CLOSE WINDOW

Gpb044.017: rig pa gcer bur ston pas rgyud mchog
Wyliee-texts produced with BDRC’s OCR application

བོ་ལས་བཤུས་ཏེ་དག་པར་བྱས་ཡོད་དོ།། ། @#།། ཨོ་ཌྱན་སྐད་དུ། བྷོ་དྷ་ཨུཀྐོ་སྨ་བཛྲ། བོད་སྐད་དུ། རིག་པ་གཅེར་བུར་སྟོན་པས་རྒྱུད་མཆོག། སྤྲོས་བྲལ་འདུ་མ་བྱས་པའི་སྤྲུ་ལ ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཆོས་དབྱིངས་བདེ་བ་ཆེན་པོའི་གཞན་རང་གསལ་གྱི་གནས་ན་རང་བྱུང་གི་སྟོན་པ་སྣང་བ་མཐའ་ཡས་ལ། རང་ཤར་གྱི་འཁོར་ཐུགས་རྗེ་ཆེན་པོ་ལ ་སོགས་པ་འཁོར་འདས་ཐམས་ཅད་དང་འདུ་འབྲལ་མེད་པར་བཞུགས་ཏེ། རང་གྲོལ་གྱི་བསྟན་པ་གསལ་སྟོང་ཞེ་ན་བྲལ་དུ་སྐྱོང་བའི་དུས་སུ། ཉིད་ཀྱི་ཐུགས་ལས་ཤར་པའི་རྗེ་ངན་སོང་ཀུན་སྐྱོབ་ཅེས་པ། འཁོར ་རྣམས་ཀྱི་ནང་ནས་བཞེངས་ཏེ། ཕྱོས་བཅུར་འོད་ཟེར་བཀྱེ་ནས་ཚིག་འདིས་བསྐུལ་ཏོ།། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྒྲ་སྒྲོགས་པ་ཙམ་གྱིས།། གཙོ་འཁོར་རྣམས་ལ་འོད་ཟེར་དཀར་པོ་སྤྲོས།། བདེ་གཤེགས ་མཆོད།། སེམས་ཅན་ལ་ཕོག། སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་སྐུར་སྣང་བར་བྱས་སོ།། ཡང་ཨོཾ་ཨཱ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྒྲ་སྒྲོགས་འོད་ཟེར་དམར་པོ་སྤྲོས། བདེ་གཤེགས་མཆོད། སེམས་ཅན་ལ ་ཕོག། སྡིག་སྒྲིབ་བྱངས། ཐུགས་རྗེ་ཆེན་པོའི་གསུང་དུ་སྣང་བར་བྱས་སོ།། ཡང་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྒྲ་སྒྲོགས།། འོད་ཟེར་མཐིང་ཁ་སྤྲོས། བདེ་གཤེགས་མཆོད། སེམས་ཅན་ལ་ཕོག། སྡིག་སྒྲིབ་སྦྱངས། ཡིད ་རྡོག་ཐམས་ཅད་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པར་གྱུར་ཏོ།། རྣམ་སྣང་སྤྲོས་བྲལ་སྐུ་གསུམ་གྱི་ལྟ་སྟངས་ལ་བཞུགས་སོ།། རྒྱུད་ཀྱི་རྒྱལ་པོ་རིག་པ་གཅེར་སྟོན་ལས། གླེང་གཞི་ལེའུ་སྟེ་དང་པོའོ།། །། དེའི ་ཚེ་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཆེན་པོས་འདི་སྐད་ཅེས་བསྐུལ་ཏོ།། ཨེ་མ་ངོ་མཚར་རྨད་ཀྱི་ཆོས།། རིག་པའི་དོན་དེ་བདག་ལ་སྩོལ།། ཅེས་པ་དང་།། སྟོན་པ་ཏིང་ངེ་འཛིན་ལས་བཞེངས་ཏེ་བཀའ་སྩལ་པ། ་ཨེ་མ་ཧོ་རང་རིག་བདེ་ཆེན་མཆོག། ཐོག་མར་རང་རིག་སྤྲོས་བྲལ་འདི།། བདུན་ལ་ཁྱབ་སྟེ་ངོ་བོས་སྟོང་།། ངང་གིས་གསལ་བས་འཛིན་པ་མེད།། འགག་མེད་ཤར་བས་ཀུན་གྱི་གཞི།། རྒྱུ་ཉིད་རྐྱེན་བཞི་དེར་རྟོག ་གིས། ཁམས་གསུམ་འཁོར་ཏེ་རྒྱུད་དྲུག་འཁྱམས།། དེ་གྲོལ་ཐུགས་ལྟ་འདོད་ན།། མཚན་ཉིད་བཅུ་ལྡན་བླ་མ་ཡིས།། བཅུ་བཞི་ལྡན་པའི་སློབ་མ་ལ།། གང་ཟག་རབ་འབྲིང་གང་ཡིན་ཀྱང་།། དང་པོར ་ཡིད་ཆེས་ལོ་རྒྱུས་བཤད།། ཐེ་ཚོམ་ཆོད་དུས་ཡིད་ཆེས་པས།། གདམས་པ་ཁུངས་བཙུན་བྱིན་རླབས་འཇུག། དེ་ནས་དབེན་པའི་ས་ཕྱོགས་སུ།། སློབ་མ་ཐོག་མར་སྨིན་བྱེད་པ།། དེ་ཡི་དབང་ལ་རྣམ་བཞི་སྟེ།། སྤྲོས ་བཅས་དང་། སྤྲོས་མེད་རབ་ཏུ་སྤྲོས་མེད་ཡིན།། དབང་པོ་ཡང་རབ་རྩེ་མོ་ལ།། ཤིན་ཏུ་སྤྲོས་མེད་ལྡན་པར་བྱ།། དེ་ཡང་ཐོག་མར་སྦྱོར་བ་བརྩམ།། སྔོན་འགྲོ་དངོས་གཞི་རྗེས་དག་དང་།། སྨིན་གྲོལ་གཉིས་པོས ་བཅིངས་ཏེ་ལྡན།། ཡིད་མཐུན་གནས་སུ་དལ་བྲིས་ལ།། ཕྱི་ནང་དབང་ཆས་ཚང་བ་བསག་ཁྲུས་བྱས་བགེགས་བསྐྲད་མེ་ཡིས་སྲེག། ནང་གཏང་གྲལ་བྱ་དྲང་དོན་བཤད།། བགེགས་བསྐྲད་འཕྲིན་ལས་གཞུང་སྲོང ་བྱ།། ཞི་ཁྲོའི་ལྷ་ཚོགས་ཚོགས་ཀྱིས་མཆོད།། དངོས་གཞི་སློབ་མས་མཎྜལ་དབུལ།། ཚིག་རྗོད་བླ་མས་གནང་བ་བྱིན།། མནའ་བསྐྱལ་སྐྱབས་འགྲོ་སེམས་བསྐྱེད་བྱ།། སྡོམ་པ་འབོག་ཅིང་དབང་རྟེན་དབུལ།། བོད ་དེང་གསུང་གི་བྱིན་དབབ་ཅིང་།། མནའ་ཆུ་བླུད་ལ་ཁས་བླངས་ཏེ།། ཞི་ཁྲོ་སྐུ་གསུམ་ལྷ་ཚོགས་ཀྱི།། ལྷ་དེའི་དབང་བཞི་སྨིན་པར་བྱ།། ཡང་ན་བསྡུས་ཏེ་བསྐུར་འདོད་ན།། སྔོན་འགྲོའི་རིམ་པ་རྫོགས་པའི་ཚེ།། སྐུ ་དབང་ལུས་ལ་བསྐུར་བར་བྱ།། སྤྲོས་མེད་གསང་དབང་ངག་ལ་བསྐུར།། ཚིག་དོན་བསམས་པས་དོན་མཐོང་འགྱུར།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། རབ་ཏུ་སྤྲོས་མེད་རྩལ་གྱི་དབང་།། སེམས་ལ་བསྐུར་ཅིང་དོན་ལ་བདག། དེ ་དུས་རིག་པའི་ངོ་སྤྲོད་གདབ།། ཤིན་ཏུ་སྤྲོས་མེད་དབང་ལ་ནི།། དཀྱིལ་འཁོར་ཚོམ་བུ་ལྔ་ལྡན་ཏེ།། ཤེལ་དཀར་བཞག་ལ་ངོ་སྤྲོད་གདབ།། རིག་པ་རྩལ་གྱི་དབང་མཆོག་ནི།། བསྐུར་བའི་སྣོད་མཆོག་རེ་འགའ ་ཙམ།། བདུན་ལས་མི་མང་དབེན་སར་ཕྱིན།། མཁའ་འགྲོ་མཆོད་ལ་ཉམས་བྱིན་དབབ།། གཅེར་བུར་ཕྱུང་ལ་སྤྱོད་པ་རྐྱང་།། དེ་ཡིས་སྐྱེས་པ་བོགས་དབུགས་དབྱུང་ངོ་།། སྐྱེས་ཆེན་བསྐལ་པ་རབ་རྣམས་ལ།། ཚོགས ་འཁོར་བརྒྱ་རྩས་མཁའ་འགྲོ་མཆོད།། ལྷ་གྲུབ་ཐོད་རྒལ་དབང་མཆོག་བསྐུར།། ལུས་གནད་གསུམ་ལྡན་དབྱངས་ལ་གཏད།། མི་འདའ་བ་གསུམ་དམ་བཅའ་ཞིང་།། རི་དྭགས་བཞིན་དུ་རྒྱུ་བར་བྱ།། ཀུན་ལ་བསྐུར ་བ་བཞི་རྫོགས་ཏེ།། གཏོར་མ་དག་ལ་སྐུ་གསུམ་རྫོགས།། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད།། རྩ་བ་གསུམ་དང་དབྱེ་བ་མེད།། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀུན་འདུས་པས།། ཀུན་ལ་གཏོར་མའི་འབྲེལ་པ ་བཞག། དབང་། མཆོག་ཐམས་ཅད་རེ་རེའི་མཐར།། བུ་དང་ཆུང་མ་ནོར་དབྱིག་དང་།། སྐུ་ལ་དྲོ་པ་ཞལ་དུ་བརྡ།། ཐུགས་སུ་བྱོན་པ་དབུལ་བར་བྱ།། ཡོན་ཏན་དགོས་པ་དགུ་ཡོད་ཕྱིར།། སེར་སྣ་སྤངས་ལ་གུས་པས ་དབུལ།། ལྷུན་བསྒྲུབ་ཟོད་རྒལ་དབང་ཐོབ་ནས།། ཐུགས་རྗེ་ཆེ་དང་དབྱེ་བ་མེད།། རིག་པ་རང་ཚུག་ཐུབ་པ་དེ།། སངས་རྒྱས་སྟོང་དང་སྐལ་པ་མཉམ།། ཐུགས་རྗེ་ཆེན་པོ་ཡང་གསང་འདི།། སྒོར ་ཞུགས་སྐྱེས་བུ་སྐལ་བཟང་དེས།། དམ་ཚིག་ས་ཡ་འབུམ་སྡེ་བསྲུང་།། བསྡུས་པ་ཉི་ཤུ་རྩ་བརྒྱད་ཡིན།། དེ་བསྡུས་གསུམ་པོ་བསྲུང་བར་བྱ།། བསྲུང་དུ་མེད་པའི་དམ་ཚིག་དང་། ཡེ་བསྲུངས་ཆེན་པོའི་དམ་ཚིག་དང་།། ་བསྲུང་མཚམས་བྲལ་བར་སུས་རྟོགས་པ། དེ་ཚེ་ཚད་དུ་ཕྱིན་པའོ།། ཞེས་གསུངས་སོ།། སྨིན་པར་བྱེད་པ་དབང་གི་ལེའུ་སྟེ་གཉིས་པའོ།། །། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཡང་ཞུས་པ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས།། རིག ་པའི་དོན་དེ་འགྲོལ་དུ་གསོལ།། ཅེས་པ་དང་། སྟོན་པ་སྣང་བ་མཐའ་ཡས་དེས་བཀའ་སྩལ་པ། ཉོན་ཅིག་ཐུགས་རྗེའི་རིག་པ་མཆོག། འགྲོལ་བའི་གདམས་པ་གསུམ་ཡིན་ཏེ། རེ་རེ་ལ་ཡང་གསུམ་གསུམ ་བསྟན།། ཐོག་མར་ཡིད་མཐུན་གནས་དག་ཏུ།། མཚན་ཉིད་ལྡན་པའི་བླ་མ་ཡིས།། སྣོད་དང་ལྡན་པའི་སློབ་མ་ནི།། བདུན་ལམ་ཉི་ཤུ་རྩ་གཅིག་ལ།། སྨིན་ནས་ཕྱི་ནང་གྲུབ་ཟག་གཅད།། དགོས་པ་ཡོ་བྱད་འཛོམ་པ ་དང་།། མཚམས་ཁང་གྲུ་བཞི་བཀོད་ལེགས་ནང་། འཇིག་རྟེན་བྱ་བ་རབ་སྤངས་ལ།། མི་རྟག་པ་ལ་བློ་སྦྱངས་བྱ།། དེ་ཡིས་བློ་དམན་ངག་ལོག་དེ།། དགོས་མེད་རྒྱུད་ལ་སྐྱེ་བར་འགྱུར།། ཐུགས་རྗེ་བྱིན་རླབས་ཞུགས ་པའི་རྟགས།། དེ་ནས་འཁོར་བའི་སྡུག་བསྔལ་བས།། ལྷ་ལ་འཕོ་ལྷུང་ལྷ་མིན་མཚོན།། མི་ལ་སྐྱེ་རྒས་བརྒྱད་འགྱུར་དང་།། བྱོལ་སོང་བཀོལ་སྤྱོད་ཡི་དགས་བཀྲེས།། དམྱལ་བ་ཚ་གྲང་ཐར་མེད་ལ།། ཡང་ཡང ་བསམས་པས་སྐྱོ་བ་སྐྱེ།། བློ་སྣ་དྲིལ་གྱིས་བརྡུངས་པ་ན།། རྣལ་འབྱོར་ཆོས་ཕྱེད་ཚར་བ་ཡིན།། དེ་ནས་སྡུག་བསྔལ་བསྒྲུབ་པ་དང་།། ཐུགས་རྗེའི་ཞིང་དུ་འགྲོ་བའི་ཕྱིར།། ཕྱི་ནང་གསང་བའི་སྐྱབས་འགྲོ་བྱ།། ཨོཾ་མ་ཎི ་པདྨེ་ཧཱུཾ་ཧྲི།། རང་བྱུང་རིགས་པ་ཐུགས་རྗེ་ཆེ།། འགྱུ་གྲོལ་ཤེས་པ་ངོ་བོས་སྟོང་།། སྐུ་གསུམ་བརྒྱུད་པའི་བླ་མ་ལ།། བདག་འཛིན་བྲལ་བར་སྐྱབས་སུ་མཆིའོ།། དེ་ནས་ཐེག་ཆེན་དོན་ཞུགས་ཕྱིར།། སྨོན་འཇུག་གཉིས ་ཀྱི་སེམས་བསྐྱེད་ལ།། ཀུན་ལ་ཕན་སེམས་དག་སྣང་སྦྱང་།། ཕ་མ་ལྟ་བུར་བྱམས་སེམས་དང་།། སྡུག་བསྔལ་མི་བཟོད་སྙིང་རྗེ་དང་།། བྱང་ཆུབ་འདོད་པའི་དགའ་བ་དང་།། ཉེ་རིང་མེད་པའི་བཏང་སྙོམས ་སྒོམ།། འདི་འབྱོངས་བདག་གཞན་དོན་གཉིས་འགྲུབ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲི། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས།། དེ་ནས་འཁོར་བ་མ་སྟོངས་པར།། རིགས་དྲུག་སྡུག་བསྔལ་སྐྱོབ་བྱའི་ཕྱིར།། བླ་མེད་སྨོན་པར ་སེམས་བསྐྱེད་དོ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།། སྐད་ཅིག་དང་པོ་ཆོས་སྐུ་ཡི།། བཅོས་སླད་བྲལ་བའི་ངང་དུ་ནི།། སྟོང་ལ་འགག་མེད་གསལ་བཏབ་ནས།། འཁོར་དོང་སྤྲུག་པར་སེམས་བསྐྱེད་དོ།། དེ་ནས་བྱིན་བརླབས་སྒོ ་དབྱེ་ཕྱིར།། གསུམ་ལྡན་བླ་མ་སྤྱི་གཙུག་མོས།། བྱིན་བརླབས་རྩ་བ་བླ་མ་དེ།། འཁོར་བའི་སྡུག་བསྔལ་བསྐྱབ་པའི་ཕ།། ཐར་པའི་ལམ་སྐས་སྟོན་པའི་མ།། དགོས་འདོད་ཐམས་ཅད་འབྱུང ་བའི་ནོར།། སྡུག་བསྔལ་ཆུ་བོ་སྒྲོལ་བའི་གྲུ།། བླ་མ་མཆོག་ལ་གསོལ་བ་གདབ།། རིག་པ་གཅེར་བུ་ལྡིང་ས་འདི།། དང་བས་ཤུགས་ཀྱིས་ནང་ནས་སྟོན།། བླ་མའི་དྲིན་གྱིས་རྟོགས་པར་འགྱུར།། བདག་གཞན་ཚོགས ་གཉིས་རྫོགས་བྱའི་ཕྱིར།། ས་ཤིང་རིན་ཆེན་རྡོ་འབུར་ལ།། མཎྜལ་གཅིག་གཉིས་བདུན་གསུམ་དབུལ།། སྒྲིབ་གཉིས་དག་སྟེ་སྐུ་གསུམ་ཐོབ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།། ངོ་བོ་སྐྱེ་མེད་ཆོས་དབྱིངས་སུ།། རང་བཞིན་འགག ་མེད་ལོངས་སྤྱོད་གསུང་།། ཐུགས་རྗེ་ཀུན་ཤར་སྤྲོ་བསྡུའི་ཚིག། ཀུན་གྲོལ་སྣང་རིག་ཀློང་དུ་དབུལ།། ཐུགས་རྗེའི་ལྷ་ཚོགས་ཐམས་ཅད་ལ།། འཁོར་འདས་ཟང་ཐལ་འདི་དམིགས་པས།། སྐྱེས་གྲོལ་ཆོས་ཚིག་རང་ཟད ་དེ།། སྣང་གཞི་མ་ལ་ཐིམ་པར་ཤོག། གཞི་ལ་དགེ་སྡིག་མི་གནས་ཀྱང་།། བློ་བུར་ལས་སྒྲིབ་དག་བྱའི་ཕྱིར།། ཉམས་ཆག་གསོ་ཞིང་བཤགས་པ་བྱ།། དེ་ཡིས་མྱ་ངན་འདས་ལ་རེག། འཁོར་བ་དོང་སྦུགས་སྐུ་ལྔ་ཐོབ།། དེ་ནས་ལུས་འདི་མ ་རིག་པས།། བསྐྱེད་ཕྱིར་རིགས་དྲུག་ས་བོན་གནས།། དེ་ཉིད་དག་པར་བྱ་བའི་ཕྱིར།། རིགས་དྲུག་ལུས་གནད་རུས་ཤན་དབྱེ།། རྣམ་སྣང་ཆོས་བདུན་སྤེལ་བྱ་སྟེ།། ལུས་སྒྲིམ་སེམས་གློད་ངོ་བོ་བརྟག། དེ་ནས་ལུས ་སྣང་ངོ་བོ་ནི།། ནང་ཚངས་འབོལ་བའི་འཕོངས་ཕྲག་ཁར།། དམྱལ་བའི་ལྟ་སྟངས་པུས་འོག་ཏུ།། ལག་པ་ཕྱི་ནས་ས་ལ་སྦྱར།། མིག་མི་འགུལ་བར་བར་སྣང་ལྟར།། བདུན་དུ་ཧཱུཾ་མཐིང་ཐིག་ལ་ཁད།། ལྷང་དེ་ལྷན་ནེ ་སེམས་གཟུང་ངོ་།། ཡི་དགས་ལྟ་སྟངས་ལག་པ་གཉིས།། མདུན་ནས་ཁ་སྦུབ་སོར་མོ་རྣམས།། ཚངས་འོག་བརྐྱང་ལ་བརྐང་གཉིས་བརྐྱང་།། ཚིགས་སྤྲད་མེ་སེར་སེམས་གཟུང་ངོ་།། དུད་འགྲོའི་ལྟ་སྟངས་རྗེ ་ངར་ཁུག། པུས་མོ་གཉིས་ལ་བཅུག་ནས་ནི།། རྐང་ལག་སྙིང་ཁར་ཐལ་མོ་སྦྱར།། མགྲིན་དགུག་མིག་ནི་སྙིང་ཁར་གཏད།། ཡི་གེ་པད་ལྡང་བསྒོམ་པར་བྱ།། མི་ཡི་ལྟ་སྟངས་མཐིལ་བཞི་སྦྱར།། ལག་གཉིས་སྤྱི་བོ་རྐང ་གཉིས་མདུན།། དཀྱུས་རིངས་སྒལ་ཚིགས་བསྲང་བྱ་སྡེ།། མིག་འབྲས་པར་སྣང་གཏད་བྱས་ལ།། ཐུགས་རྗེའི་ཐུགས་ཁར་ཧྲི་དམར་སྒོམ།། ལྷ་མིན་ལྟ་སྟངས་རྐང་གཡས་མཐིལ།། གཡོན་པའི་པུས་སྟེངས་ནས་གང ་བཏེག། ལག་པ་གཉིས་ཀྱིས་རྩ་རླབས་གནན།། བར་སྣང་མིག་གཏད་མ་སྔོན་སྒོམ།། ལྷ་ཡི་ལྟ་སྟངས་སྐྱིལ་ཀྲུང་བྱ།། ཐལ་མོ་རྒྱབ་སྦྱར་ལྷོད་དེ་གྲོད།། བར་སྣང་རྨ་བྱའི་གདུགས་འཁོར་སྟེང་།། ཡི་གེ་ཨོཾ་དཀར་ཞུན ་མར་བསམ།། དེ་ནས་ངག་གི་རུ་ཤན་དབྱེ།། ཡི་གེ་བདུན་གྱི་འཛབ་དབྱངས་ལ།། ཉི་ཤུ་རྩ་གཅིག་བར་དུ་བྱང་།། སྣང་སྲིད་གཞི་བཞེངས་འཛབ་དབྱངས་དང་།། རྡོ་རྗེ་འགུ་རུའི་འཛབ་དབྱངས་དང་། མཁའ་འགྲོ་མ་ཡི་གདུང ་དབྱངས་དང་།། ལྕོག་ཆུང་བྱ་ཡི་འགྱུར་འཛབ་དང་།། སྟག་མོ་གྲུས་མི་ཉེར་འཛབ་དང་།། ཤོ་ན་སྦྲང་མོའི་འདུར་དབྱངས་དང་།། སེང་གེ་དཀར་མོའི་འགིང་དབྱངས་དང་།། གཡུ་འབྲུག་སྔོན་མོའི་རྔུར་འཛབ་དབྱངས་ལྟ་བུ ་སྟེ།། འཇིགས་བྱེད་ཁྲོ་བོའི་གཏུམ་དབྱངས་དང་།། ཤ་བོའི་གཅིག་འགྲོག་འཛབ་དང་བྲོ་བརྡུངས་མ།། ཞི་བའི་ལྷ་འཛབ་མཉེན་ལྕུག་དང་།། བུང་བ་ཚག་འཚོལ་མགྲིན་དབྱངས་དང་།། པི་ཝང་རྒྱུ་དབྱངས་ལྟ་བུ་སྟེ།། ཚངས་པ་ལྷ་ཡི་རྒྱུད ་དབྱངས་དང་།། ན་ཆུང་མགྲིན་མའི་ལྕོང་དབྱངས་སུ།། དམིགས་པ་དང་བཅས་བཟླས་པར་བྱ།། དེ་ཡིས་ཐུགས་རྗེའི་གསུང་དུ་གྲོལ།། ཆོས་སྒོ་ཀུན་ལ་མཁས་པར་གྱུར།། དངོས་གཞི་ངོ་སྤྲོད་རིམ་པ་ནི།། གང་ཟག ་དབང་པོའི་ཁྱད་པར་གྱིས།། ཐ་མ་བསྐྱེད་རྫོགས་གདམས་པ་བསྟེན།། འབྲིང་ལ་ཞི་ལྷག་དབྱེར་མེད་དེ།། རབ་ལ་ལྷུན་གྲུབ་ངོ་སྤྲོད་གདབ།། ཨོཾ་ཎི་པདྨེ་ཧཱུཾ་ཧྲཱི།། དང་པོ་བསྐྱེད་རྫོགས་སྒོམ་པ་ནི།། སྐུ་ཡི་ཐུགས་རྗེ ་དཀར་པོ་ཉིད།། ཕྱི་སྒྲུབ་ཀྱང་གཅིག་རྒྱན་དུ་བསྒྲུབ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲི།། གསུང་གི་ཐུགས་རྗེ་དམར་པོ་ནི།། སྣང་མཐའ་དག་དང་དབྱེ་བ་མེད།། ཆོས་སྐུ་ཞི་བའི་ལྷ་ཚོགས་བསྒྲུབ།། ཧཱུཾ་སྭ་ཨ་ཧ། མུ~ཾ་ལཾ་བྱཾ་ཏཾ། ་མ་གྷ་མེ་ཀ་པ་ཙ་ཝ། ཁ་ས་ཙ་མ།། ཀ་བྷ་ར་ཛ། ཕ་གྷ་ཛ་ལ། ཛ་ཧཱུཾ་བཾ་ཧོ། སརྦ་སིད་དྷི་ཕ་ལ་ཧཱུཾ་ཧཱུཾ།། ཐུགས་རྗེའི་ཁྲོ་བོ་རྟ་མགྲིན་དབང་།། དཀྱིལ་འཁོར་གཙོ་བོ་རྫོགས་པ་རུ།། ལོངས་སྐུ་ཞི་ཁྲོའི་ལྷ་ཚོགས་བསྒྲུབ།། ཨོཾ ་བཛྲ་ཀྲོ་ཏ་ཧྱ་གྲྀ་བ་ཧཱུཾ་ཕཊ་བཛྲ། བཛྲ་རད་ན་པདྨ། ཀརྨ་ཀྲོ་ཏ། སརྦ་ཛ་ཧཱུཾ་བ་ཧོ། ཡོན་ཏན་འཕྲིན་ལས་དཀྱིལ་འཁོར་ནི།། ཐུབ་དྲུག་སྟོང་རྩ་མཁའ་འགྲོ་སོགས།། སྦྲུལ་སྒྲའི་ལྷ་ཚོགས་རྫོགས་པར་བསྒྲུབ།། ཨོཾ་མ་ཎི་པདྨེ་ཧཱུཾ ་ཧྲཱི།། ཨོཾ་ཏ་ཐཱ་གྷ་ཏ། ཧ་རི་ནི་ས་ཨ། ར་ཛ་ཧྲི་ཡ་ཧཱུཾ། སརྦ་དྷ་ཀི་ནི་ཙིཏྟ་ཧྲིང་ཧྲིང་། ས་མ་ཡ་ཤན་ཏིང་པུས་ཏིང་བཤང་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ། སྐུ་གསུམ་གཅིག་ཏུ་དྲིལ་ནས་ནི། བདེ་གཤེགས་གཅིག་དྲིལ་དངོས་གྲུབ་བཅུད།། རྒྱལ་བའི་སྙིང་ཁྲག ་འདི་ཡིན་ནོ།། ཨོཾ་ཨཱཿཧཱུཾ། འགུ་རུ་དྷེ་བ་ཌཱ་ཀི་ནི། སརྦ་ཏ་ཐཱ་ག་ཏ་སི་དྷི་པ་ལ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཀ་ཡ་ཝཱ་ཀ་ཙིཏྟ་དྷརྨ་སིདྡྷི་ཧྲིང་ཧྲིང་།། རྒྱུན་ཁྱེར་ཐུགས་རྗེ་ཀུན་འདུས་འདི།། དཀར་པོ་ཞལ་གཅིག་ཕྱག་བཞི་སྟེ།། བླ་མ ་ཡི་དམ་ཌཱ་ཀིས་བསྐོར།། འགྲོ་ཆག་ཉལ་འདུག་མ་ཡེངས་སྒོམ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།། བཛྲ་འགུ་རུ་པདྨ་སིདྡྷི་ཨ་ཡུ་སིདྡྷི་ཨ་ཧ་ར་ཨ་ཧཱ་ར་ཧཱུཾ། ཨ་ཧ་རི་ནི་ས་ཧཱུཾ། དེ་ལྟར་སྐུ་གསུམ་ལྷ་ཚོགས་ལ།། བདུན་ནམ་བཅུ་བཞི་ཉེར་གཅིག་ཏུ།། གསུམ ་འབུམ་གྲངས་སུ་སུས་འཛིན་པ།། དུས་གསུམ་སངས་རྒྱས་དངོས་གྲུབ་ཐོབ།། མཆོག་ཐུན་ཡོན་ཏན་བརྙེས་པ་དང་།། མངོན་པར་རྫོགས་པར་སངས་རྒྱའོ།། འབྲིང་ལ་ངོ་སྤྲོད་གདབ་པ་ནི།། དང་པོ་ཞི་བར་གནས་པ ་དེ།། མི་སྐད་ཁྱི་སྐད་མེད་པའི་སར། རྣམ་སྣང་ཆོས་བདུན་ལེགས་བྱས་ལ།། ཚོགས་དྲུག་འཚོ་བ་རབ་སྤུངས་ཏེ།། མདུན་དུ་ཁྲུ་གང་ཤིང་རྩེ་ལ།། མཐིང་ཤོག་སྟེང་དུ་ཧྲི་དཀར་བྲི།། མ་ཡེངས་དལ་བུས་ཞག་གཅིག ་གཞག། དེ་དུས་སྒོམ་གྱི་རྐང་པ་ཟིན།། དེ་ནས་ལྷག་མཐོང་ངོ་སྤྲད་ལ།། དང་པོ་སྣང་བ་སེམས་སུ་བཞག། ཐམས་ཅད་སེམས་སུ་ཐག་ཆོད་ན།། དེ་ནས་སེམས་འདངས་སེམས་ངོ་བརྟག། རྩལ་འདངས་ཁྱད་པར་ཤེས་པ ་ན།། དེ་ནས་སེམས་ཀྱི་ངོ་བོ་དེ།། དང་པོ་གཅིག་དང་ཐ་མའི་བར།། བྱུང་གནས་འགྲོ་ས་དབྱིབས་ཁ་དོག། དཔེ་མིང་ཆེ་ཅུང་ཡོད་མེད་བརྟག། སྤྲོས་བྲལ་རིག་པ་གཅེར་བུ་ལ།། ཟང་ཐལ་ཀ་དག་རྟོགས་གྱུར་ན།། ཐུགས་རྗེ་ཆེན ་པོའི་ཐུགས་ཡིན་ནོ།། སེམས་ནི་དུས་གསུམ་སངས་རྒྱས་ཀྱིས།། མ་གཟིགས་མི་གཟིགས་གཟིགས་མི་གྱུར།། མ་གཟིགས་པ་དེ་རིག་པའི་མཆོག། ཅི་དེ་རིག་པར་གཅིག་ཏུ་ན།། སྣང་བ་འདི་དག་མེད་པ་དེ།། ཡང ་དག་དུ་གང་སྣང་།། རྣམ་པར་ཤེས་པ་འཁྲུལ་པར་སྣང་།། འཁྲུལ་པ་ཡིན་ཕྱིར་ངོ་བོ་མེད།། ཕྱི་ནང་ཆོས་རྣམས་སྟོང་པ་ཡིན།། འཁོར་བར་འཁྱམས་པའི་མཁན་པོ་མེད།། རྣམ་མཁྱེན་ཐར་པ་ཐོབ་མཁན་མེད།། མེད ་པའི་ཕྱིར་ན་སྣང་བ་ཡིན།། ཡོད་ན་སྣང་བ་མི་སྲིད་དོ།། དེ་ཕྱིར་སྣང་བ་རང་རྒྱུད་ཡིན།། རིག་པ་གཅེར་བུའི་མཚན་ཉིད་འདི།། ཕོ་མོ་མ་ཡིན་མ་ནིང་མིན། ཁ་དོག་མ་ཡིན་དབྱིབས་མ་ཡིན།། གནས་ལུགས་མ་ཡིན ་གང་ན་མེད།། སྐྱེ་ཡང་སྟོང་ལ་སྣང་ཡང་སྟོང་།། འདི་ལ་གསལ་ཆ་ཙ་ཡང་མེད།། གཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། མ་མཐོང་བ་ནི་མཐོང་བའི ་མཆོག། དེ་ནི་ཐུགས་རྗེ་ཆེན་པོ་ཡིན།། བྱུང་བའི་ཁུངས་མེད་སྟོང་པ་དེ།། ཆོས་སྐུ་སྣང་མཐའ་ང་དང་མཇལ།། གནས་པའི་ཡུལ་མེད་པ་དེར་གསལ།། ལོངས་སྤྱོད་རྫོགས་པའི་སྐུ་དང་མཇལ།། ཐུགས་རྗེ་ཆེན་པོ་དེ ་ཉིད་དོ།། འགྲོ་བའི་ལམ་གཏོར་དང་དེར་ཡལ།། སྤྲུལ་པའི་སྐུ་དང་དེར་འཇལ་ནས།། སྟོང་གསལ་ཤར་གྲོལ་ཡན་པར་བཞག། སྔ་ཕྱིའི་དྲན་རྟོག་ཟང་ཐལ་དང་།། རིག་གེ་སང་ངེ་སལ་ལེ་བ།། རྒྱ་མཚོའི་ཆུ་དངས་ཇི་བཞིན་ནོ།། ད ་ལྷལྟའི་ཤེས་པ་རང་སོ་ལ།། ཆོས་སྐུ་བཞི་ལྡན་རང་བཞིན་བབས།། མིག་འབྲས་མི་གཡོ་ཧྲིག་གེ་བ།། ཧྲིག་གེ་བ་ལ་དྲན་པས་གཟུང་། ཡེ་རེ་བ་ལ་ཤེས་པ་དལ།། སྤྲིན་མེད་སྟོན་ཁའི་ནམ་མཁའ་འདྲ།། སལ་ལེ་ཝལ་ལེ ་མཐའ་དབུས་མེད།། ལུས་འདི་དུར་ཁྲོད་མི་རོ་ལྟར།། གཅེས་འཛིན་བྲལ་བར་ཁྲིས་སེ་གཞོག། ངག་ནི་ན་ཆུང་བདེ་བ་འདྲ།། སེམས་ནི་བར་སྣང་འཇའ་ཚོན་འདྲ།། རྣམ་རྟོག་སྦྲུལ་གྱི་མདུད་པ་འདྲ།། ཚོགས་དྲུག་མེ ་ལོང་གཟུགས་བརྙན་འདྲ།། ཝལ་ལེ་བ་ལ་དངོས་པོ་མེད།། རྟོགས་པ་གྲོལ་བ་ཟུགས་རྗེའི་ཐུགས།། ནོར་བུ་ཆུ་དངས་དཔེ་བཞིན་ནོ།། ཨེ་མ་ངོ་མཚར་འདི་རྨད་བྱུང་།། ཨེ་མ་འདི་ནི་བདེ་གཤེགས་ཐུགས།། ཨེ་མ ་འདི་ནི་སྣང་མཐའ་དངོས།། ཨེ་མ་འདི་ནི་ཐུགས་དབྱེ་མེད།། ཨེ་མ་འཁོར་བ་དོང་སྤུག་ངོ་མཚར་ཆེ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་རིག་པ་གཅེར་སྟོན་ལས། གྲོལ་བའི་གདམས་པ་ངོ་སྤྲོད་བསྟན་པའི་སྐུ་སྟེ། ་གསུམ་པའོ།། །། སྡོམ།། ཨོཾ་མ་ཎི་པནྡེ་ཧཱ་ཧྲི། ཡང་ཞུས་པ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས།། རིག་པའི་ངོ་བོ་བསྟན་དུ་གསོལ།། ཅེས་པ་དང་།། སྟོན་པས་བཀའ་སྩལ་པ། ཉོན་ཅིག་རིག་པ་ཐུགས་རྫ ་མཆོག། སྲིད་པའི་མཐའ་ནས་ཚོགས་རྫོགས་ཤིང་།། ལས་འཕྲོ་སྐལ་ལྡན་ཡང་རབ་མཆོག། སྣོད་ལྡན་དབང་པོ་རྩེ་མོ་ལ།། ལྷུན་གྲུབ་ངོ་སྤྱོད་གདབ་བྱ་སྟེ།། ཐོག་མར་ལྷུན་གྲུབ་དབང་བསྐུར་ནས།། མི་འགུལ་མི ་འདའ་དམ་བཅའ་ལ། དཔེ་ཡིས་ངོ་སྤྱོད་གསུམ་གདབ་ཅིང་།། རྟགས་ཀྱི་ཡིད་ཆེས་གསུམ་ཡང་བསྟན།། དོན་གྱི་སྐུ་གསུམ་བཞུགས་སྟངས་ལ།། གཟིགས་སྟངས་རིག་པ་དབྱིངས་ལ་བཙུན།། མཐོང་དང་རྒྱས ་དང་འབྱོངས་པ་དང་།། ཐིམ་པ་བཞི་ཡིས་མཐར་ཕྱིན་འགྱུར།། རིག་པ་ཐུགས་རྗེ་ཆེན་པོ་དེ།། རང་གི་སྙིང་གི་དཀྱིལ་ན་གནས།། ངོ་བོ་སྟོང་པར་ཟང་ཐལ་ལེ།། རང་བཞིན་གསལ་བར་ཕྲ་ལམ་མེ།། ཐུགས་རྗེ་མ ་འགགས་རྗེན་ལྷང་དེ།། དཔེར་ན་མན་ཤེལ་དངས་པ་འདྲ།། གཟུགས་སྐུ་མེ་ལོང་མིག་སྦྱར་བས།། འཇའ་འོད་ཀློང་དུ་རྫོགས་སྐུ་གསལ།། སྙིང་ནང་གནས་པར་ཤེས་བྱའོ།། ནམ་མཁའ་དངས་པའི་དུས་སུ་ནི།། ་མའི་དཀྱིལ་འཁོར་གསལ་བའི་སྟེང་།། སེང་རས་བཀབ་ལ་དབང་པོ་གཟིར།། སྦྲུལ་སྐུའི་ཞིང་ཁམས་དཔག་མེད་དེ།། རིག་པའི་རང་སླུ་འགྱུ་བ་མཐོང་།། དཔེ་ཡིས་དེ་ལ་ངོ་སྤྲད་དེ།། ཆོས་སྐུ་ཐུགས་རྗེ་ཆེན་པོ ་དེ།། སྟོང་གསལ་ཤར་གྲོལ་ལྷང་ངེ་བ།། སྙིང་གི་དཀྱིལ་དུ་གནས་པ་སྟེ།། སེམས་དཔའ་སེམས་མ་སྒོ་མར་བཅས།། ལོངས་སྐུ་ཐུགས་རྗེ་ཆེན་པོ་དེ།། ཞི་ཁྲོ་རིགས་ལྔ་དབང་ཕྱུག་བཅས།། ཀླད་པའི་དཀྱིལ་ན་གནས ་པ་ཡིན།། སྦྲུལ་སྐུ་ཐུགས་རྗེ་ཆེན་པོ་དེ།། མཁའ་འགྲོ་ཐུབ་དྲུག་སྒོ་མར་བཅས།། རྩ་ཁམས་པས་སྤུ་ཁྱབ་པར་གནས།། རྟ་གསུམ་དག་གིས་ཡིད་ཆེས་འགྱུར།། དེ་དོན་སྔོན་དུ་ལྷ་འདོད་ན།། ཚོགས་གཏོར་བརྒྱ་རྩས ་མཁའ་འགྲོ་མཆོད།། ལས་སྒྲིབ་ཉམས་ཆག་བཤགས་པ་བྱ།། དབེན་པའི་རི་རྩེར་བདེ་བའི་སྟན།། དང་པོ་ཆོས་སྐུའི་བཞུགས་སྟངས་ནི།། རྣམ་སྣང་ཆོས་བདུན་སྒོམ་འཁར་བཅུག། མིག་ནི་གྱེན་ལ་བཟློག་པར ་བྱ།། རིག་པ་མཐོང་བའི་དུས་ཞེས་པ།། དཀར་དམར་སེར་ལྗང་སྣམ་བུ་ལ། རྡོ་རྗེ་རིན་ཆེན་པདྨ་དང་། ཁྲི་དང་རྒྱབ་ཡོལ་དབུ་སོགས་མཐོང་།། འདི་ནས་འཁོར་བར་ཟློག་མི་སྲིད།། གཉིས་པ་ལོངས་སྐུ་བཞུགས ་སྟངས་ནི།། ལྕར་ཉལ་རྐང་པ་ཐར་གྱི་བརྐྱང་།། ལག་གཉིས་མི་བསྐྱོད་ཉི་ཟེར་དྲང་།། ཟིམ་བུས་དབྱིངས་ལ་བལྟ་བར་བྱ།། ཕྱིར་མི་ཟློག་པའི་ཚང་ཟིན་ནོ།། རིག་པ་རྒྱས་པའི་དུས་ཞེས་པ།། གྱེན་འདྲེང་རྩིབས་ཤར་ཟ ་འོག་རིས།། སྐུ་རྫོགས་གསུམ་ལྡན་ལྔ་ལྡན་དང་།། སེམས་དཔའ་སེམས་མ་སྒོ་བ་མཐོང་།། དུག་ལྔ་ཚོགས་བརྒྱད་བདུད་བཞི་དགྲོལ།། འདི་དུས་མངོན་ཤེས་རྫུ་འཕྲུལ་འཆར།། གསུམ་པ་སྦྲུལ་སྐུའི་བཞུགས་སྟངས ་ནི།། ཚོགས་སུ་ཟད་ཀར་ཟུར་ཁྲིད་དུ།། ངག་ནི་རླུང་དལ་མ་ཡེངས་སྒོམ།། རིག་པ་འབྱོངས་པའི་དུས་ཞེས་པ།། ཐིག་ལེ་གའུ་ཁ་སྦྱོར་ནང་། ཞི་ཁྲོའི་ལྷ་ཚོགས་དཀྱིལ་འཁོར་རྣམས།། ཡབ་ཡུམ་ཞལ ་སྦྱོར་རྫོགས་པར་འཆར།། ཐིག་ཕྲན་འཇའ་རིས་སྦ་ཕུག་ནང་།། སྦྲུལ་སྐུའི་ཆ་ལུགས་སྣ་ཚོགས་མཐོང་།། འདི་དུས་རང་ལུས་མི་མངོན་ཏེ།། འཇའ་རིས་འོད་ཀྱི་སྐུ་རུ་སྣང་།། ཉིན་དང་མཚན་གྱི་སྣང་བ་ལ།། གང་ལ ་རིག་པ་བཅུག་པ་ཡིས།། སྡིག་ཅན་ཡིན་ཡང་གྲོལ་བར་འགྱུར།། མ་ལ་ཐིམ་པའི་དུས་ཉིད་དུ།། དུར་ཁྲོད་ཚོང་དུས་ཐ་མལ་དུ།། ཕྱོགས་རྒྱུད་ངོ་ཚའི་སྤྱོད་པ་བྱ།། ཤེས་བྱའི་དྲི་དག་འཇའ་ལུས་སུ།། ཐུགས་རྗེ་ཆེ་དང ་དབྱེ་བ་མེད།། འདི་དུས་སྔོན་ཤེས་ཐམས་ཅད་འཆར།། སྐུ་གསུམ་རང་གསལ་ས་ཟིན་པས།། རྡོ་རྗེ་གཡུང་དྲུང་ཆུ་རྒྱུན་དང་།། ཉི་མའི་སྙིང་པོ་རིན་ཆེན་ལྟར།། འཇའ་འོད་རྡོ་རྗེའི་རང་ཚུགས་ཟིན།། གདན་ས་གཅིག ་ལས་གཡོ་བ་མེད།། ཞིང་ཁམས་ཐམས་ཅད་གཅིག་ཏུ་འདྲེས།། སྣང་བ་མ་འགགས་ངང་དུ་གསལ།། སངས་རྒྱས་སྐུ་ལ་ཡུལ་མེད་དེ།། ཡེ་ཤེས་སྐུ་ལ་ཆོས་རྣམས་ཟད།། འབྲས་བུའི་སྐུ་ལ་བདག་མེད་ཅིང་།། དགོངས ་པ་རྣམས་ལ་ཐུན་མེད་དོ།། རིག་པ་མ་བུ་ཐིམ་པའི་དུས།། ཕྱི་ཡི་སྣང་བ་དབང་ཐོབ་པས།། སྣང་བ་ཞིང་ཁམས་ཆེན་པོར་གྲོལ།། ནང་གི་ཕུང་པོ་དབང་ཐོབ་པས། རྒྱུ་ལས་འོད་ལམ་ཉིད་དུ་གྲོལ། གསང་བ་དབྱིངས ་རིག་དབང་ཐོབ་པས།། འཁྲུལ་པའི་རྟོགས་པ་རང་འགགས་སོ།། སངས་རྒྱས་ཐོབ་ཏུ་རེ་བ་མེད།། འཁོར་བར་འཁྱམས་ཀྱི་དོགས་པ་མེད།། ཐུགས་རྗེ་ཆེན་པོ་དེ་ཀ་ཡིན།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་རིག་པ ་གཅེར་སྟོན་ལས། དབང་པོ་ཡང་རབ་ལྷུན་གྲུབ་ཀྱི་སྦུགས་སུ་སངས་རྒྱས་ཤིང་ཐུགས་རྗེ་ཆེན་པོ་དང་དབྱེར་མེད་དུ་བསྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲི།། ཡང་ཞུས་པ། ཨེ་མ་ངོ་མཚར ་རྨད་ཀྱི་ཆོས།། རྒྱུད་འདིའི་ཆེ་བ་གང་ཡིན་པ།། རྒྱུད་འདིའི་བསྟན་པ་གང་ལ་གཏད།། ཆོས་དབྱིངས་ཀློང་ལ་སྒྲ་སྒྲོགས་ཤིག། ཅེས་པ་དང་།། སྟོན་པས་བཀའ་སྩལ་པ།། ཉོན་ཅིག་ཐུགས་རྗེའི་རིག་པ་མཆོག། རྒྱུད་འདི ་བདེ་གཤེགས་ཀུན་གྱི་སྲོག། རྒྱུད་འདི་རྒྱལ་བ་ཀུན་གྱི་སྲིང་།། རྒྱུད་འདི་ཐུགས་རྗེ་ཆེན་པོ་དངོས།། རྒྱུད་འདི་རྒྱལ་བ་ཀུན་གྱི་སྲས།། རྒྱུད་འདི་བསྟན་པ་ཀུན་གྱི་བུ།། ཐེག་པ་ཀུན་གྱི་རྩེ་མོ་ཡིན།། འདི་ཉིད་རིན་ཆེན་ལྔ ་ཡིས་བྲིས།། ག་འུར་བཅུག་ལ་མགུལ་དུ་འཆང་།། མོ་ཡི་གེ་བདུན་ལ་བྲིས།། མཚལ་དང་སྲིན་དྷུ་བྱང་ཆུབ་སེམས།། ཆོས་སྨན་བྱུག་སྟེ་སྙིང་ཁར་རྩ།། གང་ཞིག་སྐྱེ་འགྲོ་རིགས་དྲུག་གིས།། མཐོང་ངམ་ཟོས་སམ་དྲན ་ནམ་རེག། དྲི་ཚོར་ཁ་རླངས་རླུང་ཕོག་པ།། བསྐལ་པ་སྟོང་གི་སྡིག་པ་འདག། ཚེ་འདིར་ཡོན་ཏན་ཐམས་ཅད་འགྲུབ།། འཆི་དུས་འཇའ་དང་རིང་བསྲེལ་འབྱུང་།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་འཆར།། ཕྱི་མར་སངས ་རྒྱས་ཐེ་ཚོམ་མེད།། འདི་བྲིས་སྦྲུལ་སྐུའི་འབྲས་བུ་ཐོབ།། ལན་རེས་ས་རེ་ནོན་པར་འགྱུར།། འདི་ལ་ནུས་པས་ཉམས་ལེན་པ།། མཁའ་འགྲོ་ཆོས་སྐྱོང་བུ་བཞིན་བརྩེ། འདི་ཡོད་པ་ཡི་ས་ཕྱོགས ་དེ།། ནད་ཡམས་མུ་གེ་དམག་འཁྲུག་ཞི།། ཚེ་རིང་ནོར་འཕེལ་བདེ་ལེགས་འབྱུང་།། འདི་དང་སུ་ཕྲད་བྱང་ཆུབ་ཐོབ།། གཤན་པ་ཡིན་ཡང་བླ་མེད་འགྲུབ།། རྒྱུད་འདི་ལན་ཅིག་ཀློག་པ་དེ།། ཆོས་སྒོ་ཀུན་ལ་མཁས ་པར་འགྱུར།། ཤེས་རབ་ཆེ་ཞིང་གཞན་དོན་འབྱུང་།། རྒྱུད་འདི་ལན་ཅིག་རེག་པ་ཡང་།། བསྐལ་པ་མང་པོའི་གོང་རོལ་ནས།། བསོད་ནམས་བསགས་ཅིང་སྨོན་ལམ་བཏབ།། འབྲས་བུ་དུས་དེར་དངས་པ་ཡིན།། རྒྱུད ་འདི་ཚུལ་བཞིན་དུ་སྒོམ་པ།། སྣང་མཐའ་བདག་དང་དབྱེ་བ་མེད།། ཚེ་གཅིག་ཕུང་པོ་ལྷག་མེད་འགྲུབ།། འཁོར་བ་དོང་ནས་སྤྲུག་པར་འགྱུར།། རྒྱུད་འདིས་གཉིས་འཛིན་བག་ཆགས་རྣམས།། སྐད་ཅིག་བསམ་ནས ་རིགས་སྐུ་ཐོབ།། དབང་པོ་གང་ཡང་རྗེན་གྱིས་མཐོང་།། རྩོལ་མེད་ངོ་སྤྱོད་གནད་ཟབ་པས།། རིག་པ་གཅེར་སྟོན་བྱ་བར་ཟུང་།། རྒྱུད་འདི་རེག་པ་ཙམ་གྱིས་ཀྱང་།། ངན་སོང་སྡུག་བསྔལ་ཀུན་སྐྱོབ་པས།། ངན་སོང ་ཀུན་སྐྱོབ་བྱ་བར་ཟུང་།། ང་ཡི་བསྟན་པ་ཁྱོད་ལ་གཏད། ཁྱོད་ཀྱིས་མ་རིག་སྒྲོན་མེ་གྱིས།། འདི་ནས་དུས་འདས་མ་འོངས་ཚེ།། ང་ཡི་སྤྲུལ་པ་པད་རྩེར་འཁྲུངས།། དེ་ལ་བསྟན་པ་གཏད་པར་གྱིས།། དེ་ཡིས་གངས ་ཅན་དར་རྒྱས་འགྱུར།། ཞེས་གསུངས་ནས།། སྐུ་འོད་ལ་ཐིམ་མོ།། ཐུགས་སྤྲོས་བྲལ་དུ་ལྷང་ངེ་འདུས་སོ།། འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ། ཀ་དག་ཏུ་མ་ལ་ཐིམ་མོ།། ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ ་རྒྱུད་ཀྱི་རྒྱལ་པོ་རིག་པ་གཅེར་སྟོན་ལས། རྒུད་ཀྱི་ཆེ་བ་དང་། མཚན་དང་། གཏད་རྒྱ་བསྟན་པའི་ལེའུ་སྟེ་ལྔའོ།། །། ཐེག་པའི་སྤྱི་ཕུད་བླ་ན་མེད་པ་མཁའ་འགྲོའི་སྲོག་རྒྱུད་དམ་པ་རྫོགས་སོ།། །། ཨོ་ཌྱན ་གྱི་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཐུགས་དམ་གའུ་མའོ།། སྠི། གཏད་རྒྱ། སྦས་རྒྱ། ཟབ་རྒྱ། གཏད་རྒྱ། བཀའ་རྒྱའོ།། ཐུབ་པར་སྲུངས་ཤིག། མེ་སྦལ་ཕྱག་མངས་དང་རྡོ་རྗེ་ལེགས་པ་གཉིས་ཀྱི་བཀའི་བྱར་གྱིས ་ཤིག།། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་