CLOSE WINDOW

GT533: dpal sangs rgyas thod pa zhes bya ba'i dkyil 'khor gyi cho ga'i rim pa gsal ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ནཱི་བུདྡྷ་ཀཱ་པཱ་ལ་མཎྜ་ལ་ཀྲ་མ་པ་དྱོ་ཏ་ན་ནཱ་མ་བི་དྷི། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ།། ་དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ།། ཉི་ཤུ་རྩ་བཞི་དྲ་བའི་སྡོམ།། དངོས་ཀུན་རང་བཞིན་འགྲོ་བ་སྐྱོབ།། སྣ་ཚོགས་སྟེ་ལ་ཕྱག་འཚལ་ཏེ།། སངས་རྒྱས་ཐོད་པའི་དཀྱིལ་འཁོར་མཆོག། ཇི་ལྟར་རྒྱུད་གཞན་ཆོ་ག་མཐོང་།། བླ་མ་བརྒྱད་རིམ་ལས་འོངས ་པ། བདག་གི་གསལ་བར་བཤད་པར་བྱ།། བླ་མ་མཚན་ཉིད་བཟང་ལྡན་པ།། བརྟན་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད།། སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་པས།། ལེགས་པར་བརྟགས་པའི་སློབ་མའོ་ཕྱིར།། དཀྱིལ་འཁོར་བྲི་བའི ་ལས་བྱའོ།། དེ་ཡང་སློབ་མ་བློ་ཆེན་པོ།། ཤིན་ཏུ་དད་པའི་སེམས་དང་ལྡན།། འདོད་མེད་དབང་པོ་དུལ་བ་དང་།། ཆགས་དང་ཆགས་བྲལ་རྣམ་པར་སྤངས།། སེམས་ཅན་དོན་ལ་ཤིན་སྦྱོར་བ།། གཏི་མུག་ཞེ་སྡང་ཕྲག་དོག་སྤངས།། སངས་རྒྱས་ཀུན་གྱི་བྱིན ་གྱིས་བརླབས།། དེ་རྣམས་ལ་ནི་དེ་ཉིད་བཤད།། སློབ་མ་དེ་ནི་ཡོངསུ་གཟུང་།། ད་ནི་དངོས་གྲུབ་མ་ལུས་པའི།། སྒྲུབ་བྱེད་ཆོ་ག་བཤད་པར་བྱ།། ལྷ་རྣམས་མགུ་བར་མ་བྱས་ན།། བདག་ཉིད་ངེས་པར་སུན་འབྱིན་འགྱུར།། དུར་ཁྲོད་ལ་སོགས་གནས་དག་ཏུ།། ་དཔལ་ལྡན་ཁྲག་འཐུང་སོགས་འཁོར་ལོ།། རབ་ཏུ་མཉེས་པར་བྱ་བའི་ཕྱིར།། མཛེས་པའི་མཎྜལ་ལེགས་བྱས་ཏེ།། ཆུ་ལ་སོགས་པའི་རྣམ་ལྔ་དང་།། བ་བྱུང་མར་སོགས་ལེགས་པར་བྱུགས།། འབྱོར་པའོ་ཡོ་བྱད་ཚོགས་གྱུར་པས།། རྒྱུད་ལས་གསུངས ་པའི་ཚུལ་བཞིན་དུ།། བསྐྱེད་པའི་ཚུལ་གནས་བླ་མ་ཡི།། དཀྱིལ་འཁོར་བདག་པོ་བཟླས་པ་ནི།། བསོད་ནམས་ཆེ་འབྲིང་ཆུང་བ་དག། བྱེ་མ་འབུམ་དང་ཁྲིས་འགྲུབ་འགྱུར།། འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར།། ཐ་དད་པར་ནི་བཟླས ་མི་བྱ།། གལ་ཏེ་མཚན་མ་མཐོང་གྱུར་ནཱ~ཾ།། བཟླས་པའི་འཕྲོ་ཡང་བཤོལ་བས་འགྲུབ།། ལྷ་མི་བྱིན་བརླབས་ལྡན་གྱུར་པས།། དཀྱིལ་འཁོར་མཆོག་ནི་བྲི་བའི་ཕྱིར།། རི་དང་ཕྲུག་དང་ཚིང་ཚིང་ངམ།། ཡང་ན་དུར་ཁྲོད་དག་གི་ནི།། གདོད་ནས་གྲུབ་པའི་གནས་འམ ་འོན་ཏེ་རྒྱ་མཚོའི་འགྲམ་དག་དྷ། ཕྱིའི་དཀྱིལ་འཁོར་ལེགས་བྲིའི་ཕྱིར།། ཡིད་འོང་གནས་དང་ལེགས་པའི་ས་།། བཅོས་མའི་མཎྜལ་ལེགས་པར་བརྩིག།། དྲི་དང་པ་སོགས་བདུད་རྩིས་བྲན།། གྲངས་མཉམ་ལྷ་ཡཱི་གནས་དཀོད་དེ།། དེར་ནི་ཡིད་འད་མེ ་ཏོག་དགྲམ།། ཁྲག་འཐུང་འཁོར་ལོ་རྫོགས་བསྐྱེད་ཅིང་།། སྐྱོ་སོགས་ནུས་པ་ཡེ་ཤེས་ལྷ།། དགུག་སོགས་བྱས་ཏེ་དབང་བསྐུར་ནས།། མཆོད་བསྟོད་མཐར་ནི་གསོལ་བ་གདབ།། སངས་རྒྱས་ཐམས་ཅད་བདག་ལ་དགོངས།། ཁྱེད་རྣམས་མཆོད་པའི་ཕྱིར ་དང་ནི།། སློབ་མ་རྣམས་ལ་ཕན་པ་ཡི།། སངས་རྒྱས་ཐོད་པ་ཞེས་བྱ་བའི།། དཀྱིལ་འཁོར་བཟང་པོ་བྲི་བར་འཚལ།། བདག་ལ་བྱིན་བརླབས་གནང་བར་མཛོད།། དེ་ལྟར་གསོལ་བ་གདབ་བྱས་ནས།། མཆོད་དང་གཏོར་མ་ཉེར་ལྡན་པས།། ལྷ་མོ་མཛེས ་དགའ་བསྐུལ་བའི་ཕྱིར།། སྔོན་བྱུང་སངས་རྒྱས་ཚུལ་དྲི་བཞིན།། ལོག་པ་ས་ལ་བྲབ་བྱས་པས།། ས་འོག་འཐོན་པའི་ལྷ་མོ་ནི།། གསེར་མདོག་ཞི་བའི་རང་བཞིན་ཅན།། རིན་ཆེན་མཛེས་པའི་རྒྱན་ཆ་ཅན།། གསེར་གྱི་བུམ་འཛིན་ཅི་བགྱི་ཞེས།། དེ་ལ ་མཆོད་ཡོན་རྐང་བཀྲུ་སོགས།། མཆོད་དང་གཏོར་མས་མཉེས་པར་བྱ།། གཟི་བརྗིད་ཅན་གྱིས་འདི་སྐད་སྨྲ།། སྐྱོ་བ་སངས་རྒྱས་ཐམས་ཅད་ཀྱིས།། སྤྱོད་པའི་ཚུལ་དང་ཁྱད་པར་གྱི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ཤཱཀྱ་སེངྒེ་སྐྱོབ ་པ་ཡིས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ།། དེ་བཞིན་བདག་གི་བདུད་སྡེ་ལས།། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། དེ་སྐད་ལན་གསུམ་བརྗོད་ནས་ནི།། དགའ་བའི་མདངས་ཀྱི་ལྷ་མོ་ཡང་།། ཁྱོད་ནི་སློབ་དཔོན་ཡིན་པས་ནི།། དཀྱིལ་འཁོར་མཆོག་གི་ལས ་གྱིས་ཤིག། ཟེར་ནས་ས་ལ་ཐིམ་པར་མཛད།། དེ་ནས་ཕྱོགས་སྐྱོང་རྣམ་དགྲ་ལ།། ཚུལ་བཞིན་གཏོར་མ་བྱིན་ནས་ནི།། ས་ཕྱོགས་གནས་པའི་ལྷ་དང་ཀླུ།། གནོད་སྦྱིན་དྲི་ཟ་ལྷ་མ་ཡིན།། གང་དག་རྫུ་འཕྲུལ་ཆེ་ལྡན་པ།། རྡོ་རྗེ་སྤྱན་དང་སྙན་མངའ་བ།། ་བདག་མིང་ཆེ་གེ་ཞེས་བྱ་བས།། བདེ་གཤེགས་རྣམས་ལ་མཆོད་པ་དང་།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། དགེ་བའི་ས་ཕྱོགས་འདི་ཉིད་དུ།། དཀྱིལ་འཁོར་དམ་པ་ཆེར་འབྱུང་བ།། སངས་རྒྱས་ཐོད་པ་རྒྱུད་རྒྱལ་གྱི།། དཀྱིལ་འཁོར་ཆེན་པོའི་ལས ་བྱེད་པས།། ཁྱོད་ཀྱིས་བར་ཆད་མ་བྱེད་པར།། དགེ་བའི་གྲོགས་པོ་ཉིད་དུ་མཛོད།། ལན་གསུམ་གསོལ་བ་འདེབས་པ་ནི།། ས་བླང་ཆོ་ག་མཛེས་པ་ཡིན།། དེའི་འོག་མགུལ་རྒྱན་རྣ་ཆ་སོགས།། ཐལ་བའི་གོས་དང་རྒྱན་ཆར་ལྡན།། དཔལ་ལྡན ་ཁྲག་འཐུང་རྒྱལ་ཆེན་པོ།། ས་གཞིའི་དབུསུ་འདུག་ནས་ནི།། རྣལ་འབྱོར་གོ་རིམས་རྫོགས་པར་བྱ།། དེ་ཚེ་མཁའགྲོ་མ་བཞི་ཡི།། གནས་ལ་གནས་པའི་རྣལ་འབྱོར་པས།། མཆོད་ཅིང་སྟོང་པས་མཉེས་བྱས་ནས།། དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི།། ་སྡིག་པ་མ་ལུས་ཟད་བྱེད་པའི།། སངས་རྒྱས་ཐོད་པའི་དཀྱིལ་འཁོར་ནི།། མགོན་པོ་ཆེན་པོས་བཤད་དུ་གསོལ།། གསོལ་བའི་ཚིག་དེ་མཁྱེན་ན་སུ།། སྙིང་རྗེ་འགྲོ་ལ་བལྟས་ནས་ནི།། བགེགས་ནི་བསྐྲད་པའི་ཆོ་ག་བྱ།། ཁྲག་འཐུང ་ང་རྒྱལ་ལྡན་པ་ཡི།། མིག་དུ་མ་དང་ཊ་ལས་ནི།། ཉི་མ་ཟླ་བ་གསལ་བསྒོམ་ལ།། མིག་འབྲས་ཧཱུཾ་ལས་གྱུར་པ་ཡི།། རྡོ་རྗེ་མཐིང་ནག་བསྒོམ་པར་བྱ།། རྐང་པ་གཉི་སུ་ཨ་ལས་ནི།། སྣ་ཚོགས་རྡོ་རྗེ་འབར་བས་བསམ།། རྡོ་རྗེ་ལྟ་བའི་མིག་འབྲས་ལས།། ཁྲོ་ཚོགས ་སྤྲོས་པས་བགེགས་གསལ་ཞིང་།། རྐང་འགྲོས་རྡོ་རྗེ་ར་བ་སྤྲུལ།། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ།། དབང་ལྡན་མཚམ་སུ་སོང་ནས་ནི།། ཉོན་ཅིག་བགེགས་ཚོགས་མ་ལུས་ཀུན།། ལྷ་དང་ལྷ་མིན་གསང་བ་པ།། གནོད་པར་གྱུར་པའི་བགེགས་ཚོགས་རྣམས།། ་སངས་རྒྱས་ཐོད་པའི་རྣལ་འབྱོར་གཙེ།། བདེ་ཆེན་ཡེ་ཤེས་ལས་བྱུང་བ།། དེ་ནི་ཧེའུ་ཀ་དཔལ་དངོས།། བཀའི་འཁོར་ལོ་རབ་སྦྱོར་བྱེད།། གལ་ཏེ་བཀའ་ལས་འདས་གྱུར་ན།། རྡོ་རྗེ་རབ་ཏུ་འབར་བ་ཡི།། མགོ་ནི་ཚལ་པ་རྒྱར་འགས་ཤིང་།། འཇིགས་པར་འགྱུར ་བ་གདོན་མི་ཟ།། དེ་བས་གཞན་དུ་འགྲོ་བར་གྱིས།། ཞེས་བརྗོད་བགེགས་ལ་བཀའ་སྒོས་ནས།། དབང་ལྡན་ཕྱོགས་ནས་བརྩམོས་ནས་ནི།། གཡས་སྐོར་ལྡན་གསུམ་བགྲོད་བྱ་བ།། བསྐལ་པའི་མེ་བཞིན་འོད་ཟེར་ཅན།། རྐང་པའི་འོག་ནས་བྱུང་ནས།། གདུག་པ ་རྣམས་ནི་སྲེགས་གྱུར་པས།། ཕན་ཚུན་འབྱེར་བར་གྱུར་པར་བསམ།། གཡས་དང་གཡོན་དུ་བསྐོར་བ་དང་།། འཁྱུད་དང་ཀུ་ཙ་པ་ཡི་དང་།། བྷ་ར་ཏི་དང་ས་ཏི་ཀི། པྲྀ་ཏེ་ཀ་ཤི་ཀྱོ་ལ་སོགས།། ཆགས་བཅས་ཚུལ་གྱིས་སྦྱོར་བས་ནི།། རོལ་པས་རབ་ཏུ་འཕྱང་བ ་དང་། རོལ་པའི་གོམ་སྟབས་བཅས་པ་འམ།། གོམ་པ་བརྒྱད་པས་གར་བྱའོ།། རྐང་པ་བསྐྱོད་དང་ལག་པ་བསྐྱོད།། སྨིན་མ་འདེགས་དང་རབ་དག་འབྲང་།། ཅུང་ཟད་ངོ་ཚའི་ཟླ་མིག་དང་།། བརླ་རྒྱས་ལྟ་ན་འདུད་པ་དང་།། མིག་ཡངས་གར་ནི་བྱེད་འགྱུར་ཞིང ་ཁ་ཡི་པདྨའི་འཛུམ་དང་བཅས།། ཅུང་ཟད་དམར་བའི་མཆེ་བ་འཆང་།། ཀུན་ད་ལྟར་དཀར་སོའི་ཕྲེང་།། དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ།། སེམས་ཅན་གྲོལ་བ་རྨད་དུ་བྱུང་།། དེ་ལ་སོགས་པའི་གར་གྱིས་ནི།། བགེགས་ཀུན་མ་ལུས་བསྐྲད་པར་བྱ།། ་ཧཱུཾ་བཞི་ལ་སོགས་གསང་སྔགས་ཀྱིས།། ཕུར་བུ་བསྐྱེད་པའི་ཆོ་ག་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།། བྱིན་གྱིས་བརླབ་པ་བཟླས་རྫོགས་ནས།། གྷཱ་གྷ་ལ་སོགས་སྔགས་ཀྱིས་གང་བ།། དེ་རྗེས་ར་བ་དྲ་བ་སྤྲུལ།། དཀྱིལ་འཁོར་གྱིས་ནི་ས་ཡི་ཆ།། མཉེས་དང་ཡང་དག ་ལྡན་གྱུར་པ།། བགེགས་རྣམས་གསལ་བའི་ཆོ་གའོ།། སངས་རྒྱས་ཐོད་པའི་རྣལ་འབྱོར་གྱིས།། ལག་པ་ས་ལ་ཕབ་བྱས་ཏེ།། ཧཱུཾ་ཁཾ་ཞེས་ནི་བརྗོད་པ་ཡིས།། རྣམ་དག་ན་མཁའ་བསམས་ནས་ནི།། ཧཱུ~ཾ་ལམ་སྔགས་ཀྱི་གསེར་གྱི་ནི།། ས་གཞི་རྡོ་རྗེར་ལྡན་པར ་བསམ།། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བནྡྷ་ཏྲཱཾ། རྙེད་པའི་ས་ཕྱོགས་དེ་ཉིད་དུ།། ཞི་དང་དྲག་པོ་མེ་ཡི་ལས།། ཡང་དག་སེལ་པོར་བྱས་ནས་ནི།། རྣལ་གྱི་ཁྱད་པར་མཁས་པ་ཡི།། ལྷོ་ཕྱེའི་རིམ་པ་ཤེས་བྱས་ལ།། གཡས་སྐོར་ལྟོ་ནས་བརྐོ་བར་བྱ།། གསེག་མ་མགལ ་དུམ་གྱོ་མོ་དང་།། ཕུག་མ་རུས་པ་རོ་རྣམས་གསལ།། ས་དེ་མི་འཆི་བཅུ་ཕྱེད་དང་།། དྲི་ཞིམ་ཆུ་ལ་ཧཱུཾ་བཟླས་དགང་།། ཚད་ལྗོན་འཐད་པར་བཅགས་སྟེངསུ།། ཆུ་སོགས་པ་ལངས་ལས་བྱུང་དང་།། བདུད་རྩི་ལྔ་ཡིས་སྙོམས་པར་བྱུག།། མཁ་འགྲོ་མ་རྣམས ་ན་ཏུ་ན། ན་ཅན་སྨྲ། ས་བྱུང་ས། ས་། ས་། མས ་འགྱུར་བ་བསྐྱེད།། ཇི་སྐད་བཤད་པའི་ཤར་མཐོ་བས།། མྱུར་དུ་རིག་རྣམས་ཟད་པར་བྱེད།། དབུས་དམའ་བའི་རང་བཞིན་གང་།། སྒྲུབ་པ་པོ་ནི་འཇོམས་དང་ལྡན།། མཚན་ཉིད་གསལ་བར་ཤེས་པར་དཔྱད།། དེ་ལྟར་འདུས་བྱས་ས་དེ་ལ།། སངས་རྒྱས་ཐོད ་པའི་རྣལ་འབྱོར་གྱིས།། བདུད་རྩི་ལྔ་ཡི་ཆུས་བྲན་ཞིང་།། ཨོཾ་ཧཱུཾ་དྷཱི་ཧཱུཾ་ཁཾ་ཧཱུཾ་ཏིཥྛ་ཏིཥྛ་བཛྲ་ས་མ་ཡ་ཨ་དྷིཥྛ་ཡ་དེ། ཞེས་བརྗོད་པ་དེ་སྟོང་པར་བསྒོམ།། ས་སྤྱད་དུས་སུ་འབྱུང་ཆེན་ལ།། གཏོར་མ་རབ་ཏུ་སྦྱིན་པར་བྱ།། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་དྷི། སརྦ་དུཥྚཱ་ནས ་མ་ཡ་མུ་དྲོ། པ་བྷཱུཊྚཀ་ཛྷི་རུ་ལུ་རུ་ལུ་ཛྱོ་དྷཱུ་ཧཱུ~ཾ་ཕཊ། དེ་ནས་ལོགས་སྦྱང་དྲི་ཞེམ་ནུ།། བདུད་རྩི་ལྔ་ལྡན་བྱུགས་པའི་སར།། ཐིག་ལེ་དྲི་ཞིམ་མེ་ཏོག་དགོད།། ལྷག་འཐུང་རྒྱལ་པོ་ལ་སོགས་པ།། ཉི་ཤུ་རྩ་ལྔའི་འཁོར་ལོ་བསྐྱེད།། མཾ་ཙེ་ལ་སོགས་གོ་བྲོགོ་ཞིང་། ་གནས་གསུམ་བྱིན་གྱིས་བརླབས་རྗེ་སུ།། ཡེ་ཤེས་འཁོར་ལོས་བྱིན་བརླབས་ནས།། དབང་བསྐུར་རྒྱས་གདབ་རིམ་བྱ་བ།། མཆོད་དང་བདུད་རྩིས་ཚིམ་བྱ་ཞིང་།། བསྟོད་པས་མགོན་པོ་མཉེས་བྱས་ལ།། བཏུད་དེ་གསོལ་བ་གདབ་པར་བྱ།། གཉིས་མེད་ཡེ ་ཤེས་ལས་བྱུང་བའི།། ཁྱབ་བདག་དངོས་ཀུན་བདག་ཅག་ཉིད།། སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ།། སྣ་ཚོགས་སྡོ་མར་ཡང་དག་ལྡན།། ཕྱོགས་མཚམས་རྣམས་ཀྱི་མཁའགྲོ་མ།། རིག་པའི་ལྷ་མོ་རྫུ་འཕྲུལ་ཅན།། བྱང་ཆུབ་སེམས་དཔའ་ལ་སོགས ་ཀུན། མ་ལུས་བདག་ལ་དགོངསུ་གསོལ།། སློབ་མ་རྣམས་ལ་ཕན་པ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། རྡོ་རྗེ་ཅན་བདག་འདི་ཞེས་པ།། ནང་པར་དཀྱིལ་འཁོར་འབྲི་བར་འཚལ།། རྗེ་སུ་བརྩེ་བར་ཉེར་དགོངས་ཏེ།། ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ།། ་ལན་གསུམ་གསོལ་བ་གདབ་རྗེ་སུ།། དྲི་ཞིམ་མེ་ཏོག་ཕྲེང་ལྡན་དང་།། ཐོད་པ་བདུད་རྩི་ལྔ་ལྡན་པས།། དཔལ་ལྡན་ཁྲག་འཐུང་ལ་སོགས་ཀུན།། བདུག་སྤོས་ལ་སོགས་ལེགས་ཕུལ་ནས།། དེ་འོག་རང་གི་དབུགས་དབྱུང་བ།། ཆོ་གས་བརྟུལ་ཞུགས་ཀུན་བྱའོ།། ་ལྷ་ལ་གསོལ་བ་གདབ་ཆོ་གའོ།། དེའི་འོག་གསེར་དངུལ་ལ་སོགས་རིན་ཆེན་ལས་བྱུང་བའི།། ཞབས་ཕྲ་ལྟོ་ཆེ་མགྲིན་རིང་མཆུ་ཕྲ་ཉི་ཤུ་དྲུག། དྲི་ཞིམ་དཀར་རྩིས་བྱུགས་ཤིང་ནག་ནོག་ར་རི་མེད།། པདྨའི་ལྟེ་བར་རང་རང་མཚན་མ་རྣམས་ཀྱིས་མཚན།། རས ་དཀར་ཟུང་རེས་བུམ་པའི་མགུལ་དུ་བཅིང་བར་བྱ།། ཆུ་ནི་འོ་མ་བསྲེས་པ་ཆང་དང་བཅས་པ་དང་།། རིན་ཆེན་རྣམ་པ་ལྔ་བཞུག་ཅིང་།། བུམ་པ་ཀུན་ནས་འབྲུ་ལྔ་དང་།། སྨན་དང་བདུད་རྩི་ཤ་ལྔར་བཅས།། རྣམ་པར་རྒྱལ་བའི་ནང་བཅུག་སྟེ།། ཨ་མྲའི་ལྕུག་མས ་དགབ་པར་བྱ།། བདུགས་བསྐྲད་བུམ་པ་བྱིན་བརླབས་ནས།། དེ་རྗེས་སློབ་དཔོན་བློ་ཆེན་གྱིས།། སངས་རྒྱས་ཐོད་པའི་སྦྱོར་དང་ལྡན།། བུམ་པའི་ནང་དུ་བསྒོམ་བྱ་བ།། པདྨའི་སྟེང་དུ་ཉི་མ་སྟེ།། དེ་སྟེང་རོ་ཡིས་ཡང་དག་མནན།། དེ་སྟེང་ཡེ་ཤེས་ལྔ་ལས་བྱུང་།། གཙོ ་བོ་ཡབ་ཡུམ་བསྒོམ་པར་བྱ།། དེ་ནས་བུམ་པ་གཞན་དག། ཡུད་ཙམ་གྱིས་ནི་ལྷ་མོ་རྣམས།། རབ་ཏུ་གསལ་བར་བསྐྱོད་པར་བྱ།། ལས་ཀུན་བྱེད་པའི་བུམ་པ་ལ།། སྣ་ཚོགས་རྡོ་རྗེས་མཚན་བྱས་ནས།། ཆོ་ག་གསུམ་གྱི་བདུད་རྩི་འཁྱིལ།། བསྐྱེད་པའི་ཆོ་ག ་རྫོགས་པར་བྱ།། དཀྱིལ་འཁོར་ཚུལ་དུ་བཀོད་བྱས་ལ།། གོ་ཆ་བགོས་དང་གནས་གསུམ་བརླབ།། དབུག་སོགས་དབང་བསྐུར་ལེགས་ཟིན་ནས།། ཐོད་པའི་མཆོད་ཡོན་སྔོན་འགྲོ་བས།། སྤོས་སོགས་ལྷ་བཤོས་དག་གི་བར།། ལྷ་ཡི་བྲུ ་དང་མཉམ་པར་འབུལ།། ནང་དང་གསང་བར་བཅས་པས་ཀྱང་།། བུམ་པའི་ལྷ་རྣམས་མཉེས་པར་བྱ།། དེ་བཞིན་སྔར་གསུངས་ལྷ་ཚོགས་ལའང་།། མཆོད་པའི་ཆོ་ག་རབ་ཏུ་བྱ།། དེ་འོག་བཟླས་པ་དབུལ་བྱ་བ།། རྣམ་པར་རྒྱལ་བའི་བུམ་པ་ལ།། སྙིང་པོ ་ངག་གིས་མཉེས་པར་བྱ།། དེ་ལས་གཞན་པ་རྣམས་ལ་ནི།། ཉེ་བའི་སྙིང་པོ་རབ་ཏུ་སྦྱར།། ལས་ཀུན་བྱེད་པ་རང་སྔགསོ།། གསོལ་གདབ་གཞན་དང་མཚུངས་པར་བྱ།། དེ་ལྟར་ཆོ་གའི་ཚུལ་དག་ནི།། བུམ་པ་ལྷག་པར་གནས་པའོ།། དེ་ནས་སློབ་མའི་གཙོ ་བོ་སོགས།། ལྷག་གནས་མཆོད་པར་བྱ་བའི་ཕྱིར།། སྔར་བཤད་མཚན་ཉིད་དང་ལྡན་སོགས།། ལུས་གཙང་གོས་གཙང་གྱོན་པ་དང་།། མེ་ཏོག་སྙིམ་པར་རབ་བཀང་ནས།། མཛེས་པའི་མཎྜལ་ཕུལ་རྗེསུ།། འདོད་པའི་གསོལ་གདབ་གུས་པར་བརྗོད།། དགེའ ་ཆེན་ཁྱོད་བདག་སྟོན་པ་པོ།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ་སེམས་དཔའི་ཚུལ་བརྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། དམ་ཚིག་དེ་ཉིད་བདག་ལ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ། ་སྐྱབས་གསུམ་དག་ཀྱང་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་འཚལ།། དེ་ལྟར་གསོལ་འདེབས་སློབ་མ་རྣམས།། རང་སྙིང་འོད་ཀྱི་བུར་བས་ལ།། རྣ་ལམ་འདི་སྐད་བསྒྲག་པར་བྱ།། དུ་ཚུར་ཐེག་པ་ཆེན་པོ་ལ།། ་ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། གསང་སྔགས་སྤྱོད་པའི་ཆོ་ག་ནི།། ཁྱོད་ལ་ཡང་དག་བཤད་པར་བྱ།། རྫོགས་པའི་སངས་རྒྱས་གང་འདས་དང་།། དེ་བཞིན་གང་དག་མ་བྱོན་པ།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན།། ་དེ་དག་ཀུན་གྱི་གསང་སྔགས་ཀྱི།། ཆོ་ག་བཟང་པོ་འདི་མཁྱེན་ནས།། དཔའ་བོ་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་ཚད་མེད་བརྙེས།། གསང་སྔགས་སྤྱོད་པ་མཉམ་མེད་དེ།། སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས།། བདུད་སྡེ་ཤིན་ཏུ་མི་བཟང་བ།། དཔུང ་ཆེན་དག་ཀྱང་དེ་ཡི་བཅོམ།། དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཡི་བློ་གྲོས་འདི་གྱིས་ཤིག། གོང་ནས་གོང་གི་སྡོམ་པ་ནི།། བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ།། གྲོལ་བའི་རྒྱུ་ནི་དེ་ལས་གཞན།། ཐབས་ནི་གང་ཡང་ཡོད་མ་ཡིན།། མཁ་འགྲོའི་ཡན་ལག་ལས། ་བྱུང་བའི།། བཤགས་པ་ལ་སོགས་སློབ་མ་ལ།། བྱང་ཆུབ་ཐོབ་པའི་དོན་གྱི་ཕྱིར།། ཆོ་ག་ཐམས་ཅད་ཚོགས་པར་སྤྱད།། བདག་གི་སྡིག་པ་བགྱིས་པ་དང་།། བགྱིད་དུ་སྩལ་དང་ཡི་རང་དང་།། སངས་རྒྱས་སྤྱན་སྔར་མཆིས་ནས་ནི།། མ་ལུས་སོ་སོར ་བཤགས་པར་བགྱི།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི།། བསྒོམ་དང་བཟླས་བརྗོད་བསོད་ནམས་རྣམས།། ཚོགས་དག་ལ་ནི་ཡི་རང་ངོ་།། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་ཏུ་བདག་ནི ་སྐྱབསུ་མཆི།། སངས་རྒྱས་ཐོད་པ་མཁའ་འགྲོ་མ།། འཁོར་ལོ་གསུམ་གྱི་བདག་ཉིད་ཅན།། ཀུན་ལ་རྟག་ཏུ་སྐྱབསུ་མཆི།། དཔའ་བོ་དཔའ་མོ་དབང་ལྷ་མོ།། བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ།། ཁྱད་པར་དུ་ཡང་སློབ་དཔོན་ལ།། རྟག་ཏུ་བདག་ནི་སྐྱབསུ ་མཆི།། དཔལ་ལྡན་ཁྲག་འཐུང་དཔའ་བོ་དང་།། རྣལ་འབྱོར་མ་དང་སྣང་མཛད་སོགས།། བྱང་ཆུབ་སེམས་དཔའ་དཔག་མེད་སོགས།། ཐམས་ཅད་བདག་ལ་དགོངསུ་གསོལ།། ཆེ་གོ་དུས་འདི་ནས་བཟུང་ནས།། ཇི་སྲིད་གཉིས་མེང ་ལ་གནས་པར།། དེ་ཡི་ཚངས་སྤྱོད་གཉིས་མེད་པ།། བྱང་ཆུབ་མཆོག་སེམས་བསྐྱེད་པར་བགྱི།། བདག་གི་དགེ་བའི་ལས་རྣམས་ཀྱི།། སངས་རྒྱས་མྱུར་དུ་བསྒྲུབ་བྱས་ཏེ།། སེམས་ཅན་འཁོར་བའི་རྒྱ་མཚོ་ལས།། བླ་མེད་གནསུ་བསྒྲལ་བར་བགྱི།། ཡུད་ཙམ ་སློབ་མ་ལྟར་བྱས་ནས།། གནས་གསུམ་ཐིག་ལེ་བཀོད་པའི་སར།། རྡོ་རྗེས་མཚོན་པའི་འབྲུ་གསུམ་བསྒོམ།། སྐུ་གསུང་ཐུགས་ཀྱི་མཆེན་མར་གྱུར།། དེ་དཀྱིལ་འབྲུ་གསུམ་ནུས་མཆོག་གིས།། བཀུག་བསྟིམས་ལྷ་རུ་གསལ་བྱས་ལ།། སྤྱི་བོར་མེ་ཏོག ་མདུན་དུ་སྤོས།། དྲི་དང་མར་མེ་སྙིང་གར་ཏེ།། ལྷ་བཤོས་ཞལ་དུ་སྟན་ལ་སྒྲའོ།། ཨུ་དུམྦ་ར་ཨ་ཤྭཏ་སོགས།། སེར་བཅུ་གཉིས་ཀྱི་ཚད་ཙམ་ལ།། སྐྱོན་བྲལ་མེ་ཏོག་ཅེར་བཅིངས་སྦྱིན།། ཤར་རམ་བྱང་དུ་ཁ~ཾ་ལྟས་ཏེ།། མི་སྨྲ་བར་ནི་སོ་ཤིང་བཅའ།། བཀོ ་ཙམ་ལྕི་བྱུགས་པའི་སར།། སོ་ཤིང་མདུན་ནི་དྲང་པོར་དོར།། དེ་ཚེ་རང་ལ་བལྟ་བ་དང་།། རྩེ་མོ་གྱེན་དུ་འགྲེང་གྱུར་ན།། དངོས་གྲུབ་མཆོག་ཏུ་དེ་བཤད་དོ།། མཚམས་དང་བྱང་དུ་བལྟས་པ་ན།། འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ།། དེ་བཞིན་གཞན ་དུ་ཁ་བལྟས་ན།། དངོས་གྲུབ་འབྲིང་པོ་ཉིད་དུ་འགྱུར།། སོ་ཤིང་བོར་བ་བརྒྱ་ཞིག་ལ།། གལ་ཏེ་ཐུར་དུ་ཁ་བལྟས་ན།། དེ་ནི་ངེས་པར་ས་འོག་གི། དངོས་གྲུབ་དག་ལ་ཐེ་ཚོམ་མེད།། ཨོཾ་ཧྲིཿལ་སོགས་གསང་སྔགས་ཀྱིས།། སྦྱོར་མོ་བསྡམས་པའི་ཆུ་བླུང་བྱ།། འཇིག ་རྟེན་དུ་ནི་ཀུན་མཁྱེན་ཀྱང་།། སུ་དུམྦ་རབ་མེ་ཏོག་ལྔར།། བཎྜ་ལ་མ་ནཱ་ནིར་འགའ་ཞིག། འབྱུང་འགྱུར་ཡང་ནི་མི་འབྱུང་།། གསུང་སྔགས་སྤྱད་པའི་རྡུལ་འདི་ནི།། དེ་བས་ཀྱང་ནི་རྙེད་དཀར་སྟེ།། གླང་གིས་སེམས་ཅན་མཉམ་མེད་དོན།། བླ་ན་མེད་པར་བྱེད་ནུས་པ།། གཉིས་མེད ་ཟབ་མོའི་སྤྱོད་ཚུལ་འདིས།། སེམས་ཅན་སངས་རྒྱས་ཐོབ་བྱེད་པའོ།། དང་པོ་བསྐལ་པ་གྲངས་མེད་ནས།། བསགས་པའི་སྡིག་པ་གང་དང་གང་།། དེ་ཀུན་ཟད་པར་གྱུར་པ་ནི།། ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ།། དེ་རྗེས་འབྲུ་གསུམ་སྔགས་མཆོག་གིས།། ་ཀུ་ཤ་བྱིན་གྱིས་བརླབ་བྱས་ཏེ།། སྔས་དང་སྟན་དུ་གདིང་བར་བྱས།། གཙོ་བོའི་སྙིང་པོས་རབ་བཟླས་པའི།། སྲང་བུ་དམར་ལ་མདུད་པ་གསུམ།། བྱས་ཏེ་དཔུང་པ་གཡོན་པར་བཅིང་།། སེངྒེའི་ཉལ་སྟངས་བསྟན་བྱས་ཏེ།། ཀུ་ཤའི་སྟན་ལ་ཁྱོད་ཉོལ་ལ།། ནང་པར ་བཞིན་བཟངས་རྣམས་ལོངས་ཤིག། སང་གི་ནང་པར་ཁྱོད་རྣམས་ཀྱིས།། དཔལ་ལྡན་སངས་རྒྱས་ཐོད་པ་ཡི།། གྲོང་ཁྱེར་ཆེན་པོ་མཐོང་ཞེས་བརྗོད།། དེ་ནས་རང་སྙིང་ས་བོན་ལས།། སྔགས་ཞུགས་མདུན་དུ་ལྷ་རྣམས་སྤྲུལ།། ཕྱི་ནང་བདག་ཉིད་ཅན་གྱིས་ཀྱང་།། ་དཔལ་ལྡན་ཁྲག་འཐུང་ལ་སོགས་པའི།། འཁོར་ལོ་རྣམས་ནི་རབ་ཏུ་མཆོད།། འབྱུང་པོ་རྣམས་ཀྱང་མགུ་བར་བྱ།། ནང་པར་གྱི་ནི་དུས་དག་ཏུ།། རྨི་ལམ་མཚན་མ་དྲི་བར་བྱ།། དེས་ཀྱང་མཚན་མ་གང་མཐོང་རྣམས།། འཛེམ་པ་མེད་པར་སྨྲ་བར་བྱ།། གལ་ཏེ་བཟང ་ན་དངོས་གྲུབ་བསྟན།། ངན་ན་བགེགས་རྣམས་བཟློག་པར་བྱ།། སློབ་མ་ལྷག་གནས་ཆོ་གའོ།། དེ་ལྟར་ལྷག་པར་གནས་བྱས་ནས།། ཤེས་རབ་ཅན་གྱི་ནང་པར་དུས།། ཐིག་དག་གདབ་པར་བྱ་བའི་ཕྱིར།། སློབ་དཔོན་མཚན་ཉིད་སྔར་གསུངས་པས།། ཐོད་པ་ལས ་བྱས་སྤྱི་བོར་འཆང་།། ཡན་ལག་ཐལ་བས་རྣམ་པར་བྱུགས།། ལུས་ལ་ཕྱག་རྒྱ་དྲུག་ལ་སོགས།། ཁ་ཊྭཱཾ་ག་ནི་ལག་ན་ཐོགས།། བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན།། ཧེ་རུ་ཀ་དཔལ་རང་བྱས་ཏེ།། འཁོར་ལ་བལྟས་པས་སྙིང་གར་དགོད ་བདག་ཉིད་གསལ་བར་གོ་གྱོན་ཅིང་།། སྔགས་དང་ཕྱག་རྒྱས་བརྒྱན་ནས་ནི།། དངོས་གྲུབ་མཆོག་གི་སྩོལ་བ་ཡི།། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ།། ག་མི་ཏ་ཀ་ལ་སོགས་པས།། མ་ར་རུ་དྷི་རས་སྤངས་པས།། རབ་ཤེས་དཀྱིལ་འཁོར་ཉིས ་འགྱུར་སོགས།། ཚད་ལྡན་སྲད་བུ་བཀལ་བྱས་ནས།། ཁྲག་འཐུང་གྲོང་ཁྱེར་ཉམས་དགའ་བ།། ཇི་སྲིད་མཐོ་ལྔ་ནས་བརྩམས་ནས།། བཅུ་གཉིས་བཅུ་དྲུག་མཐར་ཐུག་པར།། རྣལ་འབྱོར་དབང་ཕྱུག་དམ་པ་ཡི།། ཤེས་རབ་ཅན་གྱི་ཐིག་གདབ་སྟེ།། ་སྲང་བུ་ཁ་དོག་སྣ་ལྔ་རུ།། རྣམ་པར་ཕྱེ་སྟེ་བཅོས་ནས་ནི།། ཐོད་པའི་སྣོད་བཞག་ངག་མོས་པས།། ས་བོན་ལས་བྱུང་རིགས་ལྔར་བསྐྱེད།། དཔལ་ལྡན་ཁྲག་འཐུང་ལ་སོགས་ཀུན།། སྤྱན་དྲངས་ནས་ནི་དེ་རུ་བཞུག། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། ་གཙོ་བོའི་སྔགས་དང་གཉིས་མེད་པས།། པདྨའི་སྣོད་ལ་ལེགས་བཞག་ཅིང་།། རང་བྱུང་མེ་ཏོག་ངག་གིས་མཆོད།། ཡེ་ཤེས་སྲུད་བྱེད་བྱས་ནས་སུ།། མཁས་པས་ཐིག་ནི་གདབ་བྱ་བ།། སྔོན་ཆད་ཆོ་ག་མཐོང་བ་ཡིས།། ཡེ་ཤེས་ཐིག་སྐུད་གདབ་བྱའི ་ཕྱིར།། བླ་མས་ཁུ་ཚུར་གྱིས་བཟུང་ཞིང་།། གཅིག་ནི་མཐའ་རུ་ཤི་ཤ་ཡིས།། དབུགས་འབྱིན་འགྲོ་བར་བསམ་ན་སུ།། ཐིག་གཉིས་ངག་ནི་ལེགས་པར་བསྒྲིལ།། གཉིསུ་མེད་པའི་གསང་སྔགས་ཀྱིས།། བསྒྲིལ་ནས་ཐིག་ནི་དེར་བྱའོ།། ཛྙཱ་ཎཱཾ་ཞེས་པས་ལེག ་བཏང་ཞིང་།། བློ་ལྡན་རྒྱབ་ནས་འགྲེང་བར་བྱ།། དང་པོ་བྱང་དང་ལྷོ་ཡི་ནི།། སྒོ་དབུས་ཇི་བཞིན་གནས་ནས་སུ།། ལྷོ་རུ་མངོན་པར་ཕྱོགས་ནས་སུ།། དེ་བཞིན་ན་མཁའི་ཐིག་གདབ་པོ།། ནུབ་དང་ཤར་ནས་གཉིས་པ་གདབ།། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། དྭེ ་རྗེས་གཡོན་པའི་ཁུ་ཚུར་གྱིས།། ལྟེ་བའི་ཕྱོགསུ་བཟུང་ནས་ཀྱང་།། ཤར་དུ་བལྟས་ནས་འགྲོ་མགོན་གྱིས།། ས་ལ་ཚངས་པའི་ཐིག་གཉིས་གདབ།། ཐིག་སྐུད་ངག་ནི་འདེབས་པའི་ཚེ།། འཇིག་རྟེན་ཁམས་ནི་མ་ལུས་པའི།། སངས་རྒྱས་ལ་སོགས་འགྲོ་བའི ་དོན།། ཁྱེད་ཀྱི་དུས་ནི་ཡོན་ཞེས་བསྐུལ།། བླ་མ་ཉིད་དམ་གྲོགས་མཆོག་གིས།། གཡོན་ནས་བསྐོར་བ་ཤིན་ཏུ་བརྩོན།། རླུང་དང་དབང་ལྡན་ཕྱོགས་གནས་དང་།། མེ་དང་བདེན་བྲལ་ཁར་གནས་ཏེ།། བླ་མས་མཚམ་སུ་ཐིག་གཉིས་གདབ།། བྱང་ནས་མངོན ་པར་བལྟས་ནས་ནི།། བདེན་བྲལ་དུ་ནི་སྲད་བུ་བསྒྲེང་།། མེ་ཡི་ཕྱོགསུ་གནས་པ་དང་།། དབང་ལྡན་ཕྱོགསུ་གནས་པ་ཡིས།། ཤར་གྱི་ཐིག་ནི་གང་ཡིན་པ།། བརྟུལ་ཞུགས་ཅན་གྱིས་ཆོ་གས་གདབ།། ཕྱོགས་སྐོར་ལ་སོགས་དབྱེ་ཤེས་པས།། ཀུན་གྱི ་ཐིག་ནི་ཐམས་ཅད་ཀྱང་།། བླ་མའི་མན་ངག་རིམ་ཐོབ་པས།། བླ་མ་མཁས་པས་ཐིག་གདབ་བོ།། བླ་མ་མེར་གནས་བདེན་བྲལ་དང་།། བླ་མ་རླུང་དང་དབང་ལྡན་དུ།། གནས་བྱས་ལྷོ་བྱང་ཐིག་གདབ་པོ།། ར་བ་མེ་རི་བོར་བྱས་པའོ།། ཆ་ལྡན་བཅུ་དྲུག་རབ ་དབྱེ་བྱ།། དབང་པོ་དྲུག་ནི་ནང་དོར་ནས།། གཉིས་གསུམ་བདུན་པ་བཞི་བཞིར་དབྱེ།། བཞི་པ་དེ་བཞིན་ལྔ་དང་བརྒྱད།། དབུས་མ་དོར་བའི་ཆོ་ག་བྱ།། གཙོ་བོའི་ཕོ་བྲང་ཆ་ཆེན་གཅིག། ལྟེ་བ་ཟེའུ་འབྲུ་ལྡན་པར་གདབ།། པདྨ་རིམ་གསུམ་འདབ་མ་བརྒྱད།། ཆ་ཆེན ་གསུམ་གྱི་ས་ཡིན་ཏེ།། ཆ་ཕྲན་གསུམ་གསུམ་པདྨ་སྟེ།། ཆ་ཕྲན་རེ་རེ་རྡོ་རྗེ་ཕྲེང་།། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ།། ཁྱམས་ནི་དེ་ཡི་ཕྱེད་དུ་བྱ།། སྒོ་ཁྱུད་དག་ནི་སྒོ་ཡི་ཚད།། ཚོན་སྣ་ལྔ་ཡང་དེ་ཡི་ཕྱེད།། རིན་ཆེན་ཕ་གུ་ཚོན་གྱི་ཚད།། ཉིས ་འགྱུར་དྲ་བ་དྲ་ཕྱེད་ཡིན།། སྒོ་ཡི་སུམ་གྱུར་རྟ་བབས་ཏེ།། བ་དན་དྲིལ་བུ་འོད་ཟེར་གྱིས།། བརྒྱན་པར་ཐམས་ཅད་ཐིག་གདབ་ཅིང་།། གདུགས་དང་འཁོར་ལོ་རི་དགས་བཅས།། ཕྱོགསུ་རྡོ་རྗེ་རྒྱ་གྲམ་མཛེས།། ཕྱི་རྒྱ་ར་བ་མི་རི་སྟེ།། བརྒྱད་དུ་མ་གཏོགས་ཆ ་ཆེན་གཅིག། རིམ་གཉིས་ཐིག་ནི་གདབ་པར་བྱ།། དང་པོ་དཀར་རྩི་ཐིག་སོགས་ལས།། རིམ་བཞིན་ཐིག་གདབ་ངེས་པར་བྱ།། དེ་སྟེང་ཡེ་ཤེས་ཐིག་བཏབ་པས།། ཀུན་ནས་ཡོངསུ་བརྐྱང་བར་བྱ།། རྡུལ་ཚོན་སྔོན་པོ་རོ་བསྲེགས་པའི།། སོལ་བ་ནག་པོས་བྱ ་བ་ཡིན།། རྡུལ་ཚོན་དམར་པོ་དུར་ཁྲོད་ཀྱི།། སོ་ཕོག་ལས་ནི་བྱ་བར་བཤད།། དེ་བཞིན་རྡུལ་ཚོན་ལྗང་ཁུ་ནི།། ནིམ་པའི་འདབ་མ་དག་ལས་སོ།། རྡུལ་ཚོན་དཀར་པོའི་རྒྱུ་དག་ནི།། མཻ་རུས་ཕྱེད་མ་དག་ལ་སོ།། རྡུལ་ཚོན་སེར་པོའི་རྒྱུད་དག་ནི།། ཡུང་བའི་ཕྱེ ་མ་ངག་ལས་བྱའོ།། དེ་ལྟར་རྡུལ་ཚོན་ལྔ་རྣམས་ཀྱིས།། མཁས་པས་དཀྱིལ་འཁོར་བྲི་བར་བྱ།། དེ་ལྟར་དུར་ཁྲོད་ས་རྣམས་ནི།། དབང་ཕྱུག་ཆེན་པོའི་རྒྱན་ཡིན་ཕྱིར།། ལྔ་པོ་ལྔར་ནི་རབ་སྤྲུལ་བྱ།། ཡེ་ཤེས་ཐིག་གི་ཆོ་ག་བཞིན།། བསྐྱེད་པའི་ལྷ་སོགས ་རྒྱས་པར་བྱ།། སེམས་དག་ནང་པར་ལངས་ནས་ནི།། དཀྱིལ་འཁོར་ལས་ནི་རབ་ཏུ་བརྩམ།། འོད་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་ཁམས་ནི་རབ་གྲོལ་བྱེད།། སངས་རྒྱས་ཐོད་པ་རྒྱལ་ཆེན་པོ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཉེས་པ ་མ་ལུས་རང་ན་པའོ།། ཆེན་གྱི་ལས་ལ་ཡང་དག་འཇུག། སླབ་དཔོན་གྱི་སྨན་དང་པར་ནི།། གཡོན་པའི་ཁུ་ཚུར་སར་བཞག་སྟེ།། དབང་ལྡན་མཚམས་ནས་བརྩམས་ནས།། མོ་ལྔ་པ་དྷ་དྷ་གྷྲ། ཚོན་དང་འབྲི་བའི་ལས་བྱུང་པ།། དམ་ཚིག་སྡོམ་བྱ་བྷཱ། ་པར་སྦྱིན།། ཐེའུ་ཆུ་དང་མཐེ་བོ་སྤངས།། དྲངས་ཏེ་མཐོ་བར་ཡང་དག་བྲི།། གཡ་སུ་བསྐོར་ཞིང་རྒྱུན་མི་བཅད།། སྔོན་ཞིང་དཀར་བ་སེར་བ་དང་།། པདྨ་རཱ་ག་མན་ཏ་བཞིན།། རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ།། ཕྱི་ནས་ཀུན་ཏུ་སློབ་མས་སོ།། གལ་ཏེ་རི་མོ་ཆེ ་མཉམ་ཞིང་།། མོ་ཞིང་དུམ་འདང་ཆད་པ་ཡང་།། རི་མོ་དམའ་བས་མི་འགྲུབ་ཅིང་།། གཡོན་པོས་གདུང་བ་སྐྱེད་པར་བྱེད།། ཆད་པས་སློབ་དཔོན་སློབ་མ་དག། གཉིས་ཀ་འཆི་བར་ཤེས་པར་བྱ།། དཔྱིར་མཚན་ལྡན་རི་མ་ནི།། མཚན་ཉིད་ཀུན་གྱིས ་ལེགས་པར་མཚན།། ཕོ་བྲང་རིམ་གསུམ་ཟླུམ་པོ་ལ།། རྡོ་རྗེ་གསུམ་གྱི་ཡོངསུ་བསྐོར།། ཕྱི་རོལ་གྲུ་བཞི་ལྷམ་པ་ལ།། སྒོ་བཞིར་རྟ་བབས་རྣམས་ཀྱིས་བརྒྱན།། བ་དན་རྣམ་པ་བཞི་ཡིས་རྒྱུན།། དྲི་བ་དྲ་བ་ཕྱེད་པས་སྤྲས།། ཕྱི་རོལ་ཁ་ཁྱེར་དག་པ ་དང་།། རིན་ཆེན་ཕ་གུར་ཡང་དག་ལྡན།། པདྨ་ཉི་ཤུ་རྩ་ལྔ་ཡིས།། གདན་རྣམས་ཀྱིས་ནི་ཤིན་ཏུ་མཛེས།། དེ་ལ་རིམ་པ་དང་པི་ནི།། འདབ་བརྒྱད་སྣ་ཚོགས་ལྟེ་བར་བཅས།། པདྨའི་ལྟེ་བ་སྔོན་པོ་བྲི།། དཀར་སེར་དམར་ཞིང་གནག་པ་སྟེ།། ཤར་དང་བྱང ་སོགས་ཕྱོགས་ཀྱི་རྡུལ།། མཚམས་བཞིར་མཛེས་པའི་ཁ་དོག་ཅན།། བདུད་རྩིས་གང་བའི་ཐོད་པས་མཛེས།། རྡོ་རྗེ་ཕྲེང་བའི་སྔོན་པོས་བརྒྱན།། དེ་འོག་རིམ་པ་གཉིས་པ་ནི།། འཁོར་ལོ་རྩིབས་བརྒྱད་དམར་པོ་ལ།། རྩིབས་མཚན་ལྗང་གུས་ཡང ་ངག་བྷཱི།། པདྨ་དམར་པོའི་ཕྲེང་བས་བརྒྱན།། རིམ་གསུམ་པ་ཡི་འཁོར་ལོ་ན།། རྩིབས་བརྒྱད་ཁ་དོག་དཀར་པོ་ལས།། རྩིབས་མཚན་ཁ་དོག་ནག་པོ་བྲི།། དེ་ཡང་རྡོ་རྗེ་ར་བས་བརྒྱན།། དཀར་བའི་ཚོན་གྱིས་ལེགས་པའོ།། སྒོ་བཞིར་རིགས ་ཀྱི་རིམ་ཇི་བཞིན།། སྒོ་མ་བཞི་ནི་ངེས་པར་གནས།། ཕོ་བྲང་དབུས་ཀྱི་ལྟེ་བ་ལ།། རོ་སྟེང་རྡོ་རྗེ་ནག་པོ་དང་།། གྲི་གུག་དམར་པོ་ལེགས་པར་དགོད།། པད་འདབ་འཁོར་ལོ་རྣམས་ཀྱི་སྟེང་།། ཉི་མའི་དཀྱིལ་འཁོར་ལ་གནས་པའི།། གྲི་གུག་ལྷ་མོའི་མདོག་བཞིན་བྲི།། ་སྒོ་བཞི་རྣམ་སུ་འང་དེ་བཞིན།། དེ་དག་ཚོན་གྱི་ཆོ་གའོ།། དེ་ལྟར་ཡིད་འོང་སྣ་ཚོགས་པའི།། ལྷ་རྣམས་གཞལ་ཡས་ཁང་མཛེས་པ།། དེ་སྐད་གསུངས་པ་རྫོགས་པར་བྱ།། སྣ་ཚོགས་གོས་དང་རྒྱལ་མཚན་དང་།། བླ་རེ་ལ་སོགས་བྲི་བ་དང་།། སྤོས་དང་མ ་ཏོག་ལ་སོགས་པའི།། མཆོད་པའི་རྒྱན་གྱི་རྣམ་པར་བརྒྱན།། རྒྱན་ཆུ་ཆེ་ལྡན་བླ་མ་ཡིས།། རང་གི་རྣལ་འབྱོར་རྫོགས་བྱས་ལ།། བདེ་བ་ཆེན་པོ་སྐྱེར་བྱེད་པའི།། ཁྲག་འཐུང་རྒྱལ་པོའི་དཀྱིལ་འཁོར་མཆོག། རྔ་ཚོན་བྲིས་པའི་ཁང་པ་ལ།། མཚན་ཉིད ་ལྡན་པ་བསྐྱེད་པར་བྱ།། པདྨ་ཉི་མ་ཉི་ཤུ་ལྔ།། གདན་རྣམས་ཤིན་ཏུ་མཛེས་པ་ལ།། དེ་ཡི་དབུས་ཆུང་ས་བོན་ནི།། ཡི་གེ་ཧཱུཾ་གི་རང་བཞིན་སྔོ།། སྐད་ཅིག་ཙམ་གྱིས་ཧེ་རུ་ཀ། སྐུ་མདོག་སྔོན་པོ་གྲགས་ཆེན་པོ།། གཡས་གྲི་གུག་ཅང་ཏེའུ་འཛིན།། གཡོན་ན ་ཐོད་པ་ཁ་ཊྭཱཾ་ག། སྐྱིལ་ཀྲུང་ཕྱེད་པའི་འཇིགས་ཆེན་པོ།། ཞལ་གྱི་མཆེ་བ་ཅུང་ཟད་བཅིགས།། རལ་པོའི་ཅོད་པན་གྱིས་བརྒྱན་ཅིང་།། སངས་རྒྱས་ཐོད་པའི་ཅོད་པན་ཅན།། དབུ་ལ་སྣ་ཚོགས་རྡོ་རྗེས་མཚན།། ཟླ་བ་ཕྱེད་པས་འཛིན་པའི་ལྷ།། སྐུ་ལ་ཐལ་བྱའི ་རྡུལ་གྱིས་བྱུགས།། དཔའ་བོ་ཕྱག་བཞི་ཕྱག་མཚན་འཆང་།། ཤིན་ཏུ་ཧཱུཾ་སྒྲོགས་འཇིགས་བྱེད་པ།། གར་གྱི་སྟབས་ཀྱིས་རྣམ་པར་བཞུགས།། མགོ་བོ་རློན་པའི་ཕྲེང་བ་ཅན།། མཆོད་ཕྱིར་ཐོགས་པའི་ཕྲེང་བ་འཆང་།། ཐོད་པ་གཏི་མུག་རྣམ་དག་པའི།། ཕྲེང ་བབརྒྱུས་པས་བརྒྱན་པའི་ལྷ།། མགུལ་ངོ་དང་ནི་འཁོར་ལོ་དང་།། རྐང་གདུབ་དང་ནི་དཔུང་རྒྱན་དང་།། གདུབ་བུ་སྐྱེད་པའི་སྐེ་རགས་དང་།། དཔའ་བོ་རྣ་ཆ་མཆོག་གིས་བརྒྱན།། འདི་འདྲའི་གཟུགས་ཅན་གཙོ་བོ་ནི།། ཧཱུཾ་ཞེས་བཟླས་པ་བྱེད་པར་བསྒོམ།། དེ་ལས ་བྱུང་བའི་རྣལ་འབྱོར་མ།། ཉི་ཤུ་རྩ་བཞི་བདག་ཉིད་རྣམས།། སྐུ་མདོག་སྣ་ཚོགས་གྲགས་ཆེན་མོ།། ཤིན་ཏུ་འཇིགས་པའི་གཙིགས་ཅན་མ།། ཞལ་གཅིག་ཕྱག་ནི་ཐོད་པ་འཆང་།། གཡས་པ་ན་ནི་གྲི་གུག་འཛིན།། སོ་སོ་ཡི་ནི་མིང་ཇི་བཞིན།། རབ་ཏུ ་གསལ་བར་བཤད་པར་བྱ།། རིམ་པ་དང་པོའི་ཕྱོགས་བཞི་ནི།། ཕྲེང་བཟང་མ་དང་འདོད་ཅན་མ།། འཇིགས་མ་དང་ནི་ཐུབ་དཀའ་མ།། མཚམ་སུ་ཐོད་པས་ཡང་དག་བརྒྱན།། རིམ་གཉིས་གསུང་གི་འཁོར་ལོ་ལ།། བདེ་བའི་སྐེ་རགས་ཅན་དང་ནི།། གཟུགས ་ཅན་འབྱུང་གནས་རྣམ་རྒྱལ་མ།། ཤར་སོགས་ཕྱོགས་བཞིར་གཡོན་རིམ་གནས།། ཐོད་ཅན་མ་དང་མཚོན་ཆེན་མ།། རྒྱུད་བྱེད་མ་དང་གསོང་བྱེད་མ།། དབང་ལྡན་མཚམས་སོགས་གཡས་རིམ་བཞུགས།། རིམ་གསུམ་སྐུ་ཡི་འཁོར་ལོ་ལ།། སྒྲོལ་བྱེད ་མ་དང་འཇིགས་མ་དང་།། ལྷ་མོ་མི་ཕམ་མ་བཞི་ནི།། ཤར་ཕྱོགས་ལུགས་འཇུག་ཕྱོགས་བཞིར་རོ།། དགེ་མ་འཛུར་བྱེད་མ་དང་ནི།། དུས་མཚན་མ་དང་གྲགས་ཆེན་མ།། དབང་ལྡན་མཚམས་སོགས་ལུགས་ལས་བཟློག། མཛེས་སྡུག་མ་དང་ནོར ་འཛིན་མ།། བསྐལ་བཟང་མ་དང་གྲགས་མཐོང་མ།། ཤར་སོགས་སྒོ་བཞིར་ཡང་དག་གནས།། འདི་ལྟ་བུ་ཡིས་དཀྱིལ་འཁོར་མཆོག། ཁ་དོག་རྣམ་པ་ལྔ་ཡིས་བརྒྱན།། དེ་ཡི་དབུས་གནས་ལྷ་མོ་ནི།། ཧེ་རུ་ཀ་ལ་བདེ་སྟེར་མ།། སྐྱིལ་ཀྲུང ་ཕྱེད་པའི་གར་བྱེད་མ།། མི་ཡིས་རུས་པའི་ཕྲེང་བས་བརྒྱན།། ལྷ་མོ་འོད་ཟེར་དཔག་དཀའ་ཞིང་།། སྐྲ་སེར་གྱེན་དུ་འབར་བ་སྟེ།། ཧཱུཾ་གི་བདག་ཉིད་ལས་སྐྱེས་འཇིགས།། ཞལ་ནས་ཁྲག་གི་འཐོར་བྱེད་མ།། དཀར་མོ་ནག་མོ་ལྗང་གུམ།། ཐམས་ཅད་ཁུ་བ ་ལྡན་གྱུར་མའོ།། ལྷ་ཡི་དཀྱིལ་འཁོར་བསྐྱེད་པ་ནི།། ཉི་ཤུ་རྩ་ལྔའི་བདག་ཉིད་བསྲུངས།། མདོག་དང་ཕྱག་མཚན་ཆ་ལུགས་གདན།། སྒྲུབ་པའི་ཐབས་བཞིན་བསྒོམ་པར་བྱ།། སྔར་གསུངས་སྟ་གོན་ལྷ་རྣམས་ནི།། སྙིང་ག་ཉིད་ནས་རབ་སྤྲུལ་ནས།། དཀྱིལ ་འཁོར་ལ་ནི་བྱིན་གྱིས་བརླབས།། ཡང་ནི་སྙིང་གའི་ས་བོན་གྱིས།། ཡེ་ཤེས་ལྷ་རྣམས་བཀུག་བྱས་ཏེ།། དཀྱིལ་འཁོར་ལྷ་རྣམས་བྱིན་གྱིས་བརླབས།། ཨོཾ་བུདྡྷ་ཀ་པཱ་ལཱི་ནི་ཨཿཁཾ་གྲྀ་པུཾ་ཤྲཱི་ཨཿཿཿཧཱུཾ་ཧཱུཾ་ཧཱུཾ་ཕཊ། རྩ་ཡི་འཁོར་ལོ་འཇིགས་ཚུལ་གྱིས།། ་དབང་བསྐུར་རྒྱས་གདབ་ཕུན་སུམ་ཚོགས།། མ་ལུས་པ་ནི་འདིར་བྱའོ།། དེ་ནས་མེ་ཏོག་སྤོས་ལ་སོགས།། ལྷ་ཡི་གྲངས་དང་མཉམ་པར་དབུལ།། དེ་བཞིན་གོས་ནི་ཟུང་རེས་མཆོད།། རང་བྱུང་མེ་ཏོག་ལ་སོགས་པའི།། བདུད་རྩི་ལྔས་ཀྱང་དེ་བཞིན་མཆོག། ཐོང ་པ་བདུད་རྩི་ལྔས་བཀང་བ།། ཧེ་རུ་ཀ་ཡིས་བཏུང་བར་བྱ།། དེ་ཡིས་འཐུངས་པ་ཙམ་གྱིས་ནི།། འགྲོ་བའི་བླ་མ་བདག་ཉིད་ཆེ།། གཙོ་བོ་ལས་གཞན་ཐ་དད་གཟུགས།། རྣལ་འབྱོར་མ་ཀུན་དེ་དང་འདྲ།། འདོད་པའི་ཡོན་ཏན་སྣ་ཚོགས་དང་།། ཚོགས་ཀྱི་སྦྱོར་བ་ཆེ ་ལྡན་ཞིང་།། ན་མཁའ་ཅ་ཙེའི་སྒྲས་བཀང་ནས།། བཀྲ་ཤིས་གླུ་ཡིས་བསྟོད་བྱ་ཞིང་།། བཟླས་པ་ཡིས་ཀྱང་མགུ་བར་བྱ།། ལྟོ་བའི་གནསུ་སྦྱིན་སྲེག་བྱ།། པདྨའི་འདབ་མ་བརྒྱད་ལྡན་དུ།། ཁྲག་འཐུང་མཁ་འགྲོ་ཉི་ཤུ་ལྔ།། གེ་སར་པདྨའི་ལྟེ་བ་ལ།། བདག་ཉིད་ལྷ་ཡི ་དངོས་བྱས་ནས།། སྦྱིན་སྲེག་ཆོ་ག་ལྡན་བྱས་ན།། ལྔཔ་མི་དགོས་པར་དངོས་གྲུབ་འགྱུར།། བཟའ་དང་བཅའ་བཏུང་མྱང་བ་དང་།། བཏུལ་ཞུགས་ཅན་གྱི་ཅི་སྤྱོད་པ།། ཡེ་ཤེས་བདུད་རྩི་ལྔ་ཉིད་དུ།། བསྒྲུབས་ཏེ་ཐམས་ཅད་སྤྱད་པར་བྱ།། བདག་ཉིད་ལྷ་ནི་ལྷ་ཡི ་མཆོག། བདག་ཉིད་ལྷ་ནི་ལྷ་དམ་པ།། རང་གི་གཟུགས་ལ་མ་ཆགས་པས།། གཟུགས་བརྙན་ལ་སོགས་བཞིན་དུ་ཤེས།། བདག་ཉིད་སངས་རྒྱས་མ་ལུས་དང་།། མཁའགྲོ་མ་ཀུན་གནས་ཡིན་ཏེ།། དེ་ཕྱིར་རྩོལ་བ་མ་ལུས་ཀྱིས།། བདག་ཉིད་ཧེ་རུ་ཀ ་དཔལ་མཆོད།། བྲ་ཁུར་ལ་སོགས་བཟའ་བ་དང་།། ཟན་དྲོན་ཤཱ་དང་ཉ་ཤཾ་དང་།། བདུད་རྩི་ལྔ་སོགས་ཅི་འབྱོར་པ།། ཐོད་པའི་ནང་དུ་ལེགས་བཞག་སྟེ།། སྦྲང་སོགས་རིམ་གྱིས་བྱིན་བརླབས་ནས།། ཞིང་སྦྱོང་རྣམས་ལ་གཏོར་མ་སྦྱིན།། མཆོད་པའི་བྱ་བ ་རྫོགས་གྱུར་ནས།། སློབ་མ་གཞུག་པའི་ཆོ་ག་ཡིས།། དང་པོ་ཉིད་དུ་སློབ་དཔོན་གཞུག། མཚན་ཉིད་ལྡན་པའི་སློབ་མའི་ཚོགས།། ཁྲུས་བྱས་མཛེས་པའི་གོས་གྱོན་ཏེ།། བུ་སྡུག་དེ་དག་རྣམས་ཀྱི་ནི།། གདོད་པ་དར་གྱི་གཡོགས་བྱས་ནས།། གསོལ་བ ་འདེབས་པ་སྔོན་དུ་འགྲོ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་སྐྱབསུ་མཆི།། དཔའ་བོ་རྣལ་འབྱོར་མ་འཁོར་ལོ།། རྣལ་འབྱོར་གནས་ལ་བདག་ཕྱག་འཚལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་གཞུག་ཏུ་གསོལ།། དོན་དམ ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ།། ཉོན་མོངས་སྤྱོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ།། སྲིད་པའི་ཉེས་བརྒྱ་བསྐྱེད་པའི་ཉོན་མོངས་གཅོད་མཛད་པ།། རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད།། ལན་གསུམ་དུ་ནི ་གསོལ་བ་གདབ།། དེ་ནས་སློབ་དཔོན་གྱིས་ཀྱེ་ཁྱོད་སུ་ཞེས་སྨྲའོ།། སློབ་མས་བདག་ནི་རྒྱལ་བའི་སྲས་ཞེས་སྨྲའོ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི།། བདག་གི་སློབ་མ་བཞུག ་པར་བགྱི།། དེ་ནས་ལྷོ་སྒོར་མངོན་ཕྱོགས་ནས།། དཀྱིལ་འཁོར་མཁའ་འགྲོ་ཚོགས་དག་ལ།། སྒོ་གསུམ་དང་བས་ཕྱག་བཙལ་བ།། ཨོཾ་ན་མོ་སྟེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་སྐུ་གསུང་ཐུགས་ཀྱི་ནི།། སྒོ་ནས་ལན་གསུམ་སྔོན་འགྲོ ་ཕྱག། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛེ་པསྠ་ནཱ་ཡ་ཨཱཏྨ་ནཱ། ནཱིརྱ་ཏ་ཡ་མི་སརྦ་ཏ་ཐ་ག་ཏ་བཱི་ར་ཡོ་གི་ནི། ཨཱཏྨ་མ་ལེ་ཨཱ་དྷི་ཏིཥྛ་སཱ་མཾ། ཞེས་བརྗོད་ལུས་ནི་ཐམས་ཅད་ཀྱི།། གུས་པས་རབ་ཏུ་ཕྱག་འཚལོ།། དེ་ནས་ཤར་གྱི་སྒོར་གནས་ལ།། སྙིང་གའི་གཡོན ་དུ་ཐལ་མོ་སྦྱར།། ཨོཾ་སརྦ་བཱི་ར་ཡོ་གི་ནི་པུ་ཛེ་པསྠ་ནཱ་ཡ། ཨ་བྷིཥེ་ཀ་ཡ་ཨཱཏྨ་ནཱཾ། ནིརྱཱ་ཏཱ་ཡ་མི་སརྦ་ཏ་ཐ་ག་ཏ་བཱི་ར་ཡོ་གི་ནི། ཨཱཏྨ་ཀ་མ་དྷ་ཨ་བྷི་ཥིཉྩ་ཏུ་མཱ། དེ་རྗེས་བྱང་གི་སྒོར་ཕྱོགས་ཤིང་།། ཐལ་མོ་དེ་ཉིད་བྲལ་བར་གཞག། ཨོཾ་སརྦ་བཱ་ར་ཡོ་གི་ནི།། ་པཱུ་ཛ་པྲ་བརྟ་ནཱ་ཡ། ཨཱཏྨ་ནཱཾ། ནིརྱཱ་ཏཱ་ཡ་མི་སརྦ་ཏ་ཐཱ་ག་ཏ་བི་ར་ཡོ་གི་ནི་ཨཱཏྨ་མཽ་མ་པྲ་བྷ་དྷི་ན་མཾ། དེ་ནས་ནུབ་ཀྱི་སྒོར་འདུག་ལ།། ཐལ་མོ་དེ་ཉིད་མགོར་བཞག་སྟེ།། ཨོཾ་སརྦ་བཱི་ར་ཡོ་གི་ནི། པུ་ཛ་ཀརྨ་ཨཱཏྨ་མཱཾ་ནིརྱཱ་ཏཱ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི། ཨཱཏྨ ་ཨཱརྱ་ཀརྞ་ཀུ་རུ་མཱཾ། བྱིན་གྱིས་བརླབ་ཕྱིར་ཕྱག་བཞི་བཙལ།། དེ་ནས་ལྷོ་སྒོར་འདུག་ནས་ཀྱང་།། ལས་ནི་བུམ་པའི་ཆུ་ཡིས་གཏོར།། སློབ་མའི་ལག་པ་བཟུང་བྱས་ལ།། སངས་རྒྱས་ཐོད་པའི་སྡོམ་པ་མཆོག། བརྗོད་དེ་ཐམས་ཅད་སྦྱིན་པར་བྱ།། སངས་རྒྱས་ཆོས ་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབསུ་གདོང་།། འདི་ནི་སངས་རྒྱས་རིགས་ཡིན་ཏེ།། སྡོམ་པ་རྟག་པར་གྱུར་པའོ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི།། བློ་ཆེན་ཁྱོད་ཀྱི་གཟུང་བར་བགྱི།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ་དྲིལ་བུ་ཤེས་རབ་གྲགས།། ་སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ།། བླ་མ་སྤངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་བཤད།། རིན་ཆེན་རིགས་ལ་རྟག་ཏུ་ནི།། ཉིན་རེ་བཞིན་ནམ་ལན་དྲུག་ཏུ།། ཆོས་དང་ཟང་ཟིང་མི་འཇིགས་བྱམས།། སྦྱིན ་པ་རྣམ་བཞི་རབ་ཏུ་སྦྱིན།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་མ་ལུས་གཟུང་།། འདི་ནི་པདྨའི་རིགས་དག་པའི།། དམ་ཚིག་ཡིད་དུ་འོང་བའོ།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་ཀྱི།། དེ་ལྟར་སྡོམ་པ་བཟུང་ནས་ནི།། མེ་ཏོག་ཕྲེང་དང་བཅས་པ་ཡིས།། སྙིང་གར་རྡོ་རྗེ་རབ་གཞག་ལ།། ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ཏཱ་ཡ་མི། ཨོཾ་སུ་ར་སྟེ་སེ་མ་ཡ་སྟྭ~ཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། རྣལ་འབྱོར་དུ ་ནི་སེམས་བསྐྱེད་དོ།། ཡོངསུ་སྦྱངས་པའི་བུ་སྡུག་དེ།། ལས་ཀུན་བྱེད་པའི་ཆུས་གཏོར་ལ།། དཀྱིལ་འཁོར་དུ་ནི་གཞུག་པར་བྱ།། ཨོཾ་ཨཱ་ཁཾ་བཱི་ར་ཧཱུཾ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ ་འཁོར་མ་མཐོང་བའི།། མདུན་དུ་སྨྲ་བར་མཽ་བྱ་སྟེ།། དམ་ཚིག་ཉམས་པར་གྱུར་ཏ་རེ།། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།། སྙིང་ལ་ཡང་དག་བཞུགས་པ་ནི།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། རྗེ་སུ་མནའ་ཆུ་བླུད་པ་ནི།། ཙནྡན ་དང་ནི་ག་བུར་བཅས།། བདེ་འབྱུང་མེ་ཏོག་ཆུ་དང་ལྡན།། བློ་གྲོས་བརྟན་པའི་སློབ་མ་ལ།། མཚན་ལྡན་ཐོད་པར་བླུགས་ནས་ནི།། གཟི་བརྗིད་ཅན་གྱི་འདི་སྐད་སྨྲ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས ་ན་དངོས་གྲུབ་འགྱུར།། ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ཋ་ཎ་རྫ་ཧཱུཾ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་ངས་གང་འདི་བྱོས་ཤིག་བསྒོ་བ་དེ་ཁྱོད་ཀྱིས་བྱའོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། ཁྱོད་མི་བདེ་བ་མ་སྤངས་པར་དུས ་བྱས་ནས་དམྱལ་བར་གྱུར་ཏ་རེ། དེ་རྗེས་སློབ་མའི་གཙོ་བོ་ཡིས།། དཔའ་བོ་དང་ནི་རྣལ་འབྱོར་མ།། ཐམས་ཅད་ཀྱིས་ནི་བྱིན་རློབས་ལ།། ཧེ་རུ་ཀ་དཔལ་རྣལ་འབྱོར་མ།། བདག་ལ་ཡེ་ཤེས་དབབ་ཏུ་གསོལ།། སྔར་གསུངས་རྒྱན་ལྡན་བླ་མ་ཡིས།། གཟི ་ལྡན་བསྒྱིངས་བཅས་སློབ་མ་ལ།། མི་འཆི་བཅུ་ཕྱེད་རོ་རས་དང་།། བྱི་བྲུན་གུ་གུལ་ནག་པོ་དང་།། གྲིར་ཤི་གླང་ཁྲག་ཚིལ་ཆེན་བཅས།། རང་སྐྲ་དང་བཅས་ཞིབ་མོར་བརྡུངས།། པདྨའི་སྣོད་དུ་རབ་གཞག་ནས།། དུར་ཁྲོད་ཡི་དགས་མེས་གདུངས་ལ།། གཉིས ་མེད་སྔགས་ཀྱིས་གཙུན་པར་བྱ།། དྲིལ་བུའི་སྒྲ་ནི་རབ་བསྒྲགས་ནས།། རང་ཉིད་འོད་ཀྱིས་མཁའ་གྲོ་གཞུག། གལ་ཏེ་འབབ་པར་མ་གྱུར་ན།། སློབ་མའི་སྙིང་གར་ཉི་མ་ལ།། སངས་རྒྱས་ཐོད་པ་ཡུམ་བཅས་ཤིང་།། ཡུངས་ཀར་ཙམ་གྱི་སྐུར་བསམས་ལ། ་དེ་ཡི་གསང་དང་མཁའ་སྤྱོད་པས།། འོད་ཟེར་དམར་པོས་ལུས་ཀུན་ཡང་།། རོས་གང་གཅིག་གྱུར་སྔགས་བཟླས་ཤིང་།། བདུག་དང་བསམ་གཏན་ཆོ་ག་ཡིས།། སྐད་ཅིག་ཉིད་ལ་དཔའ་བོ་དང་།། མཁའགྲོ་འཁོར་བཅས་སྙིང་ལ་འཇུག། ཨོཾ་ཏིཥྛ་མ་ཧཱ་ཀྲྀ ་དྷ་ཨ་བེ་ཤ་ཧཱུཾ། ཨོཾ་ཤྲཱི་ཧེ་རུཾ་ཀཱ་ཡ། བིདྨ་ཧེ་བིརྱ་རཱ་ཛཱ་ཡ་དྷ་མི་ཧེ་སྭཱ་ཧཱ། མཁ་འགྲོ་བསྐུལ་བས་ངེས་པར་འབབ།། ལྕེ་ལ་ཨ་ནི་དམར་བསམས་ནས།། གསུངས་ཤིག་རྡོ་རྗེ་དགེ་མི་དགེ། སྐུ་གསུང་ཐུགས་ལ་ཕེབས་གྱུར་ནས།། བརྟན་པའི་གསང་སྔགས ་བརྗོད་པར་བྱ།། འདིར་ནི་བསོད་ནམས་ཇི་ལྟ་བུ།། ལྷ་རྣམས་རིགས་ཀྱི་རིམ་ཇི་བཞིན།། འདི་ནི་དངོས་གྲུབ་གང་ཡིན་པ།། དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག། པྲ་ཏཱིཙྪ་དང་བཛྲ་ཧོ།། དཀྱིལ་འཁོར་དུ་ནི་མེ་ཏོག་དོར།། གང་རྙེད་དེ་ཡི་རིགས་ཡིན་ཏེ།། དབུཀྲ ་སོགས་མཚན་མ་ཤེས་བྱས་ལ།། སླར་ཡང་སློབ་མའི་མགོ་ལ་བཅིང་།། ཤ་མིག་དག་པའི་ལྟས་ཀྱི་ཕྱིར།། ཅི་མཐོང་དྲི་བའི་ཆོ་ག་བྱ།། དེ་ནས་ལག་པ་ནས་བཟུང་སྟེ།། མིག་ཕྱེད་དཀྱིལ་འཁོར་བསྟན་པར་བྱ།། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི།། མིག་འབྱེད ་པར་ནི་བརྩོན་པར་མཛད།། ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ།། རྡོ་རྗེའི་མིག་ནི་བླ་ན་མེད།། ཨོཾ་བཛྲ་ནཻ་ཏྲ་ཡ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ད་ནི་དད་པ་རབ་ཏུ་བསྐྱེད།། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས།། སྔགས་དང ་ཕྱག་རྒྱས་བྱིན་གྱིས་བརླབས།། འགྲོ་དོན་ཕུན་སྨྲམ་ཚོགས་ཀུན་དང་།། དངོས་གྲུབ་ཀུན་མཁྱེན་སྔོན་དུ་འགྱུར།། དམ་ཚིག་ཐམས་ཅད་བསྐྱང་བ་དང་།། གསང་སྔགས་ལ་ཡང་བརྩོན་པར་གྱིས།། དེ་ནས་དཀྱིལ་འཁོར་འཁོར་ལི་ཡི།། ལྷ་མི ་སྐུ་མདོག་ཇི་བཞིན་དང་།། མཚན་མ་ལ་སོགས་དེ་བཞིན་དུ།། སློབ་མ་རྣམས་ལ་བསྟན་པར་བྱ།། སྣ་ཚོགས་པདྨའི་དཀྱིལ་སྟེངས་ནས།། གཉིསུ་མེད་པར་ལེགས་འཁྱུད་པའི།། དངོས་པོ་ཀུན་གྱི་རང་བཞིན་ཅན།། དངོས་གྲུབ་མ་ལུས་སྩོལ་བ་པོ།། ཁྲག ་འཐུང་ཆེ་ལ་བུ་ཁྱོད་ལྟོས།། སྣ་ཚོགས་སྡེ་མས་གཙོར་མཛད་པའི།། ཕྲེང་བཟང་མ་སོགས་ལྷ་ཨོཾ་ལྔ།། ཐོད་པ་བཞི་པོར་བཅས་པ་ཡི།། རབ་ཟབ་ཐུགས་ཀྱི་འཁོར་ལོ་དང་།། དགེ་བའི་སྐེ་རགས་ཅན་ལ་སོགས།། གསུང་གི་རྣམ་དག་འཁོར་ལོ་དང་།། སྒྲོལ ་བྱེད་མཁའ་གྲོ་མ་ལ་སོགས།། རྣམ་དག་སྐུ་ཡི་འཁོར་ལོ་སྟེ།། རབ་དང་འབྲིང་དང་ཐ་མ་ཅན།། མཛེས་སྡུག་ལ་སོགས་ལྷ་མོ་བཞི།། གཟུགས་སོགས་དག་པའི་བདག་ཉིད་འགྱུར།། ལྷ་རྣམས་དེ་ཉིད་མཚན་མ་ཡིན།། དེ་ནས་སློབ་མ་བློ་ལྡན་གྱིས།། བླ་མའི ་ཞབས་ལ་ཕྱག་འཚལ་ཏེ།། ཡོན་གྱི་མཆོག་ཆེན་ཕུལ་ནས།། དབང་སྐུར་དོན་དུ་གསོལ་བ་གདག།། ཧེ་རུ་ཀ་དཔལ་དབང་སྒྲུབ་པ།། འགྲོ་བ་སྐྱོབ་ཅིང་གཟི་བརྗིད་ཅན།། དེ་ལྟར་ཡོན་ཏན་འབྱུང་གནས་སོགས།། དེ་བཞིན་བདག་ལ་དེང་གསོལ་ཅིག། དཔའ ་བོ་ཆེན་པོས་མི་ལྡོག་པའི།། དབང་བསྐུར་བ་ནི་བདག་ལ་གསོལ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་བགྱིད།། འཇུག་སྒོ་ལྷོ་ཡི་ཕྱོགསུ་ནི།། བདག་ཉིད་ཧེ་རུ་ཀ་དཔལ་སེམས།། པདྨ་འདབ་བརྒྱད་བྲིས་སྟེངསུ།། སེངྒེའི་ཁྲི་ནི་བཤམ ་བྱ་སྟེ།། སྣ་ཚོགས་མཛེས་པའི་སྟན་བཏིང་ལ།། གཉིས་མེད་བློ་ལྡན་དེར་བཞག་སྐྱེ།། ཧེ་རུ་ཀ་དཔལ་སྤྲུལ་པར་བྱ།། གདུག་དཀར་སྟེངས་དུ་ཕུབ་ནས་ཀྱང་།། དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས།། བཀྲ་ཤིས་སྒྲ་ཡིས་ལེགས་གང་བ།། རོལ་མོ་སྙན་དྲང་གླུ་དབྱངས ་རྣམས།། ན་མཁའ་ཅ་ཅོ་ཡིས་བཀང་སྟེ།། དབང་བསྐུར་བར་ནི་འདོད་པ་ཡིན།། དེ་ལ་བར་ཆོད་ཞི་བའི་ཕྱིར།། ཡུངས་ཀར་རྣལ་འབྱོར་པ་ཡིས་ཀྱང་།། བཟླས་བརྗོད་ཆོ་ག་བཞིན་བྱས་ལ།། གསང་སྔགས་བརྗོད་ནས་བརྡེགས་པར་བྱ།། དེ་འོག་ལག་གཉིས་འདབ ་རྩེ་ཡིས།། བུམ་པ་རྣམས་བཏེག་སྔགས་པ་ཡིས།། ལུས་ནང་རྟོགས་གྱུར་དཀྱིལ་འཁོར་ལ།། ཆོ་གའི་ཚུལ་གྱིས་དབང་བསྐུར་བྱ།། རྣམ་རྒྱལ་ལ་སོགས་བུམ་པའི་ཆུ།། ལྷག་མ་མེད་པར་བསྡུ་བྱས་ལ།། གླུ་བླང་དྲིལ་བུ་ལ་སོགས་བརྡུང་།། དཔའ་བོ་རྣལ ་འབྱོར་མ་ལུས་ཀུན།། བསྒོམ་ལ་ཐམས་ཅད་དབང་བསྐུརོ།། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་པ་ཡི་གནས་ལས་བྱུང་།། ཁམས་གསུམ་ཀུན་གྱིས་ཕྱག་འཚལ་བ།། ཆུ་ཡིས་དབང་བསྐུར་སྦྱིན་པར་བྱ།། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས།། བརྗོད་དེ ་རང་སྙིང་འོད་ལས་བྱུང་།། རིག་པའི་ལྷ་མོ་རྫུ་འཕྲུལ་ཅན།། བདུད་རྩི་ཆུ་ཡི་བཀྲུ་བར་བྱ།། དབུ་རྒྱན་རིན་ཆེན་རྒྱུ་ལས་བྱུང་།། དར་བཅངས་བཅིངས་པ་དབང་བསྐུར་ཏེ།། ཐོར་ཚུགས་ཅད་པན་གྱིས་བརྒྱན་པ།། སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས།། ་རིན་ཆེན་དམ་པའི་དབུ་རྒྱན་དང་།། དར་དཔྱངས་དབང་བསྐུར་སྦྱིན་པར་བྱ།། ཨོཾ་བཛྲ་པ་ཏཾ་ཀ་བཛྲ་ཨ་ར་ལི་ཧོ།། རྡོ་རྗེ་ཆེན་པོ་རྩེ་དགུ་པ།། དེ་ཉིད་ལྡན་པ་བྱིན་བརླབས་ནས།། སངྱས་རྡོ་རྗེའི་དབང་བསྐུར་བས།། དེ་རིང་ཁྱོད་ལ་དབང་བསྐུར་བྱ།། འདི་ནི་སངས་རྒྱས ་ཐམས་ཅད་ཉིད།། ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་།། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། ལག་ཏུ་བྱིན་ལ་དབང་བསྐུར་བྱ།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ ་སྙེམས་ཚུལ་བདག་པོ་བདག། འདི་ནི་རྣལ་འབྱོར་མ་ཀུན་གྱི།། ཤེས་རབ་དབྱངས་ཀྱི་རྗེར་འགྲོར་བཤད།། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། དེ་དུས་དྲིལ་བུའི་སྒྲ་བསྒྲགས་ལ།། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་དངོས ་མེད་བྱས།། རང་བཞིན་དག་པའི་སེམས་དཔའ་རྣམས།། སྲིད་པའི་དམ་པ་བྱེད་པར་ཤོག། ཨཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིན་ཙ་ཏིཥྛ་བཱི་ར་ས་མ་ཡ། དྲིལ་བུ་གཡོན་དུ་སྦྱིན་པར་བྱ།། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད།། གཡོན་བསྙེམས་པ་དང་སྤྲོས ་གནོན་འཆང་།། གཉིས་མེད་གཉིས་མེད་རྣལ་འབྱོར་བདག། ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས།། བྱིན་རླབས་ཆེ་ལྡན་སྔགས་ཀྱིས་ནི།། སྔགས་ཀྱིས་དབང་བསྐུར་སྦྱིན་པར་བྱ།། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཧྲཱི་ཧེ་རུ་ཀནཱ་མ་ཨ་བྷི་ཥེ་ཀ་ཏཱ། ་ཤྲཱི་ཡི་སྒྲ་དང་བཅས་པ་ཡིས།། མིང་གི་དབང་བསྐུར་བྱིན་པར་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཧེ་རུ་ཀ་དཔལ་ཕྱག་ན་གནས།། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ ་ཥ་སྟྲཻ་དྷ་རཱ་ཡ་མི་ཧཱུཾ་ཧ་ཧ་ཧ་ཧོ།། འདིས་ནི་རྡོ་རྗེའི་བརྟུལ་ཞུགསོ།། ཁ་ཊྭཱཾ་ཌ་མ་རུ་བཟངས་བཅས།། བྱིན་གྱིས་བརླབ་ཅིང་དབང་བསྐུར་བྱ།། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག། རྣལ་འབྱོར་མ་ནི་ཌ་མ་རུ།། རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས།། དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་།། ཚུངས ་པའི་སྐུད་ཐོགས་རྣལ་འབྱོར་བདག། ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད།། དཔའ་བོ་ཆེན་པོས་བླང་བར་གྱིས།། ཞི་དང་རྒྱས་དང་དབང་དགུག་དང་།། སྡང་དང་དབྱེ་དང་མནན་ལ་སོགས།། སད་དང་བསྐྲད་པ་མ་ལུས་པའི།། ལས་རྣམས་དེ་ནི་སྒྲུབ་པར་གྱིས།། རལ་གྲི ་མིག་སྨན་ས་འོག་དང་།། མཆིལ་ལྷམ་དེ་བཞིན་དྲིལ་བུ་སྟེ།། རྣལ་འབྱོར་མ་ཡི་དངོས་གྲུབ་སྒྲུབ།། དེ་ནས་ཅི་དགར་སྒྲུབ་པར་གྱིས།། ཤཱཀྱ་ཐུབ་པར་བསྒོམ་བྱས་ལ།། ལག་གཡོན་གྱིས་ནི་ཆོས་གོས་མཐའ།། གཡས་ཀྱི་མི་འཇིགས་ཕྱག་རྒྱར་གནས།། ་སློབ་མ་ལ་ནི་ལུང་བསྟན་བྱ།། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ།། འཁོར་ལོ་མ་ལུས་རྣམས་གནས་ཤིང་།། ཧེ་རུ་ཀ་དཔལ་ལུང་བསྟན་བཞིན།། མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས།། འདི་ལྟར་ང་ཡིས་ལུང་བསྟན་ཏེ།། ཧེ་རུ་ཀ་དཔལ་དེ་བཞིན་གཤེགས།། ་དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་རྣམས་ལས་བཏོན།། ཤྲཱི་ཧེ་རུ་ཀ་ནཱ་མ་སརྦ་ཏཱ་ཐཱ་ག་ཏཱ་ཏིཥྛ་སིདྡྷི་ས་མ་ཡ་སྟཾ་བྷུར་བྷུ་བ་སྭཿདེ་ཆེ་ཧེ་རུ་ཀ་དཔལ་དང་།། མཁའ་གྲོ་མ་དང་བླ་མར་བཅས།། མགྲིན་ཅིག་ལུང་སྟོན་བསམ་པར་བྱ།། དེ ་རྗེས་དབུགས་དབྱུང་སྦྱིན་པ་ནི།། གསང་ཆེན་མཆོག་གི་དཀྱིལ་འཁོར་དུ།། མཐོང་བ་དང་ནི་བཅུག་པ་ཡིས།། སྡིག་པ་ཀུན་ལས་གྲོལ་འགྱུར་བར།། ཁྱོད་ནི་ཤིན་ཏུ་དེ་རིང་གནས།། དབང་ནི་བསྐུར་བ་ཙམ་གྱིས་ཀྱང་།། སློབ་མ་ཡོན་ཏན་བདག་པོར་འགྱུར།། ། ་སློབ་དཔོན་ཉིད་ཀྱིས་བདེ་བ་ཡིས།། བརྟན་དང་གཡོ་ཀུན་དམ་ཚིག་ཡིན།། སེམས་དག་ཐོ་རངས་དུས་ལངས་ཏེ།། བཟའ་དང་བསྲུང་བ་ལ་སོགས་པའི།། སྡོམ་པའི་བདག་ཉིད་ཅན་སྲུང་ངོ་།། ལུས་དང་སྲོག་ལ་མི་ལྟོ་བར།། དམ་ཚིག་དང་ནི་སྡོམ་པ་སྲུདྲ།། ་ཉིན་དང་མཚན་མོ་ལན་གསུམ་དུ།། རྟག་ཏུ་བཟླས་ལ་གཞོལ་བར་བྱོས།། གང་ཚེ་ཉམས་ན་རྣལ་འབྱོར་པ།། ཁ་ན་མ་ཐོ་སྦོམ་པོར་འགྱུར།། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ།། ཟླ་བ་རེ་རེ་བསྲུང་བ་ནི།། གཉིསུ་མེད་པའི་འཁོར་ལོར ་གནས།། ཚེས་བཅུ་དུས་སུ་མཆོད་པར་བྱ།། ཤ་དང་ཆང་སོགས་གང་ཅིའང་རུང་།། དཔའ་བོ་རྣལ་འབྱོར་མ་ཡི་ཚོགས།། ཧེ་རུ་ཀ་སོགས་རབ་ཏུ་མཆོད།། ཐེག་པ་དམན་ལ་འདོད་མི་བྱ།། སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན།། འཁོར་བ་དག་ཀྱང་ཡོང་མི ་སྤང་།། མྱ་ངན་འདས་ལ་དགར་མི་འགྲོ།། དཔའ་བོ་རྣལ་འབྱོར་མ་ཀུན་ལ།། ཁྱོད་ཀྱིས་བརྙས་པར་མི་བྱའོ།། ཕྱག་རྒྱ་བཞོན་པ་མཚོན་ཆ་དང་།། མཚན་མ་འགོམ་པར་མི་བྱའོ།། དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། བུད ་མེད་ཐམས་ཅད་མཐོང་བ་ན།། གཡོན་ནས་ལན་གསུམ་བསྐོར་བྱས་ལ།། སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་།། ལན་གསུམ་བར་དུ་གསོལ་བ་གདབ།། བདག་གི་མ་ཁྱོད་བུ་ཡིན་ཏེ།། ཇི་སྲིད་བྱང་ཆུབ་འབྱུང་བར་དུ།། བྱང་ཆུབ་ཡན་ལག་དུ་མ་ལས།། བྱུང་བའི་རང་གི་འོ། ་སྐོངས།། གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི།། བསླབ་པ་བླང་བ་སྔོན་འགྲོ་བས།། ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང་།། དམ་ཚིག་དེ་ལ་རྟག་གནས་ཏེ།། དེ་སྔོན་འགྲོ་བའི་གསང་བ་ཡིན།། སྤྱོད་དང་གྲོལ་བའི་གནས་འདོད་པའི།། ཡིད་ལ་འདོད་པ་ཀུན ་གྲུབ་འགྱུར།། གཙོ་བོས་ཇི་ལྟར་བཀའ་སྩལ་པ།། དེ་ལྟར་བདག་གི་བགྱིད་པར་འཚལ།། དེ་ལྟར་ཡོངས་སྨིན་སློབ་མ་ལ།། གསང་བའི་དབང་མཆོག་སྦྱིན་པར་བྱ།། དཔེར་ན་བུ་ཆེ་མེད་པའི་ཁྱིམ།། ཤི་མ་ཐག་ཏུ་སྤྱོང་པར་འགྱུར།། དེ་བཞིན་དབང་དང་བྲལ་ན་ནི།། ་མཤེས་ཀུན་གྱི་སྣང་པ་ཉིད།། དབང་མཆག་ཟབ་འདོད་སློབ་མ་ཡིས།། སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ།། སྣ་ཚོགས་ཆོས་མོ་མཆོག་གསུངས་དང་།། ཏྲ~ཾ་ཞིམ་ལྔ་དང་མེ་ཏོག་སྤོས།། འདི་དག་ལ་སོགས་བླ་མ་མཆོད།། མཆོད་ཡོན་ཞབས་བསིལ་དེ་བཞིན་ཁྲུས། ་གླུ་ཡི་མཆོད་པ་རྣམ་མང་བས།། སངས་རྒྱས་ཀུན་གྱི་རང་བཞིན་ནོ།། འདི་དག་གིས་ནི་བླ་མ་མཆོད།། ན་ཆོད་ལྡན་པའི་བུ་མོ་ཡང་།། མཚན་ཉིད་ལྡན་པ་དབུལ་བར་བྱ།། དེ་ནས་ཡང་དག་རབ་བཤད་པ།། དབང་དུས་ཆོ་ག་ཇི་བཞིན་དུ།། སློབ་མ་དང་བརྟན་གང ་ཞིག་གིས།། ཤེས་རབ་མ་ལ་གསོལ་བ་འདེབས།། དྲི་ཞིམ་པ་ཡི་དངོས་པོ་ཡིས།། མཎྜལ་རྣམ་པ་ལྔ་བྱས་ཏེ།། སངས་རྒྱས་ཀུན་གྱི་བརྒྱན་བྱས་པ།། བླ་མ་ཆེ་ལ་གསོལ་བ་འདེབས།། ཤིན་ཏུ་དྲི་མེད་སེམས་ཀྱིས་ནི།། དེ་ནས་འདིར་ནི་གསོལ་བ་འདེབས།། ་འཁོར་བའི་འདམ་དུ་བྱིང་བ་དག། དཔུང་གཉེན་ཁྱོད་ཀྱིས་བསྒྲལ་དུ་གསོལ།། བདག་ནི་རྩོལ་ཆུང་སྐལ་དམན་ཞིང་།། སངས་རྒྱས་ཆོས་ནི་རྣམ་པར་སྤངས།། ཀྱེ་ཀྱེ་སྟོན་པ་བླ་མ་ཆེ།། མགོན་པོ་ཁྱོད་ཀྱིས་བརྩེ་བར་མཛོད།། དེ་ནས་སློབ་དཔོན་ཆེན་ལྡན་པས།། ལྷ་ཡི ་རྣལ་འབྱོར་དང་ལྡན་པས།། སྔར་གསུང་ཆོ་ག་བཞིན་དུ་ནི།། ཆུ་སོགས་དབང་རྣམས་བསྐུར་བར་བྱ།། གསང་བའི་གོ་འཕང་འདི་བརྗོད་བྱ།། དམ་ཚིག་ཕྱག་རྒྱར་རབ་གསུངས་པ།། ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ།། གང་གི་ལུས་ཀུན་བརྟན་བྱེད་པ།། དེ་ནི་ཕྱག ་རྒྱར་རབ་ཏུ་གྲགས།། སློབ་མ་ལ་ནི་དེ་བརྗོད་ནས།། བདག་ཉིད་རིག་པ་ལྷན་ཅིག་ཏུ།། ཡིད་དང་རྗེས་མཐུན་བཟའ་དང་བཅའ།། བཏུང་བ་ལ་སོགས་རྗེས་སྤྱད་ཅིང་།། ཁ་ལ་སོགས་པར་ག་བུར་གྱིས།། དྲི་ཞིམ་མཆོག་ཏུ་བསྒོས་པ་ལས།། ཡིད་ལ་འཕྲོག་པའི ་བགད་པ་དང་།། སྒེག་དང་རོལ་སོགས་སྔར་བྱས་ཏེ།། དབང་པོ་གཉིས་ཀྱི་སྙོམས་འཇུག་པས།། བདེ་དགའ་རྒྱ་མཚོ་བྱུང་གྱུར་པས།། ཞལ་དུ་བཟའ་བའི་རྫས་མཆོག་བསྟབ།། རྫས་དེ་རྣམས་ནི་གསོལ་བ་དང་།། ཡིད་ནི་ཚིམ་ཞིང་ཐུགས ་དགྱེས་ཕྱིར།། ཨ་ཏི་སུ་ཁ་ཞེས་བརྗོད་དོ།། ཁམས་གསུམ་ཐབས་དང་ཤེས་རབ་གཅིག། བདེ་ཆེན་གཉིས་མེད་ཡེ་ཤེས་གསལ།། སློབ་མ་ནུས་དང་ལྡན་པར་འགྱུར།། དེ་ལྟར་དབང་མཆོག་བསྐུར་བས་པས།། མགོན་པོ་ས་བཅུ་དང་མཉམ་འགྱུར།། དེ་ནས ་གསང་དབང་ཐོབ་གྱུར་པའི།། སློབ་མ་བཟང་ལ་བླ་མ་ཡིས།། ཤེས་རབ་ལ་བརྟེན་ཡེ་ཤེས་ཀྱི།། དབང་བསྐུར་བཟང་བ་སྦྱིན་པའི་ཕྱིར།། དཀྱིལ་འཁོར་བཟང་པོའི་ཕྱི་རོལ་ཏུ།། སྔར་བཞིན་དཀྱིལ་འཁོར་རྫོགས་བསྒོམས་ལ།། དེ་ཡི་དབུས་གནས་བླ་མ་ནི།། ་སངས་རྒྱས་ཐོད་པའི་རྣལ་འབྱོར་ཅན།། མེ་ཏོག་ལ་སོགས་མཆོད་པ་དང་།། ཆང་ལ་སོགས་པའི་དགའ་སྟོན་གྱིས།། མཆོད་ཅིང་བསྟོད་པས་མཉེས་བྱས་ལ།། ཡོན་མཆོག་དམ་པ་ཕུལ་ནས་ནི།། བླ་མ་ཆེ་ལ་གསོལ་འདེབས་པ།། བླ་མ་ལྷ་མོ་དགྱེས ་མཐོང་ནས།། ཚིག་འདི་དག་ནི་སྨྲ་བར་བྱེད།། རྣམ་པར་རྟོག་པ་མང་པོ་ཡིས།། གཡོགས་པའི་བག་ཆགས་རབ་ལྡན་པ།། འཁོར་བའི་འདམ་དུ་བྱིང་བ་བདག། མཛེས་མ་ཁྱོད་ཀྱིས་སྐྱོབ་པར་མཛོད།། གྲགས་ཆེན་སྙིང་རྗེ་ལྡན་པ་ཡིས།། ལྷ་མོ་དེས་ནི་ཞི ་བར་མཛོད།། གསོལ་བ་བཏབ་རྗེས་བླ་མ་ཆེ།། རང་གི་རྣལ་འབྱོར་རྫོགས་བྱས་ནས།། དཔའ་བོ་རྫོགས་པར་མཐོང་ནས་ནི།། རྩ་ཡི་འཁོར་ལོ་ལས་ནི་འཛག། འཛག་པ་དེ་ལས་རྣལ་འབྱོར་མ།། རྣམ་མང་བརྩེ་བ་ཆེར་ལྡན་པ།། བདེར་གཤེགས་ཀུན་གྱིས ་བྱིན་བརླབས་མ།། སྣ་ཚོགས་བརྒྱན་གྱིས་རྣམ་པར་ཀླུབསོ།། སྣ་ཚོགས་པ་ཡི་ན་བཟའ་མནབས།། གཟུགས་ནི་ལང་ཚོ་གཞོན་པས་བརྒྱན།། ལོ་ནི་བཅུ་དང་གཉིས་ལོན་པ།། ཕྱག་གཡས་བྱང་ཆུབ་སེམས་གང་བའི།། བུམ་པ་ཨ་མྲའི་ལྕུག་བཅས་རྣམས།། ་ཞལ་ནི་རབ་བཞད་དང་པ་ཡིས།། ཧེ་རུ་ཀ་ནི་རྒྱལ་གྱུར་ཅིག། རྒྱལ་བར་གྱུར་ཅིག་ཅེས་སྨྲས་པས།། ཆུ་སོགས་བུམ་པ་གསང་བ་དག། དབང་བསྐུར་རྗེ་སུ་ཤེས་རབ་ཀྱི།། དབང་ནི་རབ་ཏུ་བསྐུར་བར་བྱ།། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས།། རྒྱུད་དང་བྲལ་ན་བརྡུང ་མི་རུང་།། དེ་བཞིན་དབང་དང་བྲལ་ན་ནི།། སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། ལོ་བཅུ་གཉིས་པའི་བུ་མོ་ནི།། ཚུལ་ཁྲིམས་མ་ཉམས་ཆགས་ཆུང་བས།། ཐོད་དང་ལྡན་ཞིང་གྲགས་ཆེན་མོ།། ནད་མེད་སྙིང་རྗེ་དང་ལྡན་པ།། སེམས་ཅན་དོན་ལ ་ཅིག་ནན་ཏནཱ།། རྒོད་ཅིང་པདྨའི་སྤྱན་དང་ལྡན།། ཟླ་བའི་ཆ་འདྲ་གདོང་མཛེས་མ།། མུ་ཅོར་མི་སྨྲ་བརྟན་ཞིང་དུལ།། ཤེས་རབ་པདྨའི་ནང་དབུས་སུ།། དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ།། སུམ་རྩེག་དག་པའི་བདག་ཉིད་ལུས།། འཁོར་བའི་འཇིགས་པ་ལས ་སྐྱོབ་པ།། དཀྱིལ་འཁོར་དེ་ཡི་དབུས་གནས་པ།། མཁས་པས་སློབ་མ་ཟད་དབང་བསྐུར།། གལ་ཏེ་བྱང་ཆུབ་བླ་མེད་འདོད།། ཕྱི་ཡི་དཀྱིལ་འཁོར་བྱ་བ་མིན།། ལྷ་རྣམས་གཤིག་པ་ཙམ་གྱིས་ནི།། སྡིག་པ་ཆེན་པོ་སྐྱེ་བར་འགྱུར།། དེ་ནས་རྡུལ་ཚོན་ཙམ ་གྱིས་ནི།། དེ་བཞིན་ལྷ་རྣམས་དག་མི་འགྱུར།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། དེ་བཞིན་པདྨ་རལ་གྲི་ཉིད།། བྱས་ནས་སླར་ཡང་འཆང་བྱེད་པ།། སྐྱེས་བུ་ཐ་ཤལ་དམྱལ་བར་འགྲོ།། གང་གིས་སངས་རྒྱས་སྤྱན་འདྲེན་ཞིང་།། གང་གིས་གཤེགསུ་གསོལ་བ་ཡིན།། ་རྡོ་རྗེ་སེམས་དཔའ་བྱོན་པ་དང་།། དེ་བཞིན་གཤེགས་པ་བྱོན་པ་རྣམས།། གང་ལའང་བཞུགས་པ་མ་ཡིན་ཏེ།། དྲི་མ་མེད་ཅིང་དག་པའི་ལུས།། གང་གིས་སྤྱན་དྲངས་གཤེག་སུ་གསོལ།། དེ་ཉིད་ཀྱིས་ན་བརྟག་མེད་པ།། དེ ་བཞིན་གཤེགས་པ་རྣམས་ཕྱག་བྱ།། མཛེས་པའི་ཕྱག་རྒྱ་བྱིན་བརླབས་ནས།། སློབ་མ་བཟང་ལྡན་དེ་ལ་གཏད།། གང་གིས་ཤེས་རབ་མ་མཉེས་པ།། སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད།། འདི་ཉིད་ལ་ནི་སངས་རྒྱས་བཞུགས།། གཞན་གང་དངོས ་གྲུབ་གཙོ་བོ་དང་།། སྙིང་རྗེ་ལྡན་པ་གཞན་གང་ཞིག། མཁའ་འགྲོ་མ་ཀུན་དེ་ལ་བཞུགས།། གསང་བ་ཕྱི་ཡི་ལྔ་དང་ནི།། བདུན་དང་བཅུ་བཞིར་བཤད་པ་དང་།། གཉིས་ཀ་གཅིག་ཏུ་འདུས་པའོ།། གསང་བའི་དེ་ཉིད་བཤད་པར་བྱ།། དེ་འོག་སློབ་མ་སྟན ་བཟང་ལ།། ཐབས་དང་ཤེས་རབ་སྙོམས་འཇུག་པས།། དགའ་བ་ལ་སོགས་བསྐྱེད་བྱས་ནས།། རྣལ་འབྱོར་དམ་པ་མཚོན་པར་བྱ།། གང་དུ་དབང་པོ་འགགས་གྱུར་པ།། བདག་རྟོག་རང་བཞིན་ཉམས་པ་སྟེ།། ཀྱེ་དེ་ལྷན་ཅིག་སྐྱེས་གྱུར་པ།། བླ་མའི ་ཞལ་སྔ་གསལ་བར་ཞུས།། ལྷན་ཅིག་སྐྱེས་པ་རྟོགས་གྱུར་པ།། གསང་བའི་དེ་ཉིད་བཤད་པར་བྱ།། གང་ཞིག་འཆར་དུས་ཚོན་དབང་པོ་དང་།། ཡུལ་མཉམ་ནུས་གྱུར་དེ་ལ་ཕྱག་འཚལོ།། མཁས་པ་རྣམས་ཀྱིས་སྙིང་སྦས་སུ་སདྲ་པ།། ཕྱིས་ནི ་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག། རྨོངས་པ་གང་ཞིག་དབང་མེད་པར།། བདག་ནི་དབང་བསྐུར་ཞེས་སྨྲས་པ།། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། སློབ་མར་བཅས་ཏེ་དམྱལ་བར་འགྲོ།། སློབ་མ་ལེགས་པར་ལྡན་པ་དང་།། རྩེ་ལྡན་སེམས ་གཞན་མེད་པཱ་ཡི།། གསེར་ནི་འབུམ་ཕྲག་བཅུ་དྲུག་དང་།། ས་གཞི་ཡུལ་འཁོར་ལྡན་མ་དང་།། གླང་པོ་བུད་མེད་དམ་པ་དང་།། རལ་གྲི་འཁོར་ལོ་རྟ་དང་ནི།། ཡོངས་འདྲེན་སྐྱེས་བུ་རིན་ཆེན་རྣམས།། སྦྱོར་དང་ལྡན་པའི་སེམས་ཀྱིས་ནི།། དེར་ནི་བླ་མར་དབུ ་བར་བྱ།། དེར་ནི་རྒྱན་རྣམས་ཐམས་ཅད་དང་།། ལྷབ་ལྷུབ་རྒྱན་རྣམས་དངུལ་བར་བྱ།། དད་པ་བརྟན་པའི་སེམས་ཀྱིས་ནི།། དེ་ནས་བདག་ཉིད་དབུལ་བར་བྱ།། སྣ་ཚོགས་ཟས་དང་སྣ་ཚོགས་བཏུང་།། དེ་ཡི་མདུན་དུ་དངུལ་བར་བྱ།། མཚམས་མེད་ལྟ་ནི་བྱེད་པ ་དང་། རྨོངས་གང་མ་རུངས་ལས་བྱེད་དང་།། སྐྱེ་བ་དམན་འགྱུར་འགྲོ་བ་རྣམས།། རྡུལ་ཆེན་མཐོང་བས་གྲོལ་བར་འགྱུར།། དཀྱིལ་འཁོར་དག་ཏུ་མངོན་ཞུགས་པས།། གཙང་མིའི་གནས་སྐྱེ་བར་འགྱུར།། ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི།། སྤྱི་འདིར ་དངོས་གྲུབ་མ་ཐོབ་ཀྱང་།། སྐྱེ་གཞོན་སྲིད་པར་དངོས་གྲུབ་འགྱུར།། དབང་བསྐུར་ཡང་དག་སྦྱིན་ལྡན་ནི།། སྐྱེ་དང་སྐྱེ་བར་དངོས་གྲུབ་འགྱུར།། དེ་ཡི་སྐྱེ་བ་བདུན་ལ་ནི།། མ་བསྒྲུབས་པར་ནི་དངོས་གྲུབ་ཐོབ།། གང་ཡང་བསྒོམ་པ་དང་ལྡན་ཞིང་།། གལཱ~ཾ་ཏེ་དམ ་ཚིག་སྡོམ་ལ་གནས།། སྐྱེ་འདིར་ལས་དབང་གང་མྱ་གྲུབ།། རེ་ཞིག་དམ་ཚིག་ཉམས་པ་ལ།། དངོས་གྲུབ་ཐེབ་པ་ལྟ་ཞོག་གི། མཱི་ཡི་སྐྱེ་བའང་རྙེད་པར་དགའ།། གང་ཡང་བླ་མ་བརྒྱུད་པ་ཡི།། སྒྲུབ་པ་པོ་ཡིས་འགྲུབ་སྙམ་དགོངས།། རྡོ་རྗེ་དྲིལ་འཛིན་སློབ ་མའི་མགོར།། བླ་མས་གདུགས་ཕུབ་བཀྲ་ཤིས་བརྗོད།། ལན་གསུམ་དཀྱིལ་འཁོར་བསྐོར་བྱས་ཏེ།། ཤར་ནས་ཕྱག་བྱས་ས་ལ་ནི།། བོད་གཤེགས་རྣལ་འབྱོར་མ་ཚོགས་ལ།། བཟའ་བཏུང་ལ་སོགས་དགའ་བ་ཡིས།། རོལ་པ་ཕུལ་ལ་སྨོན་ལམ་གདབ། ་དེ་ནས་ཅི་བདེར་གཤེགསུ་གསོལ།། ཚོན་རྩི་ལ་སོགས་དངོས་པོ་ཀུན།། ཐོ་རངས་དུས་སུ་བསྡུ་བྱས་ལ།། གསེར་སོགས་བུམ་པའི་ནང་དུ་ནི།། བཅུག་ནས་ཆུ་བོ་ཆེན་པོར་དོར།། བུམ་པ་ཐམས་ཅད་བསྡུ་ནས་ཀྱང་།། ཆུ་བོ་ཆེ་ལ ་བཀྲུ་བར་བྱ།། དེ་ནས་བདུད་རྩི་ལྔ་སོགས་དང་།། སྦྱར་བའི་ས་ནི་དབྱུག་པར་བྱ།། དེ་ནས་ཞི་བའི་སྦྱིན་སྲེག་ནི།། མེ་ཡིས་ཕྲིན་ལས་ཚུལ་བཞིན་དུ།། བདག་དང་སློབ་མའི་ཚོགས་རྣམས་ལ།། སྡིག་པ་ཞི་བའི་སྦྱིན་སྲེག་བྱ།། རིགས་མཐུན་མཛའ ་སྡུག་བཅས་པ་རྣམས།། སྣོད་ལྡན་སྐྱེ་བོ་འདུས་པ་ཀུན།། བཀྲ་ཤིས་གླུ་དང་རྡོ་རྗེ་དྲིལ།། མཁའགྲོ་མཉེས་ཕྱིར་རོལ་པར་བྱ།། སངས་རྒྱས་ཐོད་པའི་རྒྱུད་འདི་རུ།། བུམ་པའི་དབང་ནི་གསལ་མོད་ཀྱང་།། གསང་བ་མཛོད་སོགས་རྗེས་འབྲེངས་ནས།། ་དཀྱིལ་འཁོར་ཆོ་ག་བདག་གིས་བྱས།། དགེ་བ་འདི་ཡོས་འགྲོ་བ་རྣམས།། བསྒྲིབས་པའི་ཚོགས་དག་སྤངས་བྱས་ནས།། ཡེ་ཤེས་ལྡན་པའི་ས་གནསུ།། མི་ལྡོག་པར་ནི་འགྲོ་བར་ཤོག། དཔལ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་གའི ་པ་གསལ་བ་ཞེས་བྱ་བ་དངོས་གྲུབ་ཀྱི་མཆོག་བརྙེས་པའི་སློབ་དཔོན་ས་ར་ཧའི་ཞལ་སྔ་ནས་མཛད་པ་རྫོགསོ།། ། ག་ཡ་དྷེ་ར་དང་། ཇི་གྱོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། ་