| Wylie | e-texts produced with BDRC’s OCR application |
@རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་བ་ཏཱ་ར་དྷ་ར་བ་བོ་དྷ་ན་ནི་ར་ནཱ་མ་གྲནྡྷ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལྔ་དབབ་པ་ཞེས་བྱ་བའི ་གཞུང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཡུན་རིང་དང་དང་བརྩོན་པའི་སྟོབས་ཀྱིས་བསམ་གཏན་མ་ཆོ་ག་ལ་རབ་གཞོལ་ཞིང་། གླང་གི་སྤྱི་གཙུག་མཆོག་གིས་འཇམ་དབྱངས ་ཞབས་ཀྱི་པདྨ་ལྔ་རིག་པ།། ས་སྟེང་འཇམ་དབྱངས་གཉིས་པ་ཡིན་ཞེས་མཁས་པ་རྣམས་ཀྱིས་བསྟོད་པ་བསྟན་བཅོས་རྩོམ་པ་པོ།། བསྟོད་ཕྱིར་བདག་གིས་ཡིད་ཀྱིས་དད་པའི་མེ་ཏོག་སྙིམ་པ་བཀང་བས་འཐོར།། དད ་པ་མེད་པ་དག་ཡི་རྩ་བ་ཤེས་རབ་ཞེན་པ་འཆི་བདག་ཞགས་པ་ཉིད།། དེ་ཕྱིར་དད་མེད་དགྲའི་དབང་སོང་བུན་པའི་ཞགས་པར་ཆུད་པ་རྣམས།། འཇམ་དབྱངས་གསུང་གི་བདུད་རྩི་སྙན་གྱི་སྣོད་ཀྱིས་གསོལ་ནས་གཏོར ་བ་ཡི།། གཞུང་མཆོག་སློང་བྱེད་དེ་དག་རྣམས་ལ་བརྩེ་ཕྱིར་འཁྲུ་ལྔ་པའི་གནས་རྣམས་བཤད།། འདི་ན་བསྟན་བཅོས་རྩོམ་པ་ནི་གཉིས་ཏེ། སྡེབ་སྤྲོར་ལྷཪྵ་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་བཙུན་པ ་ཟླ་གྲགས་ལ་སོགས་པ་དང་། ཕན་འདོགས་པ་ལྷུར་ལེན་པས་སེམས་འདུལ་བ་གཙོ་བོར་བྱེད་པ་སློབ་དཔོན་ལུ་དྷ་ཀ་ལ་སོགས་པའོ།། དེ་ལ་སློབ་དཔོན་ཞི་བའི་ལྷ་འདི་ནི་ཕན་འདོགས་པ་ལྔར་ལེན་པ་ཡིན་གྱི། ་སྔབ་སྦྱོར་དང་སྙུན་ངག་ལ་སོགས་པ་གཙོ་བོར་བྱེད་པ་མ་ཡིན་ཏེ། ངའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་འདྲིར་སྡུབ་སྦྱོར་དང་འགལ་བ་དང་། སྙན་ངག་དང་། བསྐྱང་བ་དང་། སྤེལ་བྱ་ལ་སོགས ་པ་མ་བྱུང་བས་ནི་སྤང་བར་བྱ་བ་མ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་ཡིན་དུ་ཟིན་ཀྱང་འདི་ལ་དགོས་པོ་ལ་སོགས་པ་མེད་དོ་ཞེས་བསམ་པར་མི་བྱ་སྟེ། ཇི་ལྟར་བཀོད་པའི་གཞུང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ ་དྲུག་གི་བདག་ཉིད་སྟོན་པ་ལ་འཇུག་པས་འབྲེལ་པ་དང་བཅས་པའི་བརྗོད་པར་བྱ་བ་དང་། བརྗོད་པའི་ངོ་བོའི་གནས་ལ། དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དག་གིས་རང་གི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱོགས ་རྟོགས་ཏེ། རྟོགས་པ་དང་རྗེས་སུ་མཐུན་པར་བསྒྲུབས་པས་སངས་རྒྱས་ཀྱི་ས་ཐོབ་ཀྱི་བར་གྱི་དགོས་པ་གྲུབ་ནས། སྲིད་པ་ཇི་སྲིད་དུ་འགྲོ་བ་ལྀ་ཕན་པར་གནས་པ་དགོས་པའི་ཡང་དགོས་པ་ཉིད་ལ་གནས་སྔོ།། ད་ལྟར ་ཡང་གསུངས་པ་གཞན་དོན་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་འབྲས་བུའི་གཙོ་བོར་བཤད་པ་སྟེ། སངས་རྒྱས་ཉིད་སོགས་དེ་ལ་སྔོ་གཞན།། དེ་ཡི་དོན་གྱི་འབྲས་བུར་བཤད་ཅེས་སོ།། དེ་བས་ན་འདིའི་དགོས་པ་ལ ་སོགས་པ་ནི་གཞུང་གི་མིང་ཉིད་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བས་ནི། འབྲེལ་པ་དང་བཅས་པའི་བརྗོད་བྱ་བསྟན་ལ་མ་འཁྲུལ་བར་བཀྲོལ་བ་ལ་སོགས་པ་ཡོད་པས་ན་དགོས་པ་ལ་སོགས ་བའི་དོན་ཆེན་པོ་ཉིད་མེད་པ་མི་སྲིད་པའི་ཕྱིར་རོ།། ཡོད་ནི་སློབ་དཔོན་དངོས་གྲུབ་ཐོབ་པ་དང་། བདེན་པ་གཟིགས་པའི་ཚིག་ལྔ་ནི་དགོས་པ་ལ་སོགས་པ་མེད་པར་དོགས་པ་མི་རིགས་པས་སློབ་དཔོན་གྱི་ཞལ་སྔ་ནས་ནི་ཕྱག་འཚལ ་བའི་དངོས་གྲུབ་བརྙེས་པ་ཉིད་པས་དེ་དགོས་པ་ལ་སོགས་པ་བླུན་པོ་རྣམས་འབའ་ཞིག་ལ་བསྙད་པར་ཟད་དོ།། བདེན་པ་གཟིགས་པ་རྣམས་ཀྱི་ཚིག་ལ་ཡང་དགོས་པ་མེད་པ་སྲིད་པར་རྟོགས་ན་དེ་ནི་གཟུང་བར་མི་ནུས་པ་སྟེ། ་ཇི་ལྟར་ཟླ་བ་གྲགས་པས་གསུངས་པ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན།། རྩ་བ་མེད་པར་མང་དུ་སྨྲ།། རྗེས་སུ་གཟུང་བར་མ་ནུས་པ།། ཙན་དན་ཞེས་བྱ་བའི་གང་ཟག་གོ་ཞེས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའི་མ་དད་པ་དང་། ་ཐེ་ཚོམ་གྱི་དྲོ་བ་དང་བྲལ་བ་དང་། སློབ་དཔོན་གྱི་བཀའ་ལུང་ལ་གུས་པས་ཤེས་པར་འདོད་པ་ངག་གིས་འདི་ཁོང་དུ་ཆུད་པར་བྱའོ།། བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་བསྙད་པ་དང་། བཀའ ་དྲིན་རྗེས་སུ་དྲན་པའི་ཕྱག་བཙལ་བྱ་དང་ཞེས་བྱ་བ་གསུམ་པོ་ནི་བསྟན་བཅྡོཾས་འདིའི་ལུས་ཡིན་པར་སྐྱེ་བོ་ཆེན་པོ་དག་བཞེད་དོ།། ཇི་ལྟར་ཞེ་ན། ཕྱག་འཚལ་བ་ད་དང་གཞུང་བརྩམ་པར་ཞལ་གྱི་བཞེས་པ་ནི་བར་ཆད་མེད་པ་དང་། ་བསམ་པ་ཚོར་ཆད་པས་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་ཡིན་ལ། རང་གི་དོན་དུ་བརྩམས་པར་བརྙད་པས་ནི་མཁས་པ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་ཁྱོད་ཀྱིས་བདག་ཅག་རྗེས་སུ་གཟུང་མི་དགོས་སོ་ཞེས་པར་ཆད་བྱེད ་པ་བཟློག་པས་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དོ།། སྐལ་བ་མཉམ་པ་རྣམས་ལྔ་བསྐུལ་བས་ནི་དེ་དག་དད་པར་འགྱུར་ཞིང་། དད་པ་དང་ལྡན་པའི་སྣོད་དུ་བསྟན་བཅོས་གཞག་པར་རིགས ་སོ་ཞེས་དགོངས་པས་བསྟན་པ་ལ་འཇུག་པས་ན་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དོ།། དེས་ན་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་།། བཙུན་པ་ཀུན་ལ་གུས་པས་ཕྱག་འཆི་ལྔ་ཏེ།། བདེ་གཤེགས་སྲས་ཀྱི་སྡོམ ་ལ་འཇུག་པ་རྣམས།། གསུང་རབ་ཚིག་ལ་བཏུས་པ་བསྟན་པར་བྱ་ཞེས་པ་ནི་བསྟན་བཅོས་འབྱུང་བའི་རྒྱུ་དང་པོའོ།། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཅེས་པ་ནས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས ་ཞེས་བྱ་བའི་བར་ནི་དེའི་རྒྱུ་གཉིས་པའོ།། དགེ་བ་བསྒོམ་པར་བདག་གི་དད་པའི་ཤུགས་ཞེས་པ་ནས་ཇི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར་ཞེས་པའི་བར་ནི་དེའི་རྒྱུ་གསུམ་པའོ།། དེ་ལ་བསྟན་ཆོས་འབྱུང་བའི་རྒྱུ་དང ་པོ་ནི་གདུལ་བྱ་དག་ལ་བསླབ་པའི་ཆེད་དུ་ཟད་དེ། མཆོག་གི་དངོས་གྲུབ་ཐོབ་པ་དྲུག་ནི་བགེགས་འབྱུང་བར་དོགས་པ་དང་། དོན་དང་ལྡན་པའི་བྱ་བ་བརྩམས་པ་ལས་ལྡོག་པ་མི་སྲིད་པའི་ཕྱིར་རོ།། ལུས་དང ་བོའོ།། ལུས་གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་གཞག་པ་སྟེ། དེ་ན་ལེའུ་དང་པོ་བྱ་ཆུབ་ཀྱི་ཕན་ཡོན་བསྟན་པ་དང་། གཉིས་པོ་སྡིག་པ་བཤགས་པ་དང་། གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ ་གཟུང་བ་དང་། བཅུ་པ་སྐྱོན་ལམ་གྱི་ལེརྱ་སྟེ། དེ་ལྟར་རྣམ་པ་བཞི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། ཇི་ལྟར་ཞེ་ན། ལེའུ་དང་པོ་གསུལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ཉིད་ཡིན་ལ་གུང་བྱང་ཆུབ་ཏུ་སེམས་བརྟན་པ ་དེ་ནི་ལུས་ལ་སོགས་པ་ཡོངས་སུ་བཏང་བའི་ཕྱིར་ཏེ། ལུས་དང་དེ་བ་ན་ལོངས་སྤྱོད་དང་།། དུས་གྲསུམྦྷ་དགེ་བ་ཐམས་ཅད་ཀྱང་།། སེམས་ཅན་ཀུན་གྱི་དོན་གྲུབ་ཕྱིར།། ཕངས་པ་མེད་པར་གཏང་བར་བྱ།། ཞེས ་ལེའུ་གསུམ་པ་ལས་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་གི་སྨོན་ལམ་ནི་ཕྲག་དོག་གི་དྲི་མ་མེད་པས་གཞན་ལ་ཕན་པའི་གོ་སྐབས་འབྱིན་པ་ཁོ་ན་སྟེ། དྲི་བོས་ནཱ་སྨོན་ལམ་གྱི་ལེའུ་ཡང་སྦྱིན་པར་བརྗོད་པའོ། ་ཞེས་བློ་དང་ལྡན་པ་དག་འཆད་དོ།། བིགོ་ཡོད་པར་བསྟན་པ་དང་། ཤིས་བཞིན་བསྲིང་བ་བསྟན་པའི་ལེའུ་གཉིས་ནི་ཚུལ་ཁྲིམས་བརྗོད་པའོ།། ལེའུ་ལྷག་མ་བཞི་ནི་གོ་རིམ་བཞིན་དུ་བཟོད་པ་དང་། བཱརྩོནཱི་འགྲུས ་དང་། བསམེ་གཏན་དང་། ཤེས་རབ་སྟོན་པ་ལ་འཇུག་པའོ།། ད་ནི་ལུས་གཉིས་པའི་དབང་དུ་བྱས་ཏེ། བྱང་ཆུབ་སེམས་དཔའི་ལཱམ་འབྲས་བུ་དང་བཅས་པར་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་རིགས ་ལ་གནས་པས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ་ཞེས་པ་ནས། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་ཞེས་པའི་བོར་གྱིས་རྙེད་པར་དཀའ་བའི་སྐྱེ་བ་ཆུད་མི་གསན་པར་སེམས་བསྐྱེད་དོ།། ་ལྟར་སེམས་བསྐྱེད་པས་ཇི་ལྟར་ན་བདག་གིས་སྐྱེ་བ་འབྲས་བུ་ཅན་དུ་འགྱུར།། འདིའི་ཐབས་ནི་གང་ཞིག་ཡིན་ཞེས་རྟོག་པ་ལ། དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་བརྟག་ཅེས་པ་ནས། བྱམས་མགོན ་བློ་དང་ལྡན་པས་ནོར་བཟང་བཤད་ཅེས་བྱ་བའི་བར་གྱིས་ཕན་ཡོན་བསྙད་པ་ས་སེམས་དྲང་བུར་བྱ་བ་དང་བཅས་ཏེ། དེའི་ཐབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དོ།། ཞེས་ཤེས་པར་བྱའོ།། དེ་དེ་ལྟར་ཐབས་ཁོང་དུ་ཆུད ་པས་སེམས་བསྐྱེད་པར་འདོད་པ་སེམས་བསྐྱེད་པ་གཅིག་པུ་པ་འམ། འོན་ཏེ་བྱེ་བྲག་ཅན་ཞེས་སེམས་པ་ལ་ཞུགས་པ་ལ་བྱང་ཆུབ་སེམས་དེ་མདོར་བསྡུ་ན་ཞེས་པ་ནས། བསོད་ནམས་རྒྱུན་ཆགས་འབྱུང་བ་མིན་ཞེས་པའི ་བར་གྱིས་སེམས་བསྐྱེད་པའི་དབྱེ་བ་གཉིས་ཡོན་ཏན་གྱི་བྱེ་བྲག་མི་འདྲ་བར་བསྟན་པ་དང་བཅས་ཏེ་བཤད་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སྨོན་པ་བྱང་ཆུབ་ཀྱི་སེམས་ལ་སྨོད་ཅིང་འདོར་བྱ་དགགེ་བའི་ཕྱིར། གྲང ་ནས་གཟུང་སྟེ་སེམས་ཅན་ཁམཱ་སཽ་ཞེས་པ་ནས། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི་ཞེས་བྱ་བ་ལེའུ་དང་པོ་ཡོངས་སུ་རྫོགས་པའི་བར་དུ་སྨོན་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་བརྗོད་པའོ།། དེ་ནས་བྱང་ཆུབ་སེམས ་དཔའ་སྨོན་པའི་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་འདོད་པ་ལ། དེའི་ཆོ་ག་བསྟན་པར་བྱ་སྟེ། ཐམས་ཅད་ཀྱི་ལུས་ལྟ་བུ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཡིན་པས་འདི་ཉིད་ལ་བསླབ ་པར་བྱ་སྟེ། གང་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་འཇུག་པ་འདི་ཉིད་ལས་བཤད་ལ། བྱ་བ་དང་བྱ་བ་མ་ཡིན་པཱ་ཆེ་བསྲུང་བ་ལ་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་གང་ཡང་འདྲལ་མི་སྲིད་པའི་ཕྱིར་དང་། ལྟུང་བ་གསོ ་བའི་ཐབས་ཀྱང་འདི་ཉིད་ལས་འབྱུང་བའི་གཤགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བཤད་པའི་ཚུལ་གྱིས་སྟོང་པ་ཉིད་ལ་གནས་པ་ཁོ་ནས་དག་པར་འགྱུར་པའི་ཕྱིར་རོ།། གང་དག་ལས་བྱང་ཆུབ ་སེམས་དཔའི་ལུས་བསྲུང་བ་དེ་དག་ཐམས་ཅད་ཀྱང་། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བཤད་པའི་ཚུལ་གྱི་རང་བཞིན་མེད་པ་ལ་གོམས་པ་ཁོ་ནས་བསྲུང་བ་དེ་དང་དེ་ཐམས་ཅད་འགྲུབ་སྟེ། ཇི་སྐད་དུ། ་གང་འདིར་རྒྱུ་བ་དང་ནི་མི་རྒྱུ་བ།། སྒྱུ་མ་མཁན་པོའི་ངོ་བོ་ཡོངས་རྟོགས་པ།། དོན་དོམ་མཐོང་བའི་བསྲུང་བ་དེ་ཉིད་ཡིན།། བསྲུང་བའི་ཆོ་ག་གཞན་དག་འདིར་ཅི་དགོས།། ཞེས་གསུངས་སོ།། ཡང་གསུངས་པ། སྟོང་པ ་ཉིད་ནི་རྣམ་རྗེས་སྒོམས་ན།། འ་ཆི་བདག་གིས་ནི་མི་མཐོང་ཞིང་།། གཞན་ཡང་བདུད་ནི་བྱེ་བས་ཀྱང་།། མཐོང་བར་འགྱུར་བ་མ་ཡིན་ནོ་ཞེས་སོ།། དེ་བཞིན་དུ་སློབ་དཔོན་ཆོས་ཀྱི་ཞལྔ་སྔ་ནས་ཀྱང་།། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པས་བསྲུང་ནི་བསྲུང་བ་གཞན་གྱིས་བསྲུང་མི་དགོས་སོ་ཞེས་བཤད་དོ།། དེ་ལྟར་སྨོན་པའི་བྱང་ཆུབ་སེམས་བསྐྱེད་ནས།། བདག་གཟེངས་བསྟོད་པས་ལས་ཀྱི་མཐའ་མི་ལྡོག་པར་བྱ་བའི་ཕྱིར། དེ་ལྟར་བློ ་དད་ལྡན་པཱ་ཡིས་ཞེས་པ་ནས། མར་གྱི་ཉིང་ཁུ་བྱུང་བ་ཡིན་ཞེས་བྱ་བའི་བར་དུ་བརྗོད་དོ།། དེ་ནས་འགྲོ་བ་ཐམས་ཅད་དབུགས་འབྱུང་བ་དང་། ཚོགས་ཆེན་པོ་ལ་དགོད་པའི་ཁུར་མི་འདོར་བར་བྱ། ་བའི་ཕྱིར། འགྲོ་བའི་འདྲོན་པ་སྲིད་པའི་ལམ་རྒྱུ་ཞིང་ཞེས་པ་ནས། ལྷ་དང་ལྷ་མིན་ལ་སྔོགས་དགའ་བར་གྱིས་ཞེས་བྱ་བའི་བར་གྱིས་ལེའུ་གསུམ་པ་ཟད་པར་བརྗོད་དེ། དེ་ལྟར་ན་ལེའུ་དང་པོ་གསུམ་ནི་སྨོན་པའི་བྱང་ཆུབ ་སེམས་བསྐྱེད་པའི་ཆོ་ག་རྒྱས་པར་བསྟན་པ་ཁོ་ན་ཡིན་ནོ།། དེ་ལ་བློ་གྲོས་ཉམས་པ་ཁ་ཅིག་ནི་སྐྱོན་འདོགས་ཏེ། འདིར་ནི་རིམ་པ་ལེགས་པར་བརྗེད་དེ། འདིར་སེམས་བསྐྱེད་པ་དང་སྡོམ་པ་བླང་བའི་ཚིག་ནི་ཐ་མརོ་བྱུང ་ལ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། ཞེས་པ་ལ་སོགས་པ་འཕེལ་བར་བྱ་བའི་ཚི་གོ་སྔོན་དུ་བརྗོད་དོ་ཞེས་པ་དང་། སྐབས་མ་ཡིན་པའི་ཚིག་མཆོད་པ་བརྗོད་པ་འི་སྐབས་སུ་སྡིག་པ་བཤགས་པ་ལ་སོགས ་པ་ཡོད་དོ་ཞེས་སོ།། དེ་དག་ནཱི་བླུན་པོ་ཁོ་ནའི་ཚིག་སྟེ། གལ་ཏེ་མཆོང་པ་ལ་སོགས་པ་སེམས་བསྐྱེད་པ་འཕེལ་བར་བྱ་བའི་ཕྱིར་ཡིན་ན་ནི་དེའི་ཕྱིར་རིན་ཆེན་སེམས་དེ་རྒྱས་པར་བྱ་བའི་ཕྱིར་ཞེས་བརྗོད་པ་ནི་རིགས་ཏེ། ་དེ་བས་ན་དེ་དག་ནི་སྒྲ་ཙམ་ཡ་མོ་ཤེས་པར་སློབ་དཔོན་ལ་སྡང་བར་ཟད་དོ།། མདོ་སྡེ་དུ་མ་ལས་ཀྱང་དང་པོ་ཡོན་ཕུལ་ནས་དེ་བཞིན་གཤེགས་པ་ལ་སེམས་བསྐྱེད་པ་མང་དུ་བྱུང་ལོ། སློབ་དཔོན་རྣམས་ཀྱང་དང་པོ་མཆོད ་པ་ལ་སོགས་པས་སེམསྣ་རྣམ་པར་སྦྱངས་ནས་གདོང་སེམས་བསྐྱེད་དོ།། ཞེས་མཐུན་པར་ཆད་དོ།། སྐབས་མ་ཡིན་པར་སྨྲས་སོ་ཞེས་རྒལ་བའི་ལན་ནི་ཁོ་བོས་ཐོག་མ་ཁོ་ནར་སྨྲས་སོ།། དེ་ལྟར་ན་འདིས་སྨོན་པ་བྱང ་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་གུའི་དེ་ལ་སློབ་དཔོན་ཞི་བའི་འཚོ་ལ་སོགས་པས་ལུགས་ཐ་དད་པ་གང་གི་མདུན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཤད་པ་དེ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཡོངས ་སུ་སྦྱངས་པ་ལ་སེམས་བསྐྱེད་པ་ཉིད་རིགས་པ་དང་པོར་མཆོད་པ་ལ་སོགས་པས་སེམས་སྦྱང་བའི་ཕྱིར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་དྲ་ས་ལ་གཙུགས་ལ་ཐལ་མོ་སྦྱར་ཏེ། སེམས ་གཅིག་ཏུ་བྱེད་པས། ཕྱོགས་བཅུ་ན་བཞུག་སྭ་པཱའི་སངས་རྒྱསྣ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བླ་མ་རྣམས་མངོན་དུ་དམིགས་ཏེ། དམ་ཚིག་གི་རྗེས་སུ་འཇུག་པས། རིན་ཆེ་ན་སེམས་དེ ་གཟུང་བར་བྱ་བའི་ཕྱིར་ཞེས་པ་ནས། སླན་ཆད་བདག་ནི་སྡིག་པ་ཡོང་མི་བགྱིད་ཅེས་པའི་བར་དུ་ལེའུ་གཉིས་པ་ཟད་པར་བརྗོད་དོ།། དེ་མ་ཐག་ཏུ་ཡང་སེམས་ཅན་ཀུན་གྱི་ངན་སོང་གི་ཞེས་པ་ནས། བདག་ནི་ཉེར་འཚོའི ་རྒྱུར་ཡང་ཤོག་ཅེས་པའི་བར་དུ་བརྗོད་དོ།། དེས་ནི་མཆོད་པ་དང་། བདག་ཉིད་དབུལ་བ་དང་། སྡིག་པ་བ་ཤགས་པ་དང་། ཁྲུས་གསོལ་བ་དང་། རས་དབུལ་བ་དང་། རྒྱན་དབུལ་བ་དང་། བྱུག་པ་དབུལ་བ་དང་། ་@སིལ་མ་དང་ཕྲེང་བའི་མེ་ཏོག་དབུལ་བ་དང་། སྤོས་དབུལ་བ་དང་། ལྷ་བཱ་ཤོས་དབུལ་བ་དང་། སྣང་བ་དབུལ་བ་དང་། ས་བཞི་ལྟར་པ་དབུལ་བ་དང་། གཞལ་ཡས་ཁང་དབུལ་བ་དང་། ་གདུགས་དབུལ་བ་དང་། རོལ་མོ་དང་གྲིའོ་མཆོད་པ་སྨོན་ལམ་གྱིས་དབུལ་བ་དང་། དཀོན་མཆོག་གི་གཟུགས་བརྙན་ལ་མི་ཆོད་པ་སྨོན་ལམ་གྱིས་དབུལ་བ་དང་། བདག་ཉིད་ཆེན་པོ་དག་གི་རྗེས་སུ་གཞོལ་བས ་མཆེད་པ་དང་། བསྟོད་པ་དང་། མཆོད་པ་དང་། བསྟོད་པའི་མཆོད་པ་སྨོན་ལམ་གྱི་དབུལ་བ་དང་། ཡུལ་ཁྱད་པར་ཅན་ལ་ཕྱག་བཙ་ལྔ་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྐྱབས་སུ་གསོལ ་བ་བཅས་ཏེ་འགྱོད་པ་དྲག་པོས་སྡིག་པ་བཤུགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གྲོང་བ་པ་དང་། སྨོན་ལམ་ཤིན་ཏུ་རྒྱས་པར་དམིགས་པ་སྟེ། ཉི་རོ་ཤུ་རྩ་བདུན་པོ་ངག་གི་ས་སེམས་རབ་ཏུ ་སྦྱང་ངོ་།། དེ་ནས་སེམས་བསྐྱེད་པར་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ན་སྐྱེད་པ་ལྟར་ཞེས་བྱ་བ་འདི་ལྡན་གསུམ་བརྗོད་དོ།། དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་སྡེར ་བཤད་པའི་ཡོན་ཏན་རྣམསོ་དང་ལྡན་པའོ།། གལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་གཉི་ག་ལེན་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།། ་བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་བའི་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།། དེ་བཞིན་དུ་ནི་བསླབ་པ་ལྔའང་།། རིམ་པ་བཞིན་དུ་བསླབ་པར་བགྱི་ཞེས་ལན ་གསུམ་བརྗོད་དོ།། དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་གྲངས་སུ་སོན་པ་སྟེ། དྲིའི་ཕྱིར་དེས་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཕྱིམ་པའི་གནས་དང་། སྦོམ་པོའི་ལྟུང་བ་དང་། ཉེས་བྱས ་ཀྱི་ལྟུང་བ་རྣམས་བསྲུང་དགོས་པས། སློབ་དཔོན་བཙུན་པ་ཟླ་བས་སྦྱར་བའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བྱང་ཆུབ་སེམས་དཔེའི་སྡེ་སྣོད་དུ་གཏོགས་པ་དུ་མ་བསླབ་པར་བྱ་ཞིང་། ལྟུང་བ་རྣམ ་མི་འབྱུང་བར་བྱ་བ་དང་། བྱུང་བ་ཡང་རིངས་པ་རིངས་པར་གསྲོ་བར་བྱའོ།། ཡང་ན་བྱང་ཆུབ་སེམས་དཔྱའི་སྡེ་སྣོད་དག་གིས་ཀྱང་འདིར་བརྩད་དུ་མེད་དེ། ལུང་དག་ལས་སངས་རྒྱས་མ་ཡིན་པཱའི་གང་ཟག་ལས་བྱུང ་ཆུབ་སེམས་བསྐྱེད་པར་མི་སྣང་བའི་ཕྱིར་དང་། ལུགས་འདི་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་དང་། སློབ་དཔོན་ནོ་འཇམ་པའི་དབྱངས་ཀྱི་ལུང་ཡོད་ཅིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའི་ཕྱིར་རོ།། ཡང་འཕགས ་པ་ཀླུ་སྒྲུབ་ཀྱི་ཞ་ལ་སྔ་ནས་ཀྱང་། བྱང་ཆུག་ཏུ་སེམས་བསྐྱེད་པའི་ཆོ་ག་སློབ་དཔོན་ཞི་བའི་ལྷ་དང་མཐུན་པར་མཛད་པའི་ཕྱིར་དང་། ལུགས་གཞན་པོས་འདི་ཉིད་ཚང་མ་དང་ལྡན་པར་སྣང་བའི་ཕྱིར་དེ་ལྟར་སྨོན་པའི ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་འཇུག་པའི་བྱང་ཆུབ་ཀྱི་སྦྱོར་བས་དེ་བརྗོད་པར་བྱ་སྟེ། འདི་ཡང་གནས་བརྟན་མཆེ་བའི་སྡེ་ལ་སོགས་པའི་གཞུང་བདེན་པ་མཐོང་བའི ་དབང་ལས་འཇུག་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་ཅིང་། འཇིག་རྟེན་པའི་ལམ་ཐམས་ཅད་སྨོན་པར་འཇོག་པ་དང་། ཁ་ཅིག་གིས་བསོད་ནམས་མངོན་པར་འདུ་བྱ་བུ་དང་ལྡན་པའི་སེམས་བསྐྱེད་པ་ནི་འཇུག་པ་བྱང་ཆུ ་ཀྱི་སེམས་ཞེས་བརྗོད་ལ། བསོད་ནམས་མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་བསྐྱེད་པ་ཐམས་ཅང་སྨོན་པ་ཅན་ནོ་ཞེས་བརྗོད་པ་དེ་དག་དྲང་བ་མ་ཡིན་ཏེ། འདི་རཾ་ནི་དེ་ལྟར་སེམས་སྦྱངས་པའི་གང་ཟག་བྱང་ཆུ་གཽ་ཏུ་སྨོན ་ལམ་བཏབ་ཅིང་། བསླབ་པ་ལ་གནས་པ་དེའི་བསླབ་པ་མི་འཇིག་པར་རྗེས་སུ་བསྲུང་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་སེམས་བསྐྱེད་པ་འཕེལ་བ་དང་། འཇུག་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་བློའི་ཕ་རོལ ་ཏུ་ཕྱིན་པ་དག་འཆད་དེ། དེའི་ཕྱིར་དེ་ལྟར་སེམས་བསྐྱེད་ནས། རྒྱ་ལ་བའི་སྲས་ཀྱིས་དེ་ལྟ་བུར་ཞེས་པ་ནས། སྟོང་པ་ཉིད་གཅིག་སྟོན་པར་འགྱུར་ཞེས་པའི་བར་གྱི་ལེའུ་དྲུག་གིས་ཚུལ་ཁྲིམས་དང་། བཟོད་པ་དང་། ་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབོ་དག་ལ་སྤྱད་ཅིང་། དེ་བཞིན་དུ་སྨོན་ལམ་གྱི་ལེའུ་ལས་བཤད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བཏབ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར ་བྱ་སྟེ། འདི་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཏེ། སྔམས་སྔ་མ་འཕེལ་བར་བྱེད་པའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པ་ཡིན་ལ། ལེའུ་གཞན ་དགུས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པ་ཉིད་དོ།། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ངོ་བོ་ཡང་འདི་གནས་སོ།། བྱང་ཆུབ་རྣམས་ཀྱི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་ཀྱི་སེམས ་དེ་ནི་ངས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། ནུས་པ་མཐུ་དང་ལྡན་པའི་རྒྱ་ཚོགས་པ་ན། དེ་དང་མཐུན་པའི་འབྲས་བུ་གྲུབ་པ་ནི་འཇིག་རྟེན་དང་བསྟོན་ཆོས་ལས་གྲུབ་པོ།། དེའི་ཕྱིར་འབྲས ་བུའི་བདག་ཉིད་ནི་ཤུགས་ཀྱིས་བསྟན་ཏེ། དེ་སྔ་ན་བྱང་ཆུབ་སེམས་དཔའི་སྤྱོད་པཱ་ལེ་འཇུ་རིག་པ་འདི་ནི་རྒྱལ་བའི་སྲས་ཐམས་ཅད་ཀྱི་ལམ་འབྲས་བུ་དང་བཅས་པ་བརྗོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ལེའུའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུར་རིག་པར་བྱའོ།། འདིར་འགའ་ཞིག་བྱང་ཆུབ་སེམས་དཔའི་བསླབ་པའི་གྲངས་སུ་ཆུད་པ་དུ་ཞིག་ཡིན། ཞེས་རྟོག་པའི་ཆེད་དུ་འདི་བརྗོད་པར་བྱ་སྟེ། ་སློབ་དཔོན་ཅི་ན་ཏྲ་གོ་མིས་གྲངས་ཉུང་ཤོས་ངེས་པར་མཛད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་བདུན་བརྒྱ་པ་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་བཞི་བཞི་བརྒྱ་ཞེས་གྲངས་སུ་ཆུད་པ་ལ་སོགས ་བ་ནི་མ་ངེས་ཏེ། དེ་དག་ནི་ལོངས་ཙམྦྷ་ལ་དགོངས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པར་ལུང་དུ་མ་ལས་མཐོང་བའི་ཕྱིར་རོ།། དེ་བས་ན་བྱང་ཆུབ ་སེམས་དཔའི་བསླབ་པ་ནི་མདོར་བསྡུ་ན་གཉིས་ཁོ་ན་སྟེ། གང་གིས་སེམས་ཅན་ལ་ཕན་པ་ཐམས་ཅད་བྱ་བ་དང་། གང་གིས་སེམས་ཅན་ལ་གནོད་པ་ཐམས་ཀྱི་དེ་སྤང་བའོ།། གཞི་དེ་གཉིས་ལྔས་མ་འདས་མོད ་ཀྱི། རྒྱལ་བར་བྱེད་པའི་ཚད་ངེས་པར་ཡང་བདེན་པ་མ་མཐོང་བ་དག་གིས་ཀྱང་བྱ་བར་མི་ནུས་སོ།། དེ་བཞིན་དུ་སྣང་བ་དང་བཀག་པ་ཡང་སྙིང་རྗེ་དང་ཤེས་རབ་ལ་ལྟོས་པས་མ་ངེས་ཏེ། ཉི་མའི་ཟེར་གྱིས་གདུངས་པའི ་མཚོ་ཆེན་ལྟར།། མཉམ་པའི་སྙིང་རྗེ་ཆེན་པོ་ཁྲད་བྱེད་ཅིང་།། ནང་ན་ཁ་བ་ལྟར་བསིལ་ཕྱི་རོལ་ནི།། རྩུབ་པ་ཉིད་ཀྱིས་འགྲོ་བ་སྐྱོང་བ.རརླ་བྱེད་ཅེས་གསུངས་པ་ལ་སོགས་པས་ཐབས་དང་ཤེས་རབ་ཆེན་པོ་དག་ལ ་ནི་བག་ཡངས་སུ་སྤྱོད་པ་ཡང་ཡིན་ལ། ལྟུང་པོས་ཀྱང་མི་རེག་གོ། ཤེས་རབ་དང་སྙིང་རྗེ་ཆུང་པ་དག་ནི་བླ་ཅིངས་པས་གནས་པ་ཡང་ཡིན་ལ། ཡང་དང་ཡང་དུ་ཡང་ལྟུང་བས་ཀྱང་འཛིན་ཏེ། དེའི་ཕྱིར་རྗེས་སུ ་གནང་བ་དང་། བཀག་པ་ཡང་མ་ངེས་སོ།། ལྟུང་བ་འབྱུང་བ་ཡང་མ་ངེས་ཏེ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱོད་ཅིང་ཡིད་ལ་བཅག་ས་པས་གཞན་གྱིས་དྲུང་དུ་ཉོས་པ་བཤར ་ཤིང་། ཕྱིས་སྡོམ་པའི་རིགས་ཀྱིས་ཉེས་པ་དེ་ལས་རིང་ཞིག་ན་སྡུང་བ་ཡང་ཡོད་དོ།། བྱར་མ་ཁ་ཅིག་ནི་རིགས་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ན་མཁའི་སྙིང་པོ་ལ་སོགས་པ་མཉེས་པར་བྱས་ཏེ། ལྷའི་རྗེས ་སུ་གནང་བ་ཐོབ་པས་ལྟུང་བ་ལས་ལྡང་ངོ་།། དམ་པ་ཁ་ཅིག་ནི་གང་གིས་ལྟུང་བ་བརྗོད་པ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས། ཚེགས་མེད་པར་གནས་ཏེ། ཇི་ལྟར་འཕགས་པའི་ཆོས་ཐམས ་ཅང་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བྱ་ཐེག་པ་ཆེན་པོའི་མདོ་ལས་ག་སུངས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གི་སྣ་ལས་མེད་ཅིང་རྣམ་སྨིན་མེད་པ་དེ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ ་ཐོབ་པོ།། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ལུས་གཉིས་པའོ།། ལུས་གསུམ་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་འཇིག་རྟེན་གྱི་ལེགས་པ་ཐམས་ཅིང་བླ་མ་དང་འདོད་པའི་ལྷ་ལས་འབྱུང་བས་ན། ་འདི་གཉིས་ནི་བདག་ལ་བཀའ་དྲིན་རྗེས་སུ་གནང་བ་ཡིན་ནོ།། ཞེས་པ་དང་། སེམས་དག་བྱས་པ་གཟོ་བ་དང་མི་འབྲལ་བར་གྱུར་ཅིག། ཅེ་སཱ་དགོངས་པས་ཡབ་ཡུམ་རྣམ་པ་གཉིས་ལ་ཕྱག་བཙལ་བའི ་དྲིན་དུ་གཟོ་བའི་ཚིག་བརྗོད་པ་དང་བཅས་པའོ།། གཞུང་གི་ཚིགས་ནི་བདག་གི་མ་ཕྱེད་སྟེ། རྟོགས་པར་བློ་བ་དང་། སློབ་དཔོན་དག་གིས་འབྲེལ་པ་དང་། ཊཱི་ཀ་ལ་གནས་སོགས་པ་ལས ་གསལ་བར་མཛད་པའི་ཕྱིར་རོ།། བདེ་གཤེགས་སྐྱེས་ནས་དཀའ་བའི་གནས་རྣམས་ཞི། བདག་གི་བླ་མའི་རྗེས་འབྲངས་རབ་ཏུ་གསལ་བྱས་པས།། འགྲོ་རྣམས་དད་པྲས་བྱང ་ཆུབ་སེམས་གཉི་ས་གཞོན་པར་རབ་ཞུགས་ནས། སྡུག་བསྔལ་མ་ལུས་མཐར་ཕྱི་ན་འཇམ་དབྱངས་སྤྱོད་ཡུལ་ཉིད་གྱུར་ཅིག། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས ་བརྟེན་ལ་ཕབ་པ་འི་གཞུང་། སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་བདེ་ཉིད་དང་། ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས ་རབ་ཀྱི་སྒྱུར་ཅིང་ཞུས་ཏེ་བརྟན་ལ་ཕབ་པའོ།། ་