CLOSE WINDOW

Ng52.153:
Wyliee-texts produced with BDRC’s OCR application

#།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབ ་ཕྱག་ལ་ཕྱག་འཚལ་ལོ།། སྡིག་སྒྲིབ་ཀུ་འཇོམས་ཀྱི་གཟུངས་འདི་ནི།། ཐུགས་རྗེ་ཆེན་པོས་འཁོར་བ་དོང་སྤྱུགས་ཀྱི་རྒྱུད་ལེའུ་ལྔ་བཅུ ་རྩ་བརྒྱད་པའི་འཕྲིན་ལས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པ་ནས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག ་མེད་ཀྱིས་མཁའ་འགྲོ་མ་གར་གྱི་དབང་ཕྱུག་ལ་བཀའ་སྩལ་པ།། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ། ་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ནགས་པའི་སེམས་ཅན་རྣམས་ཉོན་མོངས་པ་རགས་པ་བགྲང་བར ་དཀའ་བ། གདུལ་དཀའ་བ།། མི་དགེ་བ་བཅུ་ལ་སྤྱོད་པ། མཚམས་མེད་པ་ལྔ་ལ་སྤྱོད་པ། བསླབ་པ་གསུམ་ཡལ་བར་དོར་བ། ་དཀོན་ཆོག་གི་དཀོར་ལ་བབ་ཅོལ་དུ་སྤྱོད་པའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། ཁྱོད་ཀྱིས་སྡིག་སྒྲིབ་ཀུན་འཇོམས ་ཀྱི་གཟུངས་འདི་གཟུངས་ཤིག། ཆོངས་ཤིག། ལྷོགས་ཤིག། སྡིག་པ་ཅན་ལ་སྟོན་ཅིག། འདི་ལ་གཅེས་སྦས་གྱིས་ཤིག། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ནི། ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བདག ་གིས་རིས་སྔགས་འདི་གྲུབ་པར་གྱུར་ཅིག། ཨོཾ་བི་སུ་ལ་གརྦྷེ་མ་ཎི་པྲ་བྷེ།། ཏ་ཐཱ་ག་ཏ་དྷ་རི་ཤ་ནི།། མ་ཎི་མ་ཎི་སུ་པྲ་བྷེ་བི་མ་ལ་སཾ་ག་ར་གམ་བཱི་རཧཱུཾ་ཧཱུཾ་ཛ་ལ་ཛ་ལ། བུདྡྷ ་བི་ཁོ་ཀི་ཏེ་གུ་ཧྱ། ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ། པདྨ་དྷ་ར་ཨ་མོ་ག་ཛ་ཡ་ཏི་ཙུ་རུ་ཙུ་རུ་སྭཱ་ཧཱ། བདག་མིང་འདི་ཞེས་བྱ་བས་ཆེ་འཁོར་བ་ཐོག་མཐའ་མེད་པ་ནས་བསགས་པའི་སྡེ ་པ་དང་སྒྲིབ་པ་དང་། ལས་ངན་པའི་རྣམས་པར་སྨིན་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་བ་དང་།། བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས། ་སངས་རྒྱས་ཀྱི་གོ་འཡང་མྱུར་དུ་ཐོབ་པར་གྱུར་ཅིང་། བདེ་བར་གཤེགས་པ་ཁྱེད་སྐུ་ཅོ་འདྲ་བ།། འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང་།། ཁྱེད་ཀྱི་མཚན་མཆོག ་བཟང་པོ་ཅི་འདྲ་བ།། དེ་འདྲ་ཁོ་ནང་བདག་ཀྱང་འགྱུར་བར་ཤོག། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། འགྲོ་བ་གང་ཡང་རུང་སྟེ། སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུགས། ་འདི་ནི་ཉིན་རེ་ཞིང་བརྒྱ་རྩ་བརྒྱད་བཏོན་ན། མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིགས་པའི་ནུས་པ་ཡོད་དོ།། བཅུ་གསུམ་པོ་གང་ཞེ་ན། མེས་མི་ཚུགས། ཆུས་མི་ཚུགས། ་གཡང་ལ་མི་ལྟུང་། ཐོག་རྗེ་བ་མི་འགྲོ།། རླུང་གྱིས་མི་འདོད། དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། གཟའི་གནོད་པས་མི་ཚུགས། བྱང་སྡེ་གྱིས་མི ་ཚུགས། དུས་མ་ཡིན་པར་འཆི་བས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱི་མི་ཚུགས། རིམས་དྲག་པོས་མི་ཚུགས། རྒྱལ་པོའི་ཆད་པས་ཕོག་སྟེ ་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གཞན་ཡང་ཡོན་ཏན་བཅུ་གསུམ་ཐོབ་སྟེ། བཅུ་གསུམ་གང་ཞེ་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ཉིད་གཟུགས་བཟང་བར ་འགྱུར་རོ།། དབྱངས་སྙན་པར་འགྱུར་རོ།། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་རོ།། སེམས་ཅན་གྱི་དོན་དཔག་མེད་ནུས་པར་འགྱུར་རོ།། འཕྲིན་ལས ་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ།། དེའི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་བར་འགྱུར་རོ།། འཁོར་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ།། ་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་འགྱུར་རོ།། ཚེ་རིང་བར་འགྱུར་རོ།། བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས ་ཅད་ལ་མཆོད་པ་བྱས་པར་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་འགྱུར་རོ།། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། ་རོ།། དེ་ལྟར་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་ཅིང་། ཕན་ཡོན་བཅུ་གསུམ་ཐོབ་སྟེ། སྐྱེ་བ་འདི་ཡི་འོག་རོལ་ཏུ་བདེ་བ་ཅན་དུ་འཇིག་རྟེན་གྱི་ཁམས་སུ་སྐྱེས ་ནས། ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ།། དེ་ལྟར་ཡོན་ཏན་བཅུ་གསུམ་ཐོབ་པར་མ་གྱུར་ན།། ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་བསླུས ་པར་འགྱུར་རོ།། འདིའི་ཆོ་ག་ནི་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྐྱེད་ལ། ཐོག་མར་སངས་རྒྱས་གསུམ་གྱི་མཚན་བརྗོད་ལ། སངས ་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ།། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿསངས་རྒྱས་མ་ཚོགས་པདྨ་ཅན་ལ་ཕྱག་འཚལ་ལོ།། ཨོཾ་བྷྱཱ་ཨ་ཡུ་ཧཱུཾ་ཎི་ཛཱ། སངས ་རྒྱས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། ཨོཾ་མ་ཎི་པདྨེ་ཧཱུཾ། དེར་རྗེས་ཧྲི་ས་ཡ་ཅིག། དེ་ཙམ་གྱི་བཅུ་ཆ་ཅིག་ཡི་གེ་དྲུག་པ་བཟླས།། དེའི་བཅུ་ཆ་ཅིག་སྡིག་སྒྲིབ ་ཀུན་འཇོམས་བཟླས། སྨོན་ལམ་དང་གསོལ་བ་བཏབ། ཚེས་བརྒྱད་དང་ཚེས་བཅཝོ་ལྔ་དང་། ཉི་ཤུ་གསུམ་གནམ་གང་རྣམས་ལ་རིག་སྔས་འདི་སྟོང་རྩ་བརྒྱད་བཟླས། ་གཅིག་བསྲུངས་ཅིང་། ཟས་དཀར་གསུམ་ལ་རྟེན་ནས་སངས་རྒྱས་གསུམ་གྱི་མཚན་བརྒྱ་རྩ་བརྒྱད་བཟླས་པ་བྱའོ།། འདི་རྣམས་ཀྱི་གོང་དུ་གཉེན་པ་འབུམ་བྱའོ།། དེ་ནས་ཟླ་བ ་བྱུང་ངོ་ཅོག་ལ་སྟོང་རྩ་བརྒྱད་བཟླས་སོ།། དེ་ནས་ནང་རེ་བཞིན་བརྒྱ་རྩ་བརྒྱད་གཏོན་ན། གོང་དུ་བཤད་པའི་ཕན་ཡོན་རྣམས་བ་པར་འགྱུར་རོ།། ཐེ་ཚོམ་བྱེད་པ་རྣམས་ནི ་མ་རྟོགས་སོ།། རིག་སྔགས་ལྷས་འབུམ་གྱི་གཉེན་པ་སོང་ན། གང་ཟག་དེ་ཉིད་ཀྱི་ལུས་ཀྱི་སྒོ་ནས་ཉོན་མོངས་པ་དང་། བརྡེག་པ་དང་། ལུས་ཀྱི་སྒོ་ནས་མི་སྡུག ་བར་སྙན་པ་ཐམས་ཅད་ངན་སོང་ལས་ཐར་འགྱུར་རོ།། ངག་གི་སྒོ་ནས་སྒོ་བ་དང་། མི་སྙན་པར་བརྗོད་པ་དང་། ཚང་ནས་འབྲུ་པ་ཐམས་ཅད་འཁོར་བ་ལས་ཐར་འགྱུར་རོ།། ་ཡིད་ཀྱི་སྒོ་ནས་གནོད་སེམས་དང་། བརྣབས་སེམས་དང་། ལོག་ལྟ་སྐྱེས་པའི་འགྲོ་བ་ཐམས་ཅད་ཀྱང་ཐར་པ་ཐོབ་པར་འགྱུར་རོ།། དེ་ཉིད་ལུས་ཀྱི་དྲི་མ་ཆུ་ལ་ཕོག་ན། ཆུ་ལ ་གནས་པའི་སེམས་ཅན་རྣམས་ངར་སོང་ལས་ཐར་པར་འགྱུར་རོ།། དེ་ཉིད་ཀྱི་དྲི་ཚོར་བའི་སེམས་ཅན་རྣམས་ཀྱང་སོང་ལས་ཐར་པར་འགྱུར་རོ།། གཟུགས་མཐོང་བ་དང ་སྐད་ཐོས་པ་རྣམས་ལྟ་ཅི་སྨོས། ཤི་བའི་རུས་པ་ལ་སྔགས་ཉེར་གཅིག་བཏབ་ན། ངན་སོང་ལས་ཐར་པར་འགྱུར་རོ།། འགྲོ་བ་འཆི་ཁམ་རྣམས་ཀྱི་རྣ་ཁུང་དུ་ལན་འདུན ་བརྗོད་ན། ངན་སོང་གསུམ་དུ་ལྟུང་བར་མི་སྲིད་དོ།། འདིའི་བསྙེན་པའི་སྐབས་སུ་ཤ་ཆང་། རྒོག་པ་དང་། བྱི་དྲོའི་ཁ་ཟས་དང་། འཕགས་པ་དང་། འཁྲིག་པ་སྤོང་བར་བྱའོ།། ་བསྙེན་པ་རང་དུས་བཞི་ལ་མ་གྲུབ་ནི། ནང་དེ་བཞིན་བརྒྱ་རྩ་བརྒྱད་ཀྱི་འགྲུབ་བོ།། སྟོང་གསུམ་ཐམས་ཅད་མེ་འོགས་ཀྱི་གང་ཡང་དེ་ལ་རྒལ་ལ་ཆོས་འདི་བཙལ་བར་བྱའོ།། ་།། ཕྱོགས་བཅུའི་དགེ་འདུན་གྱི་བཀོར་ལ་འབགས་ཏེ། སངས་རྒྱས་སྟོང་གིར་བཤགས་པར་མི་གནང་བ་ཡང་གཟུགས་འདི་སྟོང་རྩ་བརྒྱད་ཀྱི་འདག་པར་འགྱུར་རོ།། ་འདི་ནི་སྡིག་པ་ཅན་གྱི་གང་ཟག་ལ་བསྟན་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཟུངས་འདི་ལ་བསྙེམས་བྱས་ནས་སྡིག་པ་སྤྱོད་དུ་ཡོང་བའི་ཕྱིར་རོ།། འདིའི་ཕན ་ཡོན་ནི་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་བ་དོང་སྦུགས་ཀྱི་རྒྱུད་ལས་སྡིག་སྒྲིབས་ཀུན ་འཇོམས་ཀྱི་ལེའུ་ཉི་ཤུ་བདུན་པ་ནས་གསུངས་པ་རྫོགས་སོ།། །། དགེའོ།། ་