CLOSE WINDOW

GT1530: tshe dang ye shes dpag tu med pa'i cho ga zhes bya ba
Wyliee-texts produced with BDRC’s OCR application

བྷྲཱུཾ་སྭཱ་ཧཱ་ཞེས་པའོ།། །། རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ། ཨ་ཡུཛྙཱ་ན་བི་དྷི་ནཱ་མ་བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག་ཞེས་བྱ་བ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱ་ག ་འཚལོ།། སྔགས་པ་མཚན་ཉིད་ལྡན་པ་ཡིས། སྒྲུབ་པའི་གནས་རབ་ཉེར་བཟུང་ནས།། ས་ཡི་སྟེགས་བྲ་ནག་ཆག་གདབ།། འབས་པར་བཅགས་ཏེ་སྤོས་གྱིས་བྱག། ཐིག་གདབ་ཚོན་གྱི་དཀྱིལ་འཁོར་བྲི།། འདབ་བརྒྱད ་སྒོ་ལ་སོགས་པས་བརྒྱན།། བུམ་པོ་དགུ་འམ་གཉིས་ལ་སོགས།། ཚད་ལྡན་ཕྱི་ནང་བཅུས་ཀྱིས་བརྒྱན།། སྟེང་དུ་རྒྱལ་མཚན་གདུགས་ཀྱིས་བརྒྱན།། མཆོད་པ་རྣམ་པ་ལྔས་བརྒྱན་ཏེ།། ཁྱད་པར་ཤར་དུ་འོ་མ་ཡིས།། ་གཏོར་མ་བྱས་ཏེ་ལྷོ་ཕྱོགསུ། ཉ་ཤའི་གཏོར་མ་དབུལ་བར་བྱ།། ནུབ་དུ་ཁྲག་ལ་བྱང་དུ་ཆང་།། བྱིན་གྱིས་བརླབས་ཏེ་བཞག་པར་བྱ།། ལྷོ་ང་བྱུང་དུ་སྟེགས་བུ་ལ།། ཚེ་དཔག་མེད་པའི་མདོ་གཉིས་བཞུགས།། དེ་ནས་རྣལ ་འབྱོར་ཁྲུས་བྱས་ཏེ།། བདེ་བའི་སྟན་ལ་ཉེར་འདུག་སྟེ། བླ་མ་སངས་རྒྱས་མདུན་བྱས་ལ།། ཕྱག་འཚལ་སྐྱབས་འགྲོ་སྡིག་བཤགས་བྱ།། བསྔོ་དང་ཚད་མེད་བཞི་བསྒོམས་ལ།། སྟོང་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་སྣང ་བ་བྲུ་བསམས་ཏེ།། གྱུར་པས་གཞལ་ཡས་ཁང་བསམས་བྱ།། དེ་ནས་པདྨའི་སྟེང་དག་ཏུ།། ཡི་ཀེ་ཛྫ། ལས་བྱུང་བ་ཡི།། སངས་རྒྱས་ཆ་དཔག་མེད་པ་ནི།། སྐུ་མདོག་དམར་བཞི་པའི་ཞལ།། མཉམ་གཞག་ཕྱག་ལ་བུམ་པ ་མཚན།། བདག་ཉིད་ལྷ་དེར་བསྐྱེད་པར་བྱ།། ཡེ་ཤེས་བསྟིམ་ལ་དབང་བྱིན་བརླབས།། ཐུགས་ཀའི་ཧྲཱི། ལས་འོད་འཕྲོས་ཏེ།། སེམས་ཅན་སངས་རྒྱས་ཀུན་སྦྱང་བ།། དེ་ནས་རྫ་སྟེང་དྷཱི། དམར་ལས།། གསང་སྔགས་འདི་ཡིས ་བསྐོར་བར་བསམ།། ཨོཾ་ན་མོ་བྷྲཱུཾ་ཨཱ་ཡཱརྡྷ་ན་ཧྲཱིཿ། ཨ་རོ་ལིཀ?་ཧཱཾ་ཧྲཱིཿ། ཞེས་དཀར་པོར་བསམ་པར་བྱ།། ཡང་ན་གཟུངས་ཀྱི་སྔགས་རིང་བསམ།། དེ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ།། སྟོང་པའི་ངང་ལས་བྷྲཱུཾ་བསམས་ཏེ། ་དེ་ལས་གཞལ་ཡས་ཁང་པ་བས་མ།། དེ་ནས་པདྨ་ཉི་མའི་སྟེང་།། སངས་རྒྱས་ཚེ་དཔག་མེད་པ་བསམ།། ཤར་དུ་རྡོ་རྗེ་ཚེ་དཔག་མེད།། ནུབ་དུ་པདྨ་ཚེ་དཔག་མེད།། ལྷོ་རུ་རིན་ཆེན་ཚེ་དཔག་མེད།། བྱང་དུ་ལས་ཀྱི་ཚེ ་དཔག་མེད།། བྱང་ཤར་ཀུན་གཟིགས་ཚེ་དཔག་མེད།། ཤར་ལྷོར་ཡོན་ཏན་ཚེ་དཔག་མེད།། ལྷོ་ནུབ་ཡེ་ཤེས་ཚེ་དཔག་མེད།། ནུབ་བྱང་མི་གཡོ་ཚེ་དཔག་མེད།། ཐམས་ཅད་ཁ་དོག་དམར་པ་ལ།། ཞི་ཞལ་མཉམ་པར་གཞག ་པའི་ཕྱག། བུམ་པས་མཚན་ཏེ་བསམ་པར་བྱ།། ཡེ་ཤེས་བསྟིམ་ལ་དབང་བྱིན་བརླབ།། དེ་ནས་བུཾ་པ་གཞལ་ཡས་ཁང་།། ལྷག་པའི་ཚེ་དཔག་མེད་པ་བསམ།། སྙིང་གར་སྔགས་རིང་བཀོད་ལ་བཟླས།། དེ་ནས་ཡང་ན ་སྙིང་པོ་བཀོད་ལ་བཟླས།། དེ་ནས་ཁམ་ཕོར་གསར་པའི་ནང་།། ནད་པ་ལ་སོགས་ལུས་བཀྲུས་ཏེ།། ཆུ་ཡིས་བཀང་སྟེ་ཤར་དུ་གཞང།། དེ་ལ་ཁྲོ་བོའི་སྔགས་བཟླས་ལ།། ཚ་ཚ་རྙིང་པ་ས་ནག་དང་།། བསྲེས ་ལ་འཆི་བདག་ཆེན་པོའི་གཟུགས།། ཁྲུ་གང་ལ་སོགས་ཚད་ལྡན་བྱ།། དེ་ནི་ཁ་བུ་བ་སྟེང་དུ་ནི།། བྲལ་དང་རས་སམ་དར་ནཱག་དགབ།། ལྷོ་ཡི་ཕྱོགསུ་བསྟན་ལ་བཞག། དེ་དང་ཉེ་བར་དར་དམར་ལ།། གཟུངས་ཀྱི་ཚིག ་རྣམས་བྲི་བ་འམ།། ཡང་ན་ཁྲོ་བོའི་སྔགས་བྲིས་གཟུགས།། བྱེད་དུ་ནད་པའི་གོས་དག་ལ།། བལ་ཚོན་སྣ་ལྔའི་སྲད་བུས་དཀྲིས།། ཀུ་ཤའི་སྟེང་དུ་གཞག་པར་བྱ།། དེ་ནས་སློབ་དཔོན་བསྲུང་བྱ་སྟེ།། མཆོད་དང་གཏོར་མ་དབུལ ་བར་བྱ།། སློབ་དཔོན་བསྙེན་པ་ལ་ཞུགས་ནས།། ཕྲེང་བ་འཁོར་ཚུལ་བཟླས་པ་བརྩམ།། བསྒྲུབ་པ་བྱ་བིའི་ནང་དུ་བསམ།། སློབ་མ་གཅིག་གིས་ལྷོར་འདག་ལ།། ཚེ་དཔག་མེད་པའི་གཟུངས་བཀླག་ཅིང་།། ཚར་རེ་ཞིང ་ཡང་མཻ་ཏོག་ནི།། ནག་པོ་འཆི་བདག་སྟེང་དུ་དོར།། དེ་ལྟར་བརྒྱ་འམ་ཉི་ཤུ་སོགས།། རྒྱས་བསྡུས་ཅི་རིགས་སྦྱར་བར་བྱ།། གཅིག་གིས་བྱང་དུ་སྙིང་པོ་བཀླག། ཚ་ར་རེ་ཞིང་ནི་ཆེན་སྐུད་ལ།། ཉ་ཡི་བདུག་སྤོས་རེ་རེ་དབུལ།། ་དེ་ཡི་གྲངས་ཀྱང་གོང་དང་འདྲ།། དེ་ནས་སློབ་དཔོན་གཏེར་མ་ཀུན།། སྤྱི་གཞུང་དག་གིས་བྱིན་བརླབས་ནས།། རང་རང་གནསུ་དབུལ་བར་བྱ།། དེ་རྗེས་ནད་པ་མདུན་བྱས་ཏེ།། འབྲང་རྒྱས་ཕྱེད་ལ་མར་བྱུགས་ཏེ།། དཔལ ་ཕྲེང་ལྔ་ཡི་ཕོད་གཟུགས་བྱ།། མར་མེ་གཏམས་ལ་འཆི་བདག་དང་།། ལྷོ་ཕྱོགས་དག་ཏུ་དོར་བར་བྱ།། ཆུ་དང་འོ་མ་བསྲེས་པའི་ནང་།། ཚོན་སྐུད་ནད་པ་ལ་བཀྲིས་ཏེ།། སྙིང་པོའི་སྔགས་ཀྱིས་མཚོན་གྱིས་ནི།། བཅད་ལ ་བྱང་གི་ཕྱོགསུ་དོར།། དེ་ནས་སློབ་དཔོན་ཁྲས་བྱས་ལ།། སྟན་བཟང་དག་ལ་ཉེར་འདུག་ཏེ།། བུམ་པ་རིམ་པས་དབང་བསྐུར་བྱ།། ཨོཾ་བཻ་རོ་ཙི་ན་ཨཱ་ཡུརྫྫ་ན་སིདྡྷི་ས་མུ་ཡ་ཨཱ་བྷི་ཥོཉྩ་ཧཱུཾ། དབུས་ཀྱི་གཙོ་བོའི་དབང ་བསྐུར་བས།། སྡིག་སྒྲིབ་དག་ཏེ་ཚེ་འཕེལ་བསམ།། ལུས་ལ་རྣམ་སྣང་ཚེ་དབང་བསྐུར།། བུ་ཁྱོད་འཆི་བདག་ལས་གྲོལ་ཏེ།། བསྐལ་པ་སྟོང་དུ་ཚེ་འཕེ་ལ་ཏེ།། སྲོག་གཅོད་སྡིག་པ་དག་གྱུར་ཅིག། ཅེས་བྱ་ཡང ་ན་གཟུངས་ཀྱིས་ནི།། པ་ཕྱིན་དྲུག་གི་ཚིག་བཅད་བརྗོད།། ཤ་རེ་ལ་སོགས་པའི་རིམ་པ་ཡིས།། རྡོ་རྗེ་ལ་སོགས་མིང་བསྒྱུར་ཏེ།། བུམ་པ་ལྔ་ཡིས་དབང་བསྐུར་བྱ།། མཚམས་ཀྱི་བུམ་པ་ཀུན་གྱི་ཆུ།། ལས ་བུམ་ནང་དུ་བསྡུ་བྱ་སྟེ།། ནད་པ་ལ་སོགས་བཀྲུ་བ.རརྱ་བྱ།། དྭེ་ནས་ཆུ་དྲེ་མ་བོ་བཱར།། ཆུ་བོ་ཆེ་འམ་ལྟེང་ཀ་མཚོ།། ཆུ་ཚོན་རྣམས་ལ་དོར་གྱུར་ནེ་ངེས་པར་འཆི་ལས་བཟློག་པ་ཡིན།། དེ་རྗེས་སློབ་མས་བླ་མ་ལ། ་ཡོན་དབུལ་སྔོ་མོ་པ་ཁས་བླངས་ཏེ།། བླ་མས་སློབ་མའི་སྤྱི་བོར་ནི།། རྡོ་རྗེ་ངེས་གཟུང་ཚིག་འདི་བརྗོད།། ང་ནི་ཡེ་ཤེས་ཚེ་དཔག་མེད།། ཀུན་ཏུ་བརྙས་པ་སྤང་བར་གྱིས།། འཆི་བདག་ཆེན་པོ་ངས་བཅོམ་པས།། ་བུ་ཁྱོད་ཚེ་ཡི་དངོས་གྲུབ་བརྙེས།། དེ་སྐད་བྱ་སྟེ་སློབ་མ་ནི།། ཐ་མལ་ལུས་སུ་བསམས་པ་ལ།། སྙིང་གི་པདྨའི་རྩ་བ་ལ།། དབུ་མར་རྣམ་སྣང་ཚེ་དཔག་མེད།། ཕྱོགས་བཞིར་རིགས་བཞི་བསམ ་བྱ་སྟེ།། སྤྱི་བོར་ཡེ་ཤེས་ཚེ་དཔོག་མེད།། བསམས་པས་བདག་གི་ཐུགས་ཀ་ནུས།། བསྐུལ་བས་བདུད་རྩི་ཆུ་རྒྱུན་དཔབ།། རིགས་ལྔ་སྤྱི་བོར་སློབ་གྱུར་ཏེ།། ཐམས་ཅིང་བདུད་རྩིར་ཞུ་གྱུར་ནས།། ལུས་ནང་ཐམས་ཅད ་ཁྱབ་པར་བསམ།། ཚེ་དཔག་མེད་པའི་གཟུངས་ཀྱང་འདེན།། དེ་ལྟར་ལན་གཉིས་ལན་གསུམ་བྱ།། དེ་ནས་མཆོད་དང་གཤེགས་པོར་བྱ།། མཇུག་ཏུ་ཚ་ཚ་ཅུང་ཟད་གདབ།། ས་ཚོན་ལ་སོགས་ཆུར་བོར་ཏེ།། ཉེ་བར ་འཁོར་བས་འཆི་བདག་གཞོམ།། ཚེ་དཔག་མེད་པའི་གཟུངས་ཀྱང་འདོན།། སློབ་དཔོན་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས།། བྲམ་ཟེ་ན་མཁའ་དབྱངས་ཀྱི་བུའི་ཆེད་དུ་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཤྲཱི་མཉྫུ་དང་ལོ་ཙ་བ་ལྕེ་དགའ་བའི་དཔལ་གྱིས་བསྒྱུར་བའོ།། ་