགྱུར་དེས་ལ།། དེ་ཡིས་ཁྱོད་ལ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག ་བཀྲ་ཤིས་གང་ཞིག་དམ་ཆོས་རབ་མཆོག་རྟག་ཏུ་འཛིན་མཛད་པ།། ས་ཡི་དམ་པར་སོན་པ་རྒྱལ་བའི་སྲས་ཚོགས་ལེགས་པ་རྣམས།། སེམས་ཅན་ཕན་པར་མཛད་ལ་མཁས་པ་ཤིན་ཏུ་བཀྲ་ཤིས་པ།། དེ་ཡས་ཁྱོད་ལ་དབང་བསྐུར་མཆོག་གི ་བཀྲ་ཤིས་འབྱུང་བར་ཤོག། ཅེས་བྱའོ།། བཀྲ་ཤིས་ཀྱི་ཚིགསུ་བཅད་པ་དེ་དག་རུས་པ་བཀྲུ་བའི་དུས་སུ་ཡང་གླུ་བླང་བ་འམ་བླང་དུ་གཞུག་གོ། དེ་ལ་གཤེགས་སུ་གསོལ་བའི་སྔགས་ནི།། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེས་སུ ་མཐུན་པའི་དངོས་གྲུབ་སྩོལ།། སླར་ཡང་འབྱོན་པར་མཛད་སླད་དུ།། སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ།། མུཿཞེས་པའོ།། དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ནས་ཐམས་ཅད་བསྡུའོ།། འབྱོར་པ་ཅི་ཡོད་པས་ངན་སོང་ཡོངས ་སུ་སྦྱོང་བའི་དཀྱིལ་འཁོར་ཆོ་ག་ཇི་ལྟ་བས་བྲིས་ནས་ཇི་སྐད་གསུངས་པའི་ཆོ་ག་རྣཾས་བྱའོ།། སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་བདག་ལ་ཡོན་སླང་བར་བྱའོ།། དེས་ཀྱང་འབྱོར་པ་དང་རྗེས་སུ་འཚམ་པ་རབ་ཏུ་དབུལ་ལོ།། བཀྲུས་ནས་གོས་སློབ་དཔོན ་ལ་དབུལ་ལོ།། ཇི་སྐད་དུ། རོ་ལ་དམིགས་ནས་གཉེན་རྣམས་ཀྱིས།། སློབ་དཔོན་ལ་ནི་གང་བྱིན་པ།། དེ་ནི་མཐོ་རིས་ལ་བཞག་པས།། དེ་ལ་བྱིན་པར་ཤེས་པར་བྱ།། ཉི་མ་བདུན་ནས་རབ་བཤད་པའི།། དེ་ཡིས་ཅི་འདོད་ནོར་དབུལ་བྱ།། དེ་ལ ་བྱིན་པས་ངེས་པར་ནི།། བདེ་བ་ཅན་དུ་མཆོད་པར་འགྱུར།། གང་ཕྱིར་བསམ་གཏན་བྱ་བ་ཀུན།། ཆོ་གས་ལུས་ནི་སྟེང་བྱས་ནས།། སྡིག་པ་མ་ལུས་སྤངས་ནས་ནི།། བདེ་བ་ཅན་དུ་ངེས་པར་གནས།། དེ་རྗེས་དེ་ཡི་རུས་པ་རྣམ་དག་པ།། ཕྱེ་མ་ཤིན་ཏུ ་ཞིབ་པར་བྱས་ནས་ནི།། མཆོད་པས་ཡང་དག་མཆོད་ནས་འབབ་ཆུ་ནི།། ཤིན་ཏུ་རྒྱ་ཆེར་རབ་ཏུ་དོར་བར་བྱ།། ཡང་ན་ས་འཛིན་ཆེན་པོ་མཐོ་བ་ཡི།། སྟེང་གི་རྩེ་མོ་ལ་ནི་བསྡང་ནས་སུ།། རླུང་གི་ཤུགས་ནི་ཡོངས་སུ་རྒྱུ་བ་ན།། དེ་དང་རྗེས ་སུ་མཐུན་པར་འཕྱར་བར་བྱ།། ཤིན་ཏུ་དྲག་པོའི་ལས་ཀྱི་དབང་གིས་ནི།། གལ་ཏེ་བདེ་སྟེར་བདེ་བ་ཅན་ནི་མ་ཐོབ་ཀྱང་།། འདི་ཡིས་ངན་སོང་རྣམས་ནི་ཡོངས་སྤངས་ཏེ།། སུམ་ཅུ་རྩ་གསུམ་གནས་སུ་འགྲོ་བར་ངེས།། དཔལ་ལྡན་བཟང ་པོའི་ཞབས་ཀྱི་པདྨ་ལས།། ཐོབ་པའི་གདམས་ངག་ཤིན་ཏུ་འདོད་པ་ནི།། དཔལ་ལྡན་གསང་བ་འདུས་པ་ལས་བྱུང་བ།། ཤིན་ཏུ་ཡིད་འོང་ཆོ་ག་བྱས་པ་ནི།། གང་ཞིག་དཔལ་ལྡན་གསང་འདུས་མ་རྫོགས་པ།། དཔལ་ལྡན་ངན་སོང་ཡོད ་སུ་སྦྱོང་བ་ཡི།། རྒྱུད་ལས་གསུངས་པའི་ལས་གང་ཡོད་པ་ཡིས།། ལས་དེ་ཡོངས་སུ་རྫོགས་པར་བྱས་པ་ཡིན།། ཤི་བ་བདེ་འགྲོར་སྦྱར་བའི་ཆོ་ག་ཤིན་ཏུ་འདོད་པ་མཆོག་ཏུ་གྱུར་པ་ཞེས་བྱ་བའི་མིང་ཅན་དཔལ་སྟོང་ཉིད་ཏིང་འཛིན ་རྡོ་རྗེའི་ཞབས་ཀྱིས་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཨ་བ་དྷཱུ་ཏི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་ཁམས་པ་ལྡི་རི་ཆོས་ཀྱི་གྲགས་པས་བསྒྱུར་བའོ།། ་