CLOSE WINDOW

GT721: kun tu bzang po zhes bya ba'i sgrub pa'i thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། ཀུནྡ་བཟང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། དཔལ་ལྡན་མི་ཤེས་ཀུན་སྤངས་དྲི་མེད་གཟི་བརྗིད་ལྡན།། ་དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཅིང་།། ཤེས་རབ་ཡན་ལག་འདུས་པས་འབར་ཞིང་རྣམ་མཛེས་པ།། འཇམ་དཔལ་གང་དེ་མཆོད་ཕྱིར་དེ་ལ་ཕྱག་འཚལོ།། དཔལ་ལྡན་འདུས་པའི་གཞུང་ལུགས་བཤེས་གཉེན་ནི།། དམ་པ་ཡི ་ནི་བསྐུལ་ཕྱིར་སྒྲོ་བྱས་ཏེ།། འགྲོ་བ་མ་ལུས་དོན་ནི་ཕུན་ཚོགས་པའི།། རྒྱུར་གྱུར་ཆོ་ག་བདག་གིས་བཤད་པར་བྱ།། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང་།། འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ།། དེ་བས་ཤེས་རབ་ཐབས་ལ་གཞོལ་བ ་ཡི། ཡིད་ལ་བྱེད་པའི་མཆོག་དེ་བསྒྲུབ་པར་བྱ།། དེ་ལ་སྔགས་པ་སྙིང་རྗེའོ་སྟོབས་ཀྱིས་ནི།། བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང་།། གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན།། ཟབ་མོའི་ཚུལ་དག་ལ་ནི་ལྷག་པར་མོས།། དཔལ་ལྡན ་འདུས་པའི་དཀྱིལ་འཁོར་ཆོ་ག་ཡིས།། རང་གི་དབང་བསྐུར་ཕུན་སུམ་ཚིགས་ལྡན་ཞིང་།། ཆོ་ག་བཞིན་དུ་རྗེས་གནང་ཐོབ་པ་ཡི།། བློ་དང་ལྡན་པས་རང་སྔགས་མཉེས་པར་བྱ།། ལ་ལ་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་།། ཤིང་མཆོག་མཛེས་པས ་རྣམ་པར་བརྒྱན་པ་ཡི།། རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས།། འཇམ་དབྱངས་ཞེས་བྱ་དེ་ལྟར་རབ་བསྒྲུབ་བྱ།། དང་པོར་ནང་པར་སྙིང་གའི་ཟླ་དབུས་སུ།། དྲི་མེད་འོད་ཟེར་རབ་ཏུ་འཕྲོ་བའི་མེ།། དེ་ཉིད་ཅེས་བྱ་རྣམས་བཀོད་བརྩེ ་ལྡན་པས།། སྒོ་ལ་སོགས་པ་ཡང་དག་དག་པར་བྱ།། ཙན་ངན་བཟང་པོ་ལ་སོགས་ཀྱིས་བྱུགས་ཤིང་།། དྲི་ཞིམ་མེ་ཏོག་གཅལ་བཀྲམ་མཆོག་གི་ཆ།། བསམ་གཏན་གནས་སུ་བདེ་བའི་སྟན་ལ་ནི།། གནས་ནས་དུས་གསུམ ་བཞུགས་པའི་སངས་རྒྱས་རྣམས།། དམིགས་ཏེ་སྣ་ཚོགས་མཆོད་པའི་སྤྲིན་རྣམས་ནི།། དང་པོར་སྤྲོ་སོགས་བློ་ལྡན་གྱིས་བྱ་ཞིང་།། དགེ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར།། སྡིག་པ་དག་ནི་བཤགས་པ་ལ་སོགས་བྱ།། གང་ཞིག་ཐོག་མེད་སྲིད་པའི ་ཆུཀླུང་དུ།། མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས།། ཐུགས་རྗེ་ཆོ་ལྡན་སྤྱན་སྔར་དེ་དག་ནི།། ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་།། འཕགས་པ་གཞན་གྱིས་དགེ་བ་གང་མཛད ་གོ། དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང་།། བྱང་ཆུབ་ཏུ་ནི་ཡོངསུ་བསྔོ་བར་བགྱི།། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབ།། སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས།། རང་གི་ཡིད་ལ་གནས་པར་གྱུར་པ་ཡི།། བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས ་སུ་མཆི།། རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་།། སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི།། དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད།། དམ་པའི་ཆོས་ལ་རྟག་པར་སྐྱ་བ་སུ་མཆི།། འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིག། སྙིང་རྗེ ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན།། རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པ།། བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབསུ་མཆི།། བསམ་དང་རྣམ་པར་སྨིན་པོ་དག་གྱུར་པས།། སྒྲིབ་པ་ཀུན་གྱི་བག་ཆག་ཡང་དག་འབྱིན།། ལྷག ་པར་མོས་པས་རྣམ་པར་བརྒྱན་པ་ཡི།། སེམས་ནི་བྱང་ཆུབ་དམ་པ་བསྐྱེད་པར་བགྱི།། བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ།། སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ།། རྫོགས་སངས་རྒྱས་དག་མ་ལུས་ངོ་བོའི་བློས།། ། ་ཡང་དག་ཉིད་དུ་ད་ནི་གནས་པར་བགྱི།། སྙིང་རྗེས་འཇིག་རྟེན་འདི་ནི་མོ་ལུས་པ།། ལྟ་བའི་དྲ་བས་བཅིངས་ལ་དམིགས་ནས་ནི།། ཡང་དག་བྱང་ཆུབ་སེམས་ནི་མཉམ་མེད་པ།། སྔགས་པས་ཆོ་གས་དེ་ལྟར་བསྒོམ་པར་བྱ།། ངོ་བོ་ཉིད་དང་བྲལ ་ཕྱིར་སྟོང་པ་སྟེ།། རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད།། རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི།། མུ་ལུས་སྨྱོན་པ་ལས་ནི་ངེས་པར་གྲོལ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧེ།། དེ་འོག་ཧཱུཾ་གིས་རྡོ་རྗེར་བྱས་པའི་སར།། ཀུན ་ཏུ་བཟང་ལས་བྱུང་བར་བསམ་པ་ནི།། སྟོན་ཀའི་ཟླ་བ་ལྟ་བུར་རབ་དཀར་བ།། མཐའ་ཡས་ཕྱོགས་གནས་སྣ་ཚོགས་འོད་དང་ལྡན།། གྲུ་གསུམ་གྱེན་དུ་གནས་པའི་ནང་གི་ནཱི།། ན་མཁའ་རང་གི་ངོ་བོ་རྡོ་རྗེ་འཛིན།། ཆོས་འབྱུང་ཞེས་བྱ་ཕྱག་རྒྱའི ་དབུས་གནས་པ།། པདྨ་སྣ་ཚོགས་རྡོ་རྗེ་མཛེས་པ་དེར།། བྲུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི།། རྣམ་སྣང་མཛད་ཡན་ལག་ལས་ཡང་དག་བྱུང་།། ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི།། ཟེར་གྱིས་ཕྱོགས་ཚོགས་མོ་ལུས་ཀུན། ་ཏུ་ཁྱབ།། མི་མཉམ་པ་དག་མེད་ཕྱིར་ཟུར་བཞི་མཉམ།། དྲན་དང་དབང་པོའི་མཆོག་གི་སྒོ་རྣམས་ཡིན།། བསམ་གཏན་བཞི་པོ་དག་གི་རྟ་བབས་དང་།། ཏིང་འཛིན་ཁ་ཁྱེར་གྱིས་ནི་ཀུན་ཏུ་བསྐོར།། ཁ་ཁྱེར་དེ་ལ་བརྟེན་པའི་མཆོད་པ་ནི།། ་དམ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན།། སྣ་ཚོགས་རྒྱན་རྣམས་ཀུན་གྱིས་རྣམ་སྤྲས་པ།། གང་ཕྱིར་འགྲོ་བའི་བསམ་ཀུན་རྫོགས་མཛད་པའི།། རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་དང་།། དྲིལ་བུ་སྒྲ་སྒྲོགས་ཕྱོགས་སྒོ་ཀུན ་ཁྱབ་པ།། གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་དགུ། གདུལ་བྱ་ཐམས་ཅད་ལ་ནི་བསྐྱོད་པ་པོ།། མེ་ལོང་འདྲ་བ་དྲ་ཕྱེད་མེ་ཏོག་གི། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་མཉམ་པ་མེད།། ཡེ་ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི།། ཡན་ལག་དྲི་ནི་མེ་ཏོག་ཕུན་སུ ་ཚོགས།། ཀབ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ།། རྣམ་ཐར་བརྒྱད་པོ་རྣམ་པར་དག་པ་ཡིན།། རྡོ་རྗེའི་ཐིག་དང་ཡང་དག་ལྡན་པ་ནི།། རྡོ་རྗེ་ཐེག་ཆོས་འཁོར་ལོ་རབ་བསྐོར་བའོ།། བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ།། གཟུགས་སོགས་ཡུལ་རྣམས ་རྣམ་པར་དག་པ་ཡིན།། མཆོད་པ་ལྔ་ཡིས་རྣམ་པར་བརྒྱན་པ་ནི།། ཆོས་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་ཡིན།། སྣ་ཚོགས་པདྨའི་འདབ་མར་ལེགས་གནས་པའི།། ཉི་ཟླ་མགོན་བཅས་ལྷ་ཡི་གནས་རྣམས་དང་།། རིན་ཆེན་མ་ལུས་པ་ཡིས་རྣམ་སྤྲས་པ ་གཞལ་ཡས་ཁང་པ་དར་ནི་བསམ་པར་བྱ།། བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བ་ཡི།། ཟླ་བའི་དཀྱིལ་འཁོར་དག་ནི་དབུས་ཉིད་དུ།། འོད་ཟེར་དཔག་ཏུ་མེད་པའི་ཚོགས་ལྡན་པ།། དབུས་པའི་གདན་ལ་ཆོ་ག་བཞིན་དུ་བསམ།། དཔལ་མཆོག་དང་པོའི ་སྙིང་པོ་ལས་བྱུང་བའི།། རྡོ་རྗེ་བཟང་འདིར་ནོར་བུ་དམར་འདྲལ།། དཔག་མེད་ཐུབ་པའི་འོད་ཚོགས་རྣམས་འཕྲོ་བ།། ཕྱོགས་སྒོ་མཐའ་ཡས་ཁྱད་པར་རབ་བསྒྲུབ་པ།། དང་པོའི་སྙིང་པོ་མཆོག་བཅས་བསྒོམས་ནས་ནི།། ང་རྒྱལ་དེ་ལྟར་མཐའ་ཡས་སྤྲུལ་པ། ་ཡིས།། འགྲོ་བ་མཆོག་གི་དོན་རྣམས་བྱས་གྱུར་ཅིང་།། ཐུབ་མཆོག་ཕྲ་རབ་ལས་བསྒྲུབས་མཚུངས་མེད་པ།། ཟླ་བ་བརྒྱད་འདྲར་དཀར་བའི་མདངས་ལྡན་ཞིང་།། གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར།། སྣ་ཚོག་རྒྱན་རྣམས་འབར་བའི་ཕྱག་གཉིས ་གྱིས།། རིག་མ་དམ་པར་འཁྱུད་པར་མཛད་པའོ།། ལྷག་མའི་ཕྱག་གིས་རྡོ་རྗེ་རལ་གྲི་དང་།། པདྨ་རིན་ཆེན་བསྣམས་པས་ཟུང་གཉིས་མཛེས།། ཁམས་གསུམ་ཁོང་ནི་རྣམ་པར་བརྒྱན་པ་ཡིས།། ཐུབ་པའི་འོད་ཚོགས་དུ་མ་རྣམ་པར་འགྱེང་།། རྣམ་པར ་ཐར་པའི་སྒོ་གསུམ་རྣམ་དག་པས།། ཤེས་རབ་ཐབས་ཀྱི་བདག་ཉིད་སྙིང་རྗེ་མཆོག། མ་ལུས་འགྲོ་བའི་དེ་ཉིད་གཅིག་པུ་ཉིད།། རྒྱལ་བ་སྐྱེད་བྱེད་ཉིད་ཀྱི་སྐུ་རུ་བསམ།། མཆོག་ཏུ་རྗེས་ཆགས་ཕུན་ཚོགས་དཔག་མེད་ཀྱིས།། འདུལ་བའི་འཇིག ་རྟེན་ཐམས་ཅད་དམིགས་ནས་ནི།། དགའ་བའི་སྒྱུ་མའི་སྒྲ་ཡིས་དེ་རྣམས་དང་།། རྒྱལ་བའི་ཚོགས་རྣམས་མ་ལུས་གཞུག་པར་བྱ།། དེ་ནི་སྤྱན་ལ་སོགས་པའི་ལྷ་མོ་དང་།། གཟུགས་སོགས་མ་ལུས་ཡུལ་གྱི་རང་བཞིན་དུ།། ཕྱུང་ནས ་རིགས་མ་དེ་དག་ཐམས་ཅད་ནི།། རང་གི་རིག་མོའི་ནང་དུ་ཆུད་པར་བྱ།། དེ་ཡི་པདྨའི་ལྟེ་བའི་ནང་དུ་ནི།། དཀྱིལ་འཁོར་དྲི་མཽད་ཟླ་ཟེར་ལས་བྱུང་བར།། བསམས་ནས་བློ་ཡིས་འགྲོ་བའི་ཚོགས་རྣམས་ནི།། མ་ལུས་དེ་ནི་རབ་ཏུ་གཞུག་པར་བྱ།། ་གསང་བའི་རྡོ་རྗེ་དམ་པའི་དབུས་སུ་ནི།། རྣམ་སྣང་ལ་སོགས་རྒྱལ་བའི་ཚོགས་གཞུག་སྟེ།། ཟླ་བ་ཞུ་བའི་གཟུགསུ་གྱུར་པ་དང་།། དེས་ནི་དེ་རྣམས་དེ་འོག་དབང་བསྐུར་བྱ།། ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང་།། མཁའ་སྙིང་འཇིག་རྟེན་དབང་ཕྱུག ་སྒྲིབ་སེལ་བཅས།། དཔལ་ལྡན་ཀུན་ཏུ་བཟང་པོ་ཞེས་བྱ་བས།། དེ་དག་མིག་ལ་སོགས་པ་གྲངས་བཞིན་ནོ།། གཟུགས་དང་སྒྲ་དང་དྲི་དང་རོ་དག་དང་།། རེག་བྱ་དང་ནི་ཆོས་དབྱིངས་རྡོ་རྗེ་དང་།། ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི།། ངོ་བོ་ཉིད་གྱུར ་སྤྱན་ལ་སོགས་པར་གྲགས།། གཟུགས་དང་ཚོར་བ་དེ་བཞིན་འདུ་ཤེས་དང་།། འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ།། རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་ཏེ།། དེ་རྗེས་ས་བོན་གྱིས་ནི་དབྱུང་བར་བྱ།། ཀྵིཾ་ཛཾ་ཁཾ་གཾ་ཥྐཾ་སཾ་ཞེས་བཤད་པ།། འདི ་ངག་མིག་ལ་སོགས་པ་རྣམས་ཀྱི་མིག། ཛ་ཧཱུཾ་བཾ་ཧོ་ཁཾ་རཾ་ཞེས་བཤད་པ།། དེ་དག་གཟུགས་ཀྱི་རྡོ་རྗེ་ལ་སོགས་པ།། ལཱཾ་བཾ་བཾ་ཏཾ་ཞེས་བྱ་བཞིར་བཤད་པ།། དེ་དག་སྤྱན་ལ་སོགས་པ་རྣམས་ཀྱི་ཡིན།། བྲུ~ཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་བྱ་བ་འདི།། རིམ་པ་ཇི་བཞིན ་བརྟག་པ་ལ་སོགས་པའིའོ།། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི།། འོད་ལྡན་ཧོ་དང་སྤེལ་བ་ཚེ་ག་བཞིན།། པདྨའི་ནང་དུ་ཞུགས་པ་མཉམ་མེད་པ།། ཤེས་རབ་ཆགས་པས་ཞུ་བར་བྱ་བ.རརྭ་བསམ།། དེ་ཡི་འོད་ཀྱི་མཐུ་ཡིས་གཉིས་ཀ་ཡང་།། ་ཟླ་བ་ཞུ་བར་བྱས་པར་མཐོང་བ་དང་།། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ནི།། གླུ་ཡི་སྒྲ་ཡིས་བསྐུལ་བར་བྱས་པར་བསམ།། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།། དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག ་ལི་སྐྱབས་ཏུ་གསོལ།། མགོན་པོ་གལ་ཏེ་དེ་རིང་བདག་གིས་གསོན་པར་མཆི་བཞད་ནི།། སེམས་ཅན་ཡབ་ཆེན་མཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ།། རྡོ་རྗེའི་སྐུ་ཁྱེད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་བེན།། སངས་རྒྱས་དོན ་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ།། ་འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། དགའ་བའི་སྤྱོད་པ་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི ་ཕན་ངོན་ཆེ།། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད།། དེ་ལྟའི་གླུ་ཡི་ངོ ་རུ་བྱས་པས་ན།། ཆོས་ཀུན་སྒྱུ་མ་ལྟ་བུར་ཡང་དག་རིག། སྣང་བའི་འོད་ཟེར་གྱི་ནི་དཀྱིལ་འཁོར་ཅན།། རང་གི་སྔགས་ཀྱི་ལུས་སུ་རང་ཉིད་གྱུར།། དེ་ཡི་འོད་ཟེར་མ་ལུས་པ་རྣམས་ཀྱིས།། རང་ལྷ་དང་མཚུངས་སྤྲུལ་པའི་ཐུབ་དབང་པོས།། དཔག་ཏུ།། ་མེད་པའི་ཡིད་ཀྱིས་བཅུག་པ་ལས།། དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱར་གྱུར།། གུར་གུམ་བཟང་པོའི་མདོག་ལྟར་དམར་བ་ལ།། གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དཀར།། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པ་ཡི།། ཕྱག ་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་།། མདངས་ལྡན་རལ་གྲི་དང་ནི་མདའ་ཉིད་དང་།། ཨུཏྤལ་སྔོན་གཞུ་མཐའ་ཡས་འོད་ལྡན་བསྣམས།། མ་ལུས་རིགས་རྣམས་འཕྲོ་བས་རྣམ་བརྒྱན་ཅིང་།། སྐྱོབ་པ་ན་མཁའ་མ་ལུས་དཀྱིལ་འཁོར་ཡིན།། ་དངོས་རྣམས་ཐམས་ཅད་གཟུང་དང་འཛིན་པ་དང་།། བྲལ་བས་དངོས་པོ་མེད་པ་ཉིད་དུ་ཤེས།། རྣམ་པར་བྱང་ལ་མངོན་པར་ཞེན་པ་ནི།། མེད་པས་བྱིན་གྱིས་བརླབས་པ་འདི་ཉིད་བྱ།། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཏི།། དེ་འོག་རང་སྒྱིངས ་བོན་འོད་རྣམས་ཀྱིས།། རང་གི་མིག་སོགས་ས་སྙིང་ལ་སོགས་པས།། ཇི་བཞིན་བཀང་ནས་དྲི་མེད་རབ་ཟླ་ཡིས།། རྡོ་རྗེ་ལྟེ་བའི་དབུས་གནས་ཡི་གེ་ཧཱུཾ།། ཐུགས་ཀྱི་རྡོ་རྗེའི་དེ་བཞིན་ཁ་དང་ནི།། མགོ་བོར་པདྨོ་འཁོར་ལོ་ལ་གནས་པའི།། ཨ་དང་ཨོཾ་ནི ་གསུང་གི་རྡོ་རྗེ་དང་།། སྐུ་ཡི་རྡོ་རྗེ་ཉིད་དུ་བསམ་པར་བྱ།། དེ་ཡི་ཐུགས་ཁའི་འོད་ཀྱི་ཚོགས་རྣམས་དང་།། ཤེས་རབ་དམ་པར་གནས་པའི་འོད་རྣམས་ཀྱིས།། ཀུན་ནས་རྒྱལ་བའི་དབང་པོ་མཆོད་ནས་ནི།། ཐུགས་ཀྱི་རྡོ་རྗེ་ལ་སོགས་བྱིན་གྱིས་བརླབ།། དཔལ ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབ་ནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱི ་བརླབ་ནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲཱ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་པོ་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབ་ནས་སུ།། རྡོ་རྗེ་གསུངས་གོས ་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དང་བདག་བྱིན་གྱིས་བརླབ་ནས་སུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དཔལ ་ལྡན་རྡོ་རྗེ་སྐུ་འཆང་གཱ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབ་ནས་སུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ།། དེང་བདག་བྱིན་གྱིས་བརླ ་ནུས་སུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་གཱ་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ནུ་མཁའ་ལྟ་བུར་ངོ་བོར་རྡོ་རྗེ་གསུམ།། མཚན་ཉིད་དག་དང་བྲལ་བར་དམྱིགས་ནས་ནི།། ཕྱོགས་བཅུར་ཀུན་བཞུགས་པ་ཡི་ཐུབ་པའི་ཚོགས།། སྙིང་པོའི་ལ ་ཟེར་རྣམས་ཀྱིས་ཡང་དག་བསྐུལ།། ཐུབ་པའི་མཆོག་གི་འོད་ཟེར་ལ་བྱུང་བའི།། རིགས་པའི་ཚོགས་རྣམས་ཕྱག་ན་བུམ་པ་བསྣམས་ཏེ།། ཡེ་ཤེས་ཆུ་ཡིས་མངོན་པར་དབང་བསྐུར་བས།། རང་གི་རིགས་ཀྱི་གཙོས་བརྒྱན་ཅོད་པན་གྱུར།། དེ་བཞིན ་རང་གི་ལྷ་འདྲ་རང་སྙིང་པོས།། སྤྲུལ་པའི་རིག་པ་ཉིད་ནི་ཡང་དག་ལྟ།། མིག་ལ་སོགས་པ་དགང་ཞིང་ཡི་གེ་གསུམ།། རྣམ་པར་བཀོད་པས་ལུས་ནི་འོད་དང་ལྡན།། དེ་ཉིད་ཤེས་པས་མགོ་དང་སྙིང་ག་དང་།། ལྟེ་བ་གསང་བ་དེ་བཞིན་བརླ་གཉིས་། ་སོགས།། ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་གྲགས་པ་རྣམས།། དེ་ནི་སྐུ་ཐུགས་རྡོ་རྗེ་བཟང་རིགས་སོགས།། ལྔ་པོ་རྣམས་ཀྱིས་ཡན་ལག་བྱིན་བརླབས་ཏེ།། འོད་ཀྱི་ཕྲེང་བ་དམ་པས་འགྲོ་གསུམ་ཁྱབ།། ཨ་ཡིས་སྣ་ཚོགས་པདྨའི་ལྟེ་བུ་བྱ།། ཧཱུཾ་གིས་འདབ ་མ་བརྒྱད་པ་རྣམ་པར་སྤྲུལ།། ཤེས་རབ་དམ་པའི་རྒྱུ་མཐུན་ངོ་བོ་ཉིད།། ཐབས་དང་བཅས་པར་འབྱུང་བའི་རང་གི་ལུས།། དེ་ཡིས་བདེ་གཤེགས་རྗེས་སུ་མཉེས་བྱས་ཞེས།། སྔགས་པས་དགའ་བ་ཀུན་ཏུ་བརྩམ་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཐུགས་ཀའི་ཟླ་བའི་སྔགས་ཀྱི་འོད་རྣམས་ཀྱིས།། མ་ལུས་སངས་རྒྱས་ཚོགས་རྣམས་བཅུག་ནས་ནི།། ཧཱུཾ་གི་རྡོ་རྗེ་ལས་བྱུང་དྲི་མ་མེད་པ་ཡི།། ཡིད་ཚུལ་དམ་པའི་ཚུལ་སྐྱེས་ལ་གནས་པ།། ་རང་གི་སྙིང་པོ་ལས་བྱུང་མ་ལུས་པའི།། རང་གི་དཀྱིལ་འཁོར་པ་ཡི་གཟུགས་བསམས་ལ།། ཆོ་ག་འདི་ཡིས་སེམས་ནི་བརྟན་པོ་དང་།། འཇིག་རྟེན་རྣམས་ལ་ཕན་ཕྱིར་ཡང་དག་དབྱུང་།། བཛྲ་དྷྲྀཀ་ཅེས་བྱ་དང་ཐུགས་རྡོ་རྗེ།། སྐྱེ་བོ་དམ་པའི་དོན་མཿ ་ཡང་དག་བསྐུལ།། ནོར་བུ་སྔོན་པོའི་འོད་འདྲར་ཡང་དག་འབར།། གཡས་དང་གཡོན་པའི་ཞལ་ནི་དཀར་དང་དམར།། དམ་པ་དང་པོ་ལྟ་བུའི་ཕྱག་དང་ལྡན།། ཁ་དོག་དཔག་ཏུ་མེད་པའི་འོད་ཚོགས་མངའ།། བློ་དང་ལྡན་པས་ལེགས་བསྡུས་བདག ་ཉིད་ཀྱི།། དངོས་པོ་ཐམས་ཅད་ཀྱིས་ནི་ཞུགས་པར་བྱ།། ཛི་ན་ཛི་ཀ་ཅེས་བྱ་བ་སྐུ་རྡོ་རྗེ།། རྡོ་རྗེ་འཛིན་དང་འདྲ་བའི་སྐུ་མདོག་ཞལ་གྱིས་མཛེས།། འཁོར་ལོ་ལ་སོགས་ཕྱག་མཚན་རྣམས་དེ་བཞིན།། ཤར་གྱི་པདྨར་ཟླ་བའི་དབུས་སུ་བསམ།། རིཏྣ་དྷྲྀཀ ་ཅེས་བྱ་བ་འདི་ཡིས་ནི།། ནོར་བུ་རིན་ཆེན་འབྱུང་ཞལ་གཞོན་ནུ་འདྲ།། བཙོ་མོའི་གསེར་གྱི་མདངས་དང་འདྲ་བ་ལ།། ཕྱག་དྲུག་མརྒད་རིན་ཆེན་ལ་སོགས་བསྣམས།། ཨཱ་རོ་ལི་ཀ་འོད་དཔག་མེད་པདྨ་ནི།། རཱ་ག་ལྟར་དམར་ཞལ་གཉིས་དེ་དང་འདྲ།། ་འོད་ཟེར་འབར་ཞིང་ཕྱག་ན་པདྨ་སོགས།། མཚན་མ་བསྣམས་པ་ནུབ་ཏུ་བསམ་པར་བྱ།། པྲཛྙཱ་དྷྲྀཀ་ཅེས་བྱ་དང་དོན་ཡོད་གྲུབ།། རིན་ཆེན་མརྒད་ལྟ་བུའི་མདོག་ལྡན་ཞིང་།། སྔ་མ་ལྟ་བུའི་ཞལ་སོགས་ཕུན་སུམ་ཚོགས་མངའ་བ།། རལ་གྲི་ལ་སོ། ་བསྣམས་པ་བྱང་དུ་བསམ།། རལ་བཅོད་པན་མཛེས་དང་སྣ་ཚོགས་པའི།། རིན་ཆེན་མཆོག་གི་འོད་ཟེར་འབར་བས་བརྒྱན།། རིག་པ་མགོན་དང་རབ་ཏུ་བཅས་པའི་སྐུ།། ཐམས་ཅད་ཉི་མའི་དཀྱིལ་འཁོར་དག་ལ་བསམ།། མོ་ཧ་ར་ཏི་ཞེས་པས་ལྷ་མོ་སྤྱན།། ཟླ་བ ་དཀྱིལ་འཁོར་རྫོགས་པ་ལ་གནས་པ།། མཆོག་ཏུ་སྲེད་ཅིང་སྐུ་ཡི་རྡོ་རྗེ་འདྲ།། མེ་ཡི་ཕྱོགས་ཉིད་དུ་ནི་བསམ་པར་བྱ།། དྭེ་ལ་ར་ཏི་ཞེས་པ་དགའ་བ་ཆེ།། དགའ་ཆེན་མཆོག་འདོད་མཱ་མ་ཀི་ཞེས་པ།། ཞལ་མཛེས་ཕྱག་རྣམས་ཐུགས་ཀྱི་གཙོ་འདྲ། ་བ།། རྣམ་པར་སྒེག་པ་བདེན་བྲལ་མཚམསུ་བསམ།། རཱ་ག་ཙྪི་ཞེས་བྱ་ཡུམ་མཆོག་ནི།། གོས་དཀར་ཡོན་ཏན་རིན་ཆེན་མཐའ་ཡས་པ།། དྲི་མེད་སྐུ་ནི་གསུང་གི་དབང་ཕྱུག་འདྲ།། རླུང་གི་ཕྱོགསུ་རྣམ་པར་བསམ་པར་བྱ།། བཛྲ་ར་ཏིས་རབ་བསྐུ ་སྒྲོལ་མ་ནི།། དྲི་མེད་རིན་ཆེན་འོད་ཀྱི་ཕྲེང་བ་ཡིས།། ཕྱོགས་ཀྱི་ཚོགས་ཁེབས་རང་གི་ངོ་བོ་ནི།། རིན་ཆེན་དབང་འདྲ་དབང་ལྡན་ཕྱོགསུ་བསམ།། ལྷ་མོ་འདི་རྣམས་ངེས་པའི་ཕྱག་མཚན་ནི།། འཁོར་ལོ་བཟང་དང་ཨུཏྤལ་དམར་པ་དང་།། ་པདྨ་ཨུཏྤལ་གསེར་མདོག་རིམ་བཞིན་བསམ།། ལྷག་མ་རྣམས་ནི་བདག་པོ་ཇི་བཞིན་འདོང་།། དེ་ཉིད་གསུམ་གྱིས་གཟུགས་ཀྱི་རྡོ་རྗེ་སོགས།། ལྷ་མོ་རྣམ་ནི་སྐུ་ལ་སོ། དྲ་བཱ་ཀྱཻ་རྫི་ནི་མཚམས་གྱུར་བཞི་པོ་དང་།། རྩ་བའི་སྒོ་ཡི་ངོས་གཉིས་དག ་ཏུ་བསམ།། ཡ་མཱནྟ་ཀྲྀཏ་ཅེས་བྱས་གཤིན་རྗེ་གཤེད།། མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན།། དུས་མཐའ་མི་ཟད་སྤྲིན་གྱི་དཀྱིལ་འཁོར་མདོག། ཐུགས་ཀྱི་རྒྱལ་པོ་དག་དང་སྐུ་མཚུངས་པ།། དྲག་པོའི་རིགས་འོད་དཔག་མེད ་བྷྱ། རྣམས་འབྲུ་ས།། གཤིན་རྗེ་མཐང་མཛད་ཤིན་ཏུ་འདུག་པ་ཡི།། སྦྲུལ་ཁྱིམ་ལུས་ཀྱི་ཡན་ལག་རྣམ་བརྒྱན་པ།། དཔལ་ལྡན་ཤར་གྱི་སྐྱོན་བསམ་པར་བྱ།། བྲརྫུན་པཏ་ཅེས་བྱས་བླ་མེད་འོང་།། དྲག་ཙང་ཕྱག་སོགས་སུ ་ཡི་རྡོ་རྗེ་འདྲ།། གཞན་གྱིས་མི་ཐུབ་ཅེས་བྱ་གཏུམ་པོ་ནི།། ལྷོ་ཕྱོགས་ཀྱི་ནི་སྒོ་རུ་བསམ་པར་བྱ།། པདྨནྟ་ཀྲྀཏ་ཅེས་བྱས་ཕྱོགས་རྣམས་ཀྱིས།། འཁོར་ལོས་འོད་ཀྱིས་མངོན་པར་ཁེབས་བྱེད་པ།། འོད་མདངས་འཇིག་དུས་མེད་འདྲར་འཇིགས ་པར་ལྡན།། ཕྱག་ལ་སོགས་པར་གསུང་གི་རྡོ་རྗེ་འདྲ།། དུག་པ་དུ་མ་རྣམས་གནོན་འཇིགས་པའི་ཞལ།། ཐུབ་དབང་ཧ་ཧ་ཞེས་ནི་བཞད་པ་ཡི།། རི་བོར་བཅས་པ་སྐྱེལ་བས་སྐྲག་མཛད་པ།། རྟ་མགྲིན་དེ་བཞིན་ནུབ་ཀྱི་ཕྱོགསུ་བསམ།། ་བིགྷྣཱཾ་ཏ་ཀྲྀཏ་ཅེས་བྱས་དཔའ་བོ་ནི།། དུས་མཐའི་མེ་ལྟར་དྲག་པོ་བདུད་རྩི་འཁྱིལ།། འཕགས་པའི་ཞབས་སོགས་མི་བསྐྱོད་དང་མཚུངས་པ།། དེ་བཞིན་བྱང་གི་སྒོ་རུ་བསམ་པར་བྱ།། རྣམ་པར་སྣང་མཛད་ཐུགས་གཙོ་འོད་དཔག་མེད།། ཐུགས ་ཀྱི་དབང་པོ་རིམ་བཞིན་ཅོད་པན་ཡིན།། ཐོ་བར་དབྱུག་པ་དེ་བཞིན་པདྨ་དང་།། རྡོ་རྗེ་སོགས་འདི་ཕྱག་ནི་ཀུན་ལ་བསམ།། དེ་ལྟར་ཡོངསུ་རྫོགས་པའི་དཀྱིལ་འཁོར་ལ།། དངོས་པོ་ཐམས་ཅད་ཀྱིས་ནི་བལྟས་ནས་ཀྱང་།། སྙིང་པོའི་སྔགས་ཀྱི ་འོད་ཟེར་ལྕགས་ཀྱུ་ཡི།། དྲངས་ནས་བདེ་བར་གཤེགས་རྣམས་བསྒོམ་པར་བྱ།། ཤེས་རབ་ཐབས་ཀྱི་རང་བཞིན་དྲི་མེད་པའོ།། ཏིང་འཛིན་ལས་བྱུང་དམ་པའི་བདེས་གང་བར།། འཁོར་ལོ་བསམས་ནས་དེ་ནས་གཤིན་རྗེ་ནི།། མཐར་བྱེད ་ལ་སོགས་བཤད་པས་བསྲུང་བར་བྱ།། རང་གི་སྙིང་པོས་མངོན་བཟླས་མཆོད་ཡོན་ནི།། ཙན་ངན་བཟུང་སོབས་མེ་ཏོག་གིས་མཛེས་དབུལ།། རང་ལས་བྱས་པ་ལྟ་བུར་དབང་བསྐུར་ཞིང་།། ཆོ་ག་ཡིས་ནི་མངོན་པར་མཆོད་པར་བྱ།། པད་ནང་རང་གི ་ས་བོན་འདི་རྣམས་ཀྱིས།། གཟུགས་ལ་སོགས་པ་ཐམས་ཅད་དྲངས་ནས་ནི།། ཡང་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ཡི།། འོད་ཀྱི་དཀྱིལ་འཁོར་དག་ཏུ་བསྒོམ་པར་བྱ།། ཤེས་རབ་པ་སྤུ་རེ་ལས་བྱུང་བ་ཡི།། འོད་ཟེར་རྣམ་པ་སྣ་ཚོགས་རྒྱ་ཆེན་ཚོགས།། ་མ་ལུས་ན་མཁའི་གཏོས་ནི་ཀུན་ཏུ་ཁྱབ།། དེ་ལ་བློ་དང་ལྡན་པས་རབ་ཏུ་སྤྲོ།། འོད་ཀྱི་ལ་སྒོ་ལས་ངེས་པར་བྱུང་བ་ཡི།། ཡན་ལག་དྲི་མེད་རྒྱན་ཀུན་གྱིས་ལེགས་བརྒྱན།། མེ་ལོང་པི་ཝང་དྲི་དང་རོ་ཡི་སྣོད་།། གོས་དང་ཆོས་འབྱུང་བ་ལ ་སོགས་པ་ཡི།། མཚན་མས་རིམ་གྱིས་རྣམ་པར་སྒེག་བཅས་ཤིང་།། རོལ་པའི་ལག་པ་དམ་པ་རྣམས་དང་ནི།། འོད་ཀྱི་སྣང་བས་སྤྲུལ་པ་སྣ་ཚོགས་པའི།། མཆོད་པའི་སྤྲིན་གྱི་དྲ་བས་ཁྱབ་པ་དང་།། དངོས་རྣམས་སྒྱུ་མ་ལ་སོགས་སོ། ་སོར་ནི།། ཡང་དག་རིག་ཅིང་འཇིག་རྟེན་ལྟ་མཁས་པ།། རྟོག་པ་མ་ལུས་ཀུན་ལས་ངེས་གྲོལ་ཞིང་།། མཆོག་ཏུ་བདེ་བ་བསྐྱེད་པའི་རྒྱུར་གྱུར་པ།། གཟུགས་ལ་སོགས་པའི་ལྷ་མོ་རྣམས་དང་ནི།། དེ་བཞིན་ཕྱི་ཡི་དྲི་སོགས་ཐམས་ཅད་ཀྱིས།། ། ་རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང་།། དེ་ལྟར་ཐ་དད་རྟོག་ལ་ངེས་གྲོལ་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀེ་ཧ~ཾ། སྒྲ་ཡི་ཡུལ་རྣམས་མ་ལུས་པ་རྣམས་ནི།། བྲག་ཅའི་སྒྲ་འདྲར་ངེས་བརྟག་དེར་རྗེས་ལ།། ཡང་ཡིད ་ལྡག་པའི་ལྷ་རུ་གནས་པ་ལ།། ཆོས་རྣམས་བསྟོད་པའི་སྒྲ་ནི་བྱེད་པར་བསམ།། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ།། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ།། རྣམ ་བར་སྣང་མཛད་དག་པ་ཆེ།། རྡོ་རྗེ་ཞི་བ་དགའ་ཆེན་པོ། རང་བཞིན་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལོ།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མེད་མཁའ།། རང་བཞིན་དག་པ་གོས་པ་མེད།། རྡོ་རྗེའི་སྐུ་ལ་ཕྱག་འཚལོ།། ་རྡོ་རྗེ་མི་འཆི་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པ།། རང་བཞིན་དག་པ་ཉིད་ལས ་བྱུང་།། རྡོ་རྗེ་སེམས་དཔའ་ཕྱག་འཚ་ལོ།། འབར་བའི་རླུང་གིས་བྱིན་བརླབས་རླུང་དང་མེའི།། དཀྱིལ་འཁོར་ལ་གནས་རབ་སྦར་བདུད་རྩི་ལྔ།། དེ་ནས་ཡི་གི་གསུམ་བཟླས་དཔག་མེད་པའི།། ཐུབ་པའི་དབང་པོའི་རླུང་དུ་ཆུད་པར་བྱ།། ཡེ་ཤེས ་བདུད་རྩིའི་ངོ་བོར་བསམས་ནས་ནི།། ཧཱུཾ་དགོད་རྡོ་རྗེའི་ལྕེ་ནི་བཟང་པོ་དང་།། སྙིང་གའི་ཟླ་བའི་དབུས་སུ་མ་ལུས་པའི།། རྒྱལ་བའི་འཁོར་ལྷོ་དེས་ནི་ཚིམ་པར་བྱ།། སྙིང་པོའི་འོད་ཟེར་དཔག་མེད་ཀྱིས་སྤྲུལ་པའི།། ཐུབ་པས་མི་ཤེས་ཀུན ་ཏུ་ངེས་གསལ་ནས།། འགྲོ་བ་མ་ལུས་རྫོགས་སངས་རྒྱས་བྱས་ཏེ།། རང་གི་གསང་སྔགས་ནང་དུ་ཆུད་པར་བྱ།། གཟུགས་ལ་སོགས་པའི་རྣམས་པ་དང་བྲལ་བས།། འཛིན་པ་དེ་ནི་མངོན་སུམ་མཐོང་མི་ནུས།། གཟུང་བ་རྣམས་ཀྱང་ཅུང ་ཟད་ཡོང་མིན་ལ།། གཞན་པའི་འབྲེལ་པ་ཡིས་ཀྱང་མཐོང་བ་མེད།། བདེ་སོགས་དེ་ནི་ཡོངསུ་འཛིན་པ་ནི།། བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ།། ཅིག་ཅར་ཤེས་པའི་ཕྱིར་ན་གཟུགས་སོགས་བཞིན།། འདི་དག་འཛིན་པ་པོར་ནི་ཡོད་མ་ཡིན།། དཀར་པོ ་ལ་སོགས་གང་ཞིག་མཐོང་བ་རྣམས།། དེ་ཉིད་དུས་གཞན་དག་ཏུ་མཐོང་མི་འགྱུར།། འདི་ཉིད་རྟག་ཏུ་གཅིག་ལ་གཅིག་འགལ་བ།། ཡིན་ཕྱིར་བདེ་བ་ལ་སོགས་ངག་དང་མཚུངས།། ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན།། གཟུགས་ལ་སོགས། ་པ་འདི་དག་གཅིག་མ་ཡིན།། ཕྲ་རབ་རྣམས་ཀྱང་མཐོང་བ་མ་ཡིན་པས།། དུ་མའི་གཟུགསུ་མིན་པའང་དེ་དང་འདྲ།། རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི།། ཕྲ་རབ་དུ་མ་འདུས་པ་ཡོད་མིན་པས།། ས་ཡི་དཀྱིལ་འཁོར་ལ་སོགས་རང་བཞིན་། ་ཏེ།། བསགས་པ་འགའ་ཡང་འདིར་ནི་མེད་པར་འགྱུར།། དེ་བས་འཛིན་པོ་ལ་སོགས་དང་བྲལ་བས།། རང་རྒྱུད་གཟུགས་སོགས་བརྟགས་པའི་ངོ་བོ་ཉིད།། རྒྱུ་དང་མི་རྒྱུ་དངོས་པོ་མ་ལུས་པ།། དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པ་ཡིན།། བདག ་དང་བདག་གི་རྣམ་རྟོག་རྒྱུན་གྱི་ནི།། ངོ་བོ་དག་གིས་དེར་ནི་འཁོར་བ་སྟེ།། དྲག་པ་ཕྱིན་ཅི་ལོག་དེ་མེད་པ་ཡི།། ངོ་བོ་ཙམ་གྱིས་རྣམ་པར་ཤེས་པར་བྱ།། འདིར་ནི་ཞི་དང་སྲིད་པའི་ངོ་བོ་དག། ཆོས་ཉིད་ཀྱིས་ནི་དབྱེ་བ་འགའ་ཡང་མེད།། གང་ཕྱིར་གཟུང། ་བ་ལ་སོགས་རྣམ་པ་དང་།། བྲལ་བར་ཐམས་ཅད་དུ་ནི་རྟག་ཏུ་གྲུབ།། དེ་ནི་སྣང་བའི་རང་བཞིན་ཀུན་རྟོག་ལས།། ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ།། སེམས་ལས་གཞན་པ་དག་ཅེས་བྱ་བ་ནི།། ཡོད་པ་མ་ཡིན་དེ་ཕྱིར་དེ་བདག་ཉིད།། གང ་ཞིག་གཟུགས་ལ་ས་སོར་ཐུགས་གྱུར་བ།། དེའི་བདག་ཉིང་གང་ཡིན་དེ་ཉིད་གཟུགས།། དེ་བས་ཐམས་ཅད་ཁྱབ་པར་མེད་པར་བརྟག། སྣང་བར་གྱུར་པའི་ཡུལ་རྣམས་གང་ཡིན་པ། གང་ཞིག་རྟོག་པའི་གནསུ་གྱུར་པ་རྣམས། ་དེ་དེ་གཉིས་སྦྱོར་བ་དང་བྲལ་བས།། དེས་ན་རྣམ་པར་དབྱེ་བ་ཐམས་ཅད་མིན།། དང་དང་བརྩོན་འགྲུས་རྣམ་པར་དག་པ་དང་།། དེ་བཞིན་དྲན་དང་བསམ་གཏན་རྣམ་དགེ་པའང་།། སྒོ་བཟང་སྲུང་བར་བྱེད་པའི་ངོ་བོ་ཉིད།། ཤེས་རབ་རྣམ་དག་མ་ལུས་ཡུལ་དུ ་སྣ་མཚན་མ་མེད་པའི་དགའ་བ་རྣམ་དག་པ།། མ་ལུས་ལྷ་མོའི་ཚོགས་ཀྱི་ངོ་བོ་ཉིད།། སེམས་ཅན་དོན་དང་བདག་དང་རྣམ་རྟོག་དང་།། འཇུག་པའི་རྣམ་ཤེས་རྣམ་པར་དག་པ་ཡང་།། མེ་ལོང་སོགས་ཡིད་དྲི་མེད་ངོ་བོ་བས།། སངས་རྒྱས་ཐམ ་ཅིད་ཀྱི་ཡང་རང་བཞིན་ཏེ།། དེ་བཞིན་ཉིད་ནི་རྣམ་དག་སྦྱོར་བ་ཡིས།། འཁོར་ལོའི་གཙོ་བོ་འདི་ནི་རྣམ་པར་བཞུགས།། གཟུགས་ལ་སོགས་པའི་འཁྲུལ་པ་རྣམ་བྲལ་བས།། དྲི་མེད་ཕུང་པོ་ལ་སོགས་ངོ་བོར་གྲུབ།། སེར་སྣ་ལ་སོགས་ལྡོག་པར ་གྱུར་པ་ནི།། ཕ་རོལ་ཕྱིན་པ་དཀར་པོའི་ཆོས་རང་བཞིནོ།། རྣམ་རྟོག་མེད་པར་བདག་གཞན་དོན་འབྱུང་བའི།། རྒྱུ་ཉིད་ཀྱིས་ན་དེ་ཡང་གོ་རིམས་བཞིན།། ཟབ་པ་དང་ནི་རྒྱ་ཆེ་བ་ཡིས་ན།། ཤེས་རབ་ཐབས་ཀྱིས་བདག་ཉིད་ཅན་སེམས་ཡིན། ་དྲིམ་པའི་དོན་དུ་ཅི་ཡོང་གཞན་དག་ལས།། དབྱེ་མེད་དབྱེ་བ་མིང་མིན་མི་འདོད་སྟེ།། གཞན་དུ་འཛིན་པ་ལས་ནི་བཟློག་ཕྱིར་དང་།། དེ་བཞིན་བྱེ་བྲག་ལ་སོགས་ཏོག་བྲལ་ཡིན།། དེ་ལྟར་བརྟགས་ནས་རང་སྙིང་དྲི་མེད་པ།། ཟླ་བ་ལ་གནས ་མཚན་མར་བསྒོམ་པར་བྱ།། གསང་སྔགས་དམ་པ་ཐིག་ལེའི་གཟུགསུ་ནི།། རང་ཡིད་འོད་དང་ལྡན་པར་ཡོངསུ་བསྒོམ།། སེམས་དེའི་འོད་ཟེར་དྲི་མེད་པས་སད་པའི།། སྐུ་གསུང་རྡོ་རྗེའི་ལུས་ནི་མཆོག་གྱུར་པའི།། སླར་ཡང་འདི་ཉིད་དུ་ནི་ངེས ་བཞུགས་ཤིང་།། ཡེ་ཤེས་བདུད་རྩི་འབེབ་པར་བསམ་པར་བྱ།། ནང་གཱི་ལུས་དྲུང་དེ་བཞིན་ཐམས་ཅད་ཀྱང་།། དེ་ཡིས་ཀུན་ཏུ་མཐར་ནི་སྣང་བྱས་ནས།། བ་སྤུ་རེ་རེའི་ཁོངས་ལས་བྱུང་བ་ཡི།། ཚོགས་ཀྱིས་སྣ་ཚོགས་ཀུན་ཏུ་དགང་བར་བྱ།། ཡང ་ན་རང་གི་མཚན་མ་ཕྲ་མོ་ནི།། འོད་ལྡན་སྣ་རྩེར་གནས་པར་ཐུབ་པ་ཡི།། འཁོར་ནང་དུ་ཆུད་བྱས་སྙིང་རྗེ་ཡིས།། ནང་གི་ཤེས་རབ་དམ་པ་ཉིན་མཚན་བསྒོམ།། མཚན་མ་བརྟན་པོ་མཐོང་ན་སྤྲོ་བ་ནི།། འོད་ཟེར་དེ་ཡིས་སྤྲུལ་པའི་ཐུབ་དབང་དང་། ་རྣམ་པ་སྣ་ཚོགས་པ་ཡི་ཕྱག་མཚན་རྣམས།། བློ་དང་ལྡན་པས་ཡང་དང་ཡང་དུ་སྤྲོ།། ཡང་ན་བཟླས་ལ་རྩེ་གཅིག་སེམས་ཉིད་ནི།། དངོས་ཀུན་བདག་ཉིད་རང་གི་སེམས་དབང་པོ།། རང་གི་སྔགས་ནི་སྣ་ཚོགས་འོད་ལྡན་པར།། བྱས་པས་བློ ་དང་ལྡན་པས་བསྒོམ་པར་བྱ།། སྲོག་དྲང་རྩོལྔ་བ་ཤིན་ཏུ་མ་བསྡམས་པར།། གསང་སྔགས་རྒྱལ་པོ་གསལ་བར་བརྗོད་བྱ་ཞིང་།། སྐུ་སོགས་རིམ་པ་བཞིན་དུ་ཡང་ན་ནི།། ཅིག་ཅར་སྤྲོ་བ་དག་ནི་ལེགས་པར་བྱ།། ནམ་མཁའ་གཏོས ་དང་མཉམ་པ་སྐུ་སོགས་པའོ།། འོད་ཀྱི་སྐུ་ཡི་སྣང་བས་ཡང་དགེ་དགང་།། དེ་ནས་སྔ་མ་བཞིན་དུ་སྣ་ཚོགས་པའི།། མཆོད་པའི་སྤྲིན་གྱིས་བཀོད་པ་ཀུན་ཏུ་སྤྲོ།། ཡོངསུ་སྦས་པའི་རིག་པ་མཆོག་རྣམས་ནི།། བདེ་ཚོན་བབས་པས་གཞན ་གྱིས་དབང་ཐོབ་ནས།། རྣམ་པར་སྒེག་པའི་ཐུབ་དབང་ཚོགས་རྣམས་ནི།། མཐར་ནི་རང་གི་ལུས་ལ་གཞུག་པར་བྱ།། རང་གི་སྙིང་པོའི་དེ་ཉིད་ངེས་རྟོགས་པའི།། སྐྱོ་བས་སེམས་ཀྱི་སྤྱོད་པ་ཞུམ་གྱུར་ན།། རིག་པའི་ཚོགས་ཀྱིས ་ཡང་དག་གླུར་བླངས་པས།། རབ་ཏུ་བསྐུལ་ནས་ཡོངསུ་མཆོད་པར་བྱ།། སེམས་བཟང་པོ་ཡི་ཆུ་རྒྱུན་སྲོག་དང་ནི།། སྩོལ་བའི་འོད་ཀྱི་ལྕགས་ཀྱུས་དྲངས་ནས་ནི།། ཆོ་ག་ཇི་བཞིན་སྐུ་རྡོ་རྗེ་སོགས་ལ།། ངེས་པར་དབང་བས་སྐྱོ་བ་བསལ་བར་བྱ།། དེ་ལྟར ་ཐངས་ཅིག་ངལ་གསོ་བྱས་ནས་ནི།། སྔར་བཤད་ཆོ་ག་ཡི་ནི་དེ་ཉིད་ཤེས།། གསང་སྔགས་དམ་པ་རྒྱུན་ཏུ་བཟླ་བ་ནི།། སྔགས་པའང་ཀུན་ཏུ་ཆགས་པ་མེད་པར་བྱ།། བསྟོད་དང་མཆོད་སོགས་གཤེགསུ་གསོལ་བ་དང་།། སྔགས་པས་རབ་ཏུ་འབད ་དེ་རྣམས་བྱ་ཞིང་།། ཨོཾ་ལ་སོགས་པར་འཁོར་ལོ་བསྡུས་ནས་ནི།། སྐུ་ལ་སོགས་པ་བརྟག་པ་དག་ཏུ་བྱ།། དེ་ལྟར་དེ་ཉིད་མཐོང་བས་རྣམ་གྲོལ་བ།། སེམས་ཅན་ཁམས་རྣམས་ཀུན་ཏུ་དམིགས་ནས་ནི།། སྙིང་རྗེས་འགྲོ་བ་རྣམས་ལ་ཕན ་དོན་དུ།། སྨོན་ལམ་རྣམས་ནི་མངོན་སུམ་ཉིད་དུ་བྱ།། ལངས་ནས་དག་པའི་སེམས་དཔའ་རང་གི་ལྷའི།། རྣམ་པའི་ང་རྒྱལ་ཡིད་ལ་བྱས་ནས་ནི།། ཀུན་ཏུ་སྣང་བར་གནས་པའི་ཡུལ་རྣམས་ནི།། སྔ་མ་བཞིན་དུ་ཡུལ་དུ་ཡོངསུ་བསྒོམ།། རང ་རང་གི་ནི་ངོ་བོ་རྣམས་དག་པ།། རིམ་བཞིན་སྐུ་ལ་སོགས་པའི་རྡོ་རྗེར་གྱུར།། དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་ནི།། ཆོས་ཉིད་ཀྱིས་ན་ཕན་ཚུན་ཁྱད་པར་མེད།། ཕྱིན་ཅི་ལོག་པ་རྟོག་པ་སྤངས་པ་ཡིས།། བྱ་བ་མ་ལུས་པ་ནི་རྫོགས་པར་བྱ།། ་དེ་ཡི་ཐུབ་པའི་འཁོར་ལོ་མ་ལུས་པ།། མཆོད་པ་འདི་ནི་ཀུན་ཏུ་མཆོག་ཡིན་ནོ།། བཟའ་ཟའི་ཚེ་ན་སྙིང་གའི་ཟླ་བ་ལ།། འཁོར་ལོའི་གཙོ་བོ་རང་གི་གསང་སྔགས་ཀྱིས།། ཀུན་ཏུ་དམིགས་ཏེ་བྱང་ཆུབ་སེམས་ཀྱི་ནི།། ངོ་བོ་ཉིད་གྱུར་འོད་དང ་ལྡན་པར་བསམ།། རང་གི་ཟས་ལ་དེ་ཉིད་གསུམ་བཟླས་ཏེ།། ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་དག་པ།། དེ་ཡིས་སྐུ་ཡིས་རྡོ་རྗེ་ལ་སོགས་པ།། ལྷ་རྣམས་ཀུན་ཏུ་ཚིམ་པ་ཉིད་དུ་བྱ།། ཕྱི་ཡི་སྦྱིན་སྲེག་ཆོ་གས་བསྒྲེ་བྱ་ཞིང་།། ཡིད་ཀྱི ་འང་ཡིད་ཉིད་ཀྱིས་ནི་བྱ་བ་སྟེ།། ཕུང་པོའི་བུད་ཤིང་རྣམ་པར་བསྲེག་པ་ཡི།། ཡེ་ཤེས་འབར་བ་བླ་ན་མེད་པར་བཤད།། དེ་ལྟར་མ་ལུས་པ་ཡི་འདོད་པ་ཡིས།། བདག་ཉིད་དམ་ནི་གཞན་དག་རང་རང་གི། ལྷ་ཡི་གཟུགས་གྱུར་པ་ལ་ཡང ་དག་མཆོད།། དམ་ཚིག་འདི་ནི་བདེ་གཤེགས་རྣམས་ཀྱིས་གནང་།། རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་ནི།། མ་ལུས་བདེ་གཤེགས་མཆོད་པར་ཡང་དག་བརྟག། ལུས་ལ་སོགས་པའི་ལས་རྣམས་དེ་དང་དེ།། རྟག་ཏུ་ལེགས་པར་མཉ ་པར་བཞག་སྟེ་བྱ།། རྣམ་པ་དེ་འདྲའི་སེམས་ལྡན་ལུས་དང་ནི།། ངག་ཡིད་ལས་རྣམས་ཅི་ཡང་རུང་བ་དག། ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ།། རྫོགས་པའི་སངས་རྒྱས་ཀུན་གྱིས་དེ་གསུངས།། གང་ཕྱིར་དངོས་པོ་གཅིག་ལའང་སྣ་ཚོ ་པའི་ཀུན་ཏུ་རྟོག་པས་བསགས་པའི་རྣམ་པ་ལས།། སྡུག་བསྔལ་བདེ་དང་གྲོལ་བ་སྐྱེད་བྱེད་པའི།། ལས་ཀྱི་ཁྱད་པར་མང་པོ་འབྱུང་བར་འགྱུར།། དེ་བས་ལས་སོགས་དགེ་དང་མི་དགེ་བའི།། རྣམ་པའི་ལས་རྣམས་སེམས་ཀྱི་དབང་ལྔ ་གསུངས།། དེ་ལྟར་རྙོག་པ་མ་ལུས་སྤངས་པ་ཡི།། སེམས་ནི་ནག་པོའི་ལས་སུ་ག་ལ་འགྱུར།། དམ་ཚིག་ཉམས་ལ་སྙིང་གའི་ཟླ་བར་ནི།། སྙིང་པོས་སྣ་ཚོགས་རྡོ་རྗེ་ཅི་བཞིན་བསམ།། དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས།། འགྲོ ་བ་རང་བཞིན་གྱིས་དག་རྣམ་བསམས་ལ།། སྣ་ཚོགས་པདྨའི་འདབ་མ་དབུས་སུ་ནི།། སྔར་གྱི་རིམ་པས་དབང་བསྐུར་ཀུན་ཏུ་བླང་།། ཕྱི་རོལ་གྱི་ཡང་ཁྲུས་ཀྱི་ཆོ་ག་ལ།། རིམ་འདི་ཁྱད་པར་དུ་ཡང་བསམ་པར་བྱ།། ཐུན་མཚམ་སུ་ཡང་དེ་བཞིན་མཆོད་ལ་སོཊ ་སྔོན་དུ་འགྲོ་བའི་བཟླས་བརྗོད་བྱས་ནས་ནི།། སྙིང་གའི་ནང་དུ་འཁོར་ལོ་ཆུང་བྱས་ལ།། སྙིང་རྗེ་དང་ནི་ཤེས་རབ་ལྡན་པར་ཉལ།། ལྡང་བའི་དུས་སུ་དམ་ཚིག་ལྷ་མོ་ཡི།། ཡང་དག་གླུ་ཡིས་དཔལ་ལྡན་བསྐུལ་བས་ནི།། ལངས་ན་ཐུབ་པས་བཟླས་བརྗོད་ལ ་སོགས་པ།། ཆོ་ག་སྔ་མ་བཞིན་དུ་བྱ་བ་ཡིན།། དངོས་གྲུབ་ཐོབ་པའི་མཚན་མ་མཐོང་ནས་ནི།། དེ་ཉིད་གསུམ་མཆོད་བྱས་ནས་རང་གི་སེམས།། སྔར་བཤད་དཀྱིལ་འཁོར་དགྲ་ལ་གནས་ནས་ནི།། འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ།། བགེགས ་རྣམས་བདུད་རྩི་ཐབ་སྦྱོར་འཁོར་ལོ་ཡིས།། དབང་བསྐུར་བྱས་ནས་འབད་པ་མེད་པར་འཇོམས།། གང་ཞིག་དབུས་སུ་གནས་པར་གྱུར་པ་ཡི།། འཁོར་ལོ་དེ་ཡང་དེ་ཡི་ཡིན་པར་འགྱུར།། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི།། སྲིད་པའི་སྡུག ་བསྔལ་གཞན་ཅིའང་ཡོད་མ་ཡིན།། དེ་དང་རྣམ་པར་འགལ་བར་འགྱུར་བའི་སེམས།། འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར།། ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན།། གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར།། རིག་པ་ལས་ནི་གཞན་དུ ་གྱུར་པ་དག། ཡོད་པ་མིན་པར་སྔར་ནི་བསྒྲུབས་པས་ན།། གང་ཞིག་གང་དང་མི་མཐུན་པ་དག་ཏུ།། ལན་ཅིག་གྱུར་པའང་དེ་བགྲོད་རྒྱུས་གྱུར་པ།། མཐོང་བའི་བསླབས་པ་རྣམ་པར་འཕེལ་བ་ཡིས།། རང་གི་མི་མཐུན་ཤིན་ཏུ་འགག་པར་བྱེད།། སྦྱིན་པ་ལ་སོགས ་བདག་མེད་ལྡན་པས་ཀྱང་།། ཐ་མལ་པཱ་ཡི་རང་གི་ངོ་བོ་ལས།། རྣམ་པར་ལྡོག་པར་མི་འགྱུར་གང་ཕྱིར་འདིར།། ཡོད་ཀྱང་དེ་ནི་མི་མཐུན་འགྱུར་མ་ཡིན།། དེ་ལྟར་རྟོགས་ན་སྙིང་རྗེར་ལྡན་པ་དག། ཡེ་ཤེས་བསམ་ཡས་སྐད་ཅིག་གིས་སྒྲུབ་པ།། དཔལ་ལྡན ་ཀུན་ཏུ་བཟང་པོའི་རང་གི་ནི།། ངོ་བོ་སུ་ཞིག་ངེས་པར་བསྒོམ་མི་བྱེད།། དྲི་མེད་བློ་ཡི་འོད་ཟེར་རྣམས་ཀྱིས་ནི།། མུན་པ་ཐམས་ཅད་རྣམ་པར་སེལ་བྱེད་པ།། རྣམ་པར་བསྟན་པས་མཛད་པ་འདིས་མཆོག་གི། བདག་འདྲའི་གོ་སྐབས་དག་ནི་ག་ལ་ཡོད།། ་བླ་མ་དམ་པའི་གཞུང་ནི་ཅུང་ཟད་ཙམ།། གཟུང་བ་གང་ཡིན་དེ་ཡང་དང་པོར་ནི།། འཆིང་བ་ལྷོད་ཅེས་བྱ་བར་གྲགས་པས་ན།། དེས་ན་འདི་ལ་ཤིན་ཏུ་འབད་པ་ཡིན།། དེ་ལྟར་རྣམ་པར་སྦྱར་ལ་ལེགས་བྱུང་བའི།། དགེ་བ་དྲི་མེད་གང་དེས་འགྲོ་བའི་ཡིད། ་སངས་རྒྱས་ཡེ་ཤེས་མགོན་དང་བཅས་པ་དེར།། གཞོལ་བར་གྱུར་པས་རྟག་ཏུ་བསྒོམ་པར་ཤོག། དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨའི་ཟེའུ ་འབྲུའི་རྡུལ་ལ་རེག་པ། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་རྫོགསོ།། །། རྒྱ་གར་མཁན་པོ་ཨ་ཙརྱ་ཤྲདྡྷ་ཀ་ར་ཝརྨ་དང་། ཞུ་ཆེན་ལོ་ཙ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ་