CLOSE WINDOW

S626: dpal lha mo nag mo'i bstod pa rgyal po'i rgyud
Wyliee-texts produced with BDRC’s OCR application

སོ། ། @རྒྱ་གར་སྐད་དུ། ཤྲཱི་དེ་བི་ཀཱ་ལི་པྲ་མ་རཱ་ཛ་ཏནྟ་ཀ་ལི། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད། རིག་སྔགས་དང་གསང་སྔགས་ཀྱི ་མངག་བདག་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་ཀྱི་རྩེ་མོ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན། བཅོམ་ལྡན་འདས་དཔལ་དྲག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་བསྐལ་པའི་མེ་ལྟར ་འབར་བ། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་ནས་བཞུགས་སོ།། འཁོར་ནི་བརྒྱ་བྱིན་དང་། ཤ་ཟ་དང་། སྲིན་པོ་དང་། མ་མོའི་ཚོགས་བྱེ་བ་དུང་ཕྱུར་གྱིས ་བསྐོར་ཏེ་བཞུགས་སོ། ། དེའི་ཚེ་ན་དཔལ་ཕྱག་ན་རྡོ་རྗེ་པདྨའི་གདན་ལ་གཞུགས་ཏེ་བཀའ་སྩལ་པ། ངའི་འཁོར་དུ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཉོན་ཅིག། འདོད་པའི་ཁམས་འདི་ན་བདུད་ཀྱི་ཡུམ། གཤིན་རྗེའི་སྲིང ་མོ་ཞེས་བྱ་བ་རྒྱལ་ཚབ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པ་ཞིག་ཡོད་དེ། ཁྱེད་ཀྱིས་དེ་ལ་མཆོད་པ་གྱིས་ཤིག། བསྟོད་པ་གྱིས་ཤིག། ངས་ཀྱང་ཁྱེད་ལ་བྱིན་གྱིས་བརླབ་བོ་ཞེས་བཀའ་སྩལ་པ་དང་། འཁོར ་ཀྱིགྱི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ཏེ། དཔལ་ལྷ་མོ་ནག་མོ་ལ་དགེ་བ་བཅུའི་སྒོ་ནས་བསྟོད་པ། སྔོན་འདས་བསྐལ་པ་དང་པོའི་ཕ་རོལ་ན།། དགེ་བཅུའི་ལས་ལ་སེམས་རབ་ཆེར་སྤངས་ནས།། ལམ་གྱི་ཁྱད་པར་གོང ་མ་རབ་རྫོགས་ཀྱང་། ། མཐོ་རིས་སྐྱེས་གནས་རྣམས་ལ་དགེ་བཅུ་ཡི།། ཚུལ་གྱིས་དོན་མཛད་ཕྱི་རོལ་བསྒྱུར་བ་ཡི།། དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། འདས་པའི་དུས་ན་སྲོག་གཅོད་རབ་སྤངས་པས།། སྐུ་ཚེ ་རིང་ཞིང་གཟུགས་བྱེད་ཕུན་སུམ་ཚོགས། ། གཞན་གྱི་ལན་ཆགས་གནོད་པའི་རྐྱེན་དང་ལྡན།། འཆི་བདག་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། མ་བྱིན་ལེན་པའི་ཚུལ་ལ་རབ་སྤངས་པས།། བསོད་ནམས་ཚོགས་ཀྱིས ་ལོངས་སྤྱོད་ཕུན་སུམ་ཚོགས། ། གཏེར་གྱི་ལོངས་སྤྱོད་མི་འགྲིབ་རབ་བརྟན་བརྙེས།། སྦྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད།། མི་ཚངས་སྤྱོད་པའི་བཀའ་རྣམས་སྲུང་བ་དང་།། མངལ་གྱི་གྲོང་ཁྱེར་དམན་ལས་རྣམ ་པར་འཕགས། ། སྲིད་པའི་འདོད་ཆགས་རིང་དུ་སྤངས་པ་སྟེ།། དགེ་སྦྱོང་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། ཉོན་མོངས་བརྫུན་ཚིག་སྤངས་པའི་རྣམ་སྨིན་གྱིས།། གསུང་གི་དངོས་གྲུབ་འཇིག་རྟེན་འདུལ་བའི་གཙོ།། གསུང་མཆོག ་རྣམ་དག་བརྙེས་པའི་རང་བཞིན་ཏེ། ། བདེན་པར་གསུང་བ་ཁྱོད་ལ་ཕྱག་འཚལ་བསྟོད།། ཕྲ་མའི་སྐྱོན་སྤངས་མི་ཕྱེད་འཁོར་དང་ལྡན།། ཉིད་ལ་རྣམ་པར་འདུལ་བའི་འཁོར་གྱིས་བསྐོར།། ལྷ་དང་ལྷ་མིན་བདེན་པས་འདུལ་མཛད་མ།། ་དཀར་མོའི་འཁོར་ཚོགས་ཁྱོད་ལ་ཕྱག་འཚལ་བསྟོད།། ངག་འཁྱལ་སྤངས་པའི་ཡོན་ཏན་སྦྱིན་པ་ཡིས།། ཏིང་འཛིན་རྩེ་གཅིག་མི་གཡོ་བར་ཆད་སྤངས།། དགོས་འབྲེལ་ཚུལ་གྱིས་བསྟན་པ་སྐྱོང་མཛད་མ།། བྱིས་པ་འདུལ་མཛད་ཁྱོད ་ལ་ཕྱག་འཚལ་བསྟོད། ། ང་རྒྱལ་ཁེངས་སེམས་སྤངས་པའི་ཡོན་ཏན་གྱིས།། ཞི་བའི་ཚིག་འཇམ་ལྷ་མོ་དབྱངས་སྙན་མ།། ཚིག་རྩུབ་གཤེ་བའི་གཉེན་པོ་བྱེད་པ་སྟེ།། ངག་རྩུབ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། རང་སེམས ་བརྣབ་སེམས་སྤངས་པའི་ཁྱད་པར་ནི། ། འཛིན་པའི་རྣམ་རྟོག་རྣམ་པར་སྤངས་པའི་རྟགས།། བདག་མེད་རྟགས་སུ་སེང་གེས་རྣ་བ་བརྒྱན།། བརྣབ་སེམས་སྤངས་པ་ཁྱོད་ལ་ཕྱག་འཚལ་བསྟོད།། གཟུང་བའི་ཡུལ་ལ་གནོད་སེམས་རྣམ་པར ་སྤངས། ། ཕྱི་རོལ་ཡུལ་འདི་གཉིས་མེད་ཆོས་སུ་གཟུགས་བརྙན་ཁྱོད།། གང་ལ་གནོད་སེམས་ཡང་དག་སྤངས་པའི་རྟགས།། སྦྲུལ་གྱི་རྣ་རྒྱན་ཅན་ལ་ཕྱག་འཚལ་བསྟོད།། ལོག་པར་ལྟ་བའི་ཆོས་ཕྱོགས་རྣམ་སྤངས་ཏེ།། སངས ་རྒྱས་ཆོས་ལས་འཁྲུངས་པའི་གཟུགས་བརྙན་ཁྱོད། ། དེ་ལྟ་རྣམ་པར་དག་པའི་ངང་ཚུལ་ཅན།། སྤྲོས་བྲལ་དོན་དམ་སྟོན་ལ་ཕྱག་འཚལ་བསྟོད།། འཇིག་རྟེན་འདི་ན་ལས་གཉིས་དག་མ་དག། མ་དག་མི་དགེ་བཅུ་ལས་ངན་སོང་གྲུབ། ་དག་པའི་དགེ་བ་བཅུ་ལས་མཐོ་རིས་གྲུབ།། ལས་འདི་དགེ་བ་དང་པོར་རབ་སྦྱངས་པས།། གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་།། དགེ་བཅུའི་རྟགས་ནི་དམན་པའི་ཞིང་འདིར་བསྟན།། གདུག་པའི་ཚུལ་ཅན ་འགྲོ་བ་འདྲེན་མཛད་མ། ། བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། དེ་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ལམ་རྣམ་པ་ལྔའི་ཚུལ་གྱིས་བསྟོད་པ། དམ་པ ་རྣམས་ཀྱིས་བགྲོད་པའི་ཁྱད་པར་ནི། ། ཚོགས་ཀྱིས་སྦྱངས་པའི་དོན་དམ་མཐོང་བ་ཡིས།། གཉེན་པོ་ཤེས་པ་རིམ་པར་སྒོམ་པ་ལ།། མཐར་ཕྱིན་པ་ལ་གཤེགས་པའི་དོན་མཆོག་ལགས།། དེ་བས་ལྷ་མོ་ཁྱོད་ཀྱི་མཚན་ཉིད་ནི།། ་འདི་ལྟར་རབ་ལྡན་ཁྱོད་ཀྱི་ཁྱད་པར་ཏེ།། དང་པོའི་ཚོགས་ལས་ཡང་དག་རབ་བསགས་པས།། དང་པོ་ས་ལས་སྦྱོར་བའི་ཏིང་འཛིན་བརྙེས།། རབ་ཏུ་དགའ་བའི་ས་ལ་དོན་དམ་ནི།། རྣམ་པར་མི་རྟོག་སྐྱེ་མེད་ཚུལ་གྱིས་གཟིགས།། ་དཔལ་ལྡན་བྱང་ཆུབ་སེམས་དཔའི་ཁྱད་པར་ནི།། རང་སེམས་ས་གཉིས་དག་ལ་རབ་བརྟེན་ནས།། དེ་བཞིན་ས་གསུམ་དག་པའི་ཕ་རོལ་སོན།། རང་སེམས་བཞི་པའི་ས་ལ་ཆེར་བསྒོམས་པས།། ལྔ་པའི་ས་ལ་བསམ་གཏན་ཕ་རོལ་སོན།། ་རང་སེམས་དྲུག་པའི་སལ་ཆེར་སྦྱངས་པས།། བདུན་པ་ལ་ནི་ཐབས་ཀྱི་ཕ་རོལ་སོན།། རང་སེམས་བརྒྱད་པ་ཉིད་ལ་ཆེར་བསྒོམས་པས།། དཔལ་ལྡན་ལྷ་མོ་ནག་མོའི་སྨོན་ལམ་ཉིད།། དགུ་པ་ལ་ཡང་སྟོབས་ཀྱི་ཕ་རོལ་སྒྲུབ། ་དེ་ཡི་སྟོབས་ཀྱིས་ཡེ་ཤེས་འཕེན་པར་འགྲུབ།། འདི་དག་རྣམ་པར་རྫོགས་པར་བྱས་ནས་ནི།། སངས་རྒྱས་པ་ལ་སྨིན་པའི་སྨོན་ལམ་ཅན།། ས་བརྒྱད་ནོན་པས་གཞོན་ནུའི་ཚུལ་འཆང་མ།། འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང་། ་གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་ཀྱང་ཁྱོད་ཀྱི་ལམ་ལྟར་མྱུར་འགྲུབ་ཤོག། དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱིས།། དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་གཉིས་སུ་མེད་པའི་སྒོ ་ནས་བསྟོད་པ། དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ།། དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ།། དོན་དམ་ཀུན་རྫོབ་གཉིས་སུ་མེད་པས་བདེན།། འཁོར་བ་མྱ་ངན་གཉིས་སུ་མེད་པས་ཟབ།། སེམས་ཅན་སངས་རྒྱས ་གཉིས་སུ་མེད་པས་འཕགས། ། ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད།། རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་སྨིན།། ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གི་ངང་།། སྤྲོས་དང་སྤྲོས་མེད་དོན་དམ་དབྱིངས་ཀྱིས། ་བསྡུས།། བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་ཏེ།། མཐོང་དང་དམ་པ་གཉིས་མེད་དག་པས་བསྟོད།། བདག་དང་གཞན་གྱི་ཆོས་ནི་ངང་ཚུལ་གཅིག། གཟུང་དང་འཛིན་པ་གཉིས་མེད་ཟབ་མོའི་མཐུ།། མཐོ་རིས ་ངན་སོང་གཉིས་བྲལ་དག་པའི་ཞིང་། ། བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད།། བསྐྱེད་མེད་རྫོགས་པ་གཉིས་མེད་ལྷུན་གྲུབ་མཆོག། སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དེ།། སྒྲུབ་དང་བསྒྲུབ་བྱ་གཉིས ་མེད་གྲུབ་པའི་ངང་། ། བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་བསྟོད།། ཡབ་དང་ཡུམ་མཁའ་གཉིས་མེད་བྱང་ཆུབ་སེམས།། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན།། སྟོང་དང་མི་སྟོང་གཉིས་མེ་ཞི་བའི་ངང་།། ་གྱུར་དང་འགྱུར་མེད་རྩོལ་བྲལ་ཕྱག་འཚལ་བསྟོད།། སྒྲ་ཚིག་གཉིས་མེད་བརྗོད་པ་མེད་པའི་ངང་།། ལུས་ངག་གཉིས་མེད་སེམས་ཉིད་གཅིས་ཚུལ།། རྩོལ་བྱེད་རྩོལ་བྱ་གཉིས་མེད་དོན་གཅིག་པས།། རྣམ་པར་སྤྲོས་མེད་དོན་དམ་དབྱིངས ་། ཀྱིས་བསྐྱོད།། མུ་སྟེནས་སངས་རྒྱས་གཉིས་མེད་ཚུལ་གཅིག་པས།། དབྱིངས་དང་རིག་པ་གཉིས་མེད་དོན་རྟོགས་ཏེ།། སྲིད་དང་རྣམ་ཚོལ་ཡང་དག་དོན་གཅིག་པས།། ཐམས་ཅད་གཉིས་མེད་སྐུལ ་ཕྱག་འཚལ་བསྟོད། ། ཕྱི་ད་ང་ནང་མེད་ཏི་གཅིག་གི་དང་།། སེམས་ལྡན་སེམས་མེད་རྣམ་དག་ནི་བའི་ཚུལ།། སྣང་དང་མི་སྣང་གཉིས་མེད་གཅིག་གིས་མཐོང་།། གཉིས་མེད་དོན་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། འདི ་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ། ། སྤྲོས་པ་མེད་པའི་དོན་དང་འབྲེལ་བ་སྟེ།། འདི་རྣམས་ལྷ་མོ་ཁྱོད་ཀྱི་ཐུགས་ལ་གསལ།། འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག། དེའི་ཚེ་དེའི་དུས་ན་དྲི་ཟའི ་རྒྱལ་པོ་ཕུར་ཕུད་ལྔ་པས། དཔལ་ལྷ་མོ་ལ་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི།། སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད།། དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང ་མེད། ། ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས།། འཐུན་པར་བསྟན་པའི་ཞིབ་དཔལ་ལྷ་མོ།། ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན།། ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་མ་དང་།། ་ཀུན་ཏུ་ཞི་མཛད་ཁྱེད་ལ་ཕྱག་འཚལ་བསྟོད།། བདག་གི་དགྲ་དང་ནད་རྣམས་ཞི་བར་མཛོད།། མཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ།། རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན།། རྒྱས་པའི་འཁོར་གྱིས ་བསྐོར་བའི་གཙོ་མོ་ནི། ། རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད།། ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད།། བདག་གི་བསོད་ནམས་ཡེ་ཤེས་རྒྱས་པར་མཛད།། མཐུན་པར་བསྟན་པའི་དབང་གི་དཔལ ་ལྷ་མོ། ། དབང་མཛད་དབང་སྒྱུར་དབང་གི་ངང་ཚུལ་ཅན།། དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ་མདོག་དམར་པོ་ཤིན་ཏུ་བརྗིད།། ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། ་བདག་གི་ནད་དང་དགྲ་རྣམས་དབང་དུ་མཛོད།། མཐུན་པར་བསྟན་པའི་དྲག་པོ་དཔལ་ལྷ་མོ།། དྲག་མཛད་དྲག་འགྱུར་དྲག་མོའི་ངང་ཚུལ་ཅན།། དྲག་མོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།། རྟགས་ཀྱི་སྐུ ་མདོག་ནག་མོ་ཤིན་ཏུ་བརྗིད། ། ཀུན་ཏུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གི་ནད་དང་དགྲ་རྣམས་དྲག་པོས་སོད།། ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ།། ཇི་ལྟར་འཛིན་ཉིད་ཅིར་ཡང་སྣང་བ ་ནི། ། འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལགས།། བདག་ཀྱང་ལས་བཞི་རང་བཞིན་ལྷུན་གྲུབ་ནས།། ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག།། དེ་ནས་དཔལ་ལྷ་མོ་ནག་མོ་ལ། ཀླུའི་རྒྱལ ་པོ་དགའ་བོས་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ།། ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི།། དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར།། རྟགས་ཀྱི་ཕྱག་རྒྱ་འདི་ལྟར ་བསྟན་པའོ། ། ཁམས་གསུམ་གདུལ་ཕྱིར་གདན་དུ་བོང་བུ་ཞོན།། མྱ་ངན་མི་འདའི་རྟགས་སུ་ལྕགས་སྒྲོག་མངའ།། བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན།། གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས།། ་བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ།། ཤེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་བརྒྱན།། དུག་གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་།། བསོད་ནམས་གཏེར་གྱི་ཕྱག་མཚན་མེ་བུ་ལེ་བསྣམས།། དབང་དྲག ་རྫོགས་ཕྱིར་རལ་པ་ལམ་ནག་སྤྲུག། ཉོན་མོངས་འདྲེན་ཕྱིར་རྣོ་དཔལ་མཆེ་བ་གཙིགས།། འཁོར་བ་ལྗགས་ལ་བསྟར་ཕྱིར་དཀན་སྒྲ་བདེབས།། གདུག་པ་ཞེ་ལ་གནོན་ཕྱིར་སྡང་མིག་བགྲང་།། ་ཐམས་ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར།། སྙོམས་པོའི་ཚོགས་མཆོག་མི་འགྱུར་སྐུ་མདོག་གནག། མ་མོ་འདུལ་ཕྱིར་དུར་ཁྲོད་རྒྱན་གྱིས་བརྒྱན།། སྐུ་གསུང་ཐུགས་རྟགས་ཕྱག་རྒྱ་ཁཛཱགསོར།། སྐུ་གསུམ ་རྫོགས་བྱེད་ཐོད་པའི་འཕྲེང་བས་བརྒྱན། ། དྲག་པོ་མྱུར་མགྱོགས་བསྟན་ཕྱིར་ཆུབ་མས་བརྒྱན།། ཉོན་མོངས་སྲེག་ཕྱིར་མེ་ཕུང་ནང་ན་བཞུགས།། འདོད་ཁམས་བསྐྱང་ཕྱིར་ཡོངས་འདྲེ་ཤིང་ལ་བརྟེན།། ་ལྷ་མིན་འདུལ་ཕྱིར་རྫོང་གི་དཀའ་བཟློག་མ།། དཔའ་བརྟན་བརྟན་ཕྱིར་སྟག་གི་ཤམ་ཐབས་མནཔས།། བསྟན་པ་སྲུང་ཕྱིར་དྲག་མོའི་ཆ་ལུགས་རྫོགས།། ང་རྒྱལ་དབང་སྡུད་བདག་མེད་སྒྲ་སྒྲོགས་ཕྱིར།། ཐབས ་ཀྱི་སྙན་ཆ་གཡས་པ་སེང་གེས་བརྒྱན། ། ཞེ་སྡང་དབང་འདུལ་དུག་ཆེན་འདུལ་བའི་ཕྱིར།། ཤེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱིས་བརྒྱན།། འདུ་བྱེད་མི་རྟག་རྟགས་སུ་དྲིལ་བུ་སྒྲོགས།། ཆགས་ཕྱིར་རྔ་མ་མཛད་རཀྟའི ་རྦ་གློང་འཐུང་། ། དམ་ཚིག་སྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད།། ཐ་དད་ལས་རྣམས་འདུལ་ཕྱིར་རྨ་བྱའི་འཕྲུལ།། ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྦྱངས་ནས།། ཡེ་ཤེས་རིག་པའི་ཚོགས་རྣམས་ཤར་བའི ་ཕྱིར། ། རང་བཞིན་གནས་མཆོག་བྱང་ཤར་མཚམས་ན་བརྟན།། དབུ་མའི་ས་ལ་གནས་ཕྱིར་དྲེའུ་ཞོན།། ཉོན་མོངས་གདུག་པ་འདུལ་ཕྱིར་མི་ཡི་ཚུལ།། མཁའ་འགྲོ་མ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། ། དེ་ནས ་གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པས། ། དཔལ་ལྷ་མོ་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ། དོམ་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་ཡང་།། སྲིད་གསུམ་གདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི།། རང་སེམས་རྣམ་དག ་དྲག་པོའི་གཞལ་ཡས་ཁང་། ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལས།། ཀེང་རུས་ཐོད་འཕྲེང་ཞིང་གི་རྒྱན་དང་ལྡན།། སྐུ་མདོག་གནག་ལ་རབ་འཇིགས་ཁྲོ་མོ་རྒྱལ།། སྔོན་མོ་རལ་པ་འཛིངས་པའི་སྤྲུལ་འགྱེད་པ།། སྐུ་ཡི་སྤྲུལ ་བ་དཔལ་ལྡན་ན་མ་ཊི། ། གྲུ་གསུམ་སེར་ནག་ཞལ་གྱི་དབྱིངས་སུ་བཞེངས།། ཡོན་ཏན་རྒྱས་མཛད་སེར་མོ་མཁའ་ལ་བཞད།། འཕྲིན་ལས་རྒྱས་པ་ཐམས་ཅད་ཉེ་བར་མཛོད།། གསུང་གི་སྤྲུལ་པ་དཔལ་ལྡན་རེ་མ་ཏོ།། ་གྲུ་གསུམ་དམར་ནག་ཞལ་གྱི་དབྱིངས་ནས་བཞེངས།། དམར་མོ་ཆེན་མོ་དམར་ཆེན་གཏུམ་མ་སྟེ།། དབང་གི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད།། སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་མ།། དྲག་པོ་འཇོམས ་མཛད་བདུད་དཔུང་ཟིལ་གྱིས་གནོན། ། འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ།། བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད།། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས།། ། དེ ་ནས་དཔལ་ལྷ་མོ་ལ། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ཀྱིས་དོན་དམ་པའི་སྒོ་ནས་བསྟོད་པ། སྤྲོས་བྲལ་འོད་གསལ་ཡང་དག་ཞི་བའི་ངང་།། ཐུགས་ཀྱི་ཐུགས་མཆོག་རྣམ་དག་བདེན་པའི་ཡུམ།། གདོད་ནས་གཉིས་མེད ་ནམ་མཁའི་སྙིང་པོ་ནི། ། དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་གསལ།། འདི་ལྟར་རྣམ་དག་བརྗོད་མེད་ངོ་བོ་ལ།། བྱིས་པ་རྣམས་ཀྱི་བསྟོད་པ་བྱེད་པ་ལྷུང་།། བླུན་པོ་རྣམས་ཀྱིས་དངོས་པོར་རབ་བརྟགས་ནས།། གཟུགས ་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག། རྒྱལ་བའི་དོན་ཡངས་ཐུགས་ཆུང་ཁྱོད་ཉིད་ལ།། ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས།། ནམས་ཀྱང་གྲོལ་བར་འགྱུར་བའི་ཆོས་ཉིད་མིན།། གདོད་ནས ་གཉིས་མེད་བདེ་ཆེན་མ་གཏོགས་པར། ། ཁྱོད་ཀྱི་སྨོན་ལམ་བརྟགས་ཀྱི་ཆོ་འཕྲུལ་ལ།། དོན་དུ་བཟུང་ནས་གང་ཞིག་བསྟོད་པ་རྣམས།། ཁྱོད་ལ་བརྟེན་ནས་ཐམས་ཅད་བཏུབ་པར་འགྱུར།། གང་ཞིག་སྐྱེ་བ་མེད་པར་ཤེས ་པ་དང་། ། གདོད་ནས་གཉིས་མེད་སྙིང་པོ་བསྒོམ་ནུས་ན།། གང་ཟག་དེས་ནི་ཁྱོད་ཉིད་བསྟོད་པ་ཡིན།། ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས།། བསྐལ་པ་གྲངས་མེད་འདས་པར་རབ་བལྟས་ཀྱང་།། ཁྱོད་ཀྱི ་གཟུགས་དང་ཁ་དོག་མཐོང་མི་ནུས། ། གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱིས་མཐོང་།། སྒྲ་དང་ཚིག་དང་བརྗོད་པ་ཐམས་ཅད་ཀྱིས།། ཁྱོད་ནི་བོས་ཀྱང་བསྐལ་པར་མི་ཐོས་ཏེ།། འདི་དག་སྤངས་པའི་རྣལ་འབྱོར་དེ ་ཡིས་ནི། ། ཁྱོད་ཀྱང་བོས་ལ་དེ་ཡང་ཁྱོད་ཀྱིས་ཐོས།། གང་ཞིག་ལུས་ངག་དགེ་བས་ཁྱོད་སྒྲུབ་པའི།། བླུན་པོ་དེ་ཡིས་ནམས་ཀྱང་ཁྱོད་ཉིད་སྤངས།། ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ནས།། མཆོད ་ན་དངོས་གྲུབ་དེ་ཡིས་གཏེར་ཐོབ་འགྱུར། ། ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད།། ཆོས་ཀྱི་དབྱིངས་ན་རྒྱལ་བ་རྣམས་དང་མོ་ལ།། ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར།། མི་མཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར།། ་ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ།། ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟགས་པ།། སྒྲིབ་པ་མང་པོ་སྟོང་ཉིད་ངང་དུ་གཤེགས།། སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད།། སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས ་བསྟོད། ། འདི་ལྟར་བསྟོད་ན་བསྟོད་པར་འགྱུར་གྲངས་པས།། ཁྱོད་ནི་བསྟོད་པའི་ཡུལ་ཅན་མ་ཡིན་ཡང་།། བྱིས་པ་དྲང་ཕྱིར་དོན་ལ་འདི་ལྟར་བསྟོད།། དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར ་མིག་ཅན་གྱིས། ། དཔལ་ལྷ་མོ་ལ་བསྟོད་པ། དཔལ་ལྡན་ལྷ་མོ་དཔག་པར་དཀའ་བའི་དོན།། ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཁའ་ལ་སྤྱོད།། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ།། སྒོ་གསུམ་རྡུལ་སྙེད ་དབྱངས་ཀྱིས་ཕྱག་འཚལ་བསྟོད། ། བདག་གིས་ཁྱོད་ནི་མཆོད་པས་མ་བསྒྲིབས་ཀྱང་།། དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར།། འདོད་པའི་ཡོན་ཏན་མཁའ་ལ་ཆར་བབས་པས།། མཆོད་པའི་ཚོགས ་འདིས་དབང་པོ་རྒྱལ་གྱུར་ཅིག། དཔལ་ལྡན་ཁྱོད་ནི་དགེ་སྡིག་པདག་པོ་སྟེ།། བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས།། ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན།། ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ ་བྱང་བར་མཛོད། ། ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི།། འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས།། དགའ་བཐུན་ཕྲག་དོག་མེད་པའི་སྤྲོས་པ་ནི།། རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ།། འདི་ལྟར ་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། ། ནག་མོ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱིས།། ཕྱོགས་བཅུའི་དུས་གསུམ་ཀུན་ཏུ་འགྲོ་དོན་ལ།། སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུལ་པར་སྤོབས།། ཡང་དག་ཁྱོད་ཀྱི་ཡོན་ཏན ་སྐུ་མཆོག་ནི། ། གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར།། སེམས་ཅན་ཟད་པར་མ་གྱུར་བར་དུ་ནི།། མྱ་ངན་མི་འདའ་བཞུགས་པར་གསོལ་བ་གདབ།། འདི་ལྟར་ཕྱག་འཚལ་མཆོད་ནས་བཤགས་པ་དང་། ་རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བཏབ་ནས།། དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ།། ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ།། དེ་ནས་དཔལ ་ལྡན་བྷ་མོ་ནག་མོ་ལ། ནམ་མཁའི་ལྷ་བྲན་རྣམས་ཀྱིས་བསྟོད་པ། བསྐལ་པ་མེ་ལྟར་བ་བ་ར་བའི་གློང་དཀྱིལ་ན།། རླུང་ནག་དགུ་པའི་གློང་འཁྱིལ་ཕོ་བྲང་ནས།། མ་ཅིག་འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི ་ཡུམ་པ་གཤིན་རྗེའི་ལྕམ་གཅིག་མ། ། དཔལ་ལྡན་ལྷ་མོ་རེ་མ་ཏི།། ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན།། མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན།། ཁྱོད་ཀྱི་སྐུ་མདོག་ནག་མོར་བཞུགས་པ་ནི།། དོན་དམ་དབྱིངས ་ཀྱི་སྤྱོད་པ་མེད་པའི་རྟགས། ། དབུ་སྒྲ་གཡས་ནས་གཡོན་དུ་འཁྱིལ་བ་ནི།། ཡུལ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས།། དབུ་གཙུག་རལ་པ་གཅིག་ཏུ་འཁྱིལ་བ་ནི།། དོན་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི ་རྟགས། ། རལ་པའི་གསེ་བ་ནས་མེ་སྟག་འཕྲོ་བ་ནི།། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས།། དབུ་ལ་ཐོད་རློན་འཕྲེང་བ་བཅིངས་པ་ནི།། ཐུགས་རྗེའི་སྦྲུལ་སྐུས་འགྲོ་དོན་མཛད་པའི་རྟགས།། གཡྻ ་ན་སེང་གེ་བགྱིང་ཞིང་མཆོད་པ་ནི། ། སྨན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས།། གཡོན་ན་སྦྲུལ་མགོའི་གདེངས་ཀ་འཕྱར་བ་ནི།། ཞེ་སྡར་མ་སྤངས་དབྱིངས་སུ་དག་པའི་རྟགས།། སྙུན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ ་། ། སངས་རྒྱས་ཀུན་ལ་བསྙེན་སྒྲུབ་བྱེད་པའི་རྟགས།། སྤྱན་རྩ་དམར་ལ་སྡང་མིག་བགྲད་པ་ནི།། སྲིད་གསུམ་རྣལ་འབྱོར་དམ་ཚིག་གཟིགས་པའི་རྟགས།། ཞལ་གྱི་དྲག་པོ་ཧོམ་ཁུང་གདེངས་པ་ནི།། བསྟན་པ་འཇིག ་པའི་རུ་ཏྲ་སྒྲོལ་བའི་རྟགས། ། རྣོག་དུག་མཆེ་བ་ཟུར་གསུམ་གཙིགས་པ་ནི།། བསྒྲལ་བའི་ཞིང་བཅུས་པ་སྒྲོལ་བའི་རྟགས།། སྐུལ་ཞིང་སྤགས་གཡང་གཞི་གསོལ་བ་ནི། ་ཡང་དག་ཆོས་དང་དོན་དམ་ལྡན་པའི་རྟགས།། གླང་ཆེན་ཀོ་རློན་སྣམས་ཕྱེད་དཀྲིས་པ་ནི།། ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས།། རེ་ལྡེ་ནག་པོས་སྣམས་ཕྱེད་དཀྲིས་པ་ནི།། འཇིག་རྟེན་འདི་ན་ཆེ་བཙན ་ལྡན་པའི་རྟགས། ། ལྟེ་བའི་ཁུང་ནས་ཉི་མ་འཆར་བ་ནི།། སྡུག་བསྔལ་རྒྱ་མཚོ་གཏིང་ནས་སྐེམས་པའི་རྟགས།། སྤྱི་བོའི་གཙུག་ནས་ཟླ་བ་འཆར་བ་ནི།། དུག་གསུམ་མ་རིག་མུན་པ་སེལ་བའི་རྟགས།། ཞབས་ལ་དབང ་གི་ལྕགས་སྒྲོག་འཁྲིལ་བ་ནི། ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས།། ཕྱག་གཡས་ཤང་ལང་ནག་པོ་བསྣམས་པ་ནི།། སྡུག་བསྔལ་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས།། ཕྱག་གཡོན་ཐོད་རློན་དམར་ཆེན ་འཐུང་བ་ནི། ། འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི་རྟགས།། བོང་བུ་གཱ་པ་ཕྱིན་ཕྱོགས་ཞོན་པ་ནི།། ལོག་པར་ལྟ་བའི་སེམས་ཅན་སྒྲོལ་བའི་རྟགས།། སྲིན་པོའི་ཨོག་མས་སྔ་རུ་བྱས་པ་ནི།། སྲིན་ཡུལ་ལང་ཀ ་བུ་རངས་འདུལ་བའི་རྟགས། ། སྦྲུལ་ནག་ཆུན་པོས་གོང་རྨེད་བྱས་པ་ནི།། ཞེ་སྡང་དབང་གིས་དགྲ་བགེགས་འཇོམས་པའི་རྟགས།། རུས་སྦལ་ནག་པོའི་ཕོབ་བུ་བཏང་བ་ནི།། ཀླུ་བདུད་ནག་པོ་དམ་ལ་བཏགས་པའི ་རྟགས། ། སྔ་ཤ་གཡས་པ་བདུད་ཀྱི་ཁྲམ་བམ་ནི།། དམ་ཚིག་ཉམས་པ་ཁྲམ་ལ་འདེབས་པའི་རྟགས།། ཕྱི་ཤར་ནད་ཀྱི་རྒྱལ་བ་བཏགས་པ་ནི།། བསྟན་པ་འདི་ལ་གནོད་པའི་དགྲ་བོ་ལ།། ནད་ཀ་འབེབས་ཤིང ་དལ་ཁ་བསྒྱུར་བའི་རྟགས། ། དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོ་རིས་བཏང་།། ཐུགས་རྗེ་ཆགས་པའི་རྟགས་སུ་རཀྟའི་ཐིག་ལེས་བརྒྱན།། འདུལ་བྱེད་འཕྲིན་ལས་རྟགས་སུ་ཐལ་བའི ་མཚན་མས་གདག། མ་མོ་འབུམ་ཕྲག་བྲན་དུ་ཁོལ་བ་ནི།། ཁམས་གསུམ་ཁྱབ་པར་འཕྲིན་ལས་མཛད་པའི་རྟགས།། མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས།། རྡོ་རྗེ་འཕྱར་བས་རི་རབ་ཚོགས་པོར་འཕེན།། ་བདག་གིས་བཙུན་པར་ལྷ་མོ་ཁྱོད་ལ་བསྟོད།། དེ་ནས་ཡང་གཤིན་རྗེ་ནག་པོས་དཔལ་ལྷ་མོ་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། ལྷ་མོ་དཔལ་ལྡན་མཁའ་འགྲོ་ནག་མོ་ཁྱོད་ལ་ནི།། རྒྱུན་དུ་ཏིལ ་མར་གྱིས་བྱུགས་ལན་བུ་གཅིག་མ་སྟེ། ། རོ་ཉརྣ་ཆས་བསྒྱིངས་ཤིང་ཆ་ལུགས་མང་པོ་འཆང་བྱེད་མ།། རྒྱན་དུ་རྐང་སྒྲོག་ལྕགས་ལ་བྱས་པ་གཅིག་གིས་རྐང་པ་མཛེས་པར་བརྒྱན་པ་སྟེ།། མཚན་མོ་བོང་བུ་ཞོན་ནས ་འགྲོ་བ་དེ་ནི་ནག་མོ་ཁྱོད་ཉིད་ཡིན་པར་ཤེས། ། རལ་པས་བདག་ཉིད་མཛེས་པར་བརྒྱན་ཏེ་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དགེ་སུ་ཡིས་ཤེས།། འཁོར་བ་འཇིག་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་འཛག་དུ་བ་འཐུལ་བ་ན།། ་ནག་མོ་མཆེ་བ་མི་བཟད་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་དུ་ཞུགས་པར་འགྱུར།། ལྷ་མོ་ལག་ན་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་དུ་དུར་ཁྲོད་དགྱེས།། ཁྱོད་ནི་གཡོག་བཅས་མྱ་ངན ་མེད་ཅིང་འཆི་བའི་འཇིགས་པ་མེད་པར་དྲིལ་བུའི་སྒྲ་ཡང་སྒྲོགས། ། ཁྱོད་ནི་དབའ་བོ་དག་གི་མགོ་བཅད་གཡུལ་དུ་མཚོན་གྱིས་བསད་པ་ཡི།། མགོ་འཕྲེང་ལག་ན་ཐོགས་ཤིང་གར་སྟབས་བསྐོར་ཞིང་ལག་པ་བརྐྱང ་བསྐུམ་ཆེ། ། ནུབ་ཚོས་ཆེ་ལ་ཀླུ་དབང་གཤིབས་པའི་སྐ་རགས་བཅིངས་ཤིང་ལག་ན་མདུང་དང་ནི།། བ་དན་ཐོགས་ཤིང་ཁྲག་གི་ཆང་གིས་ར་རོ་མྱོས་ཏེ་མིག་རྩ་དམར་པོར་བྱས།། མཚན་མོ་དུར་ཁྲོད་རྒྱུ་བའི་ལྷ་མོ་ཁྱོད་ནི་འབྱུང ་པོ་ཕལ་ཆེན་ཀུན་གྱིས་མཐོང་། ། རྐང་པའི་གོས་ནི་ཀཽ་རློན་མཚན་པས་དྲངས་པས་སྣམས་ཀྱི་ཕྱེད་ནི་རེ་ལྡེས་དཀྲིས།། མི་ཡི་རྒྱུ་མ་གསར་པས་ཞལ་གྱི་ཟླ་བ་བརྒྱན་ཅིང་ཁྲག་ཞག་ཚོམ་བུས་ཐིག་ལེར་བརྒྱན།། མི་ཤ་སོ་སར ་ཆེ་མ་ཆེ་མ་ཟ་ཡིན་མི་རོའི་ཅོད་པན་མགོ་ལ་བརྒྱན་པ་སྟེ། ། བདག་ལ་སྐྱོབ་པའི་དྲག་མོ་མི་ཤ་ཐོགས་ཁྱོད་སྔ་ནས་མ་མཐོང་གཟོད་མཐོང་ན།། བདུད་དང་སྲིན་མོ་མ་མོ་རྣམས་ཀྱང་མིག་རྩ་རིག་རིག་སྔངས་ཤིང་ཁྱོད་ལ་འདུད།། ་ལྷ་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་ནི།། བརྒྱ་བྱིན་སོགས་ཀྱིས་བསྟོད་པ་བྱེད་པའི་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདུད།། ལྷ་རྣམས་དང་ནི་འགྲོ་བ་མ་ལུས་པ་རྣམས་འཇུག་ཕྱིར ་རབ་བརྟུལ་བས་ན་རྣ་བ་ཡ་གཅིག་ལ། ། བྲང་གིས་འགྲོ་བ་སྦྲུལ་མགོ་གདེངས་ཀ་སྟོང་དང་ལྡན་ཞིང་ཕུད་སྒྲོགས་གཅིག་གིས་བརྒྱན་ནས་རྒྱན་དུ་བྱས།། ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོ་བསྐོར ་ཞིང་ས་གཞི་གནོན་པའི་སྟེང་གི་ནི། ། ཕྱོགས་ནས་རྒྱུ་བའི་ཉི་མ་ཟླ་བ་ལྷ་མོ་ཁྱོད་ཀྱི་རྐེད་ནས་འཆར་ཞིང་སྲིད་གསུམ་ཟིལ་གྱིས་གནོན།། རྒྱ་མཚོ་གློང་ནས་མེ་འབར་ཆུ་རྣམས་སྐེམས་པར་བྱེད་པར་ནུས་པའི་བུད་མེད་ཐམས ་ཅད་ཞི་མཛད་མ། ། ལྷ་ཆེན་སྐུ་དང་འཚམ་པར་བཞུགས་པའི་དཀའ་བཟློག་ནག་མོ་མི་ནད་ཕྱུགས་ནད་ཀུན་ལ་འཇིགས་པ་མེད།། མ་ཅིག་དཔལ་ལྡན་ལྷ་མོ་ཁྱོད་ཉིད་ལ་ནི་བདག་ནི་གུས་པར་ཕྱག་འཚལ་མཆོད་ཅིང་བསྟོད་པར ་བགྱིས། དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་ལ། བྲམ་ཟེ་མཆོག་སྲེད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་བརྟེན་པར་བསྟོད་པ། མ་ཅིག་ལྷ་མོ་དཔལ་ལྷ་མོ།། རྡོ་རྗེ་ལྷ་མོ་ནག་མོ་ཆེ། ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་བཙུན་པར་ཁྱོད་བསྟོད་ཀྱིས།། བཀྲ་ཤིས་མཆོག་གྲུབ་སེམས་གཏེར་གནས།། ཡིད་མྱུར་གཟུགས་ཆེན་ཀུན་ཏུ་གྲགས།། མ་མོར་གྲགས་ཤིང་འཇིག་རྟེན་སྐྱོང་།། ་དཔའ་རྟུལ་དྲག་སྤྱོད་བརྩོན་འགྲུས་ཆེ།། འཐབ་མོ་གཡུལ་ལས་རྟག་ཏུ་རྒྱལ།། གཤིན་རྗེའི་སྲིང་མོ་ཡིན་པར་བསྟོད།། གོས་སུ་དར་གོས་སྔོན་པོ་གསོལ།། སྡུག་དང་མི་སྡུག་ཆ་ལུགས་འཆང་།། སྤྱན་མིག་མཐོང་ན་མི་སྡུག ་ཀུན་ཏུ་སྡང་། ། དད་ཅིང་ཚོགས་པའི་མི་རྣམས་སྡུད།། རེ་འགའ་རི་བྲག་ཟབ་མོར་གནས།། རེ་འགབ་ཚལ་དང་ཤིང་ལ་གནས།། རེ་འགའ་དུར་ཁྲོད་དབུས་ན་གནས།། ལྷ་མོའི་གནས་རྟེན་དེ་རུ་འཆའ།། གནས་དེ་རི་དང ་ཚལ་དགོན་དུ། ། རྟག་ཏུ་ལྷ་མོ་ཁྱོད་བསྟོད་ན།། དེ་ཡི་དགོངས་པ་སྐོང་བར་བྱེད།། བདག་གིས་རྟག་ཏུ་བསྟོད་བྱས་ན།། བདག་གི་བསམ་པ་གྲུབ་པར་མཛོད།། རྨ་བྱའི་སྒྲོ་ལ་རྒྱལ་མཚན་བྱས།། གང་ཞིག་རྟག ་བསྟེན་སྲུང་བར་བྱེད། ། གནག་ཡུག་ཕྱུགས་རྣམས་འཕེལ་བར་བྱེད།། སེང་གེ་སྟག་དང་སྤྱང་ཀི་ཡིས།། རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་།། རྡོ་རྗེ་དྲིལ་ཆེན་སྙན་པར་སྒྲོགས།། བྱིན་ཏེ་དྲིལ་ཆེན་སྙན་པར་སྒྲོགས།། ་ན་འགའ་ལག་ན་ཏྲི་ཤཱུ་ལ་ཐོགས།། ལན་བགའ་ཉི་ཟླའི་རུ་མཚོན་འཕྱར།། མར་གྱི་ཚེས་དགུ་བཅུ་གཅིག་ན།། དེ་ཡིས་དུས་སུ་མཆོད་བྱས་ན།། ལྷ་མོ་ཁྱོད་ལས་ལྷག་པ་མེད།། བདུད་འདུལ་ལྷ་མིན་སྲིན་མོར་སྟོན།། དགྲ ་དང་འཐབ་ཚེ་རྒྱལ་བར་བྱེད། ། བུད་མེད་ནང་ན་མཆོག་ཡིན་ཏེ།། ཚིག་དབང་འཇིག་རྟེན་མགོན་པོ་འདྲ།། རྒྱལ་པོའི་ཁབ་ན་པདྨ་འདྲ།། ཞལ་བཟང་ཟླ་བ་ཉ་བ་འདྲ།། ཆུ་ལ་རྒལ་ན་ཀླུ་ཟམ་འདྲ།། འཕོངས་པོ་རྣམས་ཀྱི ་གེཉེན་པ་ཤེས་འདྲ། ། ལྷ་དང་ལྷ་མིན་གཡུལ་བབྱེད་ཚེ།། ལྷ་མོ་ཁྱོད་ཀྱི་སྡེ་བ་ལ།། ལྷ་རྣམས་ཀུན་གྱི་རྫོང་བཅས་ནས།། ལྷ་དམག་དཀར་པོ་རྒྱལ་བར་བྱས།། ལྷ་མ་ཡིན་རྣམས་ཕམ་པར་བྱེད།། ལག་ན་མདུང་དམར་ཆེམས ་སེ་ཆེམ། ། རུ་མཚོན་བ་དན་མེ་ལྟར་འབར།། དགྲ་འདུལ་གཡུལ་བཟློག་ཁྱེད་ལ་བསྟོད།། ། དེ་ནས་དྲང་སྲོང་ཆེན་པོ་ཀོའུ་དི་ནྱས། དཔལ་ལྷ་མོ་ལ་དཔེ་བྱད་ཀྱི་སྒོ་ནས་བསྟོད་པ། འཇིག་རྟེན་གཙོ་ལ ་རྟག་ཏུ་གུས་ཕྱག་འཚལ། ། མ་རྣམས་ནང་ན་ཁྱོད་ནི་རྟག་ཏུ་མཆོག་ཡིན་ཏེ།། འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད།། བྱད་བཞིན་སྡུག་མཛེས་ཀུན་གྱིས་བལྟ་བར་མོས།། ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ ་བརྒྱན། ། མིག་ཡངས་འདམ་སྐྱེས་སྔོན་པོའི་འདབ་མ་འདྲ།། བསོད་ནམས་ཡེ་ཤེས་སྣང་བ་གྲགས་པས་བརྒྱན།། དཔེར་ན་རིན་ཐང་མེད་པའི་ནོར་བུ་འདྲ།། དང་བདག་པདྨོ་ཁྱོད་ལ་བསྔགས་པས་ཀྱང་།། སེམས་ལ ་བསམས་པ་ཐམས་ཅད་འགྲུབ་པར་འགྱུར། ། ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ།། པདྨ་ལྟ་བུར་ཤིན་ཏུ་རྣམ་པར་དག། ལུས་མདོག་རབ་མཛེས་ཀུན་གྱིས་བལྟ་བར་མོས།། མཚན་མ་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱན།། ་དྲི་མེད་ཡེ་ཤེས་ཀུན་ནས་རབ་མཛེས་པ།། དྲན་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར།། ཇི་ལྟར་སེང་གེ་གཅན་གཟན་མཆོག་གྱུར་བཞིན།། སྔགས་བསྟོད་ཚིག་ནི་འདི་ལས་འབྱུང་བ་ཡིན།། བསམ་པའི་དངོས་པོ་ཐམས་ཅད ་འགྲུབ་པར་ཤོག། ཅེས་བསྟོད་དོ།། ། དེ་ནས་དཔལ་ཕྱག་ན་རྡོ་རྗེས་འདུས་པ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་དཔལ་ལྷ་མོ་ལ་བསྟོད་པ་ལེགས་སོ།། ད་ཡང་བསྟོད ་པ་འདི་དག་གི་དོན་སྒོམས་ཤིག། ཡིད་ལ་རྟག་ཏུ་ཟློས་ཤིག། ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ།། ལྷ་མོ་དེ་དག་ཀྱང་མི་འདི་སྲུང་བར་བྱེད་དོ།། སྐྱོབ་པར ་བྱེད་དོ། ། ཅི་འདོད་པའི་དངོས་གྲུབ་སྟེར་རོ་ཞེས་བཀའ་སྩལ་པ་དང་། འཁོར་དེ་རྣམས་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རྒྱན་གྱི་ཆར་ཆེན་པོ་ཕབ་ནས་སོ་སོའི་གནས་སུ་འཁོད་དོ།། བསྟོད ་བཔའི་རྒྱལ་པོའི་རྒྱུད་རྫོགས་སོ། ། རྒྱ་གར་སྐད་དུ། ཤྲཱི་དེ་ཝི་ཀཱ་ལི་ཨཥྚ་ཤ་ཏ་ཀ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ། ་