| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཛྙཱ་ནེ་ཤྭ་རི་སཱ་དྷ་ནཱ། བོད་སྐད་དུ། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཐབས་དང་ཤེས་རབ་བདག་ཉིད་མཆོག། ཡ་ཤེས་དབང་ཕྱུག་ཕྱག་འཚལ་ནས།། རྩ་བའི་རྒྱུད་ཀྱི ་རྗེས་འབྲངས་ཏེ།། བདག་གིས་དེའི་སྒྲུབ་ཐབས་བཤད།། དེ་ལ་ཐོག་མར་གནང་བ་ཐོབ་པའི་རྣལ་འབྱོར་པས། གཡས་པའི་ལག་མཐིལ་ལ་ཨ་རྣམ་པར་བསྒོམ་པར་བྱའོ།། སྡིགས་མཛུབ་ལ་སོགས་པའི་སོར་མོ་རྣམས་ལ། སུཾ་ཀྵུཾ་ཡུ་ཧཱུཾ་ཨ། རིམ་པ་ཇི་ལྟ་བ ་བཞིན་དུ་བསྒོམ་པར་བྱས་ལ། རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ།། དེ་བཞིན་དུ་གཡོན་པའི་ལག་མཐིལ་དུ་སའི་རྣམ་པ། སྡིགས་མཛུད་ལ་སོགས་པའི་སོར་མེ་ལ། སྨེ་ཧཱུ~ཾ་ཙྪ་ཀྵྨེ་སཾ། ཞེས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། པདྨ་བསམ་པར་བྱའོ།། འདི་ནི་ལག ་པ་སྦྱང་བར་བྱའོ།། དེ་ནས་མགྲིན་པར་ཧྲིཿལས་པདྨ་འདབ་མ་བརྒྱད་པ་བསྒོམ་ལ། ལྕེའི་འདབ་མར་ཧཱུཾ་ལས་རྡོ་རྗེ་དེའི་དབུས་སུ་ཨོཾ་ཨཿཛ་ཧཱི་སཾ་བནྡྷ་ནི་ཧཱུཾ་ཕཊ་ཞེས་པས་ལྕེ་འུ་ཙུ་ཝུ་ཆུ་དག་པར་བྱའོ།། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པས་ཨརྒྷ་དང་གཏོར་མའི་སྣོད་ལ་ཕྱག་རྒྱ་དང་བཅས ་པས་ལན་བདུན་མངོན་པར་སྔགས་ཏེ། གཡོན་ཕྱོགས་སུ་བཞག་ལ། དེའི་ཆུས་ཐམས་ཅད་ཀུན་ལ་བསང་གཏོར་བྱའོ།། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་དབུ་མ་གཉིས་བརྐྱང་བ་སྟེ། ཁབ་ལྟོར་བྱས་ལ་ཨོཾ་ཧཱུཾ་ཕཊ། ཞེས་པས་གནས་བསྲུང་བར་བྱའོ།། ་ལག་པ་གཉིས་བརྐྱང་སྟེ། མཐེ་བོང་གཉིས་བཅིངས་ལ། གཤོག་པ་བཞིན་དུ་བྱས་ལ་བསྐོར་ནས་སྙིང་གར་བཟློག་སྟེ་དཀོད་པ་ནི་བདག་བསྲུང་བའོ།། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པས་སོ།། རྡོ་རྗེ་བཅིངས་ནས་དབུ་མ་བརྐྱང་བ་ནི་ཁབ་ཀྱི་ཕྱག་རྒྱ་བཞིན་དུ་བཅས་ནས་བསྐོར ་བ་བྱས་ལ་དྲ་བ་དང་རབ་ལ་སོགས་པར་བྱའོ།། ཨོཾ་ཌ་ཊུ་སྭཱ་ཧཱ། རྡོ་མྦུ་བུ་ཆུར་གཉིས་ཀྱི་སྡིགས་མཛུབ་གཉིས་བཟློག་སྟེ། སྙིང་གཱ་དང་རྒྱ་དང་མགོ་བོ་རྣམས་རྒྱ་གོ་ཆ་སྟེ་ལན་གསུམ་བྱའོ།། ཨོཾ་བཛྲ་དཱཥྚ་ཧོ། ཞེས་པས་མཉམ་པའི་ཐལ་མ ་དགྱེས་པར་བྱས་ལ། དེའི་མདུན་དུ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་སྟེ་མཆོད་པར་བྱའོ།། ཨོཾ་ཤྲི་སྭཱ་ཧཱ། ལག་པ་བརྐྱང་སྟེ་མཐེ་བོང་དང་མཛུབ་མོ་སྦྱར་བར་བྱས་པ་ནི་མེ་ཏོག་གིའོ།། ཨོཾ་ཧཱུཾ་སྭཱ་ཧཱ། ལག་པ་བརྐྱང་བ་ནི་དྲིའིའོ།། ཨོཾ་ཀཾ་སྭཱ་ཧཱ། ལག ་བ་བརྐྱང་སྟེ་དབུ་མ་བསྒྲེང་བ་འདུག་པའིའོ།། ཨོཾཀྵུཾ་སྭཱ་ཧཱ། ཁ་ཚུར་བཅིངས་ཏེ་མཐེ་བོང་བསྒྲེང་བ་ནི་མར་མེའིའོ།། ཨོཾ་གྷུ་སྭཱ་ཧཱ། ལག་པ་གཉིས་བརྐྱང་སྟེ། དབུས་སུ་མཐེ་བོང་རབ་ཏུ་བསྐྱོད་པ་ནི་གཏོར་མ་དབུལ་པོའོ།། དེ་ནས་པདྨ་བསྒྱུར་བ་སྔོན་དུ་འགྲོ་བ་ཐལ་མོ ་སྙིང་གར་བཞག་སྟེ། ཨོཾ་ན་མཿཏེ་ཛྙཱན་མ་མི་ཧཱུ~ཾ། ན་མོ་ན་མཿཧཱུཾ་སྭཱཧཱ། ཨོཾ་བནྡྷ་ཌཱ་ཀི་ནཱི་བྷུ་ཛེ་བསྠཱ་ནཱ་ཡ་ཨཱཏྨ་རྡྷ་ནིཪྵཱི་ཏ་ཡཱ་མི། ཨོཾ་ཨཱཙྪུརྱ་དཱུ་ཛོ་བསྠཱ་ནཱ་ཡ། ཨཱཏྨརྠཱ་ཌིརྱཱ་ཏ་ཡཱ་མི། ཨོཾ་ས་ཀཱ་ལ་ས་ཏྭ་བ་རིཏཱ་ཎཱ་ཡ། ཨཱཏྨ་རྡྷ་ནིརྱཱ་ཏ་མཱ་མི། སཱ་མ་ཡསྟྭཾ། སམ ་ཡ་ཧོ་ཧོ་ཧོ་ཞེས་སོ།། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་པར་བདག་ནི་སྐྱབས་སུ་མཆི།། ཐམས་ཅད་ཐེག་པ་གསུམ་ལ་ཡང་།། སྦྱོར་བ་གས་བ་མཁའ་འགྲོ་དང་།། དཔའ་བོ་དཔའ་མོ་དབང་ལྷ་མོ།། བྱང་ཆུབ་སེམས་དཔའ་བདག་ཆེན་དང་ཁྱད ་བར་དུ་ནི་སློབ་དཔོན་ལ།། རྟག་ཏུ་སྐྱབས་སུ་བདག་མཆིའོ།། བདག་ལ་དགོངས་ཤིག་ཐམས་ཅད་ཀྱིས།། རྣམ་སྣང་མི་བསྐྱོད་པ་རིན་ཆེན་མཆོག། སྣང་མཐའ་དང་དོན་ཡོད་ཀྱི།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། ཆེ་གེ་མོ་ཞེས་བྱ་བ་བདག། ་དུས་འདི་ཉེ་བར་བཟུང་ནས་སུ།། བྱང་ཆུབ་ཆེན་པོ་ཐོབ་པའི་བར།། བླ་ན་མེད་པའི་བྱང་ཆུབ་སེམས།། མཆོག་ཏུ་བདག་གིས་བསྐྱེད་པར་བགྱི།། ཇི་ལྟར་དུས་གསུམ་མགོན་པོ་ཡིས།། བྱང་ཆུབ་ཉིད་དུ་ངེས་བྱས་བཞིན།། ཚུལ་ཁྲིམས་རྣམ་གསུམ ་བསླབ་པ་དང་།། དགེ་བའི་ཆོས་ནི་བསྡུ་བ་དང་།། སེམས་ཅན་དོན་བྱ་ཚུལ་ཁྲིམས་གསུམ།། སོ་སོར་བདག་གིས་བརྟན་པོར་བཟུང་།། སངས་རྒྱས་ཆོས་དང་དགེ་འདུན་དང་།། བླ་མེད་དཀོན་མཆོག་གསུམ་གྱི་མཆོག། སྡོམ་པ་སངས་རྒྱས་རྣལ་འབྱོར ་སྐྱེས།། དང་པོ་དེ་རིང་གཟུང་བར་བགྱི།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག། སོ་སོར་དེ་བཞིན་ཉིད་དུ་གཟུང་།། རྡོ་རྗེ་ཆེན་པོའི་རིགས་མཆོག་ལ།། སློབ་དཔོན་ཉིད་དུ་གཟུང་བར་བགྱི།། དམ་ཚིག་ཡིད་དུ་འོང་བ་ཡི།། རིན་ཆེན་འབྱུང་བའི་རིག་མཆོག་ལ། ་ཉིན་རེ་བཞིན་དུ་ལན་དྲུག་ཏུ།། སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨ་ཆེན་པོའི་རིགས་དག་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། སྡོམ་པ་ཐམས་ཅད་ལྡན་པ་ལ།། ་ཇི་ལྟར་ནུས་པ་མཆོད་པའི་ལས།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། དེ་བཞིན་ཉིད་དུ་ས་སེར་བཟུང་།། བླ་ན་མེད་པའི་བྱང་ཆུབ་སེམས།། མཆོག་ཏུ་བསྐྱེད་པ་བྱས་ནས་སུ།། སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར།། སྡོམ་པ་མ་ལུས ་བཟུང་བར་བགྱི།། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ།། མ་གྲོལ་བ་རྣམས་བདིག་གིས་དགྲོལ།། དདུགས་མ་བྱིན་པ་མ་དབུགས་བྱུང་སྟེ།། སེམས་ཅན་མྱ་ངན་འདས་ལ་དགོད།། དེ་ནས་རང་གི་སྙིང་ཁ་ཙུ་ག་རྣམ་པའི་འོད་ཟེར་གྱི ་ཕྲེང་བ་བསྒོམས་པས།། རང་གི་ལུས་ལ་སོགས་པ་འཇིག་རྟེན་སྟོངས་པར་བསྒོམ་པར་བྱས་ལ། ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་བྱའོ།། ཨོཾ་ས་བྷཱ་བ་ཤུདྡྷ། སརྦ་དྷཿསྭ་བྷཱ་བ་ཤུདྡྷོ་ཧཱ་ཞེས་བརྗོད་དོ།། དེའི་རྗེས ་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞིས་བསྐུལ་བའི་བདག་ཉིད་དུ་བལྟ་བར་བྱའོ།། ཛ་ཛ་ཛ་ཛ་རྡོ་རྗེ་སེམས་དཔས་གཤེགས་པས་བདག་པོ་ལ་ཁྱེད་ཀྱིས་དངོས་གྲུབ་སྟེར་བ། ཧ་ཧ་ཧ་ཧ་ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག ་འཚལ། བ་བ་བ་བ་རྡོ་རྗེ་གཤེགས་པའི་གསང་བ་ལས།། བྱུང་སྐུ་འཛིན་པ། ཨ་ཨ་ཨ་ཨ་ཧོ་གུ་ཧྱའི་རྡོ་རྗེ་ཨཱ་ལི་གཅིག་ཏུ་ཐིམ་པའི་ཧཱུཾ། དེ་ནས་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། ཨོཾ་ཛྙཱ་ན་ཨ་ཧཾ་ཞེས་བརྗོད་པར་བྱ་སྟེ། དེའི་སྟེང ་དུ་ཨ་ལ་སོགས་པའི་ཡི་གེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡང་མདུན་དུ་བལྟ་བར་བྱའོ།། དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བ་ལ་སཾ་བོན་དེ་ཉིད་གནས་པ་བསྒོམ་མོ།། ཨོཾ་བཛྲ་ཤུད་དྷཱ། སརྦ་དྷརྨ་བཛྲ་ཤུད་དྷོ་ཧ~ཾ། ཞེས་བརྗོད་པར ་བྱའོ།། དེ་ནས་རྡོ་རྗེའི་འོད་ཟེར་ལས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ལྡན་པ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་སླར་ཡང་ཞུགས་ཏེ་སྔགས་ཀྱི་ང་རྒྱལ་བྱའོ།། ཨོཾ་ཝནྟ་མ་ནེ་ཨ་ཧཾ་ཧོ། ཞེས་པས་ཡེ་ཤེས་མཁའ་འགྲོ ་མ་བསྒོམ་པར་བྱའོ།། རྒྱན་ཐམས་ཅད་དང་ལྡན་པ། ཞལ་གསུམ་པ་དང་། ཕྱག་དྲུག་པ་དང་། སྤྱན་གསུམ་པ། སེང་གེའི་གདན་གྱི་སྟེང་ན། སྣ་ཚོགས་པདྨ་དང་ཉི་མོའི་དཀྱིལ་འཁོར་གྱི་སྟེང་ན། སེམས་དཔའི་སྐྱིལ་མོ་ཀྲུང་གིས ་བཞུགས་པ། སྐུ་མདོག་སྔོན་པོ། སྦྲུལ་གྱིས་རྒྱན་གྱིས་བརྒྱན་པ། འཇིགས་པར་བྱེད་པ། སྐྲ་གྲོལ་བ། སྤྱི་བོར་ཐོད་པས་བརྒྱན་པ། དབུ་ལ་སངས་རྒྱས་ལྔ་ཡིས་བརྒྱན་པ། བཞད་པ་དང་། ཁྲོ་བ་དང་། སྒེག་པའི་ཞལ་ཅན། ན ་བཟའ་དམར་པོ་བསྣམས་པ། གཙིགས་ཤིང་བཞད་པ། གཡས་པའི་ཕྱག་ན། ཁ་ཊྭཱཾ་ག་དང་དགྲ་སྟ་དང་། རྡོ་རྗེ་འཛིན་པ། གཡོན་པ་དང་དྲིལ་བུ་དང་། ལྷུང་བཟེད་དང་། རལ་གྲི་འཛིན་པ། འོད་ཟེར་འབར་བའི་ཕྲེང་བ་ཅན། ར ་བཞིན་གྱི་རྡོ་རྗེ་སེམས་དཔའ་ལ་འཁྱུད་པར་བསྒོམ་མོ།། དེ་ནས་ཨོཾ་ཨུདྦྷ་བཽ་ཨ་ཧཾ་ཨཱ་ཨཱ་ཨཾ་ཧཱུཾ་སྭཱཧཱ། ཞེས་བརྗོད་དོ།། ཨོཾ་ཡོ་ག་ཤུད་དྷ་སརྦ་དྷརྨཱ་ཡེ་ག་ཤུད་དྷོ་ཧཾ། རྡོ་རྗེ་གསོར་ལ། ཨོཾ་ཛྙཱ་ན་ཀཱ་ཡེ་ཧཾ་ཞེས་རྒྱལ་བྱའོ།། དེ་ནས་ལག་པ་གཡོན ་བའི་མཐེའུ་ཆུང་དང་། མཐེ་བོང་སྦྱོར་ཏེ། སྡུག་མ་བརྒྱང་ལཱ་བ་དན་གྲོ་སྙམ་པའི་ཕྱག་རྒྱསསུཾ་ཀྵ་ཡྻཱ་དྷུ་ལླེ་དང་སྤྱི་བོ་དང་། རྣ་བ་དང་། མིག་ཏུའོ།། སྭཱ་བྷཱུམྦྷ་མགྲིན་པ་དང་། དཔུང་པ་དང་། སྙིང་ག་དང་། སྟེ་བོ་རུ་ཡི་གེ་བརྗོད་ཅིང་བྱོན་གྱིས ་བརླབ་པར་བྱའོ།། ཨོཾ་བཛྲ་ཀ་ཡ་ཧ~ཾ། ཨོཾ་བཛྲ་བྷཀྵ་ཨ་ཨོཾ་བཛྲཿཏཱི་ཧཱུ~ཾ་ཞེས་པ་སོ་ལུས་ལ་སོགས་པོ་བྱིན་གྱིས་བརླབ་བོ། ཨོཾ་ས་མ་ཡེ་ཧཾ། ཧཱུ~ཾ་ཧཱུ~ཾ་ཨུ~ཾཝ~ཾ་ཧཱུ~ཾ་ས་མ་ཡ་སྭཱ། ཨོཾ་དྷྲྀ་ཏཱིཥྛ་མཾ། ཞེས་པ་ལག་པ་གཉིས་ཀའི་མཐེ་བོང་དང ་མཐེའུ་ཆུང་སྦྱར་ལ་ལྕགས་སྒྲོག་ལྟར་བྱས་ལ། ལྷག་མ་གསུམ་བརྐྱང་སྟེ་གུང་མོ་ཁབ་ལྟར་བྱས་པ། སྙིང་ག་དང་། མཛོད་སྤུ་དང་སྤྱི་བོ་དང་། མགྲིན་པོ་རུ་བྱིན་གྱིས་བརླབ་བོ།། མ~ཾ་ཧཱུཾ་ཨཱཿསྭཱཧཱ། རྡོ་རྗེ་བཅིངས་ཏེ། མཛུབ་མོ་དང་གུང ་མེ་གཉིས་ཀ་བརྐྱང་སྟེ། གུང་མོ་ཁབ་ལྟར་བྱས་ལ་མཛུབ་མོ་གཉིས་ཀྱིས་མནན་ཏེ། སྤྱི་བོ་ལ་སོགས་པའི་གནས་ལྔར་གཞག་པར་བྱའོ།། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་གནས་དང་། ་འོད་དཔག་མེད་དང་། ལས་ཀྱི་མགོན་པོ་རྣམས། དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། ལྗང་གུའི་སྐུ་མདོག་གོ།། བྱང་ཆུབ་མཆོག་དང་། ས་གནོན་དང་། མཆོག་སྦྱིན་དང་། ཏིང་ངེ་འཛིན་དང་། སྐྱབས་སྦྱིན་གྱི་ཚུལ་གྱིས་མངོན ་དུ་བཞུགས་པ་ཇི་ལྟ་བུ་བཞིན་དུ་བསྒོམ་པར་བྱས་ལ། ཨེ་ཧཱུཾ་སྭཱ་ཧཱ། ཞེས་པས་རྡོ་རྗེ་དང་། ཨོཾ་ཧྲཱི་སྭཱ་ཧཱ། ཞེས་པས་དྲིལ་བུ་བཟུང་བས་ང་རྒྱལ་དང་བཅས་པས་དཀྲོལ་བར་བྱའོ།། ཚངས་པའི་གཙུག་གི་ནོར་བུའི་འོད་ཀྱི་ཞབོས་གཉིས་སྣང་བར ་མཛད།། སྐུ་ལ་ཤིན་ཏུ་དམ་དུ་འཁྱུད་པའི་དྲིལ་བུ་ལས་བྱུང་སྐུ་འཛིན་ལ། གཡོ་ཞིང་འཕྲོས་པས་གསང་བའི་གསང་བ་ལས་བྱུང་པདྨ་གཉིས།། དེ་འདི་རྡོ་རྗེ་སེམས་དཔའ་མཆོག་གི་དབང་ཕྱུག་དམ་པའི་མཆོག་གི་གནས།། ཞེས་བརྗོད་ལ། ་མཆོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་མངོན་པར་མཆོད་པར་བྱའོ།། དེའི་རྗེས་ལ། ཡུཀྵ་སུཾ་ཧཱུཾ་གི་ས་བོན་ལས་རླུང་དང་། མེ་དང་། ཆུ་དང་། སའི་དཀྱིལ་འཁོར་ཟླ་བ་བྱེད་པ་དང་། གྲུ་གསུམ་པ་དང་། ཟླུམ་པོ་དང་། གྲུ་བཞིའི་རྣམ་པ་རིམ ་བཞིན་དུ་བསྒོམ་པར་བྱའོ།། དེའི་སྟེང་དུ། ཧཱུཾ་སུ་ཧཱུཾ་ཞེས་པས་རི་རབ་བསམ་པར་བྱས་ལ། ཨོཾ་ཧཱུ~ཾ་སྭཱ་ཧྲཱི། ཞེས་པས་རྡོ་རྗེ་ལག་པར་བརྐྱང་སྟེ། གནས་ལྔར་བརྡབས་རིན་ཆེན་བདུན་གྱི་རང་བཞིན་གྱི་གཞལ་ཡས་ཁང་བསྒོམ་པར་བྱའོ།། དེའི་དབུས་སུ་ཟླ ་དཀྱིལ་འཁོར་སེང་གེའི་གངན་ཀྱུས་ཉེ་བར་སྨྲས་པ། གདུགས་དཀར་པོ་དང་། ཡང་དག་པར་ལྡན་པར་བལྟར།། དདུས་རྒྱ་ས་ན་འི་གདནས་རྒྱུན་གྱིས་བརྣས་པ་ལ། རྣམའི་ཀྱིལ་འཁར་ལ་སྒྲུབ་རྣམ་བྱ། ད་ཨ་རྡོ་རྗེ་དེ་ལ་ཡང་ཧཱུཾ ་གི་རྣམ་པ། དེ་ལས་གོང་དུ་གསུངས་པའི་ཡེ་ཤེས་མཁའ་འགྲོ་ལ་འི་གཟུགས་པས་མ་བྱུང་བྱེ།། དེ་ནས་རང་གི་ཟླབའི་དཀྱིལ་འཁོར་ལ་འོགནོས་འབྱུང་བའི་འཁོར་ལོ་རིམ་པར་བསམ་པར་བྱས་། མ་སར་དབུགས་ལས་བྱུ ་མམོ།། ཛྙཱ་ནས་པས་ཡེ་ཤེས་མཁའ་སྒོམ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་རྒྱས་ནས་སུ་སྟེ། དུས་སུ་ག་བསམ་པར་བྱའོ།། སྦྲུས་ཀྱི་རྡོ་རྗེ་མ་འགྲོལ།། རྒྱུ་གིས་དྲག་མོ་མཁའ་འགྲོ་མོ།། མུ་རྣཾས ་ལངས་མཁའ་འགྲོ་མ།། ཧཱུཾ་གིས་གསུམ་མོའི་མཁའ་འགྲོ་མ།། དེ་རྣམས་དབུགས་ཕྱུང་སྟེ། སེམས་ཅན་གྱི་དོན་བྱས་ནས། ཡེ་ཤེས་དབང་ཕྱུག་མའི་མདུན་དང་། གཡེན་དང་། རྒྱ་བ་དང་། གཡས་ཕྱོགས་སུ་རིམ་པ་བཞོན་དུ་དགོད ་པར་བྱའོ།། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོའི་དང་སྐུ་མདོག་གོ། ཁ་ཊྭཱཾ་ག་དང་རྣལ་འབྱོར་གྱི་སྣོད་འཛིན་པ། ཉི་མའི་དཀྱིལ་འཁོར་དང་།། པདྨའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་ཉེ་བར་བཞུགས ་པའོ།། སྤྱན་གསུམ་པ། སྐྲ་གྲོལ་བ། ན་བཟའ་དམར་པོ་བསྣམས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པར་བྱའོ།། བྷྲཱུཾ་གིས་སེང་གེ་མའོ།། བྷྲཱུཾ་གིས་སྟག་མོ་མའོ།། ཧཱུ~ཾ་གིས་ལྕེ་སྦྱང་ངོ་།། བྷྲཱུ~ཾ་ཞེས་པས་འུག་པ་མའོ།། རིམ་པ་བཞིན་དུ ་དབང་ལྡན་དང་། མེ་དང་། བདེན་བྲལ་དང་། རླུང་དུ་གླང་པོ་ཆེའི་གདན་དང་། མ་ཧེའི་གདན་དང་། ཀླུའི་གདན་ལ་དཀར་ཞིང་སེར་བ་དང་། དཀར་ཞིང་སྐྱོ་བ་དང་། སྔོ་ཞིང་དམར་བ་དང་། དམར་ཞིང་སེར་བའི་སྐུ་མདོག ་དང་། གཡོན་སྡིག་མཛུབ་དང་ཞགས་པ་གཡས་པའི་ཕྱག་ན་རྡོ་རྗེ་དང་ལྕགས་ཀྱུ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། མཁའ་འགྲོ་མ་པུཾ། འབར་བྱེད་མ་པོ། འཇིགས་བྱེད་མ་པྲྀ། ཕྲོག་བྱེད་མ་པཱི་ཞེས་པ་ཤར་དང ་བྱང་དང་། ནུབ་དང་། ལྕེ་ཕྱོགས་ཀྱི་སྒོ་བཞིར་རོའི་གདན་ལ་བཞུགས་སོ།། ལག་པ་གཉིས་ཁར་བཅུག་ནས་རབ་ཏུ་རྒོད་པ་དང་། ཐལ་མོ་སྤྱི་བོར་འཛིན་པ་དང་། སྐུད་པ་དམར་པོ་ལྟར་སྙིམ་པོས་ཁྲག་འཐུང་བ་དང་། སྙིང་གར་གནས་པའི་སྡིགས ་མཛུབ་དང་གཏུན་ཤིན་འཛིན་པོའོ།། ཐམས་ཅད་ཀྱང་སྤྱན་གསུམ་པ། འབར་བའི་ཕྲེང་བ་ཅན་དབུ་སྐྲ་གྲོལ་བ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་མདོག་ཏུ་འདུག་པའོ།། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་རྣམས ་བསྒོམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པ་སྙིང་ཁར་བཞག་སྟེ། གཡས་པ་ལག་པ་གཡོན་པའི་མཆན་ཁུང་དུ་བཅུག་སྟེ། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ།། ཨོཾ་ཨ་སྭཱ་ཧཱ། ཨོཾ་ཨཱ་སྭཱཏྨ། ་ཨོཾ་ཨཱ་སྭཱ་ཧཱ། ཨོཾ་ཨཾ་སྭཱ་ཧཱ། འདི་ནི་རྩ་བའི་སྔགས་སོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དབུ་མ་བརྐྱང་ནས་རྩེ་སྤྲད་པར་བྱས་པ་ནི། ཡེ་ཤེས་ལྷ་མོ་རྩ་བའི་ཕྱག་རྒྱའོ།། རྡོ་རྗེ་བཅིངས་ནས་སྦྱང་པ་ནི་རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ།། དེ་ཉིད ་ལས་མཐོ་བོང་ཕྱི་རོལ་ཏུ་བབྱུང་བར་བྱས་པ་ནི། དྲག་མོ་ལྷ་མོའི་རྩ་བའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་ཆུང་གཉིས་བརྐྱང་སྟ་བ་ནི་རྡོ་ལངས་མའི་རྩ་བའི་ཕྱག་རྒྱའོ།། དེ་ཉིད་ལས་དབུ་མ་བརྐྱང་བ་ནི་གཏུམ་མོའི་ཕྱག་རྒྱའོ།། དེ་རྣམས་ཀྱི་སྔགས་ན ་xxx། xxx ་བར་བྱས་པ་ནི། མཚམས་ཀྱི་ལྷ་མོ་བཞིའི་ཕྱག་རྒྱའོ།། ཨོཾ་ཕུཾ་སྭཱ་ཧཱ། ཨོཾ་ཕེཾ་སྭཱ་ཧཱ། ཨོཾ་ཕྲེཾ་སྭཱཧཱ། ཨོཾ་ཕྲུ~ཾ་སྭཱ་ཧཱ། སྒོ་སྐྱོང་རྣམས་ཀྱི་རྩ་བའི་སྔགས་སོ།། རིམ་པ་དེ་བཞིན་དུ་རྩ་བའི་སྔགས་ཀྱི་ཕྱག་རྒྱན། ལག་པ་གཉིས་ཁར ་བཅུག་ནས་ཧ་ཧ་ཞེས་རྒོད་པ་དང་། སྤྱི་བོར་ཐལ་མོ་སྦྱོར་བ་དང་། ལག་པ་སྦྱར་ཏེ་ཁ་དབྱེ་བར་བྱས་པ་གསང་བའི་གནས་སུ་བཞག་པ་སྟེ། ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང་། ལག་པ་བསྐོར་ཞིང་སོར་མོ་སྤྱད་ལ་གསང་བའི་གནས་སུ ་བཞག་ལ། སྔོན་དུ་གསུངས་པའི་མཆོད་པ་རྣམ་པ་ལྔའི་སྔགས་དང་ཕྱག་རྒྱས་ཕྱི་རོལ་ཏུ་མཆོད་པ་རྒྱས་པར་མཆོད་པར་བྱ་སྟེ། གང་ནི་གསུངས་པའི་སྔགས་དང་། ཕྱག་རྒྱ་རྡོ་རྗེ་དྲིལ་བུ་བླངས་ལ། རྡོ་རྗེ་གསར ་ཞིང་ཚིགས་བཅད་འདི་བརྗོད་པར་བྱའོ།། རྡོ་རྗེ་གསོར་བའི་གཟི་བརྗིད་ཀྱི།། སེམས་ཅན་ཐམས་ཅད་རྣམ་ཐར་བྱེད།། ཆོས་ཀྱི་བྱེ་བྲག་གྲོལ་བ་ཡིས།། རྡོ་རྗེ་སྙིང་པོ་གཟུང་བའོ།། ཞེས་པས་རྡོ་རྗེ་བླངས་ཏེ། མཐེ་ཆུང་ལྕགས་སྒྲོགས་ཏུ ་བྷྱས། ཎྱརྫྫ་དང་དྷཱབ་ཏུ་སྱཱ་མྦྷ་སྔགས་མཇུ་གཉིས་པནྡྷ་ནྟུ། ཨོཾ་བཛྲཊྚཱནྟཎཻ་ཏཱ་བྲཱ་རཱ་དྷས་རྦ་ཐུད་དྷ་ཥྚཱ་ནྟུ་ལ~ཾ་ཏོམྦྷདྦྷ་པ་ར་མི་དྷཱནྣམ་དྷཱ་དྷཱར། སན་བུད་དྷཱ་རྦད་སྠཱ་ཡནྣ་ཏཱ། ནྀ་དྷཱ་བྷཱུཧཱུཾ་ཧཾ་ཧཿསྭཱཿ ་ཞེས་པས་དྲིལ་བུ་བླངས་ཏེ། དེ་ནས་དྲིལ་བུ་བསིལ་ལོ། ཧཱུ~ཾ་གི་གླུ་ཡི་རྣམ་པ་ཡི།། བདེ་བའི་ཐུགས་ལྡན་རྡོ་རྗེ་ཅན།། བདག་གིས་མིག་གིས་དེ་མཐོང་ངོ་།། ཡི་གེ་དངོས་པོ་རང་བཞིན་ནི།། སྟོང་པས་རྒྱས་པ་དེ་བཞིན་ནོ།། དངོས་དང་དངོས ་མེད་ལས་གྲོལ་བའི།། དབུས་ནི་རྣམ་པར་ཤེས་བྱས་ཏེ།། ཡི་གེ་ཐམས་ཅད་འཇོམས་བྱས་ནས།། འདིས་ནི་ཤིན་ཏུ་བསམ་པ་ནི།། ཕན་ཚུན་འཁྱུད་ནས་སྦྱོར་བ་ལས།། བགྱིང་བག་ཏུ་ནི་འདི་བྱའོ།། གཉིས་མེད་ཆོས་ནི་རྙེད་གྱུར་ན།། ་མྱ་ངན་ལས་འདས་འདི་ཐོབ་བོ།། འཁོར་བའི་བདེ་བ་མ་རྨོངས་ན།། དེ་ནི་མྱ་ངན་ལས་འདས་པ།། རང་བཞིན་ཀུན་གྱི་རྣལ་འབྱོར་མ།། གར་བྱེད་སྐྱོ་བ་བཞིན་དུ་འདི།། རྣལ་འབྱོར་མ་ལྔ་སངས་རྒྱས་ཏེ།། དེ་ནི་དེ་བཞིན་ཉིད་དུ་བརྟག ་སྣ་ཚོགས་མང་དུ་གཟུགས་སྤྲུལ་པ།། སེམས་ཅན་རྣམ་པར་སྨིན་བྱེད་དེས།། འཁོར་བ་བདེ་བའི་དོན་བྱེད་དེ།། ཆོས་ཉིད་འདི་ལ་མ་རྨོངས་ན།། རྣལ་འབྱོར་མ་ཡི་ཐར་པ་འདི།། ཆོས་ཀྱི་སྙིང་པོ་ཕྱག་འཚལ་ལོ།། སེམས་ཅན ་དྲིལ་མཛད་རྣལ་འབྱོར་མ་བརྗིག་ལ་བསྟོད་ཕྱག་འཚལ།། ཀུན་ཏུ་བདག་ཉིད་པོ་པེར་གཅིག་ལ་བསྟོད་ཕྱག་འཚལ།། འཁོར་བའི་རྒྱ་མཚོ་རྨོངས་པ་གཙང་ལ་བསྟོད་ཕྱག་འཚལ།། བདག་གི་རྟག་ཏུ་དེ་བཞིན་ཉིད་གཅིག་བསྟང་ཕྱུག ་xxx། xxx ་གས་རེནསྡེ་པོ་ན་གྱུརྩ་བའི་སྔགས་ཀྱི་སེས་མན་ས་མཤེས་པལ་བཅུ་ཕྲག་གཅིག་ལྷག་པའི་གླུ་ས་ཀྱིས་སྤྲིན་གྱིས་བེ་ས་བ་བྱའོ།། དེ་ནས་ཧྲཱི་བྱིར་བྱའི་མཆེད་པས་མཆོད ་པདྷཱ། ཙཱུ་བྷཱུ་སྠཱདྡྷ། ཞེས་པས་རྣ་བའི་སྔགས་དང་ལྡན་པས་གཏོར་མའི་ཕྱག་རྒྱས་གཏོར་མ་དངོས་པ་བྱ།། དེ་ནས་སྐུ་ལྀ་དབུལ་བར་བྱས་ཏེདེ་ལ་རིམ་པ་ནི་འཇིག ་པདྨའི་ལག་ནོར་སྔོན་དུ་འགྲོ་བས་གཡས་པར་པདྨ་ལ་གནས་པའི་སྣོད་བསེམ་པར་བྱའོ།། གམེད་པ་རྡོ་རྗེ་ཕྱར་བ། སྟེང་དུ་བཟུང་ལ། ཨོཾ་ཧ་ཧོ་དྷཱི། སྭཱཏྨཱ། ཞེས་པ་སྔོན་དུ་ཕྱུག ་རྒྱ་ཆེན་པོ་བསྟེན་པར་བྱའོ།། གཡས་པར་རྣལ་འབྱོར་གྱི་སྣོད་སཱ་ལིས་བཀང་བ་བརྡུང་གཡོན་པའི་ལག་མཐལ་ལསོ་གི་རྣ ་བཻར་ད། མཱ་མའི་རྣམ་པ་བཅུ་དྲུག་གིས་ཡོངས་སུ་བསྐོར་བ་བསམ། སྣོད་ལ་དགཔ་པར་བྱས་ལ་འདུད་རྩིའི་རང་བཞིན་དུ། ཨཱ་ལི་བསྒྲུ་བར་བྱའོ།། ཧཱུཾགི་རྣམ་པས་མཐེ་འོངས་ག ་བྱས་ལ། སྲིན་ལག་ལ་སུཾ་གི་རྣམ་པར་ལྡན་པས་རི་རབ་དུ་བསམས་ལ། བསྲུབ་པར་བྱའོ།། མགྲིན་པར་མཆོད་རྟེན་རྣམ་པར་བསྒོམས་ལ། ཐིགས་གཏོར་གསུམ་དབུལ་ལོ།། སྐུ་དང་གསུང་དང་ཐུགས་ལ་གསུམ་གསུམ་དབུལ་ལོ།། རྣལ་འབྱོར་མ ་རྣམས་ཐམས་ཅད་ལ། ཐིགས་གཏོར་གསུམ་དངུལ་ལོ།། བི་ཙི་ཨ་སོ་ཧི་ཨི། དྷརྨ་མུན་ཧི་སཾ་བྷ་བ་ན་མི་ལུ། བདྨན་ཀུཀ་ར་ཙཎྜ་། བུ་ཨེ་ཀྵུ་སྭཱ་ཧཱ། བེདྱཱདྷཱ་ཞེས་བརྗོད་ནས། ཨོཾ་ཧ་ཧོ་ཧྲཱིཿཞེས་བརྗོད་པས་དངུལ་བར་བྱའོ།། ཨོཾ་བྷུཀྵ་སརྦ་ཡ~ཾ་གི་ཤྭ་ར་ཧཱུཾ་ཧཱུ~ཾ་ཧཱུཾ་ཛཱ་སྭཧཱ། རྡོ་རྗེ་དུ ་ཚུར་གཉིས་བྱས་ལ། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ།། སྲིན་ལག་གཉིས་དང་ཁྲོ་བོ་གཉིས།། ལྕགས་སྒྲོགས་དག་གིས་རྣམ་པར་བྱ།། གཏོར་མ་དང་། ཨཱ་ལིའི་མཆོད་པ་གཟུང་བར་བྱའོ།། ཇི་ལྟར་བདེ་བ་ཞེས་བརྗོད་པར་བྱའོ།། མཆོད་པ་རབ་འབྱམས་ཐམས་ཅད་ཀྱིས ་མཆོད་ལ། བསྟོད་པ་ཡང་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། བཛྲ་ཤུདྡྷ་སརྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཡོ་ག་ཤུདྡྷ། སརྦ་དྷརྨ་ཡོ་ག་ཤུདྡྷོ་ཧཾ། ཞེས་ཐལ་མོ་སྙིང་ཁར་བཞག་སྟེ་བཟླས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་གྲུ་གསུམ་དཀྱིལ ་འཁོར་དམར་པོའི་མཐར།། ལྔ་པ་ལྔའི་ཕྱི་རོལ་གྱི་ལྷ་ཉིད་ཕྱོགས་བརྒྱད་དུ་བསྒོམ་པར་བྱའོ།། རོ་འི་གདན་ལ་གནས་པ་མཁའ་འགྲོ་དང་། གཏུམ་མོ་ལྔ་རྩེགས་གསུམ་དང་། ཐོད་པ་འཛིན་པ་ནག་པོ་དྲག་པོ་དྲག་ཆེན་པོ་ལ་སོགས་པ་ཡང་གཡས་ཀྱི་ཕྱག་ན་ཐོད ་པ་བསྒོམས་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ།། མཐེ་ཆུང་གཉིས་ནི་དཀྲི་བར་བྱ།། སྡིགས་མཛུབ་གཉིས་ནི་བསྒྲེང་བར་བྱ།། སྡིག་མཛུབ་གཡས་པར་སྤྱན་དྲང་ངོ་།། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ། ཨ་དྷི་པ་ཏི་ཧཱུཾ་ཛཿསྭཱ་ཧཱ། ཞེས ་བ་འདིས་དམར་པོ་ཉེ་བར་སྤྱོད་པས། མཆོད་པར་བྱ་ཞིང་མཆོད་པ་ཉི་ཤུ་པས་མཆོད་དོ།། ཧཱུཾ་གི་གླུའི་རྣམ་པ་བྱ་ཞིང་པདྨའི་ལག་བསྐོར་བྱ་ཞིང་། སྒེག་མོ་ལ་སོགས་པ་དང་། པི་བང་དང་། གླིང་བུ་དང་། སིལ་སྙན་དང་། དུང་འབུད་པའི་ཚུལ་དང་། པ་ཊ་ཧའི་ཚུལ་དང་། ་རྫ་རྔའི་ཚུལ་དང་། སྦྲང་ཡོབ་ཀྱི་ཚུལ་དང་། གར་གྱི་ཚུལ་དང་། རྒྱལ་མཚན་གྱི་ཚུལ་དང་། བླ་རིའི་ཚུལ་དང་། བ་དན་གྱི་ཚུལ་དང་། གདུགས་ཀྱི་ཚུལ་དང་། ཁྲོ་བ་དང་། སྒེག་པ་དང་། འགྱུར་བ་དང་། འཁྱུད་པ་དང་། ཕྱག་འཚལ་བ་དང་། དེ་རྣམས་ཀྱི་རྣམ ་པའི་ཚུལ་གྱིས་མཆོད་པར་བྱའོ།། རྡོ་རྗེ་དྲིལ་བུ་བླངས་ལ་བསྟོད་པ་ཡང་བྱའོ།། རྣལ་འབྱོར་མ་ཐམས་ཅད་མཚམས་ཅི་རིགས་པར་ཀུན་ལ་བསྟན་པར་བྱའོ།། ཡོན་གྱིས་གློར་གཏོར་མའི་སྣོད་བཞག་སྟེ། གཡས་པས་སྡིགས་མཛུབ་བསྒྲེངས་ལ། གཡོན་པ་བ ་ངན་རྩེ་གསུམ་པའི་ཕྱག་རྒྱས་གཏོར་མའི་ཚིགས་བཅད་ལན་གསུམ་བརྗོད་ལ་བརྟན་པར་བསྔོ་བར་བྱའོ།། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང་། རི་དང་བྲག་དང་ཕུག་གིས། ཡུལ་གྱི་འདབ་དང་ལམ་དང་ཞིང་།། ཁྱད་པར་དུ་ནི་ཁྲིམ་སྟོང་ལ།། སྣོད་དང་ཐང་དང་ས ་སྟོང་ལ།། ཁྱད་པར་གདོལ་པའི་ཁྱིམ་གནས་པ།། ནག་པོ་དྲག་པོ་དྲག་ཆེན་པོ།། ལྷས་བྱིན་མཉམ་དུ་བསྟེན་པ་དང་།། ནག་པོ་ཙིགས་བྱེད་འཇིགས་བྱེད་པ།། དགའ་བ་འདས་པ་བགེགས་རྒྱལ་པོ།། རྒན་བྱད་མ་དང་དྲག་མོ་དང་།། འཇིགས་བྱེད་མ་དང་དབུ་མས ་བསྟོད།། རྒྱལ་མོ་རྣམ་པ་རྒྱལ་མོ་དང་།། ཐུང་ཆེན་གཞན་གྱི་མི་ཐུབ་མ།། ནག་མོ་བཟང་མོ་ནག་ཆེན་མོ།། ནག་སྦོམ་མ་དང་རྣལ་འབྱོར་མ།། དབང་མོ་དང་ནི་ཟླ་བ་མོ།། ནག་མོ་སྡང་བ་ལམ་པ་ཀཽ། འཕྲོག་བྱེད་མ་དང་མར་མེ་མ།། འཇིག་བྱེད་ཡུལ་གནས་རྣལ ་འབྱོར་མ།། དྲུག་མོའི་གཟུགས་དང་གཟུགས་ཆེན་མ།། མཆེ་བ་གཙིགས་མཐོང་ཅན་མ།། ཐོད་ཕྲེང་ཕྲེང་བ་ཁ་ཊྭཱཾ་མ།། སྦྲུལ་གྱིན་རལ་གྲི་དགྲ་སྟ་ཅན།། རྡོ་རྗེ་དེ་བཞིན་གཞུ་ལག་དང་།། ལྷ་ཡི་དབང་ཕྱུག་མ་རྣམས་ནི།། མཁའགྲོ་ལྔ་ཡི་དེ་ཉིད་དང་།། ་ལས་ཀུན་རྗེ་སུ་སྒྲུབ་བྱེད་པའི།། སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ།། དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ།། དེ་བཞིན་གཤེགས་པའི་སྐུ་ཆེན་མོ།། གོས་མེད་སྦྱོར་བ་སྐྱེད་བྱེད་མ།། རྡོ་རྗེ་དབང་ཕྱུག་མ་བཀའ་ཡི།། ཐམས་ཅད་ཐམས་ཅད་འདིར་སྤྱོན་ཅིག། ཨོཾ་ཀཀྐ་ཌྷ་ན། བ ་ན། ཁལྤཱ་ད་ན། སརྦ་དུཥྚཱན་ཧ་ན་ཧ་ན་གྷཱ་ཡགྷཱ་ཏ་ཡ། ཨ་མུ་ཀ་ས། ཨི་ད~ཾ་ག་ར་ཡ། སཱ་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཛཿསྭཱ་ཧཱ། ཞེས་བརྗོད་པས་ཇི་ལྟར་ལས་ཀྱིས་རྗེས་སུ་འབྲངས་ན་བསྐུལ་བར་བྱའོ།། དེའི་རྗེས་ལ་བདུད་རྩིས་ཁ་བཀང་སྟེ། འབར་བའི་ཕྱག་རྒྱ ་བཅིངས་ལ། མངོན་པར་འདོད་པའི་དངོས་པོ་ཡིད་ལ་བྱ་སྟེ། ཁྱེད་ཀྱི་ངེས་པར་སྔོན་དུ་དགོས་པར་གྱིས་ཤིག། ཅེས་སྦྱར་བར་བྱའོ།། ཁའི་ཁྲུའི་རྣམ་པས་རྣལ་འབྱོར་མ་དེ་རྣམས་ཀྱི་ཁ་བཀང་བར་བསྒོམ་པར་བྱའོ།། གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱས ་གཟུང་བར་བྱ་སྟེ། ཨོཾ་སྭ་བྷཱ་བ་བཞེས་པ་ལ་སོགས་པ་བརྗོད་དོ།། མགོན་པོ་སངས་རྒྱས་ཐམས་ཅད་རྗེ་སུ་ཆགས་པའི་ཨ་ལི་ཀཱ་ལིའི་སྦྱོར་བ་བྱས་ཏེ། བདེ་བ་ཆེན་པོའི་ནས་སྐབསུ་གྱུར་པའི་བདུད་རྩི་ལྔས་བདག་ཉིད་མཆོད་པར་བྱའོ།། ཕན་ཚུན་འཁྱུད་པའི་སྦྱོར ་ལྡན་པའི།། རྫུ་འཕྲུལ་གྱིས་ནི་བརྒྱན་པ་འདི།། མགོན་པོའི་ལུས་ལ་མཛེས་པའི་སྐུ།། དངོས་ལས་གྲོལ་ལ་བདག་ཕྱག་འཚལ།། ཧཱུཾ་ཧཱུ~ཾ་ཧཱུཾ་དེ་ནི་དབྱངསོ།། དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ་གསིལ་ལ་བསྟོད་པ་བྱའོ།། དཔལ་ལྡན་སྐལ་བཟང་ཀུན་ཏུ་བཟང་པོ་ཆེན་པོ ་དང་།། མཉམ་མེད་ཡེ་ཤེས་ཀྱི་གནས་དེ་བཞིན་གཤེགས་མགོན་པོ།། ཕྱག་མཚན་དྲུག་གི་བརྒྱན་པའི་ཕྱག་ན་དྲི་མེད་སེམས་ཅན་དག། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད།། དེ་ཡི་ཡན་ལག་དང་འབྲེལ་བདེ་བ་ཆེན་པོའི་བྱང་ཆུབ ་བརྙེས།། སྒེག་དང་ཁྲོ་དང་བཞད་པའི་དེ་ཁོ་ན་ཉིད་སྐུ།། ཨིནྡྲ་ནཱི་ལ་དང་མཚུངས་འབར་བའི་མཛེས་པའི་སྐུ།། དཔལ་ལྡན་ཡེ་ཤེས་མཁའ་འགྲོ་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད།། སངས་རྒྱས་གྱི་རིགས་ཉིད་མུ་ལས་བྱུང་བ་དག་པའི་སྐུ།། སྤྱན་དཀྱུས་རི་རབ་གསལ ་ཞིང་སྙིང་རྗེ་རྒྱན་གྱིས་བརྒྱན།། ཁ་ཊྭཱཾ་ག་དང་བདུད་རྩིས་བཀང་བའི་ཐོད་པ་བསྣམས།། དཔལ་ལྡན་རྡོ་རྗེ་མཁའགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད།། འོད་ཀྱི་རང་བཞིན་ས་བོན་ནོར་བུའི་རིགས་ལས་བྱུང་བའི་དྲི་མེད་ལུས།། ཕྱག་གིས་ཁུ་ཚུར་གྱིས་ནི་ཁ་ཊྭཱཾ་ག་དང ་པདྨའི་སྣོད།། དྲག་པོའི་ཆར་གྱི་རྒྱུན་དང་། བྲལ་བས་ས་སྟེང་ཚིམ་མཛད་པའི།། དཔལ་ལྡན་དྲག་མོའི་མཁ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད།། ཆུ་ལས་སྐྱེས་པའི་བཞིན་དུ་དེ་ནི་དབུགས་ཀྱི་ཐིག་ལེའི་ངོ་བོ་ཉིད།། ཕྱག་མཚན་ཁ་ཊྭཱཾ་གིས་མཚན་པདྨའི་འདབ་མ་འཛིན ་ཅིང་། སྐྱེ་བོ་རྨོངས་པའི་ཐེ་ཚོམ་ངེས་པར་སེལ་མཛད་པའི།། རོ་ལངས་མཁའགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད།། ལས་ཀྱི་རྗེསུ་བྱེད་པའི་མེའི་རང་བཞིན་རྣམ་པར་དག་པའི་ལུས།། ཁ་ཊྭཱཾ་གས་མཚན་པད་སྣོད་ཕྱག་གཉིས་མཚོན།། ཤ་ཟ་གཏུམ་པོའི་ཚོགས་ཀུན ་ཕྱེ་མར་རབ་ཏུ་རློགས།། གཏུམ་མོའི་མཁའགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད།། དཔལ་ཆེན་སེང་གེའུག་པ་མོ་ནི་མང་པོའི་ཧཱུཾ་སྒྲོགས་ང་རོ་ཅན།། དཔལ་ལྡན་སྟག་མོ་ཅེ་སྤྱང་མོ་ཡང་སྐྱེ་བའི་རིམ་ནི་འདུག་པ་འཇོམས།། ཞགས་པ་ལྕགས་ཀྱུ་སྡིགས་མཛུབ་བསྣམ ་པའི་ཕྱག། ཁྱེད་ཀྱིས་པདྨའི་ཞབས་ལ་བདག་ནི་སྐྱབསུ་མཆི།། དཔལ་ལྡན་མཁའགྲོ་རབ་མཆོག་འབར་བྱེད་འཇིབ་བྱེད་མ།། འཕྲོག་བྱེད་མ་ནི་རྟག་ཏུ་མཉམ་མེད་དངོས་གྲུབ་མ་ལ་སྟེར།། གདུལ་དཀའ་འདུལ་བར་མཛད་པའི་སེམས ་ཀྱིས་བདག་ཉིད་རྒྱལ།། ཁྱེད་ཀྱི་པདྨའི་ཞབས་ལ་ཕྱག་འཚལ་སྐྱབསུ་མཆི།། ཞེས་སོ།། དེའི་རྗེས་ལ་སྙིང་གར་ཐལ་མོ་བཞག་སྟེ། སྨོན་ལམ་གདབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་སྐྱོན་མེད་ཅིང་།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། གང་གིས་ལམ ་ལ་འགྲོ་བ་ཡི།། སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག། མ་བརྒལ་བ་རྣམས་བསྒྲལ་བ་དང་།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། དེ་ལྟར་རྗེ་སུ་བརྩེ་བའི་ཕྱིར། རྣལ་འབྱོར་གཙུག་ལག་བདག་གིས་བགྱི།། ཨོཾ་ཞེས་བརྗོད་ལ། ཨོཾ་ཇི་ལྟར་སངས་རྒྱས་བཅོམ ་ལྡན་འདས།། སེམས་ཅན་ཕན་པར་མཛད་པ་ལྟར།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ལྡང་ཡུལ་དུ་གཤེགསུ་གསོལ།། ཞེས་བརྗོད་ཅིང་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྙིང་གར་བཞག་ལ་གཡས་པའི་ལག་པ་བརྐྱང་ལ་ས་ལ་བཞག་སྟེ། ་ཨོཾ་ཨཱཏྨ་ཏིཥྛ་སྭཱ་ཧཱ། ཞེས་གཤེག་སུ་གསོལ། རང་གི་དབུས་ཀྱིས་རང་གི་ལུས་ལ་ཐིམ་པར་བྱའོ།། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ནི།། སྙིང་ག་དང་། ལྕེ་དང་སྤྱི་བོ་དང་། རྣ་བ་དང་། མིག་ཏུ་རིམ་པ་ཇི་ལྟ་བ་བཞིན་དུ་ཞུགས་བོར་བྱའོ།། སེང་གེ ་ལ་སོགས་པ་ནི་མགྲིན་པ་དང་། དཔུང་པ་དང་། སྙིང་ག་དང་ལྟེ་བར་རོ།། སྒྲོ་བསྲུངས་བཞི་ནི་གཡས་དང་གཡོན་གྱི་བླ་དང་རྗེ་ངར་གཉི་སུ་རིམ་པ་བཞིན་དུ། ཡི་གེའི་གཟུགསུ་པ་དོན་གསུམ་པའི་ཕྱག་རྒྱ་དགོད་པར་བྱའོ།། ཨོཾ་སརྦ་དུཙྪ་གྲྀཧྞ་གྲྀཏྟ་གཙྪ་ཧཱུ~ཾ་ཕཊ། ཞེས ་པས་སེ་གོལ་གསུམ་གྱིས་ཕྱིའི་ལྷ་གཤེགསུ་གསོལ། དེ་ནས་ཕྱི་དང་ནང་གི་མཆོད་པའི་བདག་ཉིད་མཆོད་པ་རྒྱས་པས་བདག་ཉིད་མཆོད་པར་བྱ་སྟེ། ལྷག་མའི་གཏོར་མ་ཉིད་དབུལ་བར་བྱའོ།། ཨོཾ་ཀུ་རུ་ཀུ་རུ་བཏྟ་ལི་མ་ཧཱ་བཏྟ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། ་གཏུ་མོ་གཙིགས་བྱེད་ཡི་དྭགས་ལ།། དམ་ཚིག་དམ་ཚིག་བསྲུང་མ་ཁྲག་དགའ་མོ།། ཀཱ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ།། དུར་ཁྲོད་རོ་ཡི་ཚལ་དབུས་ན།། ཚོགས་དང་ཕོ་ཉར་བཅས་པ་རུ།། གཙིགས་བྱེད་གཏུམ་མོ་དུད་སེལ་མ།། གསོལ་ཅིག་བཞེས་ཅིག་དམ་ཚིག ་ལྷ།། གནས་ནས་གནས་སུ་མཛད་དུ་གསོལ།། བདག་གི་སེམས་ལ་ཅི་འདོད་པ།། དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས།། ཧཱུཾ་གྲིཧྞ་གྲྀཧྞ་སརྦ་དུཥྚཱ་ནཱཾ་བྷཀྵ་ཕྲེཾ་ཕྲེཾ་ཕྲེཾ་ཕཊ་སྭཱ་ཧཱ། ཞེས་པས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་མཐེ་བའི་ཚུལ་གྱིས་ཁའི་གྲཝར་བཞག་ལ་གཤེན ་སུ་གསོལོ།། སྲང་ཀའི་དབུས་སུ་ཁས་བླུགས་པར་བྱའོ།། རྩ་བའི་གཏོར་མ་ལྷོ་ཕྱོགསུ་བཞི་མདོར་བླུགས་པར་བྱའོ།། ལྷའི་ང་རྒྱལ་གྱི་གཟུགས་ཀྱིས་གནས་པར་བྱའོ།། གཏོར་མའི་ཆོ་གའོ།། གོང་དུ་གསུངས་པའི་རིམ་པས་བདག་ཉིད་སྦྱོར་བ་ཐམས་ཅད་རྫོགས ་པར་བྱ་སྟེ། བདག་ཉིད་མཆོད་པར་བྱས་ལ། དང་པོ་བུམ་པའི་ལྟ་གོན་དུ་གནས་པའི་རིམ་པ་བཞིན་དུ་བྱའོ།། གསེར་ལ་སོགས་པའི་བུམ་པར་རིན་པོ་ཆེ་ལྔ་དང་། སྨན་དང་འོ་མ་དང་ལྷ་རྟེན་གྱི་ཆུས་བཀང་བ་ལ། བ་ལཀྵས་ལྡན་པར་བྱའོ།། ལས་ཀྱི་རྗེསུ་འབྲངས་ཏེ ་གཅིག། གམ་གསུམ་འམ་ལྔ་འམ། དགུའི་རིམ་པས་གྲངས་བཞིན་དུ་ཀུ་ཤའི་ཆུན་པོ་ལ་འཁོར་བཞིན་དུ་བྱས་པའི་སྟེང་། མདུན་དུ་བཞག་པར་བྱའོ།། ཡེ་ཤེས་ཀྱི་ལྷ་མོ་ལ་སོགས་པའི་མིང་ལ་སོགས་པ་བསྒོམ་པར་བྱའོ།། ཇི་ལྟར་རང་གི་ཕྱག་རྒྱ་དང ་སྔགས་ཀྱི་མཆོད་པ་ལྟས་བྷྱོ་བྱར་མཆོད་དོ།། བྱུགླུ་བྷྱས་མ་ཨོཾ་ཧཱུཾསྭཱན། ཞེས་པ་ལ་སོགས་པས་བྱེད་གྱིས་བརླབ་པར་བྱའོ།། ཇི་ལྟར་གནས་པར་མདུན་དུ་གཞག་པར་བྱའོ།། དེ་ནས་ཨ་ཧི་ལྀ་ཧི་ལྀ་ཀི་ལ་བོདྡྷ་ལ~ཾ་ཧཱུ~ཾ་ཕཊ། ཞེས་པའི་ཆུས་ཀུན་ནས་བསས ་གཏོར་བྱའོ།། ཨོཾ་ཤྲཱི་སྭཱ་ཧཱ་མར་སྦྱང་བར་བྱའོ།། ཨོཾ་ཨོཾ་སྭཱ་ཧཱ། སྣོད་ལ་སོགས་པ་སྦྱང་བར་བྱའོ།། ཨོཾ་ཧྲི་སྭཱ་ཧཱ་འབྲུ་སྦྱང་བའོ།། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ་འབྲུ་ལ་སོགས་པ་སྦྱངས་པའོ།། ཨོཾ་ཨ་སྭཱ་ཧཱ་ཡ~ཾ་ཤིང་སྦྱང་བའོ།། སོ་སོར་བརྒྱད་བརྒྱད་བཟླས་པར་བྱའོ།། རྡོ་རྗེ་ཁུ་ཚུར་བཅིངས ་ཏེ། དབུ་མ་ཁབ་ལྟར་བྱས་པའི་ཕྱོག་རྒྱས་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པས་མེ་ཏོག་བླངས་ཏེ་དབུལ་བར་བྱའོ།། དེ་ནས་སྣོད་རྣམས་སུ་རྫས་བླུགས་ཏེ། གཡས་ཕྱོགས་སུ་བསྲེག་རྫས། གཡོན་དུ་རྡོ་རྗེ་དང་དྲིལ་བུ་སྔོན་བཞིན་དུ་བསྔགས་ཏེ། གཏོར་མའི་སྣོད་དང་ཨརྒྷའི་སྣོད་བཞག ་པར་བྱའོ།། ཀུ་ཤིའི་འདུད་པ་དང་ལྷན་ཅིག་པ་ཡིས། བགེགས་ཉེ་བར་ཞི་བར་བྱེད་པའི་ཆུ་ཡིས།། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བཟླས་ལ་བཞག་པར་བྱའོ།། དེ་ནས་མདུན་དུ་ཉི་མའི་དཀྱིལ་འཁོར་དང་། སྣ་ཚོགས་པདྨ་ལ་གདུགས་དཀར་པོས་བརྒྱན་པ ་དེར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཧཱུ~ཾ་དེ་ཉིད་བལྟའོ།། དེ་ནས་ལས་དཔལ་ཡེ་ཤེས་མཁའགྲོ་མ་བསྒོམ་པར་བྱའོ།། སེང་གེའི་གདན་ལ་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་པ་ལས་དང་རྗེ་སུ་འཐུན་པར ་ཁ་དོག་རྒྱན་གྱིས་བརྒྱན་པ་གཡས་པོ་རྡོ་རྗེ་གཡོན་པར་དྲིལ་བུ་བལྟ་བར་བྱའོ།། རང་གི་སྙིང་གར་ཧཱུཾ་བས་མོས་ལ་རང་གི་དབུགས་ལསི་ཛྙཱ་ན་ཌཱ་ཀི་ཧཱུཾ་ཞེས་པས་བྱུང་སྟེ་གཅིག་ཏུ་གྱུར་ནས། ཨོཾ་ཧཱུཾ་སྭཱ་ཧཱ་ཅེས་པས་གཡས་ན་བྱུག་པ་གཡོན་ན་ཐོད་པ་བསྡམས་པ། ་བྱུག་ཏུ་སྨན་པར་བྱག།། མ་བ་གྷྲ་ཀཱ་ཙྪ་གྶནས་པས་ལུག་པགས་ནཱག་བྱུང་ཤཱ་ན། གསས་གཞན་དུ་སྟུར་ཏུ། སྤྱངས་ང་ལྡནནས་པན་ཤཱན། ར་བའི་སྔགས་དང་ཕྱུག་ཏུ། དུསྱཱཏྨ། ལག་པ་གཉིས ་ཚུན་བསྣོལ་བ་ནི་དྲ་བའི་སྔགས་དང་ཕྱག་རྒྱའོ།། ཨོཾ་བྲུཾ་སྭཱ་ཧཱ། ཞེས་གཡོན་པ་ཁུ་ཚུར་བཅས་ཏེ་མཐེ་བོང་བརྐྱང་ནས་ས་ལ་བཙུགས་པ་ནི་ཕུར་བུའི་སྔགས་དང་ཕྱག་རྒྱའོ།། དེ་ནས་རིམ་འདིས་མཆོད་པར་བྱ་སྟེ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། དྲིའིའོ།། ཨོཾ་པུཥྤེ་མ་ལེ ་ཧཱུཾ་སྭཱ་ཧཱ། མེ་ཏོག་གིསོ།། ཨོཾ་ཏཱིཀྵ་ཎཱ་དྭཱི་པེ་ཧཱུཾ་སྭཱ་ཧཱ། མར་མེའོ།། ཨོཾ་དྷཱུ་པེ་ཤྭ་རི་ཧཱུཾ་སྭཱ་ཧཱ། བདུག་པ་དབུལ་བར་བྱའོ།། ཕྱག་རྒྱ་ནི་ལག་པ་གཡས་པ་ཕྱེད་བརྐྱང་བ་ནི་དྲིའི་ཕྱག་རྒྱའོ།། མཐེ་བོང་དང་མཛུབ་མོ་མ་སྦྱར་བ་ནི་མེ་ཏོག་གི་ཕྱག་རྒྱའོ།། ཁུ་ཚུར་བཅིངས་ལ ་མཐེ་བོང་བསྒྲེང་བ་ནི་མར་མེའིའོ།། དེ་ཉིད་ལ་གུང་མོ་བསྒྲེང་བ་འདུག་པའིའོ།། དེ་ནས་བགེགས་བསྐྲད་པར་བྱའོ།། རྒྱས་པའི་གཏོར་མའི་མདུན་དུ་འབར་བའི་སྣོད་ཀྱི་མེ་བཞག་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཁྲོ་བོ་དང་བཅས་པས་བཟླས་པར་བྱའོ།། གཡས ་པས་སྡིགས་མཛུབ་བྱས་གཡོན་པས་ཚ་བའི་མར་ཁུ་བྱུགས་པའི་ཡུངས་ཀར་སྔས་ལག་པ་གཡེས་པ་སྡིག་མཛུབ་བཅས་གཡོན་པས་སྦྱིན་བསྲེག་བྱའོ།། ཨོཾ་གྱིས་དབྱུང་ཞིང་བསྐྲད་པར་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པས་བགེགས་ཉེ་བར་ཞི་བར ་བྱེད་པའི་ཆུས་བསང་གཏོར་བྱའོ།། སྔོན་བཞིན་དུ་རྡོ་རྗེ་ར་བ་ལ་སོགས་པ་ཡང་བྱས་ལ། དེའི་རྗེས་ལ་ཁྲུས་བརྩམས་པ་ནི་ལྷའི་ལུས་ལ་དྲི་ཞིམ་པོའི་བྱེ་བྲག་གིས་ཁྲུས་ཀྱི་ཆོ་ག་བཞིན་དུ་དྲི་ཞིམ་པོ་དབུལ་བར་བྱའོ།། ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས ་ལན་བདུན་དུ་འ་དན་གསུམ་པའི་ཕྱག་རྒྱས་རེག་པར་བྱའོ།། དུང་དང་རྔའི་སྒྲ་དང་བཀྲ་ཤིས་ཀྱིས་གླུ་སྣ་ཚོགས་པའི་དབྱངས་བླང་ཞིང་དྲིལ་བུ་བསིལ་བར་བྱའོ།། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་ཆུའི་རྒྱུན་བསྒྲེང་བར་བྱའོ།། དྲི་ཞིམ་པོའི ་མར་ཁུ་དང་དྲི་མ་མེད་པའི་ཆུ་དྲི་ཞིམ་པོ། སྦྲང་རྩི་དང་འོ་མ་དང་མེ་ཏོག་གི་ཆུས་རིམ་པས་ཁྲུས་བྱའོ།། ཁྲུས་བྱས་ནས་ཁྲུས་རབ་བསལ་ལ་ལས་དང་རྗེ་སུ་མཐུན་པའི་རས་ཟུང་ཞོག་དབུལ་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། བཟུང་བ་ནི་ཚོས་གྲོས་ཀྱི་ཕྱག་རྒྱའོ།། ་སྔགས་ནི་ཨོཾ་ཧཱུཾ་སྭཱ་ཧཱ། གོས་ཉེ་བར་དབུལ་བ་དང་། རྒྱན་ལ་སོགས་པ་དང་། མཆོད་པའི་ཚོགས་དང་སྒྲ་ཡང་རྣམ་པར་དབུལ་ལོ།། དེ་ནས་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ལག་པ་གཡས་པ་བརྐྱང་སྟེ་ས་ལ་རེག་ནས་བརྟབ་པས། ས་སྦྱར་བར་བྱའོ།། ཐབ་ཁུང་གཽ་བྱང ་དང་ཤར་དུ་རྩེ་མོ་བསྟན་ཏེ་བུ་ཤིང་རྩིག་པར་བྱའོ།། ཨོཾ་བཛྲ་སཏྭ་ཨཿཞེས་པས་ལན་བདུན་དུ་ཀུ་ཤའི་ཆུན་པོ་ལ་བཟླས་པ་ཐབ་ཁུང་ནས་རྩེ་མོ་ལ་རྩ་བ་སྦྱར་ཏེ་ཀུ་ཤ་དགྲམ་པར་བྱའོ།། དེ་ནས་གཙུབ་ཤིང་ལ་སོགས་པའི་མེ་སྦར་ལ་ཀུ་ཤའི་ཆུས་ལན་གསུམ ་བསང་གཏོར་དང་མཚོན་པ་བྱས་ཏེ། ཐབས་ཁུང་དུ་གཟུགས་པར་བྱའོ།། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པས་ལན་བདུན་བཟླས་པའི་མར་གྱིས་སྦར་བར་བྱའོ།། ལྐོག་མ་ཀུ་ཤའི་ཆུན་པོས་དགབ་པར་བྱའོ།། དེ་ནས་ཧཱུཾ་གིས་ཐབ་ཁུང་བསྐྱེད་ལ། ཨོཾ་གྱིས་པདྨ་དེའི་སྟེང་དུ་རཾ་གྱིས ་རྣམ་པ་ལས་མེའི་ལྷ་བསྒོམ་པ་ནི་པདྨ་ལ་གནས་པ་མདོག་སེར་སྐྱ། རལ་པ་དང་བཅས་པ་ཕྱག་གཉིས་ནས་བགྲང་ཕྲེང་དང་གནྡྷེ་བསྣམས་པོ་འབར་བའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། དེ་ནས་མེའི་མཚམས་ནས་དེ་བཞིན་དུ་ཡེ་ཤེས་སེམས ་དཔའ་རྣམ་པར་བསྒོམ་པར་བྱའོ།། ཨ་ཨཱུ་གནྡྷ་སྭཱ་གརྫྫ་ཨཱསྟྲཻ་ཛ་ཛྫ་སྭཱཿ། ཞེས་པས་སོ།། ལག་པ་གཡས་པ་ཁྭ་ཆུར་བསྙུངས་ཏེ་མཛུབ་མོ་དབུམ་བསྐྲང་ལ་དབུ་མ་འཚིག་སུ་སྔགས་མཛུབ་གཉིས་ཀྱིས་སོར་མས་སྤྱན་དྲང་བར་བྱའོ།། དམ་ཚིག་སེམས་པཔའ ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ།། ཨོཾ་ཛུཾ་ཧུ་ཛྲི་ཧྱ་སཱིཧྣ། ཞེས་པས་དབུ་མའི་རྩེ་མོར་འབྲེལ་པར་བྱས། པདྨའི་ཕྱག་ནི་དམ་ཚིག་གི་ཕྱག་རྒྱའོ།། ཨོཾ་པྲ་བར་སཏྐཱ་ར་སྭཱ་ཧཱ། ཨོཾ་ཞེས་པས་ཞབས་བསིལ་དང་ཞལ་བསིལ་ཕུལ་བས། འདོད་པའི་དངོས ་པོ་མཐའ་དག་གིས་ལ་སོགས་པས་ཡང་དག་པར་མཆོད་དེ། དྲིལ་བུ་དཀྲོལ་ཞིང་བསྟོད་པར་བྱའོ།། དེ་ནས་ཨོཾ་ཨིནྡྲ་ཡ་སྭཱ་ཧཱ། ཨོཾ་ཡ་མཱ་ཡེ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ནརྀ་ཏེ་ཡེ་སྭཱ་ཧཱ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཨོཾ་རྩ ་ཨ་ཏིཏྟ་བྷྱཿསྭཱ་ཧཱ། ཨོཾ་སུ་བྷཱ་ནི་སུ~ཾ་བྷ་ཛྙཱ་སྭཱཧཱ། ཞེས་པས་ལྷ་ཤོས་ལ་སོགས་པའི་མཆོད་པ་རབ་འབྱམས་ཀྱིས་འཇིག་རྟེན་སྐྱོང་བར་བྱའོ།། མེ་ལཱ་ཞལ་བསིལ་ཕུལ་ལཱ་མེ་ལྷའི་ལྕེ་དང་། དགང་བཟར་གྷི་ཁར་ཧཱུཾ་རྣམ་པར་བསམས་ལ། རང་གི་རྡོ་རྗེ་དང་དྲིལ་དུ ་བླངས་ཏེ་ཇི་ལྟར་འདོད་པ་བཞིན་དུ་ཆུ་བྱིན་ལ་ཨོཾ་ཛུ་ཧུ་ཛུ་ཧུ་ས་སྭཱ་ཧཱ། ཞེས་པའི་རིམ་པ་འདིས་བསྲེག་པར་བྱས་ཏེ། ཡམསོ་ཤིང་གིས་ནི་རྒྱབ་རྟེན་གྱི་ཚུལ་དུའོ།། མར་ནི་ཞལ་དུའོ།། འབྲུ་ནི་ཕྱག་ཕྱག་ཏུའོ།། \ུ0f89\ུ0f4་ན་ནི་མནས། དུར་བ་དང་། མེ་ཏོག་གི་སྤྱི་བོར་རོ།། ་ཞབས་བསིལ་ཕུལ་ཏེ་མཆོད་པ་ལ་སོགས་པ་བར་བར་དུ་བྱས་ཏེ། ལན་གསུམ་དུ་གསུམ་དུ་བསྲེག་པར་བྱའོ།། དགང་ཐུགས་ཀྱང་དབུའོ།། དེ་ནས་ཀུ་ཤའི་ཆུས་ལན་གསུམ་བསང་གཏོར་བྱ་སྟེ།། འབར་བར་ཐིམ་པར་བྱའོ།། ཨོཾ་ཧཱུཾ་ཊ་ཊི་ཊ་ཏ་ཞེས་པས ་བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་རྡོ་རྗེའི་ལག་པ་དང་བཅས་པས་མོའི་ཐབ་ཁུང་ཀུན་ནས་བསམ་པར་བྱའོ།། དེ་ནས་གོང་དུ་གསུངས་པའི་རིམ་པས་མདུན་དུ་བསྒོམས་ལ། ཡེ་ཤེས་མཁའ་འགྲོ་མ་མེའི་དབུས་སུ་བསྒོམ་པར་བྱའོ།། ་སྟོན་མོ་བྱ་སྟེ། སྒེག་མོ་ལ་སོགས་པས་ཀྱང་མངོན་པར་མཆོད་དེ། ཞལ་བསིལ་བ་དང་། ཞབས་བསིལ་ཕུལ་ཏེ། ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པ་གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱའོ།། གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་ཏུ་དབུལ་ལོ།། དགང་གཟར་མར་གྱིས ་བཀང་སྟེ་རྩ་བའི་སྔགས་ཀྱིས་ལན་བརྒྱརྩབརྒྱད་དུ་མངོན་པར་བསྔགས་ཤིང་རྡོ་རྗེ་དྲིལ་བུའི་ལག་པར་ཐུགས་གཟར་ལ་ཧཱུ~ཾ་བསམས་ལ། མངོན་པར་འདོད་པའི་དོན་སེམས་པར་བྱ་སྟེ། དགང་བླུགས་དབུལ་བར་བྱའོ།། སྔོན་དུ་ཞལ་བསིལ་ཕུལ་ནས། ཀུ་ཤའི ་ཆུས་མེ་ལ་བསང་གཏོར་བྱའོ།། ཡེ་ཤེས་ཀྱི་ལྷ་མོ་བྲིས་སྐུ་ལ་སོགས་པས་ཞུགས་པས་བྱ་སྟེ། སླར་ཡར་མེའི་ལྷ་གོང་དུ་གསུངས་པའི་རིམ་པས་བསམས་ལ། མཆོད་པ་སྣ་ཚོགས་པས་མངོན་པར་མཆོད་ནས། མངོན་པར་འདོད་པའི་དངོས་གྲུབ་རྣམ་པར་རིག ་པར་བྱས་ལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད།། ཅི་ལྷའི་རྗེས་སུ་དངོས་གྲུབ་གསོལ།། སངས་རྒྱས་ཡུལ་དུ་གཤེགས་པར་མཛོད།། སླར་ཡང་བྱོན་པར་མཛད་དུ་གསོལ།། ཨོཾ་གནྡྷེ་གཙྪ་ཨགྣེ་སྭཱ་ཧཱ། ཞེས་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་རྒྱབ་ཏུ ་སྦྱར་བ་ནི། གཤེག་སུ་གསོལ་བའོ།། དེ་ནས་སྔོན་དུ་གསུངས་པའི་གཏོར་མའི་ཚོ་གས་དཀྱིལ་འཁོར་གྱི་འཁོར་ལོ་བྱ་སྟེ། ཇི་སྐད་གསུངས་པའི་སྔགས་དང་ཕྱག་རྒྱ་མཐའ་དག་གིས་གཏོར་མས་དབུལ་བར་བྱའོ།། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་བཏྟཱ་ལི་ཧཱུཾ་སྭཱ་ཧཱ། ་ཞེས་པས་ལག་པ་གཉིས་བརྒྱད་སྟེ་སོར་མོ་དབུ་མ་གཉིས་སྦྱར་བ་ནི་སྦྱིན་སྲེག་གི་དུས་སུ་གཏོར་མའི་སྔགས་དང་ཕྱག་རྒྱའོ།། མེའི་བདག་ཉིད་སྦྱིན་སྲེག་གི་དུས་སུ་མེ་བརྟགས་ལ་གལ་ཏེ་མཚན་མ་དྲན་པ་མཐོང་ན་དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུཾ་སྭཱ་ཧཱ། ཞེས་པ་གང ་དུ་མཚན་མ་ངན་པ་མཐོང་བའི་ཕྱོགས་དེར་མར་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་དབུའོ།། བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་ལན་གསུམ་དུ་བསོང་གཏོར་བྱས་ལ། སྔོན་བཞིན་དུ་སྦྱིན་སྲེག་བྱའོ།། རྩ་བའི་སྦྱིན་སྲེག་གིས་མཆོད་ནས། གོང་དུ་གསུངས་པའི་རྣམ ་པས་རང་གི་དབུགས་ཀྱི་བཀུག་སྟེ། རང་གི་ལུས་ལ་བཞག་པར་བྱའོ།། ཕྱིའི་ལྷ་གཤེགས་གསོལ་ལ་ལངས་པར་བྱའོ།། སྦྱིན་སྲེག་གི་ཆོ་གའོ།། དེ་ནས་མཆོད་སྦྱིན་གྱི་ཆོ་གོ་བརྗོད་པར་བྱའོ།། བླ་རི་བྱེ་བ་དང་། ན་བཟའ་སྣ་ཚོགས་འཕྱང་བ་དང་། ་དྲི་དཀར་ལ་ཞིམ་པས་དཀྱིལ་འཁོར་གྲུ་བཞི་པར་བྱས། དཀར་པོས་བུམ་པ་དང་དབུས་ཀྱི་སྣོད་བྱུག་པར་བྱའོ།། འོ་མ་དང་དྲི་བཟང་པོའི་ཆུས་དབང་བར་བྱས་ལ་ཤིང་ལོ་ལ་སོགས་པས་བརྒྱན་པར་བྱའོ།། གོས་དཀར་པོས་དཀྲིས་ལ་འདབ་མ་ལ་མིག་གི ་གཟུགས། སེན་རྩི་དང་ཀུ་ཤ་ལ་སོགས་པ་དབུལ་བར་བྱའོ།། སུཾ་ཀྵུཾ་ཡུཾ་ཧཱུཾ། སྟྭཾ་དྷྭཾ་སྐྲྀ་བྷྱཱཾ། ཞེས་པས་དང་པོར་ཨོཾ་དང་མཐར་སྭཱ་ཧཱ། རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། གནས་ཇི་ལྟ་བར་བུམ་པ་བརྒྱད་བཞག་པར་བྱའོ།། དབུས་སུ ་ཡང་སྣོད་ཆེན་པོ་བཞག་པར་བྱའོ།། གོང་དུ་གསུངས་པའི་རིམ་པས་བདག། ཡུ~ཾ་རུ་ཧཱུ~ཾ་རྗེ་ཉིད་རྣལ་འབྱོར་མཐའ་དག་རྫོགས་པར་བྱ་སྟེ། བདག་ཉིད་མཆོག་ལ་དེ་ནས་སྦྱིན་སྲེག་བརྩམ་པར་བྱའོ།། ཨོཾ་ཀ་མ་ལ་གརྦྷེ་སྭཱཧཱ། ཞེས་པས་པདྨའི་རྣམ་པ་ལ ་ལག་པའི་ཐལ་མོ་དབྱེ་བས་བྱས་ལ་དེ་ནས་སྣོད་ཀྱི་དབུས་སུ་པདྨ་དགོད་པར་བྱའོ།། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་གདུགས་དཀར་པོས་གཡོགས་ལ། དེ་ནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་བྱིན་གྱིས་བརླབས་པའོ།། དེ་ནས་ཡེ་ཤེས་མཁའ ་འགྲོ་མ་བསྒོམ་པར་བྱའོ།། སྐུ་མདོག་དཀར་པོ་ཕྱག་གཉིས་པ།། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ།། རྡོ་རྗེ་དང་དབྱིག་པ་དེ་གཡོན་པ་དང་གཡས་པར་བསམ་པར་བྱའོ།། དེའི་ཤར་དུ་རྡོ་རྗེ་མ། བྱིང་དུ་དྲག་མོ། ནུབ་ཏུ་རོ་ལངས་མ། ལྷོར་གཏུམ་མེ ་དབང་ལྡན་དུ་སེང་གེ་མཱ། མེར་སྟག་མོ། བདེན་བྲལ་དུ་ཅེ་སྤྱང་མ། རླུང་དུ་འུག་པ་མ~ཾ། གོང་དུ་གསུངས་པའི་མཚན་མ་དང་རྒྱན་དང་ལྡན་པའི་སྐུ་མདོག་དཀར་མོ་བསམ་པར་བྱའོ།། ཇི་ལྟར་རང་རང་གི་སྔགས་དང་ཕྱག་རྒྱས་དམ་ཚིག་དབུལ་བར་བྱའོ།། ཨོཾ་ས ་མ་ཡ་ཏིཥྛ་ཧཱུ~ཾ་ཕཊ། རྡོ་རྗེ་བཅིངས་པ་བྱས་ནས་མཛུབ་མོ་གཉིས་བརྐྱང་སྟེ། རྩེ་མོ་བཀུག་པར་བྱས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ།། སྔོན་ལྟར་མཆོད་པ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ནས་གཡོན་པ་སྙིང་གར་བཞག་གཡས་པ་སྤྱི་བོར་བཞག་པ་ནི། ་རྩ་བའི་སྔགས་དང་ཕྱག་རྒྱའོ།། རྩ་བའི་སྔགས་ཀྱིས་ཇི་ལྟར་འདོད་པར་ཆུ་དབུལ་བར་བྱས་ནས། དུརྦ་འམ་ཀུ་ཤ་དང་སྦྱོར་ཞིང་། ཀུན་དཱ་ལ་སོགས་པའི་མེ་ཏོག་དང་། སྒོམ་པ་དང་ལྡན་པས་སྔགས་ལན་རེ་རེ་བཟླས་པས་རྡོ་རྗེ་ལྷ་མོའི་ཅོད་པན་དུ་དབུལ་བར་བྱའོ།། ་ཁྲི་ཕྲག་གཅིག་ཏུ་སྤྱི་བོར་དབུལ་བར་བྱས་ལ་ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་འཕེལ་ཞིང་ནད་མེད་པར་འགྱུར་རོ།། སྦྱིན་སྲེག་གི་སྔགས་གོང་དུ་ཇི་ལྟར་གསུངས་པའི་རྗེས་སུ་འབྲེངས་ནས། གཏོར་མ་དབུལ་བར་བྱའོ།། ཞི་བ་བྱ་བ་ལ་ནི་དཀར་པོའི་མཆོད ་པ་དང་། ཁ་ཤར་ཕྱོགས་སུ་མངོན་པར་བལྟས་པས་མཆོད་པར་བྱའོ།། ཚིགས་བཅད་ཀྱི་བར་དུ་མིང་སྦྱར་ཞིང་བསྐུལ་བར་བྱའོ།། ཕྲེང་བའི་གྲངས་བརྒྱ་ཕྲག་གཅིག་གི་མཛུབ་མོས་བགྲང་ཞིང་ཞི་བའི་ཡིད་ཀྱིས་ཞི་བར་བྱའོ།། རྒྱས་པ་ལ་ཡང་མཆོད་རྫས ་ཐམས་ཅད་སེར་པོ་དང་ཁ་བྱང་དུ་བལྟ་བར་བྱའོ།། ཕུན་སུམ་ཚོགས་པ་ཐམས་ཅད་དགུགས་པའོ།། བརྒྱ་རྩ་བརྒྱད་ཀྱིས་ལྷག་པའི་ཕྲེང་བ་དབུས་ནས་བགྲང་ཞིང་དགའ་བའི་ང་རྒྱལ་གྱིས་རྒྱས་པའོ།། དབང་ལ་ནི་མཆོད་རྫས་ཐམས་ཅད་དམར་པོ་དང་ནུབ་ཏུ་བལྟས ་པས་བྱའོ།། དབང་གི་ཡིད་ཕྱོགས་ནས་འགུགས་པ་ལ་སོགས་པས་བསྐུལ་བར་བྱའོ།། བགྲང་ཕྲེང་ཉི་ཤུ་རྩ་ལྔ་པས་སྲིན་ལག་ལ་གནག་པར་བྱས་ལ་དབང་གི་ཡིད་ཀྱི་དབང་བྱའོ།། མངོན་སྤྱོད་ལ་མཆེད་རྫས་ཐམས་ཅད་ནག་པོ་རྫས་ཁ་ལྷོར་བལྟས་པས་བགྲོད ་ཅིག་ཙོས་བསྐུལ་ཞིང་བགྲང་ཕྲེང་དྲུག་ཅུའི་གྲངས་ཀྱིས་མཐེའུ་ཆུང་ལ་གནས་པའི་ཁྲོ་བོའི་ཆ་བྱེད་ཀྱི་པདྨོའི་གདན་ལེ་བཞུགས་པའི་མངོན་པར་སྨྱོན་པར་བྱའོ།། ། གཏོར་མ་དང་སྦྱིན་སྲེག་དང་མཆོད་སྦྱིན་མདོར་བསྡུས་པའི་ཆོ་གའོ།། དཔལ ་རྡོ་རྗེ་གདན་བཞི་པའི་མན་ངག་མདོར་བསྡུས་པ། དཔལ་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་པའི་ཐབས་འཕགས་པ་ལྷ་ཡིས་མཛད་པ་རྫོགས་སོ།། ་པཎྜི་ཏསྨྲྀ་ཏ་ཛྙཱ་ན་ཀཱིརྟི་སི་སྒྱུར་བའོ།། ། ་