| Wylie | e-texts produced with BDRC’s OCR application |
དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ། དམ་ཚིག་དང་ལྡན་པས་སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བྱ། ་ས་སྟེགས་གྲུ་གསུམ་མེ་ལོང་གི་ངོས་ལྟར་བྱས་ལ། ཐིག་གདབ་སྟེ་དབུས་ལྟེ་བ་མུ་ཁྱུད་ཀྱིས་བསྐོར་ལ་ལྟེ་བ་ལྗང་གུ་མུ་ཁྱུད་དམར་པོ་སྣ་ཚོགས་པདྨས་བསྐོར་བ། གྲུ་ཆད་ལྗང་གུ་བར་ཁྱམས་གཉིས་པ་དཀར་སེར་སྒོ་དང་། སྒོ་ཁྱད་དུ ་བཅས་པ་བྲིས་ལ། མཚན་ཉིད་དང་ལྡན་པའི་བུམ་པ་ལྡན་པའི་བུམ་པ་ལ་སྦྱིན་ཧཾ་གི་མཚན་རྡོ་རྗེ་རྒྱུ་གྲམ་ཕྱོགས་གཅིག་མེད་པ་བཏབ་ལ་ལས་ཐམས་ཅད་པའི་བུམ་པ་ལྷ་སྐུ་དཀར་གྱི་སྣ་ཚོགས་རྡོ་རྗེ་བྲིས་ལ་བྱང་དུ་བཞག ་པཱུ་ཛ་ཇི་ལྟར་འབྱོར་པ་དང་བཱ་ལི་བ་ཤམ། ལག་པ་གཉིས་རྡོ་རྗེ་བཙོངས་ལ་མཐེ་བོང་བསྒྲེངས་ལ་སྲིན་ལག་སྦྱར་ཏེ་མཛུབ་མོ་ཕྱིས་ནས། ནས་གང་གི་མ་རེག་པ་བྱས་ལ་མཐེའུ་ཆུང་བླང་ལ།། ཨོཾ་བཛྲ་ཛྭ་ལཱ་ན་ཡེ་ཧཱུཾ་ཕཊ། ཅེས་པ་བརྒྱ་རྩཝ་བརྒྱད ་བཟླས་པས་བུམ་པའི་ནང་དུ་བཾ་དང་མཾ་ལས་པད་མ་ཉི་མ་བརྩེག་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སེར་ཕྱག་གཉིས་ཀྱི་གསེར་གྱི་བུ་མོ་པ་རྡོ་རྗེ་རྒྱ་གྲམ་ཕྱོགས་གཅིག་མེད་པས་ཁ་བཅད་པ་ཐུགས་ཀར་འཛིན་པ། སྐུ ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། ཞལ་ཡིད་ཙམ་ཁྲོ་བ་ཡན་ལག་སྦྲུལ་རིགས་བཞིས་བརྒྱན་པ་བསྐྱེད་དོ།། དེའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དོན་གཉིས་བྱས་ནས། ཨོཾ་བཛྲ་ཛྙཱ་ན ་ཧཱུཾ་སྭཱ་ཧཱ་ཧཱུཾ་ཞེས་བརྗོད་པས་ཡེ་ཤེས་སེམས་དཔའ་ཅི་འདྲ་བ་ཟླ་བའི་གདུན་ལོ་བསྐྱེད་པ་དེ་ཉིད་ལ་མཆོད་པ་དང་གཏོར་མ་བྱའོ།། དེའི་ཐུགས་ཀའི་ཧཱུཾ་ལ་དམྱིགས་ཏེ། བདག་ཉིད་ཁྲུས་བྱ་བ་དང་། གོས་རྗེ་བ་ལ་སོགས་པ་བྱ་སྟེ། སྙིང་པོ་བརྒྱ་རྩ་བརྒྱད ་བཾསྟྭཾས་པི་ལ་སྟོང་ཕྲག་གཅིག་ཤིན་ཏུ་བསྡུས་པ་ལ་སྟོང་ཕྲག་བཟླས་ཏེ། སློབ་མོ་ལ་བསྲུང་སྐུད་གདགས་པ་དང་། དམ་ཚིག་སྡོམ་པོ་འབོགས་པ་ལ་སོགས་པ་བྱ་སྟེ། དཀྱིལ་འཁོར་དུ་གཞུག། གཟུངས་ཉི་ཤུ་རྩ་གཅིག་ཀླག་ཏུ་གཞུག། དེ་ནས ་བསྟན། དབུགས་འབྱུང་། གཟེངས་བསྟོད། དབང་བསྐུར། ལག་ཏུ་རྡོ་རྗེ་དང་དྲིལ་བུའི་སྒྲས་དཀྱིལ་འཁོར་བསྐོར། དབང་རྫོགས་པར་བྱིན་ལ་གོས་རྗེ་ཟས་ཀྱི་རྣལ་འབྱོར་བྱའོ།། དེ་ཡང་མཆོད་པ་དབུལ་བ་དང་གཏོར་མ་བཏང་། དཀྱིལ་འཁོར་བསྡུ། ་བཀྲ་ཤིས་གསོལ། སློབ་མ་ལ་ཆོས་བཤད། སློབ་མས་བླ་མ་ལ་ཡོན་དབུལ། བདེན་པའི་ཚིག་བརྗོད་དོ།། དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩི་བུམ་པའི་ཆོ་ག་དཔལ་མེར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ་