| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཥོ་ཌ་ཤ་དིནྣ་བྷ་བཱ་ན་ནཱ་མ། བོད་སྐད་དུ། ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཞེས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ།། རང་ལུས་ཁོང་སྟོང་བསམ་བྱས་ནས།། མཚན་མེད་ཨ་བ་དྷཱུ་ཏཱི་ལ། ་འཁོར་ལོ་བཞི་ནི་བསམ་པར་བྱ།། ཡི་གེ་དྲུག་བཅུ་རྩ་བཞི་ནི།། སྤྲུལ་པའི་འཁོར་ལོར་བྱིན་གྱིས་བརླབས།། བདེ་གཤེགས་ལྔ་དང་ལྷ་མོ་རྣམས།། འདབ་བརྒྱད་པདྨ་དགོང་པར་བྱ།། ཁམས་དང་ཕུང་པོ་དག་པའི་ཕྱིར།། དབྱངས་ཅན་བཅུ་དྲུག་ལོངས་སྤྱོད ་བསྒོམ།། དེ་རྣམས་ཉིད་འགྱུར་སྤྱི་བོ་རུ།། བདག་ཉིད་བསྲུང་བའི་མན་ངག་གོ།། བཅུ་དྲུག་ཐིག་ལེ་རབ་ཏུ་འབར།། རྩ་བརྒྱད་ཐིག་ལེ་རྒྱུ་བ་ཡིན།། བཞི་པོ་ཞུ་སྟེ་རོལ་པ་གཉིས།། གཉིས་ཀྱི་ཕྱེད་ནི་བདག་མེད་མ།། བཅུ་དྲུག་ཕྱེད་ཕྱེད་གྲངས་ཡི་ནོ།། ་ཀ་ནས་བརྩམས་ནས་མ་ཡི་བར།། རེག་བྱེད་ཉི་ཤུ་རྩ་ལྔ་ཡིན།། ཡ་ནས་བརྩམས་ནས་ཧ་ཡི་བར།། མི་རིག་མིང་ཅན་བརྒྱད་ཡིན་ནོ།། བསྡུས་པ་ཨཱ་ཕྲེང་ཀཱ་ཕྲེང་གཉིས།། སྤྲུལ་པའི་འཁོར་ལོར་བསམ་པར་བྱ།། ཉི་མའི་འོད་ཀྱིས་དྲོས་ཙམ་ན། ་ཁམས་གསུམ་བསྲེག་ཅིང་ནུ་བར་བསམ།། ཆོས་ཀྱི་རིམ་པའི་རྗེས་འབྲངས་ནས།། རི་བོང་ཅན་གྱིས་རྒྱས་པར་འགྱུར།། མཁའ་འགྲོ་ལོངས་སྤྱོད་བདག་ཐིམ་ནས།། དགའ་བོའི་བདག་ཉིད་སྐད་ཅིག་ལ།། དངུའ་རྒྱལ་སྙིང་རྗེ་ཆེན་པོ་སྒྲ།། ཡང་དག ་ཟུང་འཇུག་གྲུབ་པ་ཡིས།། སྒྲིབ་པ་ཐམས་ཅད་དག་པར་འགྱུར།། སྐྱེ་འགག་མེད་པའི་རྣལ་འབྱོར་ནི།། ཀཾ་ཀ་ལི་བདག་གྲུབ་པ་ཐོབ།། ཀྱེ་འོ་མ་ཡངས་རྣལ་འབྱོར་པ།། རང་གི་སེམས་ལ་ཉམས་ལེན་གྱིས།། སློབ་དཔོན་ཀཽ་ཀ་ལི་པས ་མཛད་པ། འཁོར་ལོ་བཞིའི་ཉམས་ཀྱི་ཞལ་གདམས་རྫོགས་སྷོ།། རྒྱ་གར་སྐད་དུ། བཱཧྨ་ཨནྟ་ར་བོ་དྷི་ཙིཏྟ་བནྡྷ་ནཱ་མ། བོད་སྐད་དུ། ཕྱི་ནང་བྱང་ཆུབ་སེམས་བཅིང་བའི་མན་ངག་ཅེས་བྱ་བ། བྱང ་