| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀ་ཡ་བ་ཀི་ཙི་པྲི་ཏསྟམྦྷ་ན་བི་ཛ་ཡཱ་དྷཱ་ར་ཎི། བོད་སྐད་དུ། ལུས་ངག་ཡིད་གསུམ ་བཅིངས་པ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ་རྣམ་པར་རྒྱལ་བའི་ཁང་པའི་གནས་སུ། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་བཙུན་པ་བཅོམ་ལྡན ་འདས་ཁྱེད་ནི་ཐམས་ཅད་མཁྱེན་པའི་གཙོའོ།། ལྷ་མ་ཡིན་གྱིས་བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ལས་དགྲོལ་དུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ཁྱོད་ཀྱིས་ངལ་གང་དག་ཞུ་བ་དེ་ལེགས་སོ།། དེའི་ཕྱིར་ལེགས་པར་ཉོན་ལ་ཡིད ་ལ་གཟུངས་ཏེ། འདི་ཉིད་ལ་ནན་ཏན་དུ་གྱིས་ཤིག། གང་དག་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དེ་ལ་ནི་ནམ་ཡང་བདེ་བའི་སྐབས ་མི་འབྱུང་བས། རིག་སྔགས་འདིའི་མཐུ་དང་། ཏིང་ངེ་འཛིན་གྱི་ནུས་པ་དང་ལས་ཚོགས་གཉིས་ལས་བྱུང་བའི་འབྲས་བུ་ཐམས་ཅད ་ཉམས་པར་བྱ་བའི་ཕྱིར་དང་། འཇིག་རྟེན་ཕ་རོལ་གྱི་ཡོན་ཏན་དང་། བསོད་ནམས་དང་། བདེ་བའི་འབྲས་བུ་ནམ་ཡང་འབྱུང་བར་མི་འགྱུར ་ཏེ། འདི་ལྟར་ཉི་མའི་འོད་ཟེར་ཕུན་སུམ་ཚོགས་པར་གྱུར་ཀྱང་། སྤྲིན་གྱི་དབང་དུ་བྱས་པ་བཞིན་ནོ།། དེ་བས་ན་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་བྱེད ་པའི་ཐབས་ལ་བརྩོན་པར་བྱའོ།། དེ་ལྟར་བྱས་ན་བཅིངས་པ་འམ་མནན་པ་ལས་གྲོལ་བར་འགྱུར་ཏེ། སྒྲོན་མེའི་འོད་ཀྱིས་མུན་པ་སེལ་བ་འམ། མེ་ལྕེའི་ནུས་པས་ནས ་ཐམས་ཅད་སྲེག་པ་འམ། སེང་གེའི་སྐད་ཀྱིས་རི་དགས་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། རིག་སྔགས་ཆེན་མོ་འདིའི་བྱིན་རླབས་ཀྱིས་བཅིངས་པ་ཐམས་ཅད་ལས ་གྲོལ་བར་བྱེད་དོ།། དེའི་གོ་རིམ་ནི་འདི་ཡིན་ནོ།། ཨོཾ་ཧྲཱིཿབཛྲ་ཛྭ་ལ་སརྦ་ཀརྨ། བདག་གི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང་། བཅིངས་པ་དང་། མནན་པ་དང་། ་ནུས་པ་བཤིག་པ་ཐམས་ཅད་ཁྲོལ་བར་གྱུར་ཅིག། ཨོཾ་བཛྲ་ཙྪིནྡྲཱ་ཡ་ཧ་ཧེ་ཧཱུཾ་ཕཊ། གཞན་གྱི་སྦྱོར་བ་ངན་པ་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག། ཨོཾ་མ་མ་སརྦ་བྷི་དྷ་བྷིངྒ། ་ཛ་ཡེ་ཛ་ཡེ། བི་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏ་ཨ་པ་ར་ཛི་ཏ་ཡེ་མ་མ་བྷེ་སྟྲ་པྲ་མརྡྷ། ཧ་ཡེ་མམ་ཧཱུཾ་ཕཊ། གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་མོ་འདི་གང་དག་བདག་ལ་སྡང་བ་དང་། ་ལོག་པར་སེམས་པ་ཐམས་ཅད་ཞི་བར་གྱུར་ཅིག། ཨོཾ་ཤནྟིངྐ་རི་ནི་སེམ་མ་བཛྲ། ཛྙཱ་ན་པྲ་ཡཙྪ་ཡཾ། མ་མ་བྷི་དྷ་ར་ཡ། ཧ་ཧ་ཧེ་ཧེ་ཧི་བི་ཧཱུཧྣ། པྲ་ཀར་ནས་རྦ་ཙ་ལ་སརྦ་བཛྲ་རཀྵ་ཀྵ ་ཕཊ་སྭཱ་ཧཱ། བརྒྱ་བྱིན་གང་དག་རིག་སྔགས་ཆེན་མོ་འདིའི་ཕན་ཡོན་ནི། འདི་ལྟ་སྟེ། འཁོར་ལོ་གང་གིས་ལུས་ལ་འཆང་བ་དེའི་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་ཅིང ་ནུས་པ་དང་མཐུ་དང་ལྡན་པར་འགྱུར་རོ།། འདི་ལུས་ལ་འཆང་བ་དེའི་གྲིབ་མ་གང་ལ་ཕོག་པ་འམ། རླུང་གི་རྫི་ཕོག་པས་ཀྱང་དེའི་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ ་བར་འགྱུར་རོ།། འཁོར་ལོ་འདི་གྲོང་ཁྱེར་ཆེན་པོའི་དབུས་སུ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཐོན་པོའི་དབུསུ་ཕྱར་ན་དེའི་གྲིབ་མ་ཕོག་པ་འམ། སེར་བུའི་རྫི་ཕོག་པ་དེའི ་བཅིངས་པ་ཡང་གྲོལ་བར་འགྱུར་རོ།། ཁྲོན་པ་འམ། ཆུ་མིག་གམ། ལུ་མ་འམ། འབབ་ཆུ་འམ། ལྟེང་ཀ་འམ། མཚེའུའི་ཆུ་ནང་དུ་ཡི་གེ་འམ། འཁོར་ལོའི་གཟུགས་འཆང་བར་བྱ། ་ལ། ཆུ་དེ་དག་འཐུང་བ་རྣཾས་ཀྱང་བཅིང་པ་ཐམས་ཅད་ལས་གྲོལ་བར་བྱེད།། སྒོ་ཁང་གི་ཡ་ཐེམ་ལ་བཏག་པ་འམ། བསིལ་གདུགས་ཀྱི་འོག་གམ། ཞྭའི་ནང་ངམ། གོས་ཀྱི་གོང་པ་ལ ་བཏག་པ་དེའི་འོག་ཏུ་འདུག་ན་ཡང་བཅིང་པ་ལས་རབ་ཏུ་གྲོལ་བར་འགྱུར་རོ།། དེའི་ཕྱིར་རིག་སྔགས་ཆེན་མོ་འདི་ཁྱོད་ཀྱིས་གཟུང་བར་བྱའོ།། དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་སྟོན ་པ་བཅོམ་ལྡན་འདས།། རིག་པའི་རྒྱལ་པོ་གཟི་བརྗིད་ཅན།། ཀུན་ལ་ཕན་ཕྱིར་ལེག་པར་གསུང་།། རིག་སྔག་མཆོག་ལ་ཕྱག་འཚལ་བསྟོད།། ཞེས་བསྟོད་།། བརྒྱ་བྱིན་ལ་སོགས་པའི་འཁོར ་ཐས་ཅད་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ལུས་ངག་ཡིད་གསུམ་བཅིང་པ་ལས་གྲོལ་བར་བྱེད་པ་ཞེ་བྱ་བའི་གཟུང་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙྪ་བ་ཤཱཀྱ་ཡེ་ཤེས་ཀྱིས་མང་ཡུལ་བྱམ་སྤྲིན་གྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། །། མངྒ་ལཾ། ཞུས་ད། ་