| Wylie | e-texts produced with BDRC’s OCR application |
བཅོམ་ལྡན་འདས་ཡེ་ཤེས་མཁའ་འགྲོ་མཱ་ལ་ཕྱག་འཚལ་ལོ།། ཆུ་ཡི་སྦྱིན་སྲེག་རིམ་པ་ཞིག། འགྲོ་བ་སེམས་ཅན་དོན་ཏུ་ནི།། ཅུང་ཞིག་བསྟན་པར་བྱ་བ་ཡང་།། ཁྱད་པར་བསྒྲུབ་པའི་དོན་དུ ་བཤད།། མུ་ཡི་སྦྱིན་སྲེག་ཇི་ལྟར་འགྱུར།། སྒྲུབ་པ་པོ་ནི་ཐེ་ཚོམ་སྐྱེ།། མེས་ཀྱང་སྡིག་སྲེག་སྡིག་པ་སྦྱོང་།། ཆུས་ཀྱང་དེ་བཞིན་འདྲ་བས་ན།། དེས་ན་སྦྱིན་སྲེག་ཅེས་བྱའོ།། ས་གཞི་ལ་སོགས་མཚན་ལྡན་པར།། ཤིན ་ཏུ་ཡངས་ཤིང་གྲུ་བཞི་ལ།། ཀུན་ཏུ་དྲིས་བྱུག་མིཎྜལ་སྟེང་།། བླ་རེ་ལ་སོགས་རྒྱན་རྣམས་བྲི།། དབུས་སུ་ཆུ་ཡི་སྣོད་སོགས་ལ།། དྲི་ནི་དཀར་པོས་བྱུགས་ནས་ནི།། བུམ་པ་སྐྱོན་བྲལ་ཡོན་ཏན་ལྡན།། དབྱིབས་ནི་གྲུ་བཞིའམ་ཟླུམ ་བོ་ལ།། ཐབས་ཁུང་ལྟ་བུའི་དབྱིབས་ཅན་དེ།། བཅུ་བཞི་ཁ་ཚང་སུམ་གཉིས་ཟབས།། ཆུ་དང་འོ་མར་བསྲེས་པ་ཡིས།། དྲི་ཞིམ་ཆུ་ཡིས་དཀང་བར་བྱ།། ཁ་ནི་ཤིང་ལོ་སར་པས་བརྒྱན།། ཡང་ན་བུམ་པ་བརྒྱད་སོགས་ཀྱི།། ་གཞུང་གི་དོན་དུ་འདོད་པར་ཤེས།། འདིར་ནི་བློ་དམན་དོན་གྲུབ་གཅིག། བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ།། སྐད་ཅིག་གིས་ནི་བསྐྱེད་ནས་ཀྱང་།། མཆོད་པ་ལ་སོགས་བྱ་བའོ།། དེ་ནས་སྟོང་པའི་ངང་ལས་ཀྱང་།། ཆོ་ག་གསུམ ་འམ་སྐད་ཅིག་མས།། ཡེ་ཤེས་མཁའ་འགྲོ་ཞལ་གསུམ་ནི།། བཞད་དང་ཁྲོ་བ་སྒེག་དང་བཅས།། ཕྱག་གཉིས་རྡོ་རྗེ་དབྱུག་པས་མཚན།། སེམས་དཔའི་སྐྱིལ་ཀྲུང་རྒྱན་གྱིས་ཀླུབས།། ཁ་དོག་དཀར་པོའི་ན་བཟའ་གསོལ།། ་བྱིན་བརླབས་ལ་སོགས་རྫོགས་བྱས་ལ།། ཆུ་སྐྱོན་ལ་སོགས་མེད་པ་ཡི།། ལག་གཉིས་ཐལ་མོ་སྦྱར་ནས་སུ།། པདྨའི་ཚུལ་དུ་ཅུང་ཟད་དབྱེ།། ཨོཾ་ཀ་མ་ལ་བེ་ཧ་སྭཱཧཱ། པདྨའི་སྔགས་དང་ཕྱག་རྒྱའོ།། ཟླ་བའི་དཀྱིལ ་འཁོར་བརྒྱན་པ་ཡི།། པདྨ་ཆུ་ཡི་ནང་བཀོད་ལ།། གདུགས་དཀར་པོ་ཡིས་གཡོགས་པ་ཡི།། ས་བོན་དབུས་སུ་བསྒོམ་པར་བྱ།། རང་གི་དབུགས་ལས་བྱུང་བ་ཡི།། ས་བོན་ལས་ནི་གཟུགས་སུ་བསྐྱེད།། སྐུ་མདོག་ལ་སོགས་གོང་དང་མཐུན།། ་སྔགས་དང་ཕྱག་རྒྱས་སྤྱན་དྲངས་བསྟིམ།། ལག་གཉིས་ཕན་ཚུན་ཁུ་ཚུར་བཅིངས།། མཛུབ་མོ་གཉིས་ནི་བརྐྱང་ནས་སུ།། མཛུབ་མོ་གཉིས་ནི་མདུད་པར་བྱ།། དམ་ཚིག་ཕྱག་རྒྱ་རབ་ཏུ་གྲགས།། ཨོཾ་ས་མ་ཡ་ཏིཥྛ་ཧཱུཾ་ཕཊ། དམ་ཚིག ་སྔགས་དང་ཕྱོག་རྒྱའོ།། མེ་ཏོག་བདུག་སྤོས་དྲི་ལ་སོགས།། མཁས་པ་ཡིས་ནི་མཆོད་པར་བྱ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།། གཡོན་པ་སྙིང་གར་བཞག་ནས་སུ།། གཡས་པ་སྟེང་ནས་དབུབ་པར་བྱ།། རྩ་བའི་ཕྱག་རྒྱར་རབ་ཏུ་གྲགས།། ་ཨོཾ་ཛུཾ་ཧཱུཾ་སྭཱ་ཧཱུ~ཾ། རྩ་བའི་སྔགས་དང་ཕྱག་རྒྱའོ།། ཀུན་ད་ལ་སོགས་ཀྱུ་མདོག་དཀར།། རྩེ་ལོ་དཱུར་བ་བཙུགས་ནས་སུ།། ལྷ་མོའི་དབུ་སྟེང་རྡོ་རྗེ་ཡི།། ཅོད་པན་ལ་ནི་གཏོར་བར་བྱ།། གསང་སྔགས་ལན་རེ་བཟླས་ནས་སུ།། ལན་རེ་སྦྱོར་བས་དབུལ ་བར་བྱ།། ལན་གྲངས་ཁྲི་ཡི་ལས་ཀྱིས་ནི།། ཐམས་ཅད་རིག་ཅིང་ཚེ་འཕེལ་འགྱུར།། ཀ་ར་བི་རའི་མེ་ཏོག་དམར།། དུཪྻ་དང་ནི་ལྡན་པ་ཡི།། ལས་ནི་ཁྲི་ཕྲག་བྱས་པས་ནི།། ཁྱིམ་རྣམས་ཞི་བར་རབ་ཏུ་གྲགས།། ན་ག་པུཥྤའི་ཡོམ་ཤིང་ནི།། ་འོ་མས་སྤངས་ཏེ་དབུལ་བར་བྱ།། ལས་འདི་ཁྲི་ཕྲག་བྱས་པ་ཡིས།། གྲོང་ནི་ཞི་བར་བྱེད་པར་འགྱུར།། པདྨ་ཡི་ནི་ཡམ་ཤིང་རྣམས།། ཁྲི་ཕྲག་ཏུ་ནི་བཟླས་ནས་སུ།། ལས་རྣམས་ཀུན་ལ་སྦྱར་བྱས་ནས།། ཡུལ་ཕྱོགས་ཞི་བར་བྱེད་པར ་འགྱུར།། པྲི་ཡང་ཀུ་དང་བི་ལཱ་དང་།། དེ་བཞིན་ཨུཏྤལ་ཀུ་མུ་ད།། རྒྱལ་པོ་ལས་ལོ་སོགས་སྦྱར་ནས།། ཕ་རོལ་ཡུལ་འཁོར་འཇོམས་པར་འགྱུར།། སྔགས་པས་རྟག་ཏུ་སྐྱེར་ཆུ་གཏོར།། བོརྒྱ་རྩ་བརྒྱད་དུ་གཏོར་བྱས་པས།། བྱེ་བྲག ་ཏུ་ན་རྒྱས་པར་འགྱུར།། བཅོམ་ལྡན་སྟེ་ཤེས་མཁའ་འགྲམ།། སེམས་དཔའི་སྐྱིལ་ཀྲུང་ཕྱུག་གཉིས་ལྡན།། རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས།། ཕྱག་གཉིས་རྡོ་རྗེ་བྱུག་ཏེ་བསྣམས།། ཁ་དོག་དཀར་པོའི་ཤིན་ཏུ་མཛེས།། ་བཞད་ཅིང་ཁྲོ་ལ་སྒེག་དང་བཅས།། ཤིན་ཏུ་མཛེས་པའི་ན་བཟའ་གསོལ།། ཡེ་ཤོས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། འཕྲིན་ལས་བཅོལ་བ་བྱས་ནས་ནི།། ཡི་གེ་བརྒྱ་པས་བཤགས་པ་བྱ།། བཛྲ་མུཾཿཡིས་གཤེགས ་སུ་གསེལ།། སྙིང་གར་སྦྱོར་བའི་མན་ངག་ནཱི།། མཆོད་རྫས་ལ་སོགས་ཕུལ་བས་སུ།། ལྷ་རྣམས་མཉོས་པར་གྱུར་ནས་ནི།། ལྷ་ཡི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས།། བདག་དང་སློབ་མ་གཉིས་ཀ་ཡི།། ལུས་ངག་ཡིད ་གསུམ་སྒྲིབ་པ་སྦྱང་།། མཽ་དང་འདྲ་བར་ཆུ་ཡིས་ཀྱང་།། སྡིག་པ་འདག་པ་ཁོ་ནར་གསུངས།། བདག་གིས་འདི་བྱས་དགེ་བ་ཡིས།། སེམས་ཅན་མ་ལུས་ཐམས་ཅད་ཀྱང་།། སྡུག་བསྔལ་མ་ལུས་བྱང་ནས་ཀྱང་། ་ཐམས་ཅད་མ་ལུས་བྱང་ཆུབ་ཐོབ་པར་ཤོག།། སློབ་དཔོན་བྷ་བའི་མན་ངག་རྫོགས་སོ།། ་རྩ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཅིང་གཏན་ལ་ཕབ་པ་སྟེ།། ། མངྒ་ལམ།། ་